CLOSE WINDOW

H608: shes rab bskyed pa zhes bya ba'i gzungs
Wyliee-texts based on the ACIP/ALL Input

པ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། ། ་དེ་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་གནས་སུ་མི་དབང་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་བ་བདུན་དུ་འགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང ་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ ་གཟུངས་ཆེན་པོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས ་ནས་གཏན་ལ་ཕབ་པ། ། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷ་ག་ཝན། མཉྫུ་ཤྲཱི་ཀུ་མཱ་ར་སརྦ་ཏ་ཐཱ་ག་ཏ་བ་ལ། བཱི་དྷི་ཛྙཱ། སརྦ་ཏ་ཐཱ་ག་ཏཱ་ནཱན། ་ནཱ་གེ་སྟི་ཏིཥྛ་སརྦ་སཏྭ་ནཱན་སྭཱཧཱ། འབྲུམ་བུའི་ནད་ཞི་བར་འགྱུར་བའི་གཟུངས་རྫོགས་སོ།། །།རྒྱ་གར་སྐད་དུ། པྲཛྙཱ་བརྡྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཤེས་རབ ་བསྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བློ་ལྡན་ཞེས ་བྱ་བ། རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ཀྱིས་བསྐོར་ནས། མདུན་དུ་བྱས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་བ། བློ་དང་མི་ལྡན་པ། ཡིད་མི ་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་བསྐྱེད་པ་ཞས་བྱ་བའི་གཟུངས་བཤད་དུ་གསོལ་བཤད་པ། ཧཱུཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སྭཱཧཱ། གང་ཞིག ་གཟུངས་འདི་ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཆུང་ངུ་ཡང་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་། ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ། །གང་གིས་ཟླ་བ་དྲུག་གི་བར ་དུ་ཉིན་རེ་ཞིང་རྩབས་ཁྱོར་གང་ལ་རིགས་པ་འདི་ལན་བདུན་བཏབ་སྟེ། ཉི་མ་ཤར་བའི་ཚེ་འཐུངས་ན་ཚིགས་སུ་བཅད་པ་སྟོང་འཛིན་པར་འགྱུར་རོ། །ལན་གཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་བཞིན་དུ ་ཤེས་རབ་འཕེལ་བར་འགྱུར་རོ། །ཉིན་རེ་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང་། ཡིད་གཞུངས་པར་འགྱུར་རོ། །ཤེས་རབ་བསྐྱེད་པའི་གཟུངས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་ཏཱ་ར་ཨཥྚ་གྷོ་རེ་ཏཱ་སྦཱི ་སཱུ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ ་