CLOSE WINDOW

H437: gtam rgyud kyi rtog pa
Wyliee-texts based on the ACIP/ALL Input

@#། །སེམས་དད་པ་བསྐྱེད་པའི་ཕྱིར། །གཞན་ལ་གུས་བ་མཆོག་ཏུ་བཀུར། །དབལ་གཤིན་རྗེ་གཤེད་ནག་བོའི་འཁོར་ལོ་བསྐོར ་བའི་ཆོ་ག་ལས། ལས་ཀྱི་རྒྱུད་དང་གྲོགས་བསྟེན་པའི་རྟོག་པ་སྟེ་གསུམ་པའོ།། །།གཤིན་རྗེ་གཤེད་ནག་པོའི་རྒྱུད་རྟོག་པ་གསུམ་པ ་རྫོགས་སོ། ། །།དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ་གསུང ་ཐུགས། །རྡོ་རྗེ་རྣམས་ལས་བྱུང་བ་ཡི། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡི། །ལྷོ་ཕྱོགས་རྒྱ་མཚོ་ཕ་རྒལ་ན། །དེ་ནས་གཤིན་རྗེའི་གྲོང་ཁྱེར་ནི། །ག་ལ་བ་ཡི ་གནས་སུ་བྱོན། །མི་བཟད་ཞབས་ནི་བཅུ་དྲུག་གིས། །ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས། །ཡེ་ཤེས་རྩེ་གཅིག་མཚན་མ་ཡིས། །དབུས་ཀྱི་ལྕགས ་མཁར་ཆེན་པོ་བརྫིས། །དེ་ཚེ་བདུད་ཆེན་ལས་རྒྱལ་ནས། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་པས། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཟིར་བཞིན་དུ་ནི ་རབ་སྨྲས་པ། །དཔའ་བོ་ཆེན་པོ་ག་ལ་ཅི། །དཔའ་བོའི་དགོངས་པ་བདག་གིས་བགྱི། །བདག་ཅག་སྲོག་གི་སྙིང་པོ་རྣམས། །ཚུལ་བཞིན ་འབུལ་གྱི་དཔའ་བོ་བཞེས། །ལྷ་མ་སྲིན་ནི་སྡེ་བརྒྱད་ཀྱི། །སྲོག་གི་ཡང་སྙིང་ཕུལ་བ་ནི། །གཤིན་རྗེས་ཡ་ཕུལ་མ་མོས་མ། །སྲིན་བོས་ར་ཕུལ་གནོད་སྦྱིན་ཀྵེ། །མི་ཡིས་ཎི་ཕུལ་ས་བདགས།། ་བཙན་གྱིས་ཙ་ཕུལ་བདུད་ཀྱིས་ད། །དེ་རྣམས་གཅིག་ཏུ་དྲིལ་བ་ནི། །བྲན་དུ་ཡང་ནི་ཁས་བླངས་སོ། །གཏན་ཚིགས་ཆེན་པོ་དེ་ཡི་ཕྱིར། །ཡེ་ཤེས་ལྷ་ཡི་དགོངས་པ་དང་། །བསྙེན་པ་ཉམས ་འོག་རབ་ཆུད་ནས། །ལྷ་ཡི་བསྙེན་པ་རབ་ཆུད་ནས། །སྔོན་གྱི་ཐུགས་དམ་ལས་མི་འདའ། །མི་འགྲུབ་པ་ནི་མི་སྲིད་དོ། །ཡ་མཱ་ར་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་རོ་ནི་ར་ཡཀྵེ ་ཡ། །ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་སྐད་སྨྲས་པ་དང་། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཤིན་རྗེའི་ཕོ་ཉ་ལ་སོགས་ཀུན། །སྒྲོལ་བའི་བྲན ་དུ་བྱིན་གྱིས་བརླབས། །མ་དང་སྲིང་མོ་བུ་མོ་དང་། །འཁོར་བཅས་ཀུན་ལ་བཀའ་བསྒོ་བ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་འབྱུང་བའི་ཚེ། །རྣལ་འབྱོར་རིག་འཛིན་ལྡན་པ ་ལ|་|བཀའ་བསྒོའི་ལས་རྣམས་ཚུལ་བཞིན་གྱིས། །ཞེས་པས་དམ་བཅས་པ་དང་། མནན་བཞིན་དུ་མནའ་བོར་རོ། །གཏམ་རྒྱུད་ཀྱི་རྟོག་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ་བྲི་ལོ་ཏ་རེ། བོད་སྐད་དུ། །ཏེའུ་ལོ་བའི་སྒྲུབ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བསྙེན་པར་རྫོགས་པའི་རྣལ་འབྱོར་པས། །དྲག་པོའི་བསམ་པས་གནས་འདུག་སྟེ། ། ་