| Wylie | e-texts based on the Adarsha |
ཕཊ་པི་ཤཱ་ཙི་སྭཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་གྱོན་མའི་གཟུངས་རྫོགསྷོ།། །། @#། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཤྲི་ཁཱ་ལ་སྱ་ཏནྟྲ་ཀལ་པ། བོད་སྐད་དུ། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ། དཔལ་འཇིག་རྟེན་དབང་ཕྱུག ་ལ་ཕྱག་འཚལོ། །དེ་ནས་ཡང་དག་བཤད་བྱ་བ། །དཔལ་བསྐྱེད་སྡུག་བསྔལ་སེལ་བྱེད་ཅིང་། །སྡང་བ་འཆིང་ཚོགས་ལས་གྲོལ་བའི། །ཆོ་ག་མཛེས་མས་ལེགས་པར་ཉོན། །ཁྲུས་དང་གཙང་སྦྲ་དང་བྲལ་ཞིང་། །དཀའ་ཐུབ་སྤྱོད་པ ་རྣམས་སྤང་ནས། །དྲག་ཤུལ་སེམས་ཀྱི་གསང་བསྔག་འདི། །བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ། །དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་། །བག་ཡོད་སྙིང་རྗེ་ཆེར་ལྡན་པ། །དེས་ནི་བླ་མ་མི་སྤོང་ལ། །དཔའ་བརྟུན་ཤེས་རབ་དེས་པ ་ཆེ། །འགྲོ་ལ་བྱཾས་སེམས་ཆེ་བ་དེས། །སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས། །བརྩཾས་པ་ཙམ་ལ་དངོས་གྲུབ་འབྱུང་། །དད་མེད་ལེ་ལོ་རྣཾ་འཚེ་ཅན། །བླ་མ་ལ་ནི་མི་གུས་ཤིང་། །ཤེས་རབ་ཞན་ཅིང་སྟོབས་ཆུང་ལ། །བག་མེད་གཞན ་ལ་གནོད་སེཾས་བཅས། །དབང་བསྐུར་གནང་བ་མ་ཐོབ་ན། །དེས་ནི་བསྐལ་པ་སྟོང་ཕྲག་ནི། །བྱེ་བ་དུ་མར་བསྒྲུབས་བྱས་ཀྱང་། །འབྲས་བུ་ཡོད་པར་མི་འགྱུར་ཏེ། །དཔེར་ན་བྱིས་པ་བླུན་པོ་འགས། །འབྲས་འདོད་ཕུབ་མ་བརྡུང་བ་ལ། །ཤ་ཐང ་ཆད་པ་ཉིད་ལས་ནི། །ནཾ་ཡང་འབྲས་ཡོད་མི་འགྱུརོ། །གསང་སྔགས་རྒྱལ་པོ་རྒྱལ་ཆེན་འདི། །བྱིན་བརླབ་རྣཾ་མང་འབྱུང་བའོ། །དེ་ནས་བཅོམ་ལྡན་བདེ་ཆེན་པོ། །ངེས་པར་འགྲུབ་པ་ཞེས་བྱ་བ། །ཏིང་ངེ་འཛིན་ལ་སྙོམ་ཞུགས་ནས། །ཉིད ་ཀྱི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་བླ་ན་མེད་པ་ལས། །གསང་སྔགས་རྒྱལ་པོ་འདི་ཕྱུང་ངོ་། །ན་མོ་བྷ་ག་ཝ་ཏྱཻ། བཛྲ་ཤྲི་ཁཱ་ལེ། ཧ་ན་ཧ་ན། ད་ར་ད་ར། ཚིནྡ་ཙྪིནྡ་ཙྪིནྡ། བྷཉྩ་བྷཉྩ། མཱ་ར་ཡ་མཱ་ར་ཡ། ཁ་ས་ཡ་ཏི་ནི། རཀྟ་ཨཀྵི་བཛྲ་གྷོ་ཎི། མ ་ན་མོ་བྷ་ག་ཝ་ཏྱཻ། བཛྲ་ཤྲི་ཁཱ་ལེ། པཱུརྦ་དེ་ཤ~ཾ། བཛྲ་པྲ་ཀ་རེ་ཎ་བན་དྷ། དཀྵི་ཎ་དེ་ཤ~ཾ་དཎྜ། པྲ་ཀ་རེ་ཎ་བན་དྷ། པ་ཤྩི་མ་ལ་དི་ཤ~ཾ་ཛྭ་ལ་པྲཱ་ཀ་རེ་ཎ་བན་དྷ། ཨུཏྟ་ར་དི་ཤ~ཾ་ས་ར་པྲཱ་ཀ་རེ་ཎ་བན་དྷ། ཨགྣི་དི་ཤ~ཾ་ཨགྣི་པྲ་ཀ་རེ་ཎ་བན་དྷ། ནཻ་རི་ཏྱ་དེ་ཤ~ཾ། ཤ~ཾ། ཁདྒ་པྲཱ་ཀ ་རེ་ཎ་བན་དྷ། བཱ་ཡ་བྱ་དི་ཤ~ཾ་བཱ་ཏ་པྲཱ་ཀ་རེ་ཎ་བན་དྷ། ཨཱི་ཤ་ན་དི་ཤ~ཾ་ཏྲི་ཤཱུ་ལ~ཾ་པྲཱ་ཀ་རེ་ཎ་བཎ་དྷ། པཱ་ཏ་ལ་དི་ཤ~ཾ་ནཱ་ག་པཱ་ཤེ་ན་བན་དྷ། ཨུད་ད་དི་ཤ~ཾ་བཛྲ་ཤྲི་ཁཱ་ལེ་པྲཱ་ཀ་རེ་ཎ་བན་དྷ། ཨུར་དྭ~ཾ་བན་དྷ། ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨི་ད~ཾ་བཛྲ་ཤྲིཾ་ཁཱ་ལ། མནྟྲ ་ན་ད་ཤ་དི་ཤ~ཾ་བན་དྷ། ཡཀྵ་རཱཀྵ་ས~ཾ་བན་དྷ། བྲཧྨ་རཱ་ཤ་བ་དི་ན~ཾ་བན་དྷ། བྷུ་ཏ་པྲཱ+ེ་ཏ་པི་ཤཱ་ཙ~ཾ་བན་དྷ། གན་དྷ་རྦ~ཾ་བན་དྷ། གན་དྷ་རྦ་ཀུ་ལ~ཾ་བན་དྷ། ས་ནད་ཀུ་མཱ་ར~ཾ་བན་དྷ། ས་ནད་ཀུ་མཱ་ར~ཾ་བྷུ་བ་ན~ཾ་བན་དྷ། བིདྱཱ་དྷ་ར~ཾ་བན་དྷ། ནཱ་ག་ཤ་མ་ཎ་མ~ཾ་བན་དྷ། ནཱ་ག་ཤྲཱ་མ་ཎ ་དར་ཤ་ན~ཾ། མནྟྲ་དྷ། སརྦ་ཏཱིཪྠི་ཀ་དར་ཤ་ན་བན་དྷ། སི་ཧ་བྱཱ་གྷྲ~ཾ་བན་དྷ། ཡཀྵེ་ན~ཾ་བན་དྷ། རཱཀྵ་ས~ཾ། བྷུ་ཏ་ནི། བན་དྷ། ཀ་ཊཊྚ་ཀ་ཎི་བན་དྷ། ཁེ་ཙ་རི་བན་དྷ། ཤ་ཀུ་ནི་མཱ~ཾ་བན་དྷ། དེ་བ~ཾ་བན་དྷ། དེ་བ་ཀུ་ལ~ཾ་བན་དྷ། ནཱ་ག~ཾ་བན་དྷ། ཨ་སུ་ར~ཾ་བན་དྷ། ཨ་སུ་ར་ཀུ ་ལ~ཾ་བན་དྷ། ག་རུ་ཌ~ཾ་བན་དྷ། ག་རུ་ཌ་ཀུ་ལ~ཾ་བན་དྷ། པཀྵི་ས་བན་དྷ། པཀྵིས་ན~ཾ་བན་དྷ། ཀིནྣ་ར~ཾ་བན་དྷ། ཀིནྣ་ར་བྷུ་བ་བན་དྷ། མ་ནུ་ཥྱ~ཾ་བན་དྷ། མ་ནུ་ཥྱ~ཾ་ཥྱ་བྷུ་བ་བན་དྷ། ཨ་མ་ནུ་ཥྱ་བན་དྷ། ཨ་མ་ནུ་ཥྱ་བྷུ་བ་བན་དྷ། ཙནྜཱ་དིཏྱ་བྷུ་བ་ན~ཾ་བན་དྷ། སརྦ་ཏ~ཾ་བན་དྷ། ་སརྦ་ཏ་ཏ་ལ~ཾ་བན་བྲཱིཀྵ་མ་བན་དྷ། བཀྵི་ཏ་ལ~ཾ་བན་དྷ། སྭ་ཀུ་ལ~ཾ་བན་དྷ། བ་ར་ཀུ་ལ~ཾ་བན་དྷ། མནྪ་ཀ་བ~ཾ་བན་དྷ། མ་ཤཱ་བ་ན་ད~ཾ་བན་དྷ། མ་ནི་མི་ཏྱ~ཾ་བན་དྷ། ནི་ཏྱ~ཾ་བན་དྷ། སརྦ་དུཥྚ་སཏྭ~ཾ་བན་དྷ། བཛྲ་ཤྲིཾ་ཁཱ་ལ། མཎྜེ་ན་བན་དྷ། ཀུ་བེ་ར་བན་དྷ། སུ་སུ་མ་ཀ་ར~ཾ ་བན་དྷ། ཤྲི་སུ་མ་ར~ཾ་བན་དྷ། ཛྲ་ལ~ཾ་བན་དྷ། སྠ་ལ~ཾ་བན་དྷ། ཨོཾ་ན་མོ་བྷ་གྦ་ཏྱཻ་བཛྲ་ཤྲིཾ་ཁཱ་ལེ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། སརྦ་དུཥྚཱ~ཾ་སརྦ་ག་པྲ་ཏྱ~ཾ་ག~ཾ་བན་དྷ་དྭ་ད་ཤ་བྷུ་མི་ཡེ། དྭཱ་ད་ཤ་ནི་ཏྲཱ་ཡཻ། བི་ཀཱིརྞ་ཀེ་ཤ་ཡཻ། ཙཎྜ་ཡཻ། ས་ཧ་སྲ་པྲ་ཛྭ་ལི་ཏ་དིབྟ་ཏེ ་ཡཻ། ཨུ་གྲ་བི་བི་དྭ་བེ་ཤ་དྷ་རི་ཎཱི། ཨ+འུར་དུ་ཀེ་ཤཱ་ཡཻ། ཙ་པ་ལཱ་ཡཻ། ཏ་ཐཱ་ག་ཏ་ཨ་བ་ཀ་རི་སྭ་ཏྭཱ་ནཱ~ཾ་བན་དྷ། ཨེ་མ~ཾ་བཛྲ་ཤྲིཾ་ཁཱ་ལ། མནྟྲེ་ཎ། པཉྩ་ཤ་ཏ། ཡོ་ཛ་ན་པ་རི་བི་ཤ་ཏ~ཾ། བཛྲ་ཤྲིཾ་ཁཱ་ལེ་ན་བན་དྷ། པ་ར་མུ་ཏྲཱ་ཙྪིནྡ་ཡེ་ན་བ་ལེ་ག་ལ~ཾ་བན་དྷ། ཨུ་གྲཱ་ཡ་ནིཾ་བན ་དྷ། ཙ་ཏུར་ཌ་ཀི་ན~ཾ་བན་དྷ། ཏིཥྛ་ཏིཥྛ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཧུ་ལུ་ཧུ་ལུ། ན་མ་ཙཥྩཎྜ་མ་ཧཱ་ཀྲོ་དྷ། ཧུ་ཧུ་ཨ་མྲི་ཏ་ཧུ་ཧུ་བན་དྷ། ཨ་ཤཱི་ཏི་དེ་བི་ཀོ་ཊི་ནི་ཡུ་ཏ་ཤ་ཏ་མ་མ་ཧཱ་པྲ་ནི་བཛྲ་ཤྲིཾ་ཁཱ་ལ་ན་བན་དྷ། ཏྲི་ཀོ་ན་པྲི་ཐི་བིཾ་མུརྡྷཱ་ནི་བཛྲ་སྥོ་ཊཱ་ཡ། ཏི་སྭ་ར ་ག་ར་མ་ར་པཱ་ཏཱ་བཱ་ལཱ་བཱ་སུ་ཀྲི་ཏྭ་ཏ་ཡ་ཏི། བཱ་ཏ~ཾ་བན་དྷ། མི་གྷ་བན་དྷ། སརྦ་ཏྲ~ཾ་བན་དྷ། ཨིནྡྲ་བནྡྷ། ཨིནྡྲ~ཾ་བན་དྷ། ཨིནྜྲ་བྷུ་བ་ན~ཾ་བན་དྷ། བ་ན་པ་ཏི་བན་དྷ། བ་ན་པ་ཏི་དེ་བན་དྷ། ཨེ་ཀ་པཱ་ད་བན་དྷ། དྭ་ཡ་པཱ་ཏ~ཾ་བན་དྷ། ཏྲི་པཱ་ཏ~ཾ་བན་དྷ། ཙ་ཏུ་ཤྤཱ་ཏ~ཾ་བན་དྷ། ་པཉྩ་པཱ་ཏ~ཾ་ད~ཾ་བན་དྷ། ཤ་ཏ~ཾ་པཱ་ད~ཾ་བན་དྷ། ལཀ་པཱ་ད~ཾ་བན་དྷ། སརྦ་བིགྷྞ་བན་དྷ། སརྦ་བིགྷྣ་གུ་ལ~ཾ་བན་དྷ། བྲཧྨ་གྷུ་ལ~ཾ་བན་དྷ། བ་བིཥྞུ་བན་དྷ། བིཥྞུ་བྷུ་བ་ན་བན་དྷ། མ་ཧེ་ཤྭ་ར~ཾ། མ་ཧེ་ཤྭ་ར་བྷུ་བ་ན~ཾ་བན་དྷ། མ་ཧེ་དེ་བ~ཾ་བན་དྷ། མ་ཧཱ་དེ་བ་ཛ་ཏ་བ་མཱ ་བཱ་དེ་ན་བི་ཀྲ་མི་བན་དྷ། ཨོཾ་ན་མོ་བྷ་ག་ཝ་ཏྱེ+ེ+ེ་བཛྲ་ཤྲིཾ་ཁཱ་ལེ་ད་ཤ་དེ་ཤ~ཾ་བཛྲ་པྲཱ་ཀ་རེ་ན་བན་དྷ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱཧཱ། རིག་སྔགས་འདི་ཉིད་གསུངས་ཙམ་གྱིས། །རྒྱ་ཆེན་འཇིག་རྟེན་ཁཾས་འདི་རྣཾས། ། ་རྣམ་པ་དྲུག་དུ་གཡོས་གྱུར་ནས། །ལྷ་དང་ལྷ་མིན་སྲིན་བཅས་དང་། །གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་། །མཁའ་ལྡིང་ལྟོ་ཕྱེ་ལུས་སྲུལ་པོ། །ཀླུ་དང་མིའཾ་ཅི་ལ་སོགས། །ཚོགས་རྣཾས་ཐཾད་མྱོས་བརྒྱལ་ཏེ། །ས་སྟེང་ཁ་སྦུབ ་ཏུ་འགྱེལ་ནས། །དབང་པོ་ཤིན་དུ་སྟོར་བ་ལ། །བདེ་བ་ཆེན་པོའི་འོད་ཟེར་གྱིས། །ཕོག་པའི་སྐད་ཅིག་དེ་མ་ཐག་།དྲན་པ་སླར་བརྙེད་གཟི་མདངས་སྐྱེས། །དེ་ནས་བསྟོད་པའི་རྒྱལ་པོས་སྟོད། །ེ་མའོ་བདེ་མཆོག་དཔལ་ཉིད་ལས། ། ་རྒྱས་པ་སྟོབས་སྐྱེས་བཀྲ་ཤིས་ཀྱིས། །ལྷ་མོས་ཧཱུ~ཾ་བརྗོད་ཙམ་ཉིད་ལས། །ནམ་མཁའི་ཁཾས་སུ་གྲགས་པར་འགྱུར། །བདེ་ཆེན་ཡེ་ཤེས་མངའ་བདག་ཉིད། །རྡོ་རྗེ་ཞེས་པའི་མཚན་ལྡན་པའི། །ལྷ་མོ་ལུ་གུ་བརྒྱུད་མ་ལ། ། ་བདག་ཅན་རྣམས་ཀྱིས་གུས་པར་འདུད། །སྐུ་ཡི་འོད་ཟེར་སྣ་ཚོགས་ཀྱིས། །འགྲོ་བའི་ཉོན་མོངས་སེལ་བྱེད་པའི། །འོད་ཀྱིས་བདག་ལ་བདེ་བ་སྐྱེས། །ལྷ་མོ་བདེ་བ་ཁྱོད་ཕྱག་འཚལ། །སྟོང་ཉིད་སྨོན་བྱེད་མཚན་མ་བྲལ། ། ་རྒྱལ་བ་ཀུན་གྱི་རིག་པ་ལས། །ཡ་མཚན་ལྷ་མོའི་རང་བཞིན་ཐུགས། །མི་རྟོག་རང་བཞིན་ཕྱག་འཚལོ། །དེ་རྗེས་རྒྱལ་བ་ཀུན་འདུས་པའི། །གཟུགས་སོགས་རིག་པའི་ལྷ་མོ་ཡིས། །འཁོར་ལོ་འདི་ལ་ལེགས་མཆོད་ནས། ། ་མགྲིན་གཅིག་ཏུ་ནི་འདུས་ནསུ། །སངས་རྒྱས་རྣཾས་ཀྱིས་གསུངས་པ་ཡིས། །རྡོ་རྗེའི་ཚིགས་གིས་བསྟོད་པར་བྱེད། །རྡོ་རྗེ་ནཾཁའ་ལས་བྱུང་བའི། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །སྤྲོས་བྲལ་ནཾཁའི་རང ་བཞིན་གསལ། །རྡོ་རྗེ་ཐུགས་ལ་ཕྱག་འཚལོ། །རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི། །ལྷ་སོགས་མ་ལུས་རྣཾས་འཆིང་མཛད། །བདུད་རྣཾས་ཚར་གཅོད་རྡོ་རྗེ་སྒྲ། །ནམཁའི་གསུང་ལ་ཕྱག་འཚལོ། །འགྲོ་དྲུག་བདུད་འཇོམ ་ཞལ་དྲུག་མ། །ཕྱི་ནང་རྟེན་འབྲེལ་དག་ཕྱིར་ཕྱག་།སྒེག་ཅིང་ཅུང་ཟད་འཇིགས་པར་བྱེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལོ། །དེ་སྐད་རྡོ་རྗེ་ལྷ་མོ་ལ། །ལྷ་ལ་སོགས་པ་ཐཾད་ཀྱིས། །རྨད་བྱུང་བསྟོད་པའི་རྒྱལ་པོ་དེས། །བསྟོད ་པའི་དེ་མ་ཐག་ཏུ་ནི། །ལྷ་མོ་གཟི་མདངས་ཆེར་སྐྱེས་ནས། །རང་གི་སྙིང་པོ་འདི་གསུངས་སོ། །ོཾ་བཛྲ་ཤྲིཾ་ཁཱ་ལེ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། རིག་པ་གཟུངས་ཀྱི་ཕྲེང་བ་འམ། །གསང་སྔགས་འདི་ཉིད་བཤད་ཙམ་གྱིས། །རིམས་དང ་ཤུ་བ་གཡན་པ་དང་། །ལྷོག་པ་ཤ་བཀྲ་མཛེ་ནད་འབྲས། །ཀླད་ནད་མིག་ནད་རྣ་ནད་དང་། །ལྐོག་ནད་གློ་མཆིན་ནད་རྣམས་དང་། །རྒྱུ་གཟེར་སྙིང་ནད་ཁལ་ནད་དང་། །རྐང་ལག་ནད་དང་ཁྱབ་པར་ན། །ཆུ་སེར་ནད་དང ་ཁྲག་ནད་དང་། །བད་ཀན་རླུང་དང་མཁྲིས་པ་དང་། །ཤིན་ཏུ་མཁྲིས་པའི་ནད་ལ་སོགས། །ཡམ་ནད་ཐམས་ཅད་ཞི་བར་བྱེད། །གཞན་ཡང་འབྱུང་པོ་བརྗེད་བྱེད་གདོན། །ཤ་ཟ་མཁའ་འགྲོ་མ་མོ་དང་། །གཟའ ་དང་རྒྱུ་སྐར་ལོག་འདྲེན་དང་། །བྱད་སྟེམས་དྲག་པོ་ཕྱི་རོལ་གྱི། །རིག་སྔགས་གཏུམ་པོ་ལ་སོགས་པ། །འཇིགས་པའི་གནོད་པ་ཐཾད་ཀུན། །རླུང་གིས་སྤྲིན་བཞིན་གཏོར་བར་བྱེད། །གཞན་ཡང་སྟག་གཟིག ་དོམ་དྲེད་དང་། །འཕར་བ་སྤྱང་ཀི་གུང་པོ་ཆེ། །སྲེ་མོང་བྱི་བ་སྦྲུལ་བྱི་ལ། །སྦྲང་བུ་མཆུ་རིང་པ་ཏྲེ་ཀ་།ཁྭ་དང་སེའུ་བྱུའུ་རྟ་ལ་སོགས། །འཇིགས་པ་རྣམས་མང་ཇི་སྙིད་པ། །གསུང་སྔགས་འདི་བརྗོད ་ཐོས་ཙམ་གྱིས། །ཐག་རིངསུ་ནི་སྐྲོད་པར་བྱེད། །གནོད་པ་རྣམས་མང་ཐམས་ཅད་ཀྱང་། །སྔགས་ཀྱི་སྦྱོར་བས་སེལ་བར་བྱེད། །གནོད་བྱེད་རྣམས་ནི་གནོད་མེད་བྱེད། །གནོད་མེད་གནོད་དང་ལྡན་བྱེད ་ཅིང་། །སྦྱོར་བ་ཡང་ནི་སྦྱོར་བ་འགས། །གཞན་གྱི་སྦྱོར་བ་འཆིང་བར་བྱད། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས་གསང་སྔགས་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདིར་ནི་བཤད་བྱ་བ། ། ་མཛེས་མ་རྡོ་རྗེ་ཁྲོ་མོ་ཡིས། །ལྷ་ཡི་ཏིང་འཛིན་སྦྱོར་བ་རྣམས། །ཐིག་ལེ་ཆེན་མོས་མཉན་པར་གྱིས། །ོཾ་བཛྲ་ཤྲིཾ་ཁཱ་ལེ། ཨཱཏྨཱ་རཀྵ་རཀྵ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། གསང་སྔགས་འདིས་ནི་བསྲུང་བ་དང་། ། ་ཐ་མལ་རྟོག་པའི་ལུས་སྦྱོང་བྱེད། །སྙིང་གར་ཟླ་སྟེང་ཧཱུ~ཾ་ཡིག་གི། འོད་ཀྱི་རིགས་ཀྱི་གཙོ་མོ་དང་། །བླ་མ་སངས་རྒྱས་སྤྱན་དྲངས་ནས། །མདུན་དུ་ལེགས་པར་དམིགས་ནས་ནི། །སྙིང་ག་ས་བོན་འོད་རྩེ་ལས། ། ་མེ་ཏོག་སོགས་འཛིན་ལྷ་མོས་མཆོད། །གཟུགས་སོགས་རྡོ་རྗེ་མ་རྣཾས་ཀྱིས། །འདུད་ཅིང་སོ་སོར་ལེགས་པར་མཆོད། །ཐོག་མ་མེད་པའི་སྲིད་རྒྱུད་ནས། །ལུས་ངག་ཡིད་ཀྱིས་སྤྱད་པ་ཡི། །སྡིག་པའི་ཚོགས ་རྣམས་མ་ལུས་ཀུན། །བགྱིས་དང་བགྱིད་དུ་སྩལ་བ་དང་། །བགྱིད་ལ་རྗེསུ་ཡིད་རང་བ། །སྡིག་པའི་ཚོགས་རྣམས་མ་ལུས་ཀུན། །ཐམས་ཅད་སོ་སོར་བཤག་པར་བགྱི། །སླན་ཆད་མི་བགྱིད་སྡོམ་པ་ཡང་། ། ་བརྒྱ་ཆེན་བདགིས་གཟུང་བར་བྱ། །རྒྱལ་བ་སྲས་བཅས་མཛད་པ་དང་། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །རྒྱལ་དང་བྱང་ཆུབ་སེམས་དཔའ་དང་། །རིག་ལྡན་རྡོ་རྗེ་ལྷ་མོ་དང་། །སྔགས་རྒྱུད་རྒྱ་ཆེན་འཁོར ་ལོ་ལ། །ཀུནས་དང་བས་སྐྱབསུ་མཆི། །མི་རྟོག་བློ་གྲོས་སྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །གདུལ་བྱ་ཇི་སྲིད་ཚིམ་པ་རུ། །མྱ་ངན་མི་འདའ་གསོལ་བ་འདེབས། །རྣམ་པ་ཀུན ་གྱི་མཆོག་ལྡན་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །གདོད་ནས་ཇི་སྲིད་ད་ལྟ་ཡི། །བར་དུ་ལུས་འདིས་ཅི་མ་བྱས། །ད་ནི་སྲིད་པའི་རླུང་རྟོགས་ནས། །རང་གི་ལུས་འདི་དབུལ་བར་བགྱིས། ། ་ཐེག་ཆེན་བླ་ན་མེད་པ་ཡི། །ལམ་ཆེན་རྒྱ་མཚོ་གང་ཡིན་པ། །ཐེག་ཆེན་འབྲས་བུ་ཐོབ་བར་དུ། །རྒྱུན་མི་ཆད་པར་བསྟེན་པར་བྱ། །དེ་ལྟར་དད་སེམས་འདུན་བྱས་ཏེ། །བསོད་ནམས་རྒྱ་ཆེན་རྣཾས ་བསགས་པའི། །དགེ་བ་བླ་ན་མེད་པ་དེ། །ཐཾད་བྱང་ཆུབ་ཕྱིར་སྔོའོ། །དང་པོ་བྱམས་པའི་འོད་ཟེར་གྱིས། །འགྲོ་རྣམས་བདེ་ལ་དགོད་པར་བྱ། །གཉིས་པ་སྙིང་རྗེའི་འོད་ཟེར་གྱིས། །འགྲོ་བ ་སྡུག་བསྔལ་འབྲལ་སེམས་བསྐྱེད། །གསུམ་པ་དགའ་བས་བདེ་བ་ཐོབ། །བཞི་པ་ཆགས་བྲལ་བཏང་སྙོམ་སོ། །དེ་རྗེས་རགས་པའི་སྟོབས་སྤོང་ཞིང་། །བག་ཆགས་དྲི་མ་བསལ་ནས ་ཀྱང་། །ནམཁའ་ལྟ་བུར་སྒྲུབ་བྱེད་པའི། །དེ་ནས་དག་པ་རྗེས་དྲན་བྱ། །ོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ་ཧཱུ~ཾ། །དེ་ཡི་དག་པར་བྱས་ནས་ནི། །སྟོང་ཉིད་རྗེསུ་བསྒོམ་པར་བྱ། །ོཾ་ཤཱུ ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཎ་ཧཾ། །དངོས་པོ་ཐམས་ཅད་མ་ལུས་པར། །ནམཁའ་ལྟ་བུར་བསྒོམ་པར་བྱ། །དེར་ནི་ར~ཾ་སྐྱེས་ཉི་དཀྱིལ་འཁོར། །དམར་པོ་འོད་ཟེར་འཁྲིགས་པ་བསྒོམ། །དེ་དབུས་ཧཱུ~ཾ་ཡིག་སྔོན་པོ ་ཡི། །འོད་ཀྱིས་འགྲོ་བའི་བདུད་བསལ་ཏེ། །སླར་ཡང་ཡི་གེ་ལ་གཞུག་པར། །རྡོ་རྗེ་ཁྲོ་མོ་ཡོངས་སུ་རྫོགས། །ཞལ་གསུམ་ཕྱག་དྲུག་མེ་ཕུང་བཞུགས། །ཐུགས་གར་ཉི་མར་ཧཱུ~ཾ་སྔོན་བསམ། །འོད་ཀྱིས་བསྲུང་བའི ་འཁོར་ལོ་བྱ། །ཤར་དུ་རྡོ་རྗེ་ལྷོར་དབྱུག་པ། །ནུབ་དུ་ཆུ་སྟེ་བྱང་དུ་མདའ། །བྱང་ཤར་རྩེ་གསུམ་ཤར་ལྷོ་མེ། །ལྷོ་ནུབ་རལ་གྲི་ནུབ་བྱང་རླུང་། །འོག་ཏུ་སྣ་ཚོགས་རྡོ་རྗེ་བྲག་།སྟེང་ཕྱོགས་རྡོ་རྗེ་རྩེ་ལྔའི་གུར། །གསང་སྔགས ་བརྗོད་པས་བསྒོམ་པར་བྱ། །ཧཱུ~ཾ་ལས་འོད་ཟེར་རབ་སྤྲོས་པས། །འཁོར་ལོ་བཀོད་པའི་ཕྱི་རོལ་ཏུ། །རྡོ་རྗེ་རྩེ་གསུམ་ར་བ་དང་། །གུར་ནི་རབ་ཏུ་བསྒོམ་པར་བྱ། །དེ་རྗེས་རྡོ་རྗེ་ཁྲོ་མོ་ནི། །ཞུ་ནས་རང་བཞིན་མེད་པར་གྱུར། །དེ་ལས ་ཉི་མའི་སྟེང་གནས་པའི། །བདུད་བཞི་མནན་ཅིང་ཉི་ཟླ་ནི། །ཱ་ལི་ཀཱ་ལི་ལས་བྱུང་བའོ། །བར་དུ་ཧཱུ~ཾ་ལས་རྡོ་རྗེ་ནི། །ཁྲོ་མོའི་རང་བཞིན་འོད་ཀྱིས་བསྐོར། །ཁྲོ་མོ་དང་བཅས་འོད་ཟེར་རྣམས། །རྡོ་རྗེ་ལ་བཞུགས་སྐུ ་བཞེངས་ཏེ། །ཞལ་དྲུག་ཕྱག་དྲུག་ཞབས་དྲུག་འམ། །ཡང་ན་ཞབས་བཞིས་བདུད་བཞི་མནན། །ཞལ་ཀུན་སྔོན་ཞིང་ཁྲོ་གཉེར་ཅན། །དམར་སེར་གྱེན་སྐྲ་ཐོད་ཕྲེང་ཅན། །རྡོ་རྗེས་ལུས་བརྒྱན་ནཾ་མཁའི་མདོག་། ་བཅུ་གཉིས་ཕྱག་སྟེ་གཡས་པ་ན། །རྡོ་རྗེ་ཞགས་པ་མདའ་གསོར་ཞིང་། །སྦྲུལ་དང་དགྲ་སྟ་གྲི་གུག་འཛིན། །གཡོན་པ་དྲིལ་བུ་སྡིག་མཛུབ་གཞུ། །དབྱིག་པ་རྩེ་གསུམ་ཐོ་བའོ། །ཡང་ན་ཕྱག་དྲུག་གཡས་དང་པོས། ། ་རྡོ་རྗེ་གཉིས་པས་ལྕགས་སྒྲོག་སྟེ། །གསུཾ་པས་མདའ་ནི་གསོར་བར་བྱེད། །གཡོན་གྱི་དང་པོས་སྡིག་མཛུབ་སྟེ། །གཉིས་པ་སྦྲུལ་གྱི་ཞགས་པའོ། །གསུཾ་པས་གཞུ་སྟེ་འགེངས་པའི་ཚུལ། །རྡོ་རྗེ་ལུ་གུ་རྒྱུད་མ་ཡི། །བསཾ་གཏན་ཏིང་འཛིན་ལ་གནས་ན། ། ་ཡོན་ཏན་ཀུན་གྱི་བདག་ཉིད་ཀྱི། །སྔགས་ཀྱི་རྩ་བར་འགྱུར་བའོ། །སྔགས་ཀྱི་བདག་ཉིད་ཡོངས་བསྐྱེད་ཅིང་། །ལྷ་ཡི་རང་བཞིན་བསྒྲུབ་པ་ཡི། །རིན་ཆེན་གཟུགས་ཀྱི་ཕྲེང་བས་ནི། །ཆོས་རྣམས་མཐའ་དག་ཐོབ་འགྱུར་ཏེ། །རལ་གྲི ་མིག་སྨན་རིལུ་དང་། །རྐང་པ་བྱུག་དང་གཏེར་ཆེན་དང་། །ས་འོག་འགྲོ་དང་བཅུད་ལེན་དང་། །ནམཁར་འགྲོ་དང་གསེར་འགྱུར་དང་། །དེ་བཞིན་ས་གཞན་འགྲོ་བ་དང་། །ཞི་དང་རྒྱས་དང་དབང་མངོན་སྤྱོད། །རྨོངས་དང་རེངས་དང་བསྐྲད ་པ་དང་། །དབྱེ་དང་དགུག་དང་རིག་སྔགས་འཆིང་། །བསྲུང་དང་ཕྱིར་བཟློག་ཆེན་པོ་དང་། །ཞ་དང་ལྐུག་དང་སེམས་བརྒྱལ་དང་། །ལོང་དང་སྣ་ཚོགས་ནད་སྐྱེད་པའི། །སྦྱོར་བ་རྒྱ་ཆེན་འགྲུབ་པ་དང་། །མངོན་ཤེས་དྲུག་པོ་ཡོངས ་སྐྱེ་ཞིང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཕྱག་རྒྱ་ཆེན་པོ་ཐོབ་འགྱུར་ན། །ལྟས་མཐོང་ཙམ་ལ་སོགས་པ་ཡི། །དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས། །སྔགས་ཀྱི་སྦྱོར་བ་བསྐྱེད་པའི་ལྷ། །དམིགས་པའི་རྩ་བར་གྱུར་པ་ཡི། །ཧཱུ~ཾ་ལས ་སྐྱེས་པའི་ལྷ་མོ་ནི། །སྔོན་མོ་ཞལ་གསུཾ་ཕྱག་དྲུག་མ། །གཡས་པ་སེར་ཞིང་གཡོན་པ་དམར། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་ཅན། །དམར་སེར་གྱེན་སྐྲ་ཐོད་པས་བརྒྱན། །རུས་པའི་རྒྱན་གྱིས་སྤྲས་ཤིང་འགྱིང་། །ཐོད་པའི་ཕྲེང་ཅན ་ཀླུ་ཡིས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་རོ་ལང་བརྫིས། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །རྡོ་རྗེ་གཉིས་པས་གྲི་གུག་སྟེ། །གསུཾ་པ་སྦྲུལ་གྱི་ཞགས་པ་འཛིན། །གཡོན་གྱི་དང་པོ་སྡིག་མཛུབ་སྟེ། །གཉིས་པས་ཐོད་པ་གསུཾ་པ་ན། །སྦྲུལ་གྱི ་ཞགས་པ་དཀར་པོའོ། །ཡང་ན་ཞལ་ཀུན་སྔོ་བསངས་ཉིད། །འདི་ནི་འཆིང་དང་དབང་གི་ལས། །མཐའ་དག་རྫོགས་པར་བྱེད་པའོ། །སྲིད་པར་བྲམ་ཟེ་སྐྱེས་ལྷ་མོ། །སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་རྡོ་རྗེ་གཡོན ་ལྕགས་སྒྲོག་། གཅེར་བུ་རུས་པའི་རྒྱན་ལྡན་པ། །བསད་པའི་ལས་རྣཾས་ཐཾད་ནི། །རྡོ་རྗེ་རྣལ་འབྱོར་མ་འདིས་བསྒྲུབ། །དེ་ནས་བཅྡོཾས་རྡོ་རྗེ་ཅན། །ཆོས་རྣཾས་ཐཾད་འབྱུང་བྱེད་ཅིང་། །དངོས་གྲུབ་མྱུར་དུ་བསྐྱེད་པ་ཡི། །ཕྱག་རྒྱ་འབྱུང་ཞེས་བྱ་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཡན་ལག་ཕྱག་རྒྱ ་བཀའ་སྩལ་པ། །ལག་གཉིས་ཐལ་མོ་སྦྱར་བྱས་ཤིང་། །སླར་ལ་ཁུ་ཚུར་བཅང་བྱས་ཏེ། །རྒྱབ་གཉིས་སྤྲད་ནས་མཛུབ་མོ་དང་། །མཐེའུ་ཆུང་ལྕགས་སྒྲོག་བཅིང་བྱས་ཏེ། །ཁ་ཡི་ཐད་ཀར་བཞག་ནས་ནི། །རིག་པའི་ཕྲེང་བ ་བརྗོད་པའི། །འདོད་པ་ཐམས་ཅད་འགྲུབ་པར་བྱེད། །ཕྱག་རྒྱ་བཅིང་ནས་གསང་སྔག་ནི། །རྗེས་སུ་དྲན་པར་བྱས་ཙམ་གྱིས། །ལམ་དུ་འགྲོ་ཡང་བདེ་བར་ཐར། །གཞན་གྱི་རིག་སྔགས་གཅོད་པར་བྱེད། །འཕག་མ་རྡོ་རྗེ་ལུ་གུ་རྒྱུད་མ ་ཡི་རྒྱུད་ཀྱི་རིག་སྔགས་ལས་ལྷ་དང་ཕྱག་རྒྱ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ། ། །། དེ་ནས་ཡང་དག་བཤད་བྱ་བ། །རྫས་ཀྱི་སྦྱོར་བ་བླ་ན་མེད། །མཚུངས་པའི་ཚོགས་ཀུ་འགྲུབ་བྱེད་པ། །རྡོ་རྗེ་མཁའ་འགྲོ་མ་ཡིས་ཉོན། །ོཾ་སརྦ ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུ~ཾ། དབང་བསྐུར་བ་ནི་བླ་ན་མེད། །དྲི་མའི་ཚོགས་རྣམས་དག་བྱེད་ཅིང་། །ཇི་སྲིད་ཡེ་ཤེས་ཚོགས་རྒྱས་ནས། །རིག་པའི་རྒྱལ་པོ་ཐོབ་པར་བྱེད། །ཛ་ཧཱུ~ཾ་བཾ་ཧོ། ཨོཾ ་བཛྲ་པུཥྤེ་ཨཱ་ཧཱུ~ཾ་སྭཱ་ཧཱ། དྷཱུ་པེ་དཱི་པ་གན་དྷེ། ནཻ་ཝི་དྱེ་ཨ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཀྵཱི་ཧྲཱི་ས་ཀ་ལ། ག་ན་བི་ན་པ་རི། ཤྱ་རྱ་ས་པ་རི་ཝཱ་ར་ཨ་ཨ་ཨ། ཨ་བྷི་ཏི་རནྟི། ཨ་བྷ་ཏ་རནྟེ། ཨ་བྷ་ཏ་རན་ཏུ། སརྦ་ད་ཤ་དི་ཀ་།ལོ་ཀ་པཱ་ལ། ལོ་ཀ་པཱ་ལི། ཨི་མ~ཾ་བ་ལི ་གྲཱྀཧྣ་ཏུ། ཁཱ་དན་དུ་བཾ་བནྟུ་ཧཱུ~ཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། ལླཻ་ལླཻ་བཛྲ་དྷ་ར་ཡ། ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །ཐ་དད་རྟོག་པ་སྤོང་བར་བྱེད། །མཆོད་པ་དང་ནི་གཏོར་མ་ཡིས། །བར་དུ་གཅོད་པ་ཀུན་སེལ ་བྱེད། །ོཾ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཱཏྨ་ཀོུ྅་ཧ~ཾ། སྐུ་གསུང་ཐུག་ཀྱི་རྡོ་རྗེ་ཡིས། །རྣམས་པར་སྤྲས་པའི་མཚན་མ་ལ། །མཚན་མ་མེད་པ་རྣམ་གནས་པ། །ཤེས་ནས་མཚན་ཉིད་རྣམ་པར་དག་།ོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོུ྅་ཧ~ཾ། ་གང་ཞིག་དབང་པོ་ཡུལ་མཚོན་པ། །མཚོན་བྱ་མཚན་ཉིད་རྣམ་ཤེས་དང་། །ཡེ་ཤེས་ཉིད་ནི་མངོན་སུམ་དུ། །སྐྱེ་བ་ཉིད་ལ་ཐེ་ཙོམ་མེད། །དེ་ནས་རྒྱ་ཆེན་སྦྱོར་བའི་གཙོ། །འཁོར་ལོའི་ཆོ་ག་བཤད་པར་བྱ། །གྲོ་ག་རས་སམ་ཤིང་ཤུན་ལ། །གུར་གུམ་གི་ཝ~ཾ་ཙན་དན་བཅས། །པུ་ཀ་སེར་པོས་འཁོར ་ལོ་ནི། །རྩིབས་བཅུ་པད་མའི་སྟེང་དུ་བྲི། །མཐའ་ནས་མེའི་ཕྲེང་བས་བསྐོར། །པད་མའི་འདབ་མ་བཅུ་ལ་ནི། །ཕྱོག་བཅུ་ཀུན་དུ་བཅིང་བ་ཡི། །རྡོ་རྗེ་ལ་སོག་བཅུ་པོ་བྲི། །དེ་ཡི་རྒྱབ་ཏུ་ཕྱོགས་བཅུ་རྣམས། །བཅིང་བའི་སྔགས་ནི་རིམ་བཞིན་བྲི། །འཁོར་ལོའི་རྩིབ ་རྣམས་བཅུ་པོ་ལ། །ཧཱུ~ཾ་གཉིས་བར་ཏུ་བསྒྲུབ་བྱའི་མིང་། །གསྲུང་བ་དང་བཅས་བྲི་བར་བྱ། །ཕྱོག་བཞིར་སྔགས་དང་ཕྱག་རྒྱ་དང་། །འཁྲུལ་འཁོར་གཅོད་དང་འཆིང་བ་དང་། །འགུག་པའི་སྔགསུ་བཅས་པ་བྲི། །གཞན་ཡང་མཚམས་རྣམས་དྲུག་པོར་ནི། །ལྷ་དང་ཀླུ་དང ་ལྷ་མིན་གྱི། །གནོད་སྦྱིན་གྲུལ་བུམ་ལ་སོག་པ། །བཅིང་བ་དྲུག་པོ་བྲི་བར་བྱ། །ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི། །སྐྱིལ་ཀྲུང་ཐུགས་ཀར་ཐལ་མོ་སྦྱར། །མཛེས་པའི་གོས་ལྡན་བྲི་བར་བྱ། །དེ་རྗེས་གསང་སྔགས་ཕྲེང་བ་ཉིད། །སྟོང་ཕྲག་གཅིག་ཏུ ་བརྗོད་བྱས་ནས། །དེ་རྗེས་བསྟོད་པས་བསྟོད་བྱས་ཏེ། །གསེར་སོགས་དྲིལ་ནས་ལུས་སམ་མགུལ། །གང་བདེའི་གནས་སུ་གདགས་པར་བྱ། །དེས་ནི་རྣལ་འབྱོར་བསྲུང་དོན་དུ། །ཇི་ལྟར་བསམ་པ་ཀུན་འགྲུབ་སྟེ། །འཇིགས་པ་བརྒྱད་པོ་མེད ་པར་བྱེད། །དེ་ནས་གཞན་ཡང་རྒྱལ་པོའི་རས། །གསར་ལ་ཙན་དན་ག་བུར་དང་། །དྲི་ཞིམ་རྣམས་ཀྱིས་བྱས་ནས་ནི། །རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། །གུར་ཀུམ་ཀྱིས་ནི་འཁོར་ལོ་བྲི། །དབུས་སུ་པད་མ་འདབ་བརྒྱད་པའི། །ཕྱི་རོལ་མུ་ཁྱུད་གསུམ་ལྡན་པའི། ། ་པད་མའི་ལྟེ་བར་བསྒྲུབ་བྱའི་གཟུགས། །ཡན་ལག་རྡོ་རྗེས་མཚན་པ་བྲི། །དེ་ལ་སྙིང་པོའི་སྔགསྐྱི་བསྐོར། །དེ་རྗེས་ལྟེ་བའི་མུ་ཁྱུད་ལ། །སྟེང་འོག་བཅིང་བའི་སྔག་ཀྱིས་བྲི། །ཕྱོག་མཚམས་སྔགས་རྣམས་འདབ་མ་ལའོ། །ཕྱི་རོལ་མུ་ཁྱུད ་དང་པོར་ནི། །རྩ་བའི་སྔགས་རིང་དགོད་པར་བྱ། །གཉིས་པར་འོད་ཀྱི་ར་བ་བྲི། །དྲི་ཞིམ་དཀྱིལ་འཁོར་སྟེང་བཞག་སྟེ། །རང་ཉིད་ལྷའི་སྦྱོར་རྫོགས་བྱ། །ཐུག་ཀའི་ས་བོན་འོད་ཀྱིས་ནི། །ནམ་མཁར་འཁོར་ལོ་སྦྱངས་བྱས་ཏེ། །ཡི་གེ་ཧཱུ~ཾ་གི ་རྣམ་པར་བསམ། །དེ་ཡོངས་གྱུར་ལས་སྐུ་ཚོག་སྒོམ། །དེ་དབུས་ཤེས་རབ་རྣམ་པར་བསམ། །ཟླ་དབུས་སྟེང་དུ་ཧཱུ~ཾ་ལས་ནི། །འཁོར་ལོ་རྩིབས་ལྡན་བསྒོམ་པར་བྱ། །དེར་ནི་ཡི་གེའི་རྣམ་པ་ནི། །མར་མེ་ལྟ་བུ་གསལ་དམིགས་ལ། །མཁའ་འགྲོ་མ་དང་དབྱེར་མེད་བྱ། ། ་རང་སྙིང་ས་བོན་ལས་བྱུང་བའི། །གསང་སྔག་སྟོང་ཕྲག་བཟླས་བྱས་ནས། །གསེར་སོག་དྲིལ་ནས་ལུས་སམ་མགུལ། །བཏགས་ན་འཇིགས་པ་བརྒྱད་ལས་སྐྱོབ། །ཐམས་ཅད་དུ་ནི་བསྲུང་བར་ངེས། །ཡུངས་ཀར་བ་ཡི་རྣམ་ལྔ་དང་། ། ་དུར་བའི་སྙེ་མར་བཅས་པ་ལ། །གསང་སྔགས་སྟོང་ཕྲག་བཟླས་ནས་ནི། །རྒན་མོ་མིང་མེད་སྦྱོར་བ་ཡིས། །གནས་གསུམ་ཐིག་ལེ་བྱས་བསྲུང་ན། །ཚེ་ནི་སྟོང་ཕྲག་དུ་མར་འཕེལ། །ཀུ་ཤ་བ་མར་ཡུངས་ཀར་ཏིལ། །གསང་སྔགས་སྟོང་ཕྲག་བཟླས ་བྱས་ཏེ། །ཤིས་པར་གྱུར་པའི་ཉི་མ་ལ། །མཆོད་རྟེན་སྤྱི་བོར་གདག་བྱས་ན། །འགོ་བའི་ནད་རྣམ་འཆད་པར་འགྱུར། །ཁྲག་དང་ཁྲོ་ཆུར་བཅས་པ་ལ། །གསང་སྔག་སྟོང་ཕྲག་གསུམ་བཟླས་ཏེ། །ཟླ་བ་གཟས་གཟུང་དུས་སུ་ནི། །ཉེ་བསྙེན་རྫོག ་པར་བྱས་ནས་ནི། །རྫས་ནི་ཤིན་དུ་སྤ་བྱས་ཏེ། །ལྷ་ཚོག་གནོད་པ་གང་དམིགས་པའི། །སྙིང་གར་སྔགས་ནི་བསྣུན་བྱས་ན། །གང་དམིགས་བགེགས་ནི་རྣམ་པར་འཇིག་།རས་བལ་གསར་པར་གྱུར་པ་ལ། །ཤེས་རབ་མཚན་ལྡན་ཁྲུས་བྱས་ཏེ། ། ་ཤིས་པ་ཉི་མ་ལ་བཀལ་ནས། །བཅིངས་པའི་གྲངས་ཀྱིས་མདུད་བྱས་ཏེ། །སྟོང་ཕྲག་གཅིག་གིས་སྔགས་བཟླས་ནས། །ལུས་སམ་མགུལ་ལམ་སྤྱི་བོར་གདགས། །དེས་ནི་ཚེ་ལོ་སྟོང་ཕྲག་ཐུབ། །ཡང་ན་རང་ལུས་རྣམས་བསྒྲིབས་ནས། །ཆུ་ཡི་ཚོགས་ཀྱིས་དག་བྱས ་ཏེ། །ཉི་ཤུ་རྩ་གཅིག་གྲངས་ལྡན་པར། །གཟུངས་ཀྱི་ཕྲེང་བ་བརྗོད་བྱས་ན། །གསེར་ཕྱག་ལག་ཏུ་མ་བླངས་ཤིང་། །བདེན་བྲལ་ཕྱི་རོལ་མ་སོང་བར། །གཞན་གྱི་འཇིགས་པ་མ་བསལ་ཞིང་། །ཚེ་ལོ་བརྒྱ་ནི་རྩ་བརྒྱད་པར། །རིམས་ནད་ཙམ་ཡང ་མི་གནོད་དོ། །གོས་དང་ཟས་དང་སྣོད་སྤྱད་དང་། །སྨན་ལ་སོག་པའི་རྫས་རྣམས་ནི། །མི་འཁྲུག་རྒྱལ་པོའི་ཕྱག་རྒྱ་ཡིས། །བསྲུངས་ན་ཅིས་ཀྱང་མི་ཤོད་དེ། །སིང་ཆེན་རྔམ་པའི་སྟབས་ཀྱིས་ནི། །འུག་པའི་སྒྲ་གསུམ་བརྗོད་བྱས་ན། །ཕྱི་རོལ་རིག ་སྔགས་སྟོང་ཕྲག་ནི། །དུ་མས་ཅིས་ཀྱང་མི་ཚུགས་སོ། །ཀླུའི་དབང་པོ་གནས་ལུགས་ཀྱིས། །རྩེ་གཅིག་རྡོ་རྗེའི་ཕྱག་རྒྱ་བཅས། །དེ་ནས་གསང་སྔག་གསུམ་བརྗོད་ན། །ནད་དང་གདོན་ལ་སོག་པ་སོལ། །རི་བོང་ནུ་མའི་མཚམ་བྱས་ནས། །ཧཱུ~ཾ་གིས་མནན་པའི་སྔགས ་ཀྱིས་ནི། །དམིགས་མེད་ཏིང་འཛིན་ཡིད་བརྟན་ཞིང་། །འདིས་ཀྱང་གནོད་པ་ལས་བསྲུང་འགྱུར། །ཕྱི་རོལ་སོགས་པ་ཀུན་སྤངས་ནས། །སྣང་བ་ཡིད་ཀྱིས་བསླབས་བྱས་ཏེ། །མི་སྣང་བ་ལ་མངོན་དམིགས་ནས། །བསྲུང་བ་རྣམས་ཀྱི་དམ་པ་བཤད། །དེ་ནས ་གཞན་ཡང་སྦྱོར་བ་བཤད། །དུར་ཁྲོད་ལ་སོག་འཇིགས་གནས་སམ། །མཚོ་དང་མཚེའུ་དང་དགོན་གནས་དང་། །གནས་དང་སྐྱེ་མོས་ཚལ་ཆེན་དང་། །མེ་ཏོག་ཚལ་ལམ་ཡུལ་འཁོར་ལྗོངས། །ཆུ་ཡི་འགྲམ་འམ་ཤིང་གཅིག་གམ། །ཡང་ན ་རང་གི་ཁྱིམ་ཉིད་དུ། །མཎྜལ་ལེགས་པར་བྱུགས་པ་ལ། །བརྟེན་ནས་ལྷ་ཡི་སྦྱོར་བ་སྒྲུབ། །རས་རིས་ལ་སོགས་མདུན་བྱས་ཏེ། །བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས། །བསྡད་ནས་མཉམ་བཞག་བརྩམ་པར་བྱ། །ཐ་མལ་སྦྱངས་པའི་ལུས་ཀྱིས་ནི། ། ་ཐར་པ་ཆེན་པོ་ཐོབ་འགྱུར་ཏེ། །གཞན་དུ་དེ་ལྟར་མ་ཡིན་ནོ། །ས་གཞི་ཤིན་དུ་ཉམས་དགའ་ཞིང་། །ལེགས་པར་བཀོད་པའི་རི་བོ་ལ། །གནས་ཚལ་ཤིན་དུ་སྡུག་པ་ལ། །བསིལ་བའི་ཆུ་རྒྱུན་འབབས་པའི་ཕྱོགས། །རྣམ་བཀོད་མེ་ཏོག་ཚལ་གསེབ་ཏུ། །ཤར ་དུ་སྒོ་བསྟན་ཁང་པ་ལ། །སྔགས་བཞི་མཚམས་བཅིངས་ཆོ་ག་ཡིས། །གསལ་ཁུང་དང་བཅས་བརྩིགས་པའི་ཕྱོགས། །སྙན་པའི་བྱ་ཡིས་སྒྲ་སྒྲོགས་ཤིང་། །དྲི་ཞིམ་སྤོས་ངད་ལྡན་པ་ལ། །དྲིལ་བུ་སིལ་སིལ་སྒྲ་སྙན་སྒྲོགས། །ལྡ་ལྡི་གོས་ཀྱི་ཕྲེང ་བས་དཀྲིས། །ལྷག་པའི་འདུ་འཛི་རྣམ་སྤངས་ནས། །སྤྱོད་པ་འཐུན་པའི་གྲོགས་དང་ནི། །བདེ་བར་བྱང་ཆུབ་བསྒྲུབ་པར་བྱ། །འོན་ཀྱང་གནས་དང་གྲོགས་ལ་སོགས། །རྣམ་འབྱོར་ཡིད་འཇུག་ཕྱིར་བརྩམ་སྟེ། །མཐའ་དག་སྤངས་པའི་ཕ་རོལ་ན། ། ་ལྷག་པའི་བྱང་ཆུབ་མ་མཆིསོ། །བདེ་དང་སྡུག་སྔལ་སྣ་ཚོགས་རྣམས། །རང་གི་སེམས་ལས་འབྱུང་མོད་ཀྱི། །སེམས་རྟོག་མ་ལུས་སྤངས་བ་ལས། །ངས་ནི་ཆོས་གཞན་འགའ་མ་བཤད། །དེ་བས་སེམས་རྟོག་སྣ་ཚོགས ་རྣམས། །སྤང་བར་བྱ་ཕྱིར་སྣ་ཚོག་ཐབས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །སྦྱོར་བ་རྒྱ་ཆེན་རྣམས་བཤད་དོ། །དྲག་པོ་བསྒྲུབ་པའི་ཐབས་འགའ་ནི། །རིག་པའི་ཁྲོ་མོས་མཉན་པར་གྱིས། །ས་བཞི་བདུད་རྩི་ལྔ་ཡི་བྱུགས། ། ་མེ་ཡི་དཀྱིལ་འཁོར་ས་བོན་བཅས། །དུར་ཁྲོད་ཕག་གུས་བྲི་བར་བྱ། །དེར་ནི་ཕོ་མོ་ཐོད་པ་ལ། །ཕྱི་རོལ་དམར་ནག་ཚོན་གྱིས་བྱུག་།ནང་དུ་སྣ་ཚོགས་རྡོ་རྗེ་ནི། །མུ་ཁྱུད་གསུམ་ལྡན་བྲི་བར་བྱ། །དབུས་སུ་རྡོ་རྗེ་མཁའ་འགྲོ་མའི། ། ་སྙིང་པོ་སྔགས་བཅས་བྲི་བར་བྱ། །རྡོ་རྗེ་རྭ་ནི་ཐམས་ཅད་ལ། །ཧཱུ~ཾ་བྲི་མུ་ཁྱུད་གཉིས་ཕྲིང་སྔགས། །གསུམ་པར་ཁྲོ་བོའི་སྔགས་བྲིའོ། །ཐོད་པ་ཁ་སྦྱོར་ནང་དུ་ནི། །སྐེ་ཚེ་ཡུངས་ཀར་བཙན་དུག་དང་། །ལན་ཚྭ་ཁྲག་དང་ཤ་ཆེན་དང་། །རྐང ་རྗེས་ས་ལ་སོག་པ་བླུགས། །གཅེར་བུ་རྣམ་འབྱོར་སྐྲ་བཤིག་ནས། །ལྷ་ཡི་སྦྱོར་ལྡན་ལྷོར་བལྟས་ནས། །ཞབས་ཀྱིས་ཐོད་པ་འཁོར་ལོ་ནི། །མནན་ཏེ་སྔགས་ཕྲེང་བརྗོད་པར་བྱ། །ཁྲོ་བོ་ཆེན་པོའི་སྦྱོར་བ་ཡི། །མཉམ་བཞག་ནས་ནི་སྟོང ་ཕྲག་དུ། །བཟླས་པ་མཚན་ཕྱེད་པར་བྱས་ན། །བསད་པ་ཉིད་ལ་ཐེ་ཚོམ་མེད། །དུར་ཁྲོད་རས་ལ་འཁོར་ལོ་ནི། །དབུས་སུ་མེ་ཡི་དཀྱིལ་འཁོར་ཅན། །རྩིབས་བརྒྱད་མུ་ཁྱུད་གསུམ་ལྡན་པ། །དབུསུ་སྙིང་པོ་སྔགས་རྣམས་ལ། །ཧཱུ~ཾ་གཉིས་བར ་དུ་བསྒྲུབ་བྱའི་མིང་། །བསད་པ་ཉིད་དང་ལྡན་པར་བྱ། །མུ་ཁྱུད་གཉིས་པ་ཕྲེང་སྔགས་ཀྱང་། །མིང་དང་བསད་པར་ལྡན་པའོ། །གསུམ་པ་ཁྲོ་བོའི་སྔགས་བྲིས་ཏེ། །འཁོར་ལོ་མཆོད་ཅིང་བྱིན་རླབས་ནས། །དགྲ་གཟུག་སོར་བརྒྱད ་སྙིང་གར་གཞུག་། དེ་ཉིད་ཏིལ་མར་གྱིས་བྱུགས་ཏེ། །ཐོད་པ་གཉིས་ཀྱི་འཁོར་ལོ་ཡི། །བར་དུ་བཙུག་ནས་མེ་སྟེང་གཞག་།སེང་ལྡེང་ཕུར་པ་སོར་བརྒྱད་པ། །མཉམ་བཞག་སྦྱོར་བས་སྔག་དེ་གདབ། །བསད་པའི་སྦྱོར ་བ་འདི་ཉིད་ཀྱིས། །ཤི་བར་འགྱུར་ལ་གཞན་དུ་མིན། །ཡང་ན་བྱང་ཆུབ་ཡན་ལག་ལས། །དུར་ཁྲོད་ཁྲག་གིས་འཁོར་ལོ་བྲི། །གྲུ་གསུམ་བརྩེགས་པའི་གཟུག་བྲིས་ཏེ། །དབུསུ་དགྲ་མིང་གསང་སྔགས་བཅས། །རྩིབས་ལ་བཅུ ་གཉིས་བར་དུ་ནི། །མིང་དང་བསད་པ་བཅས་པ་བྲི། །མུ་ཁྱུད་དང་པོའི་སྔགས་ཕྲེང་ཡང་། །རྒྱས་པའི་ཡན་ལག་ལྡན་པར་བྲི། །སྤྲ་ཚིལ་གཟུག་བརྙན་སོར་བརྒྱད་པའི། །སྙིང་གར་བཅུག་ནས་སྐྲ་ཡིས་དཀྲི། །རྣམ་འབྱོར་པའི་ཡི ་ཉལ་བའི་ཞབས། །མགོ་བོ་ལྷོར་བསྟན་གཞག་པར་བྱ། །ཆུ་ཤེལ་མ་མཐོང་བར་དུ་ནི། །ཉི་ཤུ་རྩ་གཅིག་སྔགས་བརྗོད་ནས། །མི་ཡི་རྡོ་རྗེའི་དར་གྱིས་བརྒྱན། །སྡང་བྱེད་ས་སྟེང་འདིར་མི་གནས། །ཀླུའི་གནས་སུ་གྲགས་པ་འམ། །ཆུའི་རྫིངས ་ལ་སོགས་འགྲམ་དུ། །དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུགས། །པད་མ་དམར་པོའི་རི་མོ་ལ། །ལྟེ་བ་རྡོ་རྗེ་མཁའ་འགྲོ་མ། །གསེར་གྱི་མདོག་ཅན་ཐལ་མོ་སྦྱར། །ཀླུ་ཡི་གདེངས་ཀ་བདུན་ལྡན་པ། །ཟླ་བའི་དཀྱིལ་འཁོར་སྟེང་གནས་པ། །ཤིན་དུ ་བལྟས་པས་གནས་པར་བྱ། །དགའ་བོ་ཉེར་དགའ་འཇོག་པོ་དང་། །མཐའ་ཡས་དུང་སྐྱོང་རིགས་ལྡན་གཟུགས། །པད་མ་པད་ཆེན་རྣམས་བྱས་ཏེ། །ཀར་དང་སེར་དང་ལྗང་བ་དང་། །དམར་དང་ལྗང་སྐྱ་སྔོ་སྐྱ་དང་། །དམར་སེར་ལྗང་སེར་འཛུམ་པའི་གཟུག་།གཙོ་ལ་ཐལ་མོ ་སྦྱར་བཏུད་ནས། །རྒྱུ་སྐར་ཕྲེང་བ་དང་ལྡན་གནས། །འོ་མ་འབྲས་ཅན་མཁལ་ཞོ་ཤ་། པུས་ཀ་ཙ་ཏི་ལ་སོགས་སྨན། །ཁུར་བ་ཚོགས་བུ་དང་བཅས་པ། །རིན་ཆེན་སྣོད་དུ་དགྲམ་པར་བྱ། །གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང་། །ཀླུ་རྣམས་བདེ་བའི ་སེམས་ཐོབ་ཤོག་། ལྷ་རྣམས་ཡིད་ནི་མཉམ་བཞག་ནས། །སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག་།ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །བྱང་ཆུབ་སེམས་ཆེན་དང་ལྡན་ནས། །ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་། །དུས་སུ་ཆར་ཆེན་འབབ་པར་ཤོག་།སྨོན ་ལམ་དེ་ཡི་རྗེས་སུ་ནི། །གཟུངས་ཀྱི་ཕྲེང་བ་བརྒྱ་རྩ་བརྒྱད། །བརྗོད་པའི་དེ་མ་ཐག་དུ་ནི། །ཆར་གྱི་རྒྱུན་ཡང་འབབ་པར་འགྱུར། །གལ་ཏེ་ཅུང་ཟད་མི་འབབས་ན། །མེ་ལ་བསྡིགས་པ་ཙམ་གྱིས་ནི། །གློག་གི་ཕྲེང་བ་བཏོར་བྱེད་ན། །ཆར ་ཆེན་འབེབས་ལ་ཐེ་ཚོམ་མེད། །ཝ་ཡི་ཁྲག་གིས་གྲོ་བ་ལ། །གོང་གི་འཁོར་ལོ་བསྐྲད་པ་ཡི། །ཐབས་དང་ལྡན་པར་བྲི་བྱས་ནས། །དུར་ཁྲོད་ས་ལས་བྱས་པ་ཡི། །རྔ་མོའི་སྙིང་གར་བཅུག་ནས་ཀྱང་། །རྐང་པ་གཡོན་པས་མནན ་ནས་ནི། །ལྷོར་བལྟས་བཀའ་ཡི་སྦྱོར་བ་ཡི། །གསང་སྔགས་ཁྲི་ཕྲག་གཅིག་བརྗོད་ན། །བསྐྲད་པ་ཉིད་ལ་ཐེ་ཙོམ་མེད། །སྦྲུལ་དང་སྲེ་མོའི་ཁྲག་གིས་ནི། །རྟ་དང་མ་ཧེའི་ལྤགས་པ་ལ། །མཉམ་དུ་གཉིས་ཀྱི་གཟུགས་བྲི་ཏེ། །དབྱེ་བའི ་སྔགས་དང་བཅས་པ་ཡི། །འཁོར་ལོ་ཐོད་པའི་གཟུག་བྲིས་ལ། །ལྤགས་པ་གཉིས་ཀྱི་དཀྲིས་བྱས་པ། །ཟླ་གམ་བྱེ་བྲག་དཀྱིལ་འཁོར་ལ། །བརྟེན་པས་དབྱེ་བའི་སྦྱོར་བ་རྫོགས། །མཚལ་དང་ཙན་དན་ག་བུར་བསྲེ། །ཟླ་གམ་དབྱིབས་ཀྱི་དཀྱིལ ་འཁོར་ལ། །སྙིང་པོ་དབང་གི་སྦྱོར་བར་བཅས། །ནུབ་ཏུ་བལྟས་ནས་བསྒྲུབས་པ་ཡི། །ལྷ་ཡི་དབང་པོ་དབང་དུ་འགྱུར། །རྒྱུད་ཀྱི་ཁྱད་པར་སྦྱོར་བའོ། །དྲི་ཡི་རྒྱལ་པོ་སྣ་ཚོགས་ཀྱི། །ཤིང་གི་ལོ་མ་དཀར་པོ་ལ། །རྡོ་རྗེ་རྒྱ་གྲམ་གཉིས་བརྩེགས་ཀྱི། །ཕྱོགས་ཀྱི ་རྭ་རྣམས་ཧཱུ~ཾ་གིས་སྤྲས། །མཚན་ཀྱི་རྭ་རྣམ་དབུ་མ་ལ། །ཧཱུ~ཾ་བྲི་རྭ་ཡི་ཡན་ལག་ལ། །ཕཊ་ནི་ཕྱིར་ལ་བལྟས་པ་བྲི། །རྒྱ་ཆེན་གསོལ་བ་གདབ་པར་བྱ། །གོས་བཟང་སམ་ནི་སྐགས་ཤིང་དུ། །བཙུག་ནས་རྒྱལ་མཚན་རྩེར་བཏགས་ན། །རླུང་དང་ཐོག་དང་སེར་བ ་བཅོད། །དམན་པ་རྣམས་དང་འབྲེལ་བ་སྤང་། །ཐལ་བ་ཆུ་དང་ཡུངས་ཀར་དང་། །སྔགས་ཀྱི་ཕྲེང་བ་བཟླས་བྱས་ཏེ། །སྤྲིན་ལ་སོགས་པ་འཁྲུགས་པའི་ཚེ། །གཏོར་བ་ཙམ་གྱིས་འཆད་པར་འགྱུར། །འབྲུ་མར་ཡུངས་ཀར་སེར་པོ་ལ། །སྔགས་ནས་ལུས་ལ ་བྱུགས་ཙམ་གྱིས། །ཕྲན་ཚེགས་ནད་རྣམས་ཐམས་ཅད་ལས། །མ་ཧེ་ཤིན་དུ་བརྟན་པར་བྱེད། །འཕགས་མ་རྡོ་རྗེ་གུ་ལུ་རྒྱུད་ཀྱི་འཁྲུལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །སྦྱིན་སྲེག་ཐབས ་ཀྱི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་མྱུར་བྱེད་དེ། །སྣ་ཚོག་ལྷ་མོས་མཉན་པར་བྱོས། །སེར་སྣ་སྤང་ཤིང་གཡོ་རྒྱུ་མེད། །དུལ་ལ་དཔའ་བརྟུལ་བཟོད་པ་ཆེ། །མཁས་ཤིང་རིག་པ་བརྩོན་འགྲུས་བཟང་། །སྔགས་ལ་མཁས་པས་སྦྱིན་སྲེག ་བརྩམ། །ཐབ་ནི་ཉི་ཤུ་སོར་ཚད་ལ། །ཕྱེད་བརྐོས་ཁ་ཕྱིར་རྡོ་རྗེ་ནི། །རྩེ་གསུམ་དུར་ཁྲོད་ཚོན་གྱིས་བྲི། །ཕྱི་རོལ་ཕྱག་རྒྱ་རྣམ་བཀོད་ནས། །དྲི་ཞིམ་མེ་ཏོག་བཅལ་དུ་དཀྲམ། །དེར་ནི་མཆོད་ཅིང་བསྲེག་པའི་རྫས། །ཚོགས་ནས་རྫས་རྣམས ་བསང་གཏོར་བྱ། །བོང་བུ་རྔ་མོའི་རིལ་མ་དང་། །བསལ་ཤིང་ཆེར་བཅས་ཤིང་ལ་མེ། །ས་བོན་ལས་སྐྱེས་སྦ་བར་བྱ། །དེར་ནི་རྡོ་རྗེ་ལུ་གུ་རྒྱུད། །བསྐྱེད་པའི་ཆོ་ག་རྫོགས་བྱས་ནས། །མཆོད་ཅིང་བསྟོད་ནས་དེར་རྗེས་སུ། །སྐེ་ཚེ་ཡུང ་ཀར་བཙན་དུག་དང་། །རུས་ཕྱེ་ཤ་ཆེན་ཏིལ་ནག་པོ། །དང་བཅས་སྦྱིན་སྲེག་སྟོང་ཕྲག་གཅིག་།ཕྲེང་བའི་སྔགས་ཀྱིས་སྦྱོར་བ་བྱ། །ཐོག་མ་ཐ་མར་མར་ཆེན་དང་། །ཏིལ་མར་བརྒྱ་ཕྲག་རེ་རེ་སྦྱིན། །སྦྱོར་བཅས་སྦྱིན་སྲེག་རྫོགས་པ་དང་། ། ་ཞག་བདུན་གྱི་ནི་བསྒྲུབ་བྱ་དེ། །ཤི་བར་འགྱུར་ལ་ཐེ་ཚོམ་མེད། །གླང་ཤ་སྦལ་ཤ་པྲི་ཡང་ཀུ། །སྦྱིན་སྲེག་སྟོང་གིས་བསྒྲུབ་བྱ་ཞིང་། །བ་བླ་ལྡོང་རོས་རུ་རྟ་དང་། །ལིང་ག་གླང་པོ་སེ་ཤར་བཅས། །སེར་པོར་བྱས་ལ་སྟོང་ཕྲག་ནི། །གཅིག་གིས ་འཕྲལ་དུ་རེངས་པར་བྱེད། །སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ་།བྱ་རོག་འུག་ཤ་སྟོང་ཕྲག་གཅིག་།བསྲེགས་པས་བསྒྲུབ་བྱ་འབྱེ་བར་ངེས། །བྲ་བོ་འབྲས་བུ་ར་ཤ་ཁྲག་།སྟོང་ཕྲག་གཅིག་གིས་ལྐུགས་པར་འགྱུར། ། ་རྔ་མོང་བྱ་རོག་རྒན་པོའི་ཤ་།སཱ་ལུ་དམར་ཏིལ་དཀར་པོ་དང་། །ཡུང་ཀར་སེར་པོ་ལ་སོགས་པ། །སྟོང་དུ་བསྲེག་པས་སྐྲོད་པར་བྱེད། །འབྲུ་ལྔ་སྨད་འཚོང་རང་བྱུང་གིས། །ནམ་ཕྱེད་ནུབ་ཏུ་ཁ་བལྟས་དབྱུག་།མེ་ཏོག་པད་མ ་དང་བཅས་པའི། །ཁ་དོག་དམར་དང་ལྡན་པ་ཡི། །འོད་ཟེར་དམར་ལྡན་སྟོང་ཕྲག་གིས། །ངེས་པར་འགུགས་དང་དབང་དུ་འགྱུར། །ཏིལ་བཅས་མར་གྱི་སྦྱིན་བསྲེག་ནི། །སྟོང་ཕྲག་བྱས་ན་སྡིག་པ་འབྱང་། །མར་དང་དུར་བ་ཙན་དན ་བཅས། །སྦྱིན་བསྲེག་སྟོང་གིས་ཚེ་འཕེལ་འགྱུར། །ཀུ་ཤ་བྱང་ཆུབ་ཤིང་འབྲས་བུ། །ཡུངས་དཀར་དཀར་པོ་ལན་ཚྭ་ཡི། །སྟོང་བསྲེགས་འགོ་བའི་ནད་རྣམ་འཆད། །ཡུངས་ཀར་ཤ་ཆེན་ཕྱེ་མ་དང་། །དུར་ཁྲོད་ཐལ་བ ་དུག་སྣ་ཚོགས། །ཁྲོ་ཆུ་ཕྱེ་མའི་སྦྱིན་སྲེག་སྟོང་། །ཁྲོས་པས་བྱས་ན་ལྷ་ཚོག་འཇིག་།ུཏྤལ་དམར་དང་ཡང་ན་དཀར། །གུར་ཀུམ་བཟང་པོའི་སྦྱིན་སྲེག་ནི། །སྟོང་རྩ་བརྒྱད་ཙམ་བསྲེག་བྱས་པས། ། ་རིགས་ལྡན་བུ་མོ་དབང་དུ་འགྱུར། ། རུ་ར་དང་ཡུངས་ཀར་དང་། །བའི་འོ་མ་སྟོང་སྲེགས་ན། །རྣམ་ཐོས་རྒྱལ་པོའི་གཏེར་ཙམ་གྱིས། །ལོངས་སྤྱོད་ཆེན་པོ་འཐོབ་པར་བྱེད། །ོཾ་རཀྵ་རཀྵཾ་ཀུ་རུ་ཨོཾ། ་བསྲུང་བའི་སྔགས་སོ། །ོཾ་ཤཱནྟིཾ་ཀུ་རུ་ཨོཾ། ཐམས་ཅད་དུ་ཞི་བའི་སྔགས་སོ། །ཧཱ་བཱ་ཤ~ཾ་ཀུ་རུ་ཧཱ། མཐའ་དག་དབང་དུ་བྱ་བའོ། །སྭཱ་པུཥྚ~ཾ་ཀུ་རུ་སྭཱ་ཧཱ། ཐམས་ཅད་དུ་རྒྱས་པར་བྱེད་པའི་སྔགས་སོ། །ཕཊ་ཧཱུ~ཾ་མཱ་ར་ཡ་མཱ་ར་ཡ་ཧཱུ~ཾ ་ཕཊ། གསོད་པའི་སྔགས་སོ། །བཾ་བི་དེ་ཤ་ཡ་བཾ། དབྱེ་བར་བྱེད་པའི་སྔགས་སོ། །ུ་ཨུ་ཙ་ཊ་ཡ་ཨུ། བསྐྲད་པར་བྱེད་པའི་སྔགས་སོ། །ལཾ་སྟ~ཾ་བ་ཡ། སྟ~ཾ་བ་ཡ་ལཾ། རེངས་པར་བྱེད་པའི་སྔགས་སོ། །རཾ་ཛྭ་ར་ཛྭ་ར་རཾ། རིམས་བསྐྱེད་པའི ་སྔགས་སོ། །ཛ་ཨཱ་ཀཪྵ་ཡ་ཧྲི། ཛ། དགུག་པའི་སྔགས་སོ། །ོཾ་པ་ར་ཤ་པ་ཏ་ཡ་པ་ཏ་ཡ་ཨོཾ། ཆར་པ་འབབ་པའི་སྔགས་སོ། །ལཾ་ཤཾ་ལཾ་བྷི་སྟཾ་བྷ་ཡ་ལཾ། སེར་བ་བཅད་པའི་སྔགས་སོ། །ཛེཾ་ཛེ་ཏེ་ཡ་ཛེ་ཏེ་ཡ་ཛེ། ཞི་བར་བྱེད་པའི་སྔགས ་སོ། །ཧཱུཾ་ཡར་ཡཉྩ། མནྟྲ། ཏནྟྲ། ཙྪིནྡ། ཙྪིནྡ། བིན་དྷ་བིན་དྷ། བན་དྷ་བན་དྷ། ཞེས་པ་ནི་ཐམས་ཅད་དུ་རིག་སྔགས་གཅོད་པར་བྱེད་པའི་སྔགས་སོ། །རིག་པའི་རྒྱལ་པོ་བླ་མེད་ནི། །གསང་ཆེན་འདི་ལས་འབྱུང་བར་འགྱུར། །གསང་ཆེན་རྒྱུད ་འདི་ངོ་མཚར་ཏེ། །རྨད་བྱུང་བས་ཆེས་རྨད་དུ་བྱུང་། །བསྟན་པའི་སྙིང་པོ་གསང་ཆེན་འདི། །གསུང་བ་དེ་མ་ཐག་ཏུ་ནི། །ཕྱོགས་བཅུའི་རིག་སྔགས་འཆང་བ་རྣམ། །ངོ་མཚར་བསྐྱེད་ནས་ཐལ་མོ་སྦྱར། །བདེ་བའི་སྙིང་པོ་ཤིན་ཏུ་ལེགས། ། ་ལེགས་སོ་ལེགས་སོ་རྡོ་རྗེ་འཛིན། །གང་ལ་བདེ་བསྐྱེད་དཔལ་ཐོབ་བྱེད། །བདག་ཅག་རྣམས་ལ་ཐུགས་རྗེ་ཡི། །རྒྱུད་ཀྱི་སྙིང་པོ་འདི་བཤད་པ། །རྗེ་ཆེན་ལེགས་སོ་ངོ་མཚར་ཆེ། །འཕག་པ་རྡོ་རྗེ་ལུ་གུ་བརྒྱུད་གྱི་རྟོག་པ་ལས་སྦྱིན ་སྲེག་གིས་ལེགའུ་སྟེ་བཞི་པའོ། །འཕག་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ཨོ་རྒྱན་ནས་འབྱུང་བ་རྫོགས་སྷོ།། །།པཎྜི་ཏ་ཨ་ཏུ་ལ་དྷ་ས་བཛྲ་ལ་ཞུས་ནས། བོད་ཀྱི་ལོ་ཙ་བ་མར་པ་ཆོས་ཀྱི་དབང ་ཕྱུགས་གྲག་པས་བསྒྱུར་བའོ། ། @#། །རྒྱ་གར་སྐད་དུ། ཨཱརྱ་ཙུན་དེ་དེ་བཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕག་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན ་