| Wylie | e-texts based on the Adarsha |
ཕབ་པའོ། ། །། །།ུ0f12།།རྒྱ་གར་སྐད་དུ། བིདྱཱ་དྷ་ར་ཎི་བཛྲ་ཡོ་གི་ནཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཤེས ་བྱ་བ། དེ་ནས་ཡང་དག་པར་བཤད་བྱ་བ་སྟེ། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། སྙིང་ག་ནས་སྤྲོས་པས་རྨི་ལམ ་ལྟ་བུའི་ལུས་དང་ལོངས་སྤྱོད་དམ་པའི་བདེ་བ་གཉིས་སུ་མེད་པར་གྱུར་པ་དང་། འདིར་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟ་སྟེ། ས་བོན་དེ་ཡོངས་སུ་གྱུར་པ་ལས་དམར་མོ་ཞལ་སྟེང་དུ་ཕྱོགས་ཤིང་གྱེན་དུ་གཟིགས་པ། ་ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ། །ཞབས་གཡས་པའི་རྟིང་པ་ལ་རེག་པའི་གཡས་པ་ན་རྡོ་རྗེའི་ཕྱག་ཅན་མ ་རྒྱན་ཐམས་ཅད་སྤངས་པ་མོ། རིག་པ་འཛིན་མའི་རིག་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་དུ་བསྡུད་པའི་ལུས་ཅན་མ། མཱནྡཱ་ར་བ་དང་། མྱ་ངན་མེད་པ་དང་། ཡོངས་སུ་འདུ་རྣམས་སྐྱེས་པར་གྱུར་པའི་རིན་པོ་ཆེ་བརྩེགས ་པའི་ཁང་པར་རབ་ཏུ་འཇུག་པར་བདག་ཉིད་བསྒོམ་པར་བྱའོ། །ོཾ་བ~ཾ་རྡོ་རྗེ་ཕག་མོའོ། །ཧ~ཾ་ཡ~ཾ་སྔོན་མོ་གཤིན་རྗེ་མའོ། །ཧྲིཾ་མ~ཾ་རྨོངས་བྱེད་མའོ། །ཧྲཱིཾ་ཧྲཱིཾ་ཀུན་དུ་བསྐྱོད་མའོ། །ཧཱུ~ཾ་ཧཱུ~ཾ་ཀུན་དུ་སྐྲག་མའོ། །ཕཊ་ཕཊ་གཏུམ་མོ ་ཡན་ལག་ཐམས་ཅད་ལ་མཚན་མའོ། །ལྟེ་བ་དང་སྙིང་ག་དང་། དེ་བཞིན་དུ་ཁ་དང་། མགོ་བོ་དང་། སྤྱི་བོ་སྟེ་འདི་མཚོན་བྱའོ། །རྣལ་འབྱོར་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔར་བཤད་དོ། །རྡོ་རྗེ་མཁའ་འགྲོ་མའི་གོ་ཆ ་བགོས་ལ་རང་བཞིན་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ། །ོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ། པྲ་བེ་ཤཱ་ཡ་པྲ་བེ་ཤཱ་ཡ། ཏོ་ཥཱ་ཡ། ཏོ་ཥཱ་ཡ། སརྦ་ཌཱ་ཀི་ནཱི་ནཱ~ཾ་ཧྲ~ཾ་ད་ཡ་ཧཱུ~ཾ་ཕཊ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ ་མ~ཾ་བི་ལ~ཾ་ཧཱུ~ཾ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མ~ཾ་བི་ལ~ཾ་ཧཱུ~ཾ་ཧཱུ~ཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མ~ཾ་བ་ལི་ཧཱུ~ཾ་ཏྲཱ~ཾ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མ~ཾ་བ་ལི་ཧཱུ~ཾ་ཧྲཱིཿ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མ~ཾ་བ་ལིཾ་ཧཱུ~ཾ་ཨཱཿ་ཨོཾ་སརྦ་ཡོ་གི་ནི་པྲ་ཏཱིཙྪེ་མ~ཾ་བི་ལ~ཾ་ཧཱུ~ཾ་ཧཱུ~ཾ། ་ཧ་ཧ་ཧི་ཧི་བཛྲ་ཛཿཧཱུ~ཾ་བ~ཾ་ཧོཿ། ཨོཾ་བཛྲ་ཡོ་གི་ནི་ས་མ་ཡ་སྟྭ~ཾ་དྲྀ་ཤྱ་རཀྵ་རཀྵ་ཧོཿ། རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛཱ་ཡ་སེ་ནའི་ཞབས་དང་། ལོ་ཙྪ་བ་བཙུན་བ་དྷརྨ ་ཡོན་ཏན་གྱིས་བསྒྱུར་བའོ། ། །། @##། །རྒྱ་གར་སྐད་དུ། ས~ཾ་པུ་ཊི་ནཱ་མ་མ་ཧཱ་ཏན་ཏྲ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི ་