CLOSE WINDOW

Gpb056.001: dpal zla gsang nag po'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། གུ་ཧྱ་ཙན་ཏྲ། ཤྲཱི་ཀ་ལ་ཡ་པ་ཧ་རི་ཀ་ལ་ཏན་ཏྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། འཇིགས་བྱེད་ནག་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད། འཇིགས་བྱེད་ཀྱི་རྒྱལ་པོ་ཆེ་བ་ཀུན་གྱི་བདག་ཉིད ་དང་། ཟབ་མོའི་གསུང་བརྗོད་དུ་མེད་པའི་སྒྲ་སྐད་སྣ་ཚོགས་གསུངས་པ། དྲན་རྟོག་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་མ་གཡེངས་པ། རྡོ་རྗེའི་ངང་ཚུལ་བསྟན་པའི ་བདག་ཉིད་ཀྱིས་སྣང་བའི་ངང་མ་བཅོས་པའི་སྟོབས་དང་ལྡན་པའི་དབྱིངས་ནས། ཐམས་ཅད་གསལ་བའི་འོད་ཉི་མའི་དཀྱིལ་འཁོར་གྱིས། སྲིད་པའི་བག་ཆགས་མ་ལུས་པར་སྲེག ་པར་མཛད་པའི་འོད་ཅིར་ཡང་སྣང་སྟེ། འོག་མིན་གྱི་གནས་དབུས་དང་། མཐའ་མེད་པའི་གཞལ་ཡས་ཁང་ཡེ་ཤེས་རིན་པོ་ཆེ་དུར་ཁྲོད་རྒྱུ་ལས་བྱུང་བ། འཇིག་རྟེན་དྲུག་གི ་ཕྱོགས་བཅུ་ཐམས་ཅད་ན། དུར་ཁྲོད་བརྡལ་བ་ཆེན་པོའི་དཀྱིལ་འཁོར་གྱི་རང་བཞིན། ཁྲག་གི་སྐྲ་ཀློང་འཁྲུག་པའི་ཀློང་ནས། ཀེང་རུས་ཆེན་པོ་རི་རབ་ཀྱི་སྟེང་དུ། རྡོ་རྗེ་མེ་དཔུང་ཀློང ་དུ་བསྒྲིལ་བའི་སྟེང་ན། འོག་རྡོ་རྗེ་རྒྱ་གྲམ་མིག་མངས་རིས་སུ་སྤྲས་པས་གཏམས་པ། ཕྱོགས་བཞི་ངོས་བཞི་ཐོད་པ་སྐམ་རློན་རྒྱ་གྲམ་དུ་བརྩིགས་པ། སེ་ཅི་མོ་གནམ་ལྕགས་ཨུར་མོ ་མེ་རུ་སྣང་བ། འཁོར་ལོ་གཏམས་པའི་ཁ་བད་བཏགས་པ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཞིར་འཕྲོ་བ། འོད་དང་འོད་ཟེར་རབ་ཏུ་འཁྲུག་པ། བམ་ཆེན་པོའི་ཀ་པཱ་ལ་ཆུ ་སྲིན་གྱི་གཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། ཞིང་ཆེན་བསྣོལ་མ་རིས་ཀྱི་གདུང་། རུ་ཏྲ་ཆེན་པོ་བསྒྲལ་བའི་མཆོག་ཕྱམ་ལ། ཨུར་མོ་ཚ་ཚ་འཕྲོ་བ། དུར་ཆེན་གྱི་བུམ་པར་འཁྲིལ་བ། ཞིང་ཆེན་གྱི་བླ་རེ་སྤྲིན ་ལྟ་བུར་བཀླུབས་པ། ཆུ་སྲིན་གྱི་མགོ་བོས་གཏམས་པ་ན། འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀ། ཧེ་རུ་ཀའི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དུ་ལྡན་པ། སྦྱོར་སྒྲོལ་གྱི་ཡུམ་དང་། གཉིས་མེད་འབེལ་བའི ་ལ་གྱིས་བཞུགས་སོ།། ཡེ་ཤེས་སྤྲུལ་པའི་གཤེད་བཞི་ལ་སོགས་ཏེ། གཤིན་རྗེའི་འཁོར་ཚོགས་ཉིད་ལས་མི་ཞན་པ་དང་། ཉིད་ལས་ཞན་པ་དང་། རིག་པ་ཁྱད་པར་ཅན་སྨོན་ལམ་གྱི་མོས་པའི་སྐལ་བ་ཅན་ལ ་སོགས་སྟེ། དཔག་གི་མི་ལང་པ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་སོ།། དེ་ནས་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཡ་མནྟ་ཀ་དེས། སྒྱུ་མ་ལ་དབང་བསྐུར་བའི་ཏིང་ངེ་འཛིན་ཆོས་ཉིད་སྒྱུ་མ་ལ་དབང་སྒྱུར་བའི་ཏིང ་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱོར་བ་ཐབས་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། རྫུ ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དང་། རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡེ ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱི་ང་རྒྱལ་སྒྲོལ་བའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་བརྩོན་འགྲུས་ཕྲག་དོག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཐུབ་པས་བདུད་རྣམས ་འཇོམས་པའི་ཏིང་ངེ་འཛིན་ལ་རྣམས་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཛིན་རྟོག་གི་དབང་གིས་ན།། འཇིག་རྟེན་གསུམ་པོ་རིམ་གྱིས་ཆགས།། འགྲོ་དྲུག་སེམས་ཅན་མ་ལུས་ལ།། དྲེགས་པར་རིམ་པར་དབང ་བསྐུར་བ།། བསམ་པ་ལོག་པའི་བར་ཆོད་བདུད།། ང་རྒྱལ་དྲེགས་པའི་གཤིན་རྗེ་དང་།། ཞེ་སྡང་མོས་པའི་སྲིན་པོ་དང་།། དུག་གསུམ་རྒྱལ་བའི་རྒྱལ་པོ་དང་།། ཕྲག་དོག་འདོད་ཆགས་མ་མོ་སོགས། ཁམས་གསུམ་མ ་ལུས་རིམ་གྱིས་སྡུད།། ང་རྒྱལ་དྲེགས་པའི་གཟུགས་འཆང་བ།། གཟུགས་ཕུང་ཆེ་ལ་གདོས་པ་རགས།། ང་རོ་ཆེ་ཞིང་གཏུམ་བག་ཅན།། ལག་ན་མཚོན་ཆ་སྣ་ཚོགས་ཐོགས།། བྱམས་དང་སྙིང་རྗེའི་ལས་དང་བྲལ།། ཆེ ་བཙན་རྟག་པའི་མཚོན་པའི་ཐུགས།། ལོག་པའི་ལམ་དང་གོལ་བའི་ས།། ཕྱིན་ཅི་ལོག་ལ་ཡིད་ཆེས་པས།། ལུས་སུ་མཚན་མའི་ཆོས་ལ་སྤྱོད།། སྲིད་པའི་ས་བོན་རྩུབ་མོས་འཕངས།། དམྱལ་བའི་སྡུག་བསྔལ་ཉམས་སུ ་། མྱོང་།། བསྐལ་པ་བཅུ་དྲུག་མྱོང་བར་འགྱུར།། གལ་ཏེ་དེ་ལས་མཐར་ནས་ཀྱང་།། ཡི་དྭགས་སྡུག་བསྔལ་མྱོང་བར་བྱེད།། བསྐལ་པ་དྲུག་ཏུ་གནས་པའོ།། གལ་ཏེ་དེ་ལས་ཐར་ནས་ཀྱང་།། སླར་ཡང་རིན་པོར་ལུས ་བླངས་ནས།། གོང་མ་བཞིན་དུ་འཁོར་བར་སྐྱེ།། དེ་ཡི་འཁོར་ཡང་སྲིན་མོ་དང་།། མ་མོ་དང་ནི་མཁའ་འགྲོ་དང་།། གཤིན་ཏུ་གཏུམ་པའི་འཁོར་དང་བཅས།། བསོད་པ་འབའ་ཞིག་ལས་ལ་གྲམ།། ཤ་དང་ཁྲག་དང ་། སྲོག་ལ་གཅོད།། ངེས་པའི་ལུས་དང་མ་ལྡན་པས།། ཀུན་ཀྱང་ལོག་པའི་ལམ་དུ་འགྱུར།། སྤྲུལ་པའི་སྐུ་སོགས་སངས་རྒྱས་ཀྱི།། འདུལ་བའི་ལས་སུ་མ་གྱུར་ཏེ།། སླར་ཡང་ཁེངས་པས་བཟློག་པར་བྱེད།། དེ་ནས་འཁོར ་གྱི་དང་པོ་རྣམས་ཀྱི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགོས་པ་ཆེན་པོ་རྔམ་པ་ཉིད་ལ་བརྡས་བསྐུལ་ཏེ། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། ཡེ་ཤེས་འདུས ་པའི་སྤྲིན་ལས་མཆོག། ཡེ་ཤེས་སྤྲིན་ལས་རྨད་པོ་ཆེ།། སྤྲོས་པས་འཕེལ་བའི་ང་རྒྱལ་དྲེགས་པའི་གདུག་པ་ཅན།། གདུལ་བྱ་སྨིན་པར་མཛད་དུ་གསོལ།། ཞེས་གསུངས་སོ།། དེ་ནས་འཇིགས་བྱེད་ཆེན་པོས་བཀའ ་བསྩལ་པ། བདུད་དང་སྲིན་པོ་གཤིན་རྗེ་ལ་སོགས་པ།། ང་རྒྱལ་དྲེགས་པས་བཅིངས་པ་ནི།། ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས།། དེ་ལ་ཞི་བས་ཕན་མི་འགྱུར།། ཤེས་རབ་ཐབས་དང་ལྡན་བྱས་ནས། ཁྲོ་བོར་དེ ་བཞིན་གཤེགས་པ་མཛད།། སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་ཐམས་ཅད་ཀུན།། སྐད་ཅིག་ཡུད་ལ་བརླག་འགྱུར་ན།། འཇིག་རྟེན་གསུམ་པོ་སྨོས་ཅི་དགོས།། དེ་ནས་འཇིགས་བྱེད་ཆེན་པོ ་དེས།། ལས་ངན་སྲིན་པོ་ལ་སོགས་ཀུན།། ཉོན་མོངས་བག་ཆགས་སྦྱང་བ་དང་། ཁམས་གསུམ་མ་ལུས་ཐམས་ཅད་ཀུན།། བདེ་བ་ལ་ནི་བཞག་པའི་ཕྱིར།། ཐུགས་རྗེ་ཆེན་པོའི་ཡེ་ཤེས་བསྐྱེད་བྱས་ནས།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། རྔམ་པ་ཆེན་པོ་ཡེ་ཤེས་རྒྱལ་པོ་དེ་ཉིད། འཇིགས་བྱེད་ཆེན་པོའི་རྒྱལ་པོ། རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས ་ནས། ཉིད་ཀྱི་གསང་བའི་བདག་མོ་ཁྲོས་པའི་རྒྱལ་མོ་རོ་ལངས་མངོན་དུ་བྱུང་སྟེ། ཧི་ཧི་དགེས་པའི་གཟི་མདངས་ཀྱིས།། ཆོ་ག་གྲུ་གསུམ་རྒྱས་པར་མཛད།། གཉིས་སུ་མེད་པའི་དགེས་པ་ཆེན་པོ་ལ་ཐིམ་ནས། གསང ་བའི་བྱང་ཆུབ་སེམས་ཀྱི་འཕྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ། བྲུཾ་\ུ0f7fབི་ཤྲ་བི་ཤུདྡྷེ་ཀྲོ་ཏ་བཛྲ་ཛྭ་ལ་ཡ་མནྟ་ཀ་ཕཊ་ཕཊ་ཧ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་དུ། དུར་ཁྲོད་བརྡལ་བའི་རང་བཞིན ་ན། ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་པའི་ཀློང་ན། ཀེང་རུས་ཆེན་པོའི་རི་རབ་སྟེང་དུ། རྡོ་རྗེ་མེ་དཔུང་ཀློང་དུ་འཁྱིལ་བའི་དབུས་ན། སྟེང་རྡོ་རྗེ་རྒྱ་གྲམ་མིག་མང་རིས་སུ་གཏམས་པ། ཕྱོགས་བཞི་ངོས་བཞི་ཐོད ་པ་སྐམ་རློན་རྒྱ་གྲམ་དུ་བརྩིགས་ལ། འོག་རྡོ་རྗེ་རྒྱ་གྲམ་རིས་སུ་གཏམས་པ། ཡེ་ཤེས་ཀྱི་རྡོ་རྗེ་རྒྱ་གྲམ་འོད་འཕྲོ་བ། འཁྲུག་པ་འབར་བ་ཁམས་གསུམ་ཐམས་ཅད་ཁྱབ་པར་བརྡལ་བ། དབུས་གྲུ་གསུམ་ཟླ་གམ་དང ་ལྡན་པ། མུ་ཁྱུད་ཐོད་པ་དང་རྡོ་རྗེ་རྒྱ་གྲམ་བསྣོལ་མར་བསྐོར་བ། ཕྱི་རིམ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་པོས་བསྐོར། ཕྱི་རིམ་མུ་ཁྱུད་ཟླུམ་པོ་ཐོད་རློན་བསྐོར་བ། གྲུ་ཆད་ནི་མཚོ་ལ་རོ་སྣ་ཚོགས་འཕྱོ་བ། སྣམ ་བུས་མཛེས་པ་སྒོ་བཞི་རྟ་བབས་དང་ལྡན་པ། བརྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱི་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། ཁམས་གསུམ་ཐམས་ཅད་རྡོ་རྗེ་ར་བའི་རྩིག་པས་འཁོར་བ། ཚད་མེད་པའི་གཞལ་ཡས ་ཁང་། ཁྲོ་བོ་དང་ཁྲོ་མོ་རོལ་པའི་བརྒྱན། སྟོང་གི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་ཐོན་པ་གྱུར་ཏེ། དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། འུར་འུར་ཆེམ་ཆེམ་ཤིག་ཤིག། གཏོར་གཏོར་རྟོགས་དང་ཆོམ་ཤིག། ་སོད་ཅིག་ཏྲོལ་ཅིག་ཕྲོད་སྦྱོངས་ཤིག། འཇིག་རྟེན་དབང་ཆེ་བ་དང་། དཔའ་རྟུལ་ཆེ་ཞིང་བརྟུལ་ཞུགས་ཅན། རྣམ་རྒྱལ་རབ་ཏུ་རྒྱལ་བར་གྱུར་ཏོ།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀ་དང་། དུར་ཁྲོད་ཆེན་པོར ་གྱེས་ནས། ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན། རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། རྡོ་རྗེ་མེ་དཔུང་ཡེ་ཤེས་ཀྱི་འཁོར་ལོ་འབར་བའི་དབུས་ན། ཉིད་ཀྱི་གསང་བའི་ཡུམ་རོ། ་ལངས་དང་འདུ་འབྲལ་མེད་པ་ལས། གཉིས་སུ་མེད་པའི་དབྱིངས་ནས་ནི་འདི་ཕྱུང་ངོ་།། ཧཱུཾ་བཛྲ་ཡ་མ་ནན། རུ་ཏྲ་ནན། སུརྱ་ཙན་ཏྲ་ཕཊ་མ་མན་དྷ་ལ་དེ་བ་ཏིཔྟ་ནན། ཞེས་བརྗོད་པས་འཁོར་ལོའི་ཕོ་བྲང་ལྟེ་བ་ལ། ་གཤིན་རྗེ་བྱི་ཅིངས་སུ་བསྣོལ་བའི་སྟེང་དུ། སེམས་ཅན་ཆེན་པོ་ལྔ་དྲུག་དབྱིངས་སུ་འཇུག་མ་བསྣོལ་ལོ།། དེའི་སྟེང་དུ་གསལ་བྱེད་གཉིས་གོས་པ་མེད་པར་གནས་སོ།། ཞིང་བརྒྱང་བ་ཡང་དེ་བཞིན་ཤེས ་དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀས། ཆོ་འཕྲུལ་ཆེན་པོ་བསགས་པ་ཚད་མེད་པ། འགག་པ་མེད་པར་འཆར་བས།། སྲེག་ཟེས་པ་ཐམས་ཅད་དུས་ཅིག་ཏུ་བཏུལ་བ་ནི། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ ་དེས། སྐུ་མཐིང་ནག་ཅིར་ཡང་མི་འགྱུར་བ། རྡོ་རྗེ་ལྗགས་ཀྱི་གསུང་འབྲུག་སྟོང་གི་སྒྲ་སྒྲོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དུས་ཅིག་ཏུ་འཇིག་པས། ཐུགས་ཡེ་ཤེས་ཀྱི་མེས་སྣང་སྲིད་བུད་ཤིང་ཚུལ་དུ ་དུས་ཅིག་ཏུ་བསྲེགས་པས། སྟེང་འོག་མེད་པར་དུས་ཅིག་ཏུ་སྐྱི་བུང་བྱེད་པ། དབུ་དགུ་ཕྱག་བཅོ་བརྒྱད་པ། ཞབས་རྣམ་པ་བརྒྱད་གཏམས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ཤིང་། དུར་ཁྲོད་ཀྱི་བརྒྱན་ཀྱིས ་བརྒྱན་པ། སྤྱན་འབར་བ་ཉི་ཤུ་རྩ་བདུན་མངའ་ཞིང་། རིགས་ལྔས་དབུ་བརྒྱན་པ། རྡོ་རྗེ་མཐིང་གའི་བ་སྤུས་འཇིག་རྟེན་གྱི་ཁམས་གཡོགས་པར་བཀབ་པ། ཡུམ་རོ་ལངས་ཁྲོས་པའི་རྒྱལ་མོ་དང་གཉིས་སུ་མེད་པར ་བཞུགས་སོ།། ཤར་ཕྱོགས་ཟླ་གམ་ལ་སྒྲོལ་བྱེད་ཨེ་ཀ་ཛཱ་ཏི་བཞུགས་སོ།། མདུན་གྱི་ཟླ་གམ་ལ་སྲས་མཆོག་ཡ་མ་ར་ཙ་བཞུགས་སོ།། འཁོར་ལོ། བཞི་ལྷོ་བཞིའི་ར། ལྷ་བཞི་པོ་གཤེད་བཞི་སྟེ། ཤར་གྱི་འཁོར་ལོའི་རྩིབས ་སུ།། གཤེད་པོ་ཡ་མ་ར་ཙ་སྟེ།། སྐུ་མདོག་སྔོ་ནག་འཇིགས་པའི་གཟུགས།། ཞལ་གཅིག་པ་ལ་ཕྱག་གཉིས་ཏེ།། གཡས་ན་གཤིན་རྗེའི་ཞིང་དབྱུག་ཐོགས།། གཡོན་ན་མཚོན་ཆེན་འཁོར་ལོའོ།། གསུམ་པ་ཡང་ཕྱག ་མཚན་དེ་བཞིན་ཤེས།། ལྷོ་རུ་མྱོས་བྱེད་འབར་བ་སྟེ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་ནག་པོ།། ནུབ་ཏུ་ཨརྱ་མ་རུ་ཙེ་སྟེ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག་གོ། བྱང་དུ་རལ་པ་ཚར་དགུ་སྟེ།། ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ནག་གོ། དཀྱིལ་འཁོར་ཀུན་ཀྱང་གསལ་བར་སྣང་བ་ལས།། དེ་ནས་དྲེགས་པ་ཆེན་པོ་རྣམས།། གདུག་པའི་སེམས་ཀྱིས་གཏུམ་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། མགྲིན ་ཅིག་གདུང་བའི་ང་རོས་སེམས་དྲེགས་པའི་ཚུལ་དུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་བྱེད་ཟེར་ཞིང་། ཁེངས་པའི་སེམས་ཀྱི་རྔམ་མོ།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་སྐུ་གཟི་བརྗིད་ཆེ་བའི་གཟི་མདངས ་ཕྱར་ཏེ། ཐུགས་རྗེ་ཆེན་པོས་གདུལ་བའི་ཐབས། གསང་སྔགས་རྔམ་པའི་གདངས་སྐད་འདི་ཕྱུང་ངོ་།། ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ། ཡ་མ་ཡཀྐ་ཁའི་ཁ་ཎི་ཁཱ་ཧི། ཞེས་བརྗོད་པས་གདུག་པའི་ཚོགས་དེ་དག་སྙིང་གི་དབང་པོ་ཀུན ་ཕྱུང་། བ་སུ་ཏ་ཀུན་དྲངས་ནས། སྣ་ལེ་མ་ཀུན་བཅད་བཏུབས་མཾ་ས་ཟོས། རཀྟ་འཐུངས། ཀེང་རུས་འཆོས་སོ།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས། ཨ་བེ་ཤ་ཀ། ཧཱུཾ་ཧཱུཾ་ཧཱུཾ། བྱོཿ། ཧ་ཨ་རལླི། ཛ་ཛ་ཞེས་བརྗོད་པས། ་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གི་ངང་དུ་ཆུབ་བོ།། དེ་ནས་དྲེགས་པ་ཆེན་པོ་རྣམ་གཉིས་ཀྱིས། འཇོམས་མ་སྲིན་མོ་ཆེན་མོ་མི་སྲུན་མོ་དང་། ཚངས་མ་དང་། ཁྲོ་མོ་དང་། དབང་མོ་དང་། འཇུག ་སྲིན་མ་ལ་སོགས་ཏེ། བྲན་དང་ཡང་བྲན་གཡོག་དང་ཡང་གཡོག། འཁོར་ཞིང་གི་རྡུལ་སྙེད་དག་འདུས་སོ།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀ་དེས། གསང་བ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་མཛད་དེ། ཡ་མ་ཡ ་ཀྲ་པྲ་བ་ཏ། ཨོཾ་ཨ་ཧཱུཾ། བཛྲ་བ་ག་པྲ་བེ་ཤ་ཧཱུཾ། ཨོཾ་ཨ་ལ་ལ་ཧོ། ཞེས་བརྗོད་པས་མ་མོ་ཐམས་ཅད་ཀྱི་སེམས་མོས་པར་འདུན་ཏོ།། གསང་བའི། མང་མ་མས། རྒྱས་པར་གྱུར་ཏོ།། དེ་ནས་འཇིགས་བྱེད་ཆེན་པོའི་སྐུ་ལ་རང ་དབང་མེད་པར། དབུས་བརྒྱད་ཐ་མར་ལྔ་ལྔ་འཁྲིལ། རང་རང་གི་ངོ་བོ་ཁྲག་འཐུང་ཉིད་དང་དབང་བ་གནང་ངོ་།། དེ་ནས་མ་མོ་རྣམས་ལ་གསང་བའི་དབང་དང་། ཡེ་ཤེས་ཆེན་པོ་རང་རྒྱལ་གྱི་དབང་བསྐུར་རོ།། དེ ་ནས་ཕཊ་ཕཊ་ཀྱིས་སྒྲ་བཞིས་དཀྱིལ་འཁོར་གྱི་སྒོ་བ་ཡང་ཕྱིར་བཏོན་ནས། འབར་བའི་དཀྱིལ་འཁོར་སྒོ་བཞིར་ཕྱིར་བལྟས་ནས་བགྲད་ཏེ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀ ་དེས། ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ཞེས་བྱ་བ་གཞིའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འདི་དག་ཕྱུང་ངོ་།། ཨོཾ་ཡ་མ་ཧཱུཾ། ཨོཾ་བཛྲ་ཙ་ཨ། སྤྲིན་ཙིཏ་ཀྲོ་ཏ་མ་ཧཱ ་ཀྲོ་ཏེ་ཡ་མ་ཧཱུཾ་ཕཊ། ཞེས་གསུངས་པས། དྲེག་པ་ཆེན་པོའི་ཚོགས་དེ་དག་ཁྲག་འཐུང་ཆེན་པོའི་སྣ་ནས་འཐོན་ཏེ། དྲན་པ་སླར་རྙེད་དོ།། དེ་ནས་དེའི་དུས་སུ་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དུས་ཅིག་ཏུ་བཏུལ ་བ་མཐོང་སྟེ། ཤིན་ཏུ་ཞུམ་ཞིང་བྲེད་ནས་མགྲིན་ཅིག་ཏུ་སྨྲས་པ། འབངས་སུ་མཆིས། འབངས་ལ་ནན་ཏན་མི་བགྱིད་ན།། མགོ་འགས་སྙིང་ཡང་ཚིག་པ་དང་། རུལ་ཉགས་ཚིག་ནས། དམྱལ་བར་ལྷུང་ནས་འབོད་པར ་ཤོག། ཞེས་ཁས་བླངས་ནས་འདི་སྐད་ཅེས་གླེང་ངོ་།། འདུས་པའི་འཁོར་ཚོགས་འདི་ལྟ་སྟེ།། ཕྱོགས་བཅུ་དུས་གསུམ་འཁོར་རྣམས་དང་།། ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་འཁོར་རྣམས་དང་།། འཇིག་རྟེན་རླག་བྱེད ་འཁོར་རྣམས་གཤེད་བཞི་དང་།། སྟོང་གསུམ་མུན་པར་བཏོང་བ་བདུད་པོ་བདུད་མོ་དང་།། འཇིག་རྟེན་མེས་བསྲེགས་བཙན་མོ་དང་།། སྒོ་འབོག་བཏང་བར་བྱེད་པའི་གིང་པོ་དང་།། དྲག་པོ་གནམ་ལྕགས་ལྷ་དང ་སྨན་གྱི་འཁོར།། ཆུ་འཁྱགས་རབ་ཏུ་འབེབས་པ་ཁྱབ་འཇུག་གཟའ་ཡི་འཁོར།། མཛེ་ནད་ཛ་ལ་གཏོང་བའི་གདུག་པ་ཀླུ་ཡི་འཁོར།། སྲོག་གཅོད་སྤུ་གྲི་ཐོགས་པ་གནོད་སྦྱིན་འཁོར་སྡེ་ཚོགས་དང་། ཡམས་དང་ནད ་གཏོང་བ་མ་མོའི་འཁོར་ཚོགས་དང་། གཞན་ཡང་དྲི་ཟའི་རྒྱལ་པོ་ཁ་ཐུན་རཀྵ་ལ་སོགས་པ་དྲི་ཟའི་འཁོར་སྡེ་དང་། ཤན་པ་ནག་པོའི་ཚོགས་གཤིན་རྗེའི་འཁོར་སྡེ་དང་། ན་ག་ཛ་ལའི་ཚོགས་ཀླུའི་འཁོར་སྡེ་དང་། ་@། ཡཀྐ་མགོ་དགུའི་ཚོགས་གནོད་སྦྱིན་གྱི་འཁོར་སྡེ་ལ་སོགས་པ་དང་། སྟོང་གསུམ་ཀུན་ཉུལ་སྲིད་པ་ཁྲམ་ལ་འདེབས་ལ་སོགས་པ་མ་མོའི་ཚོགས་སྡེ་དང་། ཧ་ནུ་རཀྵ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་། ཤུ ་བོ་སྲོག་ལན་ལ་སོགས་པ་བཙན་གྱི་འཁོར་སྡེ་དང་། དཀར་པོ་སྙིང་འབྱིན་ལ་སོགས་པ་སྲོག་བདག་འཁོར་སྡེ་དང་། གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་ན་ཡང་། ནད་གཏོང་ཁྲམ་འདེབས་བསམ་གྱིས་མ~ཾ ་ཁྱབ་པ་དང་། གཞན་ཡང་འདོད་པའི་བུ་མོའི་ཚོགས་ལ། རྒྱལ་མོ་དང་ཡང་རྒྱལ་མོའི་རྒྱལ་མོ་དང་།། བློན་མོ་དང་ནི་ཡང་བློན་དང་།། བློན་མོ་དང་ནི་གཡོག་མོའི་ཚོགས།། དེ་དག་ལ་སོགས་འཁོར་ན་ཡང་།། འདུ་བ ་རྣམ་བཞིའི་ནད་བདག་མོ།། བཞི་རྒྱ་རྩ་བཞིའི་ནད་གཏོང་ཚོགས།། བསམ་གྱིས་མི་ཁྱབ་པ་དང་། ཟབས་ཅིག་ཏུ་བཞུགས་སོ།། པེ་ཏ་ལི་དང་རལ་གཅིག་གཉིས།། གཡས་ནས་འཁྲིལ་ཏེ་གཉིས་མེད་བཞུགས།། གཡོན ་ནས་མདུན་གྱིས་བལྟས་ཏེ་བཞུགས།། གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ། ཡ་མ་ར་ཙ་འཆི་བདག་དམར་མོ་དང་།། ཀོ་ཙ་བྲག་མགོན་ཡ་བ་གླང་མགོ་དང་།། ཡ་མ་ཏི་དང་མིག་དམར་དང་།། སྡིག་པ ་རྟེལ་བ་ལྷ་མཆོག་དང་།། ཆོས་ཀྱི་རྒྱལ་པོ་རལ་པ་ཚར་དགུ་དང་།། ཐོད་དབྱུག་ལ་སོགས་ཕྲ་སངས་དང་།། འཁོར་དང་། རལ་ཏེཅིག་ཨེ་ཀ་ཛཱ་ཏི་པེ་ཏ་ལི།། མི་སྲིན་ནག་མོ་མགོ་འཕྱངས་དང་།། བྲག་སྲིན་ནག་མོ་མགོ ་འཕྱངས་དང་།། ས་བདག་ནག་མོ་མགོ་འཕྱངས་དང་།། མི་ཟད་ནག་མོ་མགོ་འཕྱངས་དང་།། བཙན་མོ་ནག་མོ་མགོ་འཕྱངས་དང་།། བྱི་ལོང་ནག་མོ་མགོ་འཕྱངས་དང་།། བདུད་མོ་ནག་མོ་མགོ་འཕྱངས་དང་།། ས ་སྲིན་ནག་མོ་མགོ་འཕྱངས་དང་།། ཀླུ་སྲིན་ནག་མོ་མགོ་འཕྱངས་དང་།། ལྷ་མོ་ནག་མོ་མགོ་འཕྱངས་དང་།། དེ་ལྟར་ཡུམ་དང་ཐབས་ཅིག་ཏེ།། ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ།། ཡ་མ་ར་ཙའི་འཁོར་གང་ན།། བདུད ་ཀྱི་རྒྱལ་པོ་དྲེགས་པ་ཅན་གསུམ་རྩེ་ནས། གཤིན་རྗེ་དམར་པོའི་འཁོར་དག་ན། སྲོག་བདག་མཆེད་གསུམ་གནས་པ་ནི། སྲོག་བདག་སྙིང་འབྱིན་དང་། བཙན་འགོང་དམར་པོ་དང་། བདུད་རྒྱལ་སྟག་གུ་ཅན་གྱིས ་གནས།། ཀོང་ཙེ་བྲག་གོང་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་སྟག་ཐབས་གནས།། ཨ་བ་གླང་མགོའི་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་མུ་བི་གནས།། ལྕོགས་པ་མགོ་དགུའི་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་གུར ་བདུད་གནས།། བདུད་ཀྱི་རྒྱལ་པོ་ནག་མོ་འཛུམ་མེད་གནས།། ཡ་བ་ཏི་ཡི་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་པེ་ལོག་ནག་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱི་རིང་གནས།། རྟོལ་བའི་འཁོར་ན། བདུད་ཀྱི་རྒྱལ་པོ་གླིང ་བཞི་ཕུང་བྱེད་གནས།། བྱས་པའི་འཁོར་དག་ན། བདུད་ཀྱི་རྒྱལ་པོ་ཕྲ་བདུད་དམར་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱཝ་བདུད་ལྡང་ནག་དང་།། བདུད་ཀྱི་རྒྱལ་པོ་ཕྲ་བདུད་ནག་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྲ་བདུད་སྔོན ་པོ་དང་། བདུད་ཀྱི་རྒྱལ་པོ་ཕུང་བྱེད་མགོ་ཅན་དང་། བདུད་ཁ་སྟོང་མེ་འབར་དང་། བདུད་མི་ལག་སྤྱིའི་སྡེ་ཨེ་མགོ་ཅན་དང་། བདུད་རྔམ་ཆེན་དུང་གི་རྣ་ཆ་ཅན་གནས། རལ་པ་ཚར་དགུའི་འཁོར་དག་ན། ་སའི་བསའི་སྐྱེས་བུ་གདུག་པ་ཅན་གནས། སྟག་མགོ་ཅན་གྱི་འཁོར་དག་ན། ཀླུ་བདུད་ནག་པོ་སྦྲུལ་གྱི་རྒྱུ་མ་ཅན་དང་། གྲི་ཐོགས་གིང་ཕོ་ཉ་བཅུ་ལ་སོགས་པ་གནས། མ་ལུས་འདུས་པ་ཐམས་ཅད་ཀྱི།། བདག་ཅག ་རྣམས་ཀྱི་མཆིས་འབྲང་དང་།། མ་དང་སྲིང་མོ་བུ་མོ་རྣམས།། ཡུད་ཙམ་གྱིས་ནི་འདིར་འོངས་ནས།། དཀྱིལ་འཁོར་ཆེན་པོ་བཞེས་སུ་གསོལ།། འཇིགས་བྱེད་ཆེན་པོ་བཞེས་སུ་གསོལ།། བདག་ཅག་འཁོར་སོགས་ཐམས ་ཅད་ཀྱིས།། འབར་བའི་དཀྱིལ་འཁོར་ཆེན་པོ་འདི།། མིང་ཙམ་འཛིན་པ་སུ་བགྱིད་པ།། ནོར་བུ་རིན་ཆེན་འབར་བ་ལྟར།། དེ་ཡི་དགོངས་པ་རྫོགས་པར་བགྱིའོ།། ཞེས། སྨོས་དམ་། བཙུགས་སོ།། དེ་ནས་དེའི་མཆིས ་འབྲང་ཐམས་ཅད་ཡུད་ཙམ་གྱིས་འོངས་ན། ལས་ཀྱི་དངོས་གྲུབ་གསོལ་བ་ལས། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས། གསང་བའི་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས།། བྲན་དང་ཕོ་ཉར་དབང་བསྐུར་རོ།། དེའི་ཚེ ་མཐུ་སྟོབས་ཀྱི་བདག་པོ་ཡ་མ་ལག་ན་རྡོ་རྗེ་ཡང་བདུན་གྱིས་བལྟས་ཏེ། བཀའ་ནོད་པའི་ཚུལ་དུ་བཞུགས་སོ།། དཔལ་ཟླ། བཟང་གསང་ནག་པོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་འཇིགས ་བྱེད་རྒྱལ་པོ་ཡ་མནྟ་ཀ་དེས།། ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་ཁྲོམ་ཆེན་མོ་རོ་ལངས་པེ་ཏ་ནག་མོས། ཁྲག་གིས་རལ་པ་བསིགས་རང་གིས་པདྨ་ལས་ཁྲག་གིས་རྒྱ ་མཚོ་བསྒྲིལ་ཏེ། འཇིགས་བྱེད་ཁྲག་འཐུང་ཉིད་ལ་མཆོད་དེ། འདི་སྐད་ཅེས་གླེང་ངོ་།། ཨེ་མ་ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི།། འཇིགས་བྱེད་ཆེན་པོ་རོལ་པའི་སྐུ།། ཡེ་ཤེས་འདུས་པའི་འཕྲིན་ལས་མཆོག། ཡེ ་ཤེས་འཕྲིན་ལས་རྨད་པོ་ཆེ།། ཞེས་བརྗོད་དོ།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མནྟ་ཀས་བཀའ་བསྩལ་ལོ།། ཡེ་ནས་མ་སྐྱེས་གཤིན་རྗེ་ནག་པོའི་ཚོགས།། གཉིས་མེད་ཡེ་ཤེས་འདུས་པའི་གཤིན་རྗེ་གཤེད།། ་ཀུན་གྱི་ཡེ་ཤེས་དམ་པ་འདུས་པ་སྟེ།། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ།། འཁོར་བའི་ཉེས་སྐྱོན་ཐམས་ཅད་རྩད་གཅོད་པ།། དུག་གསུམ་འདུལ་བའི་དཔལ་ལྡན་གར་གྱི་བདག། འདུས་པའི་ཚོགས་འདི ་སེམས་ལ་ལྡན་པར་གྱིས།། ཞེས་བཀའ་བསྩལ་ཏོ།། དེ་ནས་གསང་བའི་བདག་པོ་ཡ་མན་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས།། རྣལ་འབྱོར་ཅན་ལ་གནས་ཕྱིར་དང་། ་གདུལ་བྱ་གཉིས་ཀྱི་དོན་ཕྱིར་དང་།། སྣ་ཚོགས་བརྒྱ་ཕྲག་བརྒྱད་ཀྱི་དོན།། དམན་པ་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་ཁྲག་འཐུང་གི་རྒྱལ་པོས།། འདི ་། སྐད་ཅེས་བཀའ་བསྩལ་ཏོ།། རང་འབྱུང་ཡེ་ཤེས་བདེ་ཆེན་ལས། ཁྱད་པར་ཡེ་ཤེས་བཞི་རུ་བཤད།། ཆུ་ཟླའི་ཚུལ་དུ་ལས་རྣམས་འཆར།། བདེ་བ་ཆེན་པོའི་གསལ་བར་བགྱིས།། ཅེས་བཀའ་བསྩལ་ཏོ།། ་འཁོར་གྱི་དང་པོས་ཞུས་པ། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས།། རང་འབྱུང་ཡེ་ཤེས་བདེ་ཆེན་པོ།། ཆོས་རྣམས་ཀུན་གྱི་ངོ་བོ་དེ།། ཤེས་བྱའི་ཡུལ་དུ་ཇི་ལྟར་འགྱུར།། དེ་ལས་ཐབས་རྣམས་ཇི་ལྟར་འབྱུང་།། བྱུང ་ནས་འགྲུབ་པར་ཇི་ལྟར་འགྱུར།། ཞེས་ཞུས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། སྣང་སྲིད་དབྱིངས་སུ་མྱ་ངན་འདའ།། སྤྲོས་བྲལ་མི་འགྱུར་གདོད་ནས་དག། དག་པ་ཉིད་ནས་ཐམས་ཅད་གསལ།། ཤེས ་བྱ་ཤེས་བྱེད་རང་གི་སྟོང་།། ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་གསལ།། འདི་ནི་ཡིད་བཞིན་རིན་པོ་ཆེ།། ཐམས་ཅད་རེ་བ་རྫོགས་པའོ།། ཨེ་མ་ཧོ་རྟོགས་པར་རབ་དཀའ་བ།། སངས་རྒྱས་ཀྱིས་ཀྱང་མི་མཁྱེན་ན།། ་གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས།། འགྲོ་ཀུན་ཡོངས་ལ་ཨ་ཅང་ཆེས།། དེ་ནས་གསང་བའི་བདག་པོས་ངོ་མཚར་རྨད་དུ་གྱུར་ནས། ཡང་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་འདུས་པའི་འཁོར་ཚོགས་རྣམས།། ་མ་རིག་གཉིས་ཀྱིས་བསྒྲིབས་པར་འགྱུར།། རྣམ་པར་ཕྱེ་སྟེ་དོན་རྒྱས་པར།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ཡེ་ཤེས་གསལ་བར་མཛད་དུ་གསོལ།། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཀའ་བསྩལ ་པ།། འདི་ནི་ཤིན་ཏུ་ཟབ་པའོ།། བརྟག་པ་དང་ཡང་བྲལ་བའོ།། ཐུན་མོང་མ་ཡིན་པར་རིག་པར་བྱའོ།། སྐལ་ལྡན་རྣམས་ལ་རྒྱས་པར་བཤད་པར་བགྱིས།། ཉོན་ཅིག་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པའི་མཚན་མ ་ཐམས་ཅད་དང་བྲལ་བ་འདི་ནི། གཏན་ཚིགས་གསུམ་སྟེ། ཡེ་ནས་ཟུག་རྔུ་མེད་པས་འཇམ་པའི་ངང་དང་། ཡེ་ནས་ཡིན་པའི་རང་བཞིན་ཅན། གཉིས་སུ་མེད་པའི་བདག་ཉིད་ཆེན་པོའོ།། དེ་ལྟ་བུའི་དོན་དེ་ནི། རྣམ ་པ་ཅིར་ཡང་གསལ་བའོ།། མཚན་ཉིད་ཐམས་ཅད་བྲལ་བའོ།། རང་བཞིན་ཀུན་གྱི་དངོས་གཞི་སྟེ།། ཡིད་བཞིན་ནོར་བུ་ལྟར་སྣང་བ།། འདི་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ། རྟོགས་པའི་ཡུལ་དང་བྲལ་བའོ།། འདི་ནི་རྒྱུ ་རྐྱེན་དང་བྲལ་བ་སྟེ། རང་བྱུང་ཡེ་ཤེས་སོ།། ཐམས་ཅད་སེམས་སུ་མཉམ་པ་སྟེ།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། འདི་ནི ་མཚན་ཉིད་ཀྱི་མ་འདྲེས་པར་གསལ་བ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ།། དེ་ལྟ་བས་ན་གང་ཡང་བླང་དོར་མེད་པའོ།། ཡེངས་པ་མེད་པའི་དོན་དུ་གསལ་བར་བྱའོ།། ངང་གིས་གནས་པར་བྱའོ།། དེ་ལྟ་བུ་དོན་དེ ་ལས་ཐམས་ཅད་འབྱུང་བར་སྨྲ་སྟེ། འདི་ནི་རིན་པོ་ཆེ་ལྟ་བུའོ།། ས་གཞི་ཆེན་པོ་ལྟ་བུའོ།། གླང་པོ་ལྟ་བུའོ།། འབྱུང་བ་རླུང་ལྟ་བུའོ།། མེ་ལྟ་བུའོ།། མཚོན་ཆེན་འཁོར་ལོ་ལྟ་བུའོ།། རལ་གྲི་ལྟ་བུའོ།། སྨན་སྡོང་དང་། ་བུམ་པ་ལྟ་བུའོ།། དབང་ཕྱུག་ཆེན་པོ་ལྟ་བུའོ།། འདི་ནི་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱེད་པ་པོར་རྒྱལ་བ་ཉིད་ཀྱིས་གསུངས་སོ།། འདི་ནི་མཆོག་ཡིན་ཏེ། ལྟ་བ་འདི་ལྟར་གང ་གནས་པ་སྐྱེས་བུའམ། རྣལ་འབྱོར་པ་དེ་ནི་སྐལ་པ་བཟང་བ་ཡིན་ཏེ། དེས་ནི་ལས་ཀྱི་རིམ་པ་བརྒྱ་ཕྲག་བརྒྱད། རྩ་བ་གཉིས་སུ་འདུས་པའི་དོན། སྦྱོར་བ་ཉིས་སྟོང་བཅུ་དྲུག་རྐ་དཀ་བ་མེད་པར་ལེན་པར་གསུངས ་སོ།། ཐེ་ཚོམ་པ་ཡི་སེམས་ཀྱིས་སུ།། དེ་བས་འདི་ལ་ནན་ཐུར་བྱ།། འཁོར་འདུས་པ་ཐམས་ཅད་ཐེ་ཚོམ་ཆོད་ནས་ཡིད་ལ་བློ་ཐག་ཆོད་དེ། བློ་སེམས་སོ།། དེ་ནས་མདངས་ཕྱུང་སྟེ། ཨེ་མ་འཁོར་བ་ཉིད་ན་མྱ་ངན ་འདས།། རྒྱུ་གཉིས་འབྲས་བུ་དག་པའི་དོན།། སྲིད་པ་མྱ་ངན་འདས་ཉིད་པས།། བདག་ནི་གྲོལ་བར་དེང་འགྱུར་རོ།། ཅེས་གསོལ་ནས་དང་བས་མཉན་ཏོ།། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད ་ལས། གླེང་བ་དང་། གསལ་བྱེད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་འཇིགས་བྱེད་རྒྱལ་པོ་གཤིན་རྗེ་གཤེད་ཀྱིས། འཕྲིན་ལས་སྣ་ཚོགས་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་སོ།། དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱིས་བདག་པོ། ཡ་མན་ལག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་ཏེ། གདུག་པ་ཅན་གྱི་འཁོར་ཚོགས་རྣམས་ཀྱིས། མོས་པའི་དབང་གིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས།། བདག་ཅག་། འཁོར་ཚོགས་མ་ལུས་ཀུན།། སྣང་སྲིད་འཇིག་རྟེན་ཁམས་འདི་རུ།། སྟོང་གསུམ་མུན་པར་གཏོང་བ ་དང་།། འཇིག་རྟེན་མེ་ཡིས་བསྲེག་པ་དང་།། གནམ་ལྕགས་ལྕེ་ཡང་འབེབས་པ་དང་།། སྒོ་འབོག་ཡམས་དང་སྲོག་གཅོད་གིང་ཡང་བྱེད།། འཚེ་རིམས་མི་བཟད་གཏོང་བའི་ནད་བདག་སྣ་ཚོགས་དག། དཔའ་བོའི ་འཁོར་དུ་འདུས་པ་ཀུན།། ཡེ་ཤེས་ཆེན་པོ་ཁྱོད་ཀྱིས་གསལ་བར་མཛོད།། ཡེ་ཤེས་ཆེན་པོའི་སྒྲོན་མ་གསལ་བར་བྱས།། བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱིས།། བསྟན་པ་རྒྱ་མཚོ་སྲུང་བར་དམ་བཅས་པས།། ་བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱི།། སྲོག་གི་རྩ་བའི་དམ་པ་འདི།། འཇིགས་བྱེད་ཆེན་པོས་བཞེས་སུ་གསོལ།། དཀྱིལ་འཁོར་ཆེན་པོས་བཤད་དུ་གསོལ།། ཅེས་གླེངས་སོ།། སྡེ་བརྒྱད་སོ་སོ་རང་རང་གི་སྙིང་པོ ་ཕུལ་ཏེ། འཇིགས་བྱེད་ཆེན་པོས་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་དེ། རྔམ་པའི་མདངས་ཀྱིས་སེང་གེའི་ལྷ་སྟངས་སུ་བཞུགས་སོ།། དེའི་དང་པོ་ལས་ཀྱི་གཤེད་བཞིས། རྒྱུ་མ་ནོར་རྩ་བའི་སྔགས་ཕུལ་ཏེ། ་ཡཱ་ཡཱ་ཡཱ་ཡཱ། ས་མ་ཡ་སྙོམ་ཞེས་པའོ།། མ་མ་རག་མོ་རག་མོ། ཏྲག་རཀྐ་ཁ་མུན་ཏྲ་སྙིང་ཁ། རག་མ་རག་མོ་སརྦ་རག་མོ་ཏི་ཀུམ་མ་ཛཱ་ཛཱ། ཁ་ལ་མ་ཏི་མ་བྷྱོ་བྷྱོ། ས་མ་ཡ་སྟོམ་མ་མ་ར་ཙ་ལ་རཾ། ནརི་ཀྲོ་ཏི་ཤོ་རི་ཛ་ལ་རམ། ་ཡ་ཀྲེ་ཏྲག་ཤ་ཛ་ལ་རམ་ཧཱུཾ། ར་རག་མོ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ། ཨོཾ་རཀྵ་ཛ་ལ་རམ་པ་ཡ་ཧཱུཾ། ན་ཀྲ་མོ་ཀྲོ་ཏི་ཤྭ་རི་ཛཱ་ལ་རམ་པ་ཧཱུཾ། ཨོ་ཏྲཾ་ཏྲག་པོ་ཛ་ལ་རམ་པ་ཧཱུཾ། ཙིཏྟ་རོ་ལ་ཛ་ལ་རམ་པ་ཧཱུཾ། ཨོཾ་རཀྵ་མ་སྙིང ་རྩ་ལ་རམ་པ་ཧཱུཾ། ཨོཾ་ན་ཙི་ར་ཙུ་རུ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ། ཨོཾ་ཏྲག་ཤ་ནི་ཛ་ལ་རམ་པ་ཡ་ཧཱུཾ། ཨོཾ་ཏྲག་མོ་རཀྵ་ཀྲོ་ཏི་ཤྭ་རི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ནག་པོ་ཏྲ་ཏྲག་རག་ཤི་ན་ཡ་ཧཱུཾ། ཨོཾ་ནག་མོ་རཀྵ་ཀྲོ་ཏི་ཤྭ་རི་ནི་ཧཱུཾ། ཨོཾ་མཉྫུ་ཤྲཱི་བཛྲ ་མ་རོ་ཏྲ་ཏྲག་ཤ་ཛ་ལ་རམ་པ་ཡ་ཧཱུཾ། ན་ག་ཤི་ཏི་ཤི་རི་ཛ་ལ་རམ་པ་ཡ་ཧཱུཾ། ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས་ཕུལ་ལོ།། རུ་ཏྲ་པ་ཏྲ་མུ་ཁྲག་བཱ་རཱ་ཁྲག་ཙེ་ཏེ་བོར་པ་དུན། ཧ་བ་སྭཱ་ཧཱ། ས་མ་ཡ་ཨ་བི་ཤུ་ར་ཙ་རཀྵ་ཚལ་པ ་ཡ་ནི། ཏྲི་མ་ར་ཡཱ་ཨང་ཀུ་ཤ་ཛཱ་ཛ། ཨོཾ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛ་ལ་ཡ་ཏ་སྭཱ་ཧཱ། ཨོཾ་ཏྲི་ཤ་དུ་རག་རཾ་གར་ཙིཏྟ་ཏྲ་མ་མ་ཡཾ་ཛ། གྲམ་ཧྲི་ཧྲི་ཡོ་ཀི་ནི་ཤ་ལ་ཛ་ཛ། མ་མ་སྙིང་ཁ་རག་སྙིང་ཁ་རག་མ་མ། རཀྵ་མ་མ་རཀྵ། རག ་མོ་སྙིང་ལ་ཐུན་ཐུན། སྙིང་ལ་ཐུན་ཛ་ཛ། སྙིང་ལ་ཛ། རུ་ལུ་རུ་ལུ་ཛ། ར་ཙ་མ་ཡ་ཛ་ཧཱུཾ་ཧཱུཾ། ཛ་ར་ལི་པྲ་མ་མི་ཧཱུཾ་ཕཊ་ཕཊ་སྭཧ། ཏྲི་ཏྲི་ར་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧ། མ་ཧཱུཾ་མག་ཤ་སུ་རི་ཙེ་ཏོ་ར་ར་ཧུ་ར་མ་ཏྲིག་པེ་ཙི་ལ་མ ་ཁུག་ཡག་ཤ་ཐང་ཐང་མེ་ཡང་སྭཱ་ཧཱ། ན་ག་ར་ཙ་མ་ཧཱ་ཀ་ལ་ཏོ་པ་ཙ་ས་ཁ་ས་ཁ་ཤུ་དུ་ཧཱུཾ་ཧཱུཾ་ཛ་ཛ། ན་ག་ར་ཙ་ཛ་ཛ། ཨོཾ་མ་ཧཱ་ས་མ་ཡ་ཛ་ཛ། ཨོཾ་རཀྵ་མ་སྙིང་ཁ་རག་ཛ་ཛ། ཨོཾ་རག་མོ་རཀྑ་ཁ་རག་ཛ་ཛ། ཨོཾ་རག་མོ་རཀྵ་ཛ ་ཛ། དེ་དག་ལ་སོགས་ཏེ་འཇིག་རྟེན་གྱི་ཁམས་ན། དབང་བསྐུར་བའི་སྡེ་བརྒྱད། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ ་འབྱུང་པོ་གྲུལ་བུམ་དང་།། སྲུལ་པོ་དང་ནི་ལུས་སྲུལ་པོ།། སྐེམ་བྱེད་དང་ནི་བརྗེད་བྱེད་དང་།། སྟོ་བྱེད་དང་ནི་གྲིབ་གནོན་དང་།། གནོན་པོ་དང་ནི་ནམ་གྲུ་དང་།། དེ་དག་ལ་སོགས་ཏེ། སྲོག་བདུད་དང་། རུས ་འཆའ་སྲིན་པོ་དང་། རྨུགས་པ་རྨུགས་དང་སྨྱོ་འབོག་རྒྱལ་པོ་དང་། ཁྲག་འཐུང་མོའི་ཚོགས་དང་། སྨྱོ་འབོག་རྒྱལ་པོའི་ཚོགས་དང་། གཟེར་ཐབས་བཙན་གྱི་ཚོགས་དང་། སྲོག་གཅོད་གིང་གི་ཚོགས་དང་། བསམ་མི ་ཁྱབ་པ་བཀའ་ཉན་ཟེར་ཅིང་། སྲོག་སྙིང་ཕུལ་ལོ།། དེ་ནས་ཡང་འཇིགས་བྱེད་ཆེན་པོ་གཤེད་པོ་དེས། ཞལ་འབར་བའི་ཚུལ་གྱིས་ཡེ་ཤེས་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་གསང་བའི ་བདག་པོ་ཕྱག་ན་རྡོ་རྗེས། ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ།། ཁྲག་འཐུང་ཆེན་པོ་འཇིགས་པའི་སྐུ།། དམ་པ་རྣམས་ལ་ཕན་བྱའི་ཕྱིར།། ཞིང་བཅུ་སྲེག་པའི་ཉི་མའི་ཚུལ།། དུས་གསུམ ་གཅོད་པའི་འཁོར་ལོ་འདི།། འཇིགས་བྱེད་ཆེན་པོས་བཤད་དུ་གསོལ།། ཞེས་ཞུས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། འདུས་པའི་ཚོགསཿ། འཇམ་དཔལ་ཐུགས་ཀྱི ་། སྙིང་པོ་འདི།། སྙིང་པོའི་ཡེ་ཤེས་དབུས་ཉིད། རྡོས་དང་སེ།། གསལ་བས་ཡེ་ཤེས་བཞི་ལྡན་སྟེ། ཁམས་གསུམ་སྲེག་པའི་ཉི་མ་ཡིན།། དུག་གསུམ་གཅོད་པའི་འཁོར་ལོའོ།། དེ་ཉིད་དོན་དུ་རྗེས་གྲུབ་ལས།། ་འཇམ་དཔལ་ཐུགས་ཀྱི་འོད་ཟེར་འདི།། སྤྲུལ་པ་རང་འབྱུང་དངོས་ཤར་བ།། དུས་གསུམ་རྒྱལ་བའི་བཀའ་བརྒྱུད་པ།། སྙིང་པོ་ཐོགས་པའི་འཕྲུལ་མིག་འདི།། བརྒྱད་སྤངས་བཅུ་ཐུབ་གསུམ་རིག་ཅིང་།། སྙིང་པོ་དོན ་ལྡན་མངོན་མིན་པ།། འཇམ་པས་སྤངས་པ་རྒྱ་ཆེ་ཞིང་། ཁམས་གསུམ་རྨི་ལམ་ལྟར་ཤེས་པ།། བསྟན་པའི་ཡ་བློ་འཁོར་སྲིད་ཅན།། བླ་མེད་བདུད་རྩི་རྗེས་སྒྲུབ་པའི།། དཀོན་མཆོག་རྒྱལ་མཚན་ལྟར་བྱེད་པའི།། དེ ་འདིའི་བུ་ཡི་ལས་མ་རྟོགས། ཁ་བློ་མིང་ཙམ་བརྗོད་པ་མིན།། ཅེས་བཀའ་བསྩལ་ཏོ།། དེ་ནས་འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ནག་པོ་གཤེད་ཀྱི་གནས་རྣམས་ནི།། ཟུར་བརྒྱད་མུ་ཁྱུད་ཆུང་འཁོར་ཅན།། ་དམ་རིང་སྲིན་བྲག་རྡོ།། དགུ་འདུས་རྩེ་དང་ཆུའི་མདོ་གླིང་།། ཤིན་ཏུ་དབེན་པའི་དུར་ཁྲོད་དམ།། དེ་ལ་སོགས་ཏེ་བདེ་བའི་གནས་བཙལ་ཏེ།། གཞུང་དང་མཐུན་པའི་གནས་དག་ཏུ།། གནས་ཀྱི་འཁོར་ལོ་བརྩམ་པར ་བྱ།། ས་ཆོ་ག་ཚོགས་བཅད་སྡིག་སྦྱངས་ལ།། ཆག་ཆག་ཐིག་གདབ་འོག་མ་ཡང་།། དཀྱིལ་འཁོར་ཐིག་ནི་གྲུ་གསུམ་ལ།། ཟླ་གམ་གསུམ་དང་ལྡན་པར་བྲི།། ཐོད་ཕྲེང་དང་ནི་མེ་རི་འབར།། ཅེས་བཀའ་བསྩལ་ཏོ།། ་ཡང་ཆ་མཉམ་ཐིག་བཞི་རྒྱ་གྲམ་གདབ།། ལེ་ཚེ་དགུ་ལྡན་མུ་ཁྱུད་ལྡན།། མུ་ཁྱུད་འགྲམ་བཞི་ལྡན་པ་ལ།། འཁོར་ལོ་རྩིབས་ནི་བཅུ་དྲུག་ལྡན།། ཕྱི་རིམ་པར་ཁྱམས་སྒོ་ཁྱུད་བཅས།། བར་ཁྱམས་སྒོ་ཁྱུད་བཞི་དང ་། ལྡན།། ཕྱི་རིམ་ཡི་དྭགས་གཟུགས་བརྙན་བདོག། གཞན་གྱི་འདོད་པས་དེ་ཡང་བསྟན།། ཅེས་བཀའ་བསྩལ་ཏོ།། གཅོད་པ་སྔགས་ཀྱི་འཁོར་ལོ་ནི།། དབུས་ན་གྲུ་གསུམ་རྩིབས་བཞི་པ།། འཕྲུལ་སྔགས་དྲག་པོ་ལྔ ་དང་ལྡན།། ཕྱི་རིམ་འཁོར་ལོ་བཅུ་གཉིས་ལ།། འཕྲུལ་མིག་དྲག་པོ་བཅུ་གཉིས་པ།། དེ་དག་རྗེས་སུ་དགོད་པར་བྱ།། ཕྱི་རིམ་འཁོར་ལོ་བཅུ་གཉིས་ལ།། སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ།། དགོད་པ་གནས་མཐུན་ལྟོ ་སྦྱོར་དགོད།། ཡང་ལོགས་འཁོར་ལོ་རྩིབས་བཞི་པ།། གཅོད་ཅིང་གནན་པའི་དྲག་སྔགས་དགོད།། འཁོར་ལོ་རྩིབས་ཆེན་སུམ་ཅུ་དྲུག། སྔགས་ནི་མེད་དཔལ་འཁོར་ལོ་མཚོན།། འཁོར་ལོ་མེ་དཔལ་མཚོན་ཆེན་གྱི།། ་ཞིང་བཅུ་མ་ལུས་གཏན་ནས་བསྲེགས།། ཞེས་བཀའ་བསྩལ་ཏོ།། དེ་ནས་ལྷ་དགོད་པ་བསྟན་པའི་ཕྱིར། འཇིགས་བྱེད་ཆེན་པོ་བཀའ་བསྩལ་པ།། འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད།། སྐུ་ཡི་གཟུགས་བརྙན ་གཟུགས་སུ་གསོལ།། གཡས་སུ་སྐྱེད་མོ་རལ་ཅིག་མ།། གཡོན་དུ་ཟ་བྱེད་པེ་ཏ་ལི།། གཡས་གཡོན་གཉིས་ཀྱི་ཟླ་གམ་ལ།། སྐུ་ཡི་སྙིང་པོ་གཟུགས་བརྙན་དགོད་པར་བྱ།། ཡང་སྙིང་པོ་ནི་བྲི་བར་བྱ།། བྱང་གི་ཕྱོགས ་། ཀྱི་ཟླ་གམ་སྟེང་།། སྙིང་པོ་འཇིགས་བྱེད་ཡ་མ་ར་ཙ་ཡི།། སྐུར་བསྒོམས་མཚོན་པུར་སོར་གསུམ་གཟུགས།། ཅེས་བཀའ་བསྩལ་ཏོ།། ཡང་གསུངས་པ། མོས་པའི་དབང་གིས་དགོད་པ་ནི།། ཐར་མཛད ་དབུས་སུ་ཡབ་ཡུམ་དགོད།། སྲོག་གི་སྙིང་པོ་ཀྵཏྠ།། ཡབ་ཡུམ་མུ་ཁྱུད་དང་པོར་དགོད།། གཉིས་ལ་ཕྱོགས། སྐྱོང་ཡབ་ཡུམ་སྟེ།། བར་གཅོད་གཤེད་ཀྱི་བདུད་རྣམས་དང་།། གོང་ནས་འདུས་པའི་ཚུལ་དུ་བྱ།། སྒོ་ཡི ་འཁོར་ལོར་བརྟན་མ་དགོད།། དེ་བཞིན་གནས་ཀྱི་འཁོར་ལོ་ལ།། བརྟེན་པའི་ལྷ་ཡི་འཁོར་ལོ་བསྟན།། ཡེ་ཤེས་བྱིན་བརླབ་སྟོབས་ལྡན་བྱ།། རྗེས་སུ་མཐུན་པའི་ཆོ་ག་བསྟན།། སྐད་ཅིག་སྔགས་དང་འོད་ལ་གསལ།། ་དེ་ནི་གནས་བཞིའི་འཁོར་ལོའོ།། ཅེས་གསུངས་སོ།། དེ་ལ་རྐྱེན་གྱི་ཡན་ལག་ནི།། གཞུང་དང་མཐུན་པའི་བདེ་གནས་སུ།། རྟེན་རྫས་གཉིས་དང་མཐུན་རྫས་དང་།། མཆོད་རྫས་ལིང་ཀའི་རྫས་ལ་སོགས།། བརྣག་པ ་མཐུན་གྱི་རྫས་རྣམས་གསོལ།། ཅེས་གསུངས་སོ།། དེ་ནས་ཡང་འཁོར་དང་པོས་འདི་སྐད་ཅེས་ཞུས་སོ།། འཁོར་ལོ་མཚོན་ཆེན་འབར་བའི་རྒྱུ་དང་རྐྱེན་དང་མཚོན་དང་ནི།། སྲད་བུ་རབ་གནས་གང་ལགས་པ།། དཔའ ་བོ་ཆེན་པོས་བཤད་དུ་གསོལ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། དུར་ཁྲོད་གནས་སུ་དཔའ་བོ་ཡི།། ཀ་ལིང་ཀ་བ་མ་ནི་ཏོག། གོས་སུ་བཅད་པའི་རྒྱུ་བླངས་ལ།། ཐོད ་པའི་སྙིང་པོའི་བཅུད་བསྡུ་བྱ།། དེ་ལ་གཅོད་པའི་འཁོར་ལོ་བྲི།། དུར་ཁྲོད་གོས་ལ་བམ་ཆེན་ཁྲག་གིས་བྱུག། སྨེ་བ་ལྔ་ཡི་ཐང་བ་ནི།། རང་བསྡུ་བའི་ཐ་མར་བརྒྱད་ཟག་བཅད་དེ།། མཆོག་ཕྲན་རྐང་གིས་ཕྱིར་བྱས ་ཏེ།། བམ་ཆེན་དོན་གྱི་ཁྲག་རྣམས་ཀྱིས།། རྗེས་སུ་མཐུན་པའི་འཁོར་ལོ་བྲི།། ཞེས་གསུངས་སོ།། བམ་ཆེན་ཤར་རོ་དུར་ཁྲོད་ཧ།། ཟག་པས་སྲད་བུ་ལེགས་བྱས་སྟེ།། སྙོམས་པའི་ཚད་ལྡན་ཐིག་གདབ་བྱ།། ནི་རང་སུ ་དང་མཾ་སར་སྦྱར།། ཚོན་གསུམ་ཁ་དོག་མེད་པར་འགྱུར།། རུས་པ་དུ་བས་བསྡུ་བ་ནི།། འགྱུར་བ་མེད་པའི་མཚོན་དུ་བྱ།། འདུས་པའི་མཚོན་ནི་རཀྟ་འོང་།། ཡེ་ཤེས་བྱིན་བརླབས་ལྡན་པའི་ཕྱིར།། ངེས་པར་དང་དུ ་བླང་བར་བྱ།། ཅེས་གསུངས་སོ།། དེ་ནས་ཡང་གསུངས་པ། ཕྱག་རྒྱ་གསལ་བའི་རྣལ་འབྱོར་པས།། མེ་འབར་སྔགས་ནི་འོད་ཟེར་གྱིས།། འཇོམས་བྱེད་ཡ་མའི་ཞིང་ཁམས་ནས།། འབར་དུ་གི་དུམ་བུ་བསྡུ།། མེ ་འབར་ནག་པོ་འབྲུ་ལ་བསྡུ།། སྣ་ཚོགས་དག་གི་ཁུ་བ་ཡིས།། འཁོར་ལོའི་རྣམ་པ་ངར་གླུད་བྱ།། མྱོས་པའི་རྫས་ལ་དེ་བཞིན་ནོ།། ཅེས་གསུངས་སོ།། དེ་ནས་ཏིང་འཛིན་རྣམ་གསུམ་གྱིས།། སྙིང་པོ་སྔགས་ཀྱིས་ཡབ ་ཡུམ་བསྐྱེད།། རང་བཞིན་གནས་ནས་སྤྱན་དྲངས་ནས།། གཉིས་སུ་མེད་པར་བསྟིམ་པར་བྱ།། བསྟོད་ཅིང་མཆོད་པ་ཕུལ་ནས་ནི།། ཇི་ལྟར་འདོད་པའི་འཕྲིན་ལས་བཅོལ།། ཉི་ཤུ་གསུམ་ནས་དྲུག་ཏུ་ནི།། བཞི་ཡི་བར ་དུ་བསྙེན་པར་བྱ།། ཐོ་རངས་དགོང་ཀ་གཏོར་མ་བཏང་།། ཞེས་གསུངས་སོ།། ལྷོ་ཕྱོགས་ཁ་ལྟས་མདུན་དུ་ནི།། གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན།། ཞབས་དང་གྱེན་དུ་ཕྱེད་དུ་བཤད།། ཐོད་པར་བཅུག་སྟེ ་སྔགས་ཀྱིས་དྲན།། ཐེ་ཚོམ་མེད་པར་ལས་རྣམས་འགྲུབ།། ཅེས་གསུངས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི།། སྔགས་པ་ཆས་གོས་ནག་པོ་གོན། ཁྲོ་བོའི་སྔགས ་ཀྱིས་མཚམས་བཅད་དེ།། ལྷོ་ཡི་ཕྱོགས་སུ་ཁ་ལྟས་ནས།། ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། ཁྲག་འཐུང་དཀྱིལ་འཁོར་རིམ་བཞིན་བསྐྱེད།། སྤྱན་དྲངས་མཆོད་པ་ལ་སོགས་བྱ།། གཏོར་མ་བཏང་ལ་དཀྱིལ ་འཁོར་བསྡུ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་ལས། གནས་བཞིའི་འཁོར་ལོ་དང་། དྲག་པོ་གནད་ཀྱི་འཁོར་ལོ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་འཇིགས་བྱེད་ཀྱི ་རྒྱལ་པོ་གཤིན་རྗེ་གཤེད་པོ་དེས། འབར་བ་འོད་ཟེར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་དང་པོ་ལ་བོས་ཏེ། འདི་སྐད་ཅེས་བཀའ་བསྩལ་ཏོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། འདུས་པའི ་འཁོར་ཚོགས་མོས་པས་ཉོན།། འོད་ཟེར་འཕྲོ་བའི་གསང་སྔགས་འདི།། ཐུན་མོང་མ་ཡིན་བསྔགས་པ་སྟེ།། འགྱུར་བ་མེད་པས་ནག་པོའོ།། གཉིས་ཀར་འགྲུབ་པས་ཚད་མར་བཤད།། ཕྲེང་བའི་སྦྱོར་བ་བསྟན་པ ་ནི།། འདི་དག་ཉིད་དེ་རིམ་པ་ནི།། འདི་སྐད་ཅེས་ནི་བཀའ་བསྩལ་ཏོ།། གཉིས་འཛིན་ཐུན་མོང་མཆོག་གནས་སྟེ། ཁ་གནོན་འཕེན་པ་སྦྱོར་བ་གསུམ།། དམ་པར་སྦྱར་བ་འདི་དག་སྟེ།། ཨོཾ་ཀི་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ ་ཧ་ན་མ་ཐ་བཉྫ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏེ་ཀ་ལ་རུ་པ་བཿག་ནི་ཧཱུཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཧྲི་སྟི་བི་ཀི་ཏ་ན་ན་ཧཱུཾ་ཕཊ། ཨོཾ་ཀམ་ས་མ་མཉྫུ་ཤྲཱི་མ་ར་ཡ་ཙ། ཡ་མནྟ་ཀ་སུ་སོ་ཀྵེ་ཡ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛ་ཛ། ་མ་མ་ར་ཀ་མོ་རག་མོ། ཏྲི་ཥིག་རཀྵ་མུ་ཏྲ་ཁ་མུན་ཏྲི་སྙིང་ཁ་རག་མ། མ་མ་རག་མོ་རག་མོ། སརྦ་རག་མོ་ཏེ་ཀུན་ཛ་ཛ་ཛ། ཁ་ལ་མ་ཏི་ཡ་མ་བྱོ་བྱོ་བྷ་བྷི། ཨོཾ་མ་ར་ཙ། ས་ཏོ་ཡ་མེ་ཡ་ཧཱུཾ་ཕཊ། ཨོཾ་མེ་ཏོ། རུ་ན་ཡ་ཧཱུཾ་ཕཊ། ་ཨོཾ་ཡ་ཏ་ཡོ་ནི། ར་ཡཀྵེ་ཡ་ཧཱུཾ་ཕཊ། ཨོཾ་ཡཀྵ་ཙི་ཙི་ན། ར་མ་ཡ་ཧཱུཾ་ཕཊ། དྷ་ཧཱུཾ་ས་མ་ཡ་མ་མ་མ། ཡ་ཡ་བག་ཀ་ཡ་ཙིཏྟ་རཏྣ་ཀ་ར་མ། སི་ཏི་ཧཱུཾ་བཛྲ་ཨཾ་གྷུ་ཤ་ཛ་ཛ། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཡ་ཡ་ཡ་མཱ་མ་མཱ་མཱ་བྷྱོ་བྷྱོ། ཡ་ཡ་ལོ ་ནི་ཙ་ན་ཏ་མ་ལ་བྷྱོ་བྷྱོ། ཨ་མུ་ཀ་སྙིང་ཁམས་བྷྱོ་བྷྱོ། ཨོཾ་ཡ་མ་ར་ཙ། ས་ཏོ་མེ་ཡ། ཨོཾ་མ་རུ་ཙ་ས་ཏོ་མེ་ཡ་ཡཱ། ཨོཾ་ར་ཙ་ས་ཏོ་མེ་ཡང་ཡ་མ། ཨོཾ་ཙ་ས་ཏོ་མེ་ཡ་མ་ར་ཡ། ཨོཾ་ས་ཏོ་མེ་ཡ་མ་ར་ཙ་ཡ། ཨོཾ་ཏོ་མ་ཡེ་མ་ར་ཙ་ས ་སྭ། ཨོཾ་མེ་ཡ་མ་ར་ཙ་ས་ཏོ་ཡ། ཨོཾ་ཡ་མེ་དོ་རུ་ན། ཡོ་ཏ་ཡ་ཡཱ། ཨོཾ་ཏོ་རུ་ན། ཡོ་ཏ་ཡ་མེ་ཡ། ཨོཾ་རུ་ན་ཡོ་ཏ་ཡ་མེ་ཏོ་ཡ། ཨོཾ་ན་ཡོ་ཏ་ཡ་མེ། ཏོ་རུ་ཡ། ཨོཾ་ཡོ་ཏ་ཡ་མེ་ཏོ་རུ་ན་ཡ། ཨོཾ་ཏ་ཡ་མེ་ཏོ་རུ་ན་ཡོ་ཡ། ཨོཾ་ཡ་ཏ་ཡོ་ན ་ར་ཡཀྵེ་ཡ། ཨོ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཏ་ཡ། ཨཽ་ནི་རང་ཡཀྵ་ཡ་ཏ་ནི་ཡ། ཨོཾ་ར་ཡཀྵེ་ཡ་ཏ་ཡོ་ནི་ཡ། ཨོཾ་ཡ་ཀྵེ་ཡ་ཏ་ཡོ་ནི་ར་ཡ། ཨོཾ་ཀྵེ་ཡ་ཏ་ཡོ་ནི་ར་ཡ་ཧཱ་ཕཊ། ཨོཾ་ཡ་ཀྵེ་ཡ་ཛ་ནི་ར་མ?། མོ་ཀྵེ་ཡ་ཏ་ཡོ་ནི་ར ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་ཡ་ཛ་ནི་ར་མ་ཡ། ཨོཾ་ཀྵེ་ཡ་ཛ་ནི་མ་ར་ཡཱ་ཡཱ། ཨོཾ་ཡ་ཛ་ནི་ར་མ་ཡ་ཀྵེ་ཡ། ཨོཾ་ཛ་ནི་ར་མ་ཡ་ཀྵེ་ཡ་ཡཱ། ཨོཾ་ནི་མ་ར་ཡ་ཀྵེ་ཡ་ཛ་ཡ། ཨོཾ་ར་མ་ཡ་ཛ་ཡ་ཛ་ཡ་ནི་ཡ། ཨོཾ་ཡ་ཡཀྵ་ཡ་ཛ་ནི་ར་ཡ། ཨོཾ་ཡ་མ་མེ་ཏ ་ཀྵེ་ཡ་ཧཱུཾ་ཕཊ། ཨོཾ་མ་མེ་ཏ་ཀྵེ་ར་ཙ་ས་ཏོ་རུ་ན། ཡོ་ནི་ར་ཡ་ཛ་ནི་ཡ་ཧཱུཾ་ཕཊ། ཨོཾ་ཡ་མེ་ཏ་ཀྵེ་ཡ་ས་མ་ཡ་བཛྲ་ཧཱུཾ། ར་ཙ་ས་ཏོ། ཧཱུཾ་ཡ་མ་ས་མ་ཡ་ཀ་ཡ་བཛྲ་ཧཱུཾ། ཛ་ཛ། ཨོཾ་རུ་ན་ཡོ་ནི་ཧཱུཾ་ཡ་མ་ས་མ་ཡ་བཛྲ་ཧཱུཾ་ཛ་ཛ། ཨོཾ་ར་ཡ ་ཛ་ནི་ཧཱུཾ་ཡ་མ་ས་མ་ཡ་ཀ་ཡ་བཛྲ་ཧཱུཾ་ཛ་ཛ། ཞེས་གསུངས་སོ།། བཀའ་བསྩལ་པ། དེ་ནི་ཚད་མའི་ཡེ་ཤེས་མཆོག། ཀུན་གྱི་བདག་པོར་གྱུར་པས་ཁ་གནོན་ཏེ།། ཐམས་ཅད་དབང་དུ་བསྡུས་པས་ཐུན་མོང་བསྙེན་པའི ་མཆོག། སྒྲ་དབྱངས་སྦྱོར་བས་རབ་བསྐྱེད་ན།། སྣ་ཚོགས་དོན་ཆེན་བསྒྲུབ་པར་ཐེ་ཚོམ་མེད།། བཏུ་དང་དཀྲུག་དང་བསྡེབས་པ་ཡིས།། དོན་གཉིས་བསྟན་ཏེ་བརྗོད་ལས་འདས།། ཞེས་གསུངས་སོ།། དེ་ནས་ཡང་ཕྱག ་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། གོང་དུ་གསུངས་པའི་དོན་གྱི་མཆོག། མཚོན་ཆེན་འཁོར་ལོ་ལྟ་བུ་འམ།། ཡིད་བཞིན་བུམ་པའི་བདུད་རྩི་ལྟ་བུ་རུ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། འདུས་པའི་ཚོགས ་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། སྔགས་ཀྱི་ཕྲེང་བའི་འོད་ཟེར་ནི།། ཐམས་ཅད་གཅོད་པའི་འཁོར་ལོ་ཡིན།། ཅི་ཡང་འགྲུབ་པས ་ཡིད་བཞིན་མཛོད།། འཚོ་བར་བྱེད་པས་བདུད་རྩི་སྟེ།། སྤུ་གྲི་ལྟ་བུ་མཚོན་ཆའི་དོན།། བཤད་ཀྱིས་འདུས་པའི་ཚོགས། རྣམས་མཉན་པར་བྱོས།། ཞེས་བཀའ་བསྩལ་ཏོ།། དམ་རི་སྲི་བྲག་ཁྲག་གི་མཆི་རིས་ཅན།། སྐྱེ ་བོ་མེད་པའི་ནགས་ཚལ་དུ།། བར་ཆད་རྣམ་གསུམ་རྫས་བསགས་ལ།། སེང་གེ་ལྟ་བུའི་འདུ་ཤེས་ཀྱིས།། གཅིག་པུར་གནས་ཏེ་བརླབ་པ་ནི།། མེ་ལྕེའི་ཕྲེང་བ་ལྟ་བུའོ།། ཡ་མ་ར་ཙ་ས་ཏོ་མེ་ཡ། དགྲ་བོ་ཨ་མུ་ཀམ་པྲ ་མ་ཧཱུཾ་ཕཊ། ཡ་མ་ར་ཙ་ས་ཏོ། མེ་ཡ་དགྲ་བོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ར་ཙ་ས་ཏོ། མེ་ཡ་མ་ར་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཙ་ས་ཏོ་མེ་ཡ་མ་ར་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ས་ཏོ་མེ་མ་ར་ཆེ་གེ་མོ་ཨ ་མུ་ཀ་མ་མ་ར་ཡ་ཧཱུཾ་ཕཊ། ཏོ་མེ་ཡ་མ་ར་ཙ་ས་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཧཱུཾ་ཕཊ། མེ་ཡ་མ་ར་ཙ་ས་ཏོ་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཆེ་གེ་མོ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ ་མོ་ཨ་མུ་ཀམ་རཀྟ། ཚ་ཨེ་ར་ཡ་ཧཱུཾ་ཕཊ། ཏོ་རུ་ན་ཡོ་ཏ་ཡ་མེ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། རུ་ན་ཡོ་ཏ་ཡ་མེ་ཏོ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ན་མོ་ཏྲ་ཡ་མེ་ཏོ་རུ་ཨ་མོ་ཙི་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡོ་ཏ་ཡ་མེ་ཏོ་རུ་ན། ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཏ་ཡ་མེ་ཏོ་རུ་ན་ཡོ་ཨ་མུ་ཀམ་ར་ཏ་ཙ་ར་ཧཱུཾ་ཕཊ། ཡ་ཏོ་མི་ནི་ར་ཡ་ཀླེ་ཡ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཏ་ཡོ་ན་ར་ཡ་ཀླེ་ཡ་ཨ་མུ་ཀམ་པ་ཡ་ཧཱུཾ་ཕཊ། ནི་ར་ཡ་ཀླེ་ཨ་མུ་ཀམ་མུར ་ཙ་པ་ཡ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཏ་ཡོ་ནི་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཡ་ཀྵ་ཡ་ཏ་ཡོ་ནི་ར་ཡ་ཨ་མུ་ཀམ་ཙ་པ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཏ་ཡོ་ནི་ར་མ་མུ་ཀ་ཨ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཀྵེ་ཡོ་ཏི་ནི་ར་ཡ་ར་ཨ་མུ་ཀམ་མུར ་ཙ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙི་ནི་ར་མ་ཡ་ཨ་མུ་ཀམ་མུར་ཙ་ཡ་ཧཱུཾ་ཕཊ། ཀྵེ་ཡ་ཛ་ནི་ར་མ་ཡ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཡ་ཙ་ནི་ར་མ་ཡ་ཀྵེ་ཡ་ཀྵེ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཛ་ནི་ཡ་ཀྵེ་ཡ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ནི ་མ་ར་ཡ་ཀྵེ་ཡ་ཛ་ཨ་མུ་ཀམ་མུར་ཙ་ཡ་ཧཱུཾ་ཕཊ། ར་མ་མ་ཀྵེ་ཡ་ཛ་ནི་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། མ་ཡ་ཀྵེ་ཡ་ཛ་ནི་ར་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། ཡ་མ་ར་ནི་ཛ་ཡ་ཀྵེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། མ་ར་ནི་ཛ་ཡ་ཨ་མུ ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ར་ནི་ཛ་ཡ་ཀྵེ་ཡ་མ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ནི་ཛ་ཡ་ཀྵེ་ར་མ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧུཾ་ཕཊ། ཛ་ཡ་ཀྵེ་ཡ་མ་ར་ནི། ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་མ་ར་ནི་ཛ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ་ཀྵེ་ཡ་མ་ར་ནི་ཛ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཀྵེ་ཡ་ར་ནི་ཡོ་ཏ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ར་ནི་ཡོ་ཏ་ཡཀྵེ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། རི་ན། ་ཡོ་ཏ་ཡཀྵེ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ནི་ཡོ་ཏ་ཡ་ཀྵེ་ཡ་ར་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧུཾ་ཕཊ། ཡོ་ཏ་ཡ་ཀྵེ་ཡ་ར་ནི་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཏ་ཡ་ཀྵེ་ཡ་ར་ནི་ཡོ་ཆེ་གེ་མོ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ་ཡ་ཏ་ཡོ་ན་རུ་ཏོ་མེ་ཨ་མུ་ཀམ་ཙ་ར་ཡ་ཧཱུ~ཾ་ཕཊ། ཏ་ཡོ་ནི་རུ་ཏོ་མེ་ཡ་ཨ་མུ་ཀ་མ་མུར་ཙ་ཡ་ཧཱུཾ་ཕཊ། ཡོ་ན་རུ་ཏོ་མེ་ར་ཏ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ན་རུ་ཏོ་མུ་ཡོ་ཏ་ཡོ་ཨ་མུ་ཀམ་མུ་ར་ཙ་པ་ཡ་ཧཱུཾ་ཕཊ། རུ་ཏོ་མེ་ཡ་ཏ ་ཡོ་ན་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཏོ་མེ་ཡ་ཏ་ཡོ་ན་རུ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། མེ་ཡ་ཏ་ཡོ་ན་རུ་ཏོ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་ས་ཙ་ར་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། མེ་ཏོ་ས་ཙ་ར་མ་ཡ་ཨ ་མུ་ཀ་མ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཏཽ་ས་ཙ་ར་ཡ་མ་མེ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ས་ཙ་ར་ཡ་མ་མེ་ཏོ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཙ་ར་ཡ་མ་མེ་ཏོ་ས་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ར་ཡ་མ་མེ་ཏོ་ས་ཨ་མུ་ཀམ་མ་པ་ཡ་ཧཱུཾ ་ཕཊ། ར་ཡ་མ་མེ་ཏོ་ས་ཙ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཡ་མ་མེ་ཏོ་ས་ཙ་ར་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཕྱི་ནས་དགུ་ཡང་གསུམ་གྱི་དོན།། ཡེ་ཤེས་འོད་ཟེར་དགུག་པའི་མཆོག། ཨ་ཧོ།། ཡ་མ་ར་ཙ་ས་ཏོ་མེ་ཡ་ཨ་མུ ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་རི་ནི་ཛ་ཡ་ཀྵ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་ས་ཙ་ར་མ་ཡ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། སྔགས་ཀྱི་འོད་ཟེར་ཕྱི་ནང་འགུག་ཡང ་། གསུམ་གྱི་དོན།། ཡེ་ཤེས་འོད་ཟེར་འགུག་པའི་ཚོགས།། ཡ་མར་ཙ་ས་ཏོ་མེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་ར་ནི་ཙ་ཡ་ས་ཀྵེ་ཡ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་ར་ན་ཡོ་ཏ་ཡ་ཨ་མུ་ཀ་མ་མ་ར་ཡ་ཧཱུཾ་ཕཊ། ་སྔའི་མས་ཨོཾ་འོད་ཟེར་ཕྱི་ནང་གསུམ།། གསང་བའི། ཨོཾ་ཨེ་ལི་དོན་ཀྱང་མཚུངས།། སྒྲུབ་པས་པ་ལས་ཀ་ཞེས་བྱ།། ཡ་མ་མེ་ཏ་ཀྵེ་ར་ཙ་ས་རུ་ན་ཡོ་ནི་ར་ཡ་ཛ་ན~ཾ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་ཏ་ཀྵེ་མ་ཏོ་རུ་ན་ཡོ་ར ་ཙ་ནི། ར་ས་ཙ་ཨ་མུ་ཀམ་རཀྟ་ཙ་ར་ནི་ཧཱུཾ་ཕཊ། ཡ་ཏ་ཀྵེ་མ་མེ་ཡོ་ནི། ས་ཏོ་ཡོ་རུ་ན་ཨ་མུ་ཀམ་མུ་ར་ཙ་རུ་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ཏ་ཡ་ཙ་ནི་ར་ཙ་ས་ཏོ་ར་ནུ། ཡོ་ནི་ར་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཡ་མ་མེ་ཏ་ཀྵེ་ར་ནི་ཛ ་ཡ་ར་ནི། ཡོ་ན་རུ་ཏོ་ས་ཙ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཏ་མེ་མ་ར་ནི་ཡོ་ན་རུ་ཏོ་ས་ར་ཙེ་ར་ན་ཛ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ཏ་མེ་ཀྵེ་ཡོ་ན། རུ་ཏོ་ས་ཙ་ར་ནི་ཛ་ཡ་ར་ནི་ཨ་མུ་ཀམ་མུ་ར་ཙ་པ་ཡ་ཧཱུཾ་ཕཊ། ་ཡ་མེ་ཀྵེ་ཏ་ས་ཙ་ར་ནི་ཛ་ཡ་ར་ནི་ན་རུ་ཨ་མུ་ཀ་མ་མ་ར་ཡ་ཧཱུཾ་ཕཊ། མེ་ལྕེ་ཕྲེང་བའི་རལ་གྲི་ཡིས།། རྒྱུད་གཅིག་ཤེས་པ་ཀ་ཤི་ཤེས་པ་ཀ་པ་ར།། རྒྱུད་གཉིས་ཤེས་པ་ཐེ་ཚོམ་མེད།། པྲ་མ་ཙ་ཤ་ཅེས་གསུངས་སོ།། ཡ་མ ་མེ་ཏ་ཀྵེ་ཡ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཏ་ཀྵེ་མ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ཏ་ཀྵེ་མ་མེ་ཡ་ཨ་མུ་ཀམ་མུར་ཙ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ཏ་ཡ་ཨ་མུ་ཀ་མ་མ་ར་ཡ་ཧཱུཾ་ཕཊ། ཡ་མ་ཀྵེ་ཏ་མེ་ཡ་ཨ་མུ་ཀམ་པྲ ་མ་ཡ་ཧཱུཾ་ཕཊ། ཡ་མ་ཀྵེ་ཏ་མེ་མ་ཡ་ཨ་མུ་ཀམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ཏ་མེ་མ་ཀྵེ་ཡ་ཨ་མུ་ཀམ་མུར་ཙ་པ་ཡ་ཧཱུཾ་ཕཊ། ཡ་མ་མེ་ཀྵེ་ཏ་ཡ་ཨ་མུ་ཀ་མ་མ་ར་ཡ་ཧཱུཾ་ཕཊ། གཤེད་བཞིའི་ཐུགས་ཀྱི་ཕྲེང་བ་ཡིས།། ཕྱག་ན་རྡོ ་རྗེ་ད་སྐྲོད་ན།། སྲོག་ཆགས་གཞན་ལ། ལྷ་ཅི་སྨོས།། ཅེས་བཀའ་བསྩལ་ཏོ།། ཨ་ཧོ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། རི་ན་མ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ་ཕཊ། ན་མ་ཏ ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཏེ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ར་མ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ས་ཏོ་མེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཨ ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ར་ཡ་མ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ས་ཏོ་མེ་ཡ་ཨ་མུ ་ཀམ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡནྟ་ཀ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ར་ཡ་མ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མ་ར་ཙ་ཨ་མུ་ཀམ་ཧཱུཾ་ཕཊ། ས་ཏོ ་མེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ཨ་མུ་ཀམ་ཧཱུཾ་ཕཊ། ན་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཆེ་གེ་མོ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ ་མ་ར་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ཙ་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མེ་ཏོ་ས་ཨ་མུ་ཀ་མ་ཧཱུཾ་ཕཊ། ་ར་མ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཙ་ཨ་མུ་ཀ་ཧཱུཾ་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀ་མ་ཧཱུཾ་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཡ་མེ་ཏོ་ས་ཨ་མུ ་ཀམ་ཧཱུཾ་ཕཊ། ཙ་ར་མ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ར་མ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ཙ་ཡ་ཀྵེ་ཡ་ཨ་མུ་ཀ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཨ་མུ་ཀམ་ཧཱུཾ་ཕཊ། ཡེ་ཧ་ཡོ་ནི་ཨ་མུ་ཀམ་ཧཱུཾ་ཕཊ། རུ་ཏོ་མེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ ་མེ་ཏོ་ས་ཨ་མུ་ཀ་མ་ཧཱུཾ་ཕཊ། ར་ཙ་མ་ཡ་ཨ་མུ་ཀམཿཧཱུ~ཾ་ཕཊ། ཡ་མ་ར་ནི་ཨ་མུ་ཧཱུཾ་ཕཊ། ཙ་ཡ་ཀྵེ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀམ་ཧཱུ~ཾ་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཨ་མུ་ཀ་མ་ཧཱུཾ་ཕཊ། ་ཡ་མེ་ཏོ་ས་ཨ་མུ་ཀམ་ཧཱུཾ་ཕཊ། ཙ་ར་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མ་ར་ནི་ཨ་མུ་ཀམ་ཧཱུཾ་ཕཊ། ཛ་ཡ་ཀྵེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀམ་ཧཱུཾ་ཕཊ། ནི་ཡོ་ཏ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ཨ་མུ་ཀ་མ་ཧཱུཾ་ཕཊ། ་ར་ཏོ་མེ་ཡ་ཨ་མུ་ཀམ་ཧཱུཾ་ཕཊ། དེས་ནི་སྔགས་ཀྱི་རྒྱལ་པོ་ཐོབ།། ཕྱག་ན་རྡོ་རྗེའི་ཐུགས་ཀྱང་རྨོངས་པར་ནུས།། དུག་གསུམ་འཁྲུལ་པའི་སེམས་ཅན་ལ་སྨོས་ཅི་དགོས།། ཞེས་བཀའ་བསྩལ་པ། ཡ་མེ་ཏ་ཀྵེ་ཡ་ཏོ་ཡོ་ར ་ནི། ཙ་ར་མ་རུ་ནི་ན་ས་མ་ཡ་ཨ་མུ་ཀ་མ་ཧཱུཾ་ཕཊ། ཡ་མེ་ཀྵེ་མ་ཏ་ར་མ་ཡོ་ཡ་ཏོ། ཙ་རུ་ནི་ས་ར་ས་མ་ཡ་ཆེ་གེ་མོ་ཨ་མུ་ཀམ་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་མ་མེ་ཀྵེ་ཏོ་ཡ་ར་ཡོ་ཙ་ནི་ས་མ་ཡ་ཆེ་གེ་མོ་ཨ་མུ་རཀྟ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ། ་མེ་ཏ་ཡོ་ར་ཏོ་ཡ་ས་ར་རུ་ཙ་ན་ནི། ཙ་ནི་ས་མ་ཡ་ཆེ་གེ་མོ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མ་ཏ་མེ་ཀྵེ་ཏོ་ཡ་ཡོ་ནི་ན་ས་མ་ཆེ་གེ་མོ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་མེ་ཀྵེ་མ་ཏ་ར་ཡོ་ཡ་ཏོ་ཙ་རུ་ནི་ས་མ་ཡ་ཆེ་གེ་ཨ་མུ་ཀམ་མུ་ར་ཙ་པ་ཡ་ཧཱུཾ ་ཕཊ། ཡ་ཏ་མ་མེ་ཀྵེ་ཏ་ཡ་ར་ཡ་ནི། ན་ཙ་ས་རུ་ནི་ཙ་ས་མ་ཡ་ཆེ་གེ་ཨ་མུ་ཀམ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ཏ་མ་ཡོ་ཡ་ཏོ་ཡ་ས་ར་ཙ་ནི་རུ་ཙ་ན་ས་ཡ་ཆེ་གེ་ཨ་མུ་ཀམ་མ་ར་ཡ་ཧཱུཾ་ཕཊ། ཨཽ་ཧྲི་སྟི་ཝི་ཀྲི་ཏ་ན་ན་ཧཱུཾ་ཕཊ་ཕཊ། ་ཐུགས་ཀྱི་སྙིང་པོ་ཧྲི་ནི་བསྡུས་པའི་མཆོག། སྟི་ནི་མི་ལྡོག་མཆོག་ཡིན་ཏེ།། ཀུན་གྱི་ནང་དུ་ང་ཡིས་རབ་ཏུ་བསྔགས།། བསྡུས་ཤིང་མི་ལྡོག་པས་ནི་ཀཱི་ལ་སྟེ།། འབིགས་ཤིང་གཅོད་པས་འཁོར་ལོ་ཡིན།། ཅེས་བཀའ ་བསྩལ་ཏོ།། ཡེ་ཤེས་འབར་བ་གསལ་ཞིང་ལས་ཀྱི་མཐུ་ཡིས་འགྲུབ།། དྲག་པོ་དགོད་དུ་གྱུར་པའི་དྲག་སྔགས་བདུན།། བཏུ་ཞིང་བསྡེབས་པས་ལས་ཀུན་བྱེད།། དགུག་ཅིང་སྤུ་གྲི་བཏགས་པས་བསྣན་པ་ཡིན།། གང ་ལ་ཐོགས་རྡུགས་མེད་པས་ཐོག་དང་མཚུངས།། རྣོ་བའི་མཆོག་ཏུ་གྱུར་པས་སྤུ་གྲིའོ།། དྲག་པོ་གཙོ་བོར་གྱུར་པས་ལས་ཀྱི་རྒྱལ་པོར་བཤད།། འདི་ནི་ང་ཡི་དུས་སུ་རབ་ཏུ་རྒྱས་པར་བཤད།། གསོ་དང ་བསད་དང་འཕམ་དང་རྒྱལ།། དགུག་དང་བཏང་དང་བཅིང་དང་དགྲོལ།། དབབ་དང་བཅད་དང་བསྲུང་དང་བསྒྲིལ།། སྣ་ཚོགས་དོན་ཆེན་འབྱིན་པར་བྱེད།། དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་།། ཆོས་ནི་ཡུན ་དུ་གནས་པར་བྱ།། ཞེས་བཀའ་བསྩལ་ཏོ།། ཟླ་གསང་ནག་པོའི་རྒྱུད་ལས། དྲག་སྔགས་འཇིག་རྟེན་རླག་བྱེད་ཀྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད་པོ་དེས། ་གསལ་བྱེད་ཟླ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཡེ་ཤེས་རྡོ་རྗེ་གསོར་བ་ཡིས།། ལག་ན་རྡོ་རྗེ་ཁྱོད་མི་འགྱུར།། ལས་སུ་འགྲུབ་པ་ཡིན།། མངའ ་འདའ་མེད་འཆད་དང་ལྷག་པ་མེད་པའི་དོན།། བདག་གཞན་དགེ་སྡིག་དུ་མར་བྱེད།། དམ་པར་བཤད་པར་བྱས་པ་ཡིས།། མ་ལུས་འདུས་པ་མཉན་པར་བྱོས།། མཚན་མ་སྔགས་ཀྱི་རིམ་པ་ནི།། སྐུ་གསུང་། ཐུགས་ཀྱི ་ཕྲེང་བ་སྟེ།། དོན་དམ་ཇི་ལྟར་གསལ་བྱ་ན།། སྒྲ་ནི་འཇུག་པའི་རྒྱུ་ཡིན་ཏེ།། དབྱངས་ནི་སྦྱོར་བའི་རྐྱེན་ཡིན་ནོ།། ཉེ་བར་བསྟན་པ་འདི་ལྟ་སྟེ།། ཡེ་ཤེས་ལྔ་ཡི་བདག་ཉིད་སྟེ།། ཡོན་ཏན་རྫོགས་པའི་ཡེ་ཤེས་བཞག། དེ ་འོག་དབྱངས་ཀྱི་དང་པོ་བཞག། དེ་འོག་སྒྲ་ཡི་དང་པོ་ལ།། སྒྲ་ཡི་དྲུག་པའི་གཉིས་པ་ཡིས།། འོག་ནས་འཁྲིགས་ཉིད་དུ་མ་བྱ།། དབྱངས་ཀྱི་བཅུ་གསུམ་པའི་སྟེང་ནས་བརྒྱན།། སྒྲ་ཡི་བཞི་པའི་དང་པོ་བཞག། དབྱངས ་ཡིག་བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན།། དེ་རྗེས་སྒྲ་ཡི་དང་པོ་བཞག། དེ་འོག་སྒྲ་ཡི་དྲུག་པའི་དང་པོའོ།། དེ་རྗེས་སྒྲ་ཡི་ལྔ་པའི་ཐ་མ་བཞག། དེ་འོག་སྒྲའི་བཞི་པའི་དང་པོ་སྟེ།། སྒྲ་ཡི་དང་པོའི་འོག། དེ་འོག་སྒྲ ་ཡི་འདུས་པའི་བཞི་པ་སྟེ།། དེ་རྗེས་སྒྲ་ཡི་བཞི་པའི་ཐ་མའོ།། སྒྲ་ཡི་ལྔ་པའི་ཐ་མའོ།། དེ་འོག་སྒྲ་ཡི་བཞི་པའི་དང་པོ་བཞག། དེ་རྗེས་སྒྲ་ཡི་ལྔ་པའི་གསུམ་པ་བཞག། རྡོ་རྗེ་བཞི་པའི་ཐ་མས་བརྟེན།། དེ་འོག་སྒྲ་ཡི་ལྔ ་པའི་གསུམ་པ་བཞག། དེ་འོག་སྒྲ་ཡི་གསུམ་པའི་ཐ་མ་བཞག། དེ་འོག་སྒྲ་ཡི་གཉིས་པའི་བཞི་པ་བཞག། དེ་རྗེས་སྒྲ་ཡི་བདུན་པའི་བཞི་པ་ལ།། དབྱངས་ཀྱི་གཉིས་པས་འོག་ནས་བརྟེན།། དབྱངས་ཀྱི་ལྔ་པས་འོག་ནས ་ཧུགས་ཞུགས།། སྒྲའི་ལྔ་པའི་མཐའ་མས་སྟེང་ནས་སྟེ།། དེ་རྗེས་སྒྲ་ཡི་ལྔ་པའི་གཉིས་པའོ།། བཞི་པའི་དང་པོས་ཉེ་བར་བརྟེན།། དེ་ནི་སྐུ་ཡི་འཁོར་ལོ་བཅུད།། ཕྲེང་བ་སྟོབས་ཀྱི་སྦྱོར་བའི་ཕྲེང་བ་ནི།། བདུད་འཇོམས ་བདེན་པ་དབུ་རུ་བཞག། དྲུག་པའི་གསུམ་པས་ཀླད་ནས་སྟེ།། ཨ་ཤའི་ཐ་མའི་འོག་ནས་སྦྱར།། དབྱངས་ཀྱི་དང་པོའི་འོག་ནས། ཧུག་ཞུགས།། དེ་འོག་ཨ་ཤའི་དང་པོ་ལ།། གསུམ་པའི་དང་པོར་སྦྱར་བྱས་སྟེ།། དེ་ལ ་།། དྲུག་པའི་གསུམ་པས་བརྒྱན།། དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་བཞི་པ་ལ།། དབྱངས་ཡིག་བཞི་པས་སྟེང་ནས་བརྒྱན།། དེ་འོག་སྒྲ་ཡི་དང་པོ་ལ།། དྲུག་པའི་གསུམ་པས་འོག ་ནས་བརྒྱན།། དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན།། སྒྲ་ཡི་བཞི་པོའི་དང་པོས་བརྟེན།། དེ་འོག་གསུམ་པའི་ཐ་མ་དང་།། བཞི་པའི་ཐ་མས་མེ་བར་སྦྱར།། དེ་རྗེས་བསྡུ་བའི་སྙིང་པོ་གསུམ།། དེ་རྗེས་སྐད་པའི ་སྙིང་པོ་གསུམ།། འདི་ནི་ཐུགས་ཀྱི་འཁོར་ལོའི་བཅུད།། བསྡུ་བའི་ཡི་གེའི་ཕྲེང་བའོ།། གཞན་ཡང་གསུམ་གྱི་ཕྲེང་བ་ཅན།། ཕྲེང་བ་བསྡུས་ནས་བརྗོད་པ་ཉིད།། འཁོར་ལོ་གསུམ་མཆོག་ཕྲེང་བ་སྟེ།། དེ་ནི་ང་ཡིས ་བཤད་པ་ཡིས།། འབྲུ་དགུ་སྐུ་ཡི་བཤད་པ་བཞིན།། རྡོ་རྗེའི་སྒྲ་ཡི་དང་པོ་སྟེ།། དྲུག་པའི་ཐ་མ་ཉེ་བར་བསྟན།། དེ་རྗེས་དྲུག་པའི་དང་འོག་དང་།། དེ་རྗེས་ལྔ་པའི་གསུམ་པ་དང་།། དེ་རྗེས་སྒྲའི་གསུམ་པ་འོག་དང་པོ ་སྟེ།། དེ་སྟེང་སྒྲ་ཡི་དྲུག་པའི་གསུམ་པ་ལྔ།། སྒྲ་ཡི་དང་པོར་གསུམ་པར་སྦྱར།། སྒྲ་ཡི་དྲུག་པའི་གསུམ་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། སྒྲ་ཡི་ལྔ་པའི་དང་པོ་བཞག། དེ་འོག་བཞི་པ་ཐ་མ་ལ།། དབྱངས ་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་བསྡུས་པའི་སྙིང་པོ་གསུམ།། སྐྲོད་པའི་ཡི་གེ་ནག་པོ་གསུམ།། གསུམ་པའི་ཡི་གེ་ཕྲེང་བའོ།། སྐུ་གསུང་ཐུགས་ཀྱི་ཕྲེང་བ་འདི།། བདུད་ཀྱི་འཁོར་ལོའི་ཐིག་ལེ་སྟེ།། དེ་ཡི ་དངོས་གཞི་བཞི་ཅིག་སྟེ།། ཡོན་ཏན་བསྡུད་ཅིང་དཔའ་འཇོམས་པ།། བྱ་བ་རྣམས་ཀྱི་སྔོན་འགྲོ་བའོ།། ཐུན་མོང་བསྙེན་པའི་མཆོག་ཡིན་ནོ།། རྟགས་དང་མཚན་མ་བདེ་ལྡན་བྱའོ།། ཞེས་གསུངས་སོ།། དེ་ནས་ཉེ་བའི ་བསྙེན་པ་ལ་བསྟེན་པའི་ཕྱིར། འདི་སྐད་ཅེས་འཁོར་རྣམས་ལ་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། འདུས་པའི་ཚོགས་དང་བཅས་པ་ཉོན།། ཉེ་བར་བསྙེན་པའི་བཟླས་པའི་ཚུལ།། ལྕེ་ཡི་དྲན་པ་བསྡོག ་ཅིང་འདྲིལ།། སེམས་ཀྱི་དབང་པོ་བསྐུལ་ཞིང་དབབ།། དམིགས་པའི་དོན་ཀུན་ཕྱག་རྒྱ་རྫོགས།། ཡོན་ཏན་ཀུན་འདུས་དེ་ཡིས་ཤེས་གསུངས་སོ།། དེ་ཉིད་བརྗོད་པ་འདི་ཡིན་ཏེ།། ཡོན་ཏན་ལྔ་ལྡན་སྙིང་པོ་བཞག། དེ ་རྗེས་ལྔ་པའི་ཐ་མ་སྟེ།། དེ་འོག་དབྱངས་ཡིག་བདུན་པའོ།། དེ་འོག་གཉིས་པའི་དང་པོ་བཞག། དེ་ནས་བདུན་པའི་བཞི་པ་སྟེ།། དེ་འོག་བཞི་པའི་དང་པོ་བཞག། བཅུ་གསུམ་པ་ཡི་སྟེང་ནས་བརྒྱན།། དེ་འོག་ལྔ་པའི ་ཟཐ་མ་བཞག། བཅུ་གཅིག་པ་ཡི་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་དང་པོ་བཞག། དེ་ནས་བསྲུང་བའི་ཡི་གེ་སྟེ།། ཕན་པའི་ཡི་གེ་རྗེས་ལ་འོང་།། དེ་ནས་གཉིས་པའི་ཕྲེང་བ་བརྟན་པ་ནི། སྒྲ་ཡི་དྲུག་པའི་དང་པོ ་བཞག། དེ་རྗེས་ལྔ་པའི་ཐ་མ་སྟེ།། བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་དང་པོ་ཡིན།། བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་བཞག། དབྱངས་ཡིག་བཞི་པས་འོག་ནས ་ཐུགས་ཅག་ས།། དེ་ལ་བཞི་པའི་ཐ་མ་བཞག། དྲུག་པའི་དང་པོ་དེ་ཡི་འོག། བཅུ་གསུམ་པ་ཡིས་སྟེང་ནས་སོ།། དེ་ནས་ལྔ་པའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོའོ།། བསྡུ་བའི་ཕྲེང་བ་འོག་ནས ་ཤེས།། དེ་བཞིན་གསུམ་པའི་ཕྲེང་བ་ནི།། རྫོགས་རྗེས་དྲུག་པའི་དང་པོའོ།། དེ་རྗེས་ལྔ་པའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོ་ལ།། བཅུ་གསུམ་པ་ཡི་སྟེང་ནས་སོ།། དེ་འོག་བཞི་པའི་ཐ་མ་ལ།། དབྱངས་ཡིག ་བཞི་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་དང་པོ་སྟེ།། དེ་རྗེས་སྒྲ་ཡི་དང་པོ་བཞག། བདུན་པའི་དང་པོ་འོག་ནས་བརྟེན།། བཅུ་གཅིག་པ་ཡི་སྟེང་ནས་བརྒྱན།། དེ་འོག་ཟཔའི་དང་པོ་བཞག། བསྡུ་ཞིང་ཕྲེང་བ་གོང ་དང་མཐུན།། འཕྲུལ་གྱི་ཕྲེང་བ་བཞི་པ་ནི།། སྒྲ་ཡི་དྲུག་པའི་དང་པོ་སྟེ།། དེ་རྗེས་སྒྲ་ཡི་དང་པོ་བཞག། བདུན་པའི་དང་པོ་འོག་ནས་བརྟེན།། བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་དང་པོ་བཞག། ་དེ་རྗེས་གཉིས་པའི་དང་པོའོ།། དེ་རྗེས་བཞི་པའི་ཐ་མ་བཞག། དབྱངས་ཡིག་དགུ་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་རྗེས་པའི་ཐ་མ་བཞག། དེ་རྗེས་དྲུག་པའི་དང་པོའོ།། དེ་རྗེས་བསྡུ ་བའི་ཡི་གེ་དང་།། ཀཱ་ལི་བསྐྲད་པའི་ཡི་གེ་ནི།། གོང་དུ་བསྟན་པ་བཞིན་དུ་ཤེས།། ཞེས་གསུངས་སོ།། དེ་ནས་ཡོན་ཏན་དོན་བསྟན་པ།། སྔགས་ཀྱི་ཕྲེང་བ་བཅུ་གསུམ་གཉིས།། བཏུ་དང་བཀྲུག་དང་བསྡེབས་དང ་བརྟེན།། སྐད་དང་སྦྱར་ཞིང་སྟོན་པས་གྲུབ།། ལས་ཀྱི་སྦྱོར་བས་དུ་མ་བཤད།། སུམ་ཅུ་གཉིས་ཀྱི་ཕྲེང་བ་འདི།། རྩ་བ་ཡིན་ཏེ་ཐམས་ཅད་བསྐྱེད།། སྙིང་པོར་གྱུར་པས་ཐམས་ཅད་འདུས།། ཨུར་མོ་ལྟ་བུར་གདུག་པ ་མེད།། ཅེས་གསུངས་སོ།། མཚན་མ་གསུམ་གྱི་དགུག་པ་དང་།། ཞེས་སོ་སོར་ཞུགས་ཏུ་སྦྱོར།། དྲིལ་གཏོར་ཉིན་མཚན་གཉིས་ཀྱི་དབྱེ།། ཐོག་མར་བསྡུ་བའི་སྙིང་པོ་ཧཱུཾ།། དེ་འོག་ཨུ་ཤའི་གསུམ་པ་སྟེ།། དེ་རྗེས་ལྔ ་པའི་ཐ། མའི་མ་བཞག། དྲུག་པའི་དང་པོ་ཉེ་བར་གསུངས།། དེ་འོག་ལྔ་པའི་ཐ་མ་བཞག། དེ་རྗེས་དྲུག་པའི་དང་པོ་སྦྱིན།། དེར་ཡང་དྲུག་པའི་དང་པོ་སྟེ།། དེ་འོག་ཟ་པའི་ཐ་མ་སྦྱིན།། དེ་རྗེས་གཉིས་པའི་དང་པོ ་ལས།། དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་དང་པོ་སྦྱིན།། དེ་རྗེས་ཟཔའི་གསུམ་པ་སྟེ།། གཉིས་པའི་གསུམ་པ་ཉེར་སྦྱར་ལ།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། དེ་རྗེས་བདུན་པའི ་གཉིས་པ་སྟེ།། དེ་འོག་གཉིས་པའི་བཞི་པ་ཡིས།། དེ་ཡི་ཉེ་བར་བསྟན་པ་ནི།། མཚན་མ་གསུམ་གྱི་འགུགས་པའི་མཆོག། ཧཱུཾ་དང་ཕཊ་དང་སྭཱ་ཧཱ་རྣམས།། སྐབས་ཀྱི་ཡང་དག་ལས་སུ་བཤད།། ཐུན་མོང་མཆོག་གི ་དངོས་གྲུབ་འབྱུང་།། དགུག་པ་ཀུན་གྱི་རྗེས་སུ་འཇུག། ཅེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། རྩ་བའི་དོན་ལ་ལོ་མའི་མཚོན།། རིན་ཆེན་མེ་དང་འདྲ་བ་ཡི།། ་། བཅུ་བདུན་སྔགས་ཀྱི་ཕྲེང་བ་དང་།། འཁོར་ལོ་རལ་གྲི་ལྟ་བུ་ཡི།། སྤུ་གྲི་མཚོན་ཆེན་བཤད་དུ་གསོལ།། ཅེས་གསུངས་སོ།། དེ་ནས་ཡང་འཇིགས་བྱེད་ཆེན་པོས་གསུངས་པ། ཉོན་ཅིག་ཟུངས་ཤིག་རྡོ་རྗེ ་འཛིན།། འདུས་པའི་ཚོགས་དང་བཅས་པའོ།། ཐམས་ཅད་བསྐྱེད་པའི་རྩ་བ་སྟེ།། ཡོན་ཏན་འདུས་པའི་སྙིང་པོ་མཆོག། ལས་བྱེད་གཅོད་པས་སྤུ་གྲིའོ།། ཡ་མ་མེ་ཏ་ཀྵེ། ར་ཙ་ས་ཏོ་རུ་ན་ཡོ་ནི། ར་ཡ་ཙ་ནི། ཨ་མུ་ཀམ ་པྲ་མ་ཡ་ནི་ཤ་ཀུ་རུ་ནི། རཀྟ་ཙ་ར་ཡ་མུ་ར་ཙ་ཡ།། མ་ར་ཡ་ཅེས་གསུངས་པས། འཇིག་རྟེན་དྲུག་གཡོས་རབ་རུ་གཡོས། ཀུན་ཏུ་གཡོས། འདར་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར་བར་གྱུར་ཏོ།། འཁོར་རྣམས་ཀྱིས ་ལས་ཀྱི་རིམ་པ། མཐའ་དག་བཅས་པ་དེ་ཉིད་དུ་སོན་པར་གྱུར་ཏོ།། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་བསྩལ་ཏོ།། སངས་རྒྱས་ཀུན་གྱི་བདག་ཉིད་ཅན།། འཇིགས་བྱེད་ཆེན་པོས་དགོངས་སུ་གསོལ།། གདུལ་བྱ ་སྨིན་པར་མཛད་སླད་དུ།། སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས།། རྩ་བའི་ཕྲེང་བ་བསྟན་དུ་གསོལ།། ཞེས་ཞུས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས ་པ་ལ་སེམས་ཐུད་ཅིག། སངས་རྒྱས་ཀུན་གྱི་བདག་ཉིད་དེ།། རྒྱལ་བ་ཀུན་གྱིས་བྱིན་གྱིས་བརླབས།། དབང་བསྐུར་གནང་བ་ཐོབ་པ་སྤྲོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཏ་བཉྫ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཀ ་ལ་རུ་པ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཧྲི་སྟི་ཝི་ཀྲི་ཏ་ན་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ས་མ་ཡ། ས་མ་ཡ་མཉྫུ་ཤཱི་ཡ་མནྟ་ཀ་ཡ་མ་ར་ཙ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཏྲག་ཤད་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏི་ཀི་མ་ཙ་ཙ་ཁ་ལ་མ་ཏི་བྷྱོ ་ཡ་ཡ་ལོ་ན་ཙི་ན་དྷ་མ་ལ་བྷྱོ་བྷྱོ་ས་མ་ཡ་སྟོམ་ཛ་ཛ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མནྟ་ཀ་ཡ་མ་ར་ཙ་རུ་ཡོ་ཀྵེ་ཡ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛ་ཛ། མ་མ་རག་མོ་རག་མོ་ཏྲག་རཀྟ་མུ་ཏྲ་ཁ་མུན་སྙིང་ཁ་རག་མ། རག་མོ་རག་མོ་སརྦ ་རག་མོ་ཏི་ཀུན་ཛ་ཛ། ཁ་ལ་མ་ཏི་ཡ་བྷྱོ། མ་ལུས་པ་ཡི་སྙིང་རྗེ་ནི།། རྩ་བའི་དོན་དུ་ཤེས་པར་བྱ།། ཞེས་བཀའ་བསྩལ་པས། དེ་ནས་འཁོར་རྣམས་དང་བའི་སེམས་ཀྱིས་འདུན་ཏོ།། ཟླ་གསང་ནག་པོའི་རྒྱུད་ལས ་གསང་སྔགས་མདོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་དེས། དབང་བསྐུར་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འཁོར་རྣམས་ལ་འདི་སྐད་བཀའ་བསྩལ ་ཏོ།། འཁོར་བ་དང་ནི་མྱ་ངན་འདས།། ཡོན་ཏན་ཕུན་སུམ་ཚོགས་པ་པ་ལ་རྫོགས།། གསང་བ་ཡེ་ཤེས་ཚོགས་དང་རྫོགས།། དྲག་པོ་འདུལ་བའི་ཆོས་ཀུན་པ་ལ་རྫོགས།། ཅེས་བཀའ་བསྩལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེ ་ལ་སོགས་པའི་འཁོར་རྣམས་ཀྱིས་དབང་གིས་དོན་གནང་བར་རིགས་ནས། འཁོར་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་མོས་པའི་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས།། ཡེ ་ནས་ཐོབ་པའི་དོན་མ་རིག། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ཞེས་གླེང་ངོ་།། ཉོན་ཅིག་ཟུངས་ཤིག་འདུས་པའི་ཚོགས།། འདི་ནི་ཤེས་པར་དཀའོ་ཞེས་བཀའ་བསྩལ་ཏོ།། འཁོར་ལོ་སྒྱུར་བའི་སུམ་ཅུ ་རྩ་གཉིས་མཚན་ལྟ་བུའོ།། རང་ལ་གནས་པའི་དོན་བསྟན་ན།། སྐྱོན་ཡོན་སྣོད་དང་སློབ་དཔོན་དང་།། རྣམ་གྲངས་རིམ་པའི་དོན་བསྟན་པའོ།། དབང་བསྐུར་གནང་བ་མ་ཐོབ་པར།། གང་ཞིག་སྔགས་ལ་འཇུག ་བྱེད་པ།། ཉོན་ཅིག་བསྒྲུབ་པ་བྱེད་པ་རྣམས།། འབྲས་བུ་མེད་ཅིང་རླག་བྱེད་འགྱུར།། དབང་མ་ཐོབ་པའི་གང་ཟག་ནི།། གཞན་ལ་ཡོན་ཏན་གང་མང་ཡང་།། འཁོར་ལོ་སྲོག་ཤིང་མེད་པ་འདྲ།། དེ་བས་དབང་རྣམས ་རིམ་པར་ནོས།། འཇམ་དཔལ་ང་ཡིས་བཀའ་བསྔལ་ཉོན།། ཅེས་གསུངས་སོ།། དེ་ནས་ཡང་གསུངས་པ། དབང་། བསྐུར་རེ་བ་ནི་ཐོབ་གྱུར་ཅིང་།། དབང་རིམ་ཡན་ལག་རྫོགས་པ་ཡིས།། ལས་རྣམས་མ་ལུས་འགྲུབ ་པར་འགྱུར།། ཞེས་བཀའ་བསྩལ་ཏོ།། ཇི་ལྟ་བུ་ལ་ཞུ་བ་བསྟན་པ་ནི། ཤེས་རབ་ཡངས་ལ་ཆོས་རྣམས་སྟོན།། ལྟ་བ་ཡངས་ལ་ཕྱོགས་དང་བྲལ།། སྤྱོད་པ་མ་འགག་ཐབས་སུ་སྦྱོར།། སྒོམ་པ་སྲན་ཆེན་འགྱུར་བ་མེད།། ་དམ་ཚིག་གང་ཡང་ཉམས་པ།། དེ་ནི་དབང་སྣོད་སློབ་དཔོན་ནོ།། སློབ་མའི་མཚན་ཉིད་བསྟན་པ་ནི།། རང་བཞིན་བཟང་བ་ནམ་མཁའ་འདྲ།། སྤྱོད་པ་བཟང་བ་ས་གཞི་འདྲ།། དམ་ཚིག་འཇིཊ་པའི་མཁར་ལྟར་སྐྲུན།། ་ལྟ་བ་བཅོས་པ་མེད་པ་འཆང་།། སྐུ་གསུང་ཐུགས་ཀྱི་སྲས་བྱེད་པ།། སེར་སྣ་མེད་པའི་ཡོན་གྱིས་བླུ།། འཁྲུལ་ལྡོག་པ་ཡི་རྣལ་འབྱོར་པ།། དེ་ལ་དབང་རྣམས་རྫོགས་པར་བསྐུར།། ཞེས་གསུངས་སོ།། དེ་ལ་རྣམ་གྲངས ་རིམ་པ་ནི།། གནས་དང་དཀྱིལ་འཁོར་བསྟན་པ་དང་།། ལས་ཀྱི་རིམ་པ་དབང་གི་གྲངས།། དེ་ལ་གནས་ཀྱི་ཚུལ་བསྟན་པ།། ཟླ་གམ་འཁྱིལ་པ་ཁྲག་གི་མཆི་རིས་ཅན།། བཞི་མདོ་ཁང་སྟོང་སྡུད་པའི་མཆོག། དེ་རུ ་དཀྱིལ་འཁོར་བསྟན་པ་ནི།། དང་པོ་ས་གཞི་སྦྱངས་བྱས་ནས།། དོན་མཐུན་པའི་མཎྜལ་ཆག་ཆག་གདབ།། དང་པོའི་ཚོགས་འདི་བརྗོད་པར་བྱ།། ཧཱུཾ་མ་ཆགས་སྐྱེ་བ་མེད་པ་ཡི།། ཆགས་མེད་ཡུམ་གྱི་གཞལ་ཡས ་ནས།། ཐབས་ཀྱི་འཕྲོ་འདུ་ཡེ་ཤེས་རོལ།། ཐབས་དང་ཤེས་རབ་འབྲེལ་བ་ཡིས།། གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས།། བྱང་ཆུབ་སེམས་སུ་དབང་བསྐུར་ཕྱིར།། དབང་གི་མཎྜལ་བརྩིག་པར་བྱའོ།། ལན ་གསུམ་དག་ཏུ་བརྗོད་པར་བྱའོ།། ཨོཾ་བཛྲ་ཨ་མྲྀ་ཏ་མ་དྷ་ལ་ཧཱུཾ་ཕཊ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། བ་སུ་ཏ་ཡི་ཐིག་གིས་གདབ།། དེ་ནས་དཀྱིལ་འཁོར་བྲི་བར་བྱ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། ་གམ་དབང་གིས་མཛེས་པར་བྱ།། སྒོ་ལྡན་བརྒྱན་རྣམས་ཀུན་གྱི་བརྒྱན།། དེ་ལ་གནས་པའི་རིམ་པ་ནི།། གཤེད་པོ་ཡབ་ཡུམ་རིམ་གྱིས་ཚུལ་བཞིན་དགོད།། སྐུ་མདོག་སྨུག་ནག་བརྒྱན་རྣམས་རྫོགས།། ཞེས ་། གསུངས་སོ།། དེ་ལ་ལས་ཀྱི་རིམ་པ་ནི།། དཀྱིལ་འཁོར་ལྷ་རྣམས་མ་ལུས་བསྐྱེད།། སྙན་གསན་དབབ་དང་སྤྱན་འདྲེན་བརྟན་པར་བཞུགས།། ཕྱག་འཚལ་མཆོད་ཅིང་བསྟོད་པ་དང་།། འཛབ་བཟླ་བསྙེན ་བསྒྲུབ་རྫོགས་པར་ལྡན།། དེ་ནས་བུ་རྣམས་ཁྲུས་བྱ་སྟེ།། ཕྱག་འཚལ་གསོལ་གདབ་རིམ་པར་རྫོགས།། དབང་གི་རིམ་གྲངས་རིམ་པ་ལྔ་ཡིས་རྫོགས་པར་བཤད།། རྡོ་རྗེ་སློབ་དཔོན་འབར་བ་གིང་།། རྒྱན་ཆས་རྟགས ་དང་བྱང་ཆུབ་སེམས།། དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ།། སྔོན་དུ་བྱ་བའི་ལས་ཟིན་ནས།། རིམ་པ་རྫོགས་པར་བསྐུར་བར་བྱ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ནི། བདེ ་གཤེགས་མ་ལུས་མཁའ་ལ་འདྲེན།། ཤེས་པ་མཐོང་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ།། སྡུག་བསྔལ་སྐྱབས་མཛད་མ་རིག་འདྲེན་བྱེད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྒྱུར་བྱེད་ཅིང་།། འབུ་ཏིའི་བའི། གདུང་འཚོ་བ་རྡོ ་རྗེ་སློབ་དཔོན་མཆོག། གང་གིས་མངོན་དུ་ལྷུན་གྱིས་གྲུབ་པའི་དབང་།། དབང་མཆོག་མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག། ཨོཾ་སརྦ་ཏ་མ་ཧཱ་མ་གུ་རུ་ཤ་ར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ&ཿ། དེ་ནས་ཕྱག་རྒྱ་ཆེན་པོའི་དབང ་བསྐུར་བ། ཧཱུཾ། ཐུགས་རྗེ་ཐབས་མཁས་རང་བྱུང་ཧེ་རུ་ཀ་ཁམས་གསུམ་དབང་ཕྱུག་རང་བྱུང་བཅོམ་ལྡན་འདས། ཁམས་གསུམ་གདུག་པས་སྲེག་མཛད་འབར་བ་གིང་གི་ལྷ།། ཆེ་བའི་ཆེ་མཆོག་དབང་ཕྱུག་ཆེན་པོའི ་སྐུ།། རྟོགས་པ་ཐུགས་རྗེ་འབར་བའི་དཀྱིལ་འཁོར་ལ།། ཡེ་ཤེས་མེ་འབར་བསིལ་བའི་འོད་འབར་སྟེ། ཁྲོ་ཚོགས་འབར་བའི་དབང་ཚོགས་རྣམས་འབར་བ།། ཡེ་ཤེས་མེ་འབར་བ་ཡི་ཆེན་པོའི་དབང་།། གདུག་པ ་ཟིལ་གནོན་མ་རིག་སྲེག་མཛད་ཅིང་།། ཀུན་ལ་མེད་པའི་འབར་བ་ཆེན་པོའི་དབང་།། རིགས་ཀྱི་བུ་མཆོག་དབང་མཆོག་ཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛ་ལ་མ་དྷ་ལ་མ་ཧཱ་ཤ་ས་ཛྲ་སྭཱ་བྷཱ་བ་ཨཏྨ་ཀོ&ཧཾ། ཁམས ་གསུམ་སྒྲོལ་བའི་གིང་གི་དབང་བསྐུར་ཏེ།། ཡེ་ཤེས་དྲེགས་པས་ཐམས་ཅད་སྒྲོལ་བའི་གིང་།། ཆེ་བ་རྒྱལ་པོ་ཀུན་གྱི་བདག། ཐམས་ཅད་ཀུན་ཏུ་དཔའ་བའི་མཚན།། ཡེ་ཤེས་གཤེད་བཞིས་ཐམས་ཅད་སྒྲོལ་བའི ་གིང་།། ཞིང་བཅུ་སྲེག་པའི་ཉི་མ་སྟེ།། དབང་མཆོག་འདི་ཡི་དབང་བསྐུར་བས། ཁམས་གསུམ་མ་ལུས་ཐལ་བར་རློག། དེ་འདྲའི་དབང་མཆོག་ཐོབ་པར་ཤོག། ཨོཾ་མ་ཧཱ་བ་དྷ་བ་ཡ་ཧཱུཾ་ཨ་བྷི་ཥིཉྩ་ཡ། དེ་ནས་རྒྱན་ཆ ་། རྟགས་ཀྱི་དབང་བསྐུར་ཏེ། དེ་ནས་ཐོད་རློན་གྱི་ཕྲེང་བ་ཐོགས་ལ་འདི་སྐད་དོ།། ཧཱུཾ་དུང་ཆེན་ཁོང་གསེང་དབང་པོ་ལྔ་དང་ལྡན།། སྐུ་གསུང་ཐུགས་སུ་ཚུལ་འཆང་སྐམ་རློན་ར་རིའི་ཚུལ།། འཁོར་བ་གནས་བསྡུད ་ཐབས་ཀྱི་ཕྲེང་བས་བརྒྱན། ཁམས་གསུམ་དབང་ཕྱུག་ཐོད་རློན་དབང་བསྐུར་བས།། སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག། ཨོཾ་པདྨ་བནྡྷ་ཀ་པཱ་ལ་མ་ཧཱ་ཤ་ཧཱུཾ་ཨ་བི་ཤི་ཛ་བྷིཥྚྲྀ9ཧཱུཾ།། དེ་ནས་སྦྲུལ་གྱི་ཆུན ་། པོས་དབང་བསྐུར་བ་འདི་སྐད་དོ།། ཐོད་རློན་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ།། སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམ་བརྗིད་དང་།། སྐུ་མཆོག་ཕྱིར་ཡང་སྐུ་ཡི་གནས་ལྔ་འཁྲིལ།། དུག་ལྔ་མ་སྤངས ་དབང་གི་རྟགས་སུ་བསྟན།། མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས།། རྫུ་འཕྲུལ་ཤུགས་ཀྱིས་ཀླུ་རྒྱལ་དབང་དུ་བསྡུད།། གཏི་མུག་འདུལ་བའི་དབང་ཆེན་ཡིན་པའི་ཕྱིར།། སྦྲུལ་ནག་སྟོང་གི་ཆུན་པོས་དབང ་བསྐུར་བས།། ཞེ་སྡང་དྲག་པོ་འབར་བའི་གནས་དག་ན།། ཐབས་མཁས་རྒྱལ་པོ་མཉེས་པའི་དབང་ཐོབ་ཤོག། ཨོཾ་བཛྲ་ན་ཀ་ར་ཙ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥིཉྩ་ཨ། དེ་ནས་ཞིང་གི་གཡང་གཞིས་དབང་བསྐུར་བ།། ་ཧཱུཾ། ཞིང་ལྤགས་རྟག་ཏུ་གསོལ་བས་དུར་ཁྲོད་བདག། གཡང་གཞི་ཚེ། སུག་སྐུལ་ཐོག་སྤྱད་པ་སྐུ་ལ་བཅིངས།། འཁོར་བ་མ་སྤངས་གནས་སུ་དག་པ་ཡིས།། དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར།། ཞིང་ཆེན ་གཡང་གཞིས་ཁྱོད་ལ་དབང་བསྐུར་བས།། ཞིང་ཆེན་རློན་པའི་ཐབས་ལ་མཁས་པ་ཡིས།། འཁོར་བའི་གནས་ལས་ཡོངས་སུ་རྒྱལ་བར་ཤོག། བམ་སྨིན་ཏ་ཁའི་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་སྟག་ལྤགས་ཀྱི་དབང་བསྐུར ་པབ།། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་ཅན།། སྟག་ལྤགས་ཤམ་ཐབས་དཔལ་བར་ལྡན་པ་ཡིས།། སྡིགས་མཛུབ་འདོམས་སུ་བསྣོལ་བས་ཕྱི་ནང་གསང་བར་གཅིག། ཕྲེང་ཐོགས་གནས་འཇོམས་སྟག་ལྤགས་དབང ་བསྐུར་བས།། ཞེ་སྡང་གནས་འཇོམས་ཕྲག་དོག་ཀུན་རྒྱལ་བའི།། དབང་མཆོག་དམ་པ་གནས་འདིར་ཐོབ་པར་ཤོག། ཨོཾ་བཛྲ་བྱ་ཀྲི་ས་མུ་ཏྲ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་གླང་ཆེན་ཀོ་རློན་གྱི་དབང་བསྐུར་བས། ཧཱུཾ་གླང ་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་།། གཏི་མུག་མ་ལུས་གནས་ནས་དག་པའི་ཕྱིར།། ན་བཟའ་བརྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་།། ཐབས་ཀྱི་ཀཽ་རློན་བརྒྱན་གྱི་དམ་པ་འདི།། གསལ་བར་དམིགས་པའི་དབང་མཆོག ་འདི་བསྐུར་བས།། སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག། ཨོཾ་མུ་ཧ་དར་པ་ཤ་ཏ་ཧཱུཾ། དེ་ནས་བསྐལ་པའི་མེ་རིས་དབང་བསྐུར་བས། ཧཱུཾ་འབར་བའི་ཕྲེང་བ་ཡེ་ཤེས་ཐུགས་རྗེར་ལྡན།། གདུག་པའི་ཚོགས ་འཇོམས་ཉོན་མོངས་དུག་སྲེག་པ།། བསྐལ་པ་མེ་དཔུང་འབར་བའི་སྟེང་ལ་གནས།། ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ།། བསྐལ་པའི་མེ་རི་འབར་བས་དབང་བསྐུར་བས།། བར་ཆོད་བགེགས་ཀྱི ་། རྟོགས་པས་མི་ཚུགས་ཤིང་།། མཚན་མ་འཇོམས་པའི་དབང་མཆོག་ཐོབ་པར་ཤོག། ཨོཾ་ཛྭ་ལ་རཾ་ཧཱུཾ་ཨ་བྷི་ཥིཉྩ་ཨ། དེ་ནས་འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྱིས་དབང་བསྐུར་བས། ཧཱུཾ། བདུད་ཡུལ་གཡུལ་ལས ་བརྒྱན་པའི་སྟགས་རྒྱལ་བའི་རྟགས། ཀྱི་ཕྱག་མཚན་སྟེ།། གདུག་པ་གདུལ་ཕྱིར་མཚོན་ཆ་སྣ་ཚོགས་བསྣམས།། འཁོར་ལོ་རལ་གྲི་ཐོ་བ་དང་།། ཐོད་པ་སྡིགས་མཛུབ་ཕུར་པ་ལ་སོགས་པ།། གདུག་པའི་མཚོན་ཆ་སྣ་ཚོགས ་ཀྱིས།། དཔའ་བོ་བདུད་ལས་ཀུན་ཏུ་རྒྱལ་བ་དང་།། ཚམས་རྔམ་རྟགས་ཀྱི་དྲག་པོ་འདུལ་བ་དང་།། ཉོན་མོངས་ཚར་གཅོད་གདུག་པ་འདུལ་བ་ཡི། ཁམས་གསུམ་དྲག་པོ་ཀུན་ལས་རྒྱལ་བ་ཡི།། དབང ་མཆོག་དམ་པ་ཉེ་བར་ཐོབ་པར་ཤོག། ཨོཾ་བཛྲ་ཙཀྲ་ཁད་ག་ཀ་ལ་རུ་པ་ག་ཙེ་རུ་ཀཱི་ལ་ཡ་ཧཱུཾ་ཨ་བྷི་ཥིཉྩ་ཨ། ཞག་གིས་ཚོམ་བུས་དབང་བསྐུར་བས།། ཧེ་རུ། གི་ཀ་སི། གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད ་ནས།། ཞིང་ཆེན་གསར་རྙིང་སྟི་རར་བཅས།། དམར་གྱི་ཨརྒྷཾ་རྒྱ་མཚོ་སྐྱིལ།། ཞག་གི་ཚོམ་བུས་མཚོན་པ་ནི།། འདི་ཡང་སྟོན་གྱི་དམ་ཚིག་ལ།། འདིར་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ།། ཆོས་ཉིད་ཞག་གིས་བརྒྱན་པ་ཡིས།། ་ཞག་གི་ཚོམ་བུས་དབང་བསྐུར་བས།། ཆོས་ཉིད་དབྱིངས་སུ་བརྒྱན་པ་དང་།། གདུག་པ་ཐམས་ཅད་འདུལ་བ་དང་།། ཆེ་བའི་ཡོན་ཏན་རྒྱས་པ་ཡིས།། ཆོས་ཉིད་ཞག་གི་དབང་ཐོབ་ཤོག། ཨོཾ་མརྟ་སྟ་མ་བྷ་ག་བནྡྷ་ཨ ་ལ་ལ་ཧོ།། དེ་ནས་ཁྲག་གི་ཐིག་ལེས་དབང་བསྐུར་བ། ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། དཔལ་ཆེན་ཁྲག་འཐུང་འཁོར་བཅས་སྤྱན་འདྲེན་ཏེ།། ཞིང་ཆེན་གསར་རྙིང་སྟི་རར ་བཅས།། དམར་གྱི་ཨརྒྷཾ་རྒྱ་མཚོ་སྐྱིལ། ཁྲག་གི་ཐིག་ལེས་མཚོན་པ་འདི།། འདི་ཡང་སྔོན་གྱི་དམ་ཚིག་སྟེ།། འདི་ཡང་རྟགས་ཀྱི་ཕྱག་རྒྱའོ།། འདོད་ཆགས་གནས་སུ་དག་པའོ།། ཁྲག་གི་ཐིག་ལེས་དབང་བསྐུར་བས།། ་དུག་གསུམ་ཁྲོ་དྲག་འཇོམས་པ་དང་།། ང་རྒྱལ་དྲག་པོ་འདུལ་མཛད་པའི།། དབང་མཆོག་དམ་པ་ཐོབ་པར་ཤོག། ཨོཾ་རག་ཏི་ལ་ཀ་ཧཱུཾ།། དེ་ནས་ཐལ་ཆེན་གྱི་མཚལ་མས་དབང་བསྐུར་བས། ཧེ་རུ་ཀ་ཡི་གནས་བཅུ ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་།། དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ།། ཞིང་ཆེན་གསར་རྙིང་སྟི་རར་བཅས།། དམར་གྱི་ཨརྒྷཾ་རྒྱ་མཚོ་བསྐྱིལ།། ཐལ་བའི་མཚན་མས་བརྒྱན་པ་འདི།། འདི་ཡང ་སྔོན་གྱི་དམ་ཚིག་སྟེ།། འདི་ཡང་རྟགས་ཀྱི་ཕྱག་རྒྱའོ།། གདུག་པ་མ་ལུས་རབ་བཏུལ་བས།། སྣང་བ་ཉིད་ལ་ཐིག་ལེ་དང་དུ་འདུས།། ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱལ་བ་ཡི།། དབང་མཆོག་དམ་པ་ཐོབ་པར ་ཤོག། ཨོཾ་བཛྲ་ཛྙཱ་ན་བཛྲ་སཱཿཧཱ་བ་ཎྜལ། ཨཏྨ་ཀོ&ཧཾ།། དཔལ་ཟླ་གསང་ནག་པོས་རྒྱུད་ལས། འབྲས་བུ་མངོན་འགྱུར་དབང་གི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་གཤེད་པོས་གདུལ ་བྱའི་དོན་དུ་སྤྱན་དྲངས་པ་འདི་གསུངས་སོ།། དབུས་ཀྱི་ཁྲོ་བོ་བདག་ཆེན་ནི།། རྒྱལ་བའི་རིགས་ལྔས་དབུ་བརྒྱན་ཅིང་།། ཡེ་ཤེས་སེམས་དང་སྐུ་གསུང་ཐུགས།། དཀྱིལ་འཁོར་ལྷ་ཀུན་བྱིན་གྱིས་རློབས།། ཆོས་སྐུའི ་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་།། མ་གཏོགས་ཐུགས་རྗེ་བསྒྲལ་བའི་ཕྱིར།། མཉམ་པའི་ངང་ལས་མགུར་བཞེངས་གཤེགས་སུ་གསོལ།། ཨོཾ་ཤྲཱི་མཉྫུ་ས་མ་ཡ་སྟྭཾ། ཧཱུཾ་གཏི་མུག་མུན་ལྟར་འཐིབས་པའི་དཀྱིལ་འཁོར ་། ནས།། བཅོམ་ལྡན་གཤིན་རྗེ་གཤེད་པོ་སྤྱན་འདྲེན་ན།། འཁོར་གྱི་གཤིན་རྗེས་ལུས། སེམས། གདུག་པ་དང་།། འགྲོ་དྲུག་མ་ལུས་འཇོམས་ཕྱིར་གནས་འདིར་སྤྱོན།། འདོད་ཆགས་ཆུ་ལྟར་འབྲུབ་པའི་དཀྱིལ ་འཁོར་ནས།། རོ་ལངས་ཐལ་མདོག་འཁོར་བཅས་སྤྱན་འདྲེན་ན།། འཁོར་གྱི་དུར་ཁྲོད་མ་མོ་འདུལ་བ་དང་།། འགྲོ་བའི་འདོད་ཆགས་འཇོམས་ཕྱིར་གནས་འདིར་སྤྱོན།། ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ། ་ཁྲོ་མོ་ཨེ་ཀ་ཛཱ་ཏི་སྤྱན་འདྲེན་ན།། འཁོར་གྱི་སྲིད་གསུམ་མ་མོ་གདུལ་བ་དང་།། འགྲོ་བའི་ཞེ་སྡང་འཇོམས་ཕྱིར་གནས་འདིར་སྤྱོན།། ང་རྒྱལ་རི་ལྟར་བསྙིལ་བའི་དཀྱིལ་འཁོར་ནས།། སྲས། ཕྱོགས་མ་ག་ཡ་མ་ར་ཙ ་སྤྱན་འདྲེན་ན།། འཁོར་གྱི་གིང་འདུས་མ་མོ་འདུལ་བ་དང་།། འགྲོ་བའི་ང་རྒྱལ་འཇོམས་ཕྱིར་གནས་འདིར་སྤྱོན།། ཕྲག་དོག་རླུང་ལྟར་ཆུབ་པའི་དཀྱིལ་འཁོར་ནས། ཁྲོ་བོ་མཐར་བྱེད་གཤེད་ཆེན་གཤིན་རྗེའི་ཚོགས།། ། ་གིང་འདུས་མ་མོ་མཁའ་འགྲོ་ཕོ་མོའི་ཚོགས།། གདུག་པའི་དགྲ་བགེགས་མ་ལུས་འདུལ། ཁྲོ་བའི་ཕྲག་དོག་འཇོམས་ཕྱིར་གནས་འདིར་སྤྱོན།། ཨོཾ་ཧ་ཧ་ཧི་བྷ་ག་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཡ་ཀ་ཨ་གཙྪ་ཡ་ཡ་མ་ཡེ་ཛཿཧཱུཾ ་བཾ་ཧོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་སྤྱན་འདྲེན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོས། གདུལ་བྱའི་ཆེད་དུ་ཆེད་ཅིང་བསྟན་པར་བྱ་བའི་ཕྱིར་འདི་གསུངས་སོ།། ། ་ཨོཾ་ན་མོ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་དེ་བ་མ་དྷ་ལ་སརྦ། ཕུ་ཚ་པྲཿམེ་གྷ་ཁའི་ཥ་སི། ཨོཾ་ན་མོ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་ཏེ་བ་མན་དྷ་ལ། སརྦ་མ་དེ་བཛྲ་དུ་པེ་ཡི། སརྦ་པཱ་ཙ་མེ་ཁཱ་ཧི། བཛྲ་དྷཱུ་པེ་སརྦ་པཱ་ཙ་མེ་ཁཱ་ཧི། ་བཛྲ་དི་པ་ས་པྲཱ་ཙ་མེ་ཁ་ཧི། བཛྲ་ན་ག་དྷེ་སརྦ་པཱ་ཙ་མེ་ཁཱ་ཧི། བཛྲ་ནེ་པི་ཏ་སརྦ་པཱ་ཌེཙ་ཁཱ་ཧི། བཛྲ་གི་ཏ་པཱ་ཙ་མེ་གྷ་ཁཱ་ཧི། བཛྲ་ག་ད་ག་སརྦ་པཱ་ཙ་མ་མེ་ཁཱ་ཧི། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། ་གཏི་མུག་ཆེན་པོ་གཤིན་རྗེ་གཤེད་པོའི་སྐུ།། བདེར་གཤེགས་རྒྱལ་བའི་སྐུ་རྣམས་འདུས་པའི་བདག། འགྲོ་བ་ཀུན་གྱི་བག་ཆགས་རྒྱུད་སྦྱོར་ཞིང་།། མི་རྟོག་ཆོས་དབྱིངས་ཡེ་ཤེས་སྐུར་སྣང་བ།། འཇིགས་བྱེད་གཤིན ་རྗེ་གཤེད་ལ་ཕྱག་འཚལ་བསྟོད།། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པས།། འདོད་ཆགས་ཆེན་པོ་རོ་ལངས་ཁྲོ་མོའི་སྐུ།། བདེ་བར་གཤེགས་པ་རྒྱལ་བའི་གསུང་རྣམས་འདུམ།། བདག་ཅག ་ཡིད་ཀྱི་རྣམ་ཤེས་བག་ཆགས་རྒྱུད་སྦྱངས་ནས།། མེ་ལོང་ལྟ་བུའི་ཡེ་ཤེས་སྐུ་སྣང་བ།། ཨེ་ཀ་ཛཱ་ཏིའི་སྐུ་ལ་ཕྱག་འཚལ་བསྟོད།། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ།། ང་རྒྱལ་ཆེན་པོ་ཡ་མ་ར་ཙའི་སྐུ།། བདེ ་བར་གཤེགས་པའི་ཡོན་ཏན་འདས་པའི་བདག། ཉོན་མོངས་ཉིད་ཀྱི་བག་ཆགས་ཀུན་སྦྱོང་ཞིང་།། མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུར་སྣང་བ།། ཐུགས་ཀྱི་སྲས་མཆོག་སྐུ་ལ་ཕྱག་འཚལ་བསྟོད།། ཕྲག་དོག་ཚུལ་གྱིས་ཕྲག ་། དོག་འཇོམས་མཛད་པ།། ཕྲག་དོག་ཆེན་པོ་དམ་ཅན་རྒྱ་མཚོའི་ཚོགས།། བདེ་གཤེགས་རྒྱལ་བའི་འཕྲིན་ལས་རྫོགས་མཛད་ཅིང་།། སྒོ་ངའི་ཡིས་བག་ཆགས་རྒྱུད་དུ་ཡོངས་བྱང་ཞིང་།། བྱ་བ་གྲུབ་པའི་ཡེ ་ཤེས་སྐུར་སྣང་བ།། ཐར་བྱེད་གཤིན་རྗེ་ཁྲོ་བའི་ཚོགས་རྣམས་དང་།། གིང་བདུད་མ་མོ་སྲིན་མོ་ཕོ་ཉ་དང་།། འཕྲིན་ལས་བཅོལ་ཞིང་དམ་ཚིག་བསྐང་ཕྱིར་བསྟོད།། ཨེ་ཧ་ཧི་བྷ་ག་ཝན་ཨ་ལ་ལ་ཧོ།། དཔལ་ཟླ་གསང ་ནག་པོའི་རྒྱུད་ལས། མཆོད་བསྟོད་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཆེན་པོ་དེས། བརྟན་པར་བཞུགས་ཤིང་ཕྱག་འཚལ་འདི་དགོས་ཆེད་ཀྱི་ཕྱིར་གསུངས་སོ།། ་ཧཱུཾ་གཤིན་རྗེ་གཤེད་པོ་ཡབ་ཡུམ་སྲས་དང་འཁོར་དུ་བཅས།། ཐུགས་རྗེ་ཡེ་ཁྱབ་གཤེགས་བཞུགས་མི་མངའ་ཡང་།། ལོག་རྟོག་སེམས་ཅན་སྲིད་སྒྲོལ་བ།། རྣལ་འབྱོར་བསྒྲུབ་པའི་འབྲས་བུ་མཐུ་འབྱུང་ཕྱིར།། ་གཟུགས་བརྟན་བསྐྱེད་པའི་དཀྱིལ་འཁོར་འདི།། འཁོར་བཅས་མི་གཡོ་བརྟན་པར་བཞུགས་སུ་གསོལ།། ཤྲཱི་ཡ་མནྟ་ཀ་མ་ཧཱ་མ་དྷ་སརྦ་དེ་བ།། མ་དྷ་ལ་ཏིཥྛ་ལྡན།། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་།། ་གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ།། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འཇིགས་བྱེད་སྐུ་ལ་མཉེས་པའི་མཆོད་ཕུལ་ནས།། རོ་ལངས་ཁྲོ་མོ་ཐམས་ཅད་བསྐྱེད་པའི་ཡུམ།། འགྲོ་བའི་འདོད ་ཆགས་འཇོམས་ལ་ཕྱག་འཚལ་ལོ།། གདུག་པའི་དགྲ་བའི་བགེགས་མ་ལུས་འདུལ་མཛད་མ།། སྒེག་མོ་རལ་ཅིག། འགུ་ཡ་ཀུཿགསང་བའི་ཡུམ།། འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་ལོ།། ཡབ་ཡུམ་གཉིས ་མེད་ཐུགས་ལས་སྤྲུལ་པའི་སྲས།། ཡ་མ་ར་ཙཿགྱི་གགེ་བདུད་ཀུན་གྱི་གཙོ།། འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་གཤིན་རྗེ་གཤེད་པོའི་སྤྱན་ལམ་དུ།། བདུད་འདུལ་བསྟན་པ་བསྲུང་བར་ཞལ ་བཞེས་པ།། གིང་བདུད་གཤིན་རྗེ་མ་མོ་མཁའ་འགྲོ་ལ།། རྣལ་འབྱོར་བདག་ཅག་རེ་བའི་སེམས་ཀྱིས་འདུད།། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བརྟན་པར་བཞུགས་པ་དང་། ཕྱག ་འཚལ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་འཇིགས་བྱེད་རྒྱལ་པོ་ཁྲག་འཐུང་གཤེད་པོ་དེས། རྣལ་འབྱོར་པ་དམ་པ་རྣམས་ཀྱི་ཆེད་དུ་ཚོགས་ཀྱི་མཆོད་པ་འདི་གསུངས་སོ།། སྔོན་དུ་བྱ་བའི་ལས་བྱས ་ནས།། ཚོགས་གཉིས་རྒྱུན་དུ་བསགས་པ་དང་།། དངོས་གྲུབ་བླང་དང་ལས་བཅོལ་ཕྱིར།། ཚོགས་ཀྱི་མཆོད་པའི་དུས་བཞིས་མཆོད།། བཀའ་བསྩལ་ཏེ། བྱིན་བརླབས་ཧཱུཾ་ཕཊ་ལྡན་བྱས་ནས།། རྣལ་འབྱོར་བརྟན་པས ་ཚོགས་གཉིས་བསགས།། ཞེས་ཀྱང་གསུངས་སོ།། ཧཱུཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས།། རྣལ་འབྱོར་མཆོད་ན་མ་ཏང་རོ་དབྱུག་འཕྱར།། གཡོན་ན་སྲིད་པའི་འཁོར་ལོ་བསྐོར།། ་@། ཁྲོ་མོ་ཡུམ་རྣམས་ཀྱི་ཕྱག་རྒྱ་ནི།། སྐུ་མདོག་སོ་སོའི་གཙོ་དང་མཐུན།། གཡས་པ་རྣམས་ནི་གཙོ་ལ་འཁྱུད།། གཡོན་པ་རཀྟ་སྟོབས་པར་བྱེད།། ཡབ་ཡུམ་གཉིས་སུ་མེད་པར་ནི།། ཕྱག་རྒྱ་གར་གྱི་མཆོད ་པ་བཞེས།། ཞེས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོས་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་བ་འདི་གསུངས་ཏེ། ་ཕྱག་རྒྱ་ཆེན་པོས་གསོལ་བ་འདིས།། ང་རྒྱལ་དབང་དུ་འདུས་པར་མཛོད།། ཧཱུཾ་བཅོམ་ལྡན་ཁྲོ་རྒྱལ་གཤིན་རྗེ་གཤེད།། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་།། གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ།། དབུ ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་སྟབས།། རྣམ་ཐར་གསུམ་ལྡན་ཞལ་གྱིས་སྲིད་གསུམ་གསོལ།། ཡེ་ཤེས་མཆེ་བ་གཙིགས་པས་དགྲ་བགེགས་སྒྲོལ།། སྨ་ར་ཨག་ཚོམ་སེར་ནག་གྱེན་དུ་འཕྱར།། སྙན་ནས ་འབྲུག་སྒྲོགས་ཤངས་ནས་རླུང་། མ་དམ་ལྡང་།། བདུད་ཀྱི་ཚོགས་རྣམས་དབང་བསྡུད་ལས་ལ་འགྱེད།། ཡེ་ཤེས་དགུ་ལྡན་སྤྱན་དགུས་ས་དགུ་གནོན།། ཧཱུཾ་རུ་ལུ་དྲེགས་པ་གདངས་དར་གྱི།། མ་མོ་ཁྲག་འཐུང་ཁྲོ་བོ ་དབང་བསྡུད་ལས་ལ་འགྱེད།། ཕ་རོལ་ཕྱིན་དྲུག་རྫོགས་མཛད་ཕྱག་ཆེན་དྲུག། རྒྱུ་དྲུག་གནས་ཀྱི་དགྲ་བགེགས་ལོག་ལྷ་སྒྲོལ།། ཚད་མེད་བཞི་ལྡན་ཞབས་ཀྱིས་དྲེགས་པ་གནོན།། སྲིད་པའི་གཤིན་རྗེ་དབང་བསྡུད ་ལས་ལ་བསྐུལ།། སྟག་དང་གླང་ཆེན་སྦྲུལ་གྱིས་བརྒྱན།། ཐོད་ཕྲེང་ཐལ་ཆེན་ཁྲག་གི་ཚོམ་བུས་བྲིས།། རྣམ་ཐར་བརྒྱད་ལྡན་དཔལ་གྱི་ཆས་བརྒྱད་གསོལ།། སྒྲོལ་གིང་ཕོ་མོ་མང་པོ་ལས་ལ་བསྐུལ།། ཡོན་ཏན་དཔག ་མེད་བརྒྱན་པའི་ལྷ་མཆོག་གིས།། དྲེགས་པའི་ཚོགས་འདུལ་སྒྲལ་བའི་ཞིང་བཅུ་ལ།། མངོན་སྤྱོད་རྟགས་ཀྱི་འཕྲིན་ལས་མྱུར་དུ་མཛོད།། ཡེ་ཤེས་ཐུགས་རྗེས་ལས་མཛོད་བསམ་པ་འགྲུབ།། ཧཱུཾ་ཆགས་ཤིང་ཆེན་མོ ་ཁྲག་གི་མངའ་བདག་མོ།། གཡོན་གྱི་རོ་ལངས་ཆེན་མོ་དག། ཟ་བྱེད་ནག་མོ་བཛྲ་པེ་ཏ་ལི།། མིག་གསུམ་འཇིགས་པའི་ཁ་ཡང་གདངས།། དུག་གསུམ་གོས་གྱོན་གཡས་ན་ཏྲི་ཤུལ་ཐོགས།། གཡོན་པ་ཐོད་དམར་གཙོ ་ལ་འདུད་པའི་ཚུལ།། ནག་མོ་ཆེན་མོ་བོས་པའི་ཚེ།། ནག་མོ་ཁྱོད་ཀྱིས་མཚན་ཉིད་ནི།། མི་ལྤགས་གོན་ཞིང་ཟོད་ཕྲེང་བརྒྱན།། ཆིབས་སུ་རླུང་ནག་སེར་བུ་ཆིབས།། ཟས་སུ་མི་ཤ་རློན་པ་ཟ།། སྐོམ་དུ་མི་ཁྲག་རློན་པ ་འཐུང་།། དམ་ཉམས་རྣམས་ཀྱི་སྙིང་འབྱིན་མ།། ཤ་ཟ་ཁྲག་འཐུང་རལ་པ་སྤྲུག་ཅིང་སྤྱོན།། དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ།། བདག་གི་དགྲ་བགེགས་ཁུགས་ལ་མྱུར་དུ་སྒྲོལ།། ཞེ་སྡང་ཆེན་པོ་རུས་པའི ་མངའ་བདག་མོ།། གཡས་ཀྱི་ཡུམ་བསྐྱེད་ཨེ་ཀ་ཛཱ་ཏི་མ།། སྒེག་མོ་རལ་གཅིག་གཤིན་རྗེ་ཀུན་གྱི་ཡུམ།། ལྷ་དང་ལྷན་མིན་གཡུལ་བཟློག་མཐུ་མོ་ཆེ།། གསང་བའི་ཡུམ་གཅིག་འཕྲིན་ལས་བཞི་ཡི་བདག། གཤིན་རྗེའི ་ཡུམ་ལ་བདུད་ཀྱི་ལྕམ།། སྐུ་མདོག་མཐིང་ནག་འབར་བ་ལ།། རལ་བའི་ཟར་བུས་དབུས་ནས་གཡོན་དུ་འཁྱིལ།། གསེར་གཡུ་མུ་ཏིག་རིན་ཆེན་བྱེ་རུར་བརྒྱ།། བྱད་མདངས་པ་ཡི་དགྱེས་པས་ཐིམ།། ཧཱུཾ ་ནམ་མཁའ་མཐའ། གླགས་ཀླསའཇིག་རྟེན་ན།། གཟུགས་སུ་སྣང་བ་ཇི་སྙེད་ཀུན།། སྐུ་མཆོག་ཕྱག་རྒྱ་ཆེན་པོ་སྟེ།། གཤིན་རྗེ་གཤེད་པོ་འཁོར་བཅས་ལ།། འཚལ་བྱེད་གཟུགས་ཀྱི་མཆོད་པ་འབུལ།། སྐུ་མཆོག་ཕྱག ་རྒྱས་མཉེས་གྱུར་ཅིག། ཧཱུཾ་ནམ་མཁའ་མཐས། གླགས99། འཇིག་རྟེན་ན།། སྒྲ་རུ་སྣང་བ་ཇི་སྙེད་ཀུན།། གསུངས་མཆོག་ཕྱག་རྒྱ་ཆེན་པོ་སྟེ།། རོ་ལངས་ཁྲོ་མོའི་འཁོར་བཅས་ལ།། སྔགས་ཚིག་སྒྲ་ཡི་མཆོད་པར ་འབུལ།། གསུང་མཆོག་དམ་པ་མཉེས་གྱུར་ཅིག། ཧཱུཾ་ནམ་མཁའ་མཐས་ཀླས་འཇིག་རྟེན་ཀུན།། སེམས་ཅན་ཀུན་གྱི་རྣམ་རྟོག་ཀུན།། ཏིང་འཛིན་འབུམ་ཕྲག་མཐའ་ཡས་ཏེ།། སྒེག་མོ་རལ་གཅིག་འཁོར་བཅས་ལ།། ་བརྩེ་གཅིག་ཐུགས་ཀྱིས་མཆོད་པ་འབུལ།། ཐུགས་མཆོག་དམ་པ་མཉེས་གྱུར་ཅིག། ཧཱུཾ་ནམ་མཁའ་མཐར། གླགས་ཀླས། འཇིག་རྟེན་ན།། ཕན་གནོད་ལས་དམིགས་འགྲོ་བ་ཀུན།། དེ་བཞིན་གཤེགས་པའི་བྱིན་བརླབས ་ཏེ།། ཡ་མ་ར་ཙ་འཁོར་བཅས་ལ།། ཡོན་ཏན་ཕུལ་གྱི་མཆོད་པར་འབུལ།། ཡོན་ཏན་མཆོད་པས་མཉེས་གྱུར་ཅིག། ནམ་མཁའི་མཐར་ཀླས་འཇིག་རྟེན་ན།། དགེ་དང་མི་དགེ་ལས་རྣམས་ཀུན།། དེ་བཞིན་གཤེགས ་པའི་མཛད་སྤྱོད་དེ།། སྤྲུལ་པའི་དམ་བཅའ་ཚོགས་བཅས་ལ།། སྐྱོན་བྲལ་ཚོགས་ཀྱི་མཆོད་པར་འབུལ།། ཚོགས་ཀྱི་མཆོད་པར་མཉེས་གྱུར་ཅིག། གཞན་ཡང་ཧཱུཾ་ཕཊ་སྦྱོར་བའི་བྱིན་བརླབས་ཀྱིས།། འདོད་ཡོན་ལྔ་དང ་མཆོད་པར་བྱ།། གཞན་ཡང་གདུལ་བྱ་དགུག་ཅིང་བསྟིམས།། ལས་རྣམས་རྫོཊ་ནས། ཕུང་པོ་དུག་གསུམ་མཆོད་པར་འབུལ།། སྦྱོར་སྒྲོལ་མཆོད་པ་ཀུན་ཀྱང་ཐིམ།། དཔལ་ཟླ་གསང་ནག་པོ་ལས། མཆོད་པ་ཚོགས ་བསགས་པ་དང་། གདུལ་བྱ་དུག་གསུམ་ལས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོ་ཡ་མནྟ་ཀ་དེས། ཕྱག་རྒྱའི་དཀྱིལ་འཁོར་འདི་ས་བཀའ་བསྩལ་ཏོ།། འཇིགས་བྱེད་ཆེན ་པོ་ཀུན་གྱི་མཐོ།། དབུས་ཀྱི་ཁྲོ་རྒྱལ་ཕྱག་རྒྱ་ནི།། ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། གཡས་པ་གསུམ་ན་བསྣམས་པ་ནི།། འཁོར་ལོ་རལ་གྲི་ཐོ་བ་བསྣམས།། ་གཡོན་པ་གསུམ་ན་བསྣམས་པ་ནི།། ཐོད་པ་སྡིགས་མཛུབ་ཕུར་པ་བསྣམས།། སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི།། གཡས་ན་ཨེ་ཀ་ཛཱ་ཏི་མ།། གཡོན་ན་ནག་པོ་ཏ་ལི་མ།། གཡས་གཡོན་གཉིས་ནི་གཙོ་ལ་འཁྱུད།། ་གཉིས་ནི་རཀྟ་སྟོབས་པར་བྱེད།། ཡབ་ཡུམ་གཉིས་སུ་མེད་པ་རྣམས།། ཕྱག་རྒྱ་གར་གྱི་མཆོད་པ་བཞེས།། ཡ་མ་ར་ཙའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་།། གཡས་པ་མ་ཏང་རོ་དབྱུག་འཕྱར།། ་@།། གཡོན་པ་སྲིད་པའི་འཁོར་ལོ་བསྐོར།། མྱོས་བྱས་འབར་བའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། གཡས་ན་མ་ཏང་རོ་དབྱུག་འཕྱར།། གཡོན་ན་སྲིད་པའི་འཁོར་ལོ་བསྐོར།། ཨརྱ་མ་རུ ་ཙེ་ཡི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་ན་མ་ཏང་རོ་དབྱུག་འཕྱར།། གཡོན་ན་སྲིད་པའི་འཁོར་ལོ་བསྐོར།། རལ་པ་ཚར་དགུའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་།། ་གཡས་ན་སྤུ་གྲི་གཡོན་ན་ཁྲམ་བམ་བསྣམས།། སྲིད་པ་གསུམ་གྱི་བློ་ཟླུག་ཁྱེད་ཀྱིས་མཛད།། སྤྱན་ནས་མེ་འབར་ཞལ་ནས་ཁྲག་ཀྱང་འཛག། ཐལ་ཆེན་ཁྲག་ཞག་གི་ཚོམ་བུ་བྲིས།། གསང་མཚན་དམར་གྱི་ཐིག་ལེས ་བརྒྱན་པ་སྟེ། ཁྱོད་ནི་མི་ནད་ཕྱུགས་ནད་ཀུན་གྱི་བདག། ཆིབས་སུ་དྲིལ་རྟ་རྐང་གསུམ་ཞོན་ནས་ནི།། དུར་ཁྲོད་ཀུན་ཏུ་རྒྱུ་བའི་མཐུ་མོ་ཆེ།། མ་མོའི་གཙོ་མོ་དཔག། ཙམ་ཅནབརྒྱད་ཁྲིར་རྒྱུག། སྔགས་འཆང་རྣལ་འབྱོར ་ཆེན་མོ་དམ་ཅན་མ།། བདག་གིས། དགེགས་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ།། ང་རྒྱལ་ཁྲོ་མོ་བྱང་ཆུབ་སེམས་ཀྱི་བདག། ཡབ་ཡུམ་གཉིས་ཀྱི་ཐུགས་ལས་སྤྲུལ་པའི་བདག། ཡ་མ་ར་ཙ་ཁྱེའུ་ཆུང་སྔོན་པོའི་སྐུ།། མཐིང ་ནག་མེ་དཔུང་འབར་བ་རློབས་ནས་བཞུགས།། ཐོད་ཕྲེང་ལ་སོགས་དུར་ཁྲོད་བརྒྱན་གྱི་བརྒྱན།། དུར་ཁྲོད་གནས་ཀྱིས་མ་སྲིང་དབང་དུ་བསྡུད།། སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་བ་འདྲ།། ཆུ་ནག་བརླབས་ཞིང་འོད ་ཕུང་ནག་པོ་འཕྲོ།། མ་ཧེ་གླང་རྒོད་ཆིབས་ཤིང་འོད་ཕུང་འབར།། ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཁ་ལོ་སྦྱར།། འཁོར་ལོ་རལ་གྲི་བེར་ཆེན་སྡིགས་མཛུབ་ཞགས།། ཕྱག་ན་བསྣམས་ཤིང་བདུད་ལ་གཏོང་བར་བྱེད།། ་མཆེ་བ་དཀར་པོ་གཙིགས་ནས་དགྲ་བགེགས་སྒྲོལ།། ཧཱུཾ་ཕཊ་སྒྲ་སྒྲོག་མ་མོ་འབངས་སུ་ཁོལ།། མི་ཤ་རྟ་ཤ་མ་ཡིན་གཞན་གྱི་ཤ་མི་ཟ།། མི་ཁྲག་རྟ་ཁྲག་མ་ཡིན་གཞན་གྱི་ཁྲག་མི་འཐུང་།། ཐུགས་ཀྱི་སྲས་མཆོག་ཡ ་མ་ར་ཙ་ཁྱོད།། འགྲོ་བ་མིའི་བདུད་དུ་ཁྱོད་བབས་པ།། ཤ་ཁྲག་རྨད་དུ་བྱུང་བའི་མཆོད་པ་འདི་བཞེས་ལ།། བདག་གིས་བཅོལ་པའི་ལས་འདི་འགྲུབ་པར་མཛོད།། ཧཱུཾ་ཤར་ལྷོ་མཚམས་ན་དགྲ་དང་བགེགས་འགུགས ་མ།། གཤེད་ཆེན་ཡ་ར་ཙ་གཤིན་རྗེ་ཁྱོད།། སྐུ་མདོག་མཐིང་ནག་དབུ་དགུ་སྤྱི་བོར་བཅིངས།། གཅེར་བུ་སྦྲུལ་དང་ཐོད་པས་བརྒྱན།། དྲེད་མོ་ལག་པ་བཅིངས་ནས་བཅོལ་བའི་འཕྲིན་ལས་མཛོད།། ཕྱག་གཉིས་བེ་ཅོན ་འཁོར་ལོ་དགྲ་བགེགས་སྒྲོལ།། མཐིང་ནག་ཚོགས་ཀྱི་མ་མོ་མཁའ་འགྲོ་བྲན་དུ་འཁོལ།། ཉི་མ་དང་པོའི་གཤེད་མཛད་གཤིན་རྗེ་ཁྱོད།། རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ།། ཡིད་ལ་བརྣག་པའི་དགྲ་བོ་འདི།། ་ཚངས་པ་རྩ་གཅོད་མགོ་བོ་འཁོར་དུ་བཅུག། ལྷོ་ནུབ་མཚམས་ནས་དེདགྲ་བོ་འགུགས་མཛད་པ།། གཤེད་ཅེས་མྱོས་བྱས་འབར་བ་གཤིན་རྗེ་ཁྱོད།། སྐུ་མདོག་སེར་ནག་རལ་པ་སྨུག་ལྟར་འཐིབས།། གཅེར་བུ་སྦྲུལ ་། དང་ཐོད་པའི་ཕྲེང་བས་བརྒྱན།། དུམ་བུ་སྙིང་ཁར་ཆིབས་ནས་བཅོལ་བའི་འཕྲིན་ལས་མཛོད།། ཕྱག་གཉིས་འཁོར་ལོ་བེ་ཅོན་བསྣམས།། སེར་ནག་ཚོགས་ཀྱིས་མ་མོ་བྲན་དུ་འཁོལ།། ཉི་མ་གཉིས་པའི ་གཤེད་མཛད་གཤིན་རྗེ་ཁྱོད།། རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ།། ཡིད་ལ་བརྣག་པའི་དམ་ཉམས་དགྲ་བོ་འདིས།། ལྟེ་བའི་རྩ་གཅོད་ལྔས་སེམས་བརྒྱལ་དུ་ཆུག། ནུབ་བྱང་མཚམས་ནས་དགྲ་དང་བགེགས ་འགུགས་མ།། ཨརྱ་མ་རུ་དགྲ་དང་བགེགས་ཀྱི་གཤེད།། སྐུ་མདོག་དམར་ནག་རལ་པའི་ཐོར་ཚུགས་བཅིངས།། གཅེར་བུ་སྦྲུལ་ནག་ཐོད་པའི་ཕྲེང་བས་བརྒྱན།། དྲེའུ་རྟ་ཆིབས་ནས་བཅོལ་བའི་འཕྲིན་ལས་མཛོད།། ་ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ།། དམར་ནག་ཚོགས་ཀྱི་དགྲ་བགེགས་མ་མོ་བྲན་དུ་འཁོལ།། ཉི་མ་གསུམ་གྱི་གཤེད་མཛད་གཤིན་རྗེ་གཤེད།། རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ།། ཡིད ་ལ་བརྣག་པའི་སྒྲ་བགེགས་བསྒྲལ་བར་མཛོད།། མགྲིན་པའི་རྩ་ཆེན་ཆོད་ལ་ཁྲག་ཏུ་སྐྱུག་ཏུ་ཆུག། ཧཱུཾ་བྱང་ཤར་མཚམས་ནས་དགྲ་དང་བགེགས་འགུག་མ།། རལ་པ་ཚར་དགུ་དགྲ་དང་བགེགས་ཀྱི་གཤེད།། སྐུ་མདོག ་ལྗང་ནག་རལ་པ། ཚར་མེདགུར་གཡེངས།། གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན།། རྔ་མོ་གདོང་སེར་ཆིབས་ནས་འཕྲིན་ལས་མཛད།། ཕྱག་གཉིས་བེར་ཅོན་སྲིད་པའི་འཁོར་ལོ་བསྣམས།། ལྗང་ནག་ཚོགས ་ཀྱིས་མ་མོ་བྲན་དུ་འཁོལ།། ཉི་མ་བཞི་པའི་གཤེད་མཛད་གཤིན་རྗེ་ཁྱོད།། རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ།། ཡིད་ལ་བརྣག་པའི་དགྲ་བགེགས་བསྒྲལ་བར་མཛོད།། སྙིང་གི་རྩ་ཆོད་སྲོག་དབུགས་ཕྲོག་ལ ་སྒྲོལ།། ཡ་མ་ར་ཙ་དུན་ཏིང་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། མྱོས་བྱས་འབར་བ་དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། ཨརྱ་མ་རུ་ཙེ་དུན་ཏི་ཁ་ལ་ཡ། དགྲ་བོའི་སྙིང་ལ་བྷྱོ་བྷྱོ། རལ་པ་ཙ་དགུ། འདུན་ཏི་དུན་ཏེ་ཁ་ལ་ཡ། ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་འཕྲིན་ལས་བཅོལ་བའི་ལེའུ་བཅུ་གཉིས་པའོ།། །། དེ་ནས་ཡང་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཡ་མནྟ་ཀས། འདི་སྐད་ཅེས ་བཀའ་བསྩལ་ཏོ།། རྣལ་འབྱོར་ཅན་ལ་ཕན་བྱའི་ཕྱིར།། ལས་ཀྱི་རིམ་པར་བྱ་བ་སྣ་ཚོགས་གསུངས།། གླང་པོ་དག་གིས་རྒྱབ་ལ་ནི།། ཕྱི་གན་གན་རྐྱལ་ཡུ་མུ་ཁཾ།། དེ་སྟེང་ཡ་མ་ར་ཙའི་གཟུགས།། གཟིར་བའི་ཚུལ་ཅན ་། སྨྱོན་པར་བྱ།། སྔགས་ཀྱི་བཟླས་པ་བྱ་བ་ནི།། རི་རབ་ལྦ་བ་ལྟར་དྲག་སྔགས་བཟླ།། ལས་ཀུན་དེ་ཡིས་ཤེས་པར་བྱ།། ཨོཾ་བཛྲ་ན་མ་བནྡྷ་ཧ་སེ་དང་པྲ་བནྡྷ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡ་མནྟ་ཀ་བཛྲ་ཡ་མ་ར་ཙ་ཆེ་གེ་མོའི ་ཙིཏྟ་བྷྱོ། དུན་བྷྱོ་གྷུ་རུ་མ་ལ་དུན་བྷྱོ། མ་ས་མ་ལ་དུན་བྷྱོ། ཁྲག་ཤམ་རྦད་ཨ་མུ་ཁང་མ་ར་ཡ་ཕཊ། རྩེ་གཅིག་པའི་སེམས་ཀྱི་བྱའོ།། རྫུ་འཕྲུལ་རྟ་ཡི་ཐོག་ཏུ་བྱ་བ་ནི།། ལིང་ག་གོང་དུ་བསྟན་པ་བཞིན།། དེ་ཡི་སྟེང་དུ་དགོད ་པ་ནི།། ཡུམ་གྱི་གྲོ་ཏ་འགྲོ་ཀྲོ་ཏ་མགྲིན་སྔོན་ནོ།། བདུད་རྣམས་དགུ་རུ་བཟླས་པ་ནི།། ཨོཾ་ཡ་མནྟ་ཀ་ཀྲོ་ཏི་བ་ར་ག་སུ་ཡ་ཏྲཾ་ཏྲཾ་ཆེ་གེ་མོ་བེ་ཏ་ལི་དུན་བྷྱོ། ཧཱུཾ་གྷོ་ར་ཏ་བྷྱོ། མཱ་མཱ་མཱ་ཏི་མ་བྷྱོ། སྲོག་རྩ་ལབྷྱོ་བྷྱོ། ་ལྐུགས་པ་ར་དང་ལུག་གི་རྒྱབ་ཏུ་བྱ་བ་ནི། ལོག་འདྲེན་མཐར་བྱེད་ཡབ་ཡུམ་གཉིས།། གཟིར་བ་ར་དང་ལུག་གི་སྟེ།། དྲག་སྔགས་འགྱུར་མེད་བཟླས་པ་ནི།། ཨོཾ་བཛྲ། འབུ་ཏ་ས་ཧཱུཾ་ཏ་མ་ག་ལ། འབི་ཏ་ཨེ།། ཕྱི་སྲི་བ ་རན་ཧ་དུན་བྷྱོ། ཡ་མ་རཀྵ་ཁའི་ཥསི། ཆེ་གེ་མོ་ཐུམ་རིལ་རྦད་རྦད། སྲིན་མོ་བི་ལ་རྒྱབ་ཏུ་བྱ་བ་ནི།། དམྱལ་བ་མཐར་བྱེད་ཡབ་ཡུམ་གཉིས།། ལིང་ག་བཟླས་པ་སྔ་མ་བཞིན།། ཨོཾ་བཛྲ་ན་རག་མ་ཨ་མུ་ལ་བྷྱོ་བྷྱོ། མ ་ཏི་པ་ཙ་ཙུ་རུ་བྷྱོ། ནར་ཁ་མ་ཏི་དྲག་པོའི་སྙིང་ལ་བྷྱོ་བྷྱོ། རྔ་མོ་མ་ཧེའི་རྒྱབ་ཏུ་བྱ་བ་ནི།། བྱོལ་སོང་མཐར་བྱེད་ཡབ་ཡུམ་གཉིས།། གཟུགས་དང་བཟླས་པ་སྔ་མ་བཞིན།། ཨོཾ་བཛྲ་སྲ་ཏྲ་སྭ་ད་ན་ཀརྨ་ཏ་ཏ་སྲ་ཆེ་གེ་མོ་བྷྱོ་བྷྱོ།། ་གཡག་དང་སྦྲང་ཁུའི་རྒྱབ་ཏུ་བྱ་བ་ནི།། གནོད་སྦྱིན་མཐར་བྱེད་ཡབ་ཡུམ་གཉིས།། གཟུགས་དང་བཟླས་པ་གོང་མ་བཞིན།། ཨོཾ་བཛྲ་ཡ་ཁྭ་ན་མ་ད་ས་ཁྲ་བཛྲ་ཆེ་གེ་མོ་ལ་བྷྱོ་བྷྱོ། ཁྲ་དང་འུག་པའི་རྒྱབ་ཏུ་བྱ་བ་ནི།། ཀླུ ་རྣམས་མཐར་བྱེད་ཡབ་ཡུམ་གཉིས།། གཟུགས་དང་བཟླས་པ་སྔ་མ་བཞིན།། ཨོཾ་བཛྲ་ན་ག་ཏ་ཧྲི་ཡ་མ་ཐ་ར་དུ་བྷྱོ་བྷྱོ། ཆེ་གེ་མོ་མྱགས་མྱགས་ཐུམ་རིལ་རྦད་རྦད། རི་བོང་བྱན་ལག་རྒྱབ་ཏུ་བྱ་བ་ནི། སྲིན་པོ་མཐར་བྱེད ་། གཤིན་རྗེ་ཡབ་ཡུམ་གཉིས།། གཟུགས་དང་བཟླས་པ་སྔ་མ་བཞིན།། ཨོཾ་བཛྲ་མ་ཧཱ་ར་ཀྲ། ཧཱུཾ་ཧཱུཾ་ཧཱུཾ། ཛ་ཛ། མ་ཏྲི་པ་རྩནྡྲ་བྷཱུ་བྷྱོ། ཆེ་གེ་མོ་ལ་བྷྱོ། སྦྲུལ་དང་བྱའི་རྒྱབ་ཏུ་བྱ་བ་ནི། དམ་སྲི་མཐར་བྱེད་གཤིན་རྗེ་ཡབ་ཡུམ ་གཉིས།། གཟུགས་དང་བཟླས་པ་སྔ་མ་བཞིན།། ཨོཾ་བཛྲ་ཨ་ནི་པ་ཏྲ་པི་མ་རུ་ཏྲ་ཧཱུཾ་ཧཱུཾ་ཛ་ཛ། ཆེ་གེ་མོ་ལ་སྟི་ཧ་ཧི་རྦད། མཐར་བྱེད་ཆེན་པོའི་ལས་དེ་ནི།། བསླུ་མེད་ནད་ཟིན་ལྟ་བུའོ།། བདག་ཉིད་ཕྱག་རྒྱར་གསལ་བ ་ཡིས།། བརྟེན་རྫས་མཐུན་རྫས་མཆོད་པའི་རྫས།། བརྣག་པ་ཐུགས་ཀྱི་རྫས་ལ་སོགས།། ལེགས་པར་སོགས་ཏེ་ལས་རྣམས་བྱ།། ཐེ་ཚོམ་མེད་པའི་སེམས་ཀྱིས་སུ།། མ་ལུས་གྲུབ་པའི་དོན་དུ་བཤད།། ཅེས་གཤེད ་པོས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཐར་བྱེད་ཀྱི་ལས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཐམས་ཅད་ཞི་བར་བྱ་བའི་ཆེད་དུ་བཅོམ་ལྡན ་འདས་ཐམས་ཅད་ལ་ཞི་བའི་བསྒྲུབ་པ་འདི་གསུངས་སོ།། རབ་ཏུ་དགའ་བའི་ཡུལ་དག་ལ།། མགུ་བའི་སེམས་དང་ལྡན་བྱ་སྟེ།། དང་བས་མགུ་བའི་ལས་བྱ་སྟེ།། གཤིན་རྗེ་གཤེད་པོ་ཉིད་ལ་ཕུལ།། གཤིན་རྗེ་གཤེད ་པོས་འདི་སྐད་བརྗོད།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཐམས་ཅད་ཞི་བར་བྱ་བའི་ཕྱིར།། ས་གཞི་གནས་དང་རི་བྲག་དཀར།། ཟླུམ་ལ་ཉམས་དགའ་བཀྲ་ཤིས་གནས།། ཞི་བའི་ལས་ཀྱི་དཀྱིལ་འཁོར་འདི།། ཟླུམ ་། པོ་དཀར་པོའི་དཀྱིལ་འཁོར་བྲི།། ལྟེ་བར་བཅས་པའི་རྩིབས་བརྒྱད་པ།། མཁས་པས་བསྒྲིམས་ཏེ་བྲི་བར་བྱ།། དཀར་དང་ལྡན་པའི་ཟླ་བ་ལ།། གཅིག་དང་གསུམ་ནས་མགོ་བཙུགས་ནས། ཁམས་གསུམ ་རབ་ཏུ་མགུ་བའི་ཕྱིར།། ཉམས་སུ་མྱོང་བ་བྱས་པ་བསྒྲུབས།། དབུས་སུ་ཡེ་ཤེས་བདག་པོ་ལ།། ཤར་དུ་དྲག་འཇོམས་ཆེན་པོ་སྟེ།། ལྷོ་རུ་ཡ་བ་ཏི་ཞེས་བྱ།། ནུབ་ཏུ་ཁྲོ་བོ་སྨིགས་པ་ལ།། བྱང་དུ་བདུད་འཇོམས་དགོད ་པར་བྱ།། ལྷོ་ཤར་ལྷོ་ནུབ་བྱང་དང་ནི།། བྱང་ཤར་མཚམས་སུ་དགོད་པ་ནི།། གླང་མགོ་ཀོ་ཙེ་གསོད་སྦྱོང་རྗེ།། ལས་གྲུབ་རྗེས་ཏེ་གོ་རིམ་བཞིན།། སྟེང་མགོ་དམར་པོ་ནག་པོ་གཉིས།། ཡབ་ཡུམ་གཉིས་གཉིས་བསྒྲིལ ་ཏེ་དགོད།། ཟླ་གམ་གསུམ་ལ་མ་མོ་གསུམ།། སྒོ་བཞིར་སྒོ་སྲུང་ཁ་རྣམས་བྲི།། དེ་ཡི་ཡུམ་དང་བཅས་པ་རྣམས། ཁྲོ་མོ་ཡབ་དང་སྐུ་མཐུན་པའོ།། སེམས་དཔའི་འདུག་སྟངས་ལ་གནས་བྱ།། སྒེག་མོ་གཡོན་དུ་བསྟེན ་བྱས་ལ།། སྔགས་གཡོག་མཛེས་པས་འཚོགས་བྱ་ལ།། མགུ་བའི་འཕྲིན་ལས་བརྩམ་པར་བྱ།། སྐྱེ་ཚེ་ཐལ་བ་རུས་པ་ལ།། འཕགས་པ་འཇམ་དཔལ་གཟུགས་ལྟ་བུར།། བྱས་པའི་སྙིང་ཁར་བྲི་མ་ནི།། ཨ་མ་པ་ལ་སི ་ཏིའམ།། གང་འདོད་པ་ཡི་ཡི་གེ་དེ།། ཕཊ་དང་སྭཱ་ཧཱ་མཐའ་ལྟར་བྱ།། མིང་བྱང་གོང་ལྟར་བྲིས་བྱས་ལ།། གང་ལྟར་བརྩམས་པ་བཞིན་དུ་བཞག། དེ་ལ་འདི་ཡང་རབ་ཏུ་བརྗོད།། ཨོཾ་ཨ་ཀྲོ་ཤནྟི་ན་ག་བཛྲ་སྭཱ་ཧཱ། ཨོཾ་ཨ ་ཀྲོ་ཏེ་ཀ་ཤནྟི་བ་ལ་\ུ0f7fཞེས་བརྗོད་ནས། སྙིང་ཁར་བརྒྱབ་པས་ཐམས་མགུ་ན། དང་བའི་སེམས་ཀྱིས་ཞི་བར་འགྱུར། དེ་ནས་ཞི་བའི་ལས་ཟིན་ནས། ཕྱོགས་བཅུ་གདུག་པ་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ ་མེད་ཅིང་། དགའ་ན་མགུ་བ་ཡིན་ནོ།། དཔལ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། ཐམས་ཅད་ཞི་བར་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས།། ་འཕྲིན་ལས་རྒྱས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལས། འཕྲིན་ལས་རྒྱས་པའི་བསྒྲུབ་པ་ཐམས་ཅད་ཕུལ། རབ་ཏུ་སེར་ཞིང་གསེར་ལས་གྲུབ།། རྩོ་མ་འདྲ་བའི་དབྱིབས་ཅན་ལ།། ་དཔལ་རྒྱས་སེམས་དང་ལྡན་བྱ་སྟེ།། རྒྱས་པར་བྱ་བའི་སེམས་ཀྱིས་སུ།། རྒྱས་པའི་སྒྲུབ་ཐབས་བཤད་པར་མཛོད།། ཅེས་གཤིན་རྗེ་གཤེད་ལ་ཕུལ་བས། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད།། ཉོན་ཅིག་ཟུངས ་ཤིག་རྡོ་རྗེ་འཛིན།། ཐམས་ཅད་རྒྱས་པར་བྱ་བའི་ཕྱིར།། ས་གཞི་གནས་དང་རི་བྲག་གནས།། གྲུ་གཞི་འཁོད་སྙོམས་བཙོ་མ་འདྲ།། རྒྱས་པར་བྱ་བའི་སེམས་ཀྱིས་སུ།། དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ།། ལྡོང་རོས ་ཆག་ཆག་གདབ་བྱ་སྟེ།། རྣལ་འབྱོར་དམ་པ་བློ་ལྡན་པས།། ཐིག་གི་ཐག་པ་རབ་ཏུ་བརྩམ།། གསེར་ལས་གྲུབ་པའི་ཐིག་སྐུད་ལ།། དཔལ་དང་གཟི་མདངས་བསོད་ནམས་སོགས།། འཕེལ་ཞིང་རྒྱས་པའི་སེམས་དང ་།། ཆས་པས་ཨེ།། སློབ་མ་དམ་པ་ལས་གྲུབ་པ།། བསམ་པས་ཐིག་གི་གདབ་པར་བྱ།། ཕོ་བྲང་གསེར་ལ་ཟེ་མོ་གཡུ།། རྡོ་རྗེའི་བརྩིགས་པ་གསེར་ལས་གྲུབ།། གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ།། རྣལ་འབྱོར ་སྔགས་པ་བློ་ལྡན་པས།། ཐིག་བཞི་ཐིག་ཆ་བརྒྱད་དུ་འགྱུར།། མཐའ་ནས་ཐིག་གདབ་མན་ངག་ཅན།། དེ་ལ་སོགས་པ་བསམ་པར་བྱ།། རེ་ནི་དཀྱིལ་ཀྲུང་འདུག་བྱས་ལ།། རིན་ཆེན་རིགས་ཀྱི་ངོས་སུ་ལྟ།། དབུས་སུ ་གསང་སྔགས་བདག་པོ་སྟེ།། ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས།། སྔ་མ་བཞིན་དུ་བསྒོམས་ནས་ཀྱང་།། རང་སྔགས་སྐྱེས་བུ་དེ་བསྐྱེད་བྱ།། ཨོཾ་ཨ་ཀྲོ་ཏེ་ཀ་པུཏིང་བ་ལ་ན་ཧཱུཾ། ཨོཾ་ཨ་ཀྲོ་ཏི་ཀ་པུཥྚི་ཏིཔྟ་ན་ན་སྟམ། ་ཞེས་པས་བདག་པོ་ཡབ་ཡུམ་ལ།། འཁོར་བཅས་འབྲུ་རེ་བ་ལས་བསམ།། རང་རང་བསྐྱེད་པ་དམ་པ་སྟེ།། སྔགས་དང་ལྡན་པར་ཏིང་འཛིན་བསམ།། བཞུགས་པ་སྟན་དང་མཆོད་པ་དང་།། ཕྱག་བྱས་ལ་སོགས་པ་ཡི། ་ནི།། ལུས་ཀྱི་བྱ་བ་མ་ལུས་པ།། ཐམས་ཅད་མ་ལུས་ཚང་བར་བྱ།། བསྐྱེད་དང་བསྒྲུབ་པའི་འབྲས་བུ་ནི།། རྒྱས་པ་བསྙེན་དེ་ཟག་མི་རིང་།། རང་གྲུབ་འབྲས་བུ་དེ་ལ་སོགས།། ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།། ་དངོས་གྲུབ་དམ་པ་རབ་སྟེར་ཞེས།། འདྲེན་པ་དཔའ་བོས་ཡང་དག་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། དཀྱིལ་འཁོར་སྔ་མ་བཞིན་བྱས་ལ།། ས་གཞི་གསེར་ལས་གྲུབ་པ་ལས།། གཟུགས་ནི་དམ་པར་རབ ་ཏུ་བྱ།། ཕྱིས་ནི་གན་ཀྱལ་གནན་བྱས་ན།། སྙིང་ཁར་བྲིས་ནས་བརྗོད་བྱས་ནས།། སྙིང་པོ་སྔགས་ཀྱི་ཕྲེང་བ་སྟེ།། བླ་མེད་དམ་པར་རབ་ཏུ་བཤད།། ཨོཾ་བཛྲ་པཱཥྚིང་ཨ་ཡུ་བས་ཤང་པྲཥྚི་སྭཱཧཱ། ཞེས་བརྗོད་ནས་མཐའ ་། རྒྱས་པར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། འཕྲིན་ལས་དབང་བསྒྲུབ་ཐབས་འདི ་གསུངས་སོ།། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕུལ།། རབ་ཏུ་དམར་ཞིང་ཟངས་ལས་གྲུབ།། ཟངས་ལས། འབྲེལ་འཁྲིལ་བའི་ཡུམ་དག་ལ།། རང་དབང་མེད་པར་དབང་བསྐུར་ནས།། འདུ་བའི་སེམས་དང་ལྡན་བྱས ་ཏེ།། དབང་གི་དཀྱིལ་འཁོར་བཤད་པར་མཛོད།། ཅེས་པ་གཤིན་རྗེ་གཤེད་ལ་ཕུལ།། གཤིན་རྗེ་གཤེད་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཐམས་ཅད་དབང་དུ་བསྡུ་བའི་ཕྱིར།། ཟངས ་མ་མང་པོའི་ས་བདག་ལ།། དཀྱིལ་འཁོར་སྔ་མ་དག་དང་འདྲ།། ལེགས་པར་ཁོད་སྙོམས་ཟིན་པ་དང་།། ཐིག་ནི་རབ་ཏུ་གདབ་པར་བྱ།། ལྟེ་བ་ཅན་ལ་རྩིབས་བརྒྱད་པ།། ཀུན་ཏུ་ཟླ་གམ་དབང་གིས་མཛེས།། ལྟེ་དབུས ་གཞུ་བདུངས་བྲི་བྱས་ནས།། དེ་སྟེང་བདག་པོ་དམ་པ་བཞག། ཐམས་ཅད་མ་ལས་མཆོག་ཏུ་འགུག། ཅི་ལ་བྱ་ཡང་ཐོགས་པ་མེད།། ཞེས་ནི་བདག་བཤད་པར་བྱ་སྟེ་རབ་ཏུ་བསྟན།། གཞན་ཡང་རབ་ཏུ་བཤད་བྱ་བ།། ་། སེམས་ཀྱི་དཀྱིལ་འཁོར་དམ་པ་ནི།། བླ་མེད་ཡང་དག་ངེས་པའི་ལམ།། སངས་རྒྱས་བྱང་ཆུབ་ལ་སོགས་རྣམས།། གཞུང་ལས་བྱུང་བའི་ཚིག་དོན་རྣམས།། མ་ནོར་བཟུང་བའི་བཀའ་བཞིན་དུ།། བསྒྲུབས ་ན་འགྲུབ་པར་བཤད་པའོ།། དེ་དག་དགུག་པར་གྱུར་པ་ན།། ཕལ་པ་གཞན་ལྟ་སྨོས་ཅི་དགོས།། བསྡུ་དང་འདྲེན་དང་བྱང་ཆུབ་ལམ།། འདི་དག་གོ་འཕང་ཐོབ་བྱའི་ཕྱིར།། ཉུངས་དཀར་རྐང་རྗེས་སའམ་གཞན། ཁྲག ་གསུམ་ཐལ་ཆེན་བསྲེས་བྱས་ལ།། གའུའི་ནང་དུ་བསྲེས་བྱས་ལ།། གའུ་གཉིས་ནི་ཁ་སྦྱར་ལ།། སྐུད་པ་དམར་པོས་ཟངས་ལ་སོགས།། བཅིངས་ནས་བསྡམས་ཏེ་དམ་བཅིང་ནས།། དཀྱིལ་འཁོར་གྱི་ནི་ཐོག་ཏུ་བཞག། ་ཉུངས་དཀར་ཟངས་གཉིས་བསྲེས་བྱས་ཏེ།། དུད་པས་གའུ་དེ་ལ་བདུག། དེ་ལ་བདུགས་པར་གྱུར་པ་དང་།། བཟླས་པའི་སྙིང་པོ་བརྗོད་བྱས་ཞིང་།། ལན་གྲངས་ཁྲི་ཚོ་དྲུག་ཏུ་ནི།། བརྗོད་ནས་སངས་རྒྱས་ལ་སོགས ་རྣམས།། འགུག་པར་གྱུར་ན་ཕན་པ་གཞན།། སྨོས་ཅི་དགོས་ཏེ་ངེས་པར་འགུགས། ཧཱུཾ་བཛྲ་ཨ་ཏྲོ་མཉྫུ་ཤྲཱི་བཤང་མ་ཧོ་སརྦ་ཏི་ལ་བྲུཾ་བྷཥེ། ལན་གྲངས་མང་དུ་བརྗོད་བྱས་ནས།། ཇི་ལྟར་བསམ་པ་བཞིན་དུ་འགུགས།། ། ་རྒྱ་ཤུག་བཀས་པའི་ཁུ་བ་དང་།། མི་ཡི་ལག་པའི་ཁུ་བ་དང་།། སྔ་མ་བཞིན་དུ་འགུགས་བྱས་ན།། འགུག་པར་འགྱུར་ཞེས་དཔའ་བོས་བཤད།། ཡང་ན་རང་གི་ལག་རྐྱང་དུ།། ཞེས་གསུངས་སོ།། ཐམས་ཅད་ལུས་དབང ་འདུས་པས།། དཔེར་ན་ཕྱོགས་ཕྱོགས་ཐམས་ཅད་ནས།། མཚོ་ལ་སྦྲང་བུ་འདུ་ལྟར་ཏེ།། བདག་གི་དབང་དུ་དེ་འགྱུར་རོ།། ཞེས་གཤིན་རྗེ་གཤེད་པོས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད ་དབང་དུ་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས། འཕྲིན་ལས་དྲག་པོའི་བསྒྲུབ་ཐབས་འདི།། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕུལ།། རབ་ཏུ་གནང་ཞིང་གནམ ་ལྕགས་འདྲ།། མོན་ནག་སོག་པོ་ཁྲོས་པ་འདྲ།། སྲིན་མོའི་མདུང་སོ་གཤིབས་པ་འདྲ། ཁྲོ་བོ་ཆེན་པོའི་ཚུལ་ཅན་གྱིས།། གདུག་པའི་སེམས་དང་ལྡན་བྱས་ཏེ།། དྲག་པོའི་དཀྱིལ་འཁོར་བཤད་པར་མཛོད།། ཅེས་བརྗོད ་ཅིང་གཤིན་རྗེ་གཤེད་ལ་ཕུལ། གཤིན་རྗེ་གཤེད་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། ཁྲོ་བོའི་ཚོགས་སུ་འདུས་བྱས་ཏེ།། རང་བཞིན་མཐུན་ཅན་འདི ་བརྗོད་དོ།། འབྱུང་བྱེད་ཡེ་ཤེས་དཀྱིལ་འཁོར་འདི།། དཀྱིལ་འཁོར་གོང་མ་བཞིན་དུ་བྱ།། བདག་ཉིད་ཁྲོ་བོ་ཆེན་པོ་ལ།། ཡུམ་དང་དེ་བཞིན་དེ་འདྲའོ།། ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས།། ཐབས་དང་ཤེས ་རབ་འཕྲོ་འདུ་འབྱུང་།། ཐབས་དང་ཤེས་རབ་འཕྲོ་འདུ་ལས།། ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས།། དེ་ནི་ལས་ཀྱི་ཐིག་ཅེས་བྱ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། ཀུན་ཏུ་གྲུ ་བཞི་གྲུ་ཆད་ཅན།། གྲུ་ཆད་བརྒྱད་ལྡན་དུད་ཁྲོད་བརྒྱད།། མཛེས་པར་བྲིས་ཏེ་བཞག་ཏུ་མིན།། བརྟེན་པ་ལྟ་སྟེ་སྔ་མ་བཞིན།། བསྐྲད་པའི་སྔགས་འདི་བརྗོད་བྱས་པས།། བདག་དང་འདྲ་བར་བསྐྱེད་པར ་བྱ།། མ་ཨ་ཀྲོ་ཏ་ཡ་ཧྭཱ་ཡ། བཛྲ་པ་ཏ་ལཾ་རག་ཤམ། དྷཱཌྷཱ་བྷཱུ། ཧྭཱ་རྦཱནྣ་ཧྭཱསྟྲཏྨ་ཧཱ་ཧྭཱ་ཙྪ་གྡྷ། !།། ། ཧྭཱནྣ་ཏཱཾ། བྷྲྀ་ཛྷ་བྷཱུ་བྷཱུ་ཛྷ་དྷཱ། ཌྷཱཌྷཱདྡྷ་བྷྱོ་བྷཱུ་ཛྷ། བྷྱོ་བྷཱུ་བྷཱུ་བྷྱོ། ཨནྣ་བཿ། ཞེས་བརྗོད་པ་ཙམ་གྱིས། ་འཇིག་རྟེན་ཁམས་འདི་དག་གཡོས་སོ།། རབ་ཏུ་ཀུན་ཏུ་བརྡེག་གོ། རབ་ཏུ་ཀུན་ཏུ་ཆེམ་མོ།། དབུས་མཐོ་ན་མཐའ་དམའ། མཐའ་དམའ་ན་དབུས་མཐོ། འཇིག་རྟེན་གྱི་ཁམས་འདི་དག་གཡོས་པར་གྱུར་ཏོ།། དེ་ནས ་བཅོམ་ལྡན་འདས་རྡོ་རྗེ་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་བའི་སྔགས།། གསུང་པ་བདག་ཅག་འཚལ་ལགས་སོ།། འཇིག་རྟེན་དུ་མཐུ་ཆེ་བ་འདི་ལྟ་བུ་ལ་བདག་ཞུ ་ལགས་སོ།། བཅོམ་ལྡན་འདས་རང་བཞིན་ཁྲོ་བོ་དེ་ལ། བདག་སྔོན་སེམས་ཅན་ཐམས་ཅད་ལ། རབ་ཏུ་ཡང་ཞུས་པར་འཚལ་ལགས་སོ།། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་འདུ་བར་མཛད། དེ་ནི་འདི་སྐད་གསུངས ་སོ།། ཨོཾ་ཤྲཱི་པ་ར་ཡ། ཁྲ་ལེ་ཡ་སརྦ། ཏ་ཀའི་བཛྲ་ཀ་ལ་རུ་པ་མ་ར་ན་ཕཊ། ཞེས་གསུངས་པས་འཇིག་རྟེན་ན་དབང་ཆེ་བ་རྣམས་དང་། མཐུ་སྟོབས་ཆེ་བ་ལ་སོགས་པ་བཏུལ་ནས། འདི་སྐད་ཅེས་གསུངས་སོ།། ཕྱོགས་བཅུ ་འཇིག་རྟེན་གང་ནས་ཀྱང་།། གསུངས་མེད་པ་ཡི་ཆོས་ཉིད་ལ།། རང་སེམས་འཕྲོ་འདུ་རུ་གྱུར་པ་ལས།། ཕྱོགས་བཅུར་གསུངས་པ་དེ་དག་ཡིན།། ཞེས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི ་། སྒྲུབ་ཐབས་ཏེ། ཐམས་ཅད་བཏུལ་བ་དང་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ནན་ཏན་བསྐྱེད་བྱ་སྟེ།། འཇིག་རྟེན་གཤེད་པོ་དྲག་པོའོ།། ཚམས་རྔམ་དག་ནི་བཤད་པར་བྱ།། འཇིག ་རྟེན་བཅུད་ཀྱི་གདུག་པ་ཅན།། ཚམས་རྔམ་གློག་ལྟར་འགྱུར་བ་ལས།། ངོ་མཚར་མཚན་མ་བསྒྲག་པར་བྱའོ།། ཨེ་མ་ཧོ།། ཡབ་ཡུམ་གཉིས་མེད་རོལ་བའི་མཁའ་དབྱིངས་ནས།། ཕྱོགས་བཅུར་འཕྲོ་བ་བྱང་ཆུབ ་སེམས།། རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི།། རྟག་པར་བསྒོམ་ཏེ་དེ་བཞིན་གཤེགས་པར་བྱ།། རྫས་དང་སྔགས་དང་ཕྱག་རྒྱར་བཅས་རྣམས་ནི།། གཟུགས་དང་འདོད་པའི་འབྲས་བུ་གང་འདོད་གྲུབ་པའོ།། ། ་མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེས་བྱའོ།། སྔགས་དང་ཕྱག་རྒྱ་རྫས་རྣམས་དང་།། གའུ་པདྨ་འདབ་མ་དང་། ཁམ་སའི་རྫིའུ་འཛི་བ་ནི། ཁྲག་སྣ་གསུམ་དང་གི་ཝང་དང་།། དེ་དག་འཕྲིན་ལས་མཆོག ་ཡིན་ཏེ།། འགྲུབ་པར་འགྱུར་ཏེ། གནོད་མི་བཟའ་གདོན་མི་ཡེ།། བླ་མེད་དཔའ་བོས་ཡང་དག་བཤད།། ཕྱོགས་བཅུ་གདུག་པ་མ་ལུས་ཀུན།། འདུལ་བར་གྱུར་ཏེ་ཐེ་ཚོམ་མེད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག ་། པོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འདི་སྐད་ཅེས་གསུངས་སོ།། འགལ་བ་ཆམ་ལ་འབེབས་འདོད་ན།། དུར་ཁྲོད་ལུང་དང་ལྡན་པ་ཡི།། དགོན ་པ་ལྟ་བུ་སོང་ནས་ནི།། ཐོག་མར་བསོད་ནམས་ཚོགས་དག་བསགས།། ཕྱི་བཤད་འབུལ་ལ་སོཊ་པ་གདོན།། ཚྭ་ཚྭ་ཉེ་ཐོན་ལ་སོཊ་བྱ།། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ།། ཝ་གི་ཤྭ་རི་དྲུག་འབུམ་གདོན།། འཇམ ་དཔལ་མཚན་ནི་ཡང་དག་པ།། རྟག་ཏུ་གདོན་པར་དམ་ཡང་བཅའ།། གྲུབ་པའི་ཉི་མ་གང་ཡིན་ལ།། བསོད་ནམས་ཚོགས་ནི་ཅི་ནུས་བསགས།། དེ་ནས་དྲག་པོ་བྱེད་འདོད་ན།། ཐ་ཆུངས་བཞི་ཡི་མར་ངོ་ལ།། མཎྜལ ་རྩ་ད་གཙང་མ་དྲིས་བྱུག་ལ།། དཀའ་ཐུབ་དྲག་པོའི་སྡོམ་པ་བྱ།། ཀུ་ཤའི་སྟན་ལ་འདུག་ནས་ནི།། མགོ་ནི་རྨ་བྱ་བཞིན་བཀུག་ལ།། རག་ཤའི་ཕྲེང་བ་བཤད་པར་བྱ།། མགོན་པོ་ཉིད་ལ་གུས་བྱས་ཏེ།། སྔོན་དུ་འགྲོ་བའི ་སྙིང་པོ་ནི།། ཡི་གེ་བཅུ་བདུན་ནུས་ཟང་གིས།། དྲུག་འབུམ་དག་ཏུ་བཟླ་བར་བྱ།། དེ་ནི་བསྙེན་པ་དང་པོ་ཡིན།། ཕྱིས་ནི་རི་རབ་རྩེ་མོ་ལ།། སུམ་འབུམ་དག་ཏུ་བཟླས་པར་བྱའོ།། དེ་ནི་བསྙེན་པ་གཉིས་པ་ཡིན།། དེ ་ནས་དཀྱིལ་འཁོར་གཙང་མའི་སྟེང་། ཁྲིའམ་དཀྱིལ་འཁོར་སྟེང་དུ་ནི།། འཇམ་དཔལ་སྐུ་གཟུགས་རི་མོ་འམ།། བཞུགས་པའི་སྤྱན་སྔར་ཉིས་འབུམ་བཟླ།། དེ་ནི་བསྙེན་པ་གསུམ་པ་སྟེ།། དབྱེ་བ་ཚིག་འབུམ་ཐོད་པ ་དང་།། མེ་ཏོག་ལ་སོགས་མཆོད་པ་དང་།། ཕྱི་ནང་གསང་བའི་མཆོད་པས་མཆོད།། བསྟོད་པ་ལ་སོགས་ཅི་རིགས་བྱ།། བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་།། འཇམ་དཔལ་སྐུ་ནི་བཞད་འཛུམ་འམ།། རྟགས ་ནི་བཟང་པོ་བྱུང་བ་དང་།། དངོས་གྲུབ་ལ་སོགས་བླང་བར་བྱའོ།། དེ་ནས་དྲག་པོའི་སྦྱོར་བར་འཇུག། དུར་ཁྲོད་མ་ལ་ཡ་སོགས་ལ།། མི་སྨྲ་རོ་ཙས་ངག་བླངས་ལ། ཁྲག་ཆེན་དག་ཏུ་སྤད་པར་བྱ། ཁྲག་སྣ་ཚོགས་ཀྱི ་ཁུ་བས་བཀུ།། བཙིར་ལ་ཐལ་ཆེན་ས་དཀར་གྱིས།། མདོག་སྒྱུར་ཕུར་བཞིས་བརྒྱངས་ལ་བསྐམ།། ཟླ་བ་ནག་པོའི་ཚེས་དྲུག་ནས།། བརྩམས་ཏེ་ཕྱི་གཏོར་ལ་སོགས་བཏང་།། མཐོང་གཟུགས་དཔང་གཟུགས་གསེར ་སྙེམས་སྙེམས། གཏང་།། སྲིད་པའི་ལྷ་སྲིན་སྡེ་བརྒྱད་ལ།། བདེན་བདར་རྒྱབ་རྟེན་མ་བྱས་བསྒོ། ཁྲམ་དམར་བཏབ་ལ་ཁྲམ་བཞག་ལ།། གཤིན་རྗེའི་དྲག་སྔགས་དག་དང་བསྒྲག། ཤྭ་རྡེའུ་དཀར་ནག་རྟོག་པར་བྱའོ།། ་བསྙེན་པའི་སྙིང་པོ་ཧྲི་སྟི་ཟློས།། ཟླ་བ་ནག་པོའི་ཚེས་དྲུག་ནི།། ཉི་ཤུ་གཅིག་ནས་དབུ་བཙུགས་ལ།། ཉི་ཤུ་དྲུག་ནི་ཚུན་ཆད་དུ།། ནུས་ཚད་དུ་བཟླས་པ་བྱ།། ཨོཾ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་རཾ་ཡ་ཧཱུཾ་ཕཊ། ་ཉིན་ཕྱེད་ཚུན་ཆད་བཟླས་པར་བྱ།། མཆོད་དང་བསྟོད་པ་ལ་སོགས་བྱ།། བརྒྱངས་པའི་རས་དེ་བླངས་ནས་སུ།། གཞན་མེད་ཐལ་བ་ལ་སོགས་གཉིས།། ཀ་ན་ཀ་ཡི་ཁུ་བ་དང་།། སྦྲང་རྩི་ཕོག་དང་དུག་སྣ་ཚོགས།། ཏིལ ་དང་ཉུངས་ཀར་མར་ཁུ་དང་།། རང་གི་སྲིན་ལག་ཁྲག་དང་ནི།། རྙེད་ན་ཕྱི་ས་ར་ཁྲག་དང་།། སྐྱེ་ཚེ་བཙན་དུག་ས་དཀར་དང་།། རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲི།། མ་ར་གཤིན་རྗེའི་ལྟོ་བར་བཞུགས།། ་དབང་ནི་བཙུན་མོའི་རྟིང་པར་བྱ།། ཞི་ཁའི་བ། ཟླ་བའི་དཀྱིལ་དུ་བྱ།། རྒྱས་པར་འདོད་ན་གླང་པོའི་རྒྱབ།། དབྱེ་བ་རྟ་དང་མ་ཧེའི་འཕོངས།། སྐྲད་པ་དོམ་དང་རྔ་མོའི་འཕོངས་སུ་བྱ།། ལྐུགས་པ་ལུག་གི་ཁོང་དུ་བྱ།། ་གནན་པ་རི་རབ་འོག་ཏུ་བྱ།། སོ་སོའི་ལས་དང་རྫས་རྣམས་ནི།། རིག་པ་ཅན་གྱིས་ཤེས་པར་བྱ།། གཤིན་རྗེ་ཟླ་གསང་ནག་པོ་འདི།། ཟླ་གསང་། གསང་བར་སྔགས་པ་འདི།། འཕྲིན་ལས་བྱ་བའི་རིམ་པ་ནི།། གསང ་བའི་ལས་སུ་ཤེས་པར་བྱ།། འཁོར་ལོ་བཅུ་པའི་རིམ་པ་ནི།། བརྒྱངས་པའི་རས་དག་དུག་བྱུགས་ལ།། མ་དོ་ལ་ལུམ་བུ་ཟང་ཕྲོམ་དང་། ཁ་དོག་དུག་རྣམས་ཚོགས་རྣམས་ལ།། རང་གི་སྲིན་ལག་ཁྲག་དང་སྦྱར།། སྣག་ཚ ་བྱས་པས་བྲི་བར་བྱ།། སྨྱུག་གུ་བྱ་རོག་འུག་པའི་སྒོ།། མི་དྲིར་ཤི་བའི་རྐང་ལ་ཡང་།། པིར་ལ་སོགས་པ་བྱ་བར་གསུངས།། སྒྲོ་རྩར་སྐུད་པ་སྔོན་དམར་བཅིངས།། འཁོར་ལོ་བྲི་བའི་རིམ་པ་ཡང་།། གསང་བའི་ལས་སུ ་ཤེས་པར་བྱ།། འཁོར་ལོ་བྲིས་ནས་སྨོན་ལམ་གདབ།། རང་གི་ཨ་མྲྀ་ཏ་ལ་སོགས།། མཆོད་ཅིང་བསྟོད་པ་ལ་སོགས་བྱ།། བདག་ཉིད་ཡ་མནྟ་ཀ་ལ་སོགས་སྒོམ། སྐུ་མདོག་སྟང་ཟིལ་ནག་པོའམ།། ཆུ། རླབས་གླང་ནག། ་པོའི་སྤྲིན་དང་འདྲ། ཁམ་ནག་རལ་པ་གྱེན་དུ་རྫེས།། སྨ་ར་ཁམ་པ་སྨིན་མ་སེར།། གློག་འགྱུ་སྨིན་མ་ཞལ་བགྲད་པ།། ལྗགས་དྲིལ་ཚེམས་གཙིགས་གསུས་ཁྱིམ་ཆེ།། ལུས་དང་ཡན་ལག་ན་གས་དཀྲིས།། ང་རོ་ཁ་ནས ་འཛབ་ཀྱང་ཟློས།། གདུག་པའི་མཚོན་ཆ་སྣ་ཚོགས་འཛིན།། དེ་ལྟ་བུ་རུ་བདག་ཉིད་སྒོམ།། མཁས་པས་རང་གི་རིག་པ་ཡིས།། ཐོད་པའི་འོག་མ་ཁྲི་སྟེང་ངམ།། ཟ་མ་ཏོག་གི་སྟེང་དུ་བཞག། སྟེང་གི་ཐོད་པ་སྨྱུག་མ ་ལས།། སྔོན་མར་བརྒྱངས་ལ་ཡས་མར། བདག་གདགས།། ཉི་ཤུ་བདུན་གྱི་སྔ་དྲོ་ལ།། ཉི་མ་རི་རབ་རྩེ་ཤར་ལ།། སྟག་ལྤཊ་གོན་ལ་བགྲོད་དཀར་འགྲོ།། རུ་རུ། རག་ཤའི་ཕྲེང་བ་བགྲང་།། དབྱུག་ཏོ་ཐོགས་ཤིང་སྡིགས ་། མཛུབ་སྒྲེང་།། ཕྱག་ཀྱང་འཚལ་ཞིང་ལམ་མི་བཟུར།། འཕྲད་ན་གང་ཡིན་བརླག་པར་བྱེད། ཁྲི་ཁྲི་རྣ་བ་ཅན་ན་ཟླ།། རྣལ་འབྱོར་ནང་ལ་གཏམ་ཟེར་ན།། ལག་པའི་བདེ་ཡིས་གདའ་བར་བྱ།། སྐོམ་དང་བཟའ་བ་འདོད ་པའི་ཚེ།། ལག་པའི་བརྡའ་ཡིས་བླང་བར་བྱ།། སྨན་རྣལ་འབྱོར་རང་དོན་ཟད།། དེ་ཡི་ཕྱིར། ནི་ལག་བརྡའ་བྱ།། དེ་ཡི་ཚེ་ན་འདི་ཡང་གནོད།། ཡ་མན་ར་ཙ་ཏོ་མེ་ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། དེ་ནས་དམར་ཟག་ཆད ་པར་བྱ། ཁྲི་ཁྲི་བཟླས་པར་བྱ་བ་ཡིན།། དམར་ཐག་ཆད་ནས་སྔགས་གཞུག་བཅད།། ཕུར་བུས་གདབ་དང་ཉུངས་དཀར་རྡེག། ཕོ་ཉ་བཅོལ་བསྐུལ་དྲག་ཏུ་བྱ།། མ་ངེས་དཔང་གཟུགས་ཚོ་ངེས་གདབ།། ཉི་མ་གཉིས་པ ་ལ་འདི་ཡང་གདོན།། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ན་ཆེ་གེ་མོ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། དམར་ཟག་ཆད་ནས་སྔགས་གཞུག་བཅད།། ལས་ཀྱི་རིམ་པ་གོང་དང་འདྲ།། གསུམ་པ་ལ་ནི་འདི་ཡང་གདོན།། ཡ་ཏ་ཡོ་ནི་ར ་ཡཀྵེ་ཡ་མུར་ཙ་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་བཅད།། ལས་ཀྱི་རིམ་པ་གོང་དང་འདྲ།། ཉི་མ་བཞི་པ་གོང་དང་འདྲ།། ཉི་མ་བཞི་པ་འདི་ཡང་གདོན།། ཡཀྵ་ཡ་ཛ་ནི་ར་མ་ཆེ་གེ་མོ་ཞིག་མ་ར་ཡ་ཧཱུཾ་ཕཊ། ་དུམ་ནི་འབྲུག་སྒྲའི་ཚུལ་དུ་གདབ།། གདབ་ཀར་ཡི་གེ་ཉི་ཤུ་རྩ་ལྔ་ཡང་།། གནན་པའི་འཁོར་ལོར་གཞུག་པར་བྱ།། གནན་པའི་གཟུགས་ནི་རབ་ཏུ་བྲི།། ཐོད་པར་རབས་ཆད་ནག་པོའམ།། གུ་དིག་གླེན་པ་བཀྲ་མི་ཤིས།། ། ་ནང་དུ་བཅུག་ལ་རེ་བས་དྲིལ།། ལྷ་ཁང་ཐེམ་པའི་འོག་དག་གམ།། རོ་ཁུང་དུར་ཁྲོད་དག་ཏུ་གནན།། གཏད་པ་གཤིན་རྗེ་ཉིད་ལ་སྟེ།། དངོས་སུ་རལ་པ་ཚར་དགུ་ལ།། རྒྱ་མཚོ་ཆེན་པོའི་འོག་ཏུ་གནན།། གནན་པའི ་ལྷ་ནི་ཚར་དགུ་སྟེ།། ཚུབ་ནག་འདྲ་བའི་གཟུཊ་ཆེན་ལ།། མ་ཧེའི་ནག་པོའི་གདན་ལ་སྐྱོན།། གཤིན་རྗེ་དབྱུག་པ་སྔོན་པོ་ཐོགས།། དེ་ལྟ་བུ་ཡི་དངོས་པོ་ལ།། བདག་གི་རལ་གྲི་ཕྱག་རྒྱ་བཅས།། ས་གཞི་རིན་ཆེན་བཤགས ་ནས་ནི།། གཤིན་རྗེ་ཡི་ནི་ལག་ཏུ་གཏད།། རི་རབ་ཆེན་པོ་ཉིད་ཀྱི་གནན།། དོན་ཡོད་གྲུབ་པའི་ཕོ་བྲང་གདབ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་བཅའ་གཞིའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འདི་སྐད་ཅེས་བཀའ་བསྩལ་ཏོ།། དྲག་པོའི་ལས་དག་བྱེད་འདོད་ན།། ཡིད་དང་མཐུན་པའི་གནས་མལ་དུ།། རྣལ་འབྱོར་མོས་དང་དད་པ་ཡིས།། བླ་མ་མཉེས་བྱ ་དབང་དག་ནོད།། ལུང་དང་མན་ངག་ཐོབ་ནས་ཀྱང་།། བརྩོན་འགྲུས་ཆེན་པོ་བསྒྱུར་ལ་ཟོ་སྒྲུབ།། གནས་དང་གཟུང་མ་དག་དང་ནི།། ལྷ་སྤྱོད་ལྡན་པ་དག་གིས་ཀྱང་།། འཁོར་ལོའི་རྒྱུད་དང་སྣག་ཚའི་རྒྱུད།། མུ་ཁྱུད ་རྒྱུད་དང་དུས་དང་ཕྱོགས།། མཁས་པས་ཟླ་གསང་རྒྱུད་ལས་བཤད།། དྲག་པོ་ཡི་ནི་དཀྱིལ་འཁོར་ཡང་།། བསྐྲད་དང་གཟུངས་དང་བསླང་ལ་སོགས།། མཁས་པས་ཟླ་གསང་རྒྱུད་འདིར་བཤད།། དྲག་པོའི་དཀྱིལ ་འཁོར་བྲི་བ་ཡང་།། ཐིག་གཡོག་གཟུང་མ་མཚན་ལྡན་པ།། བ་སུའི་ཐིག་དང་ཐལ་ཆེན་ཚོན།། རྒྱུད་དང་མན་ངག་ཤེས་པར་བྱ།། ཤར་ནུབ་ལྷོ་བྱང་ཕྱོགས་དང་མཚམས།། ཕྱོགས་ཆ་རིམ་པས་བལྟ་བར་བྱ།། སྟེགས་བུ ་འདོམ་གང་གྲུ་བཞི་ལ།། ཆག་ཆག་གསུམ་དང་སྐྱང་ནུལ་བྱ།། ཟླ་གསང་རྒྱུད་ལས་ཤེས་པར་བྱ།། བྱིན་བརླབས་གནམ་ཐིག་གདབ་པ་ཡང་།། ཟླ་གསང་རྒྱུད་ལས་ཤེས་པར་བྱ།། ཐིག་ནི་བརྒྱད་ཀྱི་ཆ་རུ་བྱ།། ཐིག ་སྐོར་བཞི་དང་ལྡན་པ་ཡང་།། ཐིག་སྐོར་གསུམ་པའི་ཐིག་གསུམ་གདབ།། ལེ་ཚེ་དག་ནི་དགུ་རུ་འགྱུར།། ཕྱི་རོལ་ཐིག་སྐོར་རྡོ་རྗེའི་ར།། ཐིག་སྐོར་གཉིས་པ་དག་ལ་ནི།། བཅུ་གཉིས་རྩིབས་དང་ལྡན་པར་བྱ།། ཡ་མ ་། མེ་ཏ་ཀྵེ་ཞེས་པ།། ཕྱོགས་བཞི་དབུས་ཀྱི་ལེ་ཚེ་ལ།། དྲག་པོ་སྔགས་ཀྱི་ཡི་གེ་དགོད།། བཅུ་གཉིས་རྩིབས་དང་ལྡན་པ་ལ།། ར་ཙས་ཏེ་བཞི་ཡང་དགོད།། རུ་ན་ཡོ་ནི་དག་དང་ཡང་།། ར་མ་ཙ་ནི་ཞེས་པ ་ཡི།། འཁོར་ལོའི་རྩིབས་ལ་དགོད་པར་བྱ།། ཐིག་སྐོར་གསུམ་པ་དག་ལ་ནི།། བཅུ་དྲུག་རྩིབས་དང་ལྡན་ལ།། ཧྲི་སྟི་སྔགས་ཀྱི་ཡི་གེ་དགོད།། བསྒྲུབ་བྱའི་མིང་དང་སྤེལ་ལ་གདབ།། རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ།། སྒོ ་དང་སྒོ་ཁྱུད་ལྡན་པར་བྱ།། དབུས་ནི་དྲག་པོ་གྲུ་གསུམ་ནག། ལེ་ཚེ་བཞི་ནི་ཕྱོགས་དང་སྦྱར།། ས་སྟེང་མཛེས་པའི་མཚོན་དུ་བཏང་།། བཅུ་གཉིས་དྲག་པོ་དྲུག་ཅུ་རྒྱས།། རྡོ་རྗེ་ལྕགས་ལ་གྲུ་ཆད་ལྡང་།། མཐའ་ནི་ལྕགས ་། རི་ཕྱོགས་དང་སྦྱར།། གཤིན་རྗེ་ལྷ་ནི་ལྷོ་ཤར་བྱང་།། བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ།། ཤ་ཁྲག་རྫས་དང་མེ་ཏོག་སྔོ།། ལྷ་ཡི་ཕྱོགས་ནས་དབུལ་བར་བྱ།། དྲག་པོ་རྫས་ཀྱི་གའུ་དེ།། མངའ་གསོལ་དབང་བསྐུར་བྱས ་ས་ཀྱང་།། དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ།། འཁོར་ལོ་བཅུ་བདུན་རྩེ་ལ་ཡང་།། ཕུར་བུ་བཅུ་བདུན་རིམ་གྱིས་སོ།། འཁོར་ལོ་བཅུ་དྲུག་རྩེ་མོ་ལ།། ཀྱེ་སེ་རྩེ་མོ་བཅུ་དྲུག་ཕུར་བུ་དགོད།། སྒོ་བཞི་བསེ་མོའི ་ཕུར་པ་བཞི།། ཉི་ཤུ་རྩ་བརྒྱད་ལྔ་ལ་ཡང་།། དབང་ཕྱུག་མངའ་གསོལ་བར་ཁྱམས་ལའོ།། བསྒྲུབ་པའི་དམ་རྫས་གཏོར་མ་བཏང་།། བསྒྲུབ་བྱ་ལྷ་སྡེ་སྤྲུལ་ཤིག། ལས་སུ་གཉེར་བའི་ལྷ་སྟེ།། ཉི་མ་བཞིལ་ཅིག། འཕྲིན ་ལས་སུ་གཉེར་བའི་ལྷ་སྟེ། གྲི་ཐོགས་གསོལ་ཤིག། ཁྲམ་ཐོགས་བདུད་ལ་ཅིག། མ་མོའི་ཚོགས་ལ་ཅིག་ཀྱང་དབུལ།། ཞི་ཁྲོ་ལྷ་ཡི་ལས་གཞུང་བསྲང་།། དེ་ནས་འཆི་བདག་ལས་གཞུང་བསྲང་།། ཞེས་གཤིན་རྗེ་གཤེད ་པོས་བཤད་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་གཞིའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡིས་འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་འཇམ ་པའི་མགོན།། ཕྱོགས་སྐྱོང་འདུལ་བའི་གཤེད་པོ་སྟེ།། དཔའ་བོའི་འཁོར་དུ་འདུག་པ་རྣམས།། ཚུལ་བཞིན་སྒྲུབ་པའི་དོན་བཤད་ཀྱང་།། འཕྲིན་ལས་གཞུང་སྲོང་ཇི་ལྟར་སྲོང་།། ཏིང་འཛིན་རྣམ་གསུམ་ཇི་ལྟར་བསྐྱེད།། ། ་སྤྱན་དྲངས་གཞུགས་ཇི་ལྟར་བགྱི།། འཇམ་དཔལ་མགོན་ལ་བདག་ཉན་འཚལ།། དབང་པོ་ཆེན་པོས་བཀའ་སྩོལ་ཞིག། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འཕྲིན་ལས་ཀྱི་ལེའུ་འདི་ཆེད་དུ་བརྗོད ་དོ།། དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ།། མི་རོ་མང་པོ་ཡོད་དམ་རྐང་ཅིག་ཤིང་གི་རྩ།། གཅན་གཟན་མང་པོ་འདུ་ཞིང་འདབ་ཆགས་མང་པོ་འདུས།། ལྷ་འདྲེ་མང་པོ་ཚོགས་སར་དྲག་པོའི་གནས་བཙལ་ཏེ།། ་མཆོད་བསྟོད་བཤགས་ལ་དཀོན་མཆོག་གསུམ་པོ་སྤྱན་ཡང་དྲངས།། མཉེས་པར་བྱ་ཕྱིར་མཆོད་པ་ལྔ་ཡང་དབུལ།། ས་བདག་ས་སྲིན་ལྷ་མོ་སྤྱན་དྲངས་ལ།། གཏོར་མ་ཆང་ཕུད་མཆོད་པ་རྫས་བྱིན་བརླབ།། སྔོ་ནི ་། ལང་བསྲུང་ཟག་བཤད་བཛད།། ངརྒྱལ་རྔ་རྔ་ཁྲ་བ་ཡིས།། རྡོ་རྗེའི་འགྲུས་ཀྱིས་བཀར་བྱས་ལ།། ས་བླངས་ས་གན་བྱུང་བ་ན།། བདག་ཅད་ཁྲོ་བར་གྱུར་པའི་ཐུགས་ཀ་ནས།། ར་ལས་ས་ཤེས་མས ་དངོས་མཚན་ཀུན་བསྲེགས་ལ།། ཡཾ་ལས་རླུང་གིས་ཀུན། རྟོར་གཉིས་ཏེ། ཁཾ་ལས་ཆུ་ཡིས་བཀྲུ་བར་བྱ།། དོན་དམ་སྟོང་པའི་ངང་དུ་བསྒོམ།། དེ་ནས་ཀུན་རྫོབ་མཚམས་བཅད་དེ།། དཀྱིལ་འཁོར་བརྒྱད་ཆ་དབུས་སུ ་བསྐོར་བར་བྱའོ།། རིན་ཆེན་སྣ་ལྔ་ལྡན་པའི་ཆང་ཕུད་གཙང་།། ཕུང་ཤུལ་ས་བླངས་མི་རྟག་ཁྲག་གིས་བརྩིག། ས་སྦྱངས་གྲུབ་ནས་དུར་ཁྲོད་ཆག་ཆག་གདབ།། དྲི་ཆེན་དྲི་ཆུ་རིན་ཆེན་རཀྟ་དང་།། དུག་ལ་སོགས་པས ་ཆག་ཆག་རབ་ཏུ་གདབ།། དེ་ནས་ཐིག་གདབ་ཐིག་གི་རྒྱུ་བསྟན་པ།། ཞིང་གི་རྒྱས་པ་ཡུགས་མོའི་སྐྲ།། དྲི་བོའི་ལོག་ནོན་རོ་ཤ་ཁ་རལ་སྐྲ།། ཐིག་སྐུད་བྱས་ལ་བྱིན་བརླབས་ཐིག་ཀྱང་གདབ།། ཤར་དང་ནུབ་དང་དེ ་བཞིན་བྱང་།། ཤར་ལྷོ་ནུབ་བྱང་ལྷོ་ནུབ་དང་།། དེ་བཞིན་བྱང་ཤར་མཚམས་སུ་ཡང་།། དབུས་ཀྱི་ཤར་ནུབ་དབུས་ཀྱི་ལྷོ་དང་བྱང་།། སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད།། མཐའ་ཐིག་ལ་སོགས ་བྲི་བ་ལས་སུ་ཤེས།། དང་པོ་དུར་ཁྲོད་རས་བརྒྱངས་ལ།། འཁོར་ལོ་བྲི་བ་མན་ངག་ལས་སུ་ཤེས།། མ་ར་ཡའི་གཟུགས་བཅས་ལ།། རིན་ཟི་ཆེན་དྲི་ཆུ་རྐང་རྗེས་དང་།། ངར་བསྟབས་དག་གི་དུམ་བུ་དང་།། ནང་དུ ་ཚེར་མ་རུས་པས་དགང་།། མིང་རུས་གོང་དང་མིང་བྱང་དག། ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུགས།། སྐུད་པ་སྔོན་དམར་བྱད་བཅུག་བྱ།། སྔགས་བཟླས་སྐུད་པ་ནག་པོ་དག་གིས་སྐྱེ་གནས་བདག་གདག་ཡེ།། དེ ་ནས་ཐོད་པ་མཚན་ངན་ཞིག་བཤམས་ཏེ།། ལུས་ཀྱི་ངོས་ལ་ཡབ་བྲིས། སྤྱི་བོའི་ངོས་ལ་ཡུམ་བྲིས། དེ་བཞིན་གཤེགས་ཏེ་འཁོར་ལོ་རབ་ཏུ་གཞུག། འཁོར་ལོ་ཐོད་པའི་ནང་དུ་གཞུག། མི་ལྤགས་ཕྲེང་བས་རྒྱ་གྲམ ་བཅིང་།། དེ་ནས་ཕུར་པ་བཅུ་གཅིག་ལ།། གུ་གུལ་དུད་པས་རབ་ཏུ་བདུག། ཉུངས་ཀར་རྒྱལ་པོ་དག་གིས་བརྡེག། གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོ་བསྐྱེད།། སྤྱན་དྲངས་བཞུགས་གསོལ་གདན་རང་རང་ལ ་དགོད།། ཤར་དུ་ཀོང་ཙེ་བྲག་མགོན་དྲི་ཟ་འདུལ།། ལྷོ་ཕྱོགས་འཆི་བདག་ཡ་བ་ཏི།། ནུབ་ཏུ་སྨིག་བུ་ཀླུ་བདུད་འདུལ།། བྱང་དུ་ལྷ་མཆོག་གནོད་སྦྱིན་འདུལ།། ཤར་ལྷོར་ཨ་བ་གླང་མགོ་མེ་ལྷ་འདུལ།། ལྷོ་ནུབ་མིག ་དམར་སྲིན་པོ་འདུལ།། ནུབ་བྱང་རྟོལ་པ་རླུང་ལྷ་འདུལ།། བྱང་ཤར་ལས་གྲུབ་དབང་ལྡན་འདུལ།། སྟེང་དུ་དྲག་འཇོམས་ཚངས་པ་འདུལ།། འོག་ཏུ་དམར་པོ་ས་བདག་འདུལ།། དེ་དག་གཤིན་རྗེ་ཡུམ་རྣམས་དང་།། ་ཕུར་པ་རང་རང་དྲིལ་བྱས་ནས།། ཀུ་མ་འདའ་\ུ0f7f། རི་བདུད་འདུལ་ཤར།། ཤ་རི་འདའ་\ུ0f7fརི་བཙན་འདུལ་ལྷོ།། ཀང་ཀ་འདའ་\ུ0f7f། རི་བཀའ་འདུལ་ནུབ།། ཙ་མུན་འདའ་\ུ0f7f། རི་ཀླུ་འདུལ་བྱང་།། ཕུར་པ་བཞི་ཡང་སྒོ ་། བཞི་ལའོ།། གཤིན་རྗེའི་བྲིས་སྐུ་ལྷོ་རུ་བཀྲམ།། ཐོད་པ་འཁོར་ལོ་བཅས་པ་དེ།། གྲུ་གསུམ་ཕུར་གསུམ་སྟེང་དུ་བཞག། གཡང་གཞི་ལྤགས་འཕེན་ལ་སོགས་པ་ཡི་རྒྱན།། ཤ་ཆེན་ཚིལ་ཆེན་ཀེང་རུས་དང་།། ་ཁྲག་ཆེན་ལ་སོགས་ཅི་མང་སྦྱར།། སྐྱེ་ཐག་གཤིན་རྗེའི་ཕུར་ལ་གདགས།། གཏོར་མ་ལ་སོགས་གོང་བཞིན་བཞག། ཉུངས་ཀར་སྐྱེ་ཚེ་དུག་ཁྲག་རྣམས།། གཡས་གཡོན་དག་ཏུ་བཞག་པར་བྱ།། མཆོད་པ་ལྷ་དང་གཏོར ་མ་གསུམ།། ཆང་ཕུད་ལ་སོགས་བཤམས་ནས་ཀྱང་།། དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ།། མཆོད་དང་སྡིག་པ་བཤགས་པར་བྱ།། དེ་ནས་ཆོས་ཀྱི་སྲུང་མ།། ཀླུ་མགོན་ལྷ་མགོན་ལ་སོགས་དང་།། བགེགས་རིགས ་སྟོང་ཕྲག་བརྒྱད་ཅུ་དང་།། འགྲོ་བ་དྲུག་ལ་སོགས་པ་ལ།། གཏོར་མ་བསྔོས་ལ་བདེན་པ་བདར།། དེ་ཡི་གྲོགས་མ་བྱེད་ཅེས་བསྒོ།། དཀྱིལ་འཁོར་བསྐོར་ཞིང་དཔང་ཡང་གཟུགས།། ཐ་མ་རྡོ་རྗེའི་འགྲོས་ཀྱིས་བསྐོར།། ་བགེགས་རྣམས་བསྐྲད་ལ་མཚམས་ཀྱང་བཅད།། དེ་ནས་ལྷོ་ཡི་ངོས་སུ་ཁ་ཡང་བལྟ།། དེ་བཞིན་ཉིད་དང་ཀུན་ཏུ་སྣང་།། རྒྱུ་དང་ཏིང་འཛིན་རྣམ་གསུམ་སྒོམ།། ཨེ་ཡཾ་རཾ་སུཾ་ཀྱེ་ཀ་རཾ་བྷྲཱུཾ་ལས།། གཞལ་ཡས་གདན་དང ་བཅས་པ་སྒོམ།། དབུས་ཀྱི་མ་ཧེའི་གདན་ཐོག་ཏུ།། མཐིང་ནག་འབར་བའི་ཧཱུཾ་གཅིག་བསྒོམ།། དེ་ལས་འོད་ཟེར་འཕྲོས་འདུས་པས།། ཕྱག་མཚན་རྡོ་རྗེ་ཞིག་ཏུ་གྱུར།། ཨོཾ་ཨ་ཀྲོ་ཏོ་ཡ་མནྟ་ཀ། ཀ་ལ་རུ་པ་བཛྲ་ཀྲོ ་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ལས་ཡ་མནྟ་ཀར་གྱུར།། གཡས་དཀར་གཡོན་དམར་དབུས་མཐིང་ཞག།། རལ་པའི་རྩེ་ལས་མེ་འབར་བ།། རལ་པའི། སྐྱེད་ཀ་ནས་ཞག་འཛག་པ།། རལ་པའི་རྩ་ནས་རྒྱ་མཚོ ་འཁྲུགས།། སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་བསྣམས།། དུང་དམར་མདུང་ཟུང་གསལ་ཤིང་གཡོན།། ཞབས་བཞི་བརྐྱང་བསྐུམ་མ་ཧེ་འཛིན།། དུར་ཁྲོད་རྒྱན་གྱིས་བརྒྱན་པར་བསམ།། ཀླད་པར་ཨོཾ་བསམ་མགྲིན ་པར་ཨཾ།། ཙིཏྟའི་ནང་དུ་ཧཱུཾ་ཞིག་བསམ།། ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷ་བ་ཨཏྨ་ཀོ&ཧཾ། སྐུ་གསུམ་ཐུགས་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝ་ཀ་ཙིཏྟ་བཛྲ ་སྭ་བྷ་བ་ཨཏྨ་ཀོ&ཧཾ། ཁྲོ་བོ་རང་རྒྱལ་བསྐྱེད་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མནྟ་ཀ་མ་ཧཱ་ཀྲོ་ཏ་ཧཱུཾ། དེ་ནས་ཧཱུཾ་ཞེས་རབ་བརྗོད་པས། ཁྲོ་བོའི་ཐུགས་ཀར་ཧཱུཾ་བཏོན་ཏེ།། གཡོན་ཕྱོགས་ཞིང་གི་གདན་སྟེང་དུ།། ཧཱུཾ་དེའི ་འཕྲོས་ཞིང་འདུས་པ་ལས། ཨོཾ་ཨཱཿཧཱུཾ། པེ་ཏ་ལི་རཀྵ་མིན། བརྗོད་པར། ཡབ་ཡུམ་ཉིད་དུ་གྱུར། ཁྲམ་བམ་གཡས་ལ་བནྡྷ་གཡོན།། སྐུ་མདོག་ནག་པོ་གསལ་བྱེད་བསྐྱེད།། ཡབ་ཀྱི་གསང་བའི་རྡོ་རྗེ་དང་།། ཨོཾ་ལས ་ནོར་བུ་བུ་གར་ཕཊ།། དེ་ནས་ཡུམ་གྱི་གསང་གནས་སུ།། ཕ་ལས་པདྨ་འདབ་མ་བརྒྱད།། ཡེ་ནས་གྲུ་གསུམ་བྱ་བ་དེ།། འདི་སྐད་བརྗོད་ལ་གསང་སྒོ་དབྱེ།། པདྨ་དགུ་ཏ་ཀྲ་ཎེ། པྲ་བེ་ཤ་ཕཊ།། ཞེས་བརྗོདལ་རེགསང་སྒོ ་། དབྱེ། ཡབ་ཡུམ་རོལ་པར་མཛད་པ་དང་།། ལྷག་པ་བྱང་ཆུབ་སེམས་ཉིད་དེ།། སྙིང་རྗེའི་ལམ་ནས་རབ་བྱུང་སྟེ།། ཡུམ་གྱི་ཁ་ཁའི་བྷ་གའི་མཁའ་འཕྲོས་དང་།། དེ་ལས་ཧཱུཾ་ཞེས་བརྗོད་པ་ཡིན།། བྱང་སེམས ་ཧཱུཾ་སྒྲིལ་མ་བཅུར་གྱུར་ཏེ། མཁའ་ལས་བཏོན་ནས་འཁོར་ལོའི་རྩིབས་དང་གདན་ཐོག་ཏུ། ཧཱུཾ་ཧཱུཾ་སྒྲིལ་མ་རེ་རེ་བསམ།། འཁོར་ལོ་ཤར་གྱི་རྩིབས་གནས་པ།། ཧཱུཾ་ཧཱུཾ་སྒྲིལ་མ་དེ་ཉིད་ལས།། ཨོཾ་ཡ་མན་བཛྲ་ཀྲོ་ཏ་ཧཱུཾ། ཨོཾ ་བཛྲ་ཡ་མན་ཀྲོ་ཏི་ཧཱུཾ་ཧཱུཾ། བརྗོད་པས་ཧཱུཾ་ལས་ཁྲོ་བོའི་སྐུ།། ཀོང་ཙེ་བྲག་མགོན་ཁམ་བརྒྱ་མ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། དུར་ཁྲོད་བརྒྱན་དང་ལྡན་པ་སྟེ།། གཡོན་པ་བྷ་ན་དམར་ཡུམ་ལ་འཁྱུད།། གཡས ་པས་གདུག་པའི་མཚོན་ཆ་འཛིན།། ཡུམ་ཡང་གཡས་ཀྱི་ཡུམ་ལ་འཁྱུད།། གཡོན་པ་དུང་དམར་ཡབ་ལ་སྟོབ།། དུར་ཁྲོད་བརྒྱན་རྣམས་ཡབ་དང་མཐུན།། རྩ་བའི་སྔགས་ནི་བརྗོད་ནས་སུ།། ཕྱོགས་ཕྱོགས་ཡབ་ཡུམ ་ཀུན་ཀྱང་བསྐྱེད།། རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས།། གོང་བཞིན་ཐམས་ཅད་གསལ་བར་བསྐྱེད།། གཡས་ཀྱི་ཧཱུཾ་ལས་ཡབ་ཏུ་བསྐྱེད།། ཡབ་རྣམས་ཀུན་ནི་ནག་པོའོ།། ཡུམ་རྣམས་ཀུན་ནི་དམར་པོའོ།། ཡང་ན ་ཁ་དོག་རིགས་དང་མཐུན།། ཡུམ་ནི་ཡབ་དང་སྐུ་མཐུན་པའོ།། རོ་ག་མ་དུན་ཁྱོ་བྷེ། ཙ་མུན་ཏི་དུན་བྷྱོ། ནམ་གྲུ་མ་དུན་བྷྱོ། བྷྱོ་ལས་དུར་ཁྲོད་མ་མོ་གསུམ།། ཟླ་བ་གསུམ་ལས་བསྐྱེད་པར་བྱ།། སྒོ་བཞིར་རྡོ་རྗེ་སེ་མོ ་བཞི།། ཀུ་མ་ཏ་རི་ཤར་དུ་བསྐྱེད།། ཤུ་ལ་མངའ་\ུ0f7fརི་ལྷོ་རུ་བསྐྱེད།། ཀང་ཀ་ད་རི་ནུབ་ཏུ་བསྐྱེད།། རྩ་མུན་ད་རི་བྱང་དུ་བསྐྱེད།། ཀེའུ་སེང་དབང་ཕྱུག་མན་ངག་ལས་ཤེས་བཤད།། སྤྱན་དྲངས་ཕྱག་འཚལ་བཞུགས ་མཆོད་འབུལ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་འཕྲིན་ལས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། དྲག་པོའི་འཁོར་ལོ་སྐབས་འདིར་བརྗོད།། ་དུར་ཁྲོད་ཀྱི་རས་རྙིང་པ་དང་།། དྲི་བོ་ཤི་བའི་རོ་ཤུན་ནམ།། མི་ཚིག་ལོ་རྩགས་ལ་སོགསཔ་སྨྲ་བར།། སྐྱེ་ཚེ་ཉུངས་ནག། ལག་ཚ་ལན་ཨེ་མང་།། དུག་ནི་ནིམ་པའི་ལོ་ཤིང་དང་།། ཀ་ན་ཀ་ཡི་ཁུ་བ་དང་།། རོ་བསྲེག་པ་ཡི ་སོལ་བ་དང་།། རང་ངམ་བམ་གྱི་མཛུབ་མོའི་ཁྲག། དེ་རྣམས་སྦྱར་ལ་སྣག་ཚ་བྱ།། བྱ་རོག་འུག་པའི་སྒོ། རྩལ་བཅལ་ལ།། འཁོར་ལོ་བྲི་བའི་སྦུ་གུ་བྱ།། འཁོར་ལོ་རྩིབས་ཅན་གཉིས་བྲིས་ཏེ།། སྲིད་གསུམ་སེམས་ཅན ་ཐམས་ཅད་ཀུན།། གཤིན་རྗེ་ལྟོན་ཡོད་རྟཊ་སུ།། འཁོར་ལོ་རྣམ་པ་གསུམ་དུ་བྲི།། དབུས་སུ་རེའུ་མིག་དགུ་རུ་བྱ།། ཕྱི་རིམ་རྩིབས་ནི་བཅུ་གཉིས་བྱ།། ཐ་མ་དག་ལ་བཅུ་དྲུག་བྱ།། ཡབ་ཡུམ་འཁོར་ལོ་དག་ལ་བསྐོར།། ་འཁོར་ལོའི་ནང་དུ་སྔགས་བྲིས་ལ།། རི་བུ་བཅུ་བཞི་དང་བཅུ་གཉིས་དང་།། ཉི་མ་བཞི་པའི་གཤེད་བཞི་བྲི།། བཅུ་དྲུག་ཧྲི་སྟི་དམ་ཚིག་སྔགས།། ཕྱི་རིམ་ཀ་ཀ་བཞི་བཅུ་གཉིས།། ཡང་རིམ་དབྱངས་ཡིག་བཅུ་དྲུག་བྲི།། ་། དེ་ཡི་ཕྱི་རིམ་ཡང་རིམ་ལ།། ཛཿཧཱུཾ་བཾ་ཧོ་བྲི་བར་བཤད།། ཡི་གེ་རེག་མི་རུང་། དེ་ཡང་ཕོ་ཡི་འཁོར་ལོ་ནི།། ཡི་གེ་ཁ་རྣམས་ཕྱི་རུ་བསྟན།། མོ་ཡིག་རྣམས་ནི་ནང་དུ་སྟོན།། ཡ་དང་ཡ་མཉམ་མ་དང་མ།། ར ་དང་ར་མཉམ་ཙ་དང་ཙ།། ས་དང་ས་མཉམ་ཏོ་དང་ཏོ།། མེ་དང་མེ་མཉམ་ཡ་དང་ཡ།། ཡ་དང་ཡ་མཉམ་མེ་དང་མེ།། ན་དང་ན་མཉམ་ཡོ་དང་ཡོ།། ཏ་དང་ཏ་མཉམ་ཡང་དང་ཡང་།། ཡ་དང་ཡ་མཉམ་ཏ་དང་ཏ།། ཡོ ་དང་ཡོ་མཉམ་ནི་དང་ནི།། ར་དང་ར་མཉམ་ཡ་དང་ཡ།། ཀླེ་དང་ཀླེ་མཉམ་ཡ་དང་ཡ།། ཡ་དང་ཡ་མཉམ་ཀྵེ་དང་ཀྵེ།། ཡ་དང་ཡ་མཉམ་ཙ་དང་ཙ།། ནི་དང་ནི་མཉམ་ར་དང་ར།། མ་དང་མ་མཉམ་ཡ་དང་ཡ།། མདོར ་ན་ཡི་གེ་གོང་མ་དང་།། འོག་མ་མཉམ་ཞེས་བྱ་བའི་ཐ་ཚིག་གོ། གཡས་བསྐོར་གཡོན་བསྐོར་ཕོ་མོ་གཉིས།། མ་ནོར་མ་ལོག་བྲི་བ་གཅེས།། དམ་ཚིག་ཡི་གེ་དགོད་པ་ཡང་།། ཨོཾ་དང་ཨོཾ་མཉམ་ཧྲི་དང་ཧྲི།། སྟི་དང་སྟི ་མཉམ་བི་དང་བི།། ཀྲི་དང་ཀྲི་མཉམ་ཏ་དང་ཏ།། ན་དང་ན་མཉམ་ན་དང་ན།། ཚེ་དང་ཚེ་མཉམ་གེ་དང་གེ། མོ་དང་མོ་མཉམ་ཧཱཾ་དང་ཧཱུཾ།། ཧཱཾ་དང་ཧཱུཾ་མཉམ་ཕཊ་དང་ཕཊ།། སྭ་དང་སྲ་མཉམ་ཧོ་དང་ཧོ།། དམ་ཚིག་ཡི ་གེ་མ་ནོར་དགོད་པ་གཅེས།། ཀ་ཁ་དབྱངས་ཡིག་ལ་སོགས་ཏེ།། ཡི་གེ་རྣམས་ཀྱི་དགོས་ཕྱོགས་སོ།། གཉིས་ཀ་རྣལ་མར་བྲིས་འགྱུར་ན།། ཡབ་ཡུམ་ཚོ་རོ་ལ་སོང་འགྱུར་ཏེ།། འཁོར་ལོ་ལོག་ན་རྣལ་འབྱོར་ཕུང་།། དེ ་ལས་དགུག་དང་གནན་འཕྲོས་པ།། བསྒྲུ་བསྟད་དང་སྒོ་ལ་སོཊ་པ་རྣམས།། ཟླ་གསང་ལས་ལས་ཤེས་པར་བྱ།། དེ་ལྟར་འཁོར་ལོ་བྲིས་པ་དང་།། རབས་ཆད་ནག་པོའི་ཐོད་པ་ཡང་།། འཁོར་ལོ་གོང་མ་ལྟར་བྲིས་ལ། ་དེ་ཡི་བར་དུ་གཞུག་བྱས་ནས།། ཚོན་སྐུད་ནག་པོ་ཕྱོགས་བཞིར་མཆིས།། གཞན་མ་ཞི་རྒྱས་ལ་བྱེད་ན། ཁམ་པའི་ཁམ་ཚེར་དེ་བཞིན་ནོ།། སོ་སོ་རིགས་ཀྱི་གཟུངས་ཐག་གདགས།། དེ་ཡིས་གང་འདོད་གདོན་མི་ཟ།། ་ལས་རྣམས་འགྲུབ་ཅེས་གཤེད་པོས་བཤད།། དཔལ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། འཁོར་ལོ་འཆའ་ཐབས་ཀྱི་ལེའུ་སྟེ་ཉི་ཤུ། རྩ་མེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཛིཊ་བྱེད་ཆེན ་པོས་འདི་སྐད་ཅེས་བརྗོད་དོ།། དང་པོའི་ཏིང་འཛིན་རྣམ་གསུམ་གྱིས།། ལས་ཀྱི་བྱ་བ་གཞན་ཟིན་ནས།། ཏིང་ངེ་འཛིན་ལ་རབ་འཇུག་པ།། ངས་བཤད་པ་ལ་སེམས་ཐུད་ཅིང་།། ཧཱུཾ་ལོག་རྟོག་གཟུང་འཛིན་འཁྲུལ་པའི ་སེམས་ཉིད་དེ།། སེམས་ཀྱི་བརྟགས་པ་ཅིར་ཡང་མི་སྣང་སྟེ།། མི་གཡོ་མི་བསམ་ཆོས་ཀྱི་དབྱིངས་ཉིད་དང་།། རིག་པ་སྤྲོས་བྲལ་མི་རྟོག་བསྒོམ།། ཨོཾ་མ་ཧཱ་ཤུ་ག་ཉ་ཙ་ཏ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ&ཧཾ། ཧཱུཾ་དབྱིངས ་ཉིད་ནམ་མཁའ་སྟོང་པའི་རང་བཞིན་ལས།། རང་སེམས་མཾ་ལས་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཏེ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་འབར་བ་དང་།། བརྟན་ཅིང་མི་གཡོ་རྡོ་རྗེ་འབར་བར་བསྒོམ།། བཛྲ་ཅེས་འཕྲོས་འདུས་པ་ལས།། ་། རྡོ་རྗེའི་གུར་གདངས་དང་སེསེ་གཞིར་བསྒོམས།། ཧཱུཾ་འཇིག་རྟེན་ཁམས་གསུམ་མ་ལུས་ཀུན།། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ལ།། ཡེ་ཤེས་འབྱུང་བ་རིམ་བཞིན་བསྒོམ།། ཨེ་ཡཾ་རཾ་བཾ་སུཾ་ཀེང་། རུས་ཏེ།། ནམ ་མཁའ་སྟོང་པའི་རང་བཞིན་ལས།། རྟེན་པ་རླུང་གི་མཎྜལ་བསྒོམ།། དེ་སྟེང་རཾ་ལས་གྲུ་གསུམ་མེ།། བཾ་ལས་བདུད་རྩི་ངོ་བོ་ཡི་ཆུ་ལས།། སྨིན་པ་ས་ཡི་དཀྱིལ་འཁོར་བསྒོམ།། ཀེང་རུས་རི་རབ་སྟེང་དག་ཏུ།། ཡེ་ཤེས ་འབར་བའི་གཞལ་ཡས་བསྒོམ།། བྷྲཱུཾ་ལས་ཡེ་ཤེས་འབར་བའི་གཞལ་ཡས་ཁང་།། གྲུ་བཞི་སྒོ་བཞི་རྟ་བབས་དང་།། དཀྱིལ་འཁོར་ཚུལ་དུ་གཞལ་ཡས། ཁང་ཏེ།། བྷྲཱུཾ་ཛྙཱ་ན་ཙཀྲ་བྷྲཱུཾ།། ཧཱུཾ་གཞལ་ཡས་དབུས་སུ་ཉི་ཟླ་སྟེ།། ། ་ཆུ་སྐྱེས་སྟེང་དུ་བདག་ཉིད་ནི།། འཕྲོས་འདུས་རལ་གྲི་རྡོ་རྗེ་མཚན།། འོད་འགྱུར་འཇམ་པའི་རྡོ་རྗེ་བསྒོམ།། ཨོཾ་ཨ་ར་པ་ཙ། དི་ནརྟི་ཥེ། ཧཱུཾ་འཇམ་པའི་རྡོ་རྗེའི་ཚུལ་དུ་ཟུར་ཕུད་ཅན།། སྐུ་ནི་གསེར་མདོག་ཞི་བའི་ཆ ་ལུགས་ཅན།། ཞལ་གཅིག་ཕྱག་གཉིས་རལ་གྲི་འཆང་།། གཞོན་ནུར་སྐུ་སྦྲུལ་ཕྱག་གཡོན་ཨུཏྤལ་ཏེ།། མི་འགྱུར་ཤེས་རབ་པོ་ཏི་མཚན་མ་བསྒོམ།། སྙིང་དཀྱིལ་ཉི་མའི་དཀྱིལ་འཁོར་དང་།། འོད་འཕྲོས་ཕྱོགས་བཅུའི ་བདེ་གཤེགས་སྤྱན་དྲངས་འོད་ཀྱི་གོང་བུ་བསམ།། འོད་ཕུང་ཁ་དོག་ནག་པོ་ཧཱུཾ།། འཕྲོས་འདུས་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་གནག། ཤིན་ཏུ་བརྟན་ཞིང་བརྟན་པ་ཉིད་དུ་བསྒོམ།། དེ་ལས་འོད་ཟེར་རབ་འཕྲོས་པས།། རྡོ་རྗེ ་ཕྲ་མོའི་འཕྲོ་འདུས་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུཊ།། གྱད་ཀྱི་དོར་ཟབས་ཡི་དྭགས་གནོན།། ཏྲི་ཤུལ་རལ་གྲི་དབྱུག་དགྲ་སྟ།། སྦྱིན་པའི་ཕྱིར་ན་ཕྱག་རྒྱ་བརྒྱད།། ་ལྕགས་ཀྱུའི་མཚོན་ཆ་གཡོན་ན་བསྣམས།། ཐོ་བཤག་ཏི་ཐོ་མ་ར།། སྡིགས་དང་ཞགས་པ་གཡོན་པ་སྟེ།། ལས་ལ་གསང་བའི་ཡུམ་གཉིས་དང་།། གཡས་གཡོན་གཉིས་སུ་བསམ་པ་དང་།། ལུས་དང་གྲིབ་མའི་ཚུལ ་དུ་བསྒོམ།། ཨོཾ་ཨ་ཀྲོ་ཏེ་ཡ་མནྟ་ཀ་ཧཱུཾ། པེ་ཏ་ལི་རཀྐ་རཀྵ་ཧཱུཾ་ཧཱུཾ། རྡོ་རྗེ་པདྨ་བྱིན་བརླབས་ལས།། པཾ་ལས་པདྨོར་བྱིན་བརླབས་ནས།། འདི་ཡིས་བསྐུལ་བའི་ཚུལ་བཞིན་བྱ།། ས་མ་ཡ་ཧོ། ས་མ་ཡ་སྟྭ~ཾ། ར་ཧོ་ཧཾ། ར་ག ་ཡ་མི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཡབ་ཡུམ་མཁའ་ལ་ཧཱུཾ་བཅུ་གཉིས།། གཤིན་རྗེ་བཅུ་གཉིས་གསལ་བ་སྟེ། ཁྲོ་བོ་འབར་བར་དབང་གིས་བསྐྱེད།། སྤྱན་དྲངས་བཞུགས་གསོལ་མཆོད་པ་ཚུལ་བཞིན་བྱ།། གཤིན ་རྗེ་གཤེད་པོས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསྒོམ་ཁོག་རྩ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཤིན་རྗེ་གཤེད ་པོས་གསུངས་པའི་དོན།། བདག་སྡུག་འདི་ཡི་དོན་ཤོད་ཅིག། བསོད་ནམས་ཚོགས་ཀྱི་ཡན་ལག་བཤད་པ་དང་།། བསྙེན་པ་དང་། ནི་ཉེ་བའི་བསྙེན་པའོ།། དངོས་གྲུབ་ལེན་དང་བསྒྲུབ་པ་དང་།། འཆི་བདག་བདུད ་། དང་གཤིན་རྗེའི་བསྙེན་པ་དང་།། གསད་པ་ལས་ཀྱི་བསྙེན་པ་གང་།། གཤིན་རྗེ་གཤེད་པོས་བཀའ་སྩོལ་ཅིག། གཤིན་རྗེ་གཤེད་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། འཆི་བདག ་རྣམས་ཀྱི་བཤད་བྱ་བ།། ངས་གསུངས་པ་ལས་སེམས་ཐུད་ཅིག། དང་པོ་ཡིད་འཐད་གནས་བཙལ་ལ།། ཚ་ཚ་ཉེ་ཟོན་འབུམ་ལ་སོགས།། བསོད་ནམས་དག་པའི་ཚོགས་བསགས་ལ།། ཚད་མེད་བཞི་དང་ཡན་ལག ་ལྔ།། བདུན་གྱི་ཀུན་རྫོབ་སེམས་བསྐྱེད་ལ།། དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། རྣམ་པར་མི་རྟོག་དང་དུ་ཡུན་རིང་བསྒོམ།། དེ་ལྟར་རྟོགས་ན་སྙིང་རྗེ་བསྐྱེད།། ཏིང་འཛིན་གཉིས་ཀྱི་རང་རྒྱུད་དོན་སྦྱངས ་ནས།། རིག་པའི་ཡེ་ཤེས་ཡི་གེ་གསུམ་དུ་གསལ།། སྤྲོས་བསྡུས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་རུ་གསལ།། གོང་མ་ལྟ་བུའི་ལས་དག་བྱ་བ་ནི།། བསོད་ནམས་ཀྱི་ལས་དག་ནི།། རྡོ་རྗེ་འཛིན་པས་རབ་ཏུ ་སེམས་ལ་ཞོག། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསོད་ནམས་ཚོགས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཡང་འདི་སྐད་ཅེས་བརྗོད་དོ།། ཡིད་འཐད་མཚན་ལྡན་གནས་དག་ཏུ།། གོང་གི་བསོད ་ནམས་ཚོགས་ལ་གནས་ནས་ཀྱང་།། ཕྱི་ནང་གསང་བ་དག་གིས་མཚམས་བཅད་ནས།། ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ།། དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་འདུ་ཡིས།། བདག་ཉིད་གཤིན་རྗེ་གཤེད་ཀྱི ་སྐུར་བསྐྱེད་ལ།། གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད།། གཡས་སུ་ཡབ་བསྐྱེད་ལ་སོགས་རབ་བྱ་སྟེ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་།། ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས།། ཡེ་ཤེས་སེམས ་དཔའི་དཀྱིལ་འཁོར་སྤྱན་དྲངས་ནས།། མཆོད་བསྟོད་ལ་སོགས་པ་དང་། བདག་ཟུགས་ཕྱག་རྒྱ་བཞི་ལས་མཆོད་པའི་ལྷ་མོ་བཞི།། སྤྲོས་ཏེ་སྤྱན་དྲངས་ཕྱག་འཚལ་བཞུགས་པ་དང་།། མཆོད་པ་ལ་སོགས་ལྷ་མོ་བཞི ་བྱས་ཏེ།། བཟླས་བརྗོད་བསྙེན་པའི་འཛིན་གྲངས་དབུལ་བ་ནི།། རང་རང་ཡེ་ཤེས་གནས་སུ་དག་པའི་རྟགས།། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་།། བཅུད་ཀྱི་འཇིག་རྟེན་ལྷ་ཡི་འཁོར།། དབྱིངས་ཉིད་གཏིང ་མཐའ་མེད་པ་ན།། སྐྱེ་འགྲོ་གཟུགས་སུ་སྣང་བ་རྣམས།། གཤེད་པོ་ཡབ་ཡུམ་སྐུ་རུ་མ་གྱུར་གང་ཡང་མེད།། དཔེར་ན་ཏིལ་འབྲུ་མར་གྱིས་གང་བ་བཞིན།། བདག་ཉིད་ཙིཏྟའི་གཞལ་ཡས་ཁང་།། རིན་ཆེན་གུར་ཕུབ ་འདྲ་བ་རུ།། བདག་ཉིད་ཟླ་བའི་མཎྜལ་ལ།། རིག་པ་ཡོངས་སུ་གྲུབ་པའི་རྟགས།། ཡེ་ཤེས་སེམས་དཔའ་མཚོན་གང་གསལ་བར་བསྒོམ།། ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསམ།། དེ་ཡི་བུམ་པ་དག་ལའང་།། སྔགས་ཀྱིས ་ས་བོན་ཡི་གེ་ཧཱུཾ།། དེ་ཡི་མཐའ་རུ་བཅུ་གསུམ་བསྐོར་བར་བསྒོམ།། ལྷ་རྣམས་ཐུགས་ཀར་དེ་བཞིན་ཅི་འདྲ་བསྒོམ།། དེ་ནས་བདག་ཉིད་ཐུགས་ཀ་ནས།། སྔགས་བཟླས་ལྗགས་སྟེང་སྔགས་འཕྲོས་པས།། འདོམ་གང ་ཕ་རོལ་ཕྱིན་ཆད་དུ།། སྐུ་རྣམས་ཁྲོ་མོར་གྱུར་ནས་ཀྱང་།། དེ་དག་ཞལ་ནས་སྔགས་རྣམས་ཟློས་པ་ལས།། འོད་ཟེར་མཆོད་དང་མཆོད་པའི་ལྷ་མོར་གྱུར།། ཕར་འཕྲོས་འཕགས་པ་རྣམས་ལ་འོད་ཕོགས ་པས།། སྐུ་གསུང་ཐུགས་ཉིད་མཉེས་པའི་མཆོད་པ་ཕུལ།། འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ།། དེ་འདྲ་བསྙེན་པ་དྲུག་འབུམ་བྱ་བ་ནི།། སྔོན་དུ་འགྲོ་བའི ་རིམ་པ་སྟེ།། ལག་ན་རྡོ་རྗེ་རབ་ཏུ་ཟུངས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལྷའི་བསྙེན་པ་བྱ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་བཀའ ་བསྩལ་ཏོ།། ཡིད་འཐད་མཚན་ལྡན་གནས་དག་ཏུ།། མཎྜལ་ཆག་ཆག་ལེགས་པར་གདབ།། མེ་ཏོག་བྲིས་སྐུ་ལ་སོགས་བཀོད།། གོང་མ་ལྟ་བུའི་བསྙེན་པ་སུམ་འབུམ་བཟླས་པ་ནི།། ཉེ་བའི་བསྙེན་པ་ཡིན་ཞེས་དཔའ ་བོས་བཤད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉེ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་གཤེད་པོས།། འདི་སྐད་ཅེས་གསུངས་སོ།། ཡིད་མཐུན་མཚན་ལྡན་གནས་དག་ཏུ།། གོང ་མའི་ལས་རྣམས་མཐར་ཕྱུང་སྟེ།། ཉེ་བསྙེན་ལས་ལ་གནས་ནས་ཀྱང་།། དེས་ནི་རྟགས་བཟང་ཐོབ་པར་འགྱུར།། གྲུབ་པའི་རྟགས་རྣམས་བྱུང་བ་དང་། ཁྱབ་པར་དངོས་གྲུབ་རྫས་བསགས་ཏེ།། དམར་སེར་བ་ཡིའོ། ་མ་དང་།། མར་དང་སྦྲང་རྩི་སྦྱར་བ་དང་།། དངོས་གྲུབ་རྫས་རྣམས་བཀོད་ནས་ཀྱང་།། བདག་གི་ཐུགས་ལས་འོད་ཟེར་རྣམས་འཕྲོས་པས།། བདེ་བར་གཤེགས་པ་རྣམས་ཀྱིས་ཐུགས་དམ་གྱི་རྒྱུད་བསྐུལ་ཅིང་ནས། ་བྲིས་སྐུ་དངོས་གྲུབ་རྫས་བསགས་ཅིང་།། འབུམ་ཕྲག་གཉིས་ཀྱི་ཟླས་པ་དང་།། གཡལ་དང་སྦྲིད་དང་བརྐྱང་བསྐུམ་གཉིས་དང་ཡང་།། དེ་བཞིན་བྱས་ན་ཅི་བསམས་བཞིན་དུ་འགྲུབ།། ཅེས་བཤད་དོ།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས། བསྒྲུབ་པ་ཆེན་པོའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་ཡང་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་སེམས ་ཐུབུད་ཅིག། ཡིད་འཐད་མཚན་ལྡན་གནས་དག་ཏུ།། འབུམ་ཕྲག་གཅིག་གི་བསྙེན་པ་ཡང་།། སྔ་མའི་གནས་སུ་བྱ་བར་གསུངས།། བདག་ཉིད་གཉེན་པོའི་མཐུ་ལྡན་པས།། མཐུན་གྱི་རི་རབ་མཐུ་ལྡན་པའི།། དེ་བཞིན ་གཤེགས་པའང་བསྒོམ་བྱ་སྟེ།། བདག་གིས་ཐུགས་ཀའི་ཡི་གེ་ཡ།། ནག་པོ་མེ་འབར་འོད་འདྲ་བསམ།། དེའི་མཐར་བཟླས་པ་ཡིག་འབྲུས་བསྐོར་བར་བསམ་ལ། དེ་བཞིན་བདག་གི་ཐུགས་ཀ་ནས།། སྔགས་ནི་རབ ་ཏུ་བཟླས་བསམ་ལ།། འོད་འཕྲོས་ལས་ཀྱི་གཤིན་རྗེ་གཤེད།། དེ་ཡི་འོད་ཟེར་ཕོག་གྱུར་པས།། ཐུགས་དམ་བསྐུལ་ནས་དར་ཅིག་ཀྱང་།། འདུག་པའི་དབང་མེད་འོངས་པར་འགྱུར།། གཤེད་པོས་བཀའ་ཉན་གསུང ་སྡོད་བསམ།། ལས་ལ་བྱ་བའི་བསྙེན་པ་ཡང་།། འཆི་བདག་ལས་ཀྱི་གཤིན་རྗེ་རྣམས།། གནས་སུ་གཏོར་བར་གཤེད་པོས་བཤད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཆི་བདག་བདུད་དང་གཤིན ་རྗེའི་བསྙེན་པ་སྟེ་ལེའུ་ཉེར་བརྒྱད་པའོ།། །། དེ་ནས་ཡང་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་ཐེ་ཚོམ་མེད།། གསང་སྔགས་ཀྱི་བསྙེན་པ་ནི། ཡིད་འཐད ་མཚན་ལྡན་གནས་དག་ཏུ།། གོང་གིས་ལས་ལ་གནས་བྱས་ཏེ།། དེ་ཡང་འཆི་བདག་བསྙེན་པ་ནི།། སུམ་ཅུ་རྩ་གཉིས་དྲིལ་ལ་བཟླས་ཞེས་བཤད།། ལས་ལ་སྦྱོར་བའི་དུས་དེ་རུ།། སྣ་ལྔ་རོ་ཙས་དར་ནི་བླངས་བྱས་ཏེ།། ། ་མས་ཞར་བླངས་པའི་ཚེས་བརྒྱད་ནས།། ཉི་ཤུ་གཉིས་ཀྱི་ནུབ་མོ་ནི།། དུར་ཁྲོད་གླིང་ནས་རས་བླངས་ལ།། མེ་ཁྲག་གསུམ་དུ་བཅུག་བྱས་ལ།། འཆི་བདག་གཤིན་རྗེ་དེ་ལ་བསྟིམ།། ཡབ་ཡུམ་ལས་ལ་སྒྲར་ཀའི་སྔགས ་འདི་ཉིད་ཀྱང་རབ་ཏུ་བཟླ། ཨཽ། དུ་མན་ད་དྷ་མཿ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་བརྗོད་དོ།། ཨོཾ་ས་མ་ཡ་ཤྲཱི་མཉྫུ་ཨ་ཀྲོ་ཏི་ཀ་ཀ་ལ་རུ་པ་ཧཱུཾ་ཕཊ། ཞེས་ཉི་ཤུ་དྲུག་གི་སྔ་དྲོ་ལ། རོ་རས་བཀྲུ་དང་བརྐྱང་བ་དང་།། ཉིན་ཕྱེད་མན ་ཆད་སྣག་ཚ་མཉེ།། དབང་དུ་བསྡུ་བའི་སྔགས་འདི་བཟླས།། ཨོཾ། དུ་མན་ཏ་དྷ་མཿ་ཏ་ཀ་ར་ཧཱུཾ་ཕཊ། ཞེས་བརྗོད། སྣག་ཚ་མཉེ་བའི་ལས་ཟིན་ནས།། དེ་བཞིན། དགོངས་དགང་མི་འཁོར་ལོ་བྲི།། བྲི་བ་ཟིན་ནས་ལྷ་ཕྱག ་འཚལ།། བཀའ་བདེན་པ་གྲུབ་པ་གྱུར་ཅིག། ཞེས་བྱ། ཡང་ན་དུར་ཁྲོད་རས་མེད་ན།། ཐོད་པ་དག་ལ་འཁོར་ལོ་བྲི།། ཨག་ཙའི་ངོས་སུ་འཆི་བདག་གཟུགས།། གཟུགས་ཀྱི་སྙིང་ཁར་མིང་བྱང་བྲིས།། དགྲ་ཡི་མིང ་རུས་ཐོད་པར་གཞུག། འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་།། འཆི་བདག་གཤེད་པོའི་སྐུ་རུ་གཤེད།། ཕྱོགས་ཀྱི་ཡ་ལས་མེ་ཏ་ཀྵེ་བཞི།། བཞི་ལས་གཤེད་བཞིའི་སྐུ་བསྐྱེད་པས།། བདག་གིས་མདུན་དུ་རི་རབ་ལས།། ་གསེར་གྱི་རི་བདུན་བཅས་པ་བསམ།། བདག་ཉིད་གཤིན་རྗེ་གཤེད་པོ་ཡི།། རྣལ་འབྱོར་ཆ་དང་ལྡན་བྱས་ལ།། ལག་པ་གཡས་ཀྱི་མཐེ་བོང་ལས།། ཚངས་པར་བཅུག་ལ་རྡོ་རྗེ་བསམ།། རི་རབ་བདག་གི་སྤྱིར་བརྡེག ་སྟེ།། རི་རབ་བརྒྱ་གྲམ་གསལ་བར་བསྒོམ།། དེ་བཞིན་སྔགས་འདིར་རབ་ཏུ་བརྗོད།། ཨོཾ་ན་མོ་བུདྡྷ་ཡ་དྷརྨྨ་སངྒ་ཡ་གི་བྱ། ཨགྣི་ཛ་ལ་བཛྲ་ཏ་ཕྲེ་ར་ཤི་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པས་རི་རབ་རྒྱ་གྲམ་བཤགས་པར ་བསམ་ཤིང་། ཐུགས་ཀ་ཡི་གེ་ཡ་ནག་པོ།། ཐ་མ་དབང་སྡུད་སྔགས་ཀྱི་བསྐོར།། འོད་ཟེར་འཕྲོས་པས་འོག་ཕྱོགས་སུ།། འཆི་བདག་གཤིན་རྗེ་ཡི་གཙོ་བོར།། འབུམ་ཕྲག་བཅས་པ་འོད་ཕོགས་པས།། རང་དབང་མེད ་པ་དེས་བཀུག་ནས།། དེ་ལ་ཤ་ཁྲག་སྣ་ཚོགས་ཀྱི།། གཏོར་མ། འབྲས་ཀྱིས་བརྟ་མཆོད་པར་བྱ།། བནྡྷ་འབྲུབ་ཁུང་ནང་བཅུག་ལ།། དབང་དང་བསྡུ་བའི་སྔགས་བཟླས་ལ།། བདག་ལས་འཕྲོས་པས་གཤེད་པོ་དག། ་གྲངས་མེད་འཕྲོས་པས་འཆི་བདག་ཚོཊ།། རང་དབང་མེད་པར་བཀུག་བྱས་ལ།། ཐོད་པའི་ནང་དུ་བཅུག་བསྟིམས་ནས།། ཞབས་གཡས་རྡོ་རྗེ་ཕུར་པ་ཡིས།། གཟིར་བས་སྐད་ངན་འོ་དོད་འབོད།། རང ་དབང་མེད་པ་དབང་དུ་བསྡུ།། བཀའ་ཉན་གསུང་སྡོད་འབོབ་པར་བསྒོམ།། སྐྱ་རེངས་དང་པོ་ཤར་བ་ལ།། འཆི་བདག་གཤིན་རྗེ་འཁོར་བཅས་ལ།། གཏོར་མ་སྦྱིན་ཏེ་གཤིན་རྗེ་ཉིད།། ཕོ་ཉར་བསྐྱེད་པ་དགྲ་བོ་དགུག། ་ལྷ་བདར་ལ་སོགས་བྱས་ནས་ནི།། ཉ་ལ་ཤར་བ་དང་། བནྡྷའི་དཀྱིལ་འཁོར་གྲུ་གསུམ་སྟེང་དུ་བཞག། དེ་བཞིན་གསང་བའི་སྔགས་བཟླས་ཏེ།། བདག་ཉིད་ཐུགས་ཀའི་ཡི་གེ་ཡཾ།། སྔོ་ནག་གསལ་ལ་འཚེར་བར ་བསམ།། ཐ་མ་དྲག་སྔགས་འབྲུ་བདུན་པོ།། མེ་ལྕེ་འབར་དང་འདྲ་བར་བསམ།། གསད་པ་ལས་ཀྱི་སྔགས་བཟླས་པ། ཨོཾ་ཧྲི་སྟི་བི་སྟི་བི་ཏྲི་ཏ་ན་ན། ཆེ་གེ་མོ་ཤ་ཏྲུཾ་ན་ཤ་ཧཱུཾ་ཕཊ། ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ། ཨ་མུ ་ཀཾ་པྲ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་བསྐུལ་གྱུར་ནས།། གཤེད་པོ་ཡ་མ་ར་ཙ་བསྐུལ།། དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ།། དེ་ཡིས་མ་མོ་མཁའ་འགྲོ ་དང་།། རྡོ་རྗེ་གིང་མོ་དང་། བདུད་ལ་སོགས་པ་དབང་མེད་བསྐུལ། དེ་ནས་གཟས་པ་དངོས་གྲུབ་ནས།། ཐོད་པར་བཅུག་སྟེ་གནན་པ་ལ།། གསང་བ་ལས་ཀྱི་སྔགས་བཟླས་པས།། གཏང་ཚན་རྩི་སྦུར་མ་ཆགས ་བཞིན།། གང་ལ་བྱ་བ་བརླག་པར་བསམ།། དགོང་ཀ་དམར་ཐག་ཆད་པ་དང་།། གཤེད་ཆེན་ཡ་མ་ར་ཙ་དང་།། ཤ་ཁྲག་ལ་སོགས་གཏོར་མ་གཏང་།། བེར་ཆེན་ཕྱག་རྒྱ་བཅས་ནས་ཀྱང་།། བརྣག་པའི་སྤྱི་བོར་དེ ་བརྒྱབ་པས།། ཚངས་པའི་རྩ་འགོ་འཁོར་བར་བསམ།། ཉི་ཤར་རྩེ་ནས་ལས་བརྩམས་ཏེ།། བདག་ཉིད་ཐུགས་ཀར་ཡི་གེ་ཡ།། འབྲུ་བདུན་མེ་འབར་འདྲ་བས་བསྐོར།། གསང་བ་ལས་ཀྱི་སྔགས་ཀྱང་བཟླས།། ཨོཾ་ཧྲི་སྟི ་བི་ཀྲི་ཏ་ན་ན་ཆེ་གེ་མོ། ཤད་ཧཱུཾ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཨ་མུར་ཀཾ་མུ་ཙ་ཡ་ཧཱུཾ་ཕཊ། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པས་བསྐུལ་ནས་ཀྱང་།། དེ་ཡིས་མྱོས་བྱེད་འབར་བ་བསྐུལ།། ་དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ།། དེ་ཡིས་མ་མོ་མཁའ་འགྲོ་དང་།། གིང་བདུད་འདུ་བ་དབང་མེད་བསྐུལ།། དེ་ཡིས་དམིགས་པ་དངོས་བསྐུལ་ནས།། གདུག་པའི་དབང་མེད་ཐོད་པར་བཅུག། བསད་པ་ལས་ཀྱི ་སྔགས་བཟླས་པ།། གཏོར་མཚན་རྩི་སྦར་མི་ཆགས་བཞིན།། གང་ལ་བྱ་བ་བརླག་པར་བསམ།། དེ་བཞིན་དམར་ཟག་ཆད་པར་བསྒོམ།། གཤེད་པོས་མྱོས་བྱེད་འབར་བ་ལ།། མཉེས་པའི་ཤ་ཁྲག་གཏོར་མ་སྦྱིན། ་གཤེད་པོས་བཅོམ་བསྐུལ་དྲག་ཏུ་བྱ།། ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་།། བེར་ཅོན་ལྟེ་བར་བརྒྱབ་པས་ནི།། ལུས་རྒྱལ་ཡིད་འཁྲུལ་འཆི་བར་བསམ།། བདག་གི་ཐུགས་ཀར་ཡ་ནག་པོ།། དྲག་པོ་སྔགས་ཀྱི་བདུད ་། ཀྱིས་བསྐོར།། གསད་པ་ལས་ཀྱི་སྔགས་བཟླས་ཏེ།། ཨཽ་ཧྲི་སྟི་བི་ཏྲི་ཏ་ན་ན། ཆེ་གེ་མོ་ཧཱུཾ་ཧཱུཾ་ན་ཤ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་རཀྵེ་ཡ་ཆེ་གེ་མོ་ཨ་མུ་ཀཾ། རག་པ.ེ་ཙ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར ་བདག་ལ་ཕྱོགས་གྱུར་པས།། རང་དབང་མེད་པར་བསྐུལ་ནས་ཀྱང་།། གཤེད་ཆེན་ཨརྱ། དམར་ཨེ་རུ་བསྐུལ།། དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ།། གིང་དང་གིང་མོ་བདུད་ལ་སོགས།། འདུག་པའི་དབང་མེད ་འདུག་པར་བསམ།། དེ་ཡིས་གཟས་པ་པོ་བཀུག་ནས།། དབང་མེད་ཐོད་པར་བཅུག་པར་བསམ།། གསང་བ་ལས་ཀྱི་སྔགས་བཟླས་པས།། གཏར་མཚན་རྩི་སྦྱར་མི་འཆགས་བཞིན།། གང་ལ་བྱས་པ། བརླག་པར ་བསམ།། དེ་བཞིན་དམར་ཐག་ཆད་པ་དང་།། གཤེད་པོ་ཨརྱ་མ་རུ་ལ།། ཤ་ཁྲག་མཉེས་པའི་མཆོད་པ་འབུལ།། བེར་ཅོན་མགྲིན་པར་བརྒྱབ་པ་ཡིས།། ཤ་ཁྲག་ཁར་བླུག་འོང་བར་བསམ།། བདག་ཉིད་ཐུགས་ཀའི ་ཡི་གེ་ཡ།། དྲག་སྔགས་འབུམ་བདུན་སྐོར་བ་ལ།། གསད་པ་ལས་ཀྱི་སྔགས་བཟླས་ཏེ། ཨོཾ་ཧྲི་སྟི་བི་ཏྲི་ཏ་ན་ན་ཆེ་གེ་མོ་བཤང་ཧཱུཾ་ཧཱུཾ་ཤ་ཡ་ཕཊ། ཡ་ཀྵེ་ཡ་ཛ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཀཾ་མ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད ་པས། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་བསྐུལ་ནས་ཀྱང་།། དེ་ཡིས་རལ་པ་ཚར་དགུ་བསྐུལ།། དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ།། དེ་ཡིས་མ་མོ་མཁའ་འགྲོ་དང་།། གིང་དང་གིང་མོ ་བདུད་ལ་སོགས།། གདུག་པ་དབང་མེད་བསྐུལ་བར་བསམ།། དེ་ཡིས་གཟས་པ་དངོས་བཀུག་ནས།། རང་དབང་མེད་པར་ཐོད་པར་བཅུག། དེ་བཞིན་གསང་བའི་སྔགས་བཟླས་པས།། གཏར་མཚན་རྩི་སྦུར་མི ་འཆགས་བཞིན།། གང་ལ་བྱས་པ་བརླག་པར་བསམ།། དགོངས་ཀྱི་དམར་ཐག་ཆད་པ་དང་།། གཤེད་པོ་རལ་པ་ཚར་དགུ་ལ།། ཤ་ཁྲག་སྣ་ཚོགས་གཏོར་མ་སྦྱིན།། དྲག་པོའི་འཕྲིན་ལས་བཅོལ་བསྐུལ་བྱ།། དེ་བཞིན ་བེར་ཅན་ཕྱག་རྒྱ་ཡིས།། སྙིང་ཁར་རྒྱབ་ནས་སྲོག་བཅད་ནས་པསྟེ།། དབུགས་ཀུན་ཕྱི་ལ་ཕྱུང་བ་བསམ།། གསད་པ་ཤཿཧཱུཾ་\ུ0f7f། མན་ངག་འདི།། གཤེད་པོ་བདག་ཉིད་ཐུགས་ཀྱི་སྒྲོམ་བུ་ཕྱེ་ནས་ཀྱང་།། རྡོ་རྗེ་འཛིན་པ ་། ཁྱོད་ལ་བྱོས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསད་པ་ལས་ཀྱི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ ་འཇིགས་བྱེད་གཤེད་དྲག་པ།། གསང་བ་ཡི་ནི་འཁོར་ལོ་ལ།། བསྐྱོན་པའི་རྟ་དང་འདེགས་པའི་སྔགས།། འདེབས་པའི་གྲོགས་དང་རྣོ་བའི་རྫས།། དེ་བཞིན་རྐྱེན་དང་མི་ལྡན་ན།། འདབ་པ་གདབ་པའི་ཕུར་པའམ།། ་ཁྲི་མུན་ནང་ནས་ཡུལ་ཚོལ་འདྲ།། བཾ་དེ་རྡེབ་པའི་གྲོགས་ནི་གང་ལ་བགྱི།། རྣོ་བའི་ངར་ནི་གང་ལའང་བགྱི།། ཡབ་གཅིག་འཇམ་དཔལ་བཀའ་གསོལ་ཅིག། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད།། ཉོན་ཅིག་ཟུངས ་། ཤིག་རྡོ་རྗེ་འཛིན།། དྲག་པོའི་འཁོར་ལོ་གསང་བ་ལ།། བསྐྱོན་པའི་རྟ་དང་མ་ལྡན་ན།། རླུང་ནག་འཚུབ་མ་འཕྱོ་བ་འདྲ།། འདེགས་པའི་རྫས་དང་མ་ལྡན་ན།། ནམ་མཁའ་སྤྲིན་གྱི་བཀབ་པ་འདྲ།། བརྡེག ་པའི་གྲོགས་དང་མ་ལྡན་ན།། དཔའ་བོ་རྟིང་ནོན་མེད་པ་འདྲ།། དེ་བཞིན་གྲོགས་རྣམས་ངས་བཤད་ཀྱིས།། ཕྱག་ན་རྡོ་རྗེ་རབ་ཏུ་ཟུངས།། བཀའ་དང་གཞུང་བཞིན་མ་ནོར་བར།། བསྲུང་བའི་དམ་ཚིག་མཉམ་པ་དང་།། ་རྫས་དང་ལག་ཆར་ལྡན་པ་དང་།། བསམ་གཏན་འཛབ་ཟློས་སྲན་ཚུགས་ཤིག། དམ་ཚིག་སྲུང་ཞིང་དྲག་ཤུལ་སྤྱོད།། ལྷ་སྤྱོད་གྲུབ་པར་ལྡན་པ་ཡིས།། དཔའ་བརྟུལ་ཅན་གྱི་རྣལ་འབྱོར་པས།། བསྟན་པ་གཉེན་པོ ་བསྲུང་དོན་དུ།། དགོན་པ་ཆེན་པོའི་གནས་མལ་དུ།། བྱ་བྱེད་ཟང་ཟིང་འདུ་འཛིན་སྤངས།། འཚོ་བའི་ཡོ་བྱད་སྤངས་ཏེ་བསྟར།། བྱ་བ་ཐམས་ཅད་ཟིན་ནས་ནི།། བདེ་བའི་སྟན་ལ་འདུག་ནས་ནི།། བསྐྱེད་དང་རྫོགས ་པའི་རིམ་པ་སྟེ།། ཏིང་འཛིན་གསལ་བ་བརྟན་པ་ཡིས།། ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ།། ཐུན་མོང་དམ་ཚིག་སྲུང་ཞིང་བསྒྲུབ། ཁྱད་པར་དམ་ཚིག་སྤྱོད་ཅིང་རོལ།། བསྙེན་བསྒྲུབ་འཕྲིན་ལས་གཞུང་བཞིན་བྱ།། ་ཚངས་ཞིང་རྫོགས་པའི་གྲངས་བསྙེན་ལ།། འཁོར་ཞིང་ཕྱིན་པས་དུས་བསྙེན་ཡིན།། མཐོང་ངམ་ཐོས་སམ་ཉམས་ལེན་ན།། མཚན་མ་བསྙེན་པ་རྫོགས་པ་དང་།། ཞི་རྒྱས་གཉིས་ཀྱི་འཁོར་ལོ་མཆོད།། དབང་དྲག ་གཉིས་ཀྱི་འཁོར་ལོ་གནན།། ཞི་རྒྱས་གཉིས་ཀྱི་གསུང་ཕན་གདགས།། དབང་དྲག་གཉིས་ཀྱིས་བསྒྲུབ་པར་བྱ།། འཁོར་ལོ་གཞན་ཡང་ཅི་རིགས་པར།། སྦྱོར་སྒྲོལ་བཀུག་པ་ལ་སོགས་གཞུང་བཞིན་བྱའོ།། གང ་འདོད་ལས་དེ་བསྒྲུབ་བྱས་ན།། འཁོར་ལོ་རྒྱུ་དང་སྣག་ཚ་དང་།། ཕྱོགས་དང་བསམ་སྦྱོར་རིམ་པ་དང་། ཁ་དོག་སོ་སོའི་མཐུན་རྫས་ནི།། རིག་པ་ཅན་གྱིས་ཤེས་པར་བྱ།། དེ་ལ་འཁོར་ལོ་ཞེས་གྲགས་པ།། ངོ་བོ་ངེས ་ཚིག་རྣམ་གྲངས་སོ།། ངོ་བོ་ཕྱི་ཡི་ངེས་ཚིག་ནི།། རྣམ་པ་གཞན་དུ་འགྱུར་ཞིང་འགྲོ།། སོ་སོ་རང་རིག་མཚན་ཉིད་ནི།། གང་ལ་བརྟགས་པ་དེ་ལྟར་སྣང་།། ངེས་པའི་ཚིག་ཀྱང་དེ་བཞིན་ཏེ།། རྣམ་པར་འགྱུར་ཞིང་འགྲོ། ་བ་དང་།། མི་ལ་འཁོར་ཞིང་འགྲོ་བ་དང་།། ལྟེ་བ་འཁོར་ཞིང་རྩེ་མོ་གཅོད།། དེ་ལ་གྲངས་ནི་མཐའ་ཡས་ཏེ།། མདོར་ན་རྣམ་པ་གསུམ་དུ་ཤེས།། ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང་།། ལས་དང་སྲིད་པ་ཡི་འཁོར་ལོ།། ་འཇིག་རྟེན་ཕན་གནོད་ཀྱི་འཁོར་ལོ།། བྱ་བ་འགྲུབ་པར་བསྒྲུབ་པའི་འཁོར་ལོའོ།། དཔེ་ནི་མེ་འཕང་མགལ་མེ་དང་།། གློག་དང་སྒྲ་ལྡན་འཁོར་ལོ་དང་།། ཤིང་རྟ་ཟོ་ཆུན་འཁོར་ལོ་སྔགས།། ལས་དང་འབྲས་བུའི ་མཚན་ཉིད་ནི།། ཉོན་མོངས་གཅོད་ཅིང་སྡུག་བསྔལ་འཇོམས།། སྒྲུབ་དང་གྲུབ་པར་བྱེད་པ་ཡི།། སེམས་བསྐྱེད་པ་དང་རྒྱུད་གྲོལ་ཞིང་།། ཡེ་ཤེས་སེམས་མཚོན་རྣམ་གྲོལ་བྱེད།། དེ་ལས་རྣམ་པ་གཞན་དུའང་།། ཞི ་དང་རྒྱས་དང་བསྲུང་བ་དང་།། གྲུབ་དང་དབང་དུ་བྱ་བ་དང་།། དབྱེ་བསྐྲད་དགུག་དང་སྨྱོ་འབོག་དང་།། གསད་དང་གཞན་པ་ལ་སོགས་བྱེད།། དེ་ཡི་རྐྱེན་དང་རྩོལ་བ་དང་།། དུས་དང་ལས་ཐབས་བྱེད ་པ་ཡི།། འཕེན་ཅིང་བསྐང་པར་ནུས་པ་ཡིས།། འཁོར་ཞིང་གཅོད་ཅིང་འབེབས་པར་བྱེད་པ་དང་།། གཅུང་ཞིང་འཁྲུལ་ཞིང་སུད་པ་དང་།། གཟེར་ཞིང་གནན་ཅིང་འབེབས་པ་དང་།། བརྡེག་ཅིང་རྣམ་པར་འཇོམས ་པར་བྱེད།། ལས་དང་སྲིད་པའི་འཁོར་ལོ་ནི།། ལས་ཀྱི་སྲིད་པར་འཕེན་པས་འཁོར།། ཕྱི་ནང་རྟེན་འབྲེལ་འཇིག་རྟེན་བསྐྱེད།། ཉོན་མོངས་ལས་དང་སྡུག་བསྔལ་གྱི།། རྣམ་པ་གསུམ་དུ་འཁོར་ཞིང་འགྲོ།། འདས་དང ་ད་ལྟར་གནས་པ་དང་།། བྱུང་དང་མ་བྱུང་ཕྱིར་བྱུང་དང་།། སྐད་ཅིག་མ་ཡི་རྒྱུན་གྱིས་འཁོར།། དེ་བཞིན་ཕྱི་རོལ་དོན་རྣམས་དང་།། དབྱར་དགུན་སྟོན་དཔྱིད་ཟླ་བ་ལོས།། བསྐལ་པ་མང་པོར་འཁོར་ཞིང་འགྲོ།། ངོ་བོ ་ངེས་ཚིག་རྣམ་གྲངས་སུ།། འཁོར་ལོའི་རང་བཞིན་བསྟན་པ་ཡིན།། བདེར་གཤེགས་བཀའ་ལས་གནོན་པ་ལ།། འཆི་བདག་འཁོར་ལོ་ནག་པོས་བྱ།། ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ནས།། རྣ་ལ་རྔེ་མུ་སྲུང་གི་ཐོད་པ ་བླང་།། ཡི་དྭགས་གོས་ལ་ཁྲམ་བྲིས་ཏེ།། དབྱིབས་ནི་ཟླ་བ་ལྟ་བུ་སྟེ།། རིམ་པ་གསུམ་ལ་ལེ་ཚེ་དགུ།། བཅུ་གཉིས་བཅུ་དྲུག་རྩིབས་ཅན་ཏེ།། ལེ་ཚེ་དགུ་དང་བཅུ་གཉིས་དང་།། བཅུ་བདུན་ལ་སོགས་སྔགས་ཀྱིས ་མཛེས།། འདི་ལྟ་བུ་ཡི་འཁོར་ལོ་ནི།། ཕྱིན་ཅི་ལོག་གིས་བཅིངས་པ་ཡི།། ལོག་པའི་ཤེས་པ་ལྡན་པ་དེ།། རྒྱུ་མཐུན་མཚོན་པའི་འཁོར་ལོའོ།། མན་ངག་གཅིག་པའི་རྣལ་འབྱོར་པས། ཁ་ནས་དྲག་པོའི་སྔགས་བཟླས ་བསྙེན།། ཆོས་ཀྱི་རྒྱལ་པོ་ལ་སོགས་པའི།། ལས་ཀྱི་ཤན་པ་གྲོ་བཀྲམ་སྟེ།། ལྕགས་ཀྱུ་ཤག་ཏི་ཐོ་མ་ར། ཁ་ཏོང་བེར་ཀ་ལ་སོགས་པ།། བརྡེག་ཅིང་འཇོམས་པར་བྱེད་པ་ནི།། འཛིན་ཅིང་བསད་པར་བསམས་པ་ཡིན།། ་གང་ལ་བྱ་བའི་རྣམ་ཤེས་དེས།། ལོག་པའི་སྟོབས་ཀྱིས་གནས་སུ་མཐོང་། ཁྲོ་བདག་གཤིན་རྗེ་གཤེད་པོ་རུ།། བདག་ཉིད་བསམ་པའི་རྣལ་འབྱོར་གྱིས།། མཚན་མའི་མིང་དང་བཅས་པ་ལ།། སྐྱེ་ཚེ་དུག་དང་ཉུངས་ནག ་དང་། ཁྲག་ཆེན་དུག་དང་ཉུངས་དཀར་གྱིས།། བྲབ་དང་གཟིར་དང་དབབ་པ་དང་།། དགུག་ཅིང་རྡོ་རྗེ་ཚོན་གྱིས་གདབ།། སྔོན་དམར་བྱད་དུ་གཞུག་བྱས་ལ།། གའུ་ཁ་སྦྱར་ནང་དུ་གཞུག། སྒྲ་གཙང་ཁྲི་ཁྲི་སྔགས ་བཟླས་པས།། དྲག་པོའི་སྔགས་ཀྱིས་ཕྱོགས་གྱུར་ནང་།། གང་ལ་དམིགས་པ་བསྒྲུབ་བྱ་སྟེ།། འགོ་འཁོར་བ་དང་ཁྲག་སྐྱུག་དང་།། མྱོས་པ་མ་ར་གདོན་མི་ཟ།། དྲག་པོའི་ལས་དེ་རྫོགས་པ་དང་།། མཚན་མ་མིང་རུས ་དང་བཅས་ཏེ།། ཐོད་པ་ནག་པོས་རྒྱས་བཏབ་པ།། སྨེ་བས་བདུགས་ལ་འཆལ་ཆུས་བྱུག། མུ་ལ་ཡ་ཡིས་གཡོགས་ཤིང་བཏུམ། ཁ་ར་མ་ཡི་ཞབས་མས་དྲིལ།། ཡི་དྭགས་གྲོང་ཁྱེར་སྨྲེ་བརྩེགས་ཁྱིམ།། མཆོད་རྟེན་འོག ་@།། གམ་ལྷ་ཁང་སྒོ།། རྒྱ་མཚོའི་འགྲམ་མམ་ལུང་མདོ་རུ།། རྡོ་ལ་རི་རབ་གཟུགས་བྲིས་ལ།། སྟེང་དུ་ལཾ་དང་ཧྲི་ཡིས་གནན།། གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ།། ཐུན་ཁ་བརྒྱད་ཀྱང་། རྔད་བརྡེག་པར་བྱ།། ལྕོག ་པ་དྲུག་ཐུན་ལྐུགས་པ་ཁ།། ཉི་མ་དང་པོའི་ཐུན་གྱིས་གནན།། གཟིར་བ་མདའ་ཐུན་བརླབས་པ་གཏོར།། ཉི་མ་གཉིས་པའི་ཐུན་གྱིས་བྲབ།། སྐྱུག་པ་ཁྲག་ཐུན་མྱོས་པར་ཕུར།། ཉི་མ་གསུམ་པའི་ཐུན་གྱི་བྲབ།། ་གསད་པའི་ཉུངས་ནག་ས་ཡི་ཐུན།། ཉི་མ་བཞི་པའི་སྔགས་ཀྱིས་བྲབ།། མཚན་ངན་ཐོད་པ་ཁྲག་གིས་བྱུག་ཁྲག་སྣ་དུག་སྣ་སྦྱར་བྱས་ནས།། ཤན་དམར་ཁར་ཁྲག་དུག་ཐུན་བཟླས།། གླེན་ལྐུགས་ཐོད་པ་ཐུན་སྟེང་དུ།། ་ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས།། དྲི་བོའི་ཐོད་པར་མཚོན་གདབ་པོ།། མཁྲིས་ནད་ཐོད་པར་སེར་ཟེར་ཟན།། བརླབས་པ་གཏེར་ཐུན་སྔགས་ཀྱིས་སོ།། སྨྱོ་བའི་ཐོད་པར་ཁྲག་ཐུན་དང་།། མྱོས་པ་ཕུར ་ཐུན་བཟླས་པར་བྱ།། རབས་ཆད་ཐོད་པར་ཉུངས་ཐུན་དང་།། ས་ཚོན་ཐུན་དུ་ཤེས་པར་བྱ།། ཆུ་ཤེལ་སྒྲོན་མ་བཟླས་པའི་ཚེ།། ཡུགས་ས་མོ་ཡི་ལག་པ་ཡིས།། སྲིད་པའི་དམག་དཔུང་ར་མདའ་བཟློག། ཙ་ར་མ་ཡི ་གཡབ་ཀྱིས་གཡབ།། གཟུར་དང་སྨེ་བའི་དུད་པས་བདུག། གཅེར་བུ་སྤྱི་ཚུགས་ངུ་འབོད་བྱ།། མི་མཐུན་གཉེན་པོའི་ཕྱོགས་དག་ཏུ།། གཟིར་གནན་དྲག་པོའི་མངོན་སྤྱོད་བྱ།། དྲག་པོའི་ཐུན་སྔགས་ཁ་ནས་བཟླས།། ། ་ཞང་ཐུན་ཡ་རྦད། ཁ་ཐུན་ཡ་རྦད། གུང་ཐུན་ཡ་རྦད། ཁྲག་ཐུན་ཡ་རྦད། དང་པོ་ལས་ཀྱིས་བགྱི། སྲོག་ལ་ཡོ་ཡོ། སྙིང་ལ་ཐུན་ཡཱ། ཁ་བརྒྱད་ཐུན་ཡང་བརྡེག་པར་བྱ།། ལྷ་སྲིན་སྡེ་བརྒྱད་ལ་སོགས་པ།། སྲིད་པའི་དམག ་དཔུང་ཕབ་ནས་ནི།། དྲག་སྲོང་དམོད་པའི་སྔགས་ཟོར་དང་།། སྣ་ཚོགས་སྔགས་ཀྱི་སྦྱོར་བ་དང་།། ལྷ་ཡི་རྣལ་འབྱོར་ལྡན་པར་བྱ། ཁྲུ་གང་ཁྲུ་བཞི་ཟབ་ཡོད་པ།། གའུ་རྫས་ཀྱི་སྦྱོར་བ་དེ།། འབྱུང་པོ་གཏོར་མ་གཤིན ་རྗེ་ལ།། བྱིན་པ་ལག་ཏུ་གཏད་ཁྲམ་བྱ།། རང་གི་ཡི་དམ་བསྒོམ་བྱ་དང་།། བྱིན་གྱིས་བརླབས་པའི་གཏོར་མ་འདི།། ས་སྲོག་ཚེ་ན་ལྷོ་ཕྱོགས་གཏད།། སྒྲོལ་བའི་དྲག་སྔགས་བརྣགས་པའི་ལུང་།། བསྟན་པ་བསྲུང ་བའི་མན་ངག་གཏེར།། འཕྲིན་ལས་དྲག་པོའི་སྔགས་ཀྱིས་མཚོན།། འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ཕྱིར།། རྡོ་རྗེ་འཛིན་པས་བཟུང་ཞིང་ཆོས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཐུན་སྔགས་ཀྱི ་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་བརྗོད་དོ།། བསྟན་པ་བསྲུང་བ་རྣམས་བརྣགས་པའི་ལུང་།། ཐུགས་ཀྱི་བརྣགས་པ་སྔགས་ཟོར་མཆོག། སྒྲོལ་བའི་འཕྲིན་ལས་སྦྱོར ་ཟཐབས་དྲུག། འཁོར་ལོ་ཐུན་བསྡེབས་མན་ངག་ཐོང་།། བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར།། རང་སེམས་དང་བའི་རྣལ་འབྱོར་པས།། སྙིང་རྗེ་རྟག་ཏུ་སྲོག་ལྟར་བསྟེན།། བྱམས་དང་སྙོམས་པ་དེ་བཞིན་དུ།། མདོ ་སྲོག་འདོན་ཞིང་བསམ་གཏན་བྱ།། རྒྱུན་གྱི་ཡི་དམ་རྩེ་གཅིག་པས།། བླ་མ་དག་ལ་རྟག་ཏུ་བཀུར།། དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་གཞུག། ཐེག་ཆེན་དམ་ཚིག་སྡོམ་པ་བཤད།། རང་གི་སྔགས་དང ་ཕྱག་རྒྱ་བརྒྱན།། བསྒྲུབ་ཐབས་མན་ངག་ལེགས་པར་བྱ།། དེ་ཡི་མཆོད་པ་ཆོ་ག་བཞིན།། ཉིན་རེ་རྟག་ཏུ་བྱས་ནས་ཀྱང་།། སྐུ་གཟུགས་མེ་དང་འབད་དེ་བྱ།། བདེ་བའི་སྟན་ལ་ལུས་སེམས་གཞག། སུམ་འབུམ་མི ་སྦྱོར་རབ་ཏུ་བཟླས།། དེ་འོག་རི་རྩེར་གནས་བཅས་ལ།། རླུང་ཟ་ཡི་ནི་བཟླས་པར་བྱ།། འབུམ་བཅུའི་མཐའ་རུ་འཕྲིན་ལས་བརྩམ།། ནམ་མཁའ་སྒྲོན་མ་མར་དུས་རྩེ།། ཡི་དྭགས་གང་བཅོམ་ཤི་གོས་ལ།། ཡི་དྭགས ་འཁོར་ལོ་གདུག་པ་ཡི།། འཁོར་ལོ་གདུག་པའི་ལྟེ་བ་ལ།། རེའུ་མིག་དགུ་མཚན་ས་བོན་ནོ།། བཅུ་གཉིས་འཁོར་ལོ་གདུག་པའི་ནང་།། བཅུ་བདུན་ཡ་ཚོགས་གསང་སྔགས་དང་།། ཟླུམ་པོར་བསྐོར་བའི་ཕྱི་རོལ་ན།། ་ཧྲིཧྲི་སྟི་མིང་ཡིག་དབྱངས་ཡིག་རྣམས།། དུར་ཁྲོད་སོལ་བ་དུག་སོགས་ཀྱིས།། སྲིན་མཐེབ་གོང་མཛུབ་སྦྱར་བ་ཡིས། ཁྲུ་གང་གོས་གཉིས་རབ་མཆོག་ལ།། གདུག་པའི་ཡི་གེ་གཡས་གཡོན་ཟློག། དེས་ནང་ཆུད་པའི་ཡི ་གེ་གཉིས།། ཞལ་བགྲད་སྤྱན་ཟློག་འཁོར་ལོ་འཛིན།། ཕྱག་ཞབས་མགུལ་ཆུ་རོ་ཉས་རྒྱན།། མི་སྨྲ་དབང་པོ་བསྡམས་ཏེ་བྲི།། གཉིས་སྦྱར་བརྒྱ་བ་ལ་རོ་ཉེ་ཡིས།། བསྡམས་པའི་ཚུལ་དུ་མཁས་པས་བྲི།། གདུག་པས ་བཟུང་ཞིང་ཐོད་ནང་དུ།། དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས།། གདུག་པའི་ཐོད་ནང་ལྟོ་འགྲོ་བྲིས།། མངར་དང་རླུང་སྨན་རྩི་མཆོག་གིས།། མཆོད་ཅིང་སྤྲད་ལམ་གྲུབ་པར་བྱ།། གདུག་པས་གཟུང་ཞིང་ཐོད་པར ་གཞུག། སྔོན་དམར་བྱད་ཟག་བཞི་ཡིས་བཏགས།། བཟུང་སྟེ་གཟུངས་དེ། ཉིན་མཚན་མ་ནོར་བཟླས། ཁ་ནས་དྲག་པོའི་སྔགས་བཟླས་ལ།། རྡོ་རྗེ་རླུང་རྩེའི་སྦྱོར་བ་ལས།། སྔོན་དམར་གདུག་པའི་རོ་ཉེའི་ཚོགས།། དུར ་ཁྲོད་སོལ་བ་དུག་སོགས་སྦྱར།། ལྕགས་སམ་འུག་པའི་སྒྲོ་རྩ་ཡིས།། གསད་པའི་སྔགས་དང་མིང་རུས་བྲི།། དུག་ཅན་ནང་གི་བསྒྲུབ་བྱ་ལ།། དུག་ལྕེ་ནག་པོ་ལྷག་པར་བསམ།། འཆི་བདག་ཤན་པ་ཡི་དྭགས་སོགས།། ་གཏུམ་པོ་དྲུག་གི་ཁ་རླངས་ཅན།། ཆོས་ཀྱི་རྒྱལ་པོ་ལ་སོགས་པས།། འཛིན་ཅིང་བསྒྲུབ་པ་བཟུང་ནས་ནི།། གཤིན་རྗེ་གདུག་པའི་ཁང་པ་རུ།། དབང་མེད་ལས་ཀྱི་འཇུག་པར་བསམ།། ཧྲི་སྟི་གདུག་པའི་བེ་སྔགས ་མཐའ་རུ།། ཧཱུཾ་དང་མིང་སྤེལ་ཨ་ཀཪྐ།། ཛ་ཛ་བཞིས་དགུག་པའི་སྔགས་བཟླས་ལ།། སྐྱེ་ཚེ་དུག་ཉུངས་སྔགས་ཀྱིས་བྲབ།། ཟླ་བ་ནག་པོའི་མར་དུས་ཚེ།། འཁོར་ལོའི་རྩིབས་བཞི་བཅུ་གསུམ་པ།། ལྕགས་ཁྭ་ནག་པོའི ་སྟེང་དག་ཏུ།། ཡི་དྭགས་གདུག་པའི་ཕ་གུ་གཞུག། ཡ་ཚོགས་གདུག་པའི་གསང་སྔགས་རྣམས།། ཞི་ཁྲོ་རྫོགས་ནས་བ་སྤུ་དེ།། རྫ་མཁན་ས་ལག་བུ་ཡི་རྒྱབ།། གདུག་པའི་ག་བུ་ཤོང་བའི་ཚད།། གཉིས་ཀྱི་ནང་དུ་རོ་ཉེ ་གཉིས།། ཕྱི་ནང་གཉིས་སུ་འབུར་དུ་བྱ།། གའུ་དག་ལའང་འཁྲིལ་བའི་ཚུལ།། མི་ཡི་སྨན་མ་གའུ་གནས།། གདུག་པའི་ཐོད་ནག་གའུར་བཞུག། སྔོན་དམར་གཉིས་ཀྱིས་ཐག་གུས་བསྡམས་པ་དེ།། ཤར་ལྷོ། ་ནུབ་བྱང་ཕྱོགས་མཚམས་བྲི།། གདུག་པ་གནས་པ་ཡུལ་ཕྱིན་ལ།། སྒོ་ལྟར་ཕྱིན་ནས་འདམ་ཁང་དུ།། རྡོ་ལེབ་འཇིག་རྟེན་གཟུགས་བྲིས་ལ།། ས་སྒོ་ཕྱེ་ལ་ཁྲིམས་བདག་པོ།། མཐུན་པའི་རྫས་སྦྱིན་འགུགས་པར་བྱ།། ་གའུ་དུག་གི་སྦྱོར་བ་དང་།། ལེགས་པར་སྦས་ནས་བཞག་བྱ་སྟེ།། འཇིག་རྟེན་གཞག་ལ་བྱ་བའི་རུས་དང་ལོ།། གཉེན་པོ་གང་གིས་མཁས་པས་སྤྱད།། ཟླ་བ་ནག་པོའི་མར་དུས་ཚེ།། དྲང་སྲོང་རྒྱུ་བའི་ས་ཕྱོགས་སུ།། ་བྱད་བསྡེབས་འཁོར་བའི་བཙན་དུག་སྤྱོད། ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་སྤྲད།། གཅེར་བུ་སྤྱི་བཅིངས་ས་འོག་འོ་དོད་འབོད།། མ་ཉེས་དཔང་གཟུགས་རུ་དུང་འབུད།། མི་མཐུན་གཉེན་པོའི་ཕྱོགས་དག་ཏུ།། ་བོས་ཤིང་མཆོད་པའི་གཏད་ཁྲམ་བྱ། ཁྱབ་འཇུག་པ་ཡི་དམོད་པ་བོར།། ཡི་དྭགས་འདུལ་བའི་སྨོན་ལམ་གདབ།། ན་ག་འདུལ་བའི་དམོད་བཅོལ་བྱ།། རང་ཉིད་ལྷ་ཡི་ང་རྒྱལ་གྱིས།། དཀར་པོ་རྡོ་རྗེའི་རྒྱ་བསམ ་ལ།། ས་སྒོ་བརྒྱད་ལ་རྒྱ་ཡིས་གནན།། སྡོམ་ལ་གནས་པའི་རྣལ་འབྱོར་པས།། གཡེང་བ་མེད་པའི་ཏིང་འཛིན་གྱིས།། འཕྲིན་ལས་རྫོགས་དང་གསང་སྔགས་བཟླས།། བསྒྲུབ་བྱའི་གཟུགས་ཕུང་མ་ཞིག་པར།། གདུག ་པ་སྦྲུལ་གྱི་སེམས་འདྲ་བས།། མ་ཞིག་བར་དུ་གཏང་མི་བྱ།། ཞིག་ནས་སྦས་པའི་ཆོ་ག་བྱ།། བསྐྱེད་དང་སྤྱན་དྲངས་མཆོད་བསྐུལ་རྣམས།། བསྒོམ་རྒྱུད་མཛད་ཐུན་ནང་དུའོ།། བླ་མའི་གདམ་ངག་དམ་པ་ཡང་།། ་སེམས་ནི་བརྟན་པ་ཉིད་དུ་བྱ།། དམ་ཚིག་སྡོམ་པ་མ་ཉམས་བསྲུང་།། བཀའ་བའི་ཚད་མ་རྗེས་མཐུན་པར།། རྫས་དང་ལག་ཆ་མཐུན་བསྡེབས་ཤིང་།། རྟག་ཏུ་དུར་ཁྲོད་དགོན་པར་དགའ།། དུས་ལས་མི་འདའ ་གཞུང་ལྟར་བྱེ།། མཚན་མ་མཐོང་དང་བསྙེན་པ་རྫོགས།། དེ་ལྟ་བུ་ཡི་རྣལ་འབྱོར་ལ།། བདེ་བ་གྲུབ་པའི་ནུས་པ་ཡོད།། གཤིན་རྗེ་གཤེད་པོ་ཉིད་ཀྱིས་ཀྱང་།། ཐུགས་ཀྱི་སྒོམ་ས་བཏོན་པ་འདི།། འཁོར་ལོ་བྱད་སྟེམས ་བརྣག་པའི་ལུང་།། མན་ངག་ཅན་གྱིས་དེ་ཤེས་བྱ།། ལས་ཀྱི་བྱ་བའི་ཐུན་མཚམས་རྣམས།། མན་ངག་དོན་གྱི་ཤེས་པར་བྱ།། འཁོར་ལོ་བྱད་སྟེམས་བསད་པ་འདི།། དཀོན་མཆོག་སྨོད་ཅིང་བསྟན་པ་འཇིག། མངོན ་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར།། མིང་ཚིག་ཐ་སྙད་ཙམ་དུ་བརྗོད་མི་བྱ།། ཆུ་སྲིན་གྲེ་བར་རིན་ཆེན་ཆུད་པ་ལྟར། ཁོག་ཏུ་སྦས་ཏེ་ཡོངས་སུ་བསྒྲལ་བ་མིན།། གཤིན་རྗེ་གཤེད་པོའི་ཐུགས་ཀྱི་བཅུད་འདི་ལག་ན་རྔ ་རྗེ་ཟུངས་ཤིག་གོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཚོན་དུ་སྔོན་དམར་གྱི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བརྗོད་དོ།། ལས་ཀྱི་བྱ ་། བ་གཞན་ཟིན་ནས།། དྲག་པོའི་འཁོར་ལོའི་གནན་པ་འདི།། ལག་ན་རྡོ་རྗེ་རབ་ཏུ་ཟུངས།། ཤིན་ཏུ་དགོན་པའི་གནས་ཉིད་དུ།། དུར་ཁྲོད་གླིང་ནས་རས་བླང་ལ།། འཁོར་ལོ་རིམ་པ་ཚུལ་བཞིན་བྲིས།། མ ་ར་ཡ་ཡི་ལིང་ག་ཉིད།། ཇི་བཞིན་འདོད་པའི་དབྱིབས་སུ་བྱ།། གོང་མའི་བསྙེན་པ་རྫོགས་པ་དང་།། འཁོར་ལོ་བཅས་ཀྱི་དམ་རྫས་དེ།། མཆོད་རྟེན་འོག་ཏུ་གནན་པར་བྱ།། བདག་ཉིད་གཤེད་པོར་བསྒོམ་བྱས་ལ།། ་ཆོད་རྟེན་དེ་ཉིད་ངོ་བོ་ཡང་།། རི་རབ་གླིང་བཞིར་བཅས་པར་བསྐྲུན།། རི་རབ་ལྷོ་ན་བཞུགས་པ་སྟེ།། སྒྲོལ་བའི་ཡུམ་དང་སྦྱོར་བའི་ཡུམ།། ཤར་དང་བྱང་དུ་བཞུགས་པར་བསམ།། བྱང་ན་སྲས་མཆོག་གནས་པར ་བསྒོམ།། དེ་བཞིན་རབ་ཏུ་གནས་ཤིང་གཟིར།། རི་རབ་ཟུར་བཞིར་ལཾ་སེར་བཞི།། དེ་ལས་གླིང་ཕྲན་བཅུ་གཉིས་བསམ།། རི་རབ་འོག་ཏུ་གཟས་པ་པོ།། གཤིན་རྗེ་རལ་པ་ཚར་དགུ་ཡིས།། ལྕགས་ཐག་སྔོན་པོར ་རབ་བཅིངས་ཏེ།། བཾ་རིམ་གནས་ནས་ལྕགས་ཕུར་ལ།། དཔག་བསམ་ཙམ་ཞིག་བཏགས་པ་སྟེ།། སྒྲ་སྒྲོགས་ཁ་ནས་ཁྲག་སྐྱུག་གན་འབུབ་ཅིང་།། མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ།། ཅི་མཛད་འོན་ཐོང་ཟེར་ཞིང ་གནན་པར་བསམ།། འཁོར་ལོ་འབྲི་བའི་དུས་སུ་ཡང་།། དམིགས་པའི་མིང་དག་གཞུག་པ་ན།། འཁོར་ལོ་འདི་ལ་མིང་བྲི་ཞིང་།། མི་བཏུབ་པ་རྣམས་གུད་དུ་བྲི།། དེ་དག་བྲིས་ཏེ་གདགས་པར་བྱ།། གནས་དང ་ཐབས་ནི་འདི་ཡིན་ཏེ།། ཡ་ལ་སོགས་པའི་ཡི་གེ་ལྔ།། གྲུ་བཞི་ཧཱུཾ་ཕཊ་བར་མཚམས་བཞི།། རྩིབས་ཀྱི་རེའུ་མིག་བཅུ་གཉིས་དང་།། མཐའ་བསྐོར་མིང་བྲིས་ལེ་ཚེ་བརྒྱད།། དེ་དག་ཉི་ཤུ་རྩ་དགུ་ལ།། གུད་དུ་མིང་གི ་མཇུག་ཏུ་ཡང་།། མ་ར་ཡ་ཞེས་བྲིས་པའི་འཁོར་ལོ་གཉིས། ཁ་སྦྱར་བ་ཡི་ནང་དུ་གཞུག། ངན་སྔགས་བཟླས་པའི་དུས་སུ་ཡང་།། ཞི་བའི་སྔགས་ནི་ཁྲི་ཕྲག་བཏོན།། དེ་དག་ཐོན་པའི་རྗེས་ལ་ཡང་།། ཡི་གེ་བཅུ་པ་ནུས ་ཚད་ཟླས།། དེ་ཚེ་མཆོད་པ་འབུལ་བ་དང་།། དེ་ཡི་མཆོད་གཏོར་གཏོང་བ་ཡང་།། ཡེ་ཤེས་ལྷ་ལ་ཐུགས་དམ་བསྐུལ།། ལས་ཀྱི་གཤིན་རྗེ་མ་མོ་རྣམས།། རབ་ཏུ་གསལ་ཞིང་དགུག་པའི་འཕྲིན་ལས་བྱ།། རྫས་ཀྱི་མཆོད ་པ་བཤམས་པ་དང་།། བདག་ཉིད་གཤེད་པོ་བསྒོམ་པ་དང་།། འཆི་བདག་གོང་དུ་གསོལ་བ་དང་།། རང་གིས་ལས་ཀྱི་ལྷ་རྫིང་ཞིང་།། བསྒྲུབ་བྱའི་བར་ཆད་བརྩམས་པ་དང་།། གཤིན་རྗེ་རྒྱལ་པོ་སྤྱན་དྲངས་ནས།། ་དམ་ཚིག་ཕྱག་རྒྱ་རབ་བསྟན་ཅིང་།། དམ་ཚིག་སྙིང་པོ་རབ་ཏུ་བཟླས།། དེ་བཞིན་དམ་ལས་མི་འདའ་དང་།། དམ་རྫས་མཆོད་པས་མཉེས་བྱས་ནས།། ལས་ཀྱི་ཕྱག་རྒྱ་བཅའ་བ་དང་།། དམ་ཚིག་བསྐུལ་ཏེ་ལས་ཀྱི ་གཉེར་ལྟ་དང་།། མནའ་སྐྲག་གཏད་པའི་ལས་རྫོགས་ཏེ།། འཁོར་ལོ་སྦ་བའི་དུས་སུ་ཡང་།། གཤིན་རྗེ་རྣམས་ལ་གཏད་པ་ནི།། དྲང་སྲོང་དམོད་པའི་སྨོན་ལམ་གདབ།། དེ་ལ་གནས་རྫས་གསག་པ་ནི། ཁྱི་ཕག་ར ་དང་དུག་ལ་སོགས།། ཕུག་རོན་རྟུག་པ། ཕུག་གཞུང་ཐ་ཟུད་སྟེ་སྒྲོ།། སྲིན་བྱའི་སྙིང་དང་འུག་པའི་མིག། བཙོང་དང་ལ་ཕུག་སྐྱེ་ཚེ་དང་།། གཡེར་མ་བྲ་བོ་སྒ་དང་ནས།། དེ་ལ་སྔགས་དེ་གནན་པའོ།། སྤྱི་ཉིད ་གནན་པའི་ལས་བྱ་ན།། གཤེད་པོའི་རྐང་པས་གནན་པ་དང་།། ཕྱག་རྒྱའི་སྟོབས་ཀྱིས་གནན་པ་དང་།། གཏད་ཁྲམ་བཅུ་གཉིས་སྟོབས་ཀྱིས་གནན་པ་དང་།། ཡས་སྟགས་གདུག་པས་གནན་པ་དང་།། དེ་དག་རྫས ་ཀྱིས་མནན་པ་དང་།། སྨོན་ལམ་གདབ་ཅིང་གནན་པ་དང་།། དྲང་སྲོང་དམོད་པས་གནན་པ་ནི།། འདི་ནས་ཉི་མ་ལྷོ་ཕྱོགས་ན།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན།། ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དང་།། ཡི་དྭགས ་ཀུན་གྱི་དེད་དཔོན་པོ།། མ་མོ་ཀུན་གྱི་ཚོགས་རྗེ་མོ།། གསོན་གཤིན་གཉིས་ཀྱི་ཟམ་ཁ་ན།། གསོན་པོ་སྐོམ་ལ་འདེབས་པ་མོ།། ཤི་བ་རྣམས་ཀྱི་གཤིན་བུ་རྗེ།། དགེ་བ་ཅན་གྱི་ལྗང་འཛིན་པ།། སྡིག་པ་ཅན་གྱི་ཆད ་པ་མཁན།། ལེགས་ཉེས་ཆོས་བཞིན་གཅོད་པ་པོ།། ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ།། མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན།། འཁོར་བཅས་ཁྱེད་ལ་གཏད་པར་བྱ།། དེ་དག་རབ་ཏུ་གནན་གྱུར་ན།། དེ་ཡི་ཆོ་ག་འདིར ་མ་བཤད།། ལག་ན་རྡོ་རྗེ་ལས་སུ་ཟུངས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་གནན་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་གཤེད་པོས་འདི་སྐད་ཅེས་བརྗོད་དོ།། བདག ་དོན་མ་ཡིན་གཞན་དོན་ནམ།། དཀོན་མཆོག་བླ་མའི་དོན་ཆེད་དུ།། རུ་དྲ་གདུག་པ་ཚར་བཅད་ནས།། སྔགས་ཀྱི་དངོས་གྲུབ་ཐོབ་ནས་གྲུབ།། དཔེར་ན་དཔའ་བོ་སྐྱེས་པ་ཡི།། གཡུལ་ངོ་བཟློག་པར་འདོད་པ་ཡིས།། ་གོ་དང་མཚོན་ལ་ནན་ཏན་བསྐྱེད།། དེ་ནས་གཡུལ་རྣམས་བཟློག་པར་འགྱུར།། གོ་མཚོན་དགྲ་ལ་རག་ལས་ཕྱིར།། དཔའ་བོས་འཁར་བ་བསྟེན་པར་བྱ།། འགར་གིས་རྡོ་ལས་ལྕགས་སུ་བཞུ་ཡི།། ལྕགས་ལས་གོས ་དང་མཚོན་དུ་བསྡུས།། དེ་ནས་ཐར་ལ་ནན་ཏན་བསྐྱེད།། ཏིལ་དང་མར་དང་ཡིད་མཐར་བླུད།། དེ་ནས་རྡེག་ཐབས་ཤེས་པར་བྱ།། དེ་བཞིན་རྣལ་འབྱོར་ཆེན་པོས་ཀྱང་།། ཐོག་མར་བླ་མ་མཉེས་བྱའི་ཕྱིར།། རབ་ཏུ ་གཅེས་པའི་ཡིད་འཐད་དབུལ།། གནང་བ་བཀའ་ཡི་དབང་ཡིད་ནོན།། མན་ངག་གནང་ནས་ཉུང་ལ་བསྒྲུབ།། སྙིང་པོའི་གདོན་ཐབས་ལྔར་ཤེས་བྱ།། དྲུག་འབུམ་སུམ་འབུམ་ཚིག་འབུམ་དང་།། གཞན་ཡང་འབུམ ་གཅིག་ཤེས་པར་བྱ།། དེ་ནས་མཁས་པས་འཕྲིན་ལས་བྱ།། རྫས་དང་དུས་ཕྱོགས་མཁས་པས་བརྟག་ཁྲི་ཁྲིའི་བར་དུ་ཕྱི་རྒྱུགས་བྱ།། འཕྲིན་ལས་དག་ལ་རྣམ་གསུམ་སྟེ།། འཁོར་ལོ་སྦྱིན་བསྲེགས་གནན་པའོ།། དང ་པོ་འཁོར་ལོའི་ལས་བྱས་ནས།། དེ་ནས་གནན་པའི་ལས་བྱས་ཞེས།། ཐ་མ་མེ་ཡི་ལས་བྱ་སྟེ།། མེ་ལྷ་བསྟེན་པས་ལས་རྣམས་འགྲུབ།། དང་པོར་བསྙེན་པ་རྫོགས་ནས་ཀྱང་།། འཁོར་ལོ་སྐོར་བའི་ལས་དག་བྱ།། ་། གཞུང་ལས་བྱུང་བའི་ལས་ལ་ཡང་།། གནན་པའི་འཁོར་ལོ་བྲིས་པ་དང་།། གནན་པའི་ལས་དག་བྱས་ནས་ནི།། ཧོམ་ནས་བསྲེག་པའི་ལས་བཤད་བྱ།། ཐབ་ཁུང་གྲུ་གསུམ་བརྩེགས་མ་ལ།། རྡོ་རྗེ་རྒྱ་གྲམ ་ནག་པོར་བྱ།། གཟས་པའི་ལིང་ག་བཞུགས་པར་བྲིས།། དེ་ནས་ཧོམ་ཤིང་ཚེར་མ་ཅན།། བཾ་པོར་བསྒྲེང་དང་གྲུ་གསུམ་རྩིག། དུག་ཆུ་ཁྲག་གིས་བྱུག་པར་བྱས།། གཞན་ཡང་རཀྟའི་ཨརྦ་དང་།། སྨན་ཕུད་ཏིལ་མར ་དགྲ་དགོས་དང་།། ཚེར་ཕུར་ཟངས་ཕྱེ་ལྕགས་ཕྱེ་དང་།། རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ།། ཤ་ཆེན་རུས་པ་གཏུབས་པ་དང་།། དེ་དག་ལས་པ་མདུན་དུ་གཞུག། གོས་ནག་གོན་ཞིང་ཐོད་ནག་བཅིང་།། རག་ཤའི་རུས་པས ་སེ་རལ་ཁ།། དཔྲལ་བར་མེ་ལོང་ཞིང་གི་གདན།། རུས་སྦལ་འདུག་སྟངས་ལྷོ་ཕྱོགས་ལྷ།། ལྕགས་སམ་མི་རྐང་གཟར་བུ་ཐོགས།། དྲིན་ཆེན་དྲི་ཆུ་གོས་དུམ་གིས།། ང་ལ་དམིགས་པའི་གཟུགས་བྱས་ལ།། སྙིང་ཁར ་མིང་དང་རུས་བཅས་བཞག། གཞན་ཡང་མིང་ཡིག་མང་པོ་དང་།། མི་གསད་མཚོན་གྱི་ལིང་ག་གཏུབ།། དུམ་བུ་རེ་དང་མིང་བྱང་དང་།། ཤ་ཆེན་བདུགས་པས་རེ་དང་སྦག། དྲག་པོ་སྔགས་ཀྱིས་ཁྲོས་པ་བསྲེག། ཏིང ་ངེ་འཛིན་གྱི་རིམ་པ་ནི།། ཏིང་འཛིན་རྣམ་གསུམ་ཚིག་བཤད་དང་།། བཅས་པའི་འཕྲིན་ལས་གཞུང་བསྲུང་བྱ།། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དར་མ་\ུ0f7fམ་སྭ་བྷ་ཝ་ཤུདྡྷོ་ཧཾ། ཆོས་རྣམས་སྟོང་པའི་ང་རྒྱལ་ལོ།། དེ་ཡི་ང་རྒྱལ་ལས ་ང་རྒྱལ་ལྷག། ཡ་མནྟ་ཀ་གསལ་བསྒོམས་ཏེ།། ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ།། རྒྱན་དང་ཆ་ལུགས་གསལ་བར་བསྒོམ།། ཐབ་ཁུང་ཨེ་ལས་འབར་བའི་ཞལ།། དྲག་པོ་འབར་བའི་གནས་སུ་གསལ་བར་བསྒོམ།། ་ཡུགས་ས་རྡོ་ནག་རྩུབས་པའི་མེ།། རླུང་གཡབ་ནག་པོའི་སྦར་བའམ།། དྲག་པོའི་སྔགས་ཀྱིས་རབ་ཏུ་སྦྱར།། མེ་ཡི་ནང་དུ་མར་ནག་ལས།། མེ་ལྷ་ཨགྣེ་བསྐྱེད་པར་བྱ།། རྒྱན་དང་ཆ་ལུགས་གསལ་བར་བསྒོམ།། ཏིང ་ངེ་འཛིན་གྱིས་སྤྲོས་པའི་གནས་ནས་ཀྱང་།། འོད་ཟེར་ལྕགས་ཀྱུའི་ཡེ་ཤེས་མེ་ལྷ་དེ།། སྤྱན་དྲངས་གཉིས་སུ་མེད་པར་བཞུགས་པར་བསམ།། མེ་ལྷ་ཉིད་སྔགས་འདིས་སྤྱན་དྲངས་ཏེ།། ཨོཾ་ཨགྣེ་ཡེ་ག་བྱ་ཛ། ཛཿཧཱུཾ་བཾ ་ཧོ། སྐུ་མདོག་ནག་པོ་ར་སྐྱེས་ཁམ་པ་ཞོན།། ར་ལ་གཞའ་མཚོན་སྣ་ལྔ་འཁྲིལ།། ཞིང་གི་ཡ་མགལ། ལྔ་ཝེརུ་ལ།། མ་མགལ་ཕྱི་རུ་སྐྲ་ལྤགས་གཡོགས།། སྦྲུལ་ནག་གོང་སྨེད་ཕྱག་ན་དྲིལ་བུ་བསྣམས།། དབུ་ལ་མེ་ཐོད ་བཅིངས་ཤིང་མེ་དཔུང་ནང་ན་འདུག། ཤར་ལྷོ་མཚམས་ན་གཉིས་སུ་མེད་པར་བཞུགས།། དེ་ནས་ཡང་ཨོཾ་པྲ་མོ་ཧ་ཅེས་པས།། མེ་ལྷ་མདུན་རྒྱབ་སྟ་ཟུར་བཞིར།། པྲ་མོ་ཧ་སྤྱན་གསུམ་ཕྱག་བཞི་པ།། གཡས་ཀྱི་དང་པོ ་ཆུ་སྲིན་རྒྱལ་མཚན་བསྣམས།། གཡས་ཀྱི་བར་མ་ཡེ་ཤེས་མེ་མགལ་བསྣམས།། གཡོན་གྱི་དང་པོ་མེ་དར་བསྣམས།། ཐ་མ་གཉིས་ན་དྲིལ་བུ་བསྣམས།། བསྐུལ་ཞིང་འཕྲིན་ལས་བཅོལ་བ་ནི།། སྲེག་རྫས་གཟར་བུས ་། བླུག་ནས་ནི།། ཨགྣེ་དམར་སེར་མེ་ཡི་ལྷ།། ར་སྐྱེས་ཁམ་པ་ཆིབས་སུ་ཆིབས།། ར་ལ་གཞའ་ཚོན་བློན་གྱིས་འཁྲིལ།། ཞིང་གིས་ཡ་མགལ་སྔ་རུ་ལ།། ཞིང་གི་ལྤགས་པས་སྐྲ་གཡོཊ་ཅན།། སྦྲུལ་ནག་ཁྲོ་བོའི ་། གོང་རྨེད་ཅན།། ཨགྣེ་ར་སྐྱེས་ཆིབས་སུ་ཆིབས།། མེ་དཔུང་འབར་བ་རབ་ཏུ་འཛིན།། མེ་ལྕེ་དགྲ་ཕྲེང་དབུ་ལ་བརྒྱན།། དབུ་ལ་ལྭ་བའི་ཐོད་ཆེན་བཅིངས།། ཕྱག་ན་མེ་ཡི་དྲིལ་བུ་བསྣམས།། བྲམ་ཟེའི་བུ་མོ་ལྔ་བརྒྱ་ཡང་།། ་། ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། ཁྲོ་འབར་ཆོས་ཀྱིས་འདུད་པར་གྱིས།། ཨགྣེ་ར་ཙ་ཁར་བབས་ལ།། རཀྟ་དམར་གྱི་ཨརྒ་དང་།། འཆི་མེད་བདུད་རྩིའི་དཔལ་གྱི་བཤོས།། སྤོས་དང་མེ་ཆེན་དུད་སོཊ་པས།། དྲག ་པོའི་རྫས་རྣམས་འདི་ཕུལ་བས།། བསྟན་པ་གཤེགས་པའི་རུ་ཏྲ་འདི།། དུས་མཐའ་བསྙུངས་ལ་ཚེ་འདི་འདུ་བྱེད་བསྐུལ།། ཤ་ཁྲག་སྐོམས་ལ་ཐལ་པར་རློགས།། ཆེ་གེ་མོ་མ་ར་ཡ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། བདུད་འདུལ ་དམར་ནག་འཁྲིལ་བའི་པྲ་མོ་ཧ།། རླུང་ནག་འཚུབ་མར་འཁྲིལ་བའི་པྲ་མོ་ཧ།། བསྐལ་པའི་མེ་ལྟར་འབར་བའི་པྲ་མོ་ཧ། ཁམས་གསུམ་སྔར་བར་བྱེད་པའི་པྲ་མོ་ཧ།། རྡོ་རྗེ་མཆོག་འཛིན་གློག་འདུལ་པྲ་མོ་ཧ།། བསྐལ ་པའི་དུས་ལྟར་པྲ་མོ་ཧ།། རལ་པས་སྟོང་ཁམས་བྱེད་པའི་པྲ་མོ་ཧ།། ཤ་ཁྲག་དམར་ལ་དགྱེས་ཤིང་རབ་ཏུ་ཁྲོས།། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། གདུག་རྩུབ་དམར་ནག་འཁྱིལ་བའི་ཧོམ་ཁུང་དུ།། ་གཤེད་ནས་བཞུཊ་ཤིང་དྲག་པོ་མཆོད་པའི་དམ་རྫས་བཞེས།། བསྟན་པ་གཤེགས་པའི་དམ་ཉམས་རུ་ཏྲ་འདི།། དུས་མཐའ་ལྟུང་ལ་ཚེ་འདི་འདུ་བྱེད་བསྐུལ།། ཤ་ཁྲག་སྐོམས་ལ་ཐལ་བ་རྡུལ་དུ་རློགས།། པྲ་མོ་ཧ། པྲ་མོ ་ཧ་དགྲ་བོ་མ་ར་ཡ་ཕཊ་ཕཊ་སྭཱ་ཧཱ།། མེ་ལྷའི་མཆོད་པ་དེ་བཞིན་དབུལ།། དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས།། མེ་ལྷའི་ལྟོ་བར་རྫོགས་པར་བྱ།། བསྐྱེད་དང་སྤྱན་དྲངས་བཞུགས་པ་ལ།། མཆོད་པ་ཕྱག་འཚལ་བ ་རྣམས་བྱ།། འཕྲིན་ལས་སོ་སོའི་གཞུང་བཞིན་བྱ།། ཞེས་གཤེད་པོས་གསུངས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས།། འཁོར་ལོ་ཧ~ཾ་སྤེལ་གྱི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇམ ་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་དུ་བརྗོད་དོ།། ཨེ་མའོ་ཕྱག་ན་རྡོ་རྗེ་འཛིན་པ་ཁྱོད།། དུས་ངན་ཐ་མ་བྱུང་བའི་ཚེ།། དཀོན་མཆོག་དབུ་འཕང་སྨོད་པའི་དུས།། རྩ་བའི་སྙིང་པོ་ལྔར་འདུས་ཏེ།། སྐུ་གསུང་ཐུགས ་ཀྱི་སྙིང་པོ་དང་།། ཡོན་ཏན་འཕྲིན་ལས་ལྔ་རུ་འདུས།། བཞི་ནི་ཉེ་བར་བསྙེན་པ་དང་།། བསྒྲུབ་དང་ལས་ལ་སྦྱོར་བས་འཇུག། རྒྱུན་དུ་དྲོངས་ཤིང་ལས་ལ་སྦྱོར།། ལས་ལ་སྦྱོར་ཁར་འབུམ་ཕྲག་རེ།། དྲོངས་ཏེ་རྩ་གཉིས ་པ་རུ་བཤད།། ཐ་མ་འཕྲིན་ལས་སྙིང་པོ་ནི།། ལས་ལ་སྦྱོར་བའི་སྔགས་དག་གདགས།། ཐུགས་ཀྱི་ཡང་ཐུགས་ཉི་མ་བཞི་པ་ནི།། ཕྱི་ནང་གསང་བ་གསུམ་དུ་གསུངས།། དེ་ལས་གསུམ་གསུམ་དགུ་རུ་བཤད།། ཕྱི་ཡི་ཉི ་མ་བཞི་པ་ལ།། ཡི་གེ་འབྲུ་བརྒྱད་གཡོན་དུ་བསྐོར།། ཕྱི་ཡི་གསང་བར་བསྐོར་བ་ནི།། བཞི་སྙིང་དྲིལ་བས་གཡས་སུ་བསྐོར།། ནང་ལ་གསུམ་དུ་ཕྱེ་བ་ནི།། ཕྱི་ཡི་དུས་སུ་བསྐོར་བ་ནི།། ཨ་ཀྲོ་ཏེ་ཀ་བཅུ ་བདུན་པའོ།། ནང་གི་དུས་སུ་བསྐོར་བ་ནི།། ཡ་མ་མེ་ཏ་བཅུ་བདུན་པའོ།། ནང་གི་གསང་བར་བསྐོར་བ་ནི།། ཡ་མ་མ་ཏ་ཀྵེ་ལ་སོགས།། ཡིག་འབྲུ་བཅུ་བདུན་པ་ཡང་གཡས་སུ་བསྐོར།། གསང་བ་གསུམ་དུ་དབྱེ་བ ་ནི།། བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ།། གཡོན་དུ་དྲངས་ཏེ་བསྐོར་བའོ།། གསང་བའི་ནང་དུ་དྲངས་པ་ནི།། གསང་བའི་དྲག་སྔགས་འབྲུ་བདུན་པ།། གཡས་སུ་བདུན་བསྐོར་དྲངས་པའོ།། གསང་བའི་གསང ་བར་དྲངས་པ་ནི།། རྩ་བ་དམ་ཚིག་ཡང་སྙིང་དང་།། ལས་ལ་སྦྱོར་བའི་དུས་སུ་ཡང་།། བཞི་སྙིང་དྲིལ་ལ་ནུབ་མོ་བཟླས།། ཨོཾ་ཨ་ཀྲོ་ཏེ་ཡ་མནྟ་ཀ་ཨ་མུན་ཀ། ཡ་མ་ར་ཙ་ཨ་མུ་ཀ། ས་ཏོ་མེ་ཡ་ཨ་མུ་ཀ། ཡ་མེ་ཏོ་རུ་ཨ ་ཀ། ན་ཡོ་ཏ་ཡ་ཨ་མུ་ཀ། ཡ་ཏ་ཡོ་ནི་ཨ་མུ་ཀ། ར་ཡ་ཀྵེ་ཡ་ཨ་མུ་ཀ། ཡ་ཀྵེ་ཡ་ཙ་ཨ་མུ་ཀ། ནི་ར་ཡ་མ་ཨ་མུ་ཀ། ཨོཾ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧུཾ་ཧུཾ་ཕཊ་ཕཊ་ས་མ་ཡ། ཧྲི་སྟི་ས་མ་ཡ། རག་ཀྲ་བཛྲ་ས་མ་ཡ། ས་མ་ཡ། ཨོཾ་མ ་ཡ་ཧྲིང་། མ་ཧེ་ཏི། ཨོཾ་བ་གི་ཤྭ་རི་མུཾ། རྩ་བ་ཉི་མ་ཤར་བར་ལྟར་དྲངས་པ་སྟེ། བྱ་རྒོད་གཟན་ལ་འཛུམ་པ་ལྟར་དྲངས། བཙོན་ལྕགས་སུ་བཅུག་པ་ལྟར་དྲངས།། དམ་ཚིག་ཡི་གེ་འབྲུ་དྲུག་པ།། ཧྲི་སྟེ་ལ་སོགས་དམ་ཚིག ་སྔགས།། བཙོན་དུ་ལྕགས་སུ་བཅུག་ལྟར་དྲངས།། བསྒྲུབ་པ་བཞིའི་སྙིང་རྩ་དམ་ཚིག་སྔགས་བཞི་སྙིང་གཅིག་ཏུ་དྲིལ་བ་དང་། དབྱངས་ཀྱི་ཡི་གེ་ལི་ལཱྀ་སོགས།། སྐྱེས་བུ་གོ་མཚོན་བསྟར་བ་ལྟར་དྲངས།། ཉི་མ་བཞི་པ ་གཡོན་དུ་ཉིན་བདུན་བསྐོར།། ནུབ་དྲིལ་སྔགས་སུ་ཨ་མུ་ཀ། ལྕགས་ཀྱི་གཟེར་ཆེན་འདབ་ལྟར་དྲངས།། ཨ་མུ་ཀ་ནི་དགུ་ཡི་ཚོགས།། གསེར་གྱི་ཐོད་ནི་བརྒྱད་ལྟར་དྲངས།། གཡས་སུ་བསྐོར་བ་ཀ་པ་ཡེ།། སྤུ་གྲིའི་སོ ་ཡིས་འདེབས་ཞིང་དྲངས།། བཏགས་པ་སོ་སོའི་སྒོ་ཡི་སྔགས།། ཉིན་གྱི་ལས་སུ་སྔགས་དྲངས།། ནུབ་ཏུ་དྲིལ་སྔགས་ཏ་པ་ཡི།། མཚན་སྔགས་བྱར་ལ་རབ་ཏུ་སྒྲུབ།། དེ་དག་དོག་རྣམས་མན་ངག་སྦྱར།། ཨ་ཀྲོ་ཏེ་ཀ་རྒྱུན ་གྱི་སྔགས།། དེ་དག་བསྒྲུབ་པའི་དུས་སུ་ཡང་།། མི་ལུས་ཕྲ་མེན་འགོ་ཅན་དང་།། སྤུན་དང་བྲན་ཁོལ་ཕ་མ་དང་།། མཆོད་རྟེན་ཆེན་པོར་བསྟན་པ་དང་།། མེ་ཆེན་རྟག་ཏུ་འབར་བ་དང་།། རྒྱ་མཚོ་དག་ལ་མི་ནུབ་དང་།། ། ་དེ་དག་མ་བྱུང་བར་དུ་དྲོངས།། གྲུབ་པའི་མཚན་རྟགས་བྱུང་བ་དང་།། སྦྱོར་ཁའི་ཉི་མ་བཞི་ལ་འཇུག་ཁུགས་པའི་མཚན་རྟགས་བྱུང་བ་དང་།། གཡས་བསྐོར་གསད་པའི་དྲག་སྔགས་བཟླས།། ནུབ་དྲིལ་གསང་སྔགས ་གསད་ལ་འཇུག། རྩ་བའི་ལྷ་རྣམས་མ་གྲུབ་པར།། འཕྲིན་ལས་སྔགས་ནི་ཆུད་ཟོས་པས།། ལྷ་རྣམས་བསྒྲུབས་ཀྱང་ལས་དག་ཀྱང་། ཁུགས་ནས་དེ་དག་གཡས་བསྐོར་བྱ།། དེ་ལྟར་བྱས་ན་གདོན་མི་ཟ།། གཤིན་རྗེ ་གཤེད་པོས་གསུངས་པའི་དོན།། མ་ཁུགས་པ་རུ་གཡས་བསྐོར་ནས།། སྒྲགས་ནས་དམ་བྲེད་ལས་མི་འགྲུབ། ཁུགས་ནས་གཡོན་བསྐོར་བྱེད་དུས་སུ།། གཡོན་ནས་བསྐོར་ནས་སྔགས་ལོག་ནས།། རྣལ ་འབྱོར་འཁོར་དུ་རྐྱེན་རྣམས་འགྱུར།། ལས་འདི་དག་གི་སྔགས་སྔགས་ན།། སྔགས་པ་ཡང་ཡང་འཆི་བར་འགྱུར།། ས་མ་ཡ་དག་མ་བསྲུངས་ན།། ཚེ་སྲོག་བར་དུ་ཆད་པར་འགྱུར།། དབང་དུ་མ་འདུས་ཚེ་ལོག་ཚེ།། ་དབྱངས་ཀྱི་ཡི་གེ་བཟླས་པར་བྱ།། ཏིང་འཛིན་ཞན་ན་ཚུར་ལ་གནོན།། ཆོས་ཉིད་དག་ལ་བརྒྱད་ཀྱང་གཏན།། མ་ཁུགས་པ་ལ་གཏུགས་དྲགས་ན།། བྲེད་ནས་འགྲོ་བར་རབ་ཏུ་བཤད།། ལྡོག་པ་འདྲ་ན་དམ་ཚིག་སྔགས ་བཟླས། ཁུངས་ཆུང་ན་རུ་ཁུགས་ཆེན་པོ་གཏད།། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད།། བདུན་འགྱུར་སྔགས་ཀྱི་ཚད་མ་དང་།། དེ་ནི་སྔགས་ཀྱི་ཚད་མའོ།། བདག་གི་ཚད་མ་ནི། ཏིང་འཛིན་ཡེང་ཡེང་བྱེད་པ་དང་།། ་སེང་སེང་བྱེད་ན་མི་འགྲུབ་རྟགས།། མྱོས་ཤིང་གཉིད་ཆེ་འཐིབས་པ་ནི།། སྒྲིབ་པས་འཕྲོག་པས་བཤགས་པ་བྱ།། སྙིང་འཕྱོ་མི་དགའ་སྔགས་ནོར་དང་།། འབྲུ་ཆད་མ་ཚང་བ་རུ་བཤད།། ཚིག་ཚིག་གསལ་ན་ཐེབས་པ ་ཡིན།། རྒ་དགའ་ཞིང་འཐིབས་པར་བྱེད་པ་ན།། དུས་དེར་སྔགས་མཆོག་གྲུབ་པ་ཡིན།། དགྲ་ཡི་མཚན་མ་བཀའ་བསྩལ་པ།། མི་འགོ་ལ་གསལ་བྱིང་བ་ནི།། རྒྱབ་རྟེན་ཡོད་པས་མྱུར་མི་འགྲུབ།། བདག་པས་ཁོ་ཁ་དྲག ་མི་བ་ནི།། རྒྱབ་རྟེན་ཡོད་པས་བསྐང་བཟློག་བྱ།། གཡབ་ཏུ་བྱུང་ནས་གསང་འགྱུར་ན།། དེ་ཉིད་ཉེས་པ་ལོ་རུ་འཁོར།། ཏིང་འཛིན་གསལ་ཞིང་ངོས་བྱུང་ན།། ལོ་ཕྱེད་ཚུན་ཆད་འཁོར་བར་བཤད།། ཏིང་འཛིན་གསལ ་ཞིང་ཚིག་བྱེད་ན།། ཟླ་བ་ཚུན་ཆད་འཆི་བར་བཤད།། དེ་ནི་མི་འགྱུར་བ་ཡི་རྟགས།། ཕྱི་མ་སྣ་ཚོགས་རྟགས་བྱུང་ཡང་།། འགྱུར་བས་བརྟན་པར་མི་འགྱུར་རོ།། གཡོན་གྱི་དྲིལ་སྔགས་དམ་ཚིག་ལས།། སྔགས་འདི་དྲིལ ་ལ་བཟླས་པར་བཤད།། རྩ་བ་ཡང་སྙིང་འབྲུ་དྲུག་པོ།། འབྲུ་དགུ་པོ་སྐུ་བསྐྱེད་པ་དང་།། དེ་དག་ཉེ་བར་བསྙེན་པའོ།། སྲོག་གི་རྩ་བ་འཇུག་སྡུད་དོ།། ཡང་སྙིང་བསྒྲུབ་དང་ལས་སྒྲུབ་པའོ།། དབྱངས་དང་དམ་ཚིག་དོན ་། གོང་མཐུན།། ལས་དེ་གང་བྱེད་མཇུག་ལ་གདགས།། སྒྲོ་འབོག་ལྐུགས་དང་ལྷོག་པ་དང་།། ཕོ་ལོག་གླང་ཐབས་གཟེར་བ་དང་། ཁྲག་སྐྱུག་རིམས་ནད་མཛེ་ཤུ་དང་།། ལྟས་ངན་ཐོབ་ཟེར་ཆོ་འཕྲུལ་དང་།། གསད་གསོ ་དབབ་གཅད་གང་བྱེད་ཀྱང་།། རྩ་བ་དམ་ཚིག་ཡང་སྙིང་དང་།། དབྱངས་ཀྱི་ཡང་སྙིང་འཇུག་ལ་གདགས།། སོ་སོའི་སྲོག་གི་སྙིང་པོ་དང་།། ལས་གང་བྱེད་པའི་སྔགས་དག་གིས།། འབྲུ་རེ་བཏགས་པས་འགྲུབ་པར ་འགྱུར།། ཕྱི་ངན་བསྙེན་པ་རྫོགས་པ་དང་།། ཉམས་སུ་ལོན་ནས་སངས་རྒྱས་ན།། སུ་ཡང་རུང་སྟེ་ཐེ་ཚོམ་མེད།། བཟླས་པ་ལས་སུ་རུང་ཙ་ན།། བརྡབས་ཤིང་སྤྲུགས་པས་འགྲུབ་པར་བཤད།། ཞེས་གཤེད་པོས་རབ ་། ཏུ་གསུངས།། དཔལ་ཟླ་གསང་ནག་པའི་རྒྱུད་ལས། སྔགས་ཀྱི་ཡང་སྙིང་འཕྲུལ་འཁོར་གྱི་སྐབས་ཀྱི་ལེའུ་རྫ་ས་བཞི་པ་ལ།། ། དེ་ནས་ཡང་གསད་པ་ལས་ཀྱི་ཡང་སྙིང་འདི་གསུངས་པ།། བསྒྲུབ་པར ་དཀྱིལ་འཁོར་བྲི་བ་དང་།། འཁོར་ལོ་བཞི་ལ་བེར་ཅོན་བཞི།། འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད།། གོང་རས་རྡོ་རྗེ་བེར་ཅོན་དང་།། རལ་གྲི་ལ་སོགས་དགོད་པར་བྱ།། རྡོ་རྗེ་དག་གི་རྩེ་མོ་ལ།། མ་ར་ཡ་ཡི་མིང་དང ་རུས།། གྲུ་གསུམ་ནང་དུ་ལིང་ག་གཞུག། ཟླ་གམ་གསུམ་ལ་རྫས་བཞག་པ།། ནག་པོ་དག་ལ་དུག་ཐུན་བཞག། དམར་པོ་དག་ལ་ཁྲག་ཐུན་བཞག། སེར་པོ་དག་ལ་ཉུངས་ཐུན་བཞག། འཁོར་ལོ་དེ་དག་ཁ་དོག ་ཀྱང་།། དྲིར་ཤའི་ཁྲག་གིས་དམར་པོར་བྱུག། མི་དང་རྟ་དཀར་རྟ་ནག་གི་ཁྲག་གིས་དམར་པོ་བྱུག་པ་དང་།། ཡང་ན་ར་རོག་གླང་རོག་གམ། ཁྱི་དག་སྙིང་ཁར་ཁྲག་གིས་བྱ།། གསད་པའི་ལས་ཀྱི་སྔགས་དག་བཟླས།། ་ཨོཾ་ཤྲཱི་ཡ་མནྟ་ཀ་ཛ། ཡ་མ་ར་ཙ་ས་ཏོ་ཡེ་ཡ་ཡ་མེ་རུ་ན་ཏོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཙ་ཡ་ཀྵ་ཡ། ཡ་ཀྵ་ཡ་ཙི་ར་མ་ཡ། དགྲ་བོའི་ཙིཏྟ་ལ་མ་ར་ཡཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ། ཡ་མནྟ་ཀ། ཨེ་ཀ་ཛཱ་ཏི། ཙིཏྟ་ཁབ་རྦད ་རྦད། ག་ན་མ་དུ་ཙིཏྟ་གུད་རིལ་རྦད་རྦད། དགྲ་བོ་ནི་ཛ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ། ཡ་བེ་ཏེ་ལི་ཀྲོ་ཏི་ཤོ་རི། སྙིང་ཁ་རག་ས་མ་ཡ་ཐུན་རིལ་རྦད། ཡ་མ་ར་ཙ་ས་ཏོ་མེ་ཡ་ཁྲག་ལ་ཏོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཡ། ་རེ་ཧོ་རེ་བེ་རེ་རྦད་མ་ར་ཡ་ཙ་ས་ཏོ་མེ་ཡ། ཡ་མན་ཏོ་རུ་ཀྵེ་ཡ། སྙིང་འགོ་ཆོད་ཤ་ཆེ་གེ་མོའི་གློ་སྙིང་སྤྲོད། མ་ར་ཡ་རྦད་ཡོ་ཏོ་རུ་མེ་ཡ། ཞེས་བརྡེག་གོ། གསང་བ་ལས་ཀྱི་ཡང་སྙིང་འདི།། ཡང་དང་མེ་ཡིས་གསད་པར ་བྱའོ།། གཤིན་རྗེ་བྱ་ཙ་ཡེ་མ། སིང་ཧ་ཡེ་བྷི་ཏ་ཡེ། བི་ཙ་ཡེ། ཧ་ཡ་ཡེ། ཡིག་དགུ་ལས་སྔགས་གསད་པའི་སྔགས་འདི། ཡང་སྙིང་གིས་གསད་པ་ནམ་མཁའི་ཐོག་དང་འདྲ།། ཅེས་གསུངས་སོ།། དཔལ་ཟླ་གསང་ནག ་པོའི་རྒྱུད་ལས། ཡང་སྙིང་གསང་བའི་ལེའུ་སྟེ་སོ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བརྗོད་དོ།། ཨ་ཨཱ་ཨི་ཨཱི་ཨུ་ཨཱ། ཨེ་ཨེ་ཨོ་ཨོ་རི་རཱི་ལི་ལཱཾ་ཨཾ་ཨ། ཀ་ཁ་ག་གྷ་ང་། ་ཙ་ཚ་ཛ་ཛྙ་ན། ཏ་ཐཱ་ད་དྷ་ན། ཊ་ཥ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧཱ་ཀྵཿསྔགས་ཀྱི་འཁོར་ལོ་མན་ངག་ལ།། ཕྱི་ནང་གསང་བ་གསུམ་དུ་བཤད།། དེ་ལ་གསུམ་གསུམ་དགུ་རུ་བཤད།། ཕྱི་ལྟར་དྲངས་པ ་ནི། ཉི་མ་དང་པོ་དག་ལའང་།། ཡ་མ་ར་ཙ་ས་ཏོ་མེ་ཡ་ཨ་མུ་ཀཾ། པྲ་མ་ཡ་ནི་ཤ་ཀ་རུ་ནི་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་ཡང་།། ཡ་མེ་ས་ཏོ་རུ་ན་ཡོ་ཏ་ཡ་ཨ་མུ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་དག་ལ་ཡང་།། ཡ ་། ཏ་ཡོ་ནི་ར་ཙཀྵེ་ཡ་ཨ་མུ་ཀཾ་མུརྫ་ཡ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་དག་ལ་ཡང་།། ཡ་ཀྵེ་ཡ་ཙ་ནི་མ་ར་ཡ་ཧཱུཾ་ཕཊ། དེ་དག་ལས་ཀྱི་མཐའ་སྡུད་ནི། ཨོཾ་ཤྲཱི་མཉྫ་ཨ་ཀྲོ་ཏེ་ཀ་ཀ་ལ་རུ་པ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ ་། ལས་ཀྱི་མཐའ་སྡུད་ཀྱི་ཉི་མ་བཞི་པའི་ཁ་སྐོངས་སོ།། ཕྱི་ཡི་ནང་དུ་དྲངས་པ་ནི།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཙཀྵེ་ཡ། ཡཀྵེ་ཨ་ཙ་ནི་ར་མ་ཡ། བཞི་སྙིང་དྲིལ་ལ་གཡོན་དུ ་དྲངས། ཕྱི་མའི་གསང་བར་དྲངས་པ་ནི། ཡ་མ་ར་ནི་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། བཞི་སྙིང་དྲིལ་ལ་གཡས་སུ་དྲིལ།། ནང་གི་ཕྱི་ལྟར་དྲངས་པ་ནི།། རྩ་བ་མི་འགྱུར ་སྙིང་པོ་སྟེ།། སྔོན་དུ་འགྲོ་བའི་བསྙེན་པ་ནི། ཨཽ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བན་ཙ་\ུ0f7f\ུ0f7fཧཱུཾ་ཕཊ། ནང་གི་ནང་དུ་དྲངས་པ་ནི།། ཉེ་བར་བསྒྲུབ་པ་ཞེས་ཀྱང་བྱ།། ལས་ལ་སྦྱར་བའི་སྙིང་པོ་ཁྲི་ཡང་བཟླས།། ཡ་མ ་ཏེ་ཀ་ཀྵེ་ར་ཙ་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ནི། ནང་གི་གསང་བ་དྲངས་པ་ནི།། འཕྱེ་བོ་འགྲོས་ནི་ཞེས་ཀྱང་བྱ།། གསང་བའི་འཕྲིན་ལས་གསད་པ་ལས།། ཡ་མེ་ཀྵེ་ཏ་མེ་ར་ནི་ཛ་ཡ་ར་ནི་ཡོ་ན་རུ་ཏོ་ས་ཡ། ཅེས་གཡས ་བསྐོར་དུ་དྲངས་སོ།། གསང་བའི་ཕྱི་ལྟར་དྲངས་པ་ནི།། བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ།། གཡོན་དུ་བདུན་བསྐོར་དྲངས་པར་བྱ།། ཉི་མ་དང་པོ་དག་ལའང་།། ཡ་མ་ར་ཙ་ས་ཏོ་མེ་ཡ། མ་ར་ཙ་ས་ཏོ་མེ་ཡ། 8 ་ཙ་ས་ཏོ་མེ་ཡ་མ་ར། ས་ཏོ་མེ་ཡ་མ་ར་ཡ་ཙ། ཏོ་མེ་ཡ་མ་ར་ཛ་ས་ཏོ། ཉི་མ་དང་པོ་ཁྲི་ཁྲི་བཟླས།། ཉི་མ་གཉིས་པ་མན་ཆད་ལ།། གཡོན་དུ་འགོ་ཆོད་གོང་བཞིན་བསྐོར།། དང་པོའི་ནུབ་མོ་དྲངས་པ་ནི།། ཡ་མ་མེ་ཏ་ཀྵེ ་ཤྲཱི་ཨ་མ་ཁང་ཆེ་གེ་མོ་པྲ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲངས་པ་ནི། ར་ཙ་ས་ཏོ་ཧྲི་སྟི་ཨ་མུ་ཁང་ཆེ་གེ་མོ་རཀྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་དྲངས་པ་ནི། རུ་ན་ཡོ་ནི་ཧྲི་སྟི་ཨ་མུ་ཀམ་ཆེ་གེ་མོ་མུར་ཙ་པ་ཡ། རྦད་ཡ། ་ནུབ་བཞི་པ་ལ་དྲངས་པ་ནི། ར་ཡ་ཙ་ནི་ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་མ་ར་ཡ་རྦད་ཡ། གསང་བའི་ནང་དུ་དྲངས་པ་ནི། གསོད་པའི་དྲག་སྔགས་བདུན་པ་སྟེ།། གཡས་སུ་བདུན་བསྐོར་དྲངས་པར་བྱ།། ཡ་མ་ར་ནི་ཛ་ཡ་ཀྵེ། ་མ་རི་ཛ་ཡ་ཀྵེ་ཡ། ར་ནི་ཛ་ཡ་ཀྵེ་ཡ་མ། མི་ཛ་ཡ་ཀྵེ་ཡ་མ་ར། ཛ་ཡ་ཀྵེ་ཡ་མ་ར་ནི། ཡ་ཀྵེ་ཡ་མ་ར་ནི་ཛ། ཀྵེ་ཡ་མ་ར་ཛ་ཡ། ཉི་མ་གཉིས་པ་མན་ཆད་ལ།། གཡས་སུ་སྟེང་གཅོད་གོང་བཞིན་བསྐོར།། གསང་བའི་བར ་ནུབ་དང་པོ་ལ་དྲངས་པ་ནི། ཡ་མ་ཀྵེ་ད་མེ། ཧྲི་སྟི་ཀ་པ་ཡེ་ཆེ་གེ་མོ་ཕ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲངས་པ་ནི། ར་ནི་ཛ་ཡི་ཧྲི་སྟི་ཀ་པ་ཡེ་ཆེ་གེ་མོ་རཀྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་དྲངས་པ་ནི། རུ་ནི་ཡོ་ནི ་ཧྲིསྟི་ཀ་པ་ཡེ་ཆེ་གེ་མོ་མུ་ར་ཛ་ཡ་རྦད་ཡ། ནུབ་བཞི་པ་ལ་དྲངས་པ་ནི། རུ་ཏོ་ས་ཙ་ཧྲི་སྟི་འཇམ་པ་ཀ་པ་ཡ་ཆེ་གེ་མོ་མ་ར་ཡ་རྦད་ཡ། རྩ་བ་ཡང་སྙིང་དམ་ཚིག་ལས་ལ་སྦྱོར་ཀ། བཞི་སྙིང་པོ་གཅིག་ཏུ་དྲིལ་བ་ནི།། གསང ་བའི་གསང་བར་དྲངས་པའོ།། དྲག་པོ་གནམ་ཐུག་ཅེས་ཀྱང་བྱ།། དུས་དང་ཚེ་དང་ལས་ཟད་དང་།། བསོད་ནམས་ཟད་དང་སྐལ་པ་ཟད།། ཡི་གེ་ཟད་ཅེས་བྱ་བའོ།། དེ་ལྟར་བྱས་ནས་ན་སུ།། གང་ན་གང་ལ་བྱས་ཀྱང ་འགྲུབ།། རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ།། སྟག་མོ་མཆོངས་པ་ཞེས་ཀྱང་བྱ།། བྱ་རོག་ཁུ་འཕྲིག་ཞེས་ཀྱང་བྱ།། ཉི་མ་བཞི་པའི་ལས་ལ་འཇུག། ཉི་མ་དང་པོ་དག་ལའང་།། ཚངས་པ་རྩ་འགོང་འགོ་འཁོར ་ཕྱིར།། སྔགས་དང་བེར་ཅོན་ཕྱག་རྒྱ་བཅས།། ཉི་མ་གཉིས་པ་དག་ལ་ཡང་། ཁ་ནས་ཁྲག་སྐྱུག་གཞུག་པའི་ཕྱིར།། སྔགས་དང་ལུས་དྲིལ་བའི་ཕྱག་རྒྱས་བཅས།། ཉི་མ་གསུམ་པ་དག་ལའང་།། ཙིཏྟ་གཟེར་དུ་གཞུག ་པའི་ཕྱིར།། སྔགས་དང་སྙིང་གཤག་ཕྱག་རྒྱ་བཅས།། ཉི་མ་བཞི་པ་དག་ལའང་།། གཟུགས་ཕུང་བརླག་པར་བྱ་བའི་ཕྱིར།། མ་ར་ཉིད་ནི་གདོན་མི་ཟ།། སྔགས་དང་འཁོར་ལོའི་ཕྱག་རྒྱ་བཅས།། རང་རང་དྲག་པོའི ་སྔགས་དགོད་གཡུའི་སྤྱད་མོ།། དང་པོ་བདག་ལྷ་བསྙེན་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྙེན། ཁུག་པའི་རྟགས་རྣམས་བྱུང་བ་དང་།། གཟས་པ་དགུག་པའི་ལས་བྱ་སྟེ།། ཉི་མ་དང་པོ་དག་ལ་ཡང་།། ཡ་མ་ར་ཙ་ས ་། ཏོ་མེ་ཡ། ཆེ་གེ་མོ་ནརི་ཨ་ཀར་ཀྵེ་ཡ་ཧཱུཾ་ཛ། ཉི་མ་གཉིས་པ་དག་ལ་ཡང་།། ཡ་མེ་ཏོ་རུ་ན་ཡོ་ག་ཡ་ཆེ་གེ་མོ་ཨ་ཡུ་ཛྙཱ་ན་ཨ་རཀྵ་ཡ་ཧཱུཾ་ཛ། ཉི་མ་གསུམ་པས་དགུག་པ་ནི།། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཏི་ཡ་ན་ཨ་ཀཪྵ་ཡ ་ཧཱུཾ་ཛ། ཉི་མ་བཞི་པས་དགུག་པ་ནི། ཨ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་རུ་བ་སྐན་དྷ་ཨ་རཀྵ་ཡ་ཧཱུཾ་ཛ། དེ་ནས་དབྱེ་བའི་ལས་བྱ་སྟེ།། ཉི་མ་དང་པོ་དག་ལ་ཡང་།། སྲོག་ལྷ་དག་དང་དབྱེ་བར་བྱ།། བྱ་རོག་འུག་པའི་གུང་རུ ་ལ།། མ་ར་ཡའི་མིང་རུས་སྐྱོན།། གུ་གུལ་དུད་པས་བདུག་བྱ་ཞིང་།། ཡ་མ་ར་ཙ་ས་ཏོ་མེ་ཡ་དེ་བཤད།། སྲོག་གི་ལྷ་དང་ཕྱེ་ཞིག་བྱ།། གཉིས་པ་དག་ལ་ཕོ་ལྷ་དང་།། གསུམ་པ་དག་ལ་ཡུལ་ལྷ་དང་།། བཞི་པ་དག་ལ ་དགྲ་ལྷ་དང་།། ལྷ་རྣམས་དག་དང་ཕྱེ་ཞེས་བྱ།། ཕྱི་ནང་གསང་བའི་སྔགས་ཀྱིས་ཀྱང་།། ཉུངས་དཀར་དག་ལ་བཟླས་ཤིང་བརྡེག། ཡ་མནྟ་ཀ་གསལ་བསྒོམས་ལ།། ཕུར་བུ་དག་གིས་བརྡེག་པར་བྱ།། ཨཱ~ཾ་ནི་མ་ར་ཡ། ་ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག། ཡ་མ་དུ་ཡ་མ་རྦད། ཚལ་པ་བཾ་རིལ་དུམ་བུ་དུམ་བུ། གཤིན་རྗེ་ནག་པོའི་ཀུན་ཁུག་དགྲ་བོ་མ་ར་ཡ་ཛ། ཨོཾ་ནརི་མ་ར་ནརི་ཧྲི་ད་ཡ་མནྟ་ཀ། པེ་ཏ་ལི་ཀྲོ་ཏི་ཤ་རི། སྙིང་འགོ་ཚོད་རྩེ་ལ་ཞོན ་ཁྲག་འགོ་ཆོད། ཁྲག་ལ་ཀཱི་ལི་ཀ་ཀི་ལ་ཡ་བཾ་རི་ལ་རྦད། ཡ་མ་ར་ཙ་ས་ཏོ་དུན་བྷྱོ། ཡ་ཏེ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི། སྙིང་ལ་ཤག། མ་མེ་བཾ་རི་ལ་རྦད། རབ་ཏུ་ཁྲོས་ཏེ་ཕུར་བུས་བརྡེག། གང་ལ་བྱ་བ་ཐོགས་མེད་ཀྱིས། ་མཐུ་སྟོབས་བདག་པོས་རབ་ཏུ་ཟུངས།། དཔལ་ཟླ་གསང་ནག་པོའི་རྒུད་ལས། འཁྲུལ་གྱི་ལྡེ་མིག་འཁོར་ལོ་མན་ངག་གསང་བའི་སྐབས་ཏེ་ལེའུ་སོ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན ་པོས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བརྗོད་དོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཐུགས་ཀྱི་སྙིང་པོ་བཀའ་བཞི་གདུང་བརྒྱད་འདི།། མ་ནོར་བཟླས་ན་ཅི་ཡང་གྲུབ་པར་ངེས།། ཡ ་མ་ར་ཙའི་སྙིང་པོ་དཀར་བ་ཅིག་ནི། ཡ་མ་ར་ཙ་ས་ཏོ་མེ་ཡ། མྱོས་བྱས་འབར་བའི་སྙིང་པོ་ཀ་བ་གཉིས་པ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨརྱ་མ་རུ་ཙེའི་ཀ་བ་གསུམ་པ། ཡ་ཏ་ཡོ་ན་ར་ཡ་ཀྵེ་ཡ། རལ་པ་ཚལ ་དགུའི་སྙིང་པོ་ཀ་བ་བཞི་པ། ཡ་ཀྵེ་ཡ་ཛ་ནི་ར་མ་ཡ། དེ་ནི་བགེགས་པ་ཀ་བ་བཞི་སྟེ། ཚངས་པའི་མགོ་དང་། མགྲིན་པ་དང་། ལུས་དང་། ལྟེ་བ་བཞི་ནས་འདེགས། གདུང་བརྒྱད་རླག་བྱེད་འཇོམས་པ་ལས།། རྩ ་ཆེན་བརྒྱད་དང་རྣམ་ཤེས་བརྒྱད།། དེ་དག་རིམ་གྱིས་འཇོམས་པར་བྱེད།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཛ། ནི་ར་མ་ཡ། ཅེས་ཀ་བཞི་གདུང་བརྒྱད་དོ།། གདུང་རེ ་ལའང་ཀ་ཆེན་བཞི།། རྩ་ལུང་བཞི་དང་རྩ་ཆེན་བཞི།། བཀའ་བཞི་རྩ་ལུང་བཞི་ཡང་འཇོམས།། གདུང་བརྒྱད་རྩ་ཆེན་བརྒྱད་དང་འཇོམས།། ཡ་མནྟ་ཀ། ཡ་མན་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། 8 ་། ཡཀྵེ་ཡ། ཡ་ཀྵེ་ཛ་ཡ་ནི་ར་མ་ར་ཡ། ཡ་ལ་སོགས་པ་བཅུ་གཉིས་ནི།། ཡ་མནྟ་ཀ་ཡབ་ཡུ་གཉིས།། ཕྱོགས་སྐྱོང་བཅུ་ཡི་སྙིང་པོ་ཡིན།། ཕྱི་མ་ལྷ་གཞན་སྙིང་པོ་སྟེ།། ཡིག་འབྲུ་སུམ་ཅུ་རྩ་གཉིས་ནི།། འཕྲུལ་ཡིག་སུམ་ཅུ ་རྩ་གཉིས་ཡིན།། ཡ་ཚོགས་བརྒྱད་པ་ཞེས་དང་གྲགས།། ཚོགས་བརྒྱད་འཇོམས་པའི་ཕུང་སྲིང་སྟེ།། ཡེ་ཤེས་ལྷ་ཡི་སྙིང་པོ་ནི།། འཇིག་རྟེན་ལྷ་སྲིན་ཀུན་གྱི་སྲོག། ཤིན་ཏུ་གསང་བར་གཤེད་པོས་བཤད།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས། ཀ་བཞི་གདུང་བརྒྱད་ཀྱི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཐུགས་གསང་བ་ནས་འབྲུ་ཤག་གྲོང་ཁྱེར་འདི་གསུངས་སོ།། ཡ་མ་ར ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཡ་མ་ར་ཙ། ས་ཏོ་མེ་ཡོ། ཡ་མེ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཛ། ནི་ར་མ་ཡ། ཡ་མ་ར་ཙ་ས་ཏོ་རུ་ན། ་ཡོ་ཏ་ཡ་ཡ་ཏ་ཡོ། ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡ། ཛ་ནི་ར་མ་ཡ། ཡི་གེ་གཤིན་རྗེའི་འབྲུ་ཤག་སྟེ།། གཤིན་རྗེ་འབྲུ་ཤག་དྲག་པོའི་སྔགས།། འཁྲུལ་འཁོར་ནང་སྔགས་སྦྱོར་བའི་མཆོག། རྡོ་རྗེ་འཛིན་པས་རབ་ཏུ་བཟུང་།། ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འབྲུ་ཤག་གྲོང་ཁྱེར་གྱི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་འཇིགས་བྱེད་ཆེན་པོ་ཁྲག་འཐུང་རྒྱལ་པོ་གཤིན་རྗེ་གཤེད་པོ་དེས། འཁོར་རྣམས་ལ་འདི་སྐད་ཅེས་གསུངས ་སོ།། སྙིགས་མ་ལྔ་ལ་བརྟེན་པའི་གཟུགས།། ང་ཡི་བསྟན་པ་འབྱུང་བ་ཡིན།། ཟས་དང་གནས་དང་གོས་ལ་སོགས།། ཕྱིན་ཅི་ལོགས་ལ། གཅོད་པཅད་པའི་ཚེ།། ང་ཡི་བསྟན་པ་འབྱུང་བ་ནི།། ཨུར་མོ་ལྟ་བུ་འབྱུང་བས ་ན།། དྲག་པ་གནད་ལ་འབེབས་པའི་ཐུགས།། མེ་དང་ཆུ་འཕྲད་ལྟ་བུའི་འཁོར་ལོ་ནི།། བརྡེབས་པས་གྲུབ་པར་ཐེ་ཚོམ་མེད།། ཡ་མ་ལག་ན་རྡོ་རྗེ་འདུས་པའི་འཁོར་ཚོགས་ཉོན།། འགྱུར་མེད་སེམས་ཀྱིས་བརྟན་པར ་@། ཟུངས།། དཀོན་མཆོག་རྒྱལ་མཚན་ལྟ་བུར་ཚུགས།། ཞེས་གསུངས་ཏེ། མེ་ལྕེ་ཕྲེང་བ་ལྟ་བུར་བཀའ་སྩོལ། ཨོཾ་ནརི་མ་ར་ཡ་དུ་མ་ར་ཡ། ཡ་མ་དུ་ཡ་མ་སྙིང་། ཡ་མ་ཁྲག། ཡ་མ་དུ་ཡ་མ་རྦད། ཚལ་པ་བཾ་རི་ལ།། ་དུམ་བུ་དུམ་བུ་ཧཱུཾ་ཕཊ། ཡ་མ་ར་ཙ་ས་ཏོ་མེ་ཡ། བཙས་སོ་ཤ་སྙིང་བཅས། ཡ་མ་ར་ཙ་སྙིང་ལ་ཁྲག། ཐུམ་རི་ལ་རྦད། མ་མ་ར་ཙ་ས་ཏོ་མེ་ཡ། མ་ར་ཡ་ཙ་སྙིང་ཏོ་མེ་ཡ། ཡ་མ་ར་ཙ་སྙིང་ཏོ་མེ་ཡ། ཡ་མ་ར་ཙ་སྙིང་ཏོ་རུ་མེ ་བཾ་རི་ལ་རྦད། ཡ་མ་ར་ཙ་སྙིང་ལ་ཁུག་རོ་ཤ་སྙིང་བཾ་རི་ལ་རྦད། ཡ་མ་ར་ཙ་ཁྲག་རྦད། ཡ་མ་ར་ཙ་རྨུགས་འཐིབས་རྦད། ཡ་མ་ར་ཙ་སུབས་རིལ་རྦད། ཡ་མ་ར་ཙ་མིང་དུ་ཡ་རྦད། ཡ་མ་ར་ཙ་མྱགས་བྱིང་མ་ཡ་འབས ་ཐུམ་སྙིང་འགོ་ཆོད། ཁ་ལ་ཟོང་ཚལ་པ་སྙིང་རྩ་རོ་བཾ་རི་ལ་རྦད། ཡ་མ་ར་བློ་ཙ་ར་བཾ་རི་ལ་རྦད། ཡ་མ་ར་ཙ་བློ་ཙ་མཚོན་ཆེ་རུས་རྒུ་རྩ་ཁ་སྙིང་རྩ་པྲ་མ་ཡ་ཨོཾ་ཙིཏྟ་བི་ན་ཧཱུཾ། སྟི་ར་ཧཱུཾ་ཕཊ། ཧྲི་ཀྲི་ཀཾ་ཧཱུཾ་ཕཊ། ཨོཾ་ཀ་ཀ་ཏ་ཡ ་དྷ་བྷན་ཀྲོ་མན་ཙ་ཏེ་དམ་ཧཱུཾ་ཕཊ། ཨོཾ་ཧྲི་སྟི་པྲ་མ་མུར་ཙ་ར་ག་ཏ་ཙ་རི་ནི་མ་ར་ཡ་ཤ་ཀུ་ནི་ཨ་མུ་ཀ་རྦད། ཡ་ཧཱུཾ་ཕཊ། ཨོཾ་པྲ་མ་ར་རག་ཙ་ཏ་ར་ཡ་ནི་ཤ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཆུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཙ་ཙ་རུ་མུ་ཏ་མ་མ ་རག་ཤིན་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲི་སྟི་ཨ་མུ་ཀ་མུ་ར་ཙ་ར་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲི་སྟི་ཨ་མུ་ཀ་ཙ་ར་ཡ་ནི་ཤེ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨ་ཧྲི་སྟི་ཨ་མུ་ཀ་མ་ར་ཡ་ནི་ཤ་ཀུ ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨཽ་ཧྲི་སྟི་ཨ་མུ་ཀ་མ་ཙ་རག་མ་ཏ་ཡ་ཧཱུཾ་ཕཊ། ར་ཙ་ས་ཏོ་མེ་ཡ། ཏོ་རུ་ན་ཡ་ད་ཡ། ཡ་ནི་རི་ཡ་ཀྵེ་ཡ། ཛ་ནི་ར་མ་ཡ། ཙ་ས་ཏོ་མེ་ཡ། རུ་ན་ཡོ་ཏ་ན། ནི་ར་ཡཀྵ་ཡ། ཙ་ན་མ་ཡེ། ར་མ་ཡ། ་ཏོ་ཡེ་མ། མོ་ཏ་ཡ། ཡ་ཀྵེ་ཡ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསང་བ་ཟུན་སྔགས་ཀྱི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་ཡང་འཇིགས་བྱེད་རྒྱལ་པོ་གཤེད་པོ་དེས། མཚོན་ཆ་འབར་བའི་ཏིང་ངེ་འཛིན ་ལ་ཞུགས་སོ།། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། ཡུམ་རོ་ལངས་ཐལ་མདོག་མས། ཐུགས་ཀྱི་ཡི་གེ་ར་མ་སྟི་གསུམ་བཏོན་ནས། སྲོག་བསྡུར་བའི་བྱེ་བྲག་ལས་རག་ཏའི་རྦ་ཀློང་དང་། ཀེང་རུས་ཀྱི་རི ་རབ་དང་། ཞིང་གི་སྣམ་རྒྱུ་བས། སྟོང་གསུམ་སྟོང་གང་བར་སྤྲུལ་ཏེ། བསྐོར་བ་ལན་གསུམ་བྱས་ནས་ཕུལ་ལོ།། བསྟན་པ་ཡུན་དུ་གནས་པར་དམིགས་ཏེ། རལ་པ་བསིགས་རྡོ་རྗེ་གསོར་ནས། འདི་སྐད་ཅེས་གསོལ ་ཏོ།། ཨེ་མ་འཇིགས་བྱེད་ཆེན་པོ་ལགས།། བསྟན་པ་ཡུན་དུ་གནས་པ་དང་།། རྣལ་འབྱོར་ཀུན་ལ་ཕན་བྱའི་ཕྱིར།། དགོད་ཀྱི་དྲག་སྔགས་བཤད་དུ་གསོལ།། ཞེས་ཞུས་སོ།། དཀོན་མཆོག་རྒྱལ་མཚན་ལྟར་བྱའི་ཕྱིར།། ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས།། ཐུགས་ལ་དྲིལ་བ་དགོད་ཀྱི་སྔགས།། བཤད་པར་བྱ་ཡིས་མཉན་པར་བྱོས།། ཨ་ཧོ། ཨོཾ་ནི་མ་ར་ནི་མ་དུ་རུ་ཙ་ལ་ཕྲེཾ་ན་མ། མ་ར་ཡ་ཛ་ཛ། ཆེ་གེ་མོ་རྩ་ལ་ཁུག་སྙིང་རྩ་ནན་གློ་རྩ ་ལ་ཁུག། གློ་རྩ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་ནི་མ་ར་ནི། རྩ་ལ་ཙན་ཏ་ནག་པོ་ཏེ་ཀུམ་བཾ་རི་ལ་རྦད། ཨོཾ་ནི་མ་ར་ནི་མ་ར་དུ། རྒྱུ་རྩ་སྙིང་ནན། ཁུ་བཻ་རི་ལ་རྦད། རྩ་ནན། རྩ་ལ་ཁུག་ཁྲག་རྩ་རྦད། ཏར་ཕན ་ནན། ཐུམ་རི་ལ་རྦད། ནག་པོ་ཏེ་ཀུན་ཙ་ཐུན་བྷྱོ། རུ་ལུ་རུ་ལུ་ཙ་པ་ལ། ཏྲག་མ་ཏྲག་ཤ་ཀྲོ་ཏི་ཤྭ་རི་སྙིང་ལ་དུང་ན་བྷྱོ། རྩ་ལ་ཕྲེཾ་ནན། དགྲ་མོ་མ་ར་ཡ་ཛ་ཛ། འདི་ནི་ཞེ་སྡང་ཀུན་གྱི་བཅུད།། ཕྱག་རྒྱ་ཏིང་འཛིན་གསལ ་བསྒོམ་ཞིང་།། ལིང་ག་ཚུལ་དང་ལྡན་བྱས་ལ།། ནག་པོའི་དྲོགས་ཀྱི་ཐེབས་པར་གདབ།། འདི་ནི་ལྕགས་ཤིང་ཐེབས་པའི་མཆོག་ཅེས་གསུངས་སོ།། འཇིགས་བྱེད་ཆེན་པོས་ཡང་གསུངས་པ།། རོལ་པ་རྒོད་ཀྱི་ཁྲག ་གཟེར་ནག་པོ་འདི།། མཚན་མར་བཅས་པའི་ལིང་ག་གསལ་བྱས་ནས།། ཕྱག་རྒྱ་བརྟན་པའི་སེམས་ཀྱིས་བྷྱོ་ཡི་མཚན་མ་གདབ།། ཨོཾ་ནི་མ་ར་ནི་མ་ར་ཡ་དུ། ཁྲག་ལ་ཁུག་གི་སྙིང་རྩ་རྟོགས་གཏོགས། སྙིང་ཁྲག་ཚལ ་པ་བཾ་རི་ལ་རྦད། ཁྲག་ཉག་ཉག་ཤ་སྙིང་ལ་ཁུག་ཟུམ་རིལ་རྦད། ཁྲག་ཐིགས་རཀྐ། བཾ་རི་ལ་རྦད། ཁྲག་འགོ་མྱོགས། ཐུམ་རིལ་རྦད། ཁྲག་མུགས་ཤིག། ཐུམ་རིལ་རྦད། ཁྲག་སྙིང་ལ་བེ་ར་སྟཾ། མུགས་ནན། ཐུམ་རི་ལ ་རྦད། ཨོཾ་ནི་མ་ར་ནི། ཁྲག་ཤ་རོ་ལ་ཁུག། ཐུམ་རི་ལ་རྦད། ཨོཾ་ནི་མ་ར་ནི་དགྲ་བོ་མ་ར་ཛ་ཛ། ཨོཾ་ནི་མ་ར་ནི། མ་ར་དུ་ཁྲག་ཙ་བག་ཁྲག་ལ་ཁུག་ཁྲག་ལ་དུ་ན་ཡ། མེ་བཾ་རི་ལ་རྦད། ཁྲག་འགོ་ལྷོབ་ཐུམ་རི་ལ་རྦད། ནག ་པོའི་སྙིང་ལ་ཡཀྐ་བ་རིལ་ཟད། མཚོན་ཆ་ཟློགས། རྩ་ལ་ཆུ་ཆུ་ཟུམ་རིལ་ཟད། རྩ་རྩ་ནན། རྩལ་མ་ཁྲམ་པྲ་ས་ནན། བ་རིལ་ཟད། ནག་པོ་བ་རིལ་སྙིང་པ་ཡཀྐ་བ་རིལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁྲ་ཁས། ནག་པོ་ཤ ་པ་ནི་རྩ་བཻ་རིལ་ཟད། ནག་པོ་ར་ཧ་ལ་པོ་རིལ་ཟད། ན་ག་སྙིང་འགོ་ཚད། ཁ་ལ་ཟོ་སྙིང་འགོ། རྩ་ལ་ད་རོལ་མོ་དགྲ་བོའི་སྙིང་ལ་ཛཱ་ཛ། དགྲ་བོའི་སྙིང་ལ་ཧ་རེ་ཧུ་ར་བི་རིལ་ཟད། ཧུ་ཡ་ཧུ་ཡ་སྙིང་ལ་དུ་ར་དུ་ར། བློཿ ་རིལ་ཟད། ཡང་ན་སྒོ་ལྗགས་སུ་ཆུད། ཡང་ན་མྱོས་ཤིང་འབོག་ཏུ་ཆུག། ཡང་ན་རྩ་བ་དགུ་རྒྱུད་ཆོད། ཡང་ན་དོན་སྙིང་ཐལ་བར་རློགས། ཡང་ན་མཛེ་ནད་འབྲུམ་བུ་ཟོང་། ཨོཾ་ཤྲཱི་མཉྫ་ཀྲི་སཱ་ཡ་མ། དགྲ་བོའི་སྙིང་ལ་བཾ ་རིལ་རྦད། གུར་གུམ་བཻ་རིལ་རྦད། ཧར་ཟུམ་ཧུར་བྲུཾ་བཾ་རི་ལ་རྦད། ཏྲ་ཧ་ར་ཏྲ་ཧ་ར་བཾ་རིལ་རྦད་ཟད། རྨེ་དུམ་རྨེ་དུམ་བཻ་རི་ལ་ཟད། ཧུར་ཤ་ཧུར་ཤ་བཾ་རིལ་རྦད། ཏྲག་ཀ་རི་ཁ་བཾ་ཀ་རྦད། ཧ་ར་ཙ་ན་ནན། པྲ་རུ་ར་བཾ ་རིལ་རྦད། ཀྲྀ་ཡ་ཧ་ཀྲི་ཡ་ཧ། སྣ་པུ་ལུ་སྣེ་བུ་ཙུར་ཏི་བི་རི་ལ་རྦད། སླེ་ཤ་སྭེ་ཤ་ཀྲ། ཤུ་སླེ་ཤ་ཀྲ་ཤུ་ཚུ་ར། ཧཽ་ཆུ་ར་ཧཾ། གུ་ར་གུ་ར་བཾ་རིལ་ཟད། ཙ་དུ་ཙ་དུ་སླེ་ཤ་སླེ་ཤ་བཾ་རིལ་རྦད། ཨོཾ་ཡཀྵེ་ཡ་ཧཱུཾ་ཕཊ། ཨོཾ་བ་ར་མ་ཡ་ར ་ཧཱུཾ་ཕཊ། ཨོཾ་ཙ་མ་ར་ཡ་ཙ་ཧཱུཾ་ཕཊ། ཨོཾ་ཡ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ར་ནི་ཙཀྵེ་ཡ་ར་ནི་ཏ་ཡ་ཡོ་ན་རུ་མེ་ས་ཏ་ཙ་ཡ་ཧཱུཾ་ཕཊ། ཡ་མ་མེ་དཀྵེ་ཙ་ནི་ཡ་ཧཱུཾ་ཕཊ། ཡ་མ་མེ་ཏ་མེ་ར་ཡ་ཧཱུཾ་ཕཊ། ་ཨོཾ་ཡ་མ་ཀྵེ་ཡ་མ་རུ་ན་ཧཱུཾ་ཕཊ། ཨོཾ་ཡ་མ་ཀྵེ་མེ་ད་ན་ར་ཡ་ཧཱུཾ་ཕཊ། ཨོཾ་ཡཀྵེ་ཡ་ཙ་ནི་ར་ཙ་ས་ཏོ་མེ་ཧཱུཾ་ཕཊ། ཨོཾ་ཡ་མེ་ཏོ་རུ་ན་ཡོ་ན་རུ་ཡཀྵེ་ཡ་ཧཱུཾ་ཕཊ། ཨོཾ་མ་མ་ར་ཙ་ས་ཏོ་རུ་ཡོ་ད་ཧཱུཾ་ཕཊ། ཨོཾ་ཡ་ཏ་ཡོ་ནི་རཙ ་མ་ཡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏེ་ཏ་མ་ཀ་དྲ་ཡ་བན་མཉྫུ་ཀ་ཧཱུཾ་ཕཊ། ཨོཾ་དེ་མ་ཧ་ཧ། ཧཱུཾ་ཀྲོ་ཡ་ཀ་མ་ཙ་ཡ་ཀ་ཏ་ཀ་ན་བྷཉྫ་ཧཱུཾ་ཕཊ། ཨོཾ་ཏེ་ཏེ་ལ་བ་ཧཱུཾ་ཕཊ། ཀ་ཡ་བག་ནི་ཧཱུཾ་ཕཊ། ཀ་ཡ་བག་ནི་ཧཱུཾ་ཕཊ། སྲོག་ལ་ལྟེ་བར ་སྙིང་རྩ་རྦད། ཆེ་གེ་མོ་ཙ་ཤོ་ཤོ་ཁུག། སྙིང་རོལ་ཚལ་པ་བཻ་རི་ལ་རྦད། ཡ་མ་ར་ཙ་སྙིང་ལ་ཏོ་ད་པ། རཀྵ་བཾ་རིལ་རྦད། ཨ་གུ་ཤ་སྙིང་ཁུག། མཆིན་རྩ་རྦད། ཀར་ཀས་རྩ་ལ་ཤོག། རྩེ་མོ་མ་ལ་གཡོ་མས། རོ་ལ་ཙེ་མ་བཾ ་རིལ་རྦད། ཁྲག་ལ་རྩ་སྙིང་ལ་ཤོས་བཾ་རི་ལ་ཟད། དགྲ་བོ་མ་ར་ཡ་བཾ་རི་ལ་རྦད། ཡ་མ་ར་ཙ་སྙིང་ལ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི་སྙིང་ལ་མན་ཏོ་རུ། མེ་ཡ་བ་རི་ལ་ཟད། ཡ་ཀཾ་ཡ། ཡ་ཀཾ་ཀ་ཨ་ཀཾ་སྙིང་ལ་རོ་བཻ་རིལ་ཟད། ་མ་ར་ཙ་ཙ་རོད་པ་ཁུག་ཟུམ་རིལ་རྦད། སྙིང་ལ་ཤམ་བཻ་རིལ་རྦད། ཡ་མ་ར་ཙ་དགྲ་བོའི་སྙིང་ལ་རྩ་རྩ་ནན་ནན། ཕྲོགས་ཕྲོགས་རྨུགས་རྨུགས། དགྲ་བོ་ཁུག་དུམ་རིལ་རྦད། ཨོཾ་ཧྲི་ཡ་ཡ་མནྟ་ཀ་ཤི་མནྟ་ཀ་ཤྲཱི་མན་ཨ་ཀྲོ ་ཏ་མཉྫུ་ཡེ། པེ་ཏ་ལི་ཆེ་གེ་མོ་རོ་ལ་ཙིཏྟ་རོ་ལ་ཤན་ཏི་སྟིང་ལ་རོག་པ་རྩ་ལ་རོག་པ། ཀྲོ་ཏ་རི་ཤི་པེ་ཏ་ལི་ཁྲག་ཁུག་བཾ་རི་ལ་ཟད། ཡ་མ་ར་ཙ་སྲོག་རྩ་ལ་བཾ་ཨེ་མཉྫ་སྟིང་ལ་ཁུག་སྲོག་ལ་རྦད། ལ་བེ་ཏ་བཾ་རི་ལ་རྦད། ནརི་མ ་ར་ཡ་འདོད་པ་མ་ར་ཡ། འདོད་པ་མ་ར་ཡ་ཏ་ཧཱུཾ་ཕཊ་ཛ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ་བེ་ཏ་ལི། ཀྲོ་ཏི་ཤྭ་རི། སྙིང་ཁ་རག་ཡ་མ་ཡ་ཐུམ་རི་ལ་རྦད། ཡ་མ་ར་ཙ་ས་ཏོ་མེ་ཡ་ཁྲག་ལ་ཏོ་རུ་མེ་ཡ། ཀླད་པ་ལ་ཧེ་རེ། ཧེ་བཾ་རི་ལ་རྦད། ་ཨོཾ་ཀི་ལི་ཀཱི་ལ་ཡ། ཁྲག་འཐིབས་རི་ལ་རྦད། ཁུ་ཚུབས་འཐིབས་རྦད། སུབས་རིལ་རྦད། ལིང་དུ་ཡ་རྦད། གཤན་དུ་ཡ་རྦད། ཁྲག་ཤཾ་དུ་རྦད། ཁྲད་དགྲ་ཁྲད་དགྲ། བཾ་རི་ལ་རྦད། ཙི་ཏི་རོ་ལ་ཤན་ཏི་སྙིང་ལ་རྩ་རྩ་ཟད། ་གཤིན་རྗེའི་ཕོ་ཉ་སྙིང་རག་བློ་སྙིང་ལ་ཁུག་དགྲ་བོ་མ་ར་ཡ་བཾ་རིལ་རྦད། བདུད་པྲ་ཡ་མ། བདུད་པྲ་མ་ཡ། བདུད་སྙིང་འགོ་ཆོད། དུ་རུ་ཧ་ར་ཧི་ཧ་ར་ཧི་དགྲ་བོའི་སྙིང་ལ་ཛ་ཛ། ནག་པོ་ཏི་པ་དགྲ་སྙིང་ལ་རྩ་བཾ་རིལ་ཟད།། ་ནག་ཀྲོ་ཏི་ཤྭ་རི་སྙིང་རྩ་ལ་ཡ། ཏྲག་ཏྲག་མ་ཏྲག་དགྲ་བོ་ལ་ཟུམ་རིལ་ཁྱོཿ། ན་ག་ཀྱེ་ཀུན་ཀྲོ་ཏི་ཤྭ་རི་སྙིང་ལ་ཁྲག་ཟུམ་རིལ་ཁྱོ་བྷེ། ཀྲག་ཏྲ་མོ་རུ་ལུ་འདུ་རྩ་བ་ལ། ཏྲ་ཤ་ཏྲ་ཏི་ཤི་རི་ཟུམ་རིལ་རྦད། ཨོཾ་ནི་མ་ར་མ་ར ་ནི། རཀྵ་མྱོ་ཁྲག་ལ་ཁ་ལོང་ཁ། ཁྲག་ལ་དུར་བ་ཤིག། ཟུམ་རིལ་རྦད། སྙིང་ཁྲག་ཞོས་མཆིན་རྩ་ཆོད། རྒྱུ་ཁྲག་རྟོགས། སྙིང་ལ་མེ་བཻ་རིལ་རྦད། ཁྲག་འགོ་ཚད། ཁྲག་ལ་ཤིག་ཟུམ་རིལ་ཟད། མ་ར་ཡ་ཛ་ཛ། འཇིགས ་བྱེད་ཆེན་པོས་ཡང་གསུངས་པ།། ཀུན་གྱི་ནུས་པ་དྲིལ་བའི་མཆོག། འབ་ས་ཏ་ཀ་བསྐོར་པ་བཞིན།། ཐེ་ཚོམ་མེད་པར་བཟླས་པར་བྱ།། བདག་ཉིད་ཕྱག་རྒྱར་གསལ་བ་ལས།། ལག་མཐིལ་དུག་གི་འཁོར་ལོ་བྲི།། ལིང ་། ག་གོང་བཤད་ཤེས། བྱ་ཕུར་སྔོན་པོས་གདབ་པར་བྱ།། ནི་མ་ར་དུ་ནི་མ་ར་དུན། ཡ་མ་སྙིང་འགོ་ཆོད། ཁྲག་བྲམ་སྙིང་ལ་རུག་པ་ཤག། དགྲ་བོ་མ་ར་ཡ་ཛ་བཛྲ་ཀི་ལི་ཀི་ལ་ཡ། སྙིང་ལ་ཕྲལ་ནན་སོད། ་སརྦ་དུ་རུ་ཀ་བཾ་རི་ལ་སོད་རྦད། བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲག་རྦད། ཁྲག་འགོ་ཤག་ཤམ་བཾ་རི་ལ་རྦད། རྩ་ལ་ཏ་ར་ནན། ཁྲག་ཐུམ་རིལ་རྦད། ཤ་ཁྲག་ཤམ་ཤོས་ཐུམ་རིལ་རྦད། རྨུགས་པ་རྩ་ཐུམ་རིལ་རྦད། སུ་ར་བེ་སྙིང་ལ ་ཁུག་ཐུམ་རིལ་རྦད། རློང་ཤ་མ་ཐུམ་རི་ལ་རྦད་རྦད། བི་མ་ཡ་བ་ཤམ་ཐུམ་རི་ལ་རྦད། ཨོཾ་ནརི་མ་ར་ནི་མ་ར་དུ། ཡ་མ་རུ། ཡ་མ་སྙིང་། གློ་ལ་བམ། དགྲ་བོ་མ་ར་ཡ་ཛ་ཛ། ཨོཾ་ནི་མ་ར་ནི་མ་ར་དུ། དགྲ་རྩ་ཆོད། སྙིང་རྩ ་ཕྲལ་ལ་ནན། དགྲ་བོ་མ་ར་ཐུམ་རིལ་རྦད། འཇིགས་བྱེད་ཆེན་པོས་གསུངས་པའི་དོན།། བདག་ཉིད་ཕྱག་རྒྱ་གསལ་བ་ཡི།། ལག་པ་གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་བསྒོམ།། ཚེར་དུག་ཤིང་གི་ཕུར་པས་བྱ།། ་ལིང་ག་གོང་དུ་བསྟན་པར་ཤེས།། རི་རབ་རྦབ་བཞིན་བཟླས་པར་བྱ།། ཨོཾ་ནི་མ་ར་ནི་མ་ར་དུ། ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་དུམ་བུ་དུམ་བུ། བམ་རིལ་ཀི་ལི་ཀཱི་ལ་ཡ་སརྦ་བིད་ནན། དགྲ་བོ་མ་ར་ཡ་སྙིང་ཚལ ་པ།། སྦུ་རུ་སྦུ་རུ་དྷ་རྦཿསེ་དགྲ་བོ་མ་ར་ཡ་ཛ་ཛ། དགྲ་བོ་མ་ར་ཡ་ཛ་ཐུམ་རི་ལ་རྦད། གཤིན་རྗེ་ནག་པོའི་སྙིང་ལ་ཛ་ཛ་ནན། སྲོག་རྩ་ལ་བམ་རི་ལ་རྦད། ནག་པོ་དེ་ཀུན་སྲོག་རྩ་ལ་ནན་ནན། ཁུག་ཁུག་ཐུམ་རིལ་མ་ར་ཡ ་ཛ་ཛ། བཛྲ་ཀཱི་ལི་ཀཱི་ལ་ཡ། གཤིན་རྗེ་ནག་པོ་དེ་ཀུན་རྩ་རོལ། བམ་རིལ་རྦད། རྩ་ལ་དར་རོག་བམ་རིལ་རྦད། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ། སྙིང་ལ་ནག་པོ་རཀྵ་ནག་པོ་དེ་ཀུན་སྙིང་ལ་འབོབས་འབོབས། ཤིག་ཤིག། ཆུམ ་ཆུམ་ཊུམ་རི་ལི་ལི། མ་ར་ཡ་ཛ་ཛ། ནག་པོ་རཀྵ་འུམ་ཤ་འུམ་ཤ། ཊུ་མ་རི་ལི་ལི་མ་ར་ཡ་རྦད། དྲག་མ་ར་ཤམ་ཀུན་ལྡན། དགྲ་སྟིང་ལ་པདྨ་ཏྲཾ། ནག་མོ་རེ་མ་ཏི་ཛ་ཛ། ཡེད་དེ་ཡེད་དེ། སུབ་སུ་བ། སུ་རུ་སུ་རུ། ཀྲོ་ཏི་ཤོ ་རི་སྙིང་ཁ་རག་སྔོན་མོ་རཀྵ་སྙིང་ལ་ཁ་ས་ཁ། ཏྲ་ནག་མོ་པེ་ཏ་ལི། ཨེ་ནན་བཛྲ་ཀྲོ་ཏི་ཤོ་རི། སྙིང་ལ་རོད་མ་རྩ་བ་མ་རི་ལ་རྦད། དགྲ་བོ་མ་ར་ཡ་ཛ་ཛ། ཨ་ཧོ། འཇིགས་བྱེད་ཆེན་པོས་དེ་སྐད་ཅེས་གསུངས་ཏེ། ཉོན ་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་རྩེ་གཅིག་ཉོན།། མར་ལྟར་དྲིལ་པར་བགྲོད་ཀྱི་སྔགས།། འདི་ནི་མ་ར་སྨོན་པའི་མཆོག། བདག་ཉིད་ཕྱག་རྒྱ་ཆེན་པོ་གསལ་བ་ལས།། གཡས་གཡོན་ཉི་ཟླའི་དཀྱིལ ་འཁོར་ཤེས།། ནག་པོའི་གདུག་པ་ཕུར་པ་ལ།། རཀྟས་བྱུག་ལ་ལིང་ག་ལ།། གདབ་པ་གསུམ་དུ་ཤེས་པར་བྱ།། ཨོཾ་ནི་མ་ར་ནི། མ་ར་དུ་ཡ་མ་སྙིང་ཡ་མ་ཁྲག། ཚལ་པ་བམ་རིལ། དུམ་བུ་དུམ་བུ། བམ་རིལ་ཧཱུཾ་ཕཊ། ་བཛྲ་ཀི་ལི་ཀི་ལ་ཡ། ནག་པོ་ཏི་པ་ར་ཤ་ནན། ཁུག་རོལ་བམ་རིལ་དགྲ་བོ་མ་ར་ཡ་ཛ་ཛ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ནག་པོ་རྩི་བ་སྙིང་ལ་ཐོད་པ། བཛྲ་ཤག་ཤག་ནན། ཁུག་ཟུམ་རིལ་རྦད། ཨོཾ་ཤྲཱི་མཉྫུ་ཙན་ཏྲ་རཀྵ་རོ་ལ ་། ཁུག་ཐུམ་རིལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁུག། ཟུམ་རིལ་རྦད། ཨོཾ་ཤྲཱི་མཉྫ་ནག་པོ་ཏྲག་ཤ་རོལ་བམ། དགྲ་བོ་མ་ར་ཡ་ཛ་ཛ། ནག་པོ་དེ་ཀུན་སྙིང་ལ་རྩ་བ་ལ་དུན་བྷྱོ། ཨོཾ་མཉྫ་ནག་པོ་ཏྲག་རཀྵ་ཧ་ར་བཾ ་རིལ་བ་རྦད། ཨོཾ་ཤྲཱི་རི་ཨ་ཀྲོ་ཏེ་ཀ། ཨརྱ་ཡ་མནྟ་ཀ་སྙིང་ལ་རཀྑ། དག་རག། མོ་རོ་ལ་ཁྲག་ཐུམ། དགྲ་བོ་མ་ར་ཡ་ཐུམ་རི་ལ་རྦད། ཨོཾ་ན་ག་རཀྐ་ཀྲོ་ཏི་ཤྭ་རི། སྙིང་ཁུག་ཐུམ་རི་ལ་རྦད། ནག་པོ་ཀུན་ཏུ་སྙིང་ལ་ཐུམ་རིལ ་རྦད། རོ་ལ་ཁྲག་ཐུམ་སྙིང་འགོ་ཆོད། སྦ་ལ་བཾ། དགྲ་བོ་མ་ར་ཡ་ཐུམ་རིལ་རྦད། གོང་དུ་བྱ་བའི་ལས་ཟིན་ནས།། གདུག་པའི་སེམས་ཀྱིས་ལས་བྱའོ།། དེ་ནི་མི་ལྡོག་ཨུར་མོའི་ལས།། ཞེས་གསུངས་སོ།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས། གསང་སྔགས་དགོད་པའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་འཇིགས་བྱེད་ཆེན་པོས་འདའ་བ་མེད་པའི་དམ་ཚིག་འདི་བཀའ་བསྩལ་ཏོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། སྙིང ་པོའི་དོན་དེ་མི་གསུངས་ཤིང་།། རྡོ་རྗེ་ཡི་དམ་ལྷ་ལྟར་བཀུར།། སྔགས་དང་ཕྱག་རྒྱ་དཔེ་བརྒྱད་ལ་སོགས་ཤེས།། རྣལ་འབྱོར། ཕྱེ་སིལ་མོས་པ་བསྐྱེད།། ཐུགས་ལས་བརྣག་པ་གནོད་བྱེད་འབྱུང་མི་བྱ།། འདི་ནི་རྩ ་བ་ལྔ་རྣམས་སོ།། ཁྱད་པར་རིམ་པ་བསྟན་པ་ནི།། བདག་ཉིད་ཕྱག་རྒྱ་བརྟན་བྱ་ཞིང་།། ལམ་མི་བཟུར་ཞིང་ཕྱག་མི་བྱ།། གཏམ་མི་སྨྲ་བར་སྡིགས་མཛུབ་ཕྱིར།། ཆས་བརྒྱད་རྒྱན་གོས་བགྲོད་པར་འགྲོ།། དེ་ལ་སོགས་ཏེ ་དུ་མར་བཤད།། མི་འདའ་བསྲུང་བས་དམ་ཚིག་སྟེ།། འདི་ནི་མཆོག་གི་དོན་དུ་བཤད།། དཔའ་བོ་ཆེན་པོས་བཤད་པའི་དོན།། འདུས་པའི་ཚིག་འདི་འདའ་མ་བྱེད།། ཅེས་བཀའ་བསྩལ་ཏོ།། དཔལ་ཟླ་གསང་ནག ་པོའི་རྒྱུད་ལས། དམ་ཚིག་མདོར་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞི་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན། ་ངས་གསུངས་པ་ལ་སེམས་ཐུད་ཅིག། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། བསྟན་པ་འཛིན་སྐྱོང་སྲུང་བ་དང་།། བསྟན་པ་བཤིག་པའི་དགྲ་དེ་ལ།། དྲག་པོའི་ལས་ཀྱི་ནན་ཏུར་བྱ།། དུས་འདིར་རང་འབྱུང་དགྲ་ལ་བྱ།། དུས ་དང་ཁམས་དང་འགྱུར་བ་དང་།། རང་འབྱུང་དོན་དེ་བཞི་རུ་འདོད།། དེ་ལ་བསྐུལ་པ་རྣམ་བཞི་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། བསྐུལ་བའི་དོན་དེ་བཞི་རུ་འདོད།། དེ་ཡི་དོན་དུ་བསྙེན་བསྒྲུབ་བྱ།། ་བསྙེན་བསྒྲུབ་སོང་ནས་བསྐུལ་བ་ནི།། འཁོར་ལོ་དང་ནི་ལི་ཡི་འགལ་དང་།། ཉི་མ་དང་ནི་གཤིན་རྗེ་དང་།། གསང་སྔགས་ཏིང་འཛིན་དག་དང་དྲུག། འཁོར་ལོ་རྣམ་པ་གསུམ་ཡིན་ཏེ།། ཕྱི་ནང་གསང་བ་གསུམ ་དུ་འདུས།། འཁོར་ལོ་དེ་དག་རེ་རེ་ལས།། བྲི་དང་བསྐྲད་དང་ལས་དང་ནི།། རང་གི་ངོ་བོ་དང་ལྡན་པས།། དེ་བཞིན་ལིང་ག་དག་དང་གསུམ།། ཕྱི་ནང་གསང་བ་གསུམ་དུ་འདུས།། རྒྱུ་དང་བཅའ་དང་སྒྲ་དང་ལས།། ་རང་གི་ངོ་བོ་དག་དང་ལྔ།། དེ་བཞིན་སྔགས་ནི་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། དེ་བཞིན་དྲག་སྔགས་རེ་རེ་ལས།། རྒྱུ་དང་བཏུང་དང་ལས་སྔགས་དག། ལས་དང་ངོ་བོ་སྒྲ་དང་ལས།། ། ་ཉི་མ་ལ་ཡང་གསུམ་དུ་འདུས།། ཉི་མ་དེ་དག་རེ་རེ་ལ།། རང་གི་ངོ་བོ་རྒྱུ་དང་གནས།། སྒྲ་དང་ལས་ཏེ་རྣམ་པ་ལྔ།། གཤིན་རྗེ་ལ་ཡང་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། གཤིན་རྗེ་དེ་དག་རེ་རེ་ལ།། ་རང་གི་ངོ་བོ་རྒྱུ་དང་སྒྲས།། གནས་དང་ལས་དང་དེ་ལྟར་བསྟན།། གཤིན་རྗེ་དེ་དག་གནས་པ་ནི།། གཤིན་རྗེའི་གྲོང་ཁྱེར་ཞེས་དང་ང་བྱ།། གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། ཁྲི་དང་འགུགས་དང་གནས་པ་ནི།། ་སྲིད་པ་གསུམ་གྱི་འཇུག་ས་ཡིན།། ཏིང་ངེ་འཛིན་ལ་ཡང་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། གསུམ་པོ་དེ་དག་རེ་རེ་ལ།། བྱིན་བརླབས་འདས་པའི་ཏིང་ངེ་འཛིན་དང་།། ངོ་བོ་རྒྱུ་དང་ལས་དང་སྒྲ།། དེ ་ནི་རྣམ་པ་དྲུག་ཏུ་འདོད།། ཕོ་མོ་དག་གི་མཚན་ཉིད་ནི།། གཡས་དང་གཡོན་གྱི་བྱེ་བྲག་གིས།། འགྲོ་བའི་དོན་ལ་ཆོས་བཞིན་མཆོད་པར་བྱེད།། གཤིན་རྗེ་གཤེད་པོས་རབ་ཏུ་བསྔགས།། རྡོ་རྗེ་འཛིན་པས་རབ་ཏུ ་ཟུངས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནག་པོ་གསང་བྱེད་སྒྲོན་མའི་ལེའུ་སྟེ་ཞེ་གཉིས་པའོ།། །། གཤིན་རྗེ་གཤེད་ནག་པོས་གསུངས་པའི་དོན། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། གསང་བའི་རྒྱུད ་དེའི་བརྣགས་པའི་ལུང་།། དོན་གཉིས་དག་ཏུ་ཤེས་པར་བྱ།། བསྙེན་བསྒྲུབ་དང་ནི་འཕྲིན་ལས་ལ།། བསྙེན་པ་ལ་ཡང་རྣམ་གཉིས་སོ།། སྔོན་དུ་འགྲོ་བའི་ཆོ་ག་སྟེ།། བསོད་ནམས་བསགས་པར་བསྟན་པ་དང་།། ་བསྟན་པ་དངོས་གཉིས་བསྟན་པའོ།། ཐབས་དང་དགོངས་པ་རྣམ་གཉིས་ཀྱིས།། བསོད་ནམས་བསགས་པའི་ཆོ་གར་འདོད།། ངོ་བོ་བྱེད་པའི་ངེས་ཚིག་དང་།། དགོས་ཆེད་རྣམ་པ་བཞི་ཡིན་ནོ།། བསྙེན་པའི ་བྱེད་པ་བསྟན་པ་ཡིན།། བསྒྲུབ་པ་ལ་ཡང་བཅུ་གཉིས་སྟེ།། གནས་དང་བརྟུལ་ཞུགས་མཚན་མ་བཞག། མཆོད་རྫས་བཞག་དང་དངོས་གྲུབ་བརྙེད།། དམ་ཚིག་འཕྲོ་འདུ་ཏིང་འཛིན་འཕྲོ་འདུ་དང་།། བསྒྲུབ་པའི་བླང ་བའི་ཐབས་དང་། ནི།། ། བར་དུ་གཅོད་པའི་བགེགས་དང་ནི།། བསྒྲུབ་པའི་ཐབས་དང་། སྲོགས་རྫོགས་པ་ཆེན་པོའི་ཆོ་ག་སྟེ།། དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཏེ།། དངོས་གྲུབ་བླ་མ་ཆོ་གར་འདོད།། འཕྲིན་ལས་དག ་ལས་རྣམ་གསུམ་སྟེ།། འཁོར་ལོ་བསྐོར་དང་གནས་སྲེག་པའོ།། དུས་དང་གང་ཟག་བསྐོར་བའི་གནས།། ངོ་བོ་བདེ་དམི་བ་ངེས་ཚིག་དང་།། འཁོར་ལོ་རྒྱུ་རྐྱེན་མཐུན་པའི་དཔེ།། སྒྲུབ་བྱེད་གྲོགས་དང་མ་གྲུབ་སྐྱོན།། ་བསྒྲུབ་པའི་ཐབས་ལ་སོགས་པའི་ཐབས།། བདེ་བ་བཅུ་གསུམ་པ་ཡི་ངག། ཅེས་གཤིན་རྗེ་གཤེད་པོས་རབ་ཏུ་བརྗོད་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལས་ཀྱི་འབོད་བྱང་གི་ལེའུ་སྟེ་ཞེ་གསུམ་པའོ།། ་། དེ་ནས་ཡང་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། དུས་ཚོད་མཚོན་ཆ་རྣོན་པོ་ལ།། རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས།། ཐེ་ཚོམ་མེད་པར་བསྒྲལ་བས་གྲུབ།། ཕག་སྦྲུལ་སྟོན་དཔྱིད་ར་བ་ལ།། པི ་བ་རྟ་ནི་སྟོན་དཔྱིད་འབྲིང་།། སྟོན་དཔྱིད་ཐ་ཆུངས་གླང་ལུག་པའོ།། སྟག་སྦྲེལ་དབྱར་དགུན་ར་བ་ཤིས།། དབྱར་དགུན་འབྲིང་པོ་བྱ་ཡོས་ལ། ཁྱི་འབྲུག་དབྱར་དགུན་ཐ་མར་འགྲུབ།། དེ་ནི་ལོ་གཤེད་ཟླ་བའི་ཀེག་ཁྱད ་པར་ཉི་མའི་གཤེད་ཉེ་སྟེ།། དབྱར་སྲུང་འཇུག་ཅིང་དགུན་སྲུངས་འབྱུང་།། དེ་ཡི་དུས་སུ་གསད་པར་ཤིས།། ཞག་གི་གཤེད་དུ་གྱུར་པ་ཡང་།། ར་བ་བཞིའི་བཅུ་བཞི་ཤིས།། འབྲིང་པོ་ལ་ནི་བཅོ་ལྔའོ།། ཐ་ཆུངས་བཞི ་ལ་དྲུག་ཅུའོ།། ཚེས་བཞི་བརྒྱད་དང་བཅུ་དྲུག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་ཤིས།། ཉི་ཤུ་ལྔ་དང་ཉི་ཤུ་དགུ།། དུས་ནི་སྲོད་དང་སྔ་དྲོའི་དང་པོ་ཡི།། འཇིང་དང་ནམ་ཕྱེད་གུང་དང་ཆུང་།། ཉི། སྒུར་ལྗར་སྐྱ་རེངས་ཤར ་བ་དང་།། ཉིན་མཚན་ཞག་གི་གོ་རིམ་བཞིན།། དེ་ཕྱིར་མ་གཤིན་འཚོལ་ཞིང་རྒྱུ།། བརྩམས་ནས་གསོད་པའི་དུས་བསྟན་པ།། དཔྱིད་ཟླ་ར་བའི་ཆོས་བདུན་དག་ལ་ཤིས།། ཐ་ཆུངས་ཉི་ཤུ་བདུན་ལ་ཤིས།། དབྱར་ཟླ ་ཚེས་བརྒྱད་འབྲིང་པོ་ནི།། བཅོ་བརྒྱད་ཐ་ཆུངས་ཉི་ཤུ་བརྒྱད།། སྟོན་ཟླ་ཚེས་དགུའི་འབྲིང་པོ་ནི།། བཅུ་དགུ་ཐ་ཆུངས་ཉི་ཤུ་དགུ།། དགུན་ཟླ་གསུམ་ཡང་དེ་བཞིན་ཏེ།། དུས་སུ་གསད་པའི་ལས་ལ་འཇུག། ས་ཡི་ཁམས ་ལ་དཔྱིད་ལ་གསུམ།། ཤིང་གི་དབྱར་ཟླ་སྟོན་ཟླ་ཕྱེད།། དགུན་ནི་ལྕགས་ཁམས་མཆིས་པའི་དུས།། དེ་དུས་ཞག་གཤེད་བསྡུ་བར་བྱའོ།། ར་བ་བཞི་ཡིས། མཐའ་སེལ་གཅོད།། སྟ་ཅུད་བཅུངས། དུས་སུ་འབྲིང་བཞི་སྟེ།། ་ཐ་ཆུངས་བཞི་ལ་ཁྲམ་ལ་འདེགས་པར་བྱ།། དགུན་གསུམ་སྐར་མ་གསུམ་འཆར་སྟེ།། སྐར་མའི་གཤེད་ཀྱི་དུས་སུ་ནི།། སྦྱོར་བ་ཐམས་ཅད་རབ་ན་ཡང་། ཁྲག་འཐུང་ལ་སོགས་ཟོར་རྣམས་ཤིས།། ལོ་ཟླ་ཞག་གི་དུས ་བསྟན་ནས།། དུས་ཚོད་རྣོན་པོ་བསྟན་པར་བྱ།། སེམས་དང་ཡིད་ནི་གཉིད་ལོགས་པས།། དེ་དུས་རྐུ་ཞིང་འཁྱམ་བྱ་ཡི།། ཀུན་ཀྱང་རྣམ་ཤེས་ལས་བྱུང་བས།། སྦྱོར་བའི་རྟོགས་བསྐྱེད་གསད་པར་ཤིས།། རྩ་བ་སྲོག ་དམ་ནམ་ཕྱེད་ན།། ལུག་དང་སྙན་གྱི་ཡང་རྒྱུ།། ཕག་པ་ཐོ་རངས་བྱ་ཉིད་ནི།། ཉི་མའི་ཟེར་ལ་རྒྱུ་བར་བཤད།། ར་ལ་ཉི་མ་ནུབ་ཀར་ཏེ།། གཡག་དང་གླང་བླ་གློག་ལ་རྒྱུ།། རྟ་ལ་ཉི་མ་གུང་ལ་རྒྱུ།། དེ་དུས་དགུག་ཅིང ་གཟིར་བར་ཤིས།། ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས།། དངོས་པོ་ཅི་ཡང་འབྱུང་བའི་ཚེ།། འགྱུར་བའི་བླ་དང་སྦྱར་ལ་བྱའོ།། ཁམས་ཀྱི་དུས་ཚོད་བསྟན་པ་ནི།། བསྒྲུབ་པའི་ལོ་དང་ཟླ་དང་ནི།། དུས་ཚོད་ཀྱིས་ནི ་གསོད་པར་བྱེད།། ཀག་གི་གཤིན་པོ་ལུག་དང་གླང་།། ལོ་དགྲ་བྱ་དང་སྤྲེའུ་གཉིས།། དགུན་ཟླ་དབྱར་ཟླ་ཐ་ཆུངས་གཉིས།། དུས་ཚོད་ཉིན་མཚན་ཕྱེད་ཡོལ་ལ།། ཧ་ལ་སྨན་གྱིས་གསོད་འགྱུར་ན།། གྲུབ་པའི་སྦྱོར་བ ་སྨོས་ཅི་དགོས། ཁྱི་འབྲུག་ཇི་ཡི་གཤེད་པོ་སྟེ།། ཕག་དང་བྱི་བ་ལོ་དགྲ་གཉིས།། མི་མཐུན་བདུན་ཟུར་ཐེ་ཚོམ་མེད།། ཟླ་གཤེད་སྟོན་དཔྱིད་ཐ་ཆུངས་ཏེ།། ཟླ་བའི་བདུན་ཟུར་རྡོ་རྗེ་གཅོད།། ཟོ་རངས་གསོད ་ལ་གསད་པར་བྱེད།། བསམ་ངན་ཙམ་གྱིས་འགྲུབ་འགྱུར་ན།། སྦྱོར་བས་བདུན་རྒྱུད་ཐེ་ཚོམ་མེད།། ཀུང་ལ་ཁྱི་འབྲུག་ཀུང་ཁམས་པ།། ཤིང་དང་ཁ་དོག་འདྲ་བ་སྟེ།། གསད་པའི་ལས་ལ་ཐེ་ཚོམ་མེད།། སྟག་དང་ཡོས ་དྲ་བར་དགྲ།། བདུན་ཟུར་གཤེད་དུ་གྱུར་པ་སྟེ།། ཚ་བ་མེ་བཞིན་གསོད་པར་བྱེད།། ཟླ་གཤེད་སྲོག་དང་མི་མཐུན་པའི།། བདུན་ཟུར་གསོད་བྱེད་ཐེ་ཚོམ་མེད།། དུས་ཚོད་ནམ་ཕྱེད་དུས་ལ་ཤིས།། ཀུན་གྱི་ཁམས ་ཀྱི་གཤེད་པོ་ནི།། ལུས་པོ་ས་ཡི་ཁམས་ལ་གསོད་པར་བྱེད།། ལོ་བརྒྱ་གླང་ལུག་གཉིས་ཀྱི་སྟེའོ།། མི་མཐུན་བདུན་ཟུར་གཤེད་དུ་འཇོམས།། དུས་ཚོད་མཚན་མོ་ཐོ་རངས་ཤིས།། དེ་ནས་མི་མཐུན་སྤྱོད་བཤད་བྱ།། ་བཟང་ཞིང་འགྲུབ་པར་བྱ་བ་ནི།། བདུད་ཀྱི་ཉི་མ་བདུན་པོ་ལ།། དྲག་སྔགས་ཚོགས་ཀྱི་ཆམ་ལ་དབབ།། ཉི་མ་གྲུ་སོགས་བྱེ་རུ་སྦྱོར།། བེ་ཛི་བྱ་གཞུག་ཟླ་བར་སྦྱོར།། མིག་དམར་ཁྲུམས་སྨད་ལ་རོ་སྨན།། གཟའ་ལྷག ་སྒྲོག་དང་སྨིན་དྲུག་མཐུན།། ཕུར་བུ་རྒྱལ་སྟོད་རྒྱལ་སྨད་འཇིགས།། པ་བ་སངས་དང་བྱ་གཞུག་སྟག་ཆུང་མཐུན།། སྤེན་པ་ས་ག་ས་རི་སྟེ།། དེ་ལྟར་མཐུན་སྦྱོར་དུས་སུ་ནི།། ངན་པའི་ལས་རྣམས་བྱེད་པ་ལས།། དེ་ཕྱིར ་བཟང་པོའི་ལས་ལ་འཇུག། བདུད་ཀྱི་ཉི་མ་བཤད་པ་ནི།། ཉི་མ་ལག་སོར་ཕྱེ་སྐྱེན་གསུམ།། ཟླ་བ་རྒྱལ་སྨད་བེའུ་རུ་སོད།། མིག་དམར་བྲེ་དང་སྲོག་གིས་ཏེ།། ཟླ་ལྷག་དབྱུག་པ་ཉིད་ཀྱིས་འཇིག། ཕུར་བུ་ཤིང་དུ་སྦྱོར ་བས་འཇིག། པ་སངས་རྦ་དང་ལ་རོ་གསུམ།། སྤེན་པ་བྱ་མ་བདུད་ཀྱི་ཉི།། བཟང་པོའི་ལས་ཀྱིས་གསོད་འགྱུར་ན།། ངན་པའི་ལས་ཀྱིས་སྨོས་ཅི་དགོས།། མི་འཕྲོད་བདུན་དུ་བཤད་པ་ནི།། ཉི་མ་ཁྲུམས་སྨད་ཟླ་བ ་དང་།། ས་ག་མི་འཕྲོད་མིག་དམར་དང་།། ལག་པ་མི་འཕྲོད་ཟླ་དམག་དང་།། གྲུ་སོགས་མི་འཕྲོད་ཕུར་བུ་སྒྲོག། པ་བ་སངས་དང་བྲེ་མི་འཕྲོད།། དེ་ལྟར་མི་འཕྲོད་བདུན་པོ་ལ།། ཕན་གདགས་པ་ནི་ཅི་མི་འགྲུབ།། ཉི ་མ་དང་ནི་ས་ལ་འཇིག། ཟླ་བ་དང་ནི་བི་རྫི་འཐིབ།། མིག་དམར་སྒྲོག་ཏུ་འཇིག་པར་བསྟན།། ཟླ་ལྷག་ལྔ་རུ་འཇིག་པ་སྟེ།། ཕུར་བུ་ལ་མང་བེ་རྫི་འཇིག། པ་བ་སངས་དང་ཁྲ་རུ་འཇིག། མི་འཕྲོད་བདུན་དང་འཇིག་པ ་བདུན།། བདུད་ཀྱི་ཉི་མ་བསོད་པར་ཤིས།། འཚོ་བྱེད་ཡུལ་ལྷས་སྐྱོབ་པ་ནི།། གཡག་དཀར་མི་དམར་ཚུལ་གྱིས་འབེབས།། བུད་མེད་རྟུག་པ་བསྲེགས་ནས་དང་།། འཆི་བདག་རྣམས་ཀྱི་བླ་རྐུན་བཟླས།། ཞང་བློན ་བཟང་པོ་ལྟ་བུ་ནི།། ཕོ་ལྷས་བགེགས་པས་དེ་དུས་སུ།། གླང་རོག་རྭ་བསྲེག་དེ་བཞིན་བྱ། ཁྲ་འམ་སྦྲང་ཀི་ལྟ་བུས་སྐྱོབ།། དགྲ་ལྷ་ཡིན་ཏེ་གསུར་ཆེན་བཏང་། ཁྱི་ལུད་བསྲེགས་པ་ཟོས་པར་བྱེད།། བུད་མེད་ཤ་མ་ལྟ ་། བུ་ནི།། མོ་ལྷ་མ་སྨན་འགོ་བ་སྟེ།། རྭ་དང་ལྕགས་དང་ཏིལ་ནག་བསྲེགས།། ཏིང་འཛིན་མི་གསལ་བྱིང་རྨུགས་ན།། འབོག་དང་གླང་ཁྲག་ལ་སོགས་པ།། སྨེ་བའི་དུད་པས་གསུམ་དུ་བདུག། འདི་ནི་དབྱེ ་བའི་མཆོག་ཏུ་གསུངས།། ནག་པོ་གསལ་བྱེད་སྒྲོན་མ་ལས།། བྱ་ཐབས་ཉམས་ལེན་ཉིད་ཁུ་འདི།། རང་འབྱུང་དགྲ་ལ་བྱ་བའི་དུས་སུ་གསུངས།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བྱ་ཐབས་ཉམས་ལེན་གྱི་ལེའུ ་སྟེ་བཞི་བཅུ་ཞེ་བཞི་པའོ།། །། དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས།། མཚན་ནི་གཤིན་རྗེ་གཤེད་པོས་བྱ།། བསྟན་པ་བསྲུང་བར་ཞལ་བ་ཞེས་པ།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། སྟེང་ཕྱོགས་གཤིན ་རྗེ་དྲག་འཇོམས་ནི།། ནག་པོ་གཡས་ན་དགྲ་སྟ་བསྣམས།། ཆིབས་སུ་ལྐུགས་པའི་ལུག་ལ་ཆིབས། ཁྲོ་མོ་སྲིན་མོ་འགོ་འཕྱངས་མ།། ནག་མོ་ཆེན་པོ་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས ་དམར་ཆེན་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་འབྱུང་གིས།། དམ་རྫས་གཏོར་མ་འདི་དབུལ་གྱིས།། བསྟན་པ་གཤེགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡི་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད ་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། སྟེང་ཕྱོགས་གཤིན་རྗེ་ཕྱཝ་སངས་ནི།། དཀར་པོ ་ལག་ཏུ་བུམ་པ་ཐོགས།། ཆིབས་སུ་ཉི་ཟླའི་འཁོར་ལོ་ཆིབས། ཁྲོ་མོ་ཁམ་བརྒྱ་མཐུ་མོ་ཆེ།། ནག་པོ་འགོ་འཕྱངས་རལ་ཅན་མ།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུར་ཁྲོད་གཙོ་ལ་སྟོབ།། ཡབ་གཅིག ་འཇམ་དཔལ་བཀའ་འབྱུང་གིས།། དམ་རྫས་གཏོར་མ་འདི་ལོང་ལ།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི ་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདས་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ཤར་ཕྱོགས་ཀོང་ཙེ་བྲག་མགོན་ནི།། དཀར་པོ་ཚེ་སྲོག་བུམ་པ་བསྣམས།། ཆིབས་སུ་དྲི ་ཟ་བསྐྱེད་པ་ཆིབས།། ཕག་སྲིན་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་ཆེན་མོ་དཀར་ནག་རལ་པ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང ་གིས།། དམ་རྫས་གཏོར་མ་འདི་ལོངས་ལ།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ཤར་ལྷོ་ཨ་བ་གླང་མགོ་ཅན།། ཕྱག་ན་སྤུག་ནག་རྩེ་གསུམ་བསྣམས།། ཆིབས་སུ་འགུགས་བྱེད་དྲེད་ལ་ཆིབས།། མི ་@། བཟད་བདུད་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན།། གཡས་པས་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས ་གཏོར་མ་འདི་ལོངས་ལ།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ་བབ་བོ་ས་མ་ཡ།། ་དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ལྷོ་ཕྱོགས་གཤིན་རྗེ་ཡ་བ་ནི།། སྔོ་ནག་གསོད་བྱེད་དགྲ་སྟ་བསྣམས།། ཆིབས་སུ་གཤིན་རྗེ་བསྐྱེད་གསལ་ཆིབས།། བཙུན་མོ་ནག་མོ ་འགོ་འཕྱངས་མ། ཁྲོ་མོ་དྲེད་ཀྱི་ཨ་གཤམ་ཅན།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་དབུལ་གྱིས།། ་བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་ཕོ་མོས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས ་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱིས་སྲས།། ལྷོ་ནུབ་གཤིན་རྗེ་མིག་དམར་ནི།། དམར་པོ་གཅོད་བྱེད་རལ་གྲི་བསྣམས།། ཆིབས་སུ་བསྒོ་བྱེད་ཤ་བ་ཆིབས།། བྱི་ལ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་ཆེན་མོ་རལ ་པ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་འབུལ་གྱིས།། བསྟན་པ་བཤིག་པའི་གཤེད་མ་མཛོད།། ་བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ། རྟོག་གཏན་སྟེ།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད ་ཐུགས་ཀྱི་སྲས།། ནུབ་ཕྱོགས་གཤིན་རྗེ་སྨིགས་པ་ནི།། སྨུག་ནག་དབང་སྡུད་ཞགས་པ་ཐོགས།། ཆིབས་སུ་ཀླུ་རྒྱལ་བསྐྱེགས་པ་ཆིབས།། བདུད་མོ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན།། གཡས་པས ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད ་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ལ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ནུབ་བྱང་གཤིན་རྗེ་ལེ་བ་ནི།། ནག་པོ་འབྱེད ་པའི་དབྱུག་པ་ཐོགས།། ཆིབས་སུ་རྟ་དང་མ་ཧེ་ཆིབས།། གཟའ་སྲིན་ནག་པོ་འགོ་འཕྱངས་མ། ཁྲོ་མོ་ནག་མོ་རལ་པ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག ་འཇམ་དཔལ་བཀའ་བྱུང་གིས།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་གཤིན་རྗེའི་ལག་ཏུ་གཏོད།། དུས་ལ ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། བྱང་། མཆོག་ཆགས་གཤིན་རྗེ་ལྷ་མཆོག་དུད་ཀ་ནི།། སེར་པོ་བུམ་པ་རྒྱ་གྲམ་བསྣམས།། ཆིབས་སུ་རྒྱས་པའི་རྟ་ལ ་ཆིབས།། ཀླུ་སྲིན་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་སེར་ནག་རལ་པ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་མར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། བསྟན་པ་གཤིཊ ་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་པོའི་ལག་ལ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ ་ཡུམ་གཉིས་མེད་རོལ་པའི་སྲས།། བྱང་ཤར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི།། དམར་པོ་ཐོད་པའི་མདའ་གཞུ་ཐོགས།། ཆིབས་སུ་བསྐོར་བྱེད་རྔ་མོ་ཆིབས།། ནམ་གྲུ་ཆེན་མོ་འགོ་འཕྱངས་མ། ཁྲོ་མོ་དམར་མོ་རལ་པ ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ། བསྟོད་ཡེ།། ཡབ་ཆེན་འཇམ་དཔལ་བཀའ་བྱུང་གིས།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི ་སྲས།། འགོ་འཕྱངས་རལ་པ་ཚར་དགུ་ནི།། སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས།། ཆིབས་སུ་མ་ཧེ་སྔོན་ནག་ཆིབས།། ལྷ་མོ་ནག་མོ་འགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན།། གཡས་པས་ཞབས་ཀྱིས་ཐབས་ཀྱི ་གཙོ་ལ་འཁྱུད།། གཡོན་པས་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་ལོངས་ལ།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། འོག་ཕྱོགས་གཤིན ་རྗེ་ཐོད་དབྱུག་ནི།། ནག་པོ་ལག་ན་ཐོད་པ་ཐོགས།། ཆིབས་སུ་ས་བདག་བསྒྲེགས་པ་ཆིབས།། ས་བདག་སྟོང་ཁྱབ་འགོ་འཕྱངས་མ། ཁྲོ་མོ་ནག་མོ་རལ་པ་ཅན།། གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པས ་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་ལོངས་ལ།། བསྟན་པ་བཤིགས་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས ་ལ་བསྐུལ།། འཆི་བདག་འཁོར་བའི་ལག་ཏུ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མི་འདའ་འཕྲིན་ལས་མཛོད།། ཅེས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་འཁོར་རྣམས་ལ་བསྐུལ་ཏེ། སོ་སོའི་གཤེད ་བསྐོས་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱོགས་སྐྱོང་གཤིན་རྗེ་བསྐུལ་བྱེད་ཀྱི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཉིན་བཞིན་ལྷ་ཡི་གང་བཞི ་ལ།། འཕྲིན་ལས་བཅོལ་བ་འདི་གསུངས་སོ།། ར་ཙ་ཀ་ལ་འཁོར་ལའི་ལྷ།། འཁོར་ལོ་ནག་པོའི་མ་རའི་བདུད།། དུག་གི་མཚོན་ཆ་སྔགས་ཀྱིས་བསྡེབས།། རྫས་ཀྱི་སྦྱོར་བ་ཐབས་ཀྱི་ངང་།། བསྙེན་པ་བྱེད་པ་གསང ་བའི་ཐབས།། ཧྲི་སྟི་སྦྱོར་མ་མའི་ངག། འཁོར་ལོ་སྐོར་བ་མན་ངག་གཏེར།། ཟླ་གསང་ནག་པོ་ཅེས་པའི་གྲགས།། བར་བར་སྤྱི་རྒྱུག་ཐབས་ཀྱིས་ཐུལ།། དམར་ནག་ཁྲམ་གདབ་མན་ངག་ཐབས།། གཤེད་བདུད་གིང ་སྤད་མན་ངག་གཏེར།། ལས་གྲུབ་གནན་པ་ལས་ཀྱི་སྙིང་།། དྲང་སྲོང་དམོད་པ་ཕྱོགས་མེད་གྲོགས།། དེ་བཞིན་སྤྱི་རྨུགས་ཐབས་ཅིག་ནི།། ཆོས་ཀྱི་རྒྱལ་པོ་ལ་སོགས་པའི།། ཉིན་བཞིན་ལྷ་ཡི་གིང་བཞི་བསྐུལ།། ཧཱུཾ་ཉི ་མ་དང་པོ་རྩིས་བདེ་གིང་།། པྲ་མ་ར་ཙ་སྲིན་པོ་སྟེ།། བར་སྣང་ཁམས་ན་ཡིད་ཀྱི་རྒྱུ།། གསང་བའི་དབང་བསྐུར་གིང་གི་བདག། སྟག་ཞུ་སྟག་རལ་དབུ་ལ་བསྣམས།། ཕྱག་ན་ཤོ་རྡེའི་ལས་བྱེད་གིང་།། བདག་གིས་མ ་ངེས་ཉེས། འདི་ཡིས་ཉེས།། ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྒོ་འབོག་ཐོང་།། རྟག་རྡོ་གཏད་དེ་མ་བཏང་ཤོ་ར་རེ།། ཉི་མ་གཉིས་པའི་རྩིས་བྱེད་གིང་།། ཞལ་བགྲད་མཆེ་གཙིགས་ཁ་དོག་ནག། ཐོད ་སྦྲུལ་གཡང་གཞི་སྐུ་ལ་གསོལ།། ཆུ་གླང་ནག་པོ་ཆིབས་སུ་ཞོན།། ཕྱག་ན་ཤོ་རྡོའི་རྩིས་བྱེད་གིང་།། བདག་གིས་མ་ངེས་འདི་ཡིས་ཉེས།། ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྒོ་འབོག་ཟོང་།། ་གཏད་དོ་མ་བཏང་ཤོར་རེ།། ཉི་མ་གསུམ་པའི་རྩིས་བྱེད་གིང་།། ནག་པོ་ཤ་ཟ་ཤུ་བ་ཅན།། ནག་པོ་སྙིང་དཀར་ཆིབས་སུ་ཆིབས།། མི་ཤ་ཟ་ཞིང་མི་ཁྲག་འཐུང་།། དུག་མདའ་འཕེན་ཅིང་མི་ཤ་ཟ།། རྟ་ནག་ཞོན་པ ་འབུམ་ཁྲིར་བཅས།། སྲོག་ཆོད་སྙིང་ཕྱུང་དགྲ་ལ་ཕྱུང་།། ཤ་ཟ་ཁྲག་འཐུང་དགྲ་ལ་རོལ། ཁྲམ་ཁྲམ་དུམ་དུམ་དགྲ་ལ་དུམ།། འུར་འུར་ཆེམ་ཆེམ་དགྲ་ལ་ཆེམ།། ལག་པ་དཀར་ནག་རྩིས་བྱེད་ཅིང་།། བདག་གིས་མ ་ངེས་ས། འདི་ཡིས་ཉེས།། ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་དགྲ་ལ་ཕྱུང་།། གཏད་དོ་མ་བཏང་ཤོ་ར་རེ།། ཉི་མ་བཞི་པའི་རྩིས་བྱེད་གིང་།། ཡཀྐ་ར་ཙ་གནོད་བྱེད་ཅིང་།། ཞོན་པ་གཟའ་རྟ་ནག་པོ ་ཞོན།། བདུད་ཞགས་ནག་པོ་དགྲ་ལ་འདེབས།། དབུ་ལ་དོམ་ཞུ་ནག་པོ་གསོལ།། ལག་ན་དཀར་ནག་རྩིས་བྱེད་ཅིང་།། བདག་གིས་མ་ངེས9འདི་ཡིས་ཉེས།། ཤོ་རྡེའུ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཆུང ་བསྒོ་འབོག་ཐོངས།། གཏད། མོ་དེ་མ་བཏང་ཤོར་ར་རེ།། བདུད་དྲི་རྦད་མུ་མ་ཤ་རོལ་རོལ།། ཏི་ཡི་རྦད་ཐུམ་རི་ལ་རིལ།། འདའ་ད་ཤ་གྲྀ་བ་རྦད་ཐུམ་རི་ལ་རིལ།། ཡཀྑ་གྲྀ་བ་རྦད་ཐུམ་རི་ལ་རིལ།། ཅེས་རབ་ཏུ་བགྲང ་ཤོད་དེ་ག་བགྲང་ངོ་།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉིན་བཞིན་ལྷའི་གང་བཞི་བསྐུལ་བའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འདུས ་པའི་འཁོར་རྣམས་ཀྱིས། ཤིན་ཏུ་དགྱེས་པའི་ཡི་རངས་ནས། མགྲིན་གཅིག་ཏུ་འདུག་ནས་འདི་སྐད་དོ།། ཧཱུཾ་གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ།། ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད།། ཕྱག ་མཚན་མང་པོས་བསྐལ་པའི་མེ་ལྟར་འབར།། རབ་འཇིགས་གཤིན་རྗེ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་།། གཅན་གཟན་གདུག་པའི་པགས་རློན་ན་བཟའ་གསོལ།། མི ་མགོ་ཐོད་རློན་ཕྲེང་བས་སྐུ་ལ་བརྒྱན།། བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན།། མི་བཟད་ཁྲོ་བོའི་རྒྱལ་པོ་ཧཱུཾ་སྒྲ་ཅན།། ཕཊ་ཀྱིས་ཁམས་གསུམ་སྡང་མཛད་ཞལ་དྲུག་གདངས།། ཤ་ཟའི་མགོ་ཅན་དབུ ་ཡི་ཟོད་དུ་བཅིངས།། སྤྱན་གཡོགས་པ་ཡིས་དྲག་པོའི་སེར་ཆེན་འབེབས།། ལྗགས་དྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་ཆེན་འབེབས།། འཁོར་གྱི་མ་མོ་རྣམས་ཀྱང་འདར་ཞིང་འདུག། དེ་བས་ལྷ་ཀླུ་གཞན་ལྟ་སྨོས ་ཅི་དགོས།། ཡབ་གཅིག་རྐན་སྒྲ་བརྡབས་པས་ལྷ་ཆེན་ཁྱབ་འཇུག་ཀྱང་།། འབུབ་འགྱེལ་བཅས་པས་ཁྲག་སྐྱུག་ཉིད་ལ་འདུད།། སྟོང་ཁམས་མེད་པར་མཛད་པའི་ཞལ་གདངས་ཤིང་། ཁྲོ་གཏུམ་ཚམས་རྔམ་ཆེན་པོ ་བསྟན་པས་པ་ཡི་སྟེ།། ཚངས་པ་འཁོར་བཅས་རྡུལ་གྱི་ཐིགས་ནག་འཛག། ནད་གཏོང་སྲིན་མོའི་ཚོགས་ནི་འདུད་ཤིག་འདུད།། ཆུ་ཕྲེང་ཁྲག་དང་བཅས་པའི་ཞགས་ཐོགས་ནས།། ཕྱག་ན་ཏྲི་ཤུལ་མི་འགོ་རབ་བསྣམས ་ཤིང་།། དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། ཁྱུང་དང་འུག་པ་ལྟ་བུའི་ཁྲག་བསྣམས་ཤིང་།། དམ་ལས་ལྡོག་པ་རྣམས་ལས་གཏོང་བར་བྱེད།། གནོད་སྦྱིན་མི་འགྲུབ་ཕྲེང་བས་སྐུ་ལ་བརྒྱན།། རྡོ་རྗེ་འཛིན ་སྟངས་བལྟ་བས་གར་བྱས་པས།། དུར་ཁྲོད་ཆེན་པོར་མཚན་མོར་རྒྱུག་པའོ།། རོལ་པ་མགོ་གཅོད་སོ་ཡིས་ཆེམ་ཆེམ་ཟ་བ་ཡང་།། ང་མཐོང་ཙམ་གྱིས་སྨ་ཕབ་ཞབས་ལ་འདུད།། ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད ་ལ།། དེ་བས་བཟོད་པར་དཀའ་ཡང་བདག་འདུད་ན།། གདུག་པའི་སེམས་ཀྱིས་བདག་གིས་འཁོར་དུ་གཏོགས་པ་ལ།། གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་པོའི་ཚོགས།། ཟུངས་ཤིག་ནན་ཏན་སྒྲོལ་མཛད ་གཤིན་རྗེ་གཤེད།། ཡུན་གྱི་ལྷ་དང་ཁྱོད་ལ་གསོལ་འདེབས་ན།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་།། ཐམས་ཅད་ཁྱོད་ཀྱི་སྐུར་ཡང་རབ་བསྒོམས་པས།། བདག་གི ་རང་བཞིན་བོར་ནས་ཁྲོ་བོར་གསལ།། ལྷ་མཆོག་ཁྱེད་ལ་ཡི་དམ་དུ་བརྟེན་པ།། མི་ཡི་ཐ་མ་རྣམས། དང་ཀྱང་། མཆོག་ཏུ་གྱུར།། དེ་བས་འདི་དང་ཕྱི་མ་གཉིས་ཀ་རུ།། སྲོག་གི་ཕྱིར་ཡང་ལྷ་མཆོག་ཁྱོད་མི་གཏོང་།། བྱམས ་པའི་ཞལ་རས་བདག་ལ་བསྟན་པ་དང་།། ཐུགས་རྗེའི་སྤྱན་གྱིས་བདག་ལ་རྟག་ཏུ་གཟིགས། ཁྱོད་ལྟར་བདག་གྱུར་ཕྱིར་ན་སྟོང་ཕྲག་འཚལ།། ཡུན་རིང་གོང་ནས་ལྷ་ཁྱོད་བདག་བསྒྲུབས་ན། ཁྱེད་ཀྱི་དངོས ་གྲུབ་དམ་པ་བདག་ལ་གསོལ།། ཀ་ཀ་ལ་རུ་ཆེ་གེ་མོ་བ་ག་ཧྲི་སྟི་ན་ཧཱུཾ་ཕཊ།། གང་དག་གཤིན་རྗེ་གཤེད་པོ་ཡིས།། དེ་ལ་བེར་ཅོན་ཕྱག་རྒྱར་གསལ།། འདི་ནི་ཕྱག་རྒྱ་ཡི་མཆོག་པས།། ཡང་དག་བསྟན་པས་ཡང་དག ་གསལ།། ཕྱག་རྒྱ་བཅིངས་པར་གྱུར་པ་འདིས། ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད།། མཚོན་ཆ་མ་ལུས་པ་ཡི་གཙོ།། བདུད་དང་དགྲ་བགེགས་ཞི་བར་བྱེད།། ཨོཾ་ན་མོ་བུདྡྷ་དྷརྨཱ་སངྒ་ཡ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་བྱི་ཙ་ཡ། ་ཛ་ནི་ཤྲཱི་ཧཱུཾ་ཕཊ་འཁོར་རྣམས་ཀྱིས་རབ་ཏུ་བསྟོད་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་ལེའུ་སྟེ་ཞེ་བདུན་པའོ།། ། དེ་ནས་འཇིགས་བྱེད་ཡ་མནྟ་ཀ་ཁྲག་འཐུང་གི་རྒྱལ་པོ ་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད།། རང་དབང་མ་ཐོབ་རྣལ་འབྱོར་པས།། བསྟན་པ་ཚེ་ཡི་དངོས་གྲུབ་ནི།། འཇིགས་བྱེད་ཆེན་པོས་བཤད་དུ ་གསོལ།། ཞེས་གསུངས་སོ།། དེ་ནས་འཛིཊ་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། བྱང་ཆུབ་སེམས་དཔའ་སྐྱེ་འཆི་མི་མངའ་ཡང་།། རྒྱུད་ཀྱི་སེམས་ལ་བར་ཆད་འབྱུང་།། ། ་གཞུང་དང་མཐུན་པའི་གནས་ཉིད་དུ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ།། དབུས་སུ་ཟླ་གམ་ཁ་སྤྲོད་བྲི།། གྲུ་ཆད་སྒོ་ཁྱུད་ལྡན་པར་བྱ།། སྔགས་མཁན་བློ་ལྡན་རབ་བརྟན་པས།། བསྙེན་བསྒྲུབ་བཞི་ཡིས་ཡན ་ལག་རྫོགས།། ཡིད་བཞིན་རིན་ཆེན་བུམ་པ་ལ། ཁ་རྒྱན་གསུམ་བཅིངས་རབ་ཏུ་བརྒྱན།། རིན་ཆེན་ལྔ་དང་འབྲུ་ལྔ་སྤོས།། སྨན་སྣ་ལྔ་ཡི་སྙིང་པོ་སོགས།། བྲུཾ་\ུ0f7fབི་ཤ་བི་ཤུདྡྷེ། ཐོད་པ་རྡོ་རྗེས་རབ་བསྐོར་ཏེ།། ཡ་མ ་ཡ་ཡི་ལྷ་རྣམས་བསྒོམ།། སྐུ་མདོག་དཀར་པོ་གངས་རི་ལྟར།། འོད་ཟེར་འཕྲོ་བར་རབ་ཏུ་བསྒོམ།། ཐམས་ཅད་ཤེས་རབ་གཉིས་སུ་མེད།། བྱང་སེམས་བསྒྲུབས་པ་གཉིས་མེད་འཁྲུལ།། བཟླས་པ་བྱ་བའི་སྔགས ་འདིའོ།། ཨོཾ་ཨ་ཀྲོ་ཨ་ཡུ་བ་ལ་ཡ་མནྟ་ཀ་ཨ་ཡུ་སིདྡྷི་ཧཱུཾ་ཧཱུཾ་ཛ་ཛ། ལས་ཀྱི་རིམ་པ་རྫོགས་བྱས་ནས།། གནས་གསུམ་སྐུ་གསུང་ཐུགས་སུ་བསྟན།། ཨོཾ་ཨ་ཀྲོ་ཏ་ཨ་ཡུ་ཛྙཱ་ན་སིདྡྷི། ཨ་ཨ་ཨ། ཡང་ན་སྤོབས་པའི་རིམ་པ་ནི།། ་ཨ་རྣམས་སྐུ་མདོག་ནག་པོ་སྟེ།། འོད་ཟེར་ནག་པོ་འབར་བ་འཁྲུག། འཇིག་རྟེན་ཁམས་རྣམས་འཁྲུགས་བྱས་ཏེ།། ཡཾ་ལས་རླུང་གིས་གཏོར་བ་བཞིན།། གཏོར་ཏེ་རྩེ་བཀུག་གནས་སུ་ཐིམ།། སྐུ་གསུང་ཐུགས་སུ་བསྟན ་པར་བྱ།། དེ་ཉིད་མི་རྟོག་ཡེ་ཤེས་གསལ། ཁྲོ་བོས་གསུངས་ཤིང་དབྱིངས་སུ་སྦ།། འདི་ནི་ཚེ་འདི་དངོས་གྲུབ་མཆོག། ཞེས་བཀའ་བསྩལ་ཏོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འགྱུར་ཚེ་ལེའུ་སྟེ་ཞེ་བརྒྱད ་པའོ།། །། དེ་ནས་འཇིགས་བྱེད་ཆེན་པོ་ཁྲོ་བོ་གཏུམ་པོ་དེས། འཁོར་རྣམས་རྒྱས་ཤིང་གདུལ་བྱ་སྨིན་པ་དང་།། རྣལ་འབྱོར་པ་ལ་ཕན་པའི་ཕྱིར།། ཡོན་ཏན་མཆོག་གི་སྦྱོར་བ་ལས།། གདུལ་བྱ ་སྨན་པའི་ཆེད་དུ་བཀའ་བསྩལ་ཏོ།། མཆོག་ལ་མོས་པའི་རྣལ་འབྱོར་པས།། བསྟན་པའི་སེམས་དང་གང་ལྡན་ལ།། ཐུན་མོང་མཆོག་གི་ལས་རྣམས་བཤད།། ཅེས་གསུངས་སོ།། ཙནྡ་དང་སུརྱ་དབང་དུ་འདོད་པས།། ་། གཟུགས་བརྙན་བྱས་ཏེ། ཉི་མ་སྲང་དུ་ཞུགས་པའི་དུས་སུ། བདེ་བ་ཐམས་ཅད་མཆོད་དེ།། ཨོཾ་ཨརྒ་ཡ་མ་ཙ་ལ་ཏིཥྛ་ཏིཥྛ། ཧེ་བཛྲ་ཨ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཕྲག་བདུན་བྱེ་བ། འདས་བཀྲས.ེ་ཏེ། སུརྱ ་ཙནྡ་ཉིན་མཚན་གཉིས་ཀ་གནས་པར་འགྱུར་རོ།། སྣ་ཚོགས་རང་། དབང་པོཐོབ་པ་དང་།། ཐོགས་པ་མེད་པ་བརྟུལ་ཞུགས་ཀྱི་ལུས་ཐོབ་པར་འདོད་ན། བ་ལང་རྫི་མོས་འདུ་ས།། རྡོ་ཡི་འོ་མ་རྡོ་ཡི་ཆུ།། འཛམ་བུའི་ཤིང ་དང་བཅས་པ་ལ།། བཟང་དྲུག་འོ་མའི་ཆུ་བླུགས་ཁྱིམ་བུ་རེ། ཁེམ་བུས་བསྲུངས་ལ་བཏང་ཞིང་།། སྔ་ཟས་ཕྱི་ཟས་དུས་ཟ་ལྔ།། ཆ་བཞི་ཆ་གསུམ་ཆ་གཉིས་འགྱུར།། བྱེད་དང་དངོས་གང་ཡིད་རིམ་གྱིས།། ཟླ་བ་དྲུག ་ཟོས་ན། དེ་ནས་སྔགས་ཟས་མེད་ཅིང་ཀུན་ལ་ཐོགས་པ་མེད་པར་ཟོས་ན། ལུས་ཀྱི་བཅུད་ཆེའི་རྟེན་དུ་འགྱུར་ཏེ། ཀུན་ལ་གང་ཟོས་དེ་རྟེན་དུ་འོང་སྟེ། ཚེའི་ལུས་སུ་གྲུབ་བོ།། འོ་མ་ཞོ་གཅིག་མར་བྲེ་དོ།། བཟང་དྲུག ་ཐུན་བཞི་མར་བྲེ་གང་།། གསེར་མདོག་འཁྱིལ་བ་སྟོང་དང་བཅུ།། ཞོ་གཉིས་ཆུ་དང་བསྒྲགས་བྱས་ཏེ།། རིམ་གྱིས་བུལ་བུར་རངས་ཀྱི་བར་དུ་བཙོས།། གྲིབ་མ་ལ་བསྐམས་ནས། མར་གྱི་ནང་དུ་བཏུམས་ལ། ཟླ་བ ་གཅིག་ཏུ་ཤ་དང་ཆང་བཅད་ནས། འབྲས་ཀྱི་ཟས་དང་སྒོང་ཟུག་འོ་མས་བཅུས་ཤིང་གདུང་སྟེ། དེ་ནས་ཟླ་བ་གཅིག་དང་། ཟླ་བ་ལྔ་དང་བཅུ་རུ། འབྲིཿཀུ་ཏ་སྟེ་སྒོ་ང་རེས།། ལུས་ནི་སྨིན་ཅིང་བརྟས་པར་བྱེད།། དེ ་ནི་ཕྱིར་ཞིང་དེ་བཞིན་དུ་བྱའོ།། འབྱུང་བ་བཞིའི་ངེས་པས། མི་ཕོག་པར་བྱས་པ་ལ། སེམས་རང་དབང་ཐོབ་ནས། རང་དབང་བསྐུར་བ་དང་། སྨན་དང་སྔགས་ཀྱི་སྦྱོར་བས་དབང་བསྐུར་བས། སྨན་སྦྱོར་བྱ་བ་སྟེ། ་བདག་ཉིད་ཕྱག་རྒྱའི་གོ་གོན་ཏེ། ཙ་ཀྲུ་དར་གྱི་སྦུབས་སུ་བྱས་ནས། ས་རྫས་ར་ས་སྲ་ཙ་ཕོག་རྐང་མར་གྱིས་བསྐོས་ནས་ལུས་ལ་བྱུགས་ན་འབྱུང་བས་མི་ཉེན། ས་རྫས་སངས་རྩེ་ལྕེ་ཕོག་དཀར་པོ་སྟེ།། གུ་གུལ་དཀར ་པོ་སྲང་བཞི། མུ་ལོ་དྷི་ལོ་མར་སྲང་གཉིས། ཕྱེ་མར་བྱས་ཏེ། རྐང་པའི་མཐིལ་འོད་མའི་རྒྱལ་བསེ་ཙམ་དུ་བྱས་ཏེ། བསྐུས་ན་ཆུ་ལ་མི། འཆིང་ཟི་བར་འགྲོ་བའོ།། ཆུ་ལ་རྡོ་རྗེའི་ཤིང་གིས་འོ་མ་གྲིབ་བསྐམས་བྱས་ནས ་བཏབ་ན། འོ་མར་འགྱུར་རོ།། པྲི་ཡང་ཀུ་ཏོ་རྡོ་རྗེའི་ཤིང་གིས་འོ་མ་དང་། རྩའི་ཉིང་ཁུ་བཏགས་པ་བཏབ་ན། ཞོར་འགྱུར་རོ།། ནུ་རའི་ཤིང་འབྲས་དཀར་པོ་བཏབ་ན་སྦྲང་རྩིར་འགྱུར་རོ།། ཅོང་ཟེའི་ཆུ་དང་རྡོ་དྲེག ་བསྐུས་པ་བཏབ་ན། ཉིས་འགྱུར་དུ་འགྱུར་རོ།། ཤིང་རྣམས་ཀུན་གྱིས་མི་བསྐྱེད་དེ། བཅོམ་ཞེས་དེ་ཀུན་ཀོ་ཀོ་སྟེ། དེ་ལོ་བ་ཤིང་ཅེས་དང་ཀྱང་བྱ་སྟེ། དེའི་ཐ་ཆུ་དང་ཉུངས་དཀར་བསྲེགས་པའི་ཐལ་བ ་གཉིས་སྦྱར་ནས་བྱུགས་ན། མེས་མི་ཚིག་གོ། སྦྱར་བའི་རྡུལ་ཆུ་སྟུག་མ་ཚིགས་དུ་མ་ཡོད་པའི་ནང་དུ། བུ་ག་ཆུང་ངུ་བཏོད་ནས། ཞུགས་སུ་བླུགས་ནས་ཏེ་མེ་བཏང་ན། མེའི་ཕྲེང་བ་བསྲེགས་པས་འབྱུང་ངོ་།། དེ་ཉིད ་རྡོ་རྗེའི་ར་བ་ལྔ་ལ་བྱུགས་ནས། མ་མཱ་ཀིས་སྦྱངས་བདག་ཉིད་ཀྱི་བྱུགས་ན་མེ་འབར་བར་མཐོང་ངོ་།། ཅི་མ་མའི་སྨན་ཐིག་ལེ་ལེན་པའི་ས་བོན་གིས་ནི་ཉི་མའི་འོད་ཕོགས་པས། རྒྱང་རིང་པོ་ནས་མེ་འབར་བར་མཐོང ་ངོ་ངོ།། རྡོ་རྗེ་མ་བྱུང་བ་གང་ཡང་འདོད་པའི། རིན་ཆེན་ལ་སོགས་པའི་འགྱུར་རོ།། མ་ཀི་ཏ་དང་རྩིའི་རྒུན་མས་གང་འདོད་པའི་རིན་པོ་ཆེར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐུན་མོང་གི་ཡོན་ཏན ་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ། འཁོར་རྣམས་ཀྱིས་རང་རང་གིས་མཉེས་པའི་བསྟོད་པ་ཕུལ་ནས། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེས། སྟོང ་གསུམ་མུན་པར་གཏིབས་པ་དང་། བདུད་ཀྱི་འཁོར་རྣམས་ཀྱིས། མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་ཡབ་གཅིག་ཆེ་དམ་མཆོག། འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད།། ་དཔའ་བོ་ཆེན་པོའི་འཁོར་དུ་འདུས།། གཤིན་རྗེ་གཤེད་པོའི་འཁོར་རྣམས་བཀའ་རྣམས་ཉན།། བདག་ཅག་འཁོར་གྱི་བདུད་པོ་རྣམས།། ཕྱིན་ཅི་ལོག་རྣམས་འདུལ་སླད་དུ།། ཚུལ་བཞིན་བསྒྲུབས་ན་ཇི་ལྟར་བསྒྲུབ།། ་། རྫས་དང་ཡོ་བྱད་གང་བསྟན་པ།། ལས་ལ་བཏང་ན་ཇི་ལྟར་བཏང་།། ལོག་པའི་སྦྱོར་བ་ཇི་ལྟར་བྱ།། འཇིགས་བྱེད་ཆེན་པོས་བཀའ་གསང་འདུད།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཤིན་ཏུ་རྔམ་པའི ་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུས་གཅིག་ཏུ་བསྒྲགས་ནས། བདུད་ཀྱི་ཚོགས་ཐམས་ཅད་དབང་དུ་བསྡུས། ཟིལ་གྱིས་གནན་ནས། འདི་སྐད་ཅེས་བརྗོད་དོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ནག་པོ་བདུད་ཀྱི་ཚོགས ་རྣམས་ཀུན།། ཕྱིན་ཅི་ལོག་རྣམས་འདུལ་སླད་དུ།། བྱ་བའི་ལས་དང་བསྒྲུབ་པ་དང་།། བརྟེན་པའི་རྫས་དང་སྒྲུབ་པའི་ཐབས།། མི་མཐུན་སྦྱོར་བས་གསད་འདོད་ན།། ངས་བཤད་པ་ལ་སེམས་ཐུད་ཅིག། ཅེས་བརྗོད ་དོ།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འཕྲིན་ལས་མྱུར་དུ་བྱ་བའི་ཕྱིར། བདུད་ཀྱི་བསྒྲུབ་ཐབས་འདི་གསུངས་པ།། ཐོག་མ་དང་པོར་དད་པ་རབ་ཏུ་གཅེས།། བཀའ་ཡི་གནས་སམ་དགའ་བའི་གནས ་དག་ཏུ།། དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱས་ཤིང་།། དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་རྣམས་ནོད།། དགོས་པ་བསྒྲུབ་ཕྱིར་མན་ངག་འཐོབ་པར་བྱ།། མན་ངག་ཐོབ་ནས་བསྙེན་པ་མཐའ་རུ་དབྱུང་།། བསྙེན ་། པ་བྱ་ཕྱིར་ཐུན་རྫས་འབད་དེ་བསག། ལུང་གི་གནས་སུ་ས་ཡི་དཀྱིལ་འཁོར་བྱ།། འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ།། འཁོར་ལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ།། གྲུ་ཆད་སྒོ་བཞི ་ལྕགས་རི་ལུགས་བཞིན་བྱ།། ཐོད་པའི་ཕྲེང་བས་ར་བ་བྲི།། བསྐལ་པའི་མེ་རི་སྨུག་ནག་རླུང་ལྟར་འབར།། གྲུ་གསུམ་དབུས་སུ་གཤིན་རྗེ་གཤེད་པོ་སྟེ།། ཟླ་གམ་གསུམ་ལ་རྫས་དང་གསུམ།། སེང་ལྡེང་ལ་སོགས ་མཆོག་གི་ཕུར་པ་དགོད།། ཡབ་ཡུམ་ལ་སོགས་དབང་བསྐུར་བྱིན་བརླབས་པའི།། ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ། ཁྲམ་ཐོགས་བདུད་པོ་བཅུ་རུ་མངའ་གསོལ་བ།། འཁོར་ལོ་རྩིབས་བརྒྱད་པ་ལ་དགོད ་པར་བྱ།། དར་ན་ག་ཅོད་པན་རིམ་གྱིས་དབང་བསྐུར་ལ།། སྟེང་དུ་འབར་བ་ལ་སོགས་ཏེ།། ཤར་དུ་རོལ་པོ་རལ་པ་ཅན།། ལྷོ་རུ་ཁྲམ་བདག་སྲོག་བདུད་དེ།། ཟླ་བདུད་ཡོར་པོ་ཞགས་ཅན་ནུབ།། བྱང་དུ་སྲོག་བདག ་སྟ་རེ་ཅན།། ཤར་ལྷོར་ཁྲམ་བདག་ཐོགས་པ་སྟེ།། ལྷོ་ནུབ་པར་བཙན་རི་བོ་སྟེ།། བྱང་ཤར་རོ་ལངས་ནག་མོ་རྗེ།། འོག་ཏུ་འབར་བ་ནག་མོ་རྗེ།། སྒོ་བཞི་བཀའ་ཉན་གིང་ཆེན་བཞི།། རྩང་བཞི་དག་ལ་དབང་བསྐུར ་དགོད།། མཐུན་པའི་རྫས་དང་མཆོད་པའི་རྫས།། མི་ཤ་རྟ་ཤའི་མཆོག་པ་ལས།། རུས་པ་སྣ་ཚོགས་རྒྱན་བྱས་ལ།། གཤེད་པོ་ཡབ་ཡུམ་སྲས་ལ་བཞག། བྱ་ནག་རྟ་ནག་ལུག་གི་སྙིང་། ཁྱི་ནག་ཕག་པ་རོག་པོའི་སྙིང་།། ་གཡག་དང་གླང་དང་ར་རོག་སྙིང་།། ཤ་དང་ཁྲག་དང་རུས་པ་དང་།། མི་ཤས་རྒྱུན་པ་ཟངས་བུ་གང་།། བདུད་པོ་བཅུ་ལ་དགོད་པར་བྱ།། ཤ་སྣ་ཁྲག་སྣའི་གཏོར་མ་ལ།། སྤྱན་གཟིགས་དཀར་ཆབ་བརྒྱན་པ་བཞི།། སྒོ ་བཞི་གིང་ཆེན་བཞི་ལ་བཞག། སྨན་དང་རཀྟ་སྦྱར་བ་ཡིས།། སྣང་སྲིད་སྲོག་ལ་དབང་ཡང་བསྒྱུར།། མི་གསུར་རྟ་གསུར་རྒྱན་དུ་གསང་།། རྒྱལ་མཚན་ཆེན་པོ་བཞི་ལ་གཟུགས།། དར་ནག་གུར་དབུབ། ཀྱི་ཨི་ནག ་གཡང་བཞི་བསྡམ།། ལུག་ནག་འབེན་བཅར་ར་རོག་དམིགས་པའི་རྟེན།། སྐྱེར་པ་དག་སོགས་སྟག་ཚེར་དག་ལའང་།། འགྲོ་མཇུག་མ་ནོར་བཞོགས་ལ་ཁྲམ་ཤིང་བྱ།། རོག་པོའི་སྔགས་བཟླས་རིམ་པས་ཁྲག་ལ ་གདབ།། ཡི་དྭགས་གོས་ལ་འཁོར་ལོ་བྲིས་བྱས་ཏེ།། དུག་དང་ཐོད་པ་ཁྲག་གིས་བྲི་བར་བྱ།། གཟི་བརྗིད་འཕགས་པ་ཡབ་ཡུམ་དང་།། བཀའ་ཉན་ཉིན་བཞིན་ལྷ་སྒྲུབ་མཆོད། ཁྲག་ཐོགས་བདུད་རྣམས་ལས་ལ་མྱུར ་དུ་སྤད།། ཟོད་པ་མཚན་མ་ངན་པ་ར་རོག་ཁྲག་བླུག་ལ།། ར་སོགས་མིང་བྲིས་ཐོད་པའི་ནང་དུའོ།། བྲལ་མདོངས་བཞག་དར་ནག་བྲིས་བྱས་ལ། ཁྲམ་གིས་བཀུག་ཅིང་ཁྲམ་སྔགས་བཟླས་པར་བྱ།། ཨོཾ་དགྲ་བོ་ནརི་ཙིཏྟ ་དྲུམ་མུན་ཁྲམ་ཐོར་ཆེ་གེ་མོ་མ་ར་གུག་ལི་སྭཱ་ཧཱ། བཟླས་ཤིང་ཁྲམ་གྱི་སྐབས་སུ་བཀུག། ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ།། དབང་ཆེན་འབྱུང་བ་རིམ་བརྩེགས་རེ།། ཁྲུམགྱིལས་ཡེ་ཤེས་འབར་བའི་གཞལ ་ཡས་ཁང་།། དབུས་སུ་ཡ་མ་མཆེད་བརྒྱད་མུ་ཁྱུད་ལྡན།། གྲུ་ཆད་པར་ཁྱམས་སྒོ་ཁྱུད་ལྡན།། ཤར་ཕྱོགས་རུས་པའི་གཞལ་ཡས་ཁང་།། ལྷོ་ཕྱོགས་ཤ་ཡི་གཞལ་ཡས་ཁང་།། ནུབ་ཕྱོགས་ཁྲག་གི་གཞལ ་ཡས་ཁང་།། བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་།། དབུས་སུ་ཡ་མ་ཆེན་པོ་སྟེ།། གཤིན་རྗེ་མ་ཧེ་བསྣོལ་བ་སྟེ།། ཧཱུཾ་ལས་གཤེད་པོའི་སྐུར་གྱུར་ཏེ།། སྟག་ལྤགས་གླང་ཆེན་སྦྲུལ་ནག་ཆུན་པོ་དང་།། ཐོད་པ་ལ ་སོགས་དུར་ཁྲོད་བརྒྱན་གྱིས་བརྒྱན།། ཞལ་དྲུག་ཕྱག་དྲུག་བཅུ་གཉིས་ཕྱག་ཆ་ལྡན་པར་བསྒོམ།། གཡས་གཡོན་ཡུམ་དང་སྲས་མཆོག་སྟེ།། བརྒྱན་དང་ཆ་ལུགས་ཕྱག་མཚན་ལྡན་པར་བསྒོམ།། འཁོར་ལོ་རྩིབས ་བརྒྱད་སྟོང་དུ་བྲིས་བསམས་ཏེ།། ནི་ལས་དགྲ་བགེགས་བསྣོལ་བའི་གདན་དུ་བསམ།། དེ་སྟེང་ཡ་བཅུ་འོད་དང་ཟེར་འཕྲོས་པས།། འཕྲོས་འདུས་པ་ལས་ཁྲམ་ཐོག་མ་བཅུ་སྟེ།། སྟེང་གི་བདུད་པོ་འབར་བ་ཡང་ཆེན ་ནི།། གཡུ་འབྲུག་ཞོན་པ་གློག་གི་ཞགས་པ་ཐོགས།། ཤག་གི་བདུད་པོ་ཞགས་པ་ཅན།། རྔ་མོ་ཞོན་ནས་རལ་གྲི་ཐོགས་པར་བསྐྱེད།། ལྷོ་ཕྱོགས་ཁྲམ་བདག་སྲོད་བདུད་མཆེ་བ་ཅན།། བདུད་ཤ་ཞོན་ནས་ཞགས་པ ་ཐོགས་པར་བསྐྱེད།། ནུབ་ཏུ་ཟླ་བདུད་ཡོལ་པོ་ཞགས་པ་ཐོགས།། འབྲོང་བུ་ཞོན་ནས་གནམ་ལྕགས་ཐོགས་པར་བསྐྱེད།། བྱང་དུ་སྲོག་བདུད་གསེར་གྱི་སྟ་རེ་ཅན། ཁྱུང་ཆེན་ཞོན་ནས་སྟ་རེ་ཐོགས་པར་བསྐྱེད།། ཤར ་ལྷོར་ཁྲམ་བདག་གནམ་བཙན་ཐོགས་པ་རྗེ།། རྟ་ལ་ཞོན་ནས་གནམ་ལྕགས་ཐོག། ཕྱེ་ན་འདས། བསྐྱེད།། ལྷོ་ནུབ་པར་བཙན་རི་བོ་རྗེ།། རླུང་ལ་ཞོན་ནས་རླུང་ལ་གཡབ་འདེབས་བསྐྱེད།། ནུབ་བྱང་ཁྲམ་བདག་སེ་འཛིན ་སྟོང་དང་རྗེ།། ཕག་པ་དྷ་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད།། བྱང་ཤར་ཁྲམ་བདག་རོ་ལངས་ནག་མོ་རྗེ།། ཆུ་ཀླུང་ཞོན་ནས་སྟ་རེ་ཐོགས་པར་བསྐྱེད།། འོག་ཕྱོགས་ནག་པོ་ཁྲམ་བདུད་ཁྲམ་རྗེ་ནི།། སྟག་དམར་ཞོན་ནས ་སྦྲུལ་དམར་ཞགས་ཐོགས་བསྐྱེད།། དེ་རེ་རེའི་འཁོར་ན་བདུད་དང་སེབསམ་ཡས་ཏེ།། རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་ཏེ།། གྲུབ་པའི་གནས་སུ་དེ་འདྲ་འབྱོན་པར་བསམ།། སྒོ་བཞི་ཉིད་བཞི་ལྷ ་ཡི་གིང་བཞི་ཡང་།། བཀའ་ཉན་བྱེད་ཅིང་འགུགས་བྱེད་ཚ་ལས་བསྐྱེད།། དེ་ལྟར་བསྐྱེད་པའི་བདུད་པོ་དེ་རྣམས་ཀྱིས།། བསྟན་པ་བཤིགས་ཤིང་སྐུ་ལ་སྨོད་པ་རྣམས།། ཞགས་པས་བཅིངས་ཤིང་ལ་ལས་ཁྲམ་ལ ་འདེབས།། ལ་ལས་ཐུན་འདེབས་ལ་ལས་ཐུན་དུ་འཇུག། གན་རྐྱལ་ཁ་སྦུབ་རྡུལ་ནག་འཐིབ་ཅིང་ཁྲག་ཏུ་སྐྱུག། མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ།། ཅི། མཚད་ཡང་། འོན་ཟོང་ཟེར་ཞིང་སོང་བར་བསྒོམ།། ཏིང་ངེ་འཛིན ་གྱི་དེ་ལྟར་གསལ་བསྐྱེད་ལ།། དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་བསྒྲུབ།། རུ་ཏྲ་མ་མུ་ཏྲ་ཁྲག་ཙ་ར་ཙམ་ཁྲག་ཙ་ར་དེ་བེ་ར་བ་དུན་ཧ་བ་སྭཱ་ཧཱ། ཁྲི་འམ་འབུམ་ནི་བཟླས་ན་བདུད་ནི་མངོན་དུ་བྱོན།། སྨོན ་དང་བཙུན་པ་སྐད་རིགས་མི་མཐུན་པའོ།། ལྗང་ལྡིང་སྨྲ་ཞིང་ལས་ལ་མངོན་དུ་བྱོན།། གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ།། ཧཱུཾ་བསྐལ་པའི་སྙིགས་མ་ལྔ་བརྒྱ་ལ། ཁྲམ་བདག་གཤིན་རྗེའི ་སྤྱན་སྔར་དམ་བཅས་པ།། མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་བྱེད།། འཇམ་དཔལ་གཤིན་རྗེ་དམར་གྱི་ཨརྒ་དང་།། བདུད་རྩི་སྨན་མཆོག་དམ་རྫས་དམ་པ་འདི། ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར ་བས།། བདུད་འཁོར་ཡོངས་ཀྱིས་བདེ་གཤེགས་བསྟན་པ་བསྲུང་།། ལས་ཀྱི་དམ་ཚིག་མ་ར་ཡ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། སྟེང་ཕྱོགས་བདུད་ཀྱི་ཞིང་ཁམས་ནས།། འབར་བ་ཡངས་ཆེན་བླ་མེད་ནི།། ་གཡུ་འབྲུག་སྔོན་པོའི་རྟ་ལ་ཞོན།། ལག་ན་གློག་དམར་ཐོད་ཞགས་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་གི་ཙིཏྟ་རྦད་ཆེ་གེ ་། མོ་མ་ར་ཡ་གུག་ལིང་སྭཱ་ཧཱ། ཅེས་བརྗོད་ཅིང་། དགྲ་བོ་ཁྲམ་ལ་རིམ་གྱིས་གདབ་བོ། རཀྟ་སྒྲེང་ཞིང་བདུད་རྣམས་ལས་ལ་རྦད།། མུན་ནག་འཁྱིལ་པའི་ཞིང་ཁམས་ན།། ནག་པོ་ཡབ་རྗེ་ཁྲག་འཐུང་ནི། ཁྲག་ཆེན་དམར ་། པོའི་རྟ་ལ་ཞོན།། ལག་ན་སྦྲུལ་དམར་ཞགས་པ་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་དར་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད།། ་དུམ་རྨུགས་ཁྲག་གཏོར་རྦད། ཆེ་གེ་མོ་མ་ཀེར་ཡ་གུག་ལིང་སྭཱ་ཧཱ།། ཤར་ཕྱོགས་རུས་པའི་གཞལ་ཡས་ན།། ཤར་བདུད་རོལ་པ་རལ་པ་ཅན།། ཕུང་སྲི་རྔ་མོ་གློག་འགྱུ་ན།། ལག་ན་གནམ་ལྕགས་རལ་གྲི་བསྣམས།། ་སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད།། དུན་རྨུགས་ཁྲམ་གཏོར་རྦད།། ཆེ་གེ་མོ་ཡ་གུག་ལིང་ཟ།། ལྷོ ་ཕྱོགས་མེ་ཡི་གཞལ་ཡས་ནས། ཁྲམ་བདག་སྲོག་བདུད་མཆེ་བ་ཅན།། བདུད་ཤ་ནག་པོ་རྭ་བཅུ། ཕྱིབས་ཆིབས།། ལག་ན་འཛིན་བྱེད་ཞགས་པ་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། ་སྐྱེས་པ་མིའི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་ཟློས་ཤིང་རཀྟ་སྒྲེང་།། ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ།། ནུབ་ཕྱོགས་ཁྲག་གི་ཞིང ་ཁམས་ནས།། ཟླ་བདུན་ཡོར་པོ་ཞགས་པ་ཅན།། འབྲོང་བུ་ནག་པོའི་རྟ་ལ་ཞོན།། ལག་ན་འཛིན་ལྕགས་ཕུར་པ་འདེབས།། སྣང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ། ་བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་།། ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་གུག་ལིང་སྭཱ་ཧཱ།། བྱང་ཕྱོགས་དབུགས་ཀྱི་ཞིང་ཁམས་ན།། སྲོག་བདུད་གསེར ་གྱི་སྟ་རེ་ཅན།། ཆིབས་སུ་ཁྱུང་ཆེན་རྟ་ལ་ཞོན།། ལག་ན་གསེར་གྱི་སྟ་རེ་བསྣམས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད།། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་ལིང་སྭཱ་ཧཱ། ཁྲམ་བདག་གནམ་ལྕགས་ཐོགས་པ་རྗེ།། ཆིབས་སུ་བདུད་ཀྱི་རྟ་ལ་ཆིབས།། སྐལ་ལྡན་གནམ་ལྕགས་ཐོགས ་འཕེན་མ།། སྐལ་ལྡན་འོད་ཟེར་འཕྲོ་བ་ཡི།། སྤྲུལ་པའི་འབྲུག་སེར་ཆེམས་སེ་ཆེམས།། གློག་དམར་དེ་ནི་ལྡིབས་སེ་ལྡིབས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། ་བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་གོང་བཞིན་བཟླས། ཁྲམ་བདག་དམར་བཙན་རི་བོ་རྗེ།། ཆིབས་སུ་རླུང་གི་རྟ་ལ་ཆིབས།། ཕྱག་ན་རླུང་ནག་གཡབ་ཀྱིས་འདེབས།། སྟོང་ཁམས་མ་ལུས་རླུང་ལ་བསྐུར།། ་ཆེན་ཀའ་ས་ལག་དྲག་ཏུ་བསྐུལ་བའི་ཚེ། ཁྲམ་སྔགས་བུ་ཡུག་རྟ་རུ་ཞོན།། སྐྱེམས་གསེར་དེ་ནི་བན་ནེ་བྲན།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་བུ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། ཁྲམ་བདག་སེ་འཛིན་སྟོབས་དང་རྗེ།། ཆིབས་སུ་དུར་ཕག་རྟ་ལ་ཆིབས།། འཁོར་དུ་བསེ་རིག་ས་འཁོར་བཅས།། ལག་ན་ཁྲམ་ནག་ཁྲམ་ཤིང་ཐོགས།། སྡང ་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བྲ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། ཁྲམ་བདག་ནག་མོ་རོ་ལངས་རྗེ།། ཆུ་གླང་ནག་པོ་རྟ་རུ ་ཞོན།། ལག་ན་གནམ་ལྕགས་སྟ་རེ་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ལ་ཁྲག་ཙིཥྞ་རྦད།། དུན་རྨུགས་ཁྲམ ་གཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་རྦདཿ།། གཤིན་རྗེ་ནག་པོའི་དུས་ལ་བབ།། ཤ་ལ་ནག་པོའི་དུས་ལ་བབ།། འབར་བ་ནག་པོའི་དུས་ལ་བབ།། ནག་པོ་སྐུ་གསུམ་དུས་ལ་བབ།། རོལ་པ་རྒྱ་བདུན་དུས་ལ ་བབ།། སྤང་སྔོན་འབར་བའི་དུས་ལ་བབ།། རྒྱའི་རྒྱ་བ་མིག་བཞིའི་དུས་ལ་བབ།། ཅེས་པས་རྦད་ཅིང་ཁྲམ་ལ་གདབ།། རཀྟ་སྦྲེང་ཞིང་འཕྲིན་ལས་བཅོལ།། ཉུངས་ཀར་ཉུངས་ནག་དུག་ཁྲག་ལ།། དྲག་སྔགས་འདི་ཡི ་བརྡེག་པར་བྱེད།། རུ་ཏྲ་ཙ་བ་དུམ་ཁྲག་ཤི་ཁྲི་མ་མ་ཐོན་དུན་ཁྲག་མི་ཤབ་ཤོལ་ཐུན་ཁྲག་ཁྲམ་གཏོར་ཙ་ར་ཙ་ཁྲག་སྟོབ་ཀུ་ལ་ཐུན་ཁྲག། ཆེ་གེ་མོ་མ་ར་ཡ་ཐུན་ཁྲག། ཅེས་པས་རབ་ཏུ་ཁྲོས་པས་བརྡེག། གཏང་བའི ་ལས་སུ་བྱ་བ་ནི། ཁྲག་བདག་འཁོར་ལོ་ཐོད་པས་གྲུབ།། ཆུ་མིག་ནུབ་ཏུ་བལྟས་པར་གཏད།། གཏོར་མ་བཏང་ཞིང་སྨོན་ལམ་གདབ།། གསང་བ་ཉེན་ཞིང་གིང་བཞི་སྟེ།། འཕངས་པ་བདུན་དུ་འཕང་བར་བྱ།། བསྲེག ་པ་ཁྲམ་ཤིང་ཐོགས་པ་སྟེ།། ཚེར་མ་ཅན་གྱི་ཤིང་གཏུབ་ལ།། གྲོག་པོ་ཕུགས་རྡུགས་སུ་ཕྱིན་ལ་བརྡེག། གནན་པ་འཁོར་ལོ་ཆུ་མིག་འཁོར།། ནག་པོ་ཀླུ་ཡི་གནས་སུ་གཏད།། གདབ་པ་རང་རང་ཕུར་པས ་སོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྟོང་གསུམ་མུན་པར་གཏོང་བའི་བདུད་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། སྟོང་གསུམ་མུན ་ལྟར་གཏོང་བའི་བདུད་ནང་ལྟར་བསྒྲུབ་པ་འདི་གསུངས་སོ།། དང་པོར་དད་པའི་དཔའ་བར་རབ་ཏུ་བསྐྱེད།། དཀའ་ཡི་གནས་སམ། རྒ་དག་བའི་གནས་དག་ཏུ། ས་བདག་ལྷ་ཀླུ་ཞི་བར་བྱ་སྟེ། དཀྱིལ་འཁོར་འདོམ ་གང་གྲུ་བཞི་ལ།། མཐིང་ནག་གྲུ་གསུམ་ཟླ་གམ་གསུམ་གྱི་བསྐོར།། འཁོར་ལོ་རྩིབས་བརྒྱད་གྲུ་ཆད་བཞི་དང་ལྡན།། མཐིང་ནག་དབུས་སུ་ཡ་མ་གཤིན་རྗེ་སྟེ།། ཟླ་གམ་ཡུམ་དང་བཅས་པ་གཉིས་སྲས་དང་གསུམ།། ་འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད།། བར་ཁྱམས་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད།། སྒོ་བཞི་བདུད་ཀྱི་ཡང་ཁོལ་བཞི།། ལྷོ་ནུབ་མཚམས་ནས་དྲིར་ཤི་གཡང་བཞི་གཟུགས།། བྱང་ཤར་མཚམས་སུ་བྱ་རྒོད ་གཡང་བཞིའི་གཟུགས།། ལྷོ་ཤར་མཚམས་སུ་ལུག་ནག་གཡང་གཞི་གཟུགས།། དབུས་སུ་དམར་ནག་ཞིང་གིས་གུར།། ཕྱི་རོལ་བོང་རྒྱ་ནག་པོ་དག་གིས་བསྐོར།། ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་དགོད།། ་དབུས་སུ་ཡབ་ཡུམ་གཏོར་མ་བཞག། བསེ་ཁབ་མོན་ཟོད་འཁར་གཞོང་ལ་སོགས་སུ།། མི་ཤ་རྟ་ཤའི་གཏོར་མ་བཞི།། ལྷོ་ནུབ་མཚམས་སུ་རྗེ་རིགས་ཐོད་པ་རུ།། མི་ཡི་སྙིང་ཁྲག་སྦྲུས་པའི་གཏོར་མ་བཞག། ནུབ་བྱང ་མཚམས་སུ་རྟ་ཡི་སྙིང་ཁྲག་སྦྱར་ལ་གཞག། ཤར་དུ་སྤྲེའུའི་སྙིང་དང་ཕག་ཁྲག་བསྲེས་ལ་བཞག། བདག་ཉིད་ཐོད་ནག་བེར་ཆེན་སྟེ།། སྲོག་གི་སྙིང་པོ་རྒྱུན་དུ་དྲངས།། ཨོཾ་ཤ་ར་ན་ར་ཤ་ཏྲིག་གར་རྦ་ན་ཤ་དུ་དུ། མ་རེ ་ཤེ་རེ་ན། རྟི་པུ་ཤ་ཏྲེ་ན། མི་ར་ཏན་དུ་ཏ་ར། ཨ་པ་ཙ་ཀ་ར་ཙུ་ར་ཤ། མུ་ར་ཏྲི་ཤི། ཨ་ཨ་བ་དྲུག་སུ་རུ་ན་ས། ཧ་ཧེ་སེ་ནི་ཛ་ཡ་དུ་བ་ཡ་བི་ཡ་ཧཱུཾ། ཨ་བ་ཡ་ཏྲེ་པ་ལ་པ་ཏྲ་ཏ། བདུད་ཀྱི་སྙིང་པོ་དེ་རྣམས་དང་།། ལྕམ་དྲལ ་འཁོར་བཅས་དྲོལ་བ་ནི།། ཨོཾ་ན་མོ་ཏི་པ་ལི་ལི། མ་ཁུ་རི་ཐུམ་རུ་ནུ་ནུ་ཏྲ་ཏྲ་རུ་དུ་རུ་དུ་རུ་ཛ་ཛ་ཧཱུཾ་བཛྲ། སྟོང་ངམ་བྱེ་བས་ཡ་བཟླས།། སྟོང་གསུམ་མུན་པར་གཏོད་བྱེད་ན།། མུན་པའི་དུམ་བུ་དུག་ཁྲག་ཁོལ།། ཉི་མ ་གསད་པའི་སྙིང་པོ་བཟླས།། རང་སྔགས་མཇུག་ཏུ་མུན་འཐིབས་བརྗོད།། སྟོང་གསུམ་བདུད་ཀྱི་ལྕམ་དྲལ་གྱིས།། སྐད་ཅིག་ཙམ་ལ་གཡོ་འགུལ་གཏོང་།། ལས་ལ་སྦྱར་ཏེ་བསོད་བྱེད་ན།། རབས་ཆད་ནག་མོའི་ཐོད ་པ་རུ།། དུག་དང་ཀླད་ཁྲག་སྦྱར་བ་ཡིས།། གཏུམ་ཆེན་བསྟོད་པ་བདུད་རྣམས་སྤོང་།། ཧཱུཾ་ནམ་མཁའ་མཐའ་ཡས་ཀློང་དཀྱིལ་ནས།། ཡབ་རྗེ་ཤན་པ་དབུ་གསུམ་ཕྱག་དྲུག་པ།། གནས་འདིར་མུན་འཐིབས་དམ་ལ ་ཤོག། མུན་པ་འཐིབས་པའི་ཀློང་དཀྱིལ་ནས།། ཡབ་བཞེར་ནག་པོ་ཐོག་འབྲུག་སྐུ།། གནས་འདིར་མུན་འཐིབས་དམ་ལ་ཤོག། ཤར་ཕྱོགས་རུས་པའི་གཞལ་ཡས་ནས།། ཤར་བདུད་རིལ་པོ་རལ་པ ་ཅན།། ཞེ་སྡང་ཐུན་འཐིབས་དམ་ལ་ཤོག། ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ན།། སྲོག་བདུད་སྔོན་པོ་རལ་པ་ཅན།། སྲོག་ལ་མུན་འཐིབས་དམ་ལ་ཤོག། ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས།། ཀླུ་བདུད་ཡོར་པོ་ཞགས་པ ་། ཅན།། ཟླ་བདུད་ཟླ་བ་མུན་འཐིབས་དམ་ལ་ཤོག། བྱང་ཕྱོགས་རླུང་གི་ཞིང་ཁམས་ནས།། སྲོག་བདུད་སེར་པོ་རལ་པ་ཅན།། སྲོག་ལ་མུན་འཐིབས་དམ་ལ་ཤོག། ཚེ་བདུད་སྐྱོན་གྱི་རལ་པ་ཅན།། ཚེ་ལ་བར་ཆོད་དམ ་ལ་ཤོག། སྲིད་པ་འཁྲིགས་པ་སེམས་ཀྱི་བདུད།། ཡི་མ་མུན་འཐིབས་དམ་ལ་ཤོག། དཀར་པོ་འབར་བའི་སྤྱན་མངའ་བ།། སྔོན་པོ་སྟི་ར་སྲིན་པོའི་འཁོར།། དམར་པོ་གཡུ་འབྲུག་ཀླུ་བཙན་འཁོར།། སེར་པོ་ཀླུ་ཤམ ་དབང་ལྡན་འཁོར།། དཀར་ལྗང་ཁུག་མགོ་དྲི་ཟའི་འཁོར།། སྔོ་ནག་སྲེག་བྱེད་ཡ་མའི་འཁོར།། དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ནག་གཏིབས།། ཨོཾ་ཧ་ན་ཧ་ན། ཏིཥྛ་ཏིཥྛ། རུ་ཏྲ་མ་མ་པྲ་མ་མ་ཧཱུཾ། ཁ་ཏྲི་ཛ་མུན་ཏྲི་ཛ། ་ཤོ་ན་ཏི་ཛ། ཡཀྐ་ཛ་ཛ། མ་ཏྲི་ཛ། ཁ་ཏོར་ཛ། ཛ་ཧཱུཾ་རྦུད་རྦུད། ཁ་ནི་རྦུད། པོ་ལ་ཀུན་དན་རྦུད། དུ་རུ་རྦུད། ཁལ་བུ་རྦད། ཤེད་ཅི་འགི་པོ་ཅིག་ཁ་ལ་དྲུག་ཏི་མུག་ཧ་རྦུད་སྭཱ་ཧཱ། ཛ་ཛ་ནག་གུམ་ཐུམ་རི་ལི་རི་ལི། ཁ་ལེ ་ཁ་ཤག་ཟུམ་ཁ་ནན་ཧ་ར་རྦད། ཆུ་བ་གུག་རིལ། ཀུན་རྨམ་ཁྲག་རིལ་སྲོག་དྲུད་རིལ། དེ་ནས་གསད་ཅིང་གཟིར་བ་དང་།། གནན་ཅིང་སྦར་དང་བསྲེགས་ཅིང་གཏད།། འཁོར་ལོ་བྲི་བྱའི་ཡི་གེ་དགོད།། དབྱེ་དང ་དགུག་དང་སྙིམ་པའི་ལས།། མན་ངག་བཞིན་དུ་འགྱུར་ན་ནི།། ཐེ་ཚོམ་མེད་པར་བརླག་པར་བྱེད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གཉིས་པའོ།། ། དེ་ནས ་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། གདུང་གསང་བའི་ཚུལ་དུ་བསྒྲུབ་པ་འདི་གསུངས་སོ།། ཐོག་མར་དད་པ་རབ་ཏུ་བསྐྱེད།། བསོད་ནམས་ཚོགས་ཀྱི་ཡན་ལག་བསག། ནག་པོ་བག་གི་རྩར་ཕྱིན་ལ།། ལྟར ་ལུས་ཙ་ན་འབབ་རྩ་ཆུས།། གུར་གྱིས་དོང་དུ་ས་བླངས་ལ།། སྟེགས་བུ་འདོམ་གང་གྲུ་བཞི་རྩིག། མི་ཁྲག་རྟ་ཁྲག་ཁྱི་ཁྲག་དང་།། རྒྱལ་པོ་བསྒྲེས་པས་ཆག་ཆག་བཏབ།། དབུས་སུ་མཁྱེད་གང་གྲུ་གསུམ་བྲུད།། ཟླ་གམ ་དམར་པོ་ཐོད་ཕྲེང་དཀར།། གྲུ་ཆད་ལྗང་གུ་སྒོ་བཞི་སེར།། མདུད་པ་ཧུ་ནུ་ཚག་ཤ་ཁ།། དོང་ལ་གཟུགས་ནི་དབུས་སུ་དགོད།། ལྕགས་སམ་མཆོག་གི་ཕུར་པ་ལ།། གཤེད་པོར་བྱིན་བརླབས་དབུས་སུ་དགོད།། བ་དན ་ནག་པོའི་རྩེ་བཞི་ལ།། ཕྱོགས་བཞི་བདུད་ཀྱི་གཟུགས་བྲིས་ལ།། ཤར་དུ་ཁ་ལེ་ཁྱབ་པར་དགོད།། ལྷོ་རུ་ནག་པོ་བཀྲག་མེད་དགོད།། ནུབ་ཏུ་སོ་འདར་འཁྲིགས་པ་དགོད།། དྲི་ཟ་ཁྱུང་བཙུན་ཤར་དུ་དགོད།། ཕག ་། དཀར་ཉི་རིང་ལྷོ་རུ་དགོད།། ངང་ཟན་འབྲུག་སྐད་ནུབ་ཏུ་དགོད།། ན་བུན་སྟུག་པོ་བྱང་དུ་དགོད།། བཀའ་འཁོར་སྐྱོང་བའི་གནོད་སྦྱིན་བདུན།། ཕྱག་བརྙན་བཅུ་གསུམ་ཁྲག་གི་གདང་རལ་ཅན།། སྤྲུལ་པ ་བཅུ་གསུམ་སྟག་དང་གཟིག་ཆས་ཅན།། ན་བུན་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན།། ཕོ་ཉ་བཅུ་གསུམ་སྟག་སྤྲེའུ་ཐོད་པ་ཅན།། ཕྱག་བརྙན་མོ་རྣམས་རེ་བའི་གོ་ཆོ་ག་ཅན།། སྤྲུལ་པ་མང་པོ་སོལ་བའི་ལན་ཚྭ་ཅན།། མོ ་། ན་མོ་བཅུ་གསུམ་ཞ་ཉེའི་རྒྱལ་ལོ་ཅན།། ཕོ་ཉ་མོ་རྣམས་མགྲོན་བུའི་ཐོད་ཀ་ཅན།། གྲུ་ཆད་ཁྱམས་དང་སྒོ་ལ་དགོད།། དེ་ལ་དམ་རྫས་བཤམ་པ་ནི།། རབས་ཆད་མོན་གྱི་ཐོད་པ་རུ།། པྲ་སྲན་གཏོར་མ་ཆ་གཅིག་དང་།། ་ལུག་ནག་སྤྱི་དཀར་བྱ་རོག་དང་།། རྟ་ནག་སྙིང་དཀར་གསུམ་གྱི་སྙིང་།། སྲོག་པ་རྩ་དང་མ་བྲལ་བ།། དགྲ་བོའི་མིང་རུས་དུ་ཡོད་རྣམས།། གྲོ་ག་འམ་ཤིང་ཤུན་བྲིས་ལ་གཞུག། བྱ་རོག་གསོབ་དང་སྨྱུང་ཀའི་གསོབ།། ་བརྒྱངས་ཏེ་ཤར་ནུབ་ཁ་བསྟན་བཞག། ཆང་ཕུད་ནང་དུ་གསེར་བདར་ལ།། དངུལ་སྐྱོགས་གང་ཡང་བཞག་པར་བྱ།། གཡབ་དར་ནག་པོས་གཡབ་ཚུལ་བྱ།། ལུག་ནག་ལྕགས་རུ་གསེར་མིག་ལ།། རེ་བའི་སྐྱེ་ནི་ཁལ ་དུ་བཀལ།། གཡས་སུ་ཕོ་རྣམས་མིང་རུས་གཞུག། གཡོན་དུ་མོ་རྣམས་མིང་རུས་གཞུག། སྔོན་དམར་སྐུད་པས་གོང་རྨེད་བྱ།། རཱ་ལ་དར་ལྕེ་མཐིང་ནག་གསུམ།། མིག་གཉིས་ནང་དུ་རིན་ཆེན་བདར།། དར་དཀར ་ཡུག་གིས་མིག་གཉིས་དགབ།། དཀྱིལ་འཁོར་བྱང་ཤར་གྲ་རུ་གདགས།། དུར་ཁྲོད་རས་ལ་འཁོར་ལོ་བཅོས།། ཐོད་པར་དུག་ཁྲག་བསྲེས་ཏེ་དགང་།། གོས་ནག་གོན་ལ་ཐོད་ནག་བཅིངས།། བདུད་ཀྱི་གཡབ་དང ་ལག་ཏུ་ཐོགས།། གཏུམ་ཆེན་བསྟོད་ལ་བདུད་རྣམས་སྤད།། དྲག་སྔགས་འདི་བཟླས་མངོན་དུ་འགྱུར།། ཧཱུཾ་ཕཊ། འབའུ་ལིམ་པའི་ཨ་མ་པྲ་མ་མ་ཤ་ར་ཡ་ཧཱུཾ་ཧེ་ས། མེད་འགའ་མེཿཡེ་ཧཱུཾ་ཕཊ། འབུམ་ཕྲག་བཟླས་ནས ་གང་ཡང་འགྲུབ།། དེ་བཞིན་བསྒྲུབས་ན་མངོན་སུམ་འགྱུར།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་གསང་བ་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད ་པོས། འཇིག་རྟེན་གྱི་ཁམས་མེས་བསྲེགས་པར་བྱེད་པའི་ཇི་ལྟར་བསྒྲུབ་པ། འདི་གསུངས་སོ།། བྲག་དམར་རྩ་འམ་དུར་ཁྲོད་དུ།། ས་བདག་དག་ལ་ཀླུ་གཏོར་གཏང་།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། ར ་དམར་ཁྲག་གིས་ཆག་ཆག་བཏབ།། དབུས་ཀྱི་ལྟེ་བ་དམར་མོ་ལ།། ཟླ་གམ་དམར་པོ་བརྒྱད་ཀྱིས་བསྐོར།། ཟླ་གམ་རེ་ལ་མ་ར་ཡཱ།། ལྕགས་རི་དམར་པོ་འབར་བ།། ས་དམར་བསྲེགས་འགྲམ་ཕྱི་རྟེན་བཅའ།། དབུས ་སུ་བཤོས་བུ་ཁྲུ་གང་བཞག། ར་དམར་ཁྲག་གི་དམར་པོ་བྱུག། ཟ་མགོ་མདའ་གང་བ་ཡང་གདགས།། ར་ལྕགས་དམར་པོ་མདའ་གང་གདགས།། ཟེར་མོ་ལྡེམ་པའི་ཕོད་ཀྱིས་བརྒྱན།། དབུས་ཀྱི་ཟླ་གམ་སྟེང་དུ་བཞག ་དུར་ཁྲོད་རས་ལ་འཁོར་ལོ་བྲི།། རྩིབས་བརྒྱད་པ་རུ་བྱ་བར་བཤད།། ཨོཾ་ལ་ལི་པྲ་མ་ནི་ཙ་རིལ་དགྲ་བོ་ནརི་ཛ། སྲོག་རྩ་ཐལ་བ་ནི་བམ་རིལ་དགྲའོ་ནརི་ཛ། ཀྲོ་ཏི་ཁ~ཾ་ཀི་ལ་ཡ་ཤ་ལ་བམ། རོ་ལི་རོ་ལི་དགྲ་བ ་ནརིནི་ཛ། ཨོཾ་ཏྲི་གམ་ཤམ་མ་ར་ཡ་བམ་རི་ལ་རིལ་དགྲ་བོ་ནི་ཛ། མུ་ཏྲི་མ་ར་ཡ་བམ་དགྲ་བོ་ནི་ཛ། རེ་ཏྲི་མ་ར་ཡ་བམ་རི་ལ་རིལ་དགྲ་བོ་མ་ར་ཡ་ནརི་ཛ། ཧཱུཾ་ཤ་ཥྱཾཿ། དུ་མ་ར་ཡ་དགྲ་བོ་རི་རི་ལ་རིལ་དགྲ་བོ་ནརི་ཛ། རབ་གསང ་དཔོན་གཡོན་བརྒྱུད་པའོ།། སྙིང་པོ་དྲན་ཞིང་བརྗོད་པར་བྱའོ།། སྲོག་ལ་ལི་པྲ་མ་ནི་དམ་ཉམས་དགྲ་བོ་ལ་ཛཱ་ཛཱ། སྲོག་དམར་དམ་ཉམས་དགྲ་བོའི་སྲོག་ལ་ཛཱ་ཛཱ་ཛཱ། ཀྲི་ཏ་ཀཱི་ལི་མ་ར་ཡ་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛཱ། ་སྲོག་ལ་མ་ར་ཡ་ནི་དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛཱ། སྲོག་གཱ་ཏི་ཀྱ་ཤཾ་མ་ར་ཡ། དམ་ཉམས་དགྲ་བོ་ལ་ཛཱ་ཛཱ་ཛ། སྲོག་ནི་ཤམ་ཏྲི་མ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། སྲོག་མུ་ཏྲི་དེ་ཏྲི་དམ་ཉམས་དགྲ ་བོཔོའི་སྙིང་ལ་ཛཱ་ཛཱ་ཛ། དམིགས་པའི་གཟུགས་ལ་སྔགས་ཤིང་རྡེག། གཤིན་རྗེ་བསྟོད་པ་བཙན་རྣམས་སྤད།། ཧཱུཾ་འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས།། མེ་འོད་འབར་བའི་ཞིང་ཁམས་ནས།། མི་རེང་དམར་པོ ་མདུང་ཙམ་ཞིག། དབུ་ལ་བསྐལ་པའི་མེ་དཔུང་འབར།། འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག། སྨིན་མ་བསྐལ་པའི་ལྕགས་ཀྱུ་འཁོར་བ་འདྲ།། སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་ཟློག། སྐུ་ལ་ལེབ་རྒན་དམར ་པོའི་འཇོལ་བེར་གསོལ།། གཡས་ན་བཙན་གྱི་ཞགས་པ་དམར་པོ་དགྲ་ལ་འདེབས།། གཡོན་པ་འུག་པའི་ལྟས་ངན་འབེབས།། ཞབས་ལ་ལྕགས་ལྷམ་ཐུལ་བུ་གསོལ།། སྦྲུལ་ནག་སྟོང་གི་ཚུན་འཁོར་ཅན།། སྐར་ཆེན ་དམར་པོའི་ཚར་ཚར་ཅན།། བཞུགས་ནི་གླིང་བཞི་ཁྱབ་པར་བཞུགས།། ནམ་གྱི་གུང་ལ་རྒྱུ་ཙ་ན།། བྲག་གི་ཝ་མོ་ཁ་ནས་ཆི་བས།། ཉི་མའི་ཟེར་ལ་རྒྱུ་ཙ་ན།། ཆིབས་སུ་ལྟས་ངན་གླ་བ་ཆིབས།། ཉི་མའི་གུང་ལ་རྒྱུ་ཙ་ན།། ་ཆིབས་སུ། བླ་བོ་གཏིང་མ་མ་\ུ0f7f་ཀར་ཆིབས།། དམ་རྫས་གཏོར་མ་འདི་ལོངས་ལ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། འཁོར་གྱི་བཙན་རྣམས་ལས་ལ་བསྐུལ།། འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཟོང་།། ་དགྲ་བོའི་རྣམ་ཤེས་བརྒྱད་པོ་ཐལ་བར་རློགས།། སྐྱེས་བུ་ཆེན་པོ་དགྲ་ལ་ཡ།། རབ་སྔགས་མཆེད་དགུ་དགྲ་ལ་ཡ།། བཙན་གྱི་ཞགས་པ་ད་སྔོགས་ལ། ཁ་རེ་དགྲ་ལ་ད་ཟོངས་ཤིག། ཁྲག་སྦུགས་གཟེར་ཐབས་ཕུར ་གྱིས་ཐོབ།། ཅེས་འཕྲིན་ལས་བཅོལ་ནས། ལོ་དང་ཟླ་བར་བརླག་པར་འགྱུར་རོ།། ཙ་ར་ཁམ་རོག་རྟེན་དུ་བཅའ།། བྱེ་ཡི་འཛིན་དང་སྟག་ཆུང་དང་།། ལག་སོར་རྣམས་གོང་བཞིན་དུ་སྦྱར།། ཆང་ཕུད་གཏོར་ཞིང་ལས ་གཉེར་གཏད།། རྟགས་ཕྱིན་པ་དང་གཏང་རག་གཏང་།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་བསྲེགས་པ་བཙན་ཟླ་གསང་བ་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བཞི་པའོ།། །། དེ་ནས ་@#།། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་ནང་ལྟར་བསྒྲུབ་པ་འདི་གསུངས་སོ།། གོང་གསུམ་ཁའམ་བྲག་དམར་རྩར།། དུར་ཁྲོད་ནགས་ཁྲོད་འཐུག་པོ་རུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། ་དུག་དང་ཆང་གིས་ཆག་ཆག་བཏབ།། དབུས་སུ་གྲུ་གསུམ་མཐའ་རུ་བསྐོར།། མུ་སུ་ར་ཡི་ཐོད་པ་རུ།། རྡོ་སྦར་པ་ར་ས་ལ་ཐོགས།། ཏིལ་དམར་བསྲེས་ཏེ་བཞག་པར་བྱ།། དེ་ལ་ཟླ་གམ་གསུམ་གྱིས་བསྐོར།། ཕྱི་རིམ ་འཛམ་བུ་གླིང་བཞི་བསྐོར།། ལྕགས་རི་ལ་སོགས་མེ་རི་བྲི།། དབུས་སུ་ཡ་མ་གཤེད་པོ་སྟེ།། ཟླ་གམ་གསུམ་ལ་ཡུམ་དང་སྲས།། ཟླ་གམ་སྟེང་དུ་བཙན་གྱི་རྒྱལ།། རྡོ་རྗེ་རིགས་བྱ་གསེར་མིག་མདོག། ལྷོ་རུ་རྡོ་རྗེ ་གྲགས་མཆོག་འགོད།། ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་དགོད།། ཡབ་ཡུམ་སྲས་བཅས་ཤམ་པ་ཡང་།། མི་ཤ་རྟ་ཤ་གཏོར་མར་གཏང་།། སྙིང་ཆེན་ཞིག་ལ་བསྟན་ཏེ་བསྒྲུབ།། ཕྱོགས་བཞིར་གཏོར་མ་བཞི་བྱས་ལ།། ་གཤུ་བོ་མཆེད་བཞིའི་སྲས་སུ་དགོད།། ར་དམར་སྙིང་དང་བྱ་སེ་དང་།། རྟ་མཚལ་སྙིང་ལ་བཙན་རྣམས་བསྟེན།། བྱང་རྒོད་མདའ་ལས་ལེབ་རྒན་དང་།། ལག་ཏུ་ཐོགས་ལ་རྟག་ཏུ་དབབ།། དྲི་བོའི་ཐོད་པར་ར་མ ་བཙའ།། རྟག་ཏུ་ར་བཙན་རྒྱུན་དུ་བཏང་།། གསེར་སྐྱེམས་ལ་སོགས་གསེར་བསྐྱངས་པས།། རྟག་ཏུ་བཙན་རྣམས་མཆོད་པར་བྱ།། ཤུག་པ་བླ་ཞིང་གླིང་བུ་བུར།། རྟག་ཏུ་ཉུངས་དཀར་ཉུངས་ནག་ལ།། སྔགས་བཟླས ་གྲུ་གསུམ་ཐོད་པར་བསིལ།། རྣམ་གསུམ་ཏིང་འཛིན་བསྐྱེད། ཨ་བ་ཤུ་མ་ར་ཡ་ཙ་བེ་ནི་མ་ནན་ཏི། དྲི་ཤམ་རྦད་ཛཱ་ཏི་ག་ཏི་ག་ཏི། སན་ཧ་ར་ཤུན། ཙིཏྟ། འབའ་མི་\ུ0f7f\ུ0f7f། ཀུ་རུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་འགྱུར་ན། ་སྐུ་ཡང་མངོན་སུམ་སྟོན་པར་འགྱུར།། གཞན་ཡང་རྟེན་སྲབ་སྒྲ་དང་བཅས།། མི་མེད་གཤུགས་པ་དི་རི་རི།། དེ་དུས་ལས་ལ་སྦྱར་བར་བྱ།། གཤེད་པོ་བསྐུལ་བ་བཙན་རྣམས་སྦད།། འཇིག་རྟེན་མེ་ཡིས་བསྲེགས ་འདོད་ན།། རྡོ་སོལ་རྫས་སྦྱར་དམ་རྫས་ལ།། རྩ་བའི་སྔགས་ལ་རམ་རམ་སྦྱར།། དེ་ཡི་རྫས་སྦྱོར་རབ་ཏུ་གཅེས།། མན་ངག་ལས་སུ་ཤེས་པར་བྱ།། གསད་པའི་ལས་དང་འདྲ། གཙོ་རུ་རང་གི་དམ་ཚིག་བསྲུང་།། ཏིང ་ངེ་འཛིན་གྱིས་སྤྱོད་ལམ་བྱ།། ཡེངས་ན་གང་ཡང་མི་འགྲུབ་སྟེ།། རྟག་ཏུ་མི་དང་མིར་མི་བྱ།། ཐ་མར་བཅས་པའི་ཐོད་པ་དེ།། གོམ་གསུམ་བཙལ་གྱི་འདྲུལ་སའམ།། བྲག་བཙུན་ཡོད་སར་སྒྲ། གང་ལ་བྱ་བ་འཇོམས ་པར་འགྱུར།། དཔལ་ཟླ་གསང་ནག་པོའི་རྒུད་ལས། འཇིག་རྟེན་མེས་བསྲེགས་བཙན་ནང་ལྟར་བསྒྲུབ་པའི་ལེའུ་སྟེང་ལྔ་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོས། བཅན་གསང་བ་ལྟར་བསྒྲུབ་པ་འདི ་གསུངས་སོ།། མགོན་པོ་དུར་ཁྲོད་ལྟ་བུ་རུ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིགས།། དབུས་སུ་རབས་ཆད་ཐོད་པ་རུ། ཁྲག་བསོགས་དུག་བསོགས་རྡོ་སོལ་དང་།། དུར་ཁྲོད་རས་དང་ཏིལ་མར་དང་།། ་དམར་སྙིང་དང་ཏིལ་དམར་བླུགས།། མིང་དང་རུས་བྲིས་ཐོད་པར་གཞུག། བསེ་ཕོར་ཟངས་ཕོར་ཐོད་པ་དག། བདུད་ཞགས་སྲོག་སྙིང་ཐོད་པ་རུ།། ཨོཾ་དེ་ཏྲི་མ་ནན་ཛ། མུ་ས་མུ་ས་མ་ར་ཡན་ཡ། དགྲ་བོ ་ཆེ་གེ་མོ་སྲོག་བྲེང་བྲེང་། ཐུམས་བྷྱོ་ཛ་ཛ། འདི་ནི་རབ་ཏུ་མི་བསྒྲུབས་སྔགས།། ཐོད་པའི་ནང་དུ་འབུམ་དང་བཟླས།། ཐོད་པ་ནག་ལྗོངས་འཐུག་པོའམ།། རི་ལས་སྦས་ན་རི་མེས་ཚིག་ཁྱད་པར་རྒྱ་མཚོ་ལྟ་བུ་འམ།། ་ཆུ་མིག་སྦས་ན་ཆུ་ཡང་ཁོལ།། དགྲ་ཡི་གདུང་གསེབ་སྦས་འགྱུར་ན།། འཛའི་ད་ཏའི་འབྲས་ལ་སྔགས་ནས་ཕྱོགས་སུ་ས་གཏོར་ན། སྦྲུལ་ཆེན་པོ་ཁང་པའི་ནང་དུ་འོང་བར་འགྱུར། རྡོ་སོལ་དང་སྦྱར་ནས་བནྡྷའི་ནང ་ཆང་དང་རྩཝ་གསེབ་བམ་ཤིང་གསེབ་ཏུ་སྦས་ན་ཐམས་ཅད་འཚིག་པར་འགྱུར་རོ།། རྡོ་སོལ་ལ་བཟླས་ལ་ཆང་གྲལ་དུ་གྲོགས་པོའི་ཆང་ལ་བཏབ་ན། མེ་རིང་གིང་འོང་བར་འགྱུར་རོ།། བསེ་ཞོ་དང་བཙན་དུག་སྦྱར་མ ་ལ་བཏབ་ནས། དགྲ་བོའི་ལུས་སེམས་ལ་རེག་པས་གོང་ལ་བསྐུས་ན། ལྡོག་པ་དཀར་པོས་འཆི་བར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་མེས་བསྲེགས་པའི་བཙན་གསང་བ་ལྟར་བསྒྲུབ ་པའི་ལེའུ་སྟེ་ང་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱམས་ཁྲག་ཏུ་དབབ་པ་འདི། ཁྱབ་འཇུག་གཟི་གསུངས་འདི་གསུངས་སོ།། གཟའ་ཕྱི་ལྟར་བསྒྲུབ་པ་འདི་བཤད། ཐོག ་མར་དད་པ་རབ་ཏུ་གཅེས།། རི་གསུམ་རྩེ་འམ་དུར་ཁྲོད་དུ།། དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱས་ཤིང་།། དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད།། དགོས་པ་གྲུབ་ཕྱིར་མན་ངག་བསྒྲུབ་པར་བྱ།། མན ་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་།། བསྙེན་པ་བྱ་ཕྱིར་མཐུན་རྫས་འབད་དེ་གསག་ཁྱབ་འཇུག་ལས་ཀྱི་གོ་རིམ་ནི།། གཞན་ཡང་མཐུན་པའི་ཆོ་ག་དག། མཆོད་གཟུང་དབང་དང་གསོལ་བ་བཏབ།། ་གཏོར་མ་ལ་སོགས་ཆོ་ག་བྱ།། བརྒྱད་ལ་ལྷོ་ཤར་མཚམས་རྣམས་སུ།། དབབ་གསད་ལས་ཀྱི་གོ་རིམ་ནི།། ཚེས་གྲངས་ཕྱོགས་མཐུན་པ་དང་།། སྤྲུལ་པའི་ཡན་ལག་འཇུག་པའོ།། གོ་རིམ་སོ་སོར་སྦྱོར་བ་ལ།། བཞི ་ལ་སྲུལ་ནས་ཤར་དུ་སྲོད།། མ་མོར་སྲུབ་ཏེ་རྐང་པ་གཡས།། བརྒྱད་པ་ཤར་ལྷོ་མཚམས་ནས་སུ།། ཉི་མ་དྲོས་ནས་ནུབ་བྱང་དུ།། དགྲ་བླའི་རྒྱལ་པོར་སྤྲུལ།། བཅུ་གཅིག་འཇིགས་པ་བྱང་ནས་ལྷོར།། བདུད་དུ་སྤྲུལ་ཏེ ་ལག་པ་གཡས།། བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས།། བྱང་ཤར་མཚམས་སུ་རྒྱུ་བ་སྟེ།། སྲིན་པོར་སྤྲུལ་ཏེ་མགྲོན་པོ་འགྲོ།། བཅོ་བརྒྱད་ནམ་ཕྱེད་ཤར་ནས་ནུབ།། དམུ་རུ་སྤྲུལ་པའི་དཔུང་མགོ་གཡོན།། ཉི་ཤུ་གཉིས་ལ་ཉི ་མ་ནུབ།། ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ།། གཤིན་རྗེར་སྤྲུལ་ནས་ལག་པ་གཡོན།། ཉི་ཤུ་ལྔ་ལ་ལྷོ་ནས་བྱང་།། སྐྱ་རེངས་ཤར་དེ་དཔུང་མགོ་མིག། ཀླུ་བཙན་དག་ཏུ་སྤྲུལ་པའི་འགྲོ།། ཉི་ཤུ་དགུ་སྟེ་བསྐུར་ཆུང ་། ནས།། བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ།། བཟའ་བདུད་ཆེན་པོར་སྤྲུལ་ཏེ་འགྲོ།། དེ་ཡི་དབང་གསང་སྦྱོར་བ་ནི།། ཕྱོགས་ཀྱི་གནོད་སྦྲུལ་རེ་རེ་ལས།། གསང་བའི་སྦྱོར་བ་སོ་སོར་བྱ།། གནོད་སྦྲུལ་སོ ་སོར་རྒྱུ་བ་སྟེ།། མ་མོར་སྤྲུལ་པའི་གཟུགས་བརྙན་ནི།། ནག་མོ་ཆེན་མོ་རལ་པ་ཅན།། འཇིགས་པའི་རྒྱན་ཆ་མང་པོ་དང་།། ལག་ན་ཐོད་ཁྲག་འཐོར་ཞིང་རྒྱུ།། རླུང་ནག་ཐོད་ན་རྫི་བ་རྒྱུ།། རྒྱལ་མོ་སྔོ་སྐྱ་བཀའ་དར ་ཐོགས།། སྔོ་སྐྱ་ཞོན་ཏེ་འཇིགས་པའི་གཟུགས།། སྒྲ་དང་སེར་བས་མཚན་པའོ།། སྤྲུལ་པ་བདུད་ཀྱི་ཐབས་ནག་པོ།། ལག་ན་གྲི་ནག་ཞགས་པ་ཐོགས།། རྟ་ནག་ཞོན་ཏེ་གདོན་དང་ཆས།། བཙན་ཐབས་དྲག་པོའི་ནད ་རྣམས་དང་།། དུས་མེད་མཚན་མ་མང་པོ་འབྱུང་།། འཇིགས་པ་སྲིན་པོ་སྔོ་ནག་ལ།། མིག་རྩ་དམར་ལ་བགྲད་པའི་མིག། མཆེ་བ་གཙིགས་ཏེ་ཟ་བ་ཡིས།། མདའ་གཞུ་ཐོགས་ཏེ་གདོན་དང་སྦྲུལ།། རླུང་ནག་འཚུབ ་མར་ཆས་ཏེ་འོང་།། སྦྲུལ་རླུང་ཐོག་སེར་བ་འབེབས།། དམར་པོ་ཁྲག་གི་ཐིག་ལེ་ཅན།། བ་ལང་ཞོན་ཏེ་འཇིགས་པའི་གཟུགས།། མཚན་མ་ཐོག་སྣ་སྲིན་དང་འཁྲུག། ཀླུ་གདོན་དྲག་པོའི་སྤྲུལ་པ་ནི།། སྦྲུལ་ནག་ཆེན་པོ ་སྤྲུལ་པའི་གཟུགས། ཁྲོས་པའི་ཚུལ་གྱིས་རྒྱུད་ཅིང་འགྲོ།། ཆུ་དྲག་གློག་དང་བཅས་པ་ཡི།། ནག་པོ་ཆེན་པོ་འཁོར་ལོ་ཐོགས།། གདན་གྱི་གཙོ་བོ་སྤྲུལ་ཏེ་འོང་།། རྒྱུད་པའི་ངང་མཚུངས་དེས་ན།། མཚན་མོ་མྱུར་དུ་འབྱུང ་བར་འགྱུར།། དེ་ལ་དབབ་གསད་སྦྱོར་བ་བརྒྱད།། དེས་བརྒྱུད་པའི་དུས་སུ་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲུ་བཞིའི་དཀྱིལ་འཁོར་དབུས་སུ་ནི།། ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་དགོད།། ཨེ་དགུ ་ནག་པོ་འཁོར་ལ་བསྒྲལ།། འཁོར་ལོའི་རྩིབས་ལ་སྤྲུལ་པ་བརྒྱད།། དབབ་གསོད་སྦྱོར་བ་བྱ། དབུས་སུ་གཤེད་པོ་ཡབ་ཡུམ་ལ། ཁཱ་ཧི་བཅས་པའི་གཏོར་མ་སྦྱིན།། ཕྱོགས་མཚམས་བརྒྱད་ཀྱི་སྤྲུལ་པ་ལ།། སོ་སོར ་ལས་ཀྱི་བྱ་བ་བརྩམ།། དགུག་དང་འདེག་དང་སྟིམ་པའི་ལས།། གྲོགས་པོའི་ཚུལ་དུ་གོང་ན་མེད།། བསྲེག་དང་མཆོད་པ་ལ་སོགས་པ།། ཕྱོགས་ནས་དྲངས་ཏེ་ཞལ་དུ་དབུལ།། ཕྱོགས་མཚམས་བརྒྱད་དུ་གསོད་པ ་སྟེ།། དབུས་ཀྱི་ཨེ་ལས་བསྲེགས་པའོ།། རྒྱུད་པའི་དུས་དང་མཚུངས་ངེས་ན།། ཕུང་བར་འགྱུར་ཏེ་གདོན་མི་ཟའོ།། གདོན་དང་དབྱེ་བ་རྣམ་པ་གཉིས།། གདོན་གྱི་རྫས་ལ་ནུས་པ་ཡོད།། ཕྱེ་མ་གདོན་གྱིས་བྱ་བ་བྱེད།། ། ་གཟའ་བདུད་རྒྱུ་བའི་དུས་ངེས་ན།། རྗེས་དང་འདྲི་བའི་མདའ་ས་དང་།། གོས་དུམ་ལོ་མའི་སྙིང་པོ་ལ།། གདུག་པའི་གཟུགས་བརྙན་བཞི་བྱས་ཏེ།། རྣམ་གྲངས་ནང་དུ་བྱས་པ་ཡི།། གོང་གི་རྗེས་སུ་ཚང་པ་གསུམ།། ་བསྲེས་ཏེ་གཟུགས་བརྙན་བྱ་བར་གསུངས།། མྱུར་དུ་གསད་པའི་སྦྱོར་བ་ནི།། གོང་མའི་སྟེང་དུ་ལྟ་བས་བྱ།། གོང་མ་བཞི་ལ་ལྕགས་ཕྱེ་དང་། ཁྲག་གི་སྦྱོར་བས་དྲི་ཉིད་དུ།། ཏིལ་དང་ཉུངས་ནག་སྐྱེ་ཚེ་དང་། ཁྲག་སྣ ་མུ་ཟིས་གུ་གུལ་དང་།། གོང་གི་རྫས་ཀྱི་མ་ངེས་གསད།། དུར་ཁྲོད་རས་སམ་ཤིང་ཤུན་ལ།། རྒྱལ་ལུ་བྱས་ཏེ་སྨུག་ནག་བཞག། ཡང་ན་སྔོན་ནག་དམར་པོར་བྱ།། དེ་ལ་བརྣག་པའི་སྦྱོར་བ་བྱ།། དེ་བརྣག ་པའི་མྱུར་དུ་དབབ་པའི་ལས་ནི། དམ་ཚིག་ཡུལ་གྱི་ཆུ་སོགས་བསག། ཡུགས་ས་མོ་འམ་རབས་ཆད་ཐོད།། ཡང་ན་མཛེ་ཅན་ཐོད་པ་རུ།། ར་ཁྲག་ཁྱི་ཁྲག་མི་ཁྲག་དང་།། མངལ་ཁྲག་ལ་སོགས་སྨེ་ཁྲག་ཅན།། ཆུ་ཁམས ་ཁྲག་ཏུ་འོང་བར་ངེས།། རྡོ་སྣ་དུག་སྣ་གུ་གུལ་སྦྱར།། གང་འབེབས་ཆུ་མིག་ཀླུ་ཡོད་སར།། བསྲེགས་མ་མ་བསྐོལ་ཀླུ་རྣམས་དང་།། དུས་ཚོད་གཟའ་གདོང་ཐུགས་གང་ན།། ཆུ་ཁམས་ཁྲག་ཏུ་འོང་བར་ངེས།། མ་ཧཱ་ཙན ་དྷ་རཀྵ་ཏི་ཏ་ནི་ཁ་ཡ་རུ་ཏྲ་མ་ར་ཡ་ཆེ་གེ་མོ་ལ་དྲི་བྱོ་ཨི། ཞེས་བྱ་བ་ནི། སྤྲུལ་པའི་སྲིན་པོའི་གདོན་གྱིས་གཅད་ཅིང་དབབ་པ་ཡི། ན་ག་ར་ཙ་བེ་ནི་ས་ནན་ཤྭ། ན་ག་ཛ་ར་ཤམ་ཏི་སྲན་ཏྲ་ཤ་རུ་ན། ཙིཏྟ། འབར་མི ་འགུ་\ུ0f7fཀྲྀ་ཀེ་རུ། ཀླུའི་གདོན་གྱིས་དབབ་གསད་པའི། རྨཱ་ཏི་ཙན་དྷ་དུཾ་དུཾ་འབུམ་འབུམ་ཁ་ལ་རཀྵ་ཐུམ་རི་ལ་ལི། དམུ་བདུད་སྤྲུལ་པས་དབབ་པའོ།། མ་མ་ས་མ་ཡ་ཏྲག་རཀྵ་ལ་རཀྵ་ཏ་གན་ཁ་ལ་ཡ་ཀུ་རུ། ཏེ་ཙེ་པ་ལ་ཡ། ་ཨ་ཡུ་ཤ་པ་ལ་དྷ་ར། ཨ་ན་མ་མ་དམ་ནརི། ཤ་ཡ་ནི་ཛ་ཛ། མ་མོའི་གདོན་གྱིས་བསོད་པའོ།། ཏྲི་ཀ་ལ་ཡ་ཏི་དུལ་དུལ། སྙིང་ཁ་རག་ལ་རི་ལ་རི་ལི་རི་ལི། ཆོམ་ཆོམ་རྩ་ལ་ཐུན་ཤིག་མ་ན་ཛ་ཛ། རྒྱལ་པོ་སྔོ་སྐྱ་དབབ ་གསད་པའི། ཡ་མ་ཙནྡ་ཙི་ར་ཏེ་ཙིཏྟ་ཙཀྲ་དར་ན་ཤ་ཡ་དགྲ་བོ་རྣམས་རན་སོད་སོད་ཆོམ་ཆོམ་ཤིག་ཤིག། གཤིན་རྗེའི་གདོན་གྱིས་དབབ་གསད་དོ།། རེ་ཏྲ་དེ་པོ་དེ་བ་ཏྲ་བྱི་སྣཱ་ཙན་ཏྲ་རུ་བ་ནི། རུ་རུ་ལ་དགྲ་བོ་ཙིཏྟ་ལ། ་འབུན་\ུ0f7fཛ་ཏི་ག་ཧི། ཧེ་ན་ལས་ཧ་ཙན་དྷ་མ་ནི་ཁུག་ཛ་ཛ། གཟའ་བདུད་ཆེན་པོས་དབབ་གསད་པའོ།། བདུད་ཏྲི་ནི་ར་ཏྲི། སྣ་ཏྲི་ནི་མ་ར་ཡ་མ་ཏྲི་ཏྲི་ཡ་བྱོ་\ུ0f7f། ཁམ་ཁམ་སོ་རྦད་རྦད། སྲོག་རྩ་དུན་ཆེ་གེ་མོ་ཛ་ཛ། ནརི ་ཐུམ་ཆེ་གེ་མོ་ཛ་ནརི་ཛ། ཅེས་བཟླས་གར་ད་མིཊ་ཐོགས་པ་མེད།། གཏུམ་ཆེན་ཉིད་ལ་དཔངས་བསྟོད་ཅིང་།། གཟའ་བདུད་ཆེན་པོ་རབ་ཏུ་སྤྲད།། ཧཱུཾ་རི་རབ་ཕྱོགས་བཞི་མཚམས་བརྒྱད་ནས།། ལྷ་སྲིན་སྡེ་བརྒྱད་བསྐུལ ་རེ་རན། ཁྱབ་འཇུག་ཆེན་པོ་བསྐུལ་བ་ཞེས་ཤིག། གཏུམ་མོ་ཆེན་མོ་བསྐྱོད་ཙ་ན།། གཟའ་བདུད་ཁྱབ་འཇུག་གང་གསང་འབེབས།། དེས་ནི་ཀྱིས་ཀྱང་འབེབས་བྱེད་པ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ།། འཇིགས་བྱེད ་རཀྵའི་སྤྲུལ་པའི་ལུས།། ལུས་པོ་གཅིག་ལ་མགོ་བོ་དགུ།། མགོ་ལུས་མེད་པར་མིག་གིས་ཁེངས།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། ལུས་ནི་བརྗིད་པ་དུད་པ་ཁ།། ལག་ན་ཆུ་སྲིན་ཞགས་པ་ཐོགས།། ཕ་ནི་སྲིན་ལ་མ་ནི་ཀླུ།། ་ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ།། ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས།། ཟླ་བའི་རྫས་བཅད་ཤར་དུ་བཅུག། ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག། ཉིན་མོ་རྒྱུ་ཞིང་མཚན་མོ་འཇིགས།། བར་སྣང་ཁམས་ནས་རྨུགས་ཙ ་འབེབས།། ཤར་གྱི་ཕྱོགས་ནས་བསྐྱོད་ཙ་ན།། དམུ་བདུད་ཆེན་པོ་ཧ་ལི་ག། ཙ་ནུ་ར་ཙ་ཀི་ཀང་འབེབས།། དམུ་ཡི་ཀི་ཀང་འབེབས་བྱེད་པ།། བྱང་གི་ཕྱོགས་ནས་བསྐྱོད་ཙ་ན།། བདུད་པོ་རཀྟ་འབེབས ་པའི་གཟུཊ།། བདུད་ཀྱི་ཀི་ཀང་འབར་བ་འབེབས།། ཀི་ཀང་འབར་བ་ར་ཙ་ཀ། ནུབ་ཀྱི་ཕྱོགས་ནས་བསྐྱོད་ཙ་ན།། སྲིད་པའི་མ་མོ་རྣམས་དང་རོལ།། མ་མོ་ཀི་ཀང་ངག་གི་བདག། ལྗང་ལྗོན་ཆེན་པོ་ཀི་ཀང་འབེབས།། ་ལྷོ་ནུབ་མཚམས་ནས་བསྐྱོད་ཙ་ན།། རོག་ཏི་བྱ་རོག་མགོ་བརྩེགས་ཏེ།། སྐར་ཆེན་འབེབས་པའི་འོད་པོ་ཆེ།། སྔུན་དུ་སུ་ཕྲད་ཁྱུར་མིད་ཟ། ཁྱོད་ནི་ཁྲག་ཆེན་སྤྲུལ་པ་སྟེ།། ལྷོ་ནུབ་མཚམས་ན་བསྐྱོད་ཙ་ན།། ལྷ་སྲིན་སྡེ ་བརྒྱད་དམག་དཔོན་བྱེད།། ན་རག་ཀི་ཀང་འབེབས་པའི་དུས་ལ་བབ།། ཤར་ལྷོའི་མཚམས་ནས་བསྐྱོད་ཙ་ན།། དགྲ་བླའི་རྒྱལ་མོ་དམག་དཔོན་བྱ།། ཐོག་དང་བུ་ཡུག་ཀི་ཀང་འབེབས།། བྱང་ནས་ལྷོ་རུ་བསྐྱོད་ཙ་ན།། ་བདུད་ཀྱི་དེ་ནི་དམག་དཔོན་བྱེད།། བདུད་ཀྱི་ཀི་ཀང་ཧུར་ཐུགས་འབེབས།། བྱང་ཤར་མཚམས་ནས་བསྐྱོད་ཙ་ན།། སྲིན་མོ་འབུམ་གྱི་དམག་དཔོན་བྱེད།། སྲིན་པོ་ཀི་ཀང་དགྲ་ལ་ཡ།། དྲི་ཟབས་སྣ་ཚོགས་ཀི་ཀང་བྱ།། ་ཤར་ནས་ནུབ་ཏུ་བསྐྱོད་ཙ་ན།། དམུ་དང་བདུད་ཀྱི་དམག་དཔོན་བྱ།། དམུ་རྡོ་འབེབས་པའི་ལས་བྱེད་ཅིང་།། གར་ཙ་དགུ་པའི་ཀི་ཀང་འབེབས།། ནུབ་བྱང་མཚམས་སུ་བསྐྱོད་ཙ་ན།། གཤིན་རྗེ་ཡོངས་ཀྱིས་དམག ་དཔོན་བྱེད།། སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད།། གཤིན་རྗེའི་ཀི་ཀང་དབང་བྱེད་འབེབས།། ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ།། ཀླུ་བཙན་ཀུན་གྱི་དམག་དཔོན་བྱེད།། ཐོག་དང་སེར་བའི་སྣ་འདྲེན་མ།། གཏིབས་དྲིར་གསོད ་ཀྱི་ཀི་ཀང་འབེབས།། མདུན་དུ་གང་བྱུང་ཁྱུར་མིར་མཛད།། ཀི་ཀང་སྣ་ཚོགས་འབེབས་པའི་བདག། ཀི་ཀང་སྣ་ཚོགས་དག་ལ་ཡ།། ཅེས་པས་སྦད། རཀྟ་སྦྲེང་ངོ་།། གསད་ན་གླ་ཕུར་གཟུགས་གདབ།། ཨོཾ་བཛྲ་ཀཱི་ལི ་ཀཱི་ལི་ལ་ཡ། ཤ་ཏྲི་ཤ་ཏྲི་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ་ཀུ་རུ་གུ་རུ་ཐི་བུ་བྲུཾ་བུ། བར་ཏམ་བྲུཾ་རུ་བྲུཾ་རུ་པ་རུ་ཤུ། ད་ན་པ་ར་ཏ་ཡ། རོ་ཧྲི་རོ་ཧྲི། ཤོ་པ་ར་ཡ། ཤ་ཏྲི་གུ་ལ་ཏྲི། ཛ་ཅེས་གསད་པའི་སྦྱོར ་བ་བྱ།། ཆུ་འཁྱག་དྲག་ཏུ་འབེབས་འདོད་ན།། ཨོཾ་མེ་ཁཾ་མེ་ཁཾ་ཐུན་རཾ་ཡ་རཾ་ཡཾ། ན་སུ་ཏ་ག་ན་ག་སེར་ཐུན་ར་ཐུན་ར། ཅེས་བྱ་བ་ནས། སྔགས་ཁྲོ་ཚུལ་བསྟན། དམིགས་བཟློག་ཁ་བགྲད་མིག་སྲིན་ལས། ཁྲག་སྦྱིན ་དམར་པོ་འཁྱིལ་ཅིང་འདྲིལ་བར་བསམ།། རྫས་རྣམས་གཏོར་ཅིང་ལུས་སྤྲུགས་པས།། སེར་བ་དྲག་ཏུ་འོང་བར་འགྱུར།། གནམ་རི་ས་བྲག་དྲུག་ཏུའང་།། པ་རི་ཤ་ལ་གནོད་མི་བྱ།། དཔལ་ཟླ་གསང་ནག་པོའི་རྒུད ་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་ཟླ་གསང་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཕྱིར།། རོག་ཏི་གཟའ ་@། ཡི་ནང་བསྒྲུབ་གསུངས།། དུར་ཁྲོད་དགོན་པ་ལ་སོགས་སུ།། དཀྱིལ་འཁོར་གྲུ་གསུམ་བརྩེག་མ་བྱ།། གྲུ་གསུམ་བརྩེགས་པའི་ནང་རོལ་དུ།། རྣལ་གྲི་ཐོད་པའི་ནང་དུ་གཞུག། མངལ་ཁྲག་ལ་སོགས་ཁྲག ་། སྣ་ཚོགས།། དུག་དང་སྔ་སྔོ་དཀར་གསུམ་བླུགས།། རབས་ཆད་ཐོད་པས་སྟེང་ནས་དབབ།། གྲུ་གསུམ་ནང་དུ་གཞུག་པར་བྱ།། བསྙེན་པ་བྱ་བའི་ཐབས་དག་ལ།། ལྷ་སྲིན་འབུམ་སྟོང་བྱས་ནས་ནི།། ཚེས་བཞི་བཅོ་ལྔ ་བརྒྱད་དུས་ལ།། གཟའ་གཅན་ཉིད་ཀྱི་སྙིང་པོ་བཟླས།། སྟོང་རྫོགས་ཉུངས་དཀར་ཐུན་གྱིས་བྲབ།། ཨོཾ་བ་ཤི་མུ་གེ་རུ་རུ་བ་ཤི་རི་ཁྲ་ཛ་ཧ་ཨད་སྭཱ་ཧཱ། སྟོང་རྫོགས་ཐུན་རྫོགས་དག་ལ་བསྟིམ།། ཨོཾ་ཛི་བ་ཏི་ར་ཧཱུ་ལ་མཧཱ ་ཀྲོ་ཏ་ཀ་བཾ་ཤ་ར་ཧཱུཾ་ཕཊ། སྔགས་ལ་ཁྲི་སྟོང་ཁྲི་རུ་བསྟིམ།། བཟླས་པ་རྫོགས་ནས་ཉུང་དཀར་བྲབ།། ཉི་ཤུ་དགུ་འམ་ཚེས་གཅིག་ལ།། བསྙེན་པ་རྫོགས་ནས་ས་ལ་རྩང་།། ཐུན་གཅིག་གནས་ཀྱི་རྟེན་དུ་བཅས།། མིས་མ ་འཕྲོགས་པར་གསང་སྔགས་བཟླས།། ཨོཾ་ཀྲི་ཏྲི་ཏྲ་ལོ་གློ་ཡུ་སྦྱིན་དང་ཕོབ། ཏྲག་རཀྵ་སྙིང་ཁ་རག་བྷྱོ། རག་ལ་མུ་ཤ་མ་བྷྱོ། དགུས་དོན་ལ་བྱའོ།། ཙན་དྷ་རག་མ་བྷྱོ། བཙན་དུག་ཕྲོམ་ཕོལ་བྱོ་བྷིཿ། གནམ་མཐོངས་ཕྱེ ་ལྕགས་སྒྲོག་ཁྲོལ་མི་རང་སོད། རྐྱང་རྗེ་རྐྱང་པོ། ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ནས་ཟེར་སྔགས་འཛུམ་བསྟན་པ།། ཡུལ་གྱི་ཕྱོག་སུ་བཟླས་པར་བྱ།། རི་བོའི་རྩེ་མོར་ཐབས་བཅའོ།། ཆུ་སྐྱེས་ཟླ་ཚེས་བཞི་བྱས་ནས།། ཉི་ཤུ་དགུ ་མཐར་བསྙེན་པ་རབ་རྫོགས་ནས།། ཆུ་འཁྲུག་ཚོ་འཕྲུལ།། ཟླ་བ་ཀུན་ཏུ་གདབ།། དེ་ལྟར་ལས་རྣམས་བྱས་གྱུར་ནས།། ཆུ་འཁྱག་ཁྲག་ཏུ་དབབ་པར་འགྱུར།། སྦྱིན་དང་རིན་ནས་སྙིལ་བར་བྱེད།། དཔལ་ཟླ་གསང་ནག ་པོའི་རྒྱུད་ལས། ཆུ་འཁྱག་ཁྲག་ཏུ་དབབ་པ་གཟའི་ཟླ་གསང་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། འགལ་བྱེད་ཆམ ་ལ་དབབ་སླད་དུ། ཁྱབ་འཇུག་ཟླ་གསང་གསང་བསྒྲུབ་དེ།། སྒྲ་གཅན་ཆེན་པོ་ཉི་ཟླའི་བརྟེན།། དྲག་པོ་ཆེན་པོ་ར་ཧུ་ལ། ཁྲག་ཏུ་འབབ་པའི་ལས་འདི་ཡིན།། དུར་ཁྲོད་ལ་སོགས་གནས་དག་ཏུ།། ས་ཚད་ལ་ཆག་ཐིག ་གདབ་བྲི།། དབུས་སུ་གྲུ་གསུམ་རྩེག་མ་སྟེ།། མུ་ཁྱུད་ཟླུམ་པོའི་ཐོད་ཕྲེང་ཅན།། སྒོ་བཞི་རིགས་དང་མཐུན་པར་བགྱི།། སྦྲུལ་སྔོན་དག་གི་ཆུན་གདགས་ལ།། རྫས་རླུང་བུད་མིང་དུས་འཇུག། གྲུ་གསུམ་གསུམ་དབུས ་སུ་བཞག་ལ་བསྒྲུབ།། དཀར་ཟབ་དམར་ཟབ་སྔོ་ཟབ་གསུམ།། གྲུ་གསུམ་རྒྱ་གྲམ་དག་ལ་གཞུག། ཤ་རུལ་ཁྲག་རུལ་བཙོས་དང་རྗེན།། རི་མཚན་གྲུབ་སྨན་གུ་གུལ་ནས།། ལ་ཕུག་གོང་ཁོ་མེ་རྣལ་དྲིའི་ཐོད་པར་བླུག ་ལ། གྲུ་གསུམ་དབུས་སུ་བཞག་ལ་བསྒྲུབ།། དཀར་གསུམ་ཀླུ་སྨན་དམར་གསུམ་དང་།། གུ་གུལ་དཀར་པོ་འབྲས་ཆེན་དང་།། མ་ལྟར་སྨོས་པ་མཁར་གཞོང་བཞག། ཐུན་རྫས་བསྡུས་ལ་ཐོད་པར་བསམ།། ཙ་ར་རོག ་@། པོའི་ར་ཁ་ནི་ན།། སྔགས་བྲིས་མིང་བྱང་སྐེ་རུ་གདགས།། ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ།། ཐུན་རྫས་ཐོད་ཕྲེང་སྟེང་དུ་གཞག། རང་ཉིད་གཤིན་རྗེ་གཤེད་པོ་སྟེ།། ཡི་དམ་བྱས་ལ་རྫོགས་པ་དང་། ་། སྲོག་སྙིང་འདི་ཉིད་ནུས་ཚད་བགྲངས།། ཨོཾ་བི་ཤ་མ་ལ་དུའུ་མ་ཤི་གརྫ་མ་ཧཱ་སྭཱ་ཧཱ། སྟོང་རྫོགས་ཐུན་ན་མཆོད་པ་བྱ།། ཧཱུཾ་འཇིགས་བྱེད་ཆེན་པོ་ར་ཧུ་ལ།། སྐུ་མདོག་དུད་ཁ་མིག་གིས་ཁེངས།། གཤིན་རྗེ་གཤེད་པོའི ་ཞབས་དྲུང་དུ།། རྒྱལ་བའི་བསྟན་བསྲུང་ཁས་བླངས་པ།། དུས་འདིར་ཁས་བླངས་འདའ་མ་བྱེད།། དམ་རྫས་མཆོད་པ་འདི་ལོངས་ལ།། དམ་ཉམས་སྲོག་རྩ་གཅོད་པ་དང་།། ཡུལ་དུ་ལོ་ནད་སེར་བ་ཕོབ།། ཧབ་པ་ཤ ་དམིགས་གི་དུ་རུ་མ་ཤོ་གི་དུ་རུ་མ་ཤི་གི་ཛ་ལ་ནི་ཨ་ཙི་ཏེ་སྭཱ་ཧཱ། དུས་ཚོད་བརྒྱད་ལ་གཏོར་མ་སྦྱིན།། བསྙེན་ཅིང་བསྒྲུབ་པའི་མཚན་མ་རྣམས།། གཞུང་མཐུན་ཉམས་སུ་ལེན་པ་རྣམས།། དྲག་པོའི་རྫས་སུ་ཀྱང་བྱ ་བ།། གའུའི་ནང་དུ་སྔགས་བྲིས་བྲབ།། ཨོཾ་མ་ཡེ་ཀ་པ་ཡེ་ཨ་པ་ཡེ།། དྷེ་ཤཱི་ཝ་ཀྲོ་ཏེ། ཡུལ་འདིའི་ལོ་ཏོག་ལ་ཛ་པི་ཏ་ར་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བ་བ་ཏ་ཤ་ར་ཏ་ཤལ་ཏེ་ཧཱུཾ་ཕཊ། ཐིག་ནག་གཅིག་མེད། གཉིས་ཏག་བརྒྱད ་བཅད། དུད་ཕྲན་ནམ་ཐོངས་ཕྱེ་ལྕགས་སྒྲོལ་ཁྲོལ། མི་རང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། སྟོང་ངམ་ཁྲི་ཐོན་ནས་བྲིས་ཀྱིས།། དེ་ནས་ལྷ་སྲིན་སྤྲུལ་པ་བརྒྱད།། སྔགས་འདི་གོང་མའི་ཚད་དུ་བྲི་བ། ཏྲག་རཀྵ ་མོ་ཧྲིལ་རྦད། སེར་ཧྲིལ་ཤར་རྦད། དེ་ནི་མ་མོའི་སྔགས་སོ།། ཨོཾ་ཨ་སཾ་མེ་བྷུ། རུ་ལུ་རུ་ལུ་མ་མ་ཏྲག་རཀྵ་ཧྲིལ་ཧྲིལ། ཤ་བྷྱོ། རྒ་བླའི་རྒྱལ་མོའི་སྔགས་སོ།། ཨོཾ་བ་ཤ་དམིགས་གི་ར་ཧཱུཾ་ལ། ཧཱུཾ་ཤག་ཤག་ཤར་ཤར་ཧྲིལ ་བྷྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ།། ཨོཾ་སེར་ཁྲག་ལ་མུ་ཤ་གུ་དུ་བས་སྭཱ་ཧཱ། འདི་ནི་སྲིན་པོའིའོ།། ཨོཾ་ར་མ་ཏྲཾ་དུ་རཾ་ཤག་རི་ལ་རཾ་ཤག་བྷྱོ། དེ་ནི་དམུའི་དྲག་སྔགས་སོ།། ཨོཾ་ཡ་ར་ཙ་བཾ་རི་ལ་ཤར་ར་མ་རཾ། དེ་ནི་གཤིན ་རྗེའི་སྔགས་སོ།། ཨོཾ་ན་ག་ཏྲིལ་སེ་ན་ཤགས་ས་དུན་ས་མ་ཡ་ཧྲིལ་ཁྱོ་བྷི།། དེ་ནི་ཀླུ་བཙན་གྱི་དྲག་སྔགས་སོ།། ཡ་མ་སྙིང་ཡ་མ་ཁྲག་རུ་ལུ་ལ་ཤག་ཤག་སེན་སེ་ན་ཡ་ཡ། དེ་ནི་བགེགས་ཀྱི་དྲག་སྔགས་སོ།། ཟླ་གཅིག ་བརྒྱད་ཕྱོགས་ནས་བརྡེགས།། ལི་དག་སྦྱར་ཞིང་ཐུན་སྔགས་བརྡེག། གཏུམ་ཆེན་བསྟོད་ལ་གཟའ་མཆོག་སྤད།། གླང་ཕུར་ལིང་ག་དག་ལ་བརྡེག། ཚེས་གྲངས་ཐེབས་ནས་གྲུབ་རྟགས་འབྱུང་།། རྫས་དང་ཐུན་གཟིར ་། སྔགས་དང་མིང་།། དབུས་ཀྱི་རབས་ཆད་ཐོད་པར་བླུགས།། སད་སེར་ཡུལ་དབུས་ལ་སོགས་སུ།། སྐྱ་རིམས་གཟེར་བུ་བཏབ་ལ་བཞག། དེ་ནས་ཐུན་གྱི་ཟོར་བྱ་སྟེ།། དམ་དྲངས་མཎྜལ་གོང་བཞིན་བྱའོ།། དམ་སྲི ་ཡུལ་གྱི་ཆུ་བསོགས་བསགས།། ལྷ་བསྙེན་བསྒྲུབ་སྔགས་ཕྱེད་དུ་སྟེ།། ཕྱེད་པའི་མན་ངག་སྔགས་འདི་བཟླས།། ཨོཾ་མ་ཁ་ཡེ། ཀ་པ་ཡེ། ཧྲི་ཤྭོ་ཝ་ཏི་ན་ཏེ། ཡུལ་འདི་ལོ་ལ་བདུད་ཕྲོམ། ཀར་ཕྲོམ་ཤུ་ཏི་ཕྲོམ། ཡུག་ཏི ་རྒན། བར་གང་དྲག་ཏུ་བག། ས་པ་ཀར་དུ་མྱུ་། ས་ཀྲ་\ུ0f7fཀ་ག། ཏག་གལ་ཏཱ་\ུ0f7f། 6་ཚུལ། རག་པ་ཀ་རཱཏས་། ཀྱང་ནཿ་མཊྚཙྪབྷྱཿ། 66རྦས། ས་ས་ག་ཅན ་གིས་ཐིག་ནག་གདགས་ནས་ནི།། དེ་ལ་གཤམ་བུ་འདི་ཡང་གདགས།། མོ་མོ་སེ་ག་ཡེ། མ་མོ་སྲོག་ཙ་ཡེ། དགྲ་བོའི་ལོ་ཏོག་སྣར་མོ་མ་ར་ཡ་ཧཱུཾ་ཕཊ། སྙིང་པོ་སྔགས་ཀྱི་བར་བར་དུ།། མཆོད་དང་གཏོར་མ་དབུལ ་བར་བྱའོ།། ར་བསྒྲལ་ཐབས་ཀྱིས་ཐུགས་དམ་སྐོངས།། ཐོན་ནས་གནམ་གཟེར་རིལ་བྱའོ།། དཀར་དམར་ཟབ་སྔོ་ཟབ་གསུམ་ནི།། གཅིག་ཏུ་དྲིལ་བས་བཞི་རུ་འགྱུར།། དམར་རིང་པོར་ནི་ཕྱོགས་སུ་འཕང་།། གོང ་གི་སྔགས་བཟླས་མཛུབ་རིས་བྱས།། ཉི་ཤུ་དགུ་ལ་འཇོམ་པར་འགྱུར།། ཡང་ན་ཆུ་སྐྱེས་རྫོགས་པ་ལ། ཁྱབ་འཁོག་གཏོར་མ་རབ་ཏུ་གཏང་།། བླ་ཕུར་བཏབ་ལ་བསད་ལ་བྱ།། བར་བར་ལྔ་ལྔ་དབྱེ་བར་བྱ།། དེ་ལྟར ་བྱས་ཞེ་རབ་འབྲིང་དབྱེ་བ་ཡིན།། གནམ་ལྕེ་དང་། མི་མས་རྡོ་དང་།། ཆུ་འཁྲུག་ཁྲག་ཏུ་དབབ་པར་བྱའོ།། དེ་ལ་ལས་འདི་གང་ཡང་རུང་། ཁྲག་དང་གུ་གུལ་ལྕགས་ཟངས་ཕྱེ་མ་རྣམས་ལ་སྔགས། ཡུལ་གང་ཡང་རུང ་བའི་ལྷ་རྟེན་ནམ། ཆུ་མིག་ཏུ་སྦས་ན་ཡུལ་དེའི་ཀླུས་ཁྱེར་དེ་འགྲོ་བར་འགྱུར་རོ།། ཡང་རྫས་དེ་རྣམས་ལ་ཟླས་ན། རི་ལུ་བྱས་ཏེ་དགྲ་བོའི་ཁང་ཐོག་ཏུ་བསྲུངས་ན། ཁང་པ་འཇིགས་པར་འགྱུར་རོ།། ཡང་དེ་རྣམས་ལ ་བརྗོད་ནས། ཆུ་མིག་ཁ་བྱང་དུ་བལྟས་པར་སྦས་ན། གང་ལྟར་བགྲངས་ན་ཤ་སེར་འོང་ངོ་།། སྲིན་རྡོ་དང་འཁོར་བ་ཆགས་པ་ལ་བཟླས་ན། ཁྱབ་འཇུག་རྒྱུ་བའི་དུས་བྲག་ཁ་བྱང་དུ་བལྟས་པར་སྦས་ན། ཐོག་དྲག་པོ ་ཕེབས་པར་འགྱུར་རོ།། འབྲུག་སྣ་ཚོགས་པ་དང་། འབྲུག་གིས་རུས་པ་དང་། ཆུ་སྲིན་གྱི་སྡེར་མོ་ལ་བཟླས་ན། གོང་དུ་སྦས་ན་ཕྱོགས་བཅུར་གཏོར་ནས། སེར་བ་ཁྲག་དུ་འབབ་པར་འགྱུར་རོ།། ཀང་ཀང་ན་སེ་དང་། ་ཁྱི་ནག་པོའི་མཆེ་བ་ལ་བཟླས་ནས་དགྲ་ཕྱོགས་སུ་གཏོར་ན། སྐྲངས་ནད་དུ་འགྱུར་རོ།། དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། སེར་བ་བཟློག་པ་དང་ཤ་ཟློག་དེ་དང་འདྲའོ།། ཉུངས་དཀར་ལ ་བཟླས་ཏེ་གཏོར་ན་བཟློག་པར་འགྱུར་རོ།། དཔལ་ཟླ་གསང་ནག་པོས་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་གཟའི་ཟླ་གསང་གསང་བ་ལྟར་བསྒྲུབ་པའི་ལེའུ་སྟེ་ང་དགུ་པའོ།། །། དེ་ནས་བཅོམ་ལྡན ་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཡ་མནྟ་ཀ་ལ། སྔགས་ཀྱི་བདག་མོ་ཕྱི་ནང་གསང་གསུམ་གྱི་མཆོད་པས་མཆོད་དེ། སྐོར་བ་ལན་གསུམ་དུ་བྱས་ནས། རྐྱང་ཕྱག་ལན་གསུམ་དུ་བཙལ་ནས་འདི་སྐད་ཅེས ་གསོལ་ཏོ།། བདག་ཅག་རྣམས་ཀྱི་ཁས་བླངས་པའི།། གཡས་ཐོགས་དྲག་པོའི་ལས་འདི་དག། སྙིང་པོ་མཆོག་ཏུ་འགྱུར་བ་དང་།། ཡང་ཤུན་ལྟ་བུ་དྲིལ་བའི་དོན།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། ཞེས་ཞུས་སོ།། ། ་། དེ་ནས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ། པི། ཉོན་ཅིག་རྡོ་རྗེ་འཛིན་པ་དང་།། མཁའ་འགྲོ་རཀྟ་གདོང་བཞི་ཉོན།། དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་།། རྣལ་འབྱོར་ཅན་ལ་ཕན ་པའི་ཕྱིར།། དགྲ་བོའི་སྔགས་ཀྱི་རིམ་པ་འདི།། བཤད་ནས་བསྟན་པ་ཡུན་དུ་བསྲུངས།། ཞེས་བཀའ་བསྩལ་ཏེ། དེ་ནས་འཁོར་རྣམས་འདུམ་པར་འགྱུར།། མ་མ་རག་མོ་སྙིང་རྫ་རྩ་ཤ་མ་བྷྱོ། མ་མ་རག་མོ་རུ་རུ་རོ་དུ ་ཙ་བ་དགྲ་བོའི་སྙིང་ཁ་ར་ལ་མ་བྷྱོ། མ་མ་རག་མོ་ཏྲག་མོ་སྙིང་ཤིག་ཤིག་སྙིང་ཁར་རག་ལ་མ་བྷྱོ། མ་མ་རག་མོ་ཙ་བ་མོ་ཁྲག་ལ་མུ་ཤ་མོ་བྷྱོ། རཀྐ་སྙིང་རྩ་རུ་རུ་ཙ་མ་སྙིང་ཁ་ར་འགུ་སི་ནད་མ་ཤ་ག་མུ་ཤ་ག་མ་མ་བྷྱོ། ་ཐིག་ནི་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། ཧ་ཕྲེཾ་མ་ཤ་ར་ཕྲུཾ། དཀར་པྲཾ། ཡ་མ་སྙིང་། ཡ་མ་ཁྲག། རག་མོ་ཡག་མོ། རུ་རུ་རོ་རུ་ཙ་བ་ཏྲག་མོ་ས་མ་ཡ་ཏིཥྛ་ལྷན། ཡ་མ་སྙིང་ཡ་མ་ཁྲག། ར་ཧུ་ལ་བ། ཤ་མུ་གེ་དེ་ར་མ་ར་ཡ་ཤི་ན་ཛ་ཡ་ཤི ་ན་ཛ་ཡ་དི་ཨ་ཙི་ཏེ་སྭཱ་ཧཱ། ཧཱུཾ་ཛ་ཛ། ཡ་མ་སྙིང་ཡ་མ་ཁྲག་ར་ཧུ་ལ་ཧྲིལ་རིལ་ཤག་ཤག། སེན་སེན་ས་མ་ཡ་བྷྱོ་ཧྲིལ་ཕྲེཾ་ཕཊ། ས་མ་ཡ་སྙིང་ཡ་མ་ཁྲག་གེ་ཏ་དྲག་ཕོབ། རག་མོ་རག་མོ་མ་ཨོཾ་ཀེ་ཏ་ཀི་ཀང་ན་གནང་ཙེ ་དུས་དྲིལ་ཕྲོམ། ཤར་བྱང་ཕྲམ་ཙེ་མ་རག་ཧྲིལ་བྷྱོ། མ་མ་ཧྲིལ་ཤ་ཧ་ཏྲག་ཏུང་ཤུ་ཏོ་ཕྲེཾ། དེ་ནས་སྡེ་བརྒྱད་ཀྱིས་ཉེ་བའི་གྲོགས་བྱ་བའི་ཕྱིར། བསྟན་པའི་ཕྱིར་ཡང་གསུངས་པ། ན་ག་ཀླུའི་ཤེན་ན་ག་ལེ་དུམ་པ་ལ། དུམ ་པ་ལེ། སུ་བཛྲ་མ་ཡ་ག་ཤ་དེ་བཛྲ་ཡཀྐ་པྲ་མ། ཡ་མ་ཏ་པྲཾ་རུ་ཏྲི་ཏྲཾ་བྷྱོ། ན་ར་སི་ཡ་པྲོ། རུ་ཏྲི་ཏྲཾ་བྷྱོ། མརྷ་དེ་བ། རཀྟ་པྲཾ། རི་ཏྲི་ཏྲཾ་བྷྱོ། བཛྲ་ས་དུ་ཨ་ཏྲི་སེམས་པ་པྲྀ། རུ་ཏྲི་ཏྲཾ་བྷྱོ། རཀྵ་རཀྟ་ཁུ་མུག་ཏྲ། པྲོ་རུ་ཏྲི་ཏྲཾ་བྷྱོ། ་བཛྲ་ཡག་ཤ་ག་ཏེ་པྲྀ། རི་ཏྲི་པྲཾ་བྷྱོ།། འགུཿེས་དན་མ་ཨུ་ཙུས་སྨ་ཤ་མ་མ་རག་མ་ཁཾ་ཁས། རཀྵ་པྲཾ་པྲྀ་པྲཾ། རཀྟ་རག་ཙག་ཤུ་དམ་ཉམས་ལོ་ལ་འུར་འུར་ཆེམ། ཡཾ་ཡཾ། རྦད་ཟད། ཆེ་གེ་མོའི་ལོ་ལ་བྷྱོ། ཨཽ་ཏྲག་རག་མོ ་ཧྲིངྲང་ཤག་རྦད། སེན་ཧྲིལ་ཤག་ཤག། སེན་ཧྲིལ་ཤག་ཤག། ཨ་བེ་ལེ་མ་བྷྱོ། རུ་ལུ་རུ་ལུ་མ་མ་མ་ཏྲག་རཀྵ་ཧྲིལ་ཧྲིལ་ཤར་ཤར་བྷྱོ། ཕ་ཤ་མིག་གི་ཧ་ཧུ་ལ། ཧཱུཾ་ཤག་ཤག་ཧྲིལ་ཧྲིལ་བྷྱོ། ཨོཾ་སེན་མ་སེན་ཁྲག་ལམ་ཤ ་རྔུབས་རྔུབས། ཨོཾ་རཾ་ཨོཾ་ཤག་ཧྲིལ་རཾ་ཤག་ཤར་བྷྱོ། ཨོཾ་ཡ་མ་ར་ཙ་ཨོཾ་རཾ་ཧྲིལ་ཧྲིལ་ཤག་ཤག་རཾ་ཤར་རཾ། ན་ཧྲིལ་ཧྲིལ་སེན་ཤག་ས་དུ་ས་མ་ཡ་ཧྲིལ་བྷྱོ། ཨོཾ་མ་མ་སྙིང་མ་མ་རག་མོ་ཡག་མོ། ཧྲིག་རཀྵ་རག་མོ་ཁྲག་ལ་མུ ་ཤམ་བྷྱོ། རུ་ལུ་རུ་ལུ་རྔུབས་རྔུབས་ཨ་སེ་ལེ་པྲ་བེ་ཤ་ཡ། པྲ་ཤ་མེ་ཁ་དུང་མ་མ་ར་མ་ཤི་ཛ་ལི་ཏི། ཨ་ཏི་ཏ་ར་ཧཱཾ་ཛ་ཛ། ཨོཾ་འགུལ་བའི་ཙ་མུན་ཧྲི་ལ་ཡག་མ་ཀེ་པྲྀ་ཙ་དུ་ད་དི་ཧཱུཾ་ཕཊ། བི་རྒྱ་མ་རག་གང་གམ་གག་མི་ཨ ་པ་ནུད་པ་རད་སྭཱ་ཧཱ། ཧ་ཕྲེཾ་ཧྲི་བ་ཤར་ཐུམ་ཧྲིལ་ཕྲེཾ་ཆེ་གེ་མོའི་ལོ་ཏོག་ལ། འུར་འུར་ཆེམ་ཆེམ་རྦད་རྦད་ཡམ་ཡམ། རིན་ཕྲེཾ་ཕོབ་དྲག་པོར་ཕོབ་བྷྱོ། ཧཱུཾ་ཡཀྐ་དེ་བ་ར་ཙ་སྭཱ་ཧཱ། ཧཱུཾ་ཀྲ་ཤྲ་ན་ག་གུང་སྭཱ་ཧཱ། མ་ར་ཙ་ཤ་ཨཽ། ཨོཾ ་། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཏ་བཉྫ་ཧཱུཾ་ཕཊ། ཨོཾ་བེ་ད་ལི་རཀྵ་མན་སྭཱ་ཧཱ། རིན་ཆེན་སྔགས་ཀྱི་ཕྲེང་བ་འདི།། རྩ་བ་བསྐྱེད་དང་བཟླས་པའི་དོན།། བཏུ་དང་དཀྲུགས་དང་འདེབས་པ་ཡིས།། གསོད ་གསོལ་དབབ་སྲུང་དོན་རྣམས་ནི།། ཐེ་ཚོམ་མེད་པར་ལེན་པར་གསུངས།། བཀའ་བསྩལ་འཁོར་ལོ་ཡིག་འབྲུ་ལས།། བསྙེན་པའི་ལས་ཀྱིས་བཅའ་གཞི་ཉིད།། ཡན་ལག་རྫོགས་ནས་འདོད་པའི་དཀྱིལ་དུ་གཞུག། ་རྫས་བསྟན་པའི་ཕྱིར་བཀའ་བསྩལ་པ། ཏིང་འཛིན་སྟོབས་སུ་འགྱུར་བ་ཡིས།། སྐུ་ཡི་གཟུགས་ནི་ལེགས་པར་བཤམ།། སྙིང་པོ་སྔགས་དང་མཚན་མ་བཞག། མཐུན་པའི་རྫས་ཀྱིས་བསྐོར་ཏེ་བཞག། རྟགས་དང་ལྡན ་པས་བསྙེན་པ་བྱ།། ཞེས་བཀའ་བསྩལ་ཏེ། མོན་ནམ་གཅན་གཟན་ཐོད་པ་རུ།། སྟག་དོམ་པ་གླང་ཉ་ཡི་སྙིང་།། སེང་གེ་ཁྲ་དང་བྱ་རོག་ཕ་ཝང་དང་།། ན་བའི། མི་རྣམས་ཀུན་གྱི་དྲངས་ལྔ།། ཐོད་པའི་ནང་། དུ་ཐུན ་རྫས་བསགས།། ཞེས་གསུངས་སོ།། དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ།། ལྷོ་དག་གི་གྲུ་བུམ་དོན་མ་ཡིན་པ།། འབྲུ་སྣ་ཁྲག་སྣ་ཚོགས་པ་ལ།། གཏོར་མ་སྨན་དང་ཚད་ཀྱིས་སྦྱར་ཏེ་རྒྱས་པར་བཤམས།། ཞེས ་གསུངས་སོ།། ཀ་རོ་ཏ་བཤོས་ཟུར་གསུམ་ལ།། གྲོ་ནི་རྒྱས་པའི་རིམ་པར་ཤེས།། དམ་འབྲས་དམར་པོ་ཟླ་གམ་ཏིལ།། དཀར་གསུམ་མཆོད་པའི་རྫས་རྣམས་དགྲམ་པར་བྱའོ།། ཞེས་གསུངས་སོ།། སྟག་དང་གླང ་དང་སེང་གེ་དོམ།། པགས་ཕྱེ་ཟེ་སེ་ལ་སོགས་ལ།། རང་རེ་ཤ་ཁྲག་རྫོགས་ཞེས་གསུངས་སོ།། གཞན་ཡང་གཡབ་ཐོག་ཆུ་ལ་དགྲ་ཡུལ་རྡོ་རྗེ་གསུམ་རྫོང་། ཡུལ་ལྷ་གཉེན་པོའི་བརྟེན་བྱས་ཏེ།། ཅི་ལྟར་འདོད་པའི ་དབྱིབས་ཅན་ཁ་དོག་སྦྱར།། དེ་ནི་ཐུན་གྱི་ཐོད་པར་གཞུག། སྙིམ་ཕྲམ་གང་ཡལ་སྦྱོར་བ་ནི།། དེ་ནས་ཡང་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་བསྔལ་ཏོ།། རྫས་དང་ལས་དང་ར་འཕྱེད ་པའམ།། ཏིང་འཛིན་རྣལ་འབྱོར་གྱི་དོན་དུ་བཤད།། ཅེས་གསུངས་སོ།། དམ་རི་སྲིན་བྲག་ཁྲག་གི་མཆི་རིས་ཅན།། ཡང་ན་སེང་གེའི་མཆེ་བ་ལྟ་བུའི་འ།། ཡང་གསུངས་པ། མེ་ལྟ་བུའི་རིམ་པ་སྟེ། དབྱིབས་དང་ཁ ་། དོག་ནི། འདོད་པའི་ཁ་དོག་ཇི་ལྟ་བར་ནི།། ནི་རང་ཁུའིས་ཐལ་བར་འགྱུར།། ནག་པོའི་ཁ་དོག་རྗེས་སུ་བྱ།། མཐུན་པའི་ག་བུ་གློ་རྒྱས་གདགས།། ཞེས་གསུངས་སོ།། དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས ་གསོལ་ཏོ།། རིམ་པ་ལས་ཀྱི་གཞུང་བསྒྲུབ་པ།། འཇིགས་བྱེད་ཆེན་པོས་བཤད་དུ་གསོལ།། ཞུས་སོ།། བཀའ་བསྩལ་པ། དང་པོ་རྒྱུད་ལས་གཉིས་པ་སྦྱར།། གསུམ་པ་དྲི་ལ་བཞི་པ་ཡུལ་དུ་སྐྱེལ།། སྐུ་གསུང་ཐུགས་ཀྱི ་བསྙེན་པ་ནི།། རིམ་པ་བཞིན་དུ་མ་ནོར་བཟླས།། སོ་སོའི་རྟགས་ལྡན་ལས་ལ་སྦྱར་བར་བྱ།། རྟགས་གསུམ་ལྡན་ནས་ཡུལ་དུ་སྐྱེལ།། དེ་ལས་ལས་ཀྱི་བྱ་བ་ནི། ཁྱབ་འཇུག་རྒྱུ་བའི་དུས་སུ་སྟེ།། རྟག་ཏུ་རྒྱུ་དང་དུས ་@#།། སུ་རྒྱུ། ཁྱབ་པ་རྣམ་པ་གཉིས་སུ་བསྟན།། དུས་སུ་རྒྱུ་བ་རྣམ་པ་བརྒྱད།། རྟག་ཏུ་རྒྱུ་བའི་རྣམ་པ་ནི།། ཡར་ལ་ཚེ་དང་མ་རལ་བྲི།། ཚེས་གཅིག་ལ་སྔ་དྲོ་བྱང་ནས་ལྷོ།། གཉིས་པའི་ནུབ་མོ་བྱང་ནུབ་ནས ་ཤར་ལྷོ། གསུམ་པའི་ཉི་མ་ཕྱེད་ན་ནུབ་ནས་ཤར། བཞི་པའི་ལྷོ་ནས་ནུབ་བྱང་། ལྔ་པའི་ཕྱེད་ཡོལ་ནས་ལྷོ་ནས་བྱང་། དྲུག་པའི་ཐོ་རངས་ལྷོ་ཤར་ནས་ནུབ་བྱང་། བདུན་པའི་ནམ་ཕྱེད་ན་ཤར་ནས་ནུབ། བརྒྱད་པའི ་ཉི་མ་ཕྱེད་བྱང་ཤར་ནས་ལྷོ་ནུབ་ཏུ། དགུ་པའི་སྐྱ་རེངས་ཤར་ནས་ལྷོ་རུ། བཅུ་པའི་ཉི་མ་ཕྱེད་ནས་ལྷོ་ནས་བྱང་དུ། བཅུ་གཅིག་ཉི་མ་ནུབ་ནས་བྱང་ཤར་དུ། བཅུ་གཉིས་པའི་ཐོ་རངས་ནུབ་ནས་བྱང་ཤར་དུ། བཅུ ་གསུམ་ནམ་གྱི་འཇིང་ལ་ལྷོ་ནས་བྱང་དུ། བཅུ་བཞི་པ་ནམ་ཕྱེད་ལྷོ་ཤར་ནས་བྱང་ནུབ་ཏུ། བཅོ་ལྔ་ཉི་མ་ཕྱེད་ཤར་ནས་ནུབ་ཏུ།། མར་གྱི་གཅིག་ནས་བསྟན་པ་ནི། ཉི་མ་དྲོས་ནས་བྱང་ཤར་ནས་ཤར་ལྷོ། ཉི་མ་གཉིས ་པ་ཤར་ནས་བྱང་ནས་ལྷོ། གསུམ་པ་སྐྱ་རེངས་ཤར་ནས་ནུབ་བྱང་ནས་ཤར་ལྷོ། བཞི་པ་ནམ་ཕྱེད་ནུབ་ནས་ཤར། ལྔ་པ་ཉི་མ་དྲོས་ནས་བྱང་ཤར་དུ། དྲུག་པ་ནམ་ཕྱེད་ན་ལྷོ་ནས་བྱང་དུའོ།། བདུན་པ་ཉི་མ་བསྒྱུར་ན ་ལྷོར་ཤར་ནས་ནུབ་བྱང་དུ། བརྒྱད་པ་ཐོ་རངས་ཤར་ནས་ནུབ་ཏུ། དགུ་པ་ཉི་མ་ཕྱེད་བྱང་ཤར་ནས་ལྷོ་ནུབ་ཏུའོ།། བཅུ་པ་ཉི་མ་ཕྱེད་བྱང་ནས་ནུབ་ཏུ་རྒྱུའོ།། བཅུ་གཅིག་ཉི་མ་ནུབ་ནས་ཤར་ལྷོ། བཅུ་གཉིས་སྲོད་ལ ་ནུབ་ནས་ཤར་དུ་རྒྱུའོ།། བཅུ་གསུམ་ཉི་མ་ཕྱེད་ནས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ།། བཅུ་བཞི་སྐྱ་རེངས་ཤར་ནས་ལྷོ་ནས་བྱང་དུ་རྒྱུའོ།། བཅོ་ལྔ་ནི་ཕྱེད་ཡོལ་ནས་ལྷོ་ཤར་ནས་ནུབ་བྱང་དུ་རྒྱུ། རྟག་ཏུ་རྒྱུ་བའི་རིམ་པ ་སྟེ།། འདི་ནི་ཕུར་ཕྱེད་གཟའ་ཡི་ལས།། ཞེས་གསུངས་སོ།། དཔལ་ཟླ་གསང་ནག་པོས་རྒྱུད་ལས། གནམ་ལྕགས་ཐོག་འབེབས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །། དེ་ནས་ཡང་གསང་བའི་བདག་པོ་ཡ་མ་ལག་ན ་རྡོ་རྗེས། འཇིགས་བྱེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། དུས་གསུམ་ཁྱེད་ཀྱི་བསྟན་པ་ལ།། ཨུར་མོ་དགོད་ཀྱི་དྲག་སྔགས་མ།། གསད་གསོ་དབབ་གཅད་རྒོད་ཀྱི་དོན།། འཇིགས ་བྱེད་ཆེན་པོས་བཤད་དུ་གསོལ།། ཞེས་གླེངས་སོ།། འཇིགས་བྱེད་ཆེན་པོས་བཀའ་བསྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་ཐེ་ཚོམ་མེད།། དུར་ཁྲོད་གསར་སྙིང་རི་ཡི་གནས།། རྒྱ་མཚོའི ་གླིང་དང་བྲག་ནག་ཁྲག་གི། ཚེ་རིངས་མཆི་རིས་ཅན།། སྲིན་མོའི་རལ་པ་བསིགས་པ་འདྲ།། མཁའ་འགྲོ་ཁྱབ་འཇུག་གནས་ཡིན་ཏེ།། སྔོན་དུ་བྱ་བའི་ལས་ཟིན་ནས།། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ལ།། ཟླ་གམ ་གསུམ་ལ་ལྷ་གསུམ་སྟེ།། དབུས་སུ་འཇིགས་བྱེད་ཆེན་པོའོ།། གཡས་སུ་སྒྲོལ་བྱེད་གཡོན་དུ་སྦྱོར་བའི་ཡུམ།། མདུན་དུ་ཡ་མ་ར་ཙའོ།། མདུན་དུ་ཡུམ་ཆེན་རྫས་དགོད་ཏེ།། ཤ་ཁྲག་གཏོར་མ་སྣ་ཚོགས་ལ།། རཀྟ་སྣ ་@།། གསུམ་བྷན་དྷ་ར་སྐྱིལ།། མོན་ནམ་རབས་ཆད་ཐོད་པར་རུ།། ར་རོག་སྙིང་དང་བདུད་རྩི་ལྔ།། ཤ་རུ་ལ་ཉ་རུ་ལ་མི་ཡི་སྙིང་། ཁྲག་སྣ་ཚོགས་པའི་མཆོད་པ་བཤམ།། མཐིང་ནག་དར་གྱི་ཁ་ཆོད་དོ།། རྣལ་དྲི ་ཐོད་པ་ལྕང་ལོ་ཅན།། གྲུ་གསུམ་རྩིས་འཁོར་རྩ་ལྔ་ལོན་པའི་ཁྲག། ལུག་ནག་སྙིང་དང་ནེ་ལེ་བུ་ཏྲིའི་སྙིང་།། བྱད་ནག་སྙིང་དང་མ་ཀུན་གཞུག། གཞན་ཡང་ཤ་ཁྲག་སྣ་ཚོགས་སྦྱར།། ཞིང་ལྕགས་ཁ་ཆོད་མཆོད་པའི ་རྫས་སུ་བཞག། ནག་མོ་དཔོན་གཡོག་གི་ཐོད་པ་རུ།། ར་དམར་ཤ་ཁྲག་དྭངས་མ་ལྔ།། སྣ་ཚོགས་ཤ་ཁྲག་མཆོད་པ་བཤམ།། རྒྱ་ཕོར་དམར་པོ་རྩ་ལྡན་དུ།། འོ་མ་སྦྲང་རྩི་མངར་གསུམ་དང་།། བདུད་རྩི་ལྔ་དང་སྨན ་ལྔ་དང་།། ཞུན་མར་བསྲེས་ལ་མཆོད་པའོ།། གསོད་པ་ཐུན་གྱི་རྫས་རྣམས་ནི།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཕྲེང་བ་ཐུན་གྱི་རྫས།། སྐྱེ་ཚེ་ཁྲག་བསྐམས་ཉུངས་དཀར་གསོད་པའི་རྫས།། རྩ་དང་ཉུངས་ནག་ཁྲག་སྐམ ་དྲག་པོའི་ཁྲག། སྐུ་བསྐྱེད་དྲག་པོའི་ཕུར་པ་ནི།། སྐྱེར་སྡོང་མོན་པའི་ཕུར་པ་བྱ།། སེང་ལྡེང་བལ་མོའི་སྐུ་རུ་བསྐྱེད།། མཆོག་གི་ཕུར་པ་མོན་མོ་ལོ།། རབ་གནས་གུས་པར་ལྡན་པར་བྱ།། ལིང་ག་བཅས་པའི་རིམ་པ ་ནི།། དྲི་མ་དྲུག་དང་ས་གསུམ་དང་།། ཆུ་གསུམ་དྲི་མ་བསྒྲུབ་པར་བྱ།། མཚན་ཉིད་ལྡན་པའི་གཟུགས་བྱས་ལ།། འབྲུབ་ཁུང་ནང་དུ་གན་རྐྱལ་བཞག། ཡུགས་ས་མོའམ་བམ་གྱི་སྒྲ་ཡིས་བཀལ།། སྔོན་དམར་གསུམ ་ལ་ཕྱིན་ཀ་བཀལ་བ་ཡི།། ཞིང་རྒྱས་པ་ཡི་སྐུད་པ་གསུམ།། ལྟེ་བ་སྙིང་ཁ་སྐེ་ནས་གདགས།། ཕུར་པ་གསུམ་ལ་བཏང་ལ་གཞག། དམིགས་པའི་རྟེན་དུ་ར་རོག་བཅའ།། སྐྱེ་རུ་གཟས་པའི་མཚན་བྱང་གདགས།། ་རྟགས་བྱུང་ལས་རྣམས་རྫོགས་པར་བྱ།། གནས་ས་དྲུག་ཏུ་ངེས་པར་གནས།། རི་རབ་རྒྱ་གྲམ་སྟེང་གནས་ཏེ།། དོན་ཡོད་གྲུབ་པའི་ཕོ་བྲང་བཅས།། ཞེས་གསུངས་སོ།། དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས ་གསོལ་ཏོ།། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས།། བསྟན་པ་ཡུན་དུ་གནས་པའི་ཕྱིར།། དྲག་པོའི་གཡལ་ཐོག་བཤད་དུ་གསོལ།། ཞེས་གསུངས་ཞུས་ཏེ་སོ།། དེ་ནས་བཀའ་གསོལ་བ་དང་། དྲག་པོ་གདན་གྱི་ལས ་བྱས་ན།། མོན་ནམ་རབས་ཆད་ཐོད་པ་རུ།། མཆོད་པའི་རྫས་རྣམས་ཀུན་བསྡུས་ཏེ།། སྔགས་རྣམས་རྫོགས་པར་ཐོད་པར་བྲི།། ཐོད་པའི་དཀྱིལ་དུ་ཕོ་བྲང་བཅའ།། ཐོད་པའི་ནང་དུ་གསལ་ཐོགས་གཟུགས།། ཇི ་ལྟར་འདོད་པ་བཞིན་དུ་བྱ།། མོས་པ་ཕུང་པ་ཕོ་བྲང་གཟུགས།། སྐྱེར་བའི་ཕུར་པས་ཡུལ་ལྷ་གཟིར།། སེང་ལྡེང་ཕུར་པས་གཟིར་བར་བྱ།། ཟེར་དང་མེ་ཆུའི་འབེབས་པའི་དུས་སུ་གཅེས།། ཞེས་གསུངས་སོ།། དེ་ནས ་ཡང་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད།། ངས་གསུངས་པ་ལ་སེམས་ཐུད་ཅིག། དྲག་པོའི་སྔགས་ཀྱི་ཕྲེང་བ་ནི།། མེ་ལྕེ་ལྟ་བུར་རབ་བསྟན་ཏེ།། བྷི་སྣི་མ་པུ་རྩི་ད་ར་ར་འུ ་རུ་མ་ཏྲིག་ཙི་ཤུ་ཚོལ་མ་ཁྲག་ཤ་ག་ར་ཏི་ཐ་ཐཱ་ཧཱཾ། ཨོཾ་ཨ་ཏེ་ཀ་ཏི། ཧ་ཤ་རུ་མ་མ་ཟང་ཀ་ལ་ཀ་ལ་ཕཊ་གྷ་ཛེ་ཛ། ཨོཾ་ཨ་ཀོ་ནི་བ་ལ་པ་ཤ་དུ་པུ་ཀ་ལ་ཤག་སུལ་ཏི་རྦད་ཕཊ། ནན་ཟློག་བྷྱོ་བྷྱོ། དྲ་ཤ་ཀ་པཱ་ལ ་ཨ་ཀྲོ་རུ་ལུ་བུ་ཐུམ་རི་ལ། ཏ་ཏ་མ་ཀྲ་ཀྲོང་དུང་ཕྲེཾ་རྦད་ཚ་བ་ནི་རུ་ཧུ་མ་ཕོབ་ཕོབ། ཀྲོ་ཏི་ཀྲོ་ལ་ཐལ་མ་ནི། དུ་མ་རེ་རི་ལ་རིལ་ཕོབ། གཤེར་ར་ཤེས་ལྷ་ན་ག་ཕྲམ། དུལ་ནས་དུལ། ཆེམ་ཆེམ་ཕོབ། ཏ་གྱིན་ཙ་ཏི་ཕོབ ་ཕོབ། བི་ཀྱི་ནི་ཁུ་མི་ར་ཡ་རྦད་ཐུམ་རི་ལ། ཡ་བ་སྨི་རྒྱུ་བ་ཤེས་རྦད་གུག་རིལ་བྲུཾ་རྦད་བུ་ཤག། བུས་སྟིན་བེ་ཚལ་པ་སུ་ཏྲི་རྦད། དམིགས་ཐུམ་རིལ་རྦད། ཏེ་པ་ཏི་སརྒ་ཧི་ཧི་ཟ་སོ་མ་ལ་བྲུཾ་རྦད། ད་ཤ་དུས་རག་འདི ་ཀེ་ཏྲཾ་མ་མ་ཡམ་ཟ་འགྲམ་ཧ་ཧི། ཡོ་གྱི་ཤེ་ལ་ཛ་ཛ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ།། རྡོ་རྗེ་ཕ་ལམ་ལྟ་བུར་རྡུགས་པ་མེད།། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་གཟུང་བར་བྱོས།། ཞེས་བཀའ་བསྩལ་ཏོ།། དཔལ་ཟླ་གསང་ནག ་པོའི་རྒྱུད་ལས། དྲག་པོ་སྔགས་དགོད་ཀྱི་ལེའུ་སྟེ་རེ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེ་གཤེད་ཀྱིས། འཇིག་རྟེན་གྱི་ཁམས་སུ་ཐོག་དབབ་པའི་ཕྱིར། ལྷ་ཆེན་པོ་དབང ་ཕྱུག་ཆེན་པོའི་ཕྱིར་ལྟ་བུར་གྲུབ་པ་འདི་གསུངས་སོ།། ལྷ་ལུང་བྲག་ཆེན་པོ་སེང་གེ། འཕྱོངས་མཚ་པ་འདྲ།། ཡང་ན་གཡའ་དམར་པོ་ལོ་མ་འདྲ་བའམ། དུར་ཁྲོད་ལ་སོགས་དགོན་པའི་གནས་དག་ཏུ།། རྣལ་འབྱོར ་། གོམས་པས་ཡོ་བྱད་ལྡན་བྱས་ཏེ།། འཕགས་པ་ལ་སོགས་མཆོད་པ་གཏོར་མ་གཏང་།། གྲ་ཕྱི་གཙང་མ་མདའ་གང་གྲུ་བཞི་ལ།། མཚལ་ལམ་ལྡོང་རོས་དག་གིས་ཐིག་བཏབ་སྟེ།། ལེའུ་དགུ་པ་དག་གི་ཚད་དུ་བྱ།། ་དབུས་སུ་ག་བུར་དག་གིས་ཆུས་བསྐུས་ལ།། དར་རམ་རས་སམ་ངག་གིས་འཛམ་པ་ལ།། ལྷ་ཆེན་དབང་ཕྱུག་དག་གི་གཟུཊ་བྲིས་ཏེ།། སྐྲག་མ་དག་ལ་མཚན་མར་དགོད་པར་བྱ།། སྟེང་ནས་དམར་པོ་དར་གྱི་གདུགས ་ས་དགཔ།། དེ་ཡི་མཚམས་བཞིར་ལྗང་གུའི་འཕན་བཞི་གཟུགས།། ཕྱོགས་བཞིའི་ལེ་ཚེ་བཞི་པོ་དག་ལ་ཡང་།། ལྷ་ཡི་བློན་པོ་བཞི་ཡི་གཟུགས་བཞིན་དགོད།། ཤར་དུ་དྲི་ཟའི་ལྷ་ཉིད་དགོད་པར་བྱ།། ལྷོ་རུ་གཤིན ་འི་ནུབ་ཏུ་ཀླུ་གདོན་ལྷ།། བྱང་དུ་གནོད་སྦྱིན་ལྷ་ཏེ་བཞི་པ་དགོད།། དེའི་ཕྱིར་མེ་ཏོག་སྣ་ཚོགས་བསྐོར།། གཏོར་མ་གཅིག་དང་མཆོད་པ་ལྔ།། རྟག་ཏུ་ཚིལ་དང་ཁྲག་དང་སྙིང་མར་སྦྱར།། སྙིང་ཁའི་ཁྲག་རྩ་དམིགས ་པའི་མིང་རུས་བྲིས། ཁྲེའུ་ཛུ་ཅེས་དག་ལ་དགྲ་གཟུགས་བྱ།། སྙིང་ཁར་ཐིག་ལེའི་དཀྱིལ་དུ་མིང་རུས་གཟུགས།། སྐྱེས་ནས་དར་དམར་སྐུད་པས་གདགས་པར་བྱ།། ལག་པ་གཡས་ཀྱི་སྲིན་ལག་རྩེ་ལ་གདགས།། ཆོས ་གོས་ལྗང་ནག་མགོ་ལ་ཐོད་ནག་ཅིང་།། དུར་ཁྲོད་རས་སམ། མཚའི་ཕགས་མཚོ་ཡི་ཕག་པ་ལ།། ལྡོང་རོས་ཆུ་རྩས་ཁ་དོག་སེར་པོར་སྦྱར།། དུག་དང་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་བྲི།། འཁོར་ལོའི་རྩིབས་ལ་གཤིན་རྗེ ་གཤེད་པོ་དགོད།། དབུས་ཀྱི་ལྟེ་བར་ལྷ་ཆེན་འགོད་པར་བྱ།། ཕྱི་རིམ་ཐོག་གིས་དབབ་སྔགས་དག་གིས་བསྐོར།། འཁོར་ལོ་དབང་པོ་བསྐུར་གསལ་གདབ།། བྲམ་ཟེ་ལ་སོགས་མཛེས་ཅན་ཐོད་པར ་གཞུག། དེ་ཡི་ནང་དུ་གསེར་དང་ལྕགས་དང་ཟངས།། རྡུལ་དང་སྙིང་སྣ་ཁྲག་སྣ་མང་དུ་བླུག། ལེ་ཚེའི་དབུས་སུ་མཉྫུའི་ཁ་ལ་བཞག། ཏིང་འཛིན་རྣམ་གསུམ་རིམ་གྱིས་ཚུལ་དུ་བསྐྱེད།། དབང་ཆེན་རིམ་བརྩེགས་སྟེང ་དུ་ཁྲུམཿ། ཅིག་བསྒོམ།། བྷྲཱུཾ་ལས་འབར་བའི་ལྷ་ཡི་གཞལ་ཡས་ཁང་།། ཕྱི་དང་ནང་མེད་ཀུན་ཏུ་གསལ་བར་བྱེད།། དབུས་སུ་མ་ཧེ་བྲམ་ཆེན་བསྣོལ་བ་ལ།། ཉི་ཟླ་འཁོར་ལོ་འབར་བའི་སྟེང་།། ཡ་མ་འཇམ་དཔལ ་གཤེད་པོ་འབར་བའི་སྐུ།། ཞལ་དྲུག་ཕྱག་བཅུ་གཉིས་ལ་གསལ་བར་བསྐྱེད།། དེ་ཡི་འཁོར་ནི་ལྷ་ཡི་ཚོགས་རྣམས་སྟེ།། མ་ཧེ་དེ་ལ་ཧཱུཾ་ཞེས་བརྗོད་པ་ཡིས།། དབུས་སུ་ལྷ་ཆེན་མ་ཧཱ་དེ་བ་ཡང་།། སྐུ་མདོག་དམར་པོ ་སྤྱན་གསུམ་མཆེ་བ་ཅན།། རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་གཡས།། ཞགས་པ་བེ་ཅོན་རྡོ་རྗེ་གཡོན་པ་གདགས།། སྨིན་མཚམས་ཐོག་འབེབས་བསྐལ་བའི་གློག་འགྱུ་བསྒོམ།། འཁོར་གྱི་ལྷ་ཡང་ལྟ་ཞིང་ཐོག། ་འབེབས་པའོ།། དེ་བཞིན་ཏིང་འཛིན་གསལ་སྒོམ་ལ།། གཤིན་རྗེ་གཤེད་པོས་ཡུལ་བསྲུང་དབང་དུ་བསྡུས།། ལྷ་རྣམས་རིམ་གྱིས་དགོས་པ་ཡང་ཚེ་ན།། སྨོན་ལམ་དབང་གིས་བསྟན་ལ་འཕེལ་མཛད་ཅིང་།། མ་ཧཱ་དེ་བ ་ལྷ་ཆེན་དབང་ཕྱུག་གཙོ།། བསྟན་པ་བཤིག་པའི་དགྲ་རྣམས་སྒྲོལ་བ་དང་།། སངས་རྒྱས་བསྟན་བསྲུང་དཀོན་མཆོག་བསྟན་པའི་ཕྱིར།། འཁོར་བཅས་མ་ལུས་གཤེགས་སུ་གསོལ།། ཨོཾ་པྲ་མ་ན་རཀྵ་ཨེ་ཧྱ་ཧི་ཛ་དུཾ་ཧོ།། ་དགའ་ཞིང་གུས་པས་པུས་བཙུགས་ཐལ་སྦྱར་ནས།། ལྷ་མཆོག་ཁྱོད་ཀྱི་ཡོན་ཏན་རབ་བརྗོད་ཅིང་།། ཙམ་པ་ཀ་དང་པདྨ་རབ་གཏོར་ནས།། དེང་འདིར་བསྟོད་དང་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱི་ཐུགས་ལས་གློག ་འགྱུ་ཐོག་སེར་འབེབས།། ཐལ་མོ་བརྡབས་པས་ཐོག་སེར་འབེབས།། མཛུབ་མོ་བསྐུལ་བས་གླིང་བཞི་འཁྲུག། ལྕགས་རྐང་སྲོང་དང་གཡོ་བར་མཛད།། དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི།། ཐོག་ཆེན་འབར་བ་ལྟ ་བུས་ཤིག། ཚེ་སྲོག་ཕྲོལ་ལ་བདུན་བརྒྱུད་ཆོད།། འཁོར་གྱི་གིང་བཞི་ལས་ལ་བསྐུལ།། བར་སྣང་ཐོག་ཆེན་འཁྲུག་ཏུ་ཆུག། དབང་པོ་རྣམ་ལྔ་ཁ་ལོང་ཁ།། གསེར་ཐོག་ལྕགས་ཐོག་རྩ་བ་ལ།། འཁོར་ལོ་བྲོ་རྡུང་འུར་རུ ་རུ།། ཟངས་ཐོག་འཁར་ཐོག་རམས་སེ་རམས།། མེ་ལོང་གློག་དམར་འཁྲུགས་སེ་འཁྲུགས།། འཁོར་རྣམས་ཤུགས་ཆེན་ཚེ་ཞོན་ཅིང་།། རལ་གྲི་མེ་འོད་འབར་བ་ཀླད་ལ་བསྐོར།། ཀི་ཀང་གཤེད་བཞི་ལས་ལ་འགྱེད།། ་རལ་གྲི་བསྐོར་བས་འོད་འཕྲོས་པས།། སྣ་ཚོགས་པ་ནི་སྐར་ལྟར་འཁྲུགས།། ཉམས་པའི་དགྲ་ལ་ཐོག་མདའ་ཡ།། སྐད་ཅིག་ཙམ་ལ་ཕུང་བར་གྱིས།། ཞེས་པ་གཏད་ཅིང་སྟབ་ཅིང་རཀྟ་སྤྲོད།། རྟགས་སུ་འབྲུག་དང ་སེར་བ་དང་།། གློག་དམར་ཤ་དང་ཐོག་འུར་དང་།། རྣམ་པའི་གྲངས་འབྱུང་ཐོག་རྟ་ཞོན།། འཁར་དང་ལྡན་དབེན་ཆུ་སྨིག་གམ།། ལྷག་པར་དགྲ་བོའི་གོ་གང་འམ།། ཉམས་པའི་སྔས་སམ་སྟན་འོག་ཏུ།། ་འཁོར་ལོ་བཙས་པའི་ཐོད་པ་སྦ།། དྲག་སྔགས་འདི་བཟླས་ཐོད་པར་བྲབ།། ཨོཾ་ཙི་ཏུར་མུ་ཁ་རཀྵ་པྲ་མ་ན་མ་ཧཱ་དེ་བ་དགྲ་བོའི་ཡུལ་ཁམས་སུ། རོ་ཁ་འོད་དུ་ཁ་བ་ཧཱུཾ་པྲ་མ་སྭཱ་ཧཱ། ཞེས་པ་ནི་ཐོད་པའི་ནང་དུ་བཟླས།། ་གཏོར་མ་བཏང་ཞིང་སྨོན་ལམ་བཏབ།། དྲིས་སྐུ་དག་ལ་རྟེན་བཅས་ལ།། དྲ་ཕྲེང་དག་ལ་མཎྜལ་བྲི།། རྟག་ཏུ་ལྷ་ཆེན་མཆོད་བྱ་སྟེ།། ཡིད་ཀྱི་ཅི་བསམ་འགྲུབ་པར་འགྱུར།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས།། ་ཐོག་དབབ་པ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་མེ་དབབ་སླད་དུ།། ཐོག་འབེབས་ལྷ་ཡི་ནང་བསྒྲུབ་གསུངས།། སྲིད ་པས་མ་སྲིད་མགར་བས་མ་བརྡུངས་མཚོན་ཡེ་སྲིད།། བྱང་ཆུབ་སེམས་ཀྱི་དཔལ་རང་ཅན།། དེ་ཉིད་སྒྲུབ་པའི་དུར་ཁྲོད་ལ་སོགས་སུ།། དཀྱིལ་འཁོར་གྲུ་བཞི་དབུས་སུ་ཨེ་བརྩེགས་ཏེ།། འཁོར་ལོ་བཞི་དང་རོལ ་མཚོ་བདུན།། གསེར་རི་དབུས་སུ་ཡ་མནྟ་ཀ་སྟེ།། སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད་པར་བྱ།། འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། ཁྲག་ཞག་མར་ཁུ་སྦྲང་རྩི་འོ་མ་དང་།། རྒྱ་མཚོའི་ཆུ་ལ་སོགས་པའི་མཚོ ་བདུན་པའོ།། ལྷ་ཆེན་ལྔ་ལ་ཕུར་པ་ལྔ་དགོད་དོ།། དངུལ་གྱི་ཕུར་པ་སོར་བརྒྱད་ཤར་དུ་དགོད།། དྲི་ཟའི་ལྷ་ནི་ནམ་མཁའི་དཀྱིལ་འདྲ་ཞིང་།། འོད་ཟེར་ཆ་ལས་འགྲོ་བའི་དོན་མཛད་པ།། ཐོགས་མེད་ངང་གིས་པའི ་གདན་སྟེང་དུ།། བསྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་གསོལ།། འཁོར་གྱི་ལྷ་ཆེན་མི་ཟད་ཐོག་འབེབས་ཤིང་།། ཤུགས་ཀྱི་ཐོགས་མེད་རྟ་ཡི་གདན་ལ་བཞུགས།། མ་ཧཱ་དེ་བ་མ་ཧེ་ར་ཙ་བ་ཞི།། ས་མ་ཡ་ཏིཥྛ ་ལྷལྡན།། ལྷ་ཡུལ་རྩ་ངམ་དག་ནས་རབ་གཤེགས་ཏེ། ཁྲལ་ཟེ་མཚན་ལྡན་ཆས་པས་རབ་ཏུ་མཆོད།། འབྲས་དང་ཀུ་ཤ་བཅས་པའི་ཡོན་ཆབ་འདི།། ག་བུར་གུར་གུམ་གླ་རྩི་ལྕི་པོག་སོགས།། ཏིལ་མར་གསུར་ཆེན་རབ ་། གསལ་མར་མེས་མཆོད།། དུ་རུ་སྐ་ལ་སོགས་པའི་ཆུས།། ལག་པ་མར་དང་བཅས་པའི་བུ་རམ་བཤོས།། དུང་དང་ཟངས་དང་བཀྲ་ཤིས་དང་།། རྔ་རིང་རྫ་རྔ་མུ་ཟི་ལྕང་ལོ་དང་།། ཆ་ལང་ལི་བང་ཏམ་བུ་རྒྱུད་གཅིག ་པའོ།། གླུ་གར་རྩེད་འཇོ་རོལ་མོ་གར་ལ་སོགས།། བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན།། མཆོད་པར་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ།། ཨོཾ་སརྦ་པུཥྤེ་ཨ་ལོ་ཀེ། གྷན་དྷེ་བ་ལིཾ་པཱ་ཙ་ཧོ།། སྐུ་མདོག་ནག ་པོ་སྤྱན་གསུམ་མཆེ་བ་གཙིགས།། དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བ་ཅན།། ཞལ་བཞི་གླིང་བཞི་ཡོངས་ལ་གཟིགས།། བསྟན་པ་དྲིལ་སྒྲ་གསུམ་གྱི་སྒྲ་སྐད་ཅན།། དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ།། འཁོར་གྱི་ལྷ་ཡི ་།། བློན་པོ་བཞི།། རྟ་ལ་བཞོན་ནས་རལ་གྲི་བསྐོར།། ཐོག་སེར་འབེབས་པའི་ལས་ལ་བརྩོན། ཁྱོད་ལ་བདག་ཅག་བསྟོད་ཕྱག་འཚལ།། སྔགས་འདིས་ལྷ་རྣམས་རབ་ཏུ་བསྟན།། ཨོཾ་མ་ཧཱ་དེ་བ་ཏི་ཛ་ལམ། པྲ ་མ་ན་རཀྵ་ཀ་མ་ཡ་ཧཱུཾ། རྔེ་པདྨ་པ་ཏ་ཙ་མ་ཧཱ་ནརི་ཛ། དགྲ་བོ་ཆེ་གེ་མོ་ནརི་ཏྲི་བྲུཾ་བྲུཾ་རྦད་རྦད། ཤག་སེན་ཤག་སེན་ཛ་ཛ་ཧཱུཾ་ཧཱུཾ། ཁྲི་ཁྲི་སྟོང་སྟོང་བར་བར་བསྟོད། འདི་བརྗོད་ལ་བསྙེན་པ་བྱ། རང་གིས་མ་ཉེས་དཔང་ཡང ་གཟུགས།། ཉེས་བྱས་བྲིས་སྐུའི་དྲུང་དུ་ཀླག། འོ་དོད་འབོད་ཅིང་གཡབ་སྐོར་བྱ།། གཤེད་པོ་སྟོང་ལ་ལྷ་རྣམས་བསྐུལ།། གཡས་ནས་བསྐོར་ཞིང་ཐུགས་དམ་བསྐུལ།། གཡས་འདོད་ཁམས་ཉི་ཤུའི་ཡང་རྩེ་ན།། ་གཟུགས་ཁམས་ལྷ་ཡི་དགའ་ལྡན་གནས།། ཕོ་བྲང་བདེ་བའི་གཞལ་ཡས་ཁང་།། ཆོས་ཀྱི་རྒྱལ་མཚན་དབང་བསྐུར་བའི།། ལྷ་ཆེན་དབང་ཕྱུག་ཆེན་པོ་ནི།། སྐུ་ནི་དམར་སེར་འབར་བ་ལ།། ཚངས་པའི་དབུ་བཞིན་གླིང ་བཞི་འཇོམས།། གཡས་ཀྱི་དང་པོ་སྐྱོན་དང་བྲལ།། ཐ་མ་དགྲ་ཕྲེང་རིགས་པ་སེལ།། གཡོན་གྱིས་འགུན་འདི་དགོས་འདོད་སྐོང་།། ཐ་མ་གྲུགས་སྡེར་དགྲ་ལ་སྐྱོང་།། དད་པའི་བསམ་པས་ཡུལ་གྱིས་ཕྱིན།། པདྨ་སེར ་པོས་བརྒྱན་བྱས་ལ།། རས་ཀྱི་ཁ་ཚར་མགུལ་རྒྱན་ཅན།། ཐུགས་དམ་དྲག་ཏུ་བསྐུལ་བྱས་པ།། རལ་གྲི་ཁ་ཚར་མགུལ་རྒྱན་ཅན།། ལོག་པའི་དགྲ་བགེགས་འཇོམས་པའི་ཚེ།། སྐུ་ནི་སྔོ་ནག་ཆེན་པོ་ལ།། ཞལ་གྱི་མཆེ་བ ་གདངས་པ་ཡིས།། དགྲ་བོ་བདུན་བརྒྱུད་རྩ་ནས་གཅོད།། སྨིན་མཚམས་ཀྱི་ནི་བར་འདིར་ན།། མི་མཐུན་བློན་པོར་དབང་། ཡང་དེ་བསྐུར།། གསེར་གྱི་ཕུར་བུར། ལྷོ་མཚམས་ལྷོ་ཡི་རྩིབས་སེལ་འགོད།། གཤིན་རྗེས་ལྷ་ཡི ་བློན་པོར་མངའ་ཡང་གསོལ།། ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་འགོད།། ཀླུ་གདོན་ལྷ་ཡི་བློན་པོར་མངའ་ཡང་གསོལ།། བྱང་གི་ལྕགས་ཕུར་བྱང་གི་རྩིབས་ལ་དགོད།། གནོད་སྦྱིན་ལྷ་ཡི་བློན་པོར་མངའ་གསོལ ་ལོ།། འཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་དགོད།། དབང་ཕྱུག་ཆེན་པོར་མངའ་ཡང་གསོལ།། གྲོ་ག་ཤིང་ཤུན་རས་གཡབ་དར་བཀྲམ་ལ།། ལྷ་རྣམས་རྩ་བར་རང་རང་སྙིང་པོ་དང་།། དབབ་པའི་སྔགས་དང་དམིགས ་པའི་ཡུལ་ལ་བྲི།། སྔོན་དམར་སྐུད་པས་ཕུར་པའི་མགུལ་ནས་གདགས།། རབས་ཆད་ནག་པོའི་ཐོད་པ་ཁ་སྦྱར་དུ།། ཐོད་པའི་ཕྱི་ནང་མེད་པ་ཁྲག་གིས་བྱུག། སྟེང་གི་ཐོད་པ་ཡབ་ཏུ་མངའ་ཡང་གསོལ།། འོག་གི་ཐོད ་པ་ཡུམ་དུ་མངའ་ཡང་གསོལ།། ཐོད་པ་སྟེང་མང་ཡབ་ཀྱི་སྐུ་ཡང་སྲིད།། ཐོད་པའི་རྩིབས་རིང་དམིགས་པའི་མིང་རུས་བྲིས།། དཔྲལ་བར་རུས་བྲི་ཁ་རུ་མིང་ཡང་བྲི།། མདོམས་སུ་བླ་དྭགས་མིང་བྲིས་སྟེ།། དེ་ཡི་ཐ་མ ་ལྟོལྷོ་སྦྱར་ཛ་ཡིས་བསྐོར།། གྲོ་ག་ཤིང་ཤུན་གྱི་པགས་པ་ལ།། སྒྲ་ཡི་གཟུགས་བྲིས་དབང་ཕྱུག་ཡུམ་ལ་བླན།། འཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞུག། གྲོ་ག་ཤིང་ཤོག་ཤིང་གི་ལོ་མ་ལ།། ལྷ་ཆེན་ཚོགས་བདག་དབང ་@#།། ཕྱུག་ཆེན་པོ་བྲི། ཁྱོད་ཀྱི་བཙུན་མོ་མར་ཡ་ཏི་ས་སྤྱད།། འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛད་ལ།། འདི་ལ་དྲག་པོའི་ཐོག་ཆེན་ཕོབ་ཅེས་བྲི།། ཕུར་བུ་དེ་ཡིས་མགུལ་དུ་གདགས་པར་བྱ།། ཐོད་པའི ་ནང་དུ་དམེ་ཁྲག་སྐམ་པོ་དང་།། གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་དང་།། དངུལ་དང་ཐོག་བཙལ་ཐོག་དྲིལ་ཤི་བ་ཡི།། སྙིང་དང་རུས་པའི་ཤ་ཡང་གསལ།། ཐོད་པ་ཁ་སྦྱར་བ་ཡི་རྒྱུད་པས་བཅིངས།། སྐྱེད་གསུམ་གྲུ ་གསུམ་ཁ་ལ་བཞག། ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་།། རིན་ཆེན་སྣ་ལྔ་སྨན་རྣམས་དང་།། དད་པའི་ལོངས་སྤྱོད་ཞལ་ཟས་རྣམས།། དགུན་ཆང་འབྲས་དང་འབྲས་ཆེན་དང་།། འབྲུ་ཆེན་དང་ནི་ཨ་བི་ཤ། དེ་དག་མཆོད ་པའི་རྗེས་སུ་དགྲམ།། སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར།། བུ་རམ་འབྲས་ཀྱི་གཏོར་མ་བཞི།། ལྷ་ཡི་བློན་པོ་བཞི་ལ་དགོད།། ལིང་གའི་ཇི་ལྟར་འདོད་པའི་དབྱིབས།། གཟུགས་མི་བྱས་པ་ཐུན་དུ་གཞུག། སྔགས་ཀྱིས ་བྲབ་ཅིང་གསང་བའི་ལས། སུ་བྱ།། ཏིང་འཛིན་གཞལ་ཡས་བཅས་པ་བསྐྱེད།། ཡ་མནྟ་ཀ་ཁུགས་པར་བསྒོམ།། གདན་དུ་ཡི་དྭགས་བཏིང་བར་བྱ།། དབང་ཕྱུག་བདག་པོ་གསལ་བསྒོམས་ཏེ།། འཁོར་གྱི་ལྷ་བཞི ་བསྐོར་བར་བསམ།། ཨོཾ་དེ་མ་དེ་བ་ཀ་ལ་ཧཱུཾ།། ཞེས་བརྗོད་དབང་ཕྱུག་ཆེན་པོའང་།། ནག་པོ་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས།། ཕྱག་མཚན་ཁྱུང་ཆེན་རྒྱལ་མཚན་གཡས།། ཞགས་པ་འདྲ་ཚུལ་བེར་ཅན་རྡེག་ཚུལ ་ཡིན།། ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས།། གསེར་གྱི་རལ་གྲི་འབར་བ་ཀླད་ལ་སྐོར།། གནམ་ལྕགས་འབར་བའི་ཤངས་ལ་ལྡོ་ལང་ཐ་ལ་བཏགས།། དེ་འདྲ་རབ་ཏུ་གསལ་བར་བསྒོམ་པར་བྱ།། ཤར་ཕྱོགས་ལྷ ་ཡི་ཕྱག་ན་ནི།། དངུལ་གྱི་གཞུ་ཞངས་དང་དངུལ་གྱི་མདའ་ལྟོང་དངུལ་གྱིས་འཁོར་ལོ་སྒྱུར།། དཔའ་བོ་འབྲུག་རྟ་ཞོན་ནས་ཀྱིས་ཀྱང་དགྲ་ལ་འགྱེད།། དངུལ་གྱི་ཐོག་འབེབས་གསེར་གྱི་སྦྱིན་མདངས་གཏོང་།། ལྷོ་ནས ་གསེར་གྱི་ཐོག་ཆེན་འགྱིང་ཞིང་འབབས།། ནུབ་ནས་ཟངས་ཐོགས་བྱང་ནས་ལྕགས་ཐོགས་འབེབས།། དེ་ལྟར་གསལ་བསྒོམ་ཡེངས་པར་མི་བྱའོ།། ཧཱུཾ་རྣམ་སྣང་མཚན་ཉིད་མི་གཡོ་གཙུག་ཏོར་ཅན།། བྱང་ཆུབ་མཆོག ་གི་ཕྱག་རྒྱ་ནི།། འདུད་འདུལ་ཆེན་པོའི་སྐུ་རུ་སྤྲུལ་པའི་རྒྱང་།། བྱང་ཤར་མཚམས་ནས་ཤིན་ཏུ་སྐུ་དེ་བསྟན།། མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས།། སྐུ་སྟོད་སྔོ་ནག་མིག་བཟང་འབར་བའི་འོད་ཕུང་ཅན།། ། ་ཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་པས་ཆེ།། ཐུགས་རྗེ་སྤྲིན་ལྟར་གཏིབས་ཤིང་ནམ་མཁའ་གང་བར་ཁྱབ།། གཟིར་ནོན་སྟོབས་ཀྱིས་གཟིར་ཅིང་ནན།། བདུད་པོ་ནག་པོ་སྤྱན་གསུམ་མཆེ་བ་ཅན།། བསྟན་པ་བཤིགས ་པའི་སྲོག་ལ་སྤྱན་དྲངས་ནས།། དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ།། དབང་ཕྱུག་ཆེན་པོ་གནས་ནས་བསྐྱོད་ཙ་ན།། རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་ཕྱར་ཏེ་གཤེགས།། ཞགས་པ་འཛིན་ཅིང ་། བེར་ཅོན་སྙིང་ལ་རྡེག། ནག་པོ་སྤྱན་གསུམ་སྡང་མིག་བཟློག་པའི་དུས།། དབུས་སྒྲ་འབར་བའི་འོད་ཟེར་རལ་པ་ཅན།། སྐུ་ལུས་མེ་ལས་སྤུ་གསུམ་ཟེ་བ་འདྲིལ།། རྣོ་དཔལ་མཆེ་བ་ཟློག། ཆོས་ཅི་གྱེན ་དུ་འཁྱིལ།། སྤྱན་གསུམ་ཟློག་པས་སྐྱེན་དང་མ་མཐའ་འབེབས།། ཤངས་ནས་རླུང་གི་འཁོར་ལོ་ཟོར་དུ་འབུད།། བུ་ཡུག་འཁྲུག་ཅིང་བདུད་ཀྱི་ཀི་ཀང་རྟེན་དུ་བྱས།། སྤྱན་མི་མཐུན་ཟླ་བ་འཁྱིལ་བ་ལྟར།། འོད་ཟེར་མེ ་ལྕེ་འབར་ཞིང་གཤེགས་སུ་གསོལ།། ཨེ་ཧྱ་ཧི་མ་ཧཱ་ཀ་ལི་ཏྲི་ཤིང་། ཀ་ཏུ་ནི་ཀ་ཤ་ཏྲ་ཤོ་དང་། ས་མ་ཡ་ཧཱུཾ། ས་མ་ཡ་སྟྭ~ཾ།། ཛཿཧཱུཾ་བཾ་ཧོ།། ཧཱུཾ་ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་བའི་གཡུལ་བཟློག་པ།། སྤྲུལ་པའི་ལྷ་ཆེན ་རབ་ཆེན་ལྷ་ཡི་མིག་དབུ་བསྡུད།། དབང་ཕྱུག་ལེགས་ལྡན་ནག་པོའི་འཁོར་གྱིས་བསྐོར།། དབང་ཕྱུག་ལྷ་ཆེན་སྐུ་ལ་ཕྱག་འཚལ་ལོ།། དབང་ཕྱུག་བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ།། སྟོན་པ་ལུང ་བསྟན་འཕགས་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཉི་ཟླའི་འོད་གསལ་ཞིང་།། མ་རིག་སྒྲིབ་པ་མ་ལུས་སེལ་མཛད་ཅིང་།། འཁོར་བཅས་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ།། མེ་ཏོག་ཕྲེང་བ་ལ་སོགས་པ་ཡིས།། རིན་ཆེན་མིག ་དང་སྒོག་བཙོང་དང་།། དབང་ཕྱུག་ལ་སོགས་ཀུ་ད་རི།། འབྲས་བུ་ཡིད་བཞིན་སྣ་ཚོགས་དང་།། ཕྱོགས་བཅུའི་ཆུ་སྐྱེས་དང་ནི་ལོངས་སྤྱོད་རྒྱན།། རིགས་སུ་མ་བཅད་པ་ཡི་ལོངས་སྤྱོད་དབུལ།། དཀྱིལ་འཁོར་དགྱེས ་པའི་རྒྱན་གྱིས་བརྒྱན།། ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད།། ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ནི་པ་ཏི་མ་ཧཱ་རཀྵ་རུ་པ་ཁ་ཁའི་ཨཎི། པྲ་ཏི་ཛ་མ་པེ་ཏ་ལི་ཁ་ཁ་\ུ0f7fཁའི་ཋཎི། ཧཱུཾ་དབང་ཕྱུག་ཆེན་པོ་འཁོར་བཅས་ལ།། མཆོད ་པའི་སྤྲིན་ལ་སོགས་པ་ཡི།། རྫས་དང་ཡོ་བྱད་མི་ལང་།། བླ་མེད་དད་པས་མཆོད་དབུལ་བསྟོད།། འོད་ཕུང་འབར་བ་སྐུ་ལ་མེ་དཔུང་འབར་བའི་འོད།། གདུག་པ་རིལ་མིག་མཛད་པའི་ཁྲོ་གཉེར་ཅན།། དུག་གསུམ ་ཅད་ནས་གཅོད་པའི་མཆེ་བ་གཙིགས་པ་ཡིས།། ཡེ་ཤེས་སྤྱན་གསུམ་ཉི་ཟླའི་གའུར་འབར།། སྟོན་པའི་བཀའ་བརྒྱུད་བླ་མེད་ལུང་བསྟན་དཔལ།། དམ་ཚིག་ཆོས་ཀྱི་འཁོར་ལོ་རྣམ་སྣང་མཛད།། བླ་ནི་མཆོད་པར ་བརྗོད་པས་བཅིངས་པ་ནས།། ངེས་པར་བསྟོད་པ་ས་བཅུའི་བདག་པོར་འཕགས།། རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས།། དུར་ཁྲོད་མ་མོའི་ཚོགས་ཀྱིས་བསྐོར།། ནད་དོ་ཤོ་རི་ཚོགས་རྣམས་ཀུན་མཆོད ་ནས།། བསྟན་པ་བཤིགས་པའི་དགྲ་བོ་མདས་འཕྲོགས་ཐལ་བ་རྡུལ་དུ་ལྷོགས།། སྟོབས་ཆེན་གླང་པོའི་ཀོ་བ་གོས་སུ་གོན།། ལྷ་ཀླུ་གཉེན་གྱི་གྲོང་ཁྱེར་ཐམས་ཅད་དུ།། ལྷ་ཆེན་བདུད་དཔུང་ཆེ་བཙན་གསུམ།། ལོག ་འདྲེན་དགྲ་སྲི་གཟིར་འདུག་པའོ།། དཔའ་བོ་ཆེ་ཆེན་པོ་སྟག་གི་པགས་པས་མཚོན།། འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར།། ཕྱོགས་རྣམས་ཀུན་ཏུ་རྣམ་གྲངས་ལ།། སྨོན་ལམ་ཁྱད་པར་མངའ་བའི་མཐའ་སྦྱངས ་། ལ།། སྒྱུ་མ་ལྟ་བུའི་རྣམ་པར་ཐར་པའི་བློ།། ཕན་མཛད་དམག་དཔོན་ཁྱེད་ལ་མངའ།། སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལ།། དྲག་པོ་ཐེག་ཆེན་ལུ་གུ་རྒྱུད་དུ་འབྲེལ།། ལྷ་ཆེན་དབང་ཕྱུག ་ཁྱོད་བདག་བདུད་ལ་སྐྱབས་སུ་མཆི།། སྔགས་འདིས་ལྷ་རྣམས་སྲོག་དང་གཟུང་།། ཨོཾ་མ་ཧཱ་དེ་བ་ཀ་བ་ཀས་སྟི་ར་རྩེས་ནི་ཨི་ནན་ཧཱུཾ་སེ་ཛེ་ན་ཀ་རུ་རུ་སེ་ཀན་ཕུ། སེ་ན་སེ་མུ་གེ་ན་དེ་བུ་ཡེ་ན། དེ་བ་དེ་ན་མ་ར་ཡ་རམ།། ་ཁྲི་ཚོ་རེ་ཞིང་སྐུ་བསྐྱེད་བསྟོད།། འོད་དང་སྒྲ་དང་དྲི་དང་རོ་ཞིམ་དང་།། འབྲུག་དང་གློག་དང་ཤྲ།། དེ་རྣམས་གྲུབ་པའི་རྟགས་སུ་སྟེ།། དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ།། ཐུགས་རྗེ་ཐོག་བདག་བསྐུལ་ཞིང་རྦད།། ་གནམ་ལྕགས་ཐོགས་ཆེན་འབེབས་པའི་ལྷ།། ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས།། རོལ་དུ་ཁྱུང་དང་སེང་གེ་ཁྲིད། ཁ་རླངས་སྤྲིན་དང་ན་བུན་གཏིབས།། ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ།། ལྕགས་ཀྱི་སེར་ཆེན ་ཕྲོམས་སེ་ཕྲོམས།། ཤེལ་གྱི་ཁུ་འཕང་རི་ལི་ལི།། སེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམས།། གནམ་ལྕགས་རལ་གྲི་ཀླད་ལ་བསྐོར།། གསེར་གྱི་ཤངས་ལས་གློག་ཆེན་འགྲུ།། འཁོར་གྱི་ལྷ་ཡང་ཐོག་འཕེན་ཏེ།། ཤར ་ཕྱོགས་དྲི་ཟའི་ཞིང་ཁམས་ནས།། དྲི་ཟ་ལྷ་ཡི་བློན་པོ་ཡང་།། རྡུལ་དངུལ་གྱི་གཞུ་བདུངས་མདའ་ལྟོང་སྟེ།། ལག་ན་དངུལ་གྱི་ཐོག་ཆེན་འབེབས།། དངུལ་གྱི་ཐོག་འབེབས་འུར་རུ་རུ།། ཀྱི་ཁང་ཀཾ་ཀ་སེ་ཕོ་མོ་འཕྲལ་ལ ་འཇུག། ཐོག་སེར་སྦྱིན་མདངས་བློ་བཅུད་འབེབས།། དེ་བཞིན་ཕྱོགས་ཀྱི་བློན་བཞི་བསྐུལ།། ཐོག་གིས་དབབ་སྔགས་ཐོད་པར་ཐིམ།། པུར་ཚོ་རྦད་ནས་ཤང་ཤང་བྷྱོ་ཛ་ཛ་ག་ཤ་ཙ་ཏ། མར་སྙིང་ལི་རྦུད། ཙིཏྟ་ཐམས ་ཁ་རག་ཚལ་པ་རྦད། རཀྵ་ཡཀྐ་རྦད། རཀྑ་ཡ་ར་ཙི་ཏེ་ཁ་ལ་རྦད་བུ་ཛ་ཧཱུཾ་ཆོ་རྦད་ནལ་དམ་ཤང་རཀྵ་ནག་པོ་བསྲེག་ལ་ཆུམ་ཆུམ་ཙོགས་ཙོགས། དེ་ནས་ལྕགས་ཐོག་དབབ་པ་ཡི། ཤུར་ཆོམ་རྦད་ན་ལ། རཾ་རཾ་ཤང་ཤང་། ་དེ་བ་ཡཀྑ་སྲོག་ལ་ཆུམ་ཆུམ་རྦད། དུ་ར་ལ་འུར་འུར་རྦད། ནལ་ཤིག་མ་ར་ཡ། དེ་ནས་གསེར་ཐོག་དབབ་པའོ་མི། འུར་འུར་ཆོམ་ཆོམ་ཤིག་ཤིག་མ་ར་ཡ། ནི་ས་ཤིས་ཁ་ལ་རྦད་པུ་ཙ་ན་ཤ་དེ་བ་ཧ་ར་ལ་རཀྟ་ཙན་ཙན ་ཙིཅིག་ཧཱུཾ་ལ། ཕོབས་ཡ་དེ་ནས་ཟངས་ཐོག་དབབ་པའོ་ནི། དེ་བཞིན་ཐོད་པ་ལ་སྦྱར་དམིགས་པའི་ཡུལ་དུ་སྦ། ལྕགས་ཕུར་མཁར་གྱི་རྨང་དུ་གདབ།། ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ།། རྡུལ་བུ་དངུལ་ཟར། ཏ་ཕྲེང ་ཕུར་སྦ།། དེ་བཞིན་སྦས་ནས་ཕབ་འགྱུར་ན།། བཙས་པའི་རྟེན་པར་དུས་སུ་ཕེབས།། དེ་ལ་ཐེ་ཚོམ་པ་མི་བྱ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐོག་དབབ་པ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་གསུམ་པའོ།། ་དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་བསྟན་པ་གཉེན་པོ་བསྲུང་བའི་ཐོག་དབབ་པའི་ལྷའི་ཟླ་གསང་འདི་གསུངས་སོ།། རྨ་བྱ་དག་གི་རྒྱལ་མཚན་ལ།། རྨོངས་པའི་མིང་རུས་མགོ་རུ་གཞུག། སྐྲག་རྒོད ་གཙང་མ་སོར་བཞི་པ།། ལིང་ག་དག་གིས་སྐེ་རུ་གདགས།། ཕྱིང་དཀར་གཙང་མ་གྲུ་བཞི་ཞིག། སྟེགས་བུའི་སྟེང་དུ་བཏིང་ནས་དང་།། ནས་སྔོན་ཕུལ་གང་ཤར་དུ་ཡང་།། ནུབ་དུ་ཏིལ་ནག་ཕུལ་གང ་སྤུངས།། དཀྱིལ་དུ་རྒྱལ་མཚན་གཟུགས་པར་བྱ།། ཉིན་མོ་གསང་སྔགས་བཟླས་ཀྱིན་བྲབ།། སྔགས་རྫོགས་རི་གསུམ་རྩེར་སོང་ལ།། ཨེ་བརྐོས་ནང་དུ་མིང་ནི་བཞུགས།། རྩང་དང་མཉམ་པའི་ཁྲུག་བསྒོལ་ལ།། ་དགྲ་ལ་རྩང་བཙན་རེས་མོས་གཞུག། དབང་ཕྱུག་ཆེན་པོར་ལས་བཅོལ་བ།། འོ་དོད་འབོད་ཅིང་གསད་ཅིང་གནན།། མྱུར་དུ་ཐོག་ཆེན་འབེབས་འདོད་ན།། རྣམ་པར་སྨིན་པ་ཤི་བའི་གོས།། ཧ་ལ་ཧ་ལ་ད་ཀ་དང ་ཚོགས་ཉུངས་དཀར་གནན།། ཤེས་ཆེན་འཕགས་ལ་མཚན་ངན་ལ།། ཡུལ་གྱི་མིང་དང་བརྣག་པའི་མིང་།། དེ་བཞིན་བྲིས་ཏེ་དེར་བཅུག་ལ།། སྤྱན་དྲངས་བཞུགས་མཆོད་བསྟིམ་པར་བྱ།། དེ་བཞིན་སྣ་དྲག་སྔགས་འདི ་དག་རབ་ཏུ་ཟླས།། མ་ཧཱ་ཙནྡ་རཀྵ་བེ་ཤ་ཨ་ན་ཡ་བ་ཕོབ། རཀྵ་མ་ཏ་ཕོབ་རག་བྷྱོའོ།། ཤར་ཤེལ་ཧ་ལ་ཧ་ལ་ཙན་ད་པྲ་ཙེ་ཕོམ། པྲ་ཙེ་པྲ་ཧ་རི་ཛ་རུ་སྟི་བྷོ། ར་ག་ར་ག་ཏ་ཙན་ཏུ་མ་ཧཱ་ཤ་ཏི་ནན། ད་ར་ཙན་ད་པ་ཙ་ན ་པ་ཙ་ལ་ཙ་ཧ་ལ་ཧ་ལ་ད་ར་ད་ར་ཕཊ། རཀྟ་ཙ་དྷི་མ་ཧཱ་ཙ་ན། བཛྲ་ཙི་དུ་བཛྲ་ཙི་དུ་དེ་བ་ཧ་ན་ཧ་ན་བྷྱོ། གང་འདོད་གང་གནས་ཀྱི་ཡུལ་གྱི་རྟེན།། བདུན་འབུམ་བཟླས་ཏེ་ཁྲ་བདམ་གནས།། དུས་མིན་ཐོག་ཆེན་ཕེབས ་པར་འབེབས།། དུས་དང་ཡ་ཀར་རི་དག་ལིང་ཀར་དུང་རྣམས་ལ་སྔགས་ཏེ། དགྲ་བོའི་ཕྱོགས་སུ་གཏོར་ན་མཛེ་རུ་འགྱུར། བག་ཟན་ལ་སན་གྱི་ཁྲག་གིས་བྱུགས་པ། ཁང་པའི་ཐོག་དུ་བཞག་ན། སེམས་ཅན་དེ་ཉིད ་མར་པོར་བྱས་ནས། ཁང་པའམ་ཞིང་གསེབ་ཏུ་སྦས་ན། སྐད་ངན་འདོན་ཅིང་འོང་། སྨན་འབྲི་ཏ་ས་འཛིན་དང་། འིག་ཏ་ལ་སྔགས་བཏབ་ནས་རྫ་མར་བླུགས་ན། འབུ་དང་སྲིན་བུར་འགྱུར་རོ།། ཐོད་པར་བླུགས་ན ་ཐོད་པ་གར་འདའ་འགྲོའོ།། མཚོན་རྩི་སྣ་ལྔ་ལ་བསྔགས་ནས་རྟག་ཏུ་བཅངས་ན། བྱི་བས་ཁྱིམ་དང་ཞིང་དང་ལྡུམ་ར་ཟ་མི་ནུས་སོ།། མུ་ཏིག་ལ་བསྔགས་ནས་བྱིན་ན་བུད་མེད་མང་པོ་དབང་དུ་འགྱུར་རོ།། སྨག་ཤང ་ལ་སྔགས་བཏབ་དབང་ཕྱུག་ཆེན་པོ་མཆོད་ནས། ཕྱུགས་འགའ་ཉུང་ངུར་འོང་བའི་སར་གདགས་ན། འགབ་འཕེལ་བར་འགྱུར་རོ།། རྨ་བྱའི་རྒྱལ་མཚན་དབབ་སླད་དུ།། མ་མོ་སྟོང་གིས་ལས་མཁན་མོ།། མ་མོ་མི ་འཕམ་སྲིད་གསུམ་མགོན།། དཔལ་ནག་མོ་རེ་མ་ཏི།། ནད་བདག་མོ་ནི། ཟླ་གསང་གསུངས།། དང་པོ་མཆོད་དང་སྡིག་བཤགས་གསུངས།། རིམ་པ་ཇི་བཞིན་སྟོང་པར་བསྒོམས།། འབྱུང་བ་རིམ་ལྔ་གཞལ་ཡས ་བསྐྱེད།། སེམས་ཀྱི་རང་བཞིན་གཤེད་པོ་དང་།། སྙིང་ལས་འཕྲོས་པས་སྤྱན་དྲངས་ཏེ།། སྦྱོར་བར་རྟོགས་པས་རྟོག་དམར་རླབས།། སྲོག་གི་སྙིང་པོར་དབུལ་བར་བྱ།། རཀྟ་རྒྱ་མཚོ་དེ་ཡིས་རླབས།། བར་དུ་བསྐུལ ་། ཚིག་འགའ་ཡང་བསྐུལ།། དེ་ནས་གྲུབ་པར་བྱ་བ་ནི།། ནལ་བུའི་སྙིང་ལ་རྟག་ཏུ་བོད།། རྨ་བྱའི་མདོངས་དར་ནག་ཕུར་ལྕེ་བཏགས་ཏེ་གཟུགས།། གཏོར་མ་སྤྱན་གཟིགས་ལྡན་པས་སྐོང་།། བོད་པ་སྤྲད་པ ་གསད་པའི་སྔགས།། ཉུངས་དཀར་དང་ནི་ཉུངས་ནག་རྫས།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྒོར།། ཟླ་གམ་དམར་པོ་གསུམ་གྱིས་བསྐོར།། གྲུ་ཆད་པར་ཁྱམས་སྒོ། སྒོར་བཞི་ལྡན།། ཤིན་ཏུ་དྲག་པོའི་སྣོད་ནང ་དུ།། ཙིཏྟ་དང་ནི་རཀྟ་དང་།། བཙན་དུག་རྣམས་ནི་བླུག་པར་བྱ།། ནལ་བུའི་ཤ་དང་ཤེས་རབ་མཚལ།། བནྡྷ་ན་ད་ཤི་བླུགས་ལ།། བྱ་ནག་ལུག་ནག་རྟེན་དུ་གཟུགས།། ནལ་བུའི་གོས་ལ་རྨ་བྱའི་མདོངས།། དར་ནག ་འཕུར་ལྕེ་བཏགས་ཏེ་གཟུགས།། གཏོར་མ་སྤྱན་གཟིགས་ལྡན་པས་བསྐོར།། བོད་པ་སྤྲད་པ་གསད་པའི་སྔགས།། ཉུངས་དཀར་ཉུངས་ནག་རྫས་རྣམས་ལ།། བདུན་འབུམ་གྲངས་ནི་ཚང་གྱུར་ན།། རིམས་ནད་སྣ ་། ཚོགས་ཆར་བཞིན་འབེབ།། ལྷ་མོ་སྲོག་གི་ཡང་སྙིང་འདི།། སྙིང་ནས་འདྲེན་པའི་ཁ་ཡི་མ།། མ་མ་ཏྲག་རཀྟ་སྙིང་ཁ་རག་ཙིཏྟ་སྲོག་གཏུམ་དུང་ཛ་ཛ་ཧཱུཾ། མ་མོ་སྤྲད་པའི་ཡང་ཏིག་འདི།། སྙིང་ནས་གཅོད་པའི་མཆོག ་ཡིན་ནོ།། མ་རག་མོ་བྲུཾ་ལིང་སྙིང་རྩ་འདུས། སྲོག་ཕྲིག་སྡིག་ཕྲག་ཤམ་ཤམ་ཁྱེར་བྷྱོ། སྙིང་ཁྲག་ཙི་ཏང་ཙ་སྲོག་བྲེང་བྲེང་། རྦད་རྦད། ཨོཾ་ཛ་ལ་ཧཱུཾ་ཕཊ། མ་མོ་སྲོག་དུན་དུན། ཁྲག་ལ་སྙིང་རྒུད། མ་མོ་སྲོག་ཐུན་སྙིང་ལ ་མ་བྷྱོ། མ་ར་ཡ་ཕཊ། ཁ་ཐུན་ནརི་ཛ་ཛ། མ་མོ་གསང་ཏིག་ནག་མོ་འདི།། རིམས་ནད་ཁྲག་སྐྱུག་ནད་ཀྱིས་གསོད།། མ་མ་རང་གི་སྙིང་ཁྲག་གིས་ཐུན་རྒུད། ཐང་མུ་ལེ་ཐང་མུ་ལེ་ཆེ་གེ་མོ་རྩ་རྩི་རྦད་རྦད། རྩ་ཐང་རྩ་ཐང་ཆེ ་གེ་མོ་ཙེཏྟ་རྦད་ཟད། མུགས་ནི་ལུགས་སྣ་ཆེ་གེ་མོ་ཙིཏྟ་ནན། རག་མོ་ནི་རག་མོ་ནི་ཁ་ལོ་ཙིཏྟ་རྦད་རྦད། དུག་སྟི་དུག་སྟི་ཁ་ལོང་ཙིཏྟ་རྦད།། ཀྱི་ཁ་ལོང་ཀྱི་ཁ་ལོང་རྦད་ཟད། རྩ་སྟི་རྩ་སྟི་ཏ་རྦད། ནིར་སྠི་ནི་སྟི་རྦད། རྩི་ཏ ་རྨུགས་རྨུགས། ཐུམས་ཐུམས་པུ་པ་བྲུཾ། སྟིཔྟ་རྦད་རྦད། ཁ་ལྟར་ཧེད་ཧེད། ཐུམ་ཐུམ་རྦད་རྦད། སེ་ཁ་ལོ་མུ་ཁ་ལོང་མ་རྦད་རྦད། བདག་ཉིད་གཤིན་རྗེ་གཤེད་པོར་རབ་བསྒོམས་ཏེ།། བདག་ཉིད་ཐུགས་ལས་མ ་འཕྲོས་པས།། ཡི་གེ་མཐིང་ནག་སྟོང་གི་སྟོང་གསུམ་གང་།། ཕར་འཕྲོས་བདེར་གཤེགས་ཐུགས་དམ་བསྐུལ།། སླར་འདུས་སེམས་དཔའི་མ་ལ་ཐིམ་པར་བསམ།། ཡིག་འབྲུ་གསུམ་གྱིས་དབང་བསྐུར་བྱིན་བརླབས ་ནས།། མ་ལས་མོ་ཉིད་བསྐུལ་སྐུ་མདོག་ནག་མོའི་ཤིན་ཏུ་གཏུམ་པ་ལ།། ཤིན་ཏུ་ལེགས་པའི་ཞལ་གཅིག་ཕྱག་བཞི་མ།། རལ་གྲི་བནྡྷ་དམར་བསྒྲིལ་གཡས།། རིམ་བཞིན་ཤག་ཏི་བམ།། ཏྲི་ཤུལ་དར་དཔྱངས་གཡོན།། ་རལ་གྲི་སྒྲེང་བའི་བན་པ་གཡོན་དུ་འཁྱིལ།། སྒྲ་བསྐྱེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན།། རྣ་ལྟག་མེ་ཏོག་དར་དཔྱངས་ཅོད་པན་འཕྱར།། སྙན་ནས་སྦྲུལ་གྱི་གདེངས་ཀ་འཕྱོ།། མགུལ་ན་སིལ་སིལ་འཁོར་བ་ལ།། སྙན ་། གཡོན་སེང་གེ་མཚུངས་མེད་ན།། བོང་བུ་ག་པ་ལ་ཞོན་པ།། གཞན་ཡང་ཆེ་བའི་རྒྱན་དང་པའི་བརྒྱན།། སྟོང་གིས་སྐུ་བརྒྱན་གསལ་བར་སྒོམ།། ཏིང་འཛིན་སེམས་དཔའ་ཧཱུཾ་ལས་འོད་ཟེར་ནི།། ལྕགས་ཀྱུ ་འབར་བའི་འོད་ཟེར་ཕར་འཕྲོས་ཏེ།། བདག་ཉིད་ཆེན་པོའི་སྲོག་ནས་རབ་བསྐུལ་ཏེ།། སྲིད་པའི་མ་མོ་སྟོང་གསུམ་འགེངས་པར་བྱེད།། ཡེངས་པར་གྱུར་ན་ཅིག་ཀྱང་མི་འགྲུབ་བོ།། རྩེ་མོ་ལ་སོགས་སྲིད་པའི་མ་མོ ་ཡིས།། གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ།། སྐྲ་བསྐོལ་མིག་རྩ་རིག་རིག་འོ་དོད་རྩེར།། གན་བུབ་རྡུལ་ཞིང་ཁ་ནས་ཁྲག་དག་རྒྱུག། ཅི་མཛད་འོན་ཐོང་ཟེར་ཞིང་དབུགས་དང་བྲལ་ལ་ཁད།། ཐུན་གྱི་ནང་དུ་རབ ་ཏུ་མེ་འཇུག་པར་དམིགས།། དེ་ལྟར་བསྒོམས་ལ་གཤེད་པོ་དབང་དུ་བསྡུ།། མཉེས་པའི་ཚུལ་གྱི་བསྟོད་པ་འདི་དབུལ་ལོ།། དཔལ་ལྡན་ནག་མོ་མི་འཕམ་སྲིད་གསུམ་མགོན།། བདག་དོན་སྒྲུབ་ཕྱིར་རྣམ་ཐར་ཡོ་ལ ་ཡང་།། སྙིང་རྗེའི་དབང་གི་རྗེ་ལ་ཐོབ་པའི།། ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད།། ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག། མཚན་མོ་ནག་མོ་ཤིན་ཏུ་གཏུམ་པ་མོ།། ཤིན་ཏུ་སྐེམ་ཞིང་རུས་པའི་ལུས ་འཆང་མ།། ཞལ་གཅིག་མཚན་ལྔ་ལ་བསྔགས་ནས།། རྟག་ཏུ་བཅངས་ན། ནད་མཛེ་འོང་བ་འཚེ་བར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒུད། འཇིག་རྟེན་ཁམས་སུ་ཐོག་དབབ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་བཞི ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། བསྟན་བསྲུང་འགལ་བ་ཆམ་ལ་དབབ་པའི་ཕྱིར།། ནད་ངན་གྱི་བདག་མོ་ཡི་གཟུགས་སུ་བསྲུངས།། དུར་ཁྲོད ་ལ་སོགས་དགོན་པའི་གནས་ཉིད་དུ།། ས་བདག་ཉིད་མཉེས་པར་བྱས་ལ་མ་ངེས་པ་ཡང་གཟུགས།། ཕུར་པའི་ཤུལ་ནས་ས་བླངས་ད་ལ་ཡང་བརྩིགས།། དཀྱིལ་འཁོར་ཁྲིག་རིམས་ཁྲག་གིས་ཆག་ཆག་གདབ།། དུག ་རྩལ་བསྐྱེད་སྨན་གྱིས་དྲི་ཡང་བྱུག། དབུས་སུ་གྲུ་གསུམ་སུམ་རྩེག་གཏིང་དུ་བྲུ།། ཟླ་གམ་དམར་པོའི་འཁོར་ལོ་རྩིབས་བཞིར་ལྡན།། མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང་བས་བསྐོར།། གྲུ་ཆད་པར་ཁྱམས་སྒོ་བཞིར་རིགས ་དང་སྦྱར།། གྲུ་གསུམ་རྩེ་དྲུག་དཔལ་གྱི་ཞིང་དྲུག་བྲི།། དབུས་སུ་འཇམ་དཔལ་ཡབ་ཡུམ་སྲས་བཅས་དགོད།། འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་དགོད།། ཟླ་གམ་གསུམ་ལ་ན་མོ་ཕུང་གསུམ་དགོད།། གྲུ་ཆད་བཞི ་ལ་སྲིན་མོ་གདོང་བཞི་དགོད།། རྩིབས་མཚན་བཞི་ལ་ཤན་པ་མ་བཞི་དགོད།། བར་ཁྱམས་བཞི་ལ་ས་བདག་མོ་བཞི་དགོད།། ཟླ་ལྕགས་རི་ནག་པོ་དབང་ཕྱུག་རྩ་བརྒྱད་བཀོད།། དེ་ལྟར་ལྷ་འདྲེས་ཕུལ་བའི་སྙིང་པོ ་རེ།། དབུས་སུ་ཐོད་པ་ནག་པོའི་ནང་དུ་དུག་ཁྲག། མིང་རུས་གཟུགས་དང་བཅས་པ་དགོད།། འཇམ་དཔལ་ཡབ་ཡུམ་སྲས་ཀྱི་གདན་དུ་བཏིང་།། གྲུ་གསུམ་རྩེ་མོར་རབས་ཆད་ཐོད་པ་གསུམ།། གཅིག་ཏུ་རིམས་ཁྲག ་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར།། གཅིག་ཏུ་བཙན་ཁྲག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར།། ཐོད་པ་གཅིག་ཏུ་ཉུངས་དཀར་ཉུངས་ནག་དང་།། སྐྱེ་ཚེ་ལན་ཚ་ཁྲག་ཏུ་སྦྱར།། ཐོད་པ་གཅིག་ཏུ་ལྕགས་ཕྱེ ་ཟངས་ཕྱེ་དང་།། རྡོ་ཕྱེ་ལ་སོགས་ནང་དུ་སྦྱར་ཏེ་བཞག། དུར་ཁྲོད་ཐོད་པའམ་བལ་ཚོན་སྣ་ལྔས་བཅད་དེ་བཞག། དྲི་མོར་ཤི་བའི་པགས་པའི་སྟེང་དག་ཏུ།། ར་ཁྲག་དུག་སྦྱར་གྲུ་བཞིར་ཐིག་གདབ་ལ།། གོང་བཞིན ་འཁོར་ལོ་རྩིབས་བཞིར་བཅས།། གོང་བཞིན་དགོད་ལྟར་རང་རང་སྙིང་པོ་དགོད།། མཐོང་དང་དངོས་བཞི་རྩང་གི་རྩེ་ལ་བརྒྱད།། དཀྱིལ་འཁོར་དབུས་སུ་གུར་དུ་ཕུབ་ལ་བཞག། གཏོར་མ་ཤ་ཆེན་ཡོད་པའི་བསེ ་ཁབ་གང་།། ཡ་མནྟ་ཀ་གཤིན་རྗེ་ཉིད་ལ་དབུལ།། གཡས་སུ་སྣརེལ་མོའི་ཐོད་པ་དུམ་ལྔ་རུ།། སྒྲོལ་བདག་ཆེན་མོ་ཨེ་ཀ་ཛཱ་ཏི་ལ།། ཤེས་རབ་མཚལ་དང་སྣརེལ་མོའི་སྙིང་ལ་བསྟེན།། གཡོན་དུ་སྦྱོར་བདག་ནག་མོ་རེ་མ ་ཏི།། ཡུགས་མོའི་ཐོད་པར་མི་དབང་ཤ་ཁྲག་དང་།། སྨན་དང་སྙིང་ཁྲག་སྦྱར་ལ་བཞག། ཟླ་གམ་ནག་པོ་ནག་མོ་ཕུང་གསུམ་ལ།། སྐྱེས་པ་དར་མ་དྲིར་ཤིའི་ཐོད་པ་རུ།། གླང་ནག་སྙིང་དང་པདྨ་རཀྟ་དང་།། སྦྲུལ་ནག ་སྙིང་དང་འུག་པའི་མིག་འབྲས་དང་།། ཕོ་རོག་སྙིང་དང་བུད་མེད་ཀླད་ཁྲག་བཞག། འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་ལ།། བཞོན་པ་གྲུ་གསུམ་ནང་དུ་ཡང་། ཁྲག་སྣ་གསུམ་དང་སྟག་སྟེ་བླང་།། རྒྱལ་པོ་རྒྱལ་མོའི ་སྙིང་བཞི་བཞག། རྩིབས་མཚན་བཞི་ཡི་ཤན་པ་མ་བཞི་ལ།། མཛེ་མོའི་ཐོད་པའི་ནང་དུ་གདུག་སྙིང་དང་། ཁྲག་གི་གཏོར་མ་ཐོད་པར་བཞག། གྲུ་ཆད་བཞི་ལ་དོང་མོའི་བཞི་ཡི་དམ་རྫས་སུ།། ཡུགས་མོ་ཡི་ཀླད་ཕོར ་དུ།། སྟག་དོམ་བན་ལྔ་བནི། མི་ཡི། སྙིང་།། ར་ཁྲག་དུག་ཏུ་སྦྱར་ལ་བཞག། བར་ཁྱམས་བསེ་མོ་བཞི་ལ་ཡང་།། བ་མན་རའམ་དུང་ཕོར་དུ།། མར་ཁུ་སྦྲང་རྩི་འོ་མ་དང་། ཁྲག་སྣ་མང་པོ་སྦྱར་ལ་བཞག། དེ་ནི་སྒྲུབ ་རྫས་དམ་པའོ།། དེ་ནས་སྒྲུབ་གསང་དྲུག་སྔགས་བཟླས་སོ།། དེ་ནས་དཀྱིལ་འཁོར་བྱང་ཤར་དུ།། སྨན་ཕུད་རཀྟས་བསྒྲུབ་པ་ལ།། མཆོད་རྟེན་མཐོ་གང་གྲུ་བཞི་ལ།། དུར་སོལ་ནག་པོས་བསྐུས་ལ་བཞག། དེ་བཞིན ་ལས་རྣམས་ཀུན་ཟིན་ནས།། དུག་ཁྲག་མི་རུས་བཅས་པ་རྣམས།། མཆོད་རྟེན་བུམ་པའི་ནང་དུ་གསལ།། ཕྱག་རྒྱ་བཅའ་ཞིང་སྔགས་ཀྱང་བཟླས།། མཆོད་རྟེན་ནང་དུ་བརྣག་པ་རྣམས།། ཆུ་མིག་ཉ་ལྕིབས་ཅན། ཉིད ་དུ།། མ་ངེས་དཔང་གཟུགས་མཁྱེན་པ་གསོལ།། གཏོར་མ་བཏང་བའི་དུས་ཚོད་ནི།། དང་པོ་སྐྱ་རེངས་ཤར་བ་དང་།། དགོང་གི་དམར་ཐག་ཆད་པ་ལ།། མ་མོའི་གཏོར་མ་རིམ་གྱིས་གཏང་།། དེ་བཞིན་ཉིད་དང་ཀུན ་སྣང་དང་།། སྣང་ལ་རང་བཞིན་མེད་པ་ཡི།། ཆུ་ཟླའི་འཁོར་བཞིན་སྒྱུ་མའི་ཏིང་ངེ་འཛིན།། མཐིང་ནག་ཧཱུཾ་གཅིག་གསལ་བར་བསྒོམ།། འཕྲོ་འདུས་བདེར་གཤེགས་ཐུགས་དམ་བསྐུལ།། འགྲོ་བའི་དོན་བྱས་སླར་འདུས ་། པས།། གསེར་གྱི་རྡོ་རྗེ་ཙན་དན་གྱུར།། ཡ་མནྟ་ཀ་ཀྲོ་ཏ་ཞེས་བརྗོད་པས།། གཏུམ་ཆེན་ཡ་མནྟ་ཀར་གྱུར།། དབུ་དྲུག་ཕྱག་དང་བཅུ་གཉིས་ལ།། བརྒྱན་དང་ཆ་ལུགས་གསལ་བར་བསྒོམ།། གཡས་སུ ་ཤཀ་ལས་སྒྲོལ་བ་མོ།། ཨེ་ཀ་ཛཱ་ཏི་གསལ་བར་བསྒོམ།། གཡོན་དུ་མ་ལས་སྦྱོར་དམ་མོ།། ནག་མོ་རུ་ཏྲི་ཀུ་རུ་སྒོམ།། ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས།། ལྷག་པའི་ཡེ་ཤེས་མ་གསུམ་འཕྲོས།། སྟོང་གསུམ་མས ་། ཁྱབ་འགྲོ་དོན་བྱས།། སླར་འདུས་ཟླ་གམ་གསུམ་ལ་བབས།། ཡིག་དྲུག་གསུམ་གྱིས་བྱིན་བརླབས་ཏེ།། ནག་མོ་ཕུང་གསུམ་གསལ་བར་བསྒོམ།། འཁོར་ལོ་བཞི་ལ་ཕུང་བྱེད་བཞི།། རྩིབས་མཚན་བཞི་ལ་ཤན་པ ་བཞི།། གྲུ་ཆད་བཞི་ལ་གདོང་མོ་བཞི།། བར་ཁྱམས་བཞི་ལ་བསེ་མོ་བཞི།། ལྕགས་རི་ལ་ནི་དབང་ཕྱུག་མ།། སྐུ་མདོག་མ་ལུས་གསལ་བར་བསྒོམ།། ཀུ་ཤུ་ཤ་རྩེ་ཀྲ་མ། དེ་བཞིན་སྒོམ་པའི་མ་རྣམས་ལ།། སྤྱན་དྲངས ་། ཕྱག་འཚལ་བཞུགས་མཆོད་དབུལ།། དགྱེས་སྟོང་བཅོལ་ལ་འཕྲིན་ལས་བཅོལ།། མ་མོ་ལས་ཀྱི་སྦྱོར་སྔགས་དང་།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ལ་རུ་ཧཱུཾ་ཕཊ།། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མནྟ་ཀ། ཡ་མ་ར་ཙ་མ་མ་ཨེ་ཀ་ཛཱ ་ཏི་ཛ།། ཏྲག་རཀྟ་རུ་ཀྲ་རུ་ལུ་རུ་ལུ་ཧཱུཾ། རག་མོ་ཏེ་ཀྱེ་མ་ཛ། ཁ་ཁ་ལ་མ་ཏི་བྷྱོ། རུ་རུ་ཙ་བ་ལ་ལ་ཨ་ཤུག་མེ། ཛ་ཛ། དུ་དུན་ཏི་དུ་ལ་ཡ་ཛ། དུ་རུ་ཛ་ལ་ཧ་ན་ཛ་ཛ། དུམ་ར་ཧ་རེ་ཙ་ཛ། རུས་སྙིང་ཁྲག་ལ་རཀྟ་རྦད། ཐུམ ་རིལ་མི་ལི་ནི་ཤ་ཀུ་རུ་རཀྟ་མ་ནིང་། ཀུ་ནི་ཀུ་རུ་ཁ་རཾ། རྦད་ཐུམ་རི་ལི་ལི། སྙིང་ལ་ཁྲག་ཤ་ནི་ཤི་ཏིཔྟ། རྦད་ཐུམ་རི་རི་ལ་ལི། ཏྲག་ཤ་མུ་ཏུ་སྙིང་རག་མོ་བྷྱོ། ཨོཾ་རུ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ། རག་རག་མོ་རག་མོ་སྙིང ་རྩཝརྩ་མ་བྷྱོ། མོ་དགྲ་སྙིང་ཁ་རག་མོ་བྷྱོ། ཙ་མ་མོ་ཙ་བ་མོ་བྷྱོ། ཁྲག་ལ་མུ་ཤ་བྷྱོ། ཀུ་མ་ད་རི། ཤུ་ལ་ད་ར། ཙ་མུན་ད་རི་ཀ་ཀཾ་དྷ་རི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ ་བྷྱོབྷོ་བྷྱོ། དེ་རྣམས་སྲོག་གི་སྙིང་པོ་སྟེ།། ཉུངས་དཀར་ཉུངས་ནག་སྐྱེ་ཚེ་དང་།། རྡོ་ཕྱེ་ལྕགས་ཕྱེ་རྫས་རྣམས་ཀྱི།། སྟོང་སྟོང་བཟླས་ཤིང་ཐུན་ལ་སྟིམ།། དེ་བཞིན་གྲུབ་པའི་རྟགས་འོང་ངོ་།། མེ་དང་སྒྲ་དང་དུ་བ་དང་།། ་རྫས་འོད་དང་མགོ་འོད། སྐད་རྐང་། འོད་དང་།། རྨི་ལམ་རྟགས་དང་ཉམས་ལ་སྟོན།། གང་ཉེ་རྟགས་ཀྱིས་དུས་ཚད་བཟུང་།། གང་ཉེ་དག་ལ་གཏོར་མ་བཏང་།། ལས་ལ་སྦྱར་ལ་སྲོག་སོགས་སྦྱིན།། ཡ་མནྟ་ཀ། ཡ་མ་ར ་ཙམ་མ་ཨེ་ཀ་ཏ་ནི་ཛི་བྷྱོ། རུ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ་བྷྱོ། དུ་ནི་དུན་ཏིང་དུ་མ་མ་བྷྱོ། མེ་རུ་རག་མོ་རག་མོ་བྷྱོ། མཾ་རུ་རུ་རག་མོ། སྙིང་ཁ་རཀྵ་ཏི་སྟ་མོ་བྷྱོ། རག་མོ་མམ་ཁོང་སྙིང་ལ་བྷྱོ། རག་མོ་ཙ་བ་ཁྲག་མྲ་ཤ་སྠིང ་ཙ་རུ་རུ་ཙ་པ་ལ་མ་མ་བྷྱོ། སྙིང་ཤིག་དུན་བྷྱོ། སྙིང་རྩ་ལ་དམར་པོ་དུན་བྷྱོ། སྙིང་ཁྲག་ལ་དམར་མོ་དུན་བྷྱོ།། ཙིཏྟ་ཕྱུང་དམར་མོ་དུན་བྷྱོ། དེ་ནི་མ་མོ་སྤྲད་པའི་སྔགས་ཏེ། རང་རང་གྲུབ་པའི་རྟགས་དང་སྦྱར།། དེ་ནས ་། གསད་པའི་ལས་བྱ་ན།། རང་རང་གྲུབ་རྟགས་སྲོག་བཞི་བྱ།། མ་མོས་བསད་པའི་ཐུན་སྔགས་དང་།། རང་རང་རིམས་ནད་དབབ་པའི་ཐབས།། གཤིན་རྗེ་གཤེད་པོས་དབང་བསྡུས་ལ།། ཨེ་ཀ་ཛཱ་ཏིས་རྐུ ་གཟེར་དབབ།། གོང་གི་རྫས་འདི་བླངས་རྫས་འདི་བསྟེན་རཀྵ་རཀྐ་ཁ་མུ་ཀྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། རག་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཏི་རུ་ལུ་མ་ཏི་བྷྱོ། རཀྟ་ཐུན་བྷྱོ་ཛ་ཛ། བྲི་དུན་མང་ས་ཐུན་མད་རུངས་ལ་ཐུན་བྱི་མ་རུ ་དགྲ་བོ་ལ་ཐུན་བྷྱོ།། ཕཊ་ཕཊ་དུ་བི་མ་རུ་ཙ་ཁ་ཐཾ་མ་ཁ་མོ་ཙ་ལ་ཡ་སྲོག་ལ་ཐུན་སྙིང་ལ་འཐིབས། གོང་གིས་དྲག་པོའི་རྫས་བླངས་ལ།། ཨེ་ཀ་ཛཱ་ཏིས་མཛེ་ནད་ཐོང་། ཁ་རཀྑ་ཁང་རང་སོ་ཆུམ་ཆུམ་ན་ག་ར་ཙ་མ་མུག ་སྡོམ་བཾ་རི་ལ་ལི། བམ་རི་ལ་ལི་ལི་དགྲ་བོ་མར་ཡ་ཛ། དེ་བཞིན་དགྲ་བོའི་རྫས་བླངས་ལ། རེ་མ་ཏིས་ནད་ངན་དབབ། མྱོགས་མྱོགས། ཤིག་ཤིག་ཙིཏྟ་བཾ་མྱོགས། མུ་ཏི་རི་བརྒྱ་པ་ཙི་ཏི་བཾ་ཧཱུཾ་ཧཱུཾ། ཕུང་ཆོམ་ཤིག་ཟུམ ་ཤིག། ལོང་ལོང་ཐུམ་ལོང་། ཁ་འདར་ཡིད་ཡེད་སོད་རུ་རུ་ཤ་ཏི་ཀྲི་མ་དུ་སོད། སོད་སྲོག་ཟམ་ཟམ་སོད། མ་རག་ཏི་རྦད་ཡ་སོད། ཁ་དུ་ཤ་ཤ་མ་མ་པ་སོད། ནི་ནི་ཡ་ཙ་ཐུན་སོད། གང་གི་རྟགས་དང་སྦྱར་ཏེ་བསད།། ་དེ་ནས་ཐུན་གྱི་འཁོར་ལོ་དེ།། མཆོད་རྟེན་བུམ་པར་གསལ་བར་བྱ།། ཆུ་མིག་གང་གནན་དཔང་ཡང་གཟུགས།། ཡུམ་མགོ་དུ་ག་གཟུཊ་མིང་ལ།། རང་རང་ཕུར་པ་སྔགས་ཀྱི་བསད།། དཀྱིལ་འཁོར་འབྲུབ་ཁུང་ནང་དུ ་གནན།། སྙིང་ལ་བརྟེན་བཅས་གཏོར་མ་བཏང་།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་དབབ་པའི་མ་མོའི་ཟླ་གསང་ཁཱ་\ུ0f7f། ལེའུ་བྷཻ་ར་ལྔ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྫ ་གཤེད་པོ་ལ། འགལ་བ་ཆམ་ལ་དབབ་པའི་ལས།། ཕྱག་གཉིས་ཞབས་གཉིས་རབ་ཏུ་བརྗིད།། རལ་པ་གཅིག་སྟེང་ལན་བུ་གཡོན་དུ་འཁྲིལ།། སྒྲ་བསྐྱེད་སྦལ་དང་ཐོད་པའི་ཕྲེང་ཐོད་བཅིངས།། རྟ་ལྷག་མེ་ཏོག་ནག ་པོའི་ཅོད་པན་འཕྱང་། ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར།། མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི།། རྣམ་པ་གཅིག་ཏུ་ཁྲག་ལ་ཤིན་ཏུ་དགྱེས།། སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་།། གདུག ་པ་འདུལ་ནས་ཚངས་པའི་སྒྲ་སྒྲོགས་མ།། སྙན་ཆ་གཡོན་པ་སེང་གེའི་རལ་པ་ཅན།། དཔའ་བོ་ཁམས་གསུམ་སྟེང་གི་སྒྲ་སྒྲོགས་མ།། ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་བསྣམས།། འོག་མ་ཐོད་པ་དམར་གྱིས་བསྒྲིལ ་བ་འཛིན།། གཡོན་གྱི་དང་པོ་མཚོན་ཆ་ཤག་ཏེ་བསྡམས།། འོག་མ་ཏྲི་ཤུལ་མགུལ་ན་དར་འཕྱངས་འཕྱར།། ཤག་ཏི་རལ་གྲི་མཚོན་ཆས་བཅད་པ་ཡིས།། ལྷ་མ་ཡིན་སོགས་ཐོད་པས་དོ་ཤལ་བྱས།། གླང་པོ་ཆེ་ཡི་ཀ ་རློན་སྟོད་གཡོགས་མཛད།། སྐད་ནི་བ་ལང་ཀོ་བས་དཀྲིས་པ་ལས།། ཕྱེད་ནི་རཾ་ལྡེ་སེར་པོས་ཤམ་བུ་བྱས།། ཀླུ་ཡི་དབང་པོའི་སྐེད་བཅིངས་ནས།། ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པས་བརྒྱན།། ཁྲག་དང ་ཞག་གིས་ཐིག་ལེས་ཚིགས་སུ་བརྒྱན།། བོང་བུ་གཞོན་མཚན་མོ་དུར་ཁྲོད་རྒྱུ།། བོང་བུའི་རྨིག་པ་གློག་གི་ཤུགས་འཆང་མ། ཁམས་གསུམ་སྐད་ཅིག་ཙམ་གྱིས་འཁོར་བར་བྱེད།། སྐད་ནི་དུང་དུང་འབྲུག་གི ་སྒྲ་སྒྲོགས་ཤིང་།། མ་མོ་མཁའ་འགྲོ་ཤ་ཟ་དམ་ལ་འདུ།། ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས།། དམ་པའི་ས་ནས་གཟུགས་སྐུ་ཉི་མ་ལྡན།། ཏིང་འཛིན་དབང་པོ་ཐོབ་སྟེ་གཟུགས་ཁམས་ཡང་མཐར་བྱོན།། ་ཚངས་པ་བརྒྱ་བྱིན་ལ་སོགས་ཕྱག་བྱས་མ།། རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམས་ནུས།། ལྷ་མགོན་དབང་པོ་ཀུན་གྱིས་ཕྱག་བྱས་མ།། ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས།། བདུད་དང་གཤིན་རྗེའི་རྒྱལ ་པོ་འདར་ཞིང་འདུད།། མ་མོ་མཁའ་འགྲོ་ཤ་ཟ་རྔམ་ཞིང་རྒོད།། ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས།། ཉི་ཟླ་བརྩེགས་པའི་དཀྱིལ་འཁོར་ག་བུར་འབབ།། ཕྱོགས་བཅུ་འཇིག་རྟེན་དྲུག་གི་བཅུད་བསྡུས་ནས།། ཉི ་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ།། དུག་རླངས་ནག་པོ་ཕྱོགས་བཅུར་རབ་འཕྲོས་པས།། བཞི་བརྒྱ་རྩ་བཞིའི་ནད་ནི་ཁོང་ནས་སློང་།། དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ།། ཕྱོགས་བཅུ་འཇིག་རྟེན་བདུད ་རྩིའི་བཅུད་བསྡུས་ནས།། ཟླ་བའི་དཀྱིལ་འཁོར་བདག་ལ་ཐིམ་མཛད་མ།། བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་ཀུན་གྱི།། བཞི་བརྒྱ་རྩ་བཞིའི་ནད་ནི་རྩད་ནས་གཅོད།། བདུད་རྩི་སྨན་གྱི་རྒྱལ་པོ་དམ་ལ་འདུ།། ་སྐྱེ་བོ་གང་ཞིག་ཁྱོད་ལ་དད་ནས་ཕྱག་བྱ་བ།། དེ་ཕྱིར་ནད་ཀྱི་བདག་མོ་སྨན་གྱི་བདག་མོ་སྨན་གྱི་གཙོ།། ལྷ་མོ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད།། རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ།། དུས་འདི་བདག་གི་འཁོར་བ་ཅི ་སྲིད་དུ།། དཀར་པོའི་ཕྱོགས་ནི་ནད་དང་སྡུག་བསྔལ་ཚོགས།། ཞི་བར་བྱ་ཞིང་ཚེ་དང་ལོངས་སྤྱོད་སྡུད།། ནག་པོའི་ཕྱོགས་ནི་དགུག་དང་དབང་དུ་སྡུད།། སྒོ་འབོག་དགུག་པའི་ལས་འདི་མྱུར་དུ་གྱིས།། བསྟན་པ་བསྲུང ་ཕྱིར་མྱུར་དུ་གྲུབ་པར་གྱིས།། འདི་ལས་འདས་ན་རྒྱལ་བའི་སྐུ་སྨད་པས།། དུས་གསུམ་རྒྱལ་བའི་རྡོ་རྗེ་དགེས་པར་ཤོག། དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པས།། དམ་བཅས་བཞིན་དུ་འཕྲིན་ལས་མྱུར་དུ་གྱིས།། ། ་རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། ཁྱོད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ།། ནད་ཚོགས་སྡུག་བསྔལ་འདི་ནི་ཞི་བར་གྱིས།། ཚེ་དང་བསོད་ནམས་ཚོགས་ནི་འཕེལ་བར་གྱིས།། ཟང་ཟིང་ལོ་ཏོག ་འབྲུ་ཡི་ཕུང་པོ་དང་།། རིན་ཆེན། རྐན་སྒྲོགས་རྐང་འགྲོས། ཕྱུགས་རྣམས་འཕེལ་བར་གྱིས།། བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད།། བདག་གི་དགེ་བའི་བར་ཆོད་བྱེད་པའི་དགྲ། ཁྱོད་ཀྱི་ཁུར་བ་དག་གིས་རླུང ་བུས་ལ།། འདུ་བ་རྣམ་བཞིའི་ནད་འདི་འདུ་རུ་ཆུག། བག་བཞི་ས་ལ་ལྷུང་ནས་རྡེགས་སུ་ཆུག། དོན་སྙིང་སྨན་ལྔ་ཁོང་ནས་ཕྱུངས། ཁ་ནས་ཁྲག་ནག་སྐྱུག་ཏུ་ཆུག། ལས་ཀྱི་འཁོར་ཚོགས་ཆོ་དེ་རྡུང་དུ་ཆུག། མཁའ་ལྡིང ་རྒྱ་མཚོའི་ཚོགས་ཀྱིས་ལྟས་ངན་ཕོབ།། དམ་བཅས་བཞིན་དུ་འཕྲིན་ལས་མྱུར་དུ་མཛོད།། ཅེས་བསྟོད་ཅིང་འཕྲིན་ལས་བཅོལ་གྱུར་ན།། གང་འདོད་རིམས་ནད་ཕྱོགས་བཅུར་འབེབས།། མ་སྲོག་བསྲུང་སྟེ ་གསད་པར་བྱའོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡམས་ཀྱི་བདག་མོའི་ཟླ་གསང་གི་ལེའུ་སྟེ་རེ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། ་འགལ་བ་ཆམ་ལ་འབེབ་འདོད་ན།། ནད་ངན་སྣ་ཚོགས་དབབ་པ་ལ།། མ་མོ་ཟླ་བསྒྲུབ་ཟླ་གསང་གསུངས།། ཟླ་གསང་ནག་པོའི་རྒྱུད་དག་ལས།། བསྡུ་བ་རྣམ་པ་བཞི་རུ་འདུས།། བླ་མེད་བསྒྲུབ་མཐུ་རང་བྱུང་སྟེ།། ་འཇིག་རྟེན་འགྲུབ་པ་གནོན་གྱི་མཐུ།། རྟེན་འབྲེལ་སྒྱུ་མའི་སྦྱར་བ་ནི།། རྫས་ཀྱི་ནུས་པ་དག་ལས་བྱུང་།། དོན་དང་རྫས་སུ་བཅས་པ་ལ།། རྣམ་གྲངས་མ་ཤེས་ཁྱད་པར་མང་།། རྣམ་པ་གཉིས་ནི་གསལ་བས་དབྱེ།། ་རྫས་དང་དོན་དུ་བཅས་པ་བསྟན།། མྱུར་དུ་གསད་པའི་སྦྱོར་བ་ནི།། གང་དག་འདི་ལས་ཡོད་མ་ཡིན།། མ་མོ་སྨུག་ནག་མར་མོ་དང་།། སྨུག་མོ་ཚོགས་ནི་ནང་དག་ནས།། རིམས་ནད་གཏོང་བ་མང་ཡོད་དང་།། ཀུན ་གྱི་ཕྱག་རྟེན་རེ་མ་ཏི།། འདི་དག་བསྒྲུབ་ཏེ་རབ་སྦྱར་ནས།། རིམས་ནད་གང་འདོད་སྟོང་ཁམས་ཁེངས།། འདི་ཡི་ལས་ནི་འདི་ལྟར་བྱ།། རྒྱུ་གཟེར་དག་གིས་ཤི་བའི་ཁྲག། བཙན་དུག་ཐར་ནུབ་བསྲེགས་ནས་དང་།། ་བསེ་ཞོ་དག་དང་མྱུར་དུ་སྦྱར།། སྔགས་ནི་བཏབ་སྟེ་ལྟོར་ཡང་བཏང་།། རུ་རུ་ཤིང་ཏི་ཀྲི་མ་རུ་སྲོད་སྲོག་ཐམས་ཐུམས། མ་ར་ཡ་རྦད་ཡ་སོད། ཁ་དུ་ཤ་ཤམ་སོད། སྲོག་ཟུམ་ན་མ་སོད། ནི་ཡ་ནི་ཡ་བི་དུན་སོད། ཤ ་རྒྱུད་སྙིང་ཕྱུང་། སྙིང་རྒྱུ་སྲོག་ཆོད་ཆོད། མ་མ་ཐུམ་ཐུམ་སོད། ཅེས་འབུམ་བཟླས་ཏེ། རྒྱུ་གཟེར་ཁྲག་ཏུ་འཆོངས་ཏེའོ།། དེ་ནས་ཡང་བསེ་དང་བཙན་དུག་ལ་སོགས་ལ་འདི་བཟླས་སོ།། རུ་རུ་ཏོ་རྦད་ཡ། མ་ཡེ་དུ་དུ ་རྦད་ཡ། ཆུ་མ་ནི་མ་ཙ་རྦད་ཡ། ཤམ་པ་དུ་དུ་རྦད་ཡ། ཆེམ་ཆོམ་རྦད་ཡ། རྦད་བུ་རྦད་པུ་ཤག་རྦད་ཡང་། རག་ཐུམ་རྦད་ཡ། དུ་རུ་རག་ཏི་མ་ཏི་རྦད་ཡ། ཞེས་འབུམ་བཟླས་ཏེ། ལུས་ལ་རེག་པའི་གོས་ལ་བསྐུས་ན། ་ལྷོག་པ་དཀར་པོར་འཆི་བར་འགྱུར་རོ།། དེ་ནས་བསེ་ཞོ་བཙན་དུག་བྱང་པ་ཚ་ཚོང་མཚོ་ཁྲག་མཛེ་ཤུ་ཀུན་སྦྱར་ན་དམར་དང་དྲིར་མི་བསྲེས་ཏེ། དུ་མ་མ་ཤ་ཁྲག་དུ་ཤམ་མ་པཾ་གྲོལ་ཏུ་ཏི་མ་མ་སྙིང་ཕྱུང་། ས་མ་ཡ་ས ་མ་ཡ། སྲོག་གཅོད་དུ་ཤག་དུ་མ་མ་ཡ་ཏི་རུ་མ་རུམ་པ་ཤ་ཤ་རྦད་ཟུམ་མ་ཡ། ནི་ནི་བྷྱོ་བྷྱོ་སོད་སོད། མ་རུ་ཡ་མ་རུ་ཡ། ཚལ་པ་རྦད། ཡེད་ཡེད་ཤ་ཟུམ་ཤ་ཟུམ་རྦད། ཙ་དུར་མ་ཙ་རྦད། ཤ་ཐུམ་མ་ཡ་བྷྱོ།། ཞེས་ཁྲིའམ ་འབུམ་དུ་བཟླས་ནས། ཤ་ལ་རེག་པའི་གོས་ལ་བསྐུས་ན། མཛེ་དང་ཕོལ་འབྲས་ཀྱིས་འཆི་བར་འགྱུར་རོ།། མཛེ་ཁྲག་ཆང་དུ་སྦྱར་ནས་ལྟོར་བཏང་ན། སྙིང་ལ་བབས་ནས་རུས་མཛེ་དང་། མཛེ་འཁོར་བས་འཆི་བར ་འགྱུར་རོ།། དེ་ནས་ཡང་དུག་རྫས་དང་། རིམས་ཁྲག་ཚོགས་དང་སྦྱར་ནས་བཏང་ན། གོང་གི་སྔགས་དྲག་བཟླས་ཏེ། ཡུལ་ཁམས་ཀྱི་ལྷ་རྟེན། གནས་ཀླུ་བཙན་ཡོད་དེས་པར་རམ། བྲག་ཀླུ་བཙན་ཡོད ་པའི་སར་གཏོར་ན། རིམས་ནད་སྣ་ཚོགས་ན་བུན་བཞིན་འཐིབས་ཏེ་འོང་བ་དང་། སེར་བ་ཁྲག་ཏུ་འོང་བར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་སྣ་ཚོགས་བཏང་བ་མ་མོའི་ཟླ་གསང་གི་ལེའུ་སྟེ་རེ ་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བྱེད་ཆམ་ལ་འབེབ་པའི་ཕྱིར།། སྒོ་འབོག་ཟླ་གསང་འདི་གསུངས་སོ།། དབང་དང་མ་ཚིག་ལྡན་པ་ཡིས།། བླ་མ་མཉེས་པའི་རིམ ་གྲོ་བྱས།། ལྟ་བ་ཡངས་ཤིང་སྤྱོད་ལམ་གོམས།། སློབ་དཔོན་མཉེས་པའི་ཐུགས་གཟུགས་ནས།། མན་ངག་ཐུགས་ལས་ཕྱུངས་ཏེ་བསྒྲུབ།། རི་གསུམ་རྩེའམ་བྲག་དཀར་དང་།། ཡང་ན་བུ་ག་ཤར་ལྟ་བུ།། རྩ་བྲལ་ཡོད ་ཤིང་རྩཝ་སྐྱེས་པ།། ཤར་དུ་ཁ་བལྟས་ཟུར་གསུམ་འདྲ།། རྒྱབ་རི་མན་ཆད་སེང་གེ་སྤངས་པ་འདྲ།། དེ་རུ་གནས་བཅས་ཆོ་ག་བྱ།། ས་བདག་ལྷ་ཀླུ་ཞི་བར་བྱ་བའི་ཕྱིར།། གསེར་སྐྱེམས་བཏང་ལ་བདེན་པ་བདར། ་སྐད་བརྗོད་ལ་བསྒོམ་པར་བྱ།། བདག་མིང་འདི་ཞེས་རྣལ་འབྱོར་པ།། ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ།། སྲོག་བདག་དཀར་པོ་སྙིང་སྦྱིན་ཅེས་བྱ་བ།། རྣལ་འབྱོར་རྣམས་ཀྱི་དགྲ་བླའོ།། རིག་འཛིན་སྲོག་སྙིང་འདི ་བསྒྲུབས་པས།། དེ་བཞིན་ས་བདག་ལྷ་ཀླུ་རྣམས།། དེ་བཞིན་གཞན་དུ་འཕོ་བར་གྱིས།། ས་གཞི་འདི་ཡང་བཀྲ་ཤིས་མཛོད།། མ་ངེས་དཔང་གཟུགས་ཡུས་ཀ་བཟློག། དེ་ནས་སྟེགས་བུ་བརྩིགས་པའམ།། ཕྱི་རས་སམ ་དར་བཏིང་ལ།། ནས་འབྲས་བཅུའི་གཅལ་ཡང་བཀྲམ།། ག་པུར་ཛཱ་ཏི་ཕ་ལ་དང་།། རྒྱ་སྤོས་ལ་སོགས་བཀྲམ་པར་བྱ།། ཡོལ་དང་འཕན་གདུགས་བླ་རེ་བྲི།། སྲོག་བདག་དཀར་པོའི་སྙིང་འབྱིན་གྱིས།། རས་བྲིས་སམ ་ནི་སྐུ་གཅིག་གམ།། ཤར་ནས་ནུབ་ཏུ་གཟིགས་པར་གདགས།། འབྲས་ལ་སོགས་པའི་བཤོས་དག་ལ།། ལྷ་བཤོས་རི་རབ་ཚུལ་འདྲ་བྱ།། དེ་ཡི་ཕྱོགས་བཞིར་མར་གྱིས་བྱུག། དབུས་སུ་སྐྲག། མ་ཚིགས་གསུམ་ལ།། ་བྱ་རྒོད་ལྡེམ་པོར་ཟ་འོག་དང་།། བསེ་དང་གསེར་དང་བྱི་རུ་དང་།། པགས་པུ་དཀར་པོས་བརྒྱན་པ་གཟུགས།། གཞན་ཡང་ཤ་རྒོད་ཉ་རྒོད་དང་།། ཟུང་ཕྲུཾ་ལ་སོགས་སྤྱན་གཟིགས་ཀྱིས།། དེ་བཞིན་མཐའ་མ་བསྐོར་ཏེ ་དགྲམ།། གཤིན་རྗེ་གཤེད་པོའི་སྐུར་བསྒོམས་ལ།། སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་དོ།། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མན་ཏེ་ཁ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཀ་ལ་རུ་པ་ཧཱུཾ་ཕཊ། ཨོཾ་ཧྲི་སྟི་བི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ། བདག་ལ་བྱིན ་རླབས་ལུས་བསྲུང་བྱ།། དེ་ནས་དབང་དུ་བསྡུ་བ་དང་།། རྒྱལ་པོ་བཅུག་པའི་ལས་དང་བྱ།། སྤྱན་དྲངས་བཞུགས་སུ་གསོལ་བ་དང་།། ཕྱག་ཆབ་གསལ་དང་བདེན་སྐྱེམས་དྲངས།། མཆོད་པ་འབུལ་ཞིང་བསྟོད་པ་བགྱི།། ་། འཛབ་བཟླས་དམ་ཚིག་དྲུག་ཏུ་བསྲེ།། རྒྱལ་པོའི་སྲོག་སྙིང་འདི་ལྟར་བརྗོད།། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ་མ་མ། ཨོཾ་ཀ་ཛི་ཏི་ཛ་ཛ། ཏྲི་ཛ་ལ་ལ་ཨ་ཤུག་མེ་སྭཱ་ཧཱ།། ཞེས་ཁྲི་འབུམ་གྲངས་མང་དུ་བསྙེན་པར་བྱ། ་རྫས་ཀྱི་མཆོད་ལ་རྟག་ཏུ་བཟླས།། གྲུབ་ནས་སྔགས་འདིས་རབ་ཏུ་སྤད།། ཧ་ལི་དུ་ལི། རི་ལ་ནི་ཛ། ལ་ལ་པྲ་མ་ནི། ཀྲོ་ཀྲོ་ལ་ཡ། ཀྲོ་ཏི་ཀོ་ལ་ཤ། ཨོཾ་ཧྲི་ཀམ་ཀམ་ཏྲི། མུ་ཏྲི་མུ་ཏྲི་ཧྲི་རམ་ཏྲི། ཧེ་ཤན་ཧེ་ཤག་ཏུ། ཆེ་གེ་མོ ་ཙིཏྟ་ལ་ཛ། དེ་བཞིན་སྙིང་པོ་དྲག་ཏུ་སྤྲད།། གལ་ཏེ་ལས་བྱེད་དུ་མ་བཏུབ་ན།། རྒྱལ་པོ་ཤི་ས་བསྟན་པ་ནི།། མ་ར་ན་པྲ་མ་ནི། ཙ་ཁི་ཏ་ལ་པ་ལོ་ས་མ་ས་མ་ཡ། པ་ས་མ་ཡ་ཨུ་ཤུ་ཤ་ཛ་ཛ། ཕྱག་རྒྱ་བཞི་ཡིས་གཟུགས ་བཅིངས་ཏེ།། སྔགས་ནི་བརྒྱ་རྩ་བརྒྱད་བརྗོད་དོ།། རྒྱལ་པོ་རང་ལ་དབང་མེད་པར།། རྡུལ་ནག་ཁྲག་ཏུ་དབབ་པར་མཆི།། དེ་བཞིན་གསང་བའི་ལས་རྣམས་ཀྱང་།། སྒོ་འབོག་ཤི་བའི་ལྡན་བི་རུ།། དེ་ཉིད་ར་སྙིང་ར ་ཁྲག་དང་།། དུག་སྣ་དགུ་དང་སྨེ་ཁྲག་སྦྱར།། བརྣག་པའི་མིང་རུས་བྲིས་ལ་གཞུག། དུར་ཁྲོད་རོ་རས་རྙིང་པ་ལ།། གསང་བའི་འཁོར་ལོ་བཅས་པར་གསུངས།། དང་པོ་ཉི་མ་བཞི་པའི་སྔགས།། ཕྱི་རིམ་རྒྱལ་པོའི ་དྲག་སྔགས་བྲི།། ཡང་རིམ་ཀླུ་ཡི་དྲག་སྔགས་བྲི།། ཐོད་པར་དྲིལ་ལ་རྒྱ་གྲམ་བཅིང་།། ཉིན་བཞིན་ལྷ་བཞི་གིང་བཞི་བསྐུལ།། སྐབས་སུ་གིང་ཆེན་བཅཝ་བརྒྱད་དང་།། ཉི་མ་བཞི་ཡི་ལས་ཀྱང་བྱ།། ཨོཾ་མ་ཧཱ་ར་ཙ་ཐུན་བྷྱོ ་བྷྱོབྷོ།། དགྲ་བོའི་སྲོག་རྩ་ལ་ཐིབས། མུ་ག་ར་ན་ཐུན་ས་ར་ན་དགྲ་བོའི་སྙིང་མྱགས། ཚལ་པ་དུན་དགྲ་བོའི་ཁྲག་ལ་སེན། རཱ་ག་ཛ་དུ་ཐིབས་ཆུམས། བྱི་བའི་བྱི་བ་དུན་ཛ། མ་ཤ་ལ་ཛ། སྙིང་ཛ། སྙིང་ཐུན། བྷྱོ་རྨུགས་བྷྱོ ་རྨུགས་བྷྱོ་ཟུན་བྷྱོ། ཉུངས་དཀར་ཉུངས་ནག་སྐྱེ་ཚེ་ལ།། དྲག་ཏུ་བརྡབས་ལ་བསྡེབ་པར་བྱ།། དཀར་པོ་གཅིག་གིས་ཐུགས་དམ་སྐོང་།། རྟགས་ནི་དེ་བཞིན་སྟོན་པ་དེས།། ཉི་ཟླ་འཆར་དང་ལྡེར་སོ་དག། དམག་ཏུ་མིན ་ན་ཐ་མར་བཤད།། བཙང་པོ་ཞང་བློན་དགེ་བཤེས་སམ།། དམག་དཔོན་མི་ན་འབྲིང་དུ་བཤད།། རྒྱ་ཉིད་མཐོང་ཞིང་ཉམས་སུ་སྟོན།། དེ་ལྟར་འབྱུང་ན་རབ་ཏུ་བཤད།། བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་།། དམ ་ཚིག་བསྲེ་ཞིང་འཕྲིན་ལས་བཅོལ།། དེ་ནས་འཁོར་ལོ་ཐོད་པར་བཅས།། ཤར་དུ་ཁ་ལྟས་ཆུ་མིག་རྡོལ།། རྒྱལ་རིགས་སྦྱོར་བ་བྱས་གྱུར་ན།། སྒྲོ་འབོག་མཛེ་ནད་ལྷོག་པས་འཆི།། ཐུན་དུ་འཕངས་ན་མཛེ་རིམས་འོང་།། ་མཁར་སྨད་མནན་ན་གནམ་ལྕགས་འབབ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་ཇི་ལྟར་བསྒྲུབ་པའི་སྒྲོ་འབོག་གི་ལེའུ་སྟེ་རེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས།། ་རྒྱལ་པོ་ནང་དུ་བསྒྲུབ་ཏེ། སྨྱོ་འབོག་ཏུ་བཏང་བ་འདི་གསུངས་སོ།། ཐོག་མར་བླ་མར་མཉེས་བྱས་ཤིང་།། བསྒྲིབ་པ་སྦྲང་ཕྱིར་དམ་ཚིག་བསྲུང་།། མཚན་ལྡན་དགའ་བའི་གནས་དག་ཏུ།། ལྟ་བ་རྒྱ་བསྐྱེད་འཇམ་དཔལ ་། བསྟན།། ས་ལ་མཉེས་པའི་རིམ་འགྲོ་བྱ།། དཀྱིལ་འཁོར་བརྩིགས་དང་ཆག་ཆག་གདབ།། དེ་ནས་དཀྱིལ་འཁོར་བརྩིག་པ་ནི།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། དབུས་ཀྱི་ལེ་ཚེ་དཀར་པོ་ལ།། ཤར ་སེར་ལྷོ་གནག་ནུབ་དམར་བྱང་། ནི་ལྗང་།། མཚམས་བཞི་སྨུག་པོ་སྒྲ་དང་བཅས།། དབུས་སུ་གྲུ་གསུམ་རེ་རེ་བྲི།། དེ་ནས་ཙན་དན་དཀར་པོའམ།། རྒྱ་ཤུག་དཀར་པོའི་ཕུར་པ་དགུ།། སྲོག་བདག་དགུ་རུ་མངའ ་གསོལ་ལ།། དར་དཀར་ལ་སྲོག་སྙིང་བྲིས་ཏེ།། གདགས་ཏེ་འདི་སྐད་བརྗོད་ལ་དགོད་པར་བྱ།། ཧཱུཾ་དབུས་སུ་ཕྱོགས་ཤེལ་རི་ཤེལ་གྱི་ཁང་པ་ན། ཁམས་གསུམ་སྲོག་ལ་མངའ་མཛད་པ།། སྲོག་བདག་ནག་པོ་རལ་པ ་ཅན།། བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ།། ཕོ་བྲང་དབུས་ཀྱི་ལེ་ཚེ་ལ།། དགྲ་བགེགས་བསྣོལ་བའི་ཞིང་ཁམས་སུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། གིང་ཀ་ར་ས་མ་ཡ་ཏིཥྛ་ལྷན།། ཞེས་དབུལ ་ལོ།། རྒྱལ་རིགས་སྲོག་ལ་མངའ་མཛད་པ།། སྲོག་བདག་རྒྱལ་པོ་ཁུ་ལེ་ཤོད།། དཀྱིལ་འཁོར་ཤར་གྱི་ལེ་ཚེ་ལ།། དགྱེས་ཤིང་བརྟན་པ་བཞུགས་སུ་གསོལ།། བྲམ་ཟེའི་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཨགྣེ ་ཡང་།། ལྷོ་ཕྱོགས་འཁོར་ལོའི་ལེ་ཚེ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། རྗེ་རིགས་སྲོག་ལ་མངའ་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཨུག་ཀ་ཡང་།། དེ་བཞིན་ནུབ་ཀྱི་ཕྱོགས་སུ་དགོད།། བུད ་མེད་དམངས་རིགས་སྲོག་ལ་མངའ་མཛད་པའི།། རྒྱལ་པོ་ཆེན་པོ་དྲངས་སེ་ཡང་།། དེ་བཞིན་བྱང་གི་ཕྱོགས་སུ་དགོད།། བུད་མེད་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཤང་ཟེ་ཡང་།། དཀྱིལ་འཁོར་ཤར་ལྷོའི་ལེ ་ཚེཆེར་དགོད།། བྱིས་པའི་སྲོག་ལ་མངའ་མཛད་པ།། རྒྱལ་པོའི་ཆེན་པོ་ཆེན་པོ་དེ་དགོད་ད་འབད་། ཀྱང་།། དཀྱིལ་འཁོར་ལྷོ་ནུབ་ལེ་ཚེར་དགོད།། མི་ནག་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ནི་དེ། བཀོད་ཀྱང་།། ་ནུབ་བྱང་དཀྱིལ་འཁོར་ལེ་ཆེར་དགོད།། བྱོལ་སོང་སྲོག་ལ་མངའ་མཛད་པའི།། རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་།། བྱང་ཤར་དཀྱིལ་འཁོར་ལེ་ཚེར་དགོད།། དེ་ནས་མཆོག་གི་ཕུར་པ་བཞི།། ཉིན་བཞིན་གོང་བཞིན་མངའ ་ཡང་གསོལ།། རིགས་མཐུན་དར་གྱི་ཅོད་པན་གདགས།། ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདགས།། བླ་བྲེ་རྒྱན་ཕྲེང་མདའ་ཡབ་དགྲམ།། དར་དཀར་གུར་ཕུབ་ཟ་འོག་གདན་ཡང་བཏིང་།། དེ་ནས་དབུས་ཀྱི་སྲོག ་བདག་ལ།། གསང་ཕྱེ་བྲེ་གང་ལྷ་བཤོས་ལ།། རི་རབ་ཚུལ་འདྲ་ཅིག་དང་བྱ།། དབུས་སུ་སྐྲག་མ་ཚིགས་དགུ་ལ།། མཚལ་གྱིས་མཁར་ཐབས་ཉ་མིག་བྲིས།། རྩེ་ལ་བྱ་རྒོད་རྒྱལ་མཚན་དང་།། དར་དཀར་གདུགས ་ཀྱིས་སྟེང་ནས་བཀབ།། དངུལ་གྱིས་གཡེར་ཀ་ཡང་ནི་གདགས།། ལྤགས་པུ་དཀར་པོའི་སྐུད་པ་གདགས།། ཐ་མ་ཚིག་ལ་མིང་རུས་གདགས།། གཞན་ཡང་སྐྲག་མ་ཚིགས་བརྒྱད་ལ།། མཚལ་དང་ལྡོང་རོས་སྒྲོ་བྲོས་ལ།། ་། དར་ཐབས་བྲིས་ལ་རྩེ་ཁྲ་སྤྲད།། རྩེ་ལ་དར་ལྕེ་རེ་རེ་གདགས།། པར་བར་ཆགས་ཨེ་དཀར་པོའི་སྐུད་པ་དང་།། དུང་དང་ཟངས་དང་རིན་པོ་ཆེ།། བྱུ་རུ་འགྲོན་བུ་གསེར་གཡུ་གདགས།། མཐའ་མར་དགྲ ་བོའི་མིང་རུས་གདཊ།། ལྗོངས་མ་མཐོང་བ་བཞི་ལ་ནི།། མཚལ་ལམ་རམ་གྱིས་གཡུང་དྲུང་བྲིས།། མཐོ་རེ་རུ་མིང་རུས་རེ་བྲི།། དེ་བཞིན་བཏགས་པ་སྒོ་བཞིར་བཞག། གཞན་ཡང་ཟུང་དང་ཉ་དང་ཤ། གུ་རམ་འབྲས ་ཆེན་གཏོར་མ་ཡང་།། ཟ་འོག་དར་དང་པགས་དཀར་ཡང་།། རིན་ཆེན་གསལ་ལ་ཕྱོགས་བཞིར་བཞག། གཅིག་ནི་དབུས་སུ་བཞག་པར་བྱ།། ཉ་ཕྱིས་དུང་ཕོར་དཀར་པོ་རུ།། གསེར་དང་ཆང་དུ་སྦྱར་བ་ལྔ།། ཕྱོགས ་བཞི་དབུས་དང་ལྔ་རུ་བཞག། གཅིག་ཏུ་ཕྱེ་དང་ཉུངས་དཀར་བཞག། ཆང་ཕུད་གང་ཆུ་ཆུ་མིག་ཆུ།། དེ་གསུམ་གཅིག་ཏུ་བསྲེད་ལ་བཞག། དྲག་ལྔ་བརྒྱན་དུ་བཟླས་པའི་ཕྱིར།། བདག་ཉིད་ཤར་ལྟར་དངོས་སུ་བཞག།། ་གཞན་ཡང་སྤོས་དང་མེ་ཏོག་དང་།། མར་མེ་དྲི་ཆབ་རྔ་གླིང་དང་།། མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ།། ར་དཀར་པོ་ཟེ་བ་དམར་པོ་བྱུང་།། སྐེ་རུ་དར་དཀར་ཁུག་མ་རུ།། ཚེ་ཉུངས་ཀླུ་སྨན་སྣ་ཚོགས་དང་།། ་དགྲ་བོའི་མིང་བྱང་བཅུག་ལ་བཏགས།། ནུབ་དུ་དར་འཕན་དཀར་པོ་ལ།། འཕན་ལྕེ་སེར་པོ་བཏགས་པ་ཅིག། རྒྱལ་པོའི་གདུང་རིགས་བཙན་ལ་བཏགས།། རྩེ་ལ་སྙིང་ཞིག་བཀལ་ལ་གཟུགས།། གཤིན་རྗེ་གཤེད ་པོར་གསལ་བསྒོམས་ལ།། སྔགས་བཟླས་བསྟོད་པ་མང་དུ་བྱ།། བེར་གོན་ཐོད་བཅིངས། གཞུ་ཡང་བདུངས།། སྙན་བས་ན་དབབ་དང་སྤྱན་དྲངས་དང་།། ཕྱག་བཙལ་བཞུགས་དང་མཆོད་པ་འབུལ།། བསྟོད་པས ་བསྟོད་ཅིང་སྨོན་ལམ་བཏབ།། ཐུགས་དམ་སྐོང་ཞིང་འཕྲིན་ལས་བཅོལ།། སྲོག་སྙིང་འདི་དག་དྲག་ཏུ་གྲངས།། ཨོཾ་མ་ཧཱ་ཏྲི་དུ་སྟེ། བྱ་འབྱུང་ཀརྨ་ར་ཡ་སྭཱ་ཧཱ།། འདི་ནི་སྲོག་བདག་ཉིད་ཀྱི་སྙིང་པོའོ།། འདི་ནི་འཁོར་སྲོག ་བརྒྱད་ཀྱི་སྙིང་པོའོ།། ཨོཾ་མུ་མ་ཧཱ་བྱེ་ར་སྭཱ་ཧཱ། ཨོཾ་ཨ་ཀ་རུ་སྟ་སྭཱ་ཧཱ། ཨོཾ་མུག་ཤ་སྥ་ལེ་སྭཱ་ཧཱ། ཨོཾ་ཧྲི་ཐེ་བྷ་བ་སྟ་སྭཱ་ཧཱ། ཨོཾ་ཤང་སེ་ཤང་ཀ་ར་སྭཱ་ཧཱ། ཨོཾ་ཨ་ད་ཁྱོད་བི་བི་ས་ར་སྭཱ་ཧཱ། ཨོཾ་ནི་ཁྱོད་པར་ཧི་རེ་སྭཱ་ཧཱ། ཨོཾ་སུ་རྒྱ་ཙེ་ཏྲེ ་མ་ཧཱ་མུ་ཁ་ལེ་སྭཱ་ཧཱ།། དེ་རྣམས་སྲོག་གི་སྙིང་པོ་སྟེ།། འཆི་ཚིག་གཡལ་དང་སྦྲིད་པ་དང་།། སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ།། གྲུབ་པའི་རྟགས་རྣམས་སྟོན་པར་ངེས།། རབ་འབྲིང་ཐ་མ་གསུམ་དུའོ།། རབ་ལ་སྐུ ་ཡང་དངོས་སུ་སྟོན།། འབྲིང་ལ་འོད་དང་སྒྲ་ཡང་སྟོན།། ཐ་མ་རྨི་ལམ་ལས་སུ་སྟོན།། དེ་ལ་དབང་བསྐུར་དམ་བསྲེས་བྱ།། སྤྲད་སྔགས་དྲངས་ཤིང་འཕྲིན་ལས་བཅོལ།། ཨོཾ་མ་ཧཱ་པྲ་མ་ན། རཀྵ་རཀྵ་ཙར་མུན་ཏྲ་ས་ཧ ་ཤི་དེ། ཙོ་ཀ་ཙ་ལ་བིད་བིད་དགྲ་བོ་མ་ར་ཡ་ཧབ་ཧ་བ། དེ་ནི་རྒྱལ་པོ་འཁོར་དང་བཅས་པའི་སྔཊ་སོ།། དེ་ལྟར་རྟ་ཡི་ཐོད་པ་རུ།། བརྣག་པའི་མིང་རུས་བཅུག་ལ།། རྟ་ཐོད་ཟ་འོག་དག་གིས་དྲིལ།། དམ་སྲི་སྒོ་རུ་བཞུགས ་@པའི་ཕྱིར། ཁྲག་སྐམ་གུ་གུལ་སྦྱར་མ་དང་།། ཚེ་ཉུངས་གོ་རོ་ཙ་ན་དང་།། སྒོ་འབོག་གཏང་བའི་སྔགས་འདི་བཟླས།། ཨོཾ་མ་མ་ར་ག་ཐུན་བྷྱོ། མ་ཧཱ་ར་ཙ་ཐུན་བྷྱོ་བྷྱོ། མ་ཧཱ་བ་པ་མ་ཧེ་དེ་བ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ་ཨོཾ་ཏྲོ་ཏ་ཡ་ཏྲོ་ཏ་ཡ་ཏྲ་ཡ། ཀུ་ལྷ་ཀུ་ལྷ། གིང་ཀ་ར་གིང་ཀ་ར། གིང་ཛ་ལ་གིང་ཛ་ལ། ཡཀྐ་གྲྀ་བ་ཡཀྐ་གྲྀ་བ། འང་ཤ་གྲྀ་བ་འང་ཤ་གྲྀ་བ། སུ་ཀ་ཀ་པོ་བྷྱོ། དེ་ནི་སྲོག་བདག་འཁོར་བཅས་སྷོ་འབོག་ཏུ་བཏང་བའི་སྔགས ་སོ།། དེ་ནས་རྣམ་པའི་མིང་རུས་ལ།། རང་རང་རྩ་བའི་སྔགས་བརྗོད་ཅིང་།། ཕུར་པ་རྣམས་ཀྱིས་རིམ་པས་གདབ།། གཙོ་བོའི་ཕུར་པ་སྙིང་ལ་གདབ།། གོང་བ་དཔུང་མགོ་གཡོན་དུ་གདབ།། ཉི་ཟླ་རྐང་པ་གཡོན་ལ ་གདབ།། རྒྱལ་པོ་ཨག་ནི་དཔུང་བ་གཡས།། རྒྱལ་པོ་ཨུ་ཀྱེ་དཔུང་པ་གཡོན་ལ་གདབ།། རྒྱལ་པོ་ཏྲང་སེ་ལག་པ་གཡོན་ལ་གདབ།། ཤང་སེ་ལག་པ་གཡས་ལ་གདབ།། ད་དགོད་དཔུང་པ་གཡས་སུ་གདབ།། ནི་གོང ་དཔུང་མགོ་གཡོན་ལ་གདབ།། ཉི་ཟླ་རྐང་པ་གཡོན་ལ་གདབ།། གསད་པ་ཉིད་དེ་མ་བཞི་པ།། ཉིན་བཞིན་ལྷ་ཡི་གིང་བཞི་བསྒྲུབ།། དེ་ནས་རྟ་ཡི་ཐོད་པ་རུ།། ལིང་ཀའི་དམ་ཤུལ་དུ་བཙུགས་ལ།། ལྷ་ཁང་གནས་ལ ་གདགས་འགྱུར་ན།། སྒོ་འབོག་ཁྲག་སྨུག་མ་ར་ཡའི།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྒོ་འབོག་གི་ཟླ་གསང་རྒྱལ་པོ་ནང་དུ་བསྒྲུབ་པའི་ལེའུ་སྟེ་རེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན ་རྗེ་གཤེད་པོས། རྒྱལ་པོ་ཆེན་པོ་གསང་བའི་སྒྲུབ་པའི་ཐབས། ཐམས་ཅད་གཅིག་གིས་མཆོག་ཏུ་གྱུར་པ་འདི་གསུངས་སོ།། རྣལ་འབྱོར་ཡོན་ཏན་ལྡན་པ་དེས།། མགོ་ནི་རྨ་བྱ་བཞིན་དུ་དགུག། དམ་ཚིག་ཆེན་པོ་སྲོག ་ལྟར་བསྲུང་།། གཞན་དོན་མ་ཡིན་རང་དོན་དུ།། དུར་ཁྲོད་ས་ཕུག་དགོན་པར་འགྲོ།། ཕྱི་བཤགས་སྒྲིབ་སྦྱང་བསོད་ནམས་བསགས།། མ་ཉེས་དཔང་གཟུགས་གླུད་གཏོར་བཏང་།། དཀྱིལ་འཁོར་སོགས་ལ་ཆག་ཆག ་གདབ།། དཀྱིལ་འཁོར་ཐིག་དཔག་ཆོ་ག་བྱ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། འཁོར་ལོ་རྩིབས་བཞི་རབ་ཏུ་བཅས།། གྲུ་ཆད་གློ་བུར་ལྡན་པ་ལ། གྲུ་གསུམ་མེ་འོད་འབར་བ་བྲི།། སྒོ་བཞི་གྲུ་གསུམ་རེ་རེ ་བྲི།། དེ་ནས་མཆོག་གི་ཕུར་པ་དགུ།། སྲོག་བདག་དགུ་ཡི་གཟུགས་བྲིས་ལ།། དབུས་སུ་དཀར་པོའི་སྙིང་འབྱིན་དགོད།། རྒྱན་དང་ཆ་ལུགས་གསལ་བར་བྱེད།། ཤར་གྱི་རྩིབས་ལ་བུ་ལེ་དགོད།། ལྷོ་ཡི་རྩིབས་ཨ་ལེ ་དགོད།། ནུབ་ཀྱི་རྩིབས་ལ་ཨུ་ཀ་དགོད།། བྱང་གི་རྩེ་ལ་ཏྲཾ་ཟེ་དགོད།། ཤང་ཟེ་ཤང་ལ་དང་འདོ་ལྟོ།། ནི་གོང་ནུབ་ལ་ཉི་ཟླ་བྱང་།། དེ་ལྟར་སྒོ་བཞིར་དགོད་པར་བྱ།། འབར་གཞོང་དངུལ་ཕུར་བསེ་ཁབ་ཏུ།། སྙིང་སྣ ་ཚོགས་ཀྱི་གཏོར་མ་བཤམ།། ལུག་དཀར་སྙིང་རྩ་སྲོག་ལ་ཕྲལ་ན།། སྲོག་རྩའི་ནང་དུ་མིང་རུས་གཞུག། སྙིང་རྩེ་གྱེན་དུ་བསྟན་ལ་གཞག། དར་དཀར་ཚིལ་གྱིས་ཁ་བཅད་ལ།། དབུས་སུ་སྲོག་བདག་སྙིང་ལ་བཞག། ་ཤར་དུ་ཁྲག་སྣའི་གཏོར་མ་བཞག། ལྷོ་རུ་ཤ་སྣའི་གཏོར་མ་བཞག། ནུབ་ཏུ་རུས་པའི་གཏོར་མ་བཞག། བྱང་དུ་ཁྲག་སྣའི་གཏོར་མ་བཞག། དེ་ནས་སྒོ་བཞིར་གཏོར་མ་ཡང་།། ཤར་སྒོའི་མཆིན་པ་སྣ ་ཚོགས་བཞག། ལྷོ་རུ་ཤ་ཤ་རྨེན་དུ་སྣ་ཚོགས་བཞག། ནུབ་སྒོར་མཆེར་པ་སྣ་ཚོགས་བཞག། བྱང་དུ་ཚིལ་བུ་རྐང་སྣ་ཚོགས་བཞག། གཏོར་མ་དེ་རྣམས་ནང་དུ་ཡང་།། མཚེར་པའི་དབུས་སུ་བཏབ་པས་ཀྱང་།། མཚེར ་ནད་དབུགས་ནང་སྒོ་འབོག་གཏོང་།། མ་ཁ་ཁ་རུ་ཙེ་བག་ཤ་བག་རུ་ཏྲ་བག་མེ་མུ་རུ་ལུ་རུ་ཕཊ་ཛ། ཧཱུཾ་གསང་བའི་སྲོག་བདག་ཉི་ཟླ་ཡང་།། ཕུར་པའི་ལྟ་བུ་དབང་བསྐུར་བས།། རྐང་པའི་མཐིལ་དུ་གདབ་པར་བྱ།། ཞ ་གྲུམ་སྒུར་ནད་འཐེང་གྲུམ་གཏོང་།། བ་ལུ་བ་ག་ར་ན་ག་ཏ་མེ་ས་ཤ་ཁ་ས་ས། ཕུར་པ་བཏབ་པས་ཐུན་སྔགས་བྲབ།། ཨོཾ་མ་མ་མ་རང་ཁ་ཐུན་བྷྱོ། མ་མ་ཏ་ར་ཙ་ཐུན་བྷྱོ། མ་ཧཱ་པ་པ་མ་ཧཱ་དེ་བ་ལ་ཧ་མ་རུ་ཏ་བྷྱོ་བྷྱོ། ཐུན ་གྱིས་བརྒྱབ་ན་ནུབ་པར་འགྱུར།། ལིང་ག་གཏུགས་ནས་གཏོར་མར་གསལ།། རི་གསུམ་རྩེ་ལ་ཡས་སྟགས་རྒྱལ།། རྒྱལ་པོ་སྲུང་བའི་སྔགས་ལ། ཨོཾ་ཁ་དུང་ཤེ་ཤེ་ཤ་པྲ་ལ་མ་རུ་ཏྲ་ར་ཁྲང་ར་ཁྲ་སྭཱ་ཧཱ། སྲོག་བདག་འཁོར ་དང་བཅས་པས་ནོར་སྒྲུབ་པའི་སྔགས་ལ། ཨོཾ་འཛམ་པོ་ལ་འཛམ་པ་ལ། ཤེ་པ་འགེམས་མིས་སྲུམ་སྲུམ་དྲུམ་དྲུམ་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་བྱེས་ཡུལ་གར་འགྲོ་ཡང་། དགྲ་བགེགས་མི་འབྱུང་བའི་སྔགས ་ནི། ཨོཾ་ས་ན་ན་ས་ས་ཧ་ཀི་ར་ཀ་ར་མ་ར་རུ་ལུ་རུ་ལུ་ཕཊ་ཕཊ་བྷྱོ་བྷྱོ། རྒྱལ་པོས་བདག་གམ་གཞན་མཚོན་འབབ་པར་འགྱུར་ན། དེ་བཟློག་པའི་སྔགས་ལ། སུ་པ་ར་ཙ་ར་བ་ཤ་མ་ཞི་མ་ཤནྟི་ཀུ་རུ་སྭཱ་ཧཱ། རྒྱལ་པོ་འཁོར ་དང་བཅས་པས། རིགས་རྒྱུད་འཕྲོག་པ་དང་རབས་བཅད་པའི་སྔགས་ལ། ཨོཾ་མ་ཀ་ལ་གྲ་ས་ཏེ་མ་བདུད་རྣམས་རྔོམས་རྔོམས་སྭཱ་ཧཱ། རྒྱལ་པོ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་། ཤོད་བཏང་བའི་སྔགས་ལ། ཨོཾ་མ་མ ་རམ་ཡམ་བེར་སྣོད་ཙ་ལ་ཁས་ཁས་དུ་སྭཱ་ཧཱ། རྒྱལ་པོས་སེར་བསྡུ་བའི་སྔགས་ལ། ཧཱུཾ་ཤ་ར་གིང་རམ། ཤག་ཤག་རྒུག་རྒྱུག་རམ། ཤ་ཤ་དགྲ་བོའི་སྙིང་ལ་ཤ་ཤ། འབྲུལ་ཏིལ་མར་སྣོག་སྔགས།། རྒྱལ་པོས་མནོལ་བཏང ་བའི་སྔགས་ལ། ཨོཾ་མ་ཧཱ་ཕྲག་ཤི་བབ་མེ་རུ་ཁ་ལ་ཨ་ཙི་ཁ་ལ་དགྲ་བོ་ཕྲོལ་ཕྲོལ་ཤག་ཤིག་བྷྱོ། ཞེས་སྔགས་ཀྱི་དོན་བསྟན་པས་ལས་རྣམས་གྲུབ། གང་ལྟར་བྱས་ཀྱང་ཐོགས་པ་མེད། དཔལ་ཟླ་གསང་ནག་པོའི་རྒྱུད ་ལས། རྒྱལ་པོ་གསང་བར་བསྒྲུབ་པའི་སྒོ་འབོག་ཏུ་བཏུང་བའི་ལེའུ་སྟེ་བདུན་ཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བྱེད་འཚམ་ལ་དབབ་སླད་དུ།། གནོད་སྦྱིན་གདུག ་པའི་ཟླ་གསང་གསུངས།། དད་པ་གསུམ་ལྡན་རྣལ་འབྱོར་པས།། དམ་ཚིག་རང་གི་སྲོག་བཞིན་སྲུངས།། བླ་མ་མཉེས་པའི་རིམ་འགྲོ་བྱ།། དུར་ཁྲོད་ནགས་ཚལ་དགོན་པ་རུ།། ཕྱི་བཤགས་འབུམ་ལ་སོགས་པ་གདོན།། ་། བསོད་ནམས་ཚོགས་ཀྱི་ཡན་ལག་བསག། མ་ཉེས་དབང་གཟུགས་གླུད་གཏོར་བཏང་།། གནོད་སྦྱིན་འདི་ཉིད་བསྒྲུབ་པར་བྱ།། ལྕང་ལོ་ཅན་གྱི་ཕོ་བྲང་དུ།། ལས་གྲུབ་རིམ་གྱི་ཞིང་ཁམས་ན།། གནོད ་སྦྱིན་བྱེ་བ་ས་ཡ་གནས།། དེ་དག་ནང་ན་དྲེགས་པའི་སྐུ།། མཐུ་སྟོབས་ལྡན་པའི་གང་ཟག་བསྒྲུབ།། དཀྱིལ་འཁོར་དབུས་སུ་ཁྲི་བརྩིགས་ལ།། སྟེང་དུ་གནོད་སྦྱིན་སྐུ་གཟུགས་བཞག། ཙན་དན་རིགས་ལས་འབུར་དུ ་བརྐོའོ།། ཆུ་ཤིང་ལེབ་ལ་གེ་ལ་གེལ་པོ།། སྐུ་མདོག་སྔོན་པོ་བསིལ་ལྡན་པ།། དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན།། ཨུཏྤལ་སྔོན་པོའི་ཕྲེང་བས་མཛེས།། གཡས་ན་ཤིང་ཐོག་དམར་པོ་བསྣམས།། གཡོན་ནས་མི་ལྤགས ་རྒྱལ་མཚན་བསྣམས།། གཡས་པའི་གཟུགས་བཅས་སྙིང་ཁར་གཞུག། དེ་ཡི་དབུས་སུ། དངོས་གྲུབ་དང་རྩེ། གསུམ།། རྩེ་མོ་བྱང་དུ་བལྟས་པ་ལ།། ནང་དུ་ཁྲག་དང་སོལ་བས་བྱུག། ཏིལ་གྱི་བྱེ་མས་དགྲ་བོ་གཟུགས།། ་ལོ་ཁྲག་བླ་དུག་བྲིས་ལ་གཞུག། ཞབས་མས་དྲིལ་ལ་ཚོན་སྐུད་བཅིང་།། གྲུ་གསུམ་བྲིས་པའི་ནང་དུ་གཞུག། མཐའ་མ་རྩང་གིས་བསྐོར་ལ་བཞག། གཟུགས་ཀྱི་སྐེ་ནས་སྔོན་མར་བཅིངས།། སྣ་ཅིག་སྐུ་ཡི་ཞབས་ལ ་བདུགས།། སྔགས་པའི་མདུན་དུ་དམ་རྫས་དགྲམ།། ལ་ཕུག་སྐྱེ་ཚེ་རུས་ཕྱེ་ལ།། དེ་བཞིན་གཏོར་མ་བྱས་ཏེ་བཞག། ཉུངས་ནག་ལན་ཚྭ་དུག་དང་སྦྱར།། གཟུགས་ལ་བྲབ་ཅིང་ངན་སྔགས་བཟླས།། མ་ཉེས་དཔང ་གཟུགས་འོ་དོད་འབོད།། དེ་བཞིན་རིམ་པའི་ལས་རྣམས་བྱ།། དུར་ཁྲོད་རས་ལ་འཁོར་ལོ་བྲིས།། དུག་ཁྲག་སྦྱར་མས་བྲི་བར་བྱ།། རིམ་པ་བཞིན་དུ་དྲག་སྔགས་དགོད།། སྤྱན་དྲངས་བཞུགས་བསྟོད་མཆོད་པ་བྱ།། ་འཕྲིན་ལས་བཅོལ་ཞིང་ནང་ལས་བསྐུལ།། ལྷ་དང་འཕྲལ་ཞིང་རྫས་ཀྱི་བདུག། དྲག་སྔགས་བཟླས་ཤིང་འཁོར་ལོར་གཞུག། བསད་པ་ལས་ཀྱི་སྦྱོར་ལ་འཇུག། གཞན་སྲེག་འཕང་དང་གསུམ་ལ་གཏད།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་། གང་བ་བཟང་པོ་ཕྱི་ལྟར་སྒྲུབ་པའི་ལེའུ་སྟེ་དོན་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། གང་བ ་བཟང་པོ་ནང་ལྟར་སྒྲུབ་པ་འདི་གསུངས་སོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ་གསུམ་གྱིས་བསྐོར་བར་བྲི།། དམར་སྨུག་མེ་ཡི་ར་བར་སྐོར།། དབུས་སུ་གཤེད་པོ་ཡབ་ཡུམ་སྟེ།། མདུན་དུ་གང་བ ་བཟང་པོ་དགོད།། མཚན་ལྡན་ཐོད་པ་དུམ་གསུམ་དུ།། ལ་ཕུག་རུས་པའི་ཕྱེ་མ་དང་།། སྙིང་སྣ་ཁྲག་སྣ་སྦྱར་བ་བཞག། དབུས་ཀྱི་གྲུ་གསུམ་ཐུར་དུ་རྐོ།། ནང་དུ་རབས་ཆད་ཐོད་པ་གཞུག། ཉུངས་ནག་སྐེ་ཚེ་ལན་ཚྭ ་དང་།། དུག་དང་སྨེ་ཁྲག་སྦྱར་བར་དགོད།། དམིགས་པའི་མིང་རུས་ཞི་བཞིན་བྱ།། བཅས་པའི་ཐོད་པའི་ནང་དུ་གཞུག། དུར་ཁྲོད་གྲོང་ཁྱེར་བཅོམ་ནས་དང་།། མཚན་མའི་རས་བརྒྱད་འདུལ་བར་བྱ།། ལྡོང་རོས་སེར ་། པོས་བཀྲུ་ཚད་བྱུག། དུག་ཁྲག་སྦར་ལས་འཁོར་ལོ་བྲི།། དེ་བཞིན་ཡི་གེ་འདོད་བྱས་པས།། ཐུན་གྱི་ཐོད་པ་ཁ་ཡང་བཅད།། དེ་རྣམས་རིམ་པས་ལས་རྣམས་བྱ།། ཧཱུཾ་གསང་བ་དེཐུགས་ཀྱི་དཀྱིལ་འཁོར ་འདིར།། སྒྲུབ་པའི་གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ན།། བྱེ་བ་ས་ཡ་འཁོར་དང་བཅས།། སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ།། ཨེ་ཧྱའི་ཧ་རག་པར་རྣམ་པར་ས་མ་ཡ་སྭཱ་ཧཱ། གསེར་ལྟར་རབ་ཏུ་བརྟན ་པའི་རི་ངོས་ལ།། རྨ་བྱ་རབ་གནས་གསེར་དུ་སྣང་བ་ལྟར།། བདག་གིས་ཁྱེད་བསྒྲུབ་ཁྱེད་ཀྱི་རང་བཞིན་བསྒྲུབ་ཏེ།། གྲུབ་པའི་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ།། བརྟན་པར་བཞུགས་ཤིག་གནོད་སྦྱིན་ཁྱེད།། མཆོག ་ཆེན་རྩལ་བཀྲམ་བཞི་བྱ་བུ་རྒྱ།། དུག་དང་མན་ཤེལ་ཁྲོ་ཆེན་བརྟན་པར་བཞུགས།། ས་མ་ཡ་ཏིཥྛ་ལྷན་སྟེ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པ།། དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པར་འབུལ།། དར་གྱི ་ལྷབ་ལྷུབ་གླུ་གར་རོལ་མོར་བཅས།། བསམ་པ་དག་པས་སྦྱར་ནས་མཆོད་པར་འབུལ།། དྲིལ་བུ་སྒྲ་སྙན་ཡིད་འོང་སྤོས་དང་བཅས།། མར་མེ་བཅོས་དང་ཁྲག། མོས་པས་འབུལ་ལོ་ཞེས་སུ་གསོལ།། ཨོཾ་ར་ར་པེ་བ ་ཙཀྲ་མ་ཧཱ་དེ་བ་པཱུ་ཙ་སྭཱ་ཧཱ། དེ་ནས་གསང་སྔགས་རབ་བཟླས་ཏེ། ཨོཾ་བྷ་བུ་རོ་ཏ་ཛ། མང་གྷ་ཡ་བག་ཤ་ཛ། མ་ཏྲ་མུ་རུ་ཏྲ་ཛ། སྙིང་ཤད་ཤད་དུ་ཛ། སྲོག་ལ་བྲེང་བྲེང་ཐུན་ཛ། གནོད་སྦྱིན་ཀློག་འོད་དང་སྒྲ།། ས་གཡོས ་ཐོག་དང་སེར་དང་།། གོང་གི་སྔགས་ཀྱིས་དྲག་ཏུ་བདེན།། ཐུགས་དམ་བསྐུལ་ཏེ་འཕྲིན་ལས་བཅོལ།། དུས་དྲུག་སྔགས་འདི་བཟླས་ཏེ་བརྡེག། ཨོཾ་བཛྲ་ལེ་མ་ད་ཛ་ལེ། རཀྐ་བག་ཤ་སྡིག་སྐུད་དེ། པ་ལ་བག་ཤ་སྭཱ་ཧཱ། ་འདི་ནི་སྔགས་ཀྱི་རྒྱལ་པོས་བྱ།། ཐམས་ཅད་གྲུབ་པའི་སྔགས་ཞེས་བཤད།། འཁོར་བཅས་ཀྱི་ནི་དམ་རྫས་ཏེ།། བྱང་ལྟས་ཆུ་མིག་བསྔོས་སྦས་ན། ཁྲག་སྐྱུག་འཆི་བར་ཐེ་ཚོམ་མེད།། དཔལ་ཟླ་གསང་ནག་པོའི་རྒྱུད ་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་ཟླ་གསང་གང་བ་བཟང་པོ་ནང་ལྟར་སྒྲུབ་པའི་ལེའུ་སྟེ་དོན་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤེད་རྗེ་གཤེད་པོས། གང་བ་བཟང་པོ་གསང་བ་ལྟར་བསྒྲུབ ་པ་འདི་ལྟར་གསུངས་སོ།། དམ་ཚིག་གསང་སྒོ་ཐུབ་པའི་དུས།། བླ་མ་མཉེས་ཕྱིར་ཡིད་འཐད་འབུལ།། གཞན་དོན་མ་ཡིན་རང་དོན་དུ།། སྒྲུབ་པ་གོང་བཞིན་ཚུལ་བཤམས་ཏེ།། ཏེ་ཏིང་ཏིང་འཛིན་མན་ངག་ཚུལ་བཞིན ་བྲིས།། ཨ་ཀ་རུ་དང་དུ་རུ་སྐ།། ལུག་མིག་ཀ་ར་ཤ་པ་ལ།། སྔགས་འདི་དག་ཀྱང་རབ་ཏུ་བཟླ།། ཨོཾ་ཛ་ལཾ་མ་ཧཱ་ཛ་ལཾ། ཡཀྐ་བག་ཤ། སྟི་སྟི་སུ་དེ་བ་ལཾ། བག་ཤ་སྭཱ་ཧ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། སྔོན་དུ་བསྙེན ་པ་སུམ་འབུམ་བྱ།། ལུས་སྲུང་སྦྱོར་བ་འདི་བཞིན་བྱ།། དཔུང་པ་དག་ལ་བཏགས་གྱུར་ན།། ནད་རྣམས་ཐམས་ཅད་བྱང་བར་འགྱུར།། དེ་ནས་གསད་པའི་སྦྱོར་བ་འདི།། ཀ་ནི་ཀད་པར་བུ་ཏ། དབུས་སུ་སྟེ་བྱེ་ཤ་ཀ་ར།། ་ངང་པའི་སྒོ་ལ་བསྒྲུབས་ནས་དང་།། གཟུགས་ལ་དུས་དྲུག་མཆོད་བྱས་ཏེ།། ཕྱག་བྱས་བཟླས་པ་བྱས་འགྱུར་ན།། ལོངས་སྤྱོད་དཔག་མེད་ཐོབ་པར་འགྱུར། ཁྲ་དང་རྒོད་དག་རྟ་མཆིན་དང་།། བ་ལང་དག ་ལ་བཟླས་ཕྱིན་ན།། རྟ་བོང་ལ་སོགས་མགོ་ཟླུམ་རྣམས།། འཆི་འམ་ཡང་ན་སྟོ་བར་འགྱུར།། ཙིཏྟ་རུས་པའི་གྱོ་མོ་གསུམ།། སྔགས་འདི་བཟླས་ནས་བྱིན་འགྱུར་ན།། ཨཱཾ་ཧཱུཾ་ཧཱུཾ་རི་ཏ་ཛ། མ་ག་ལ་བག་ཤ་ཛ། ར་ཏ་མ་རུ ་ཏུ་ཛ། སྙིང་ལ་ཤད་ཤད་དུ་ཛ། སྲོག་ལ་བྲེང་བྲེང་ཐུན་ཛ། གླང་ཆེན་བ་གླང་ཞོན་ནས་ནི།། བསེ་དང་ཀང་ཀ་རུ་ལ་ཡང་།། སྔགས་འདི་བཟླས་ནས་བྱིན་འགྱུར་ན།། ལུས་ལ་བྱིན་ནས་འཆི་བར་ངེས།། བོ་བ་ཀི་དང་བ ་མར་དང་།། བུ་མར་སྦྱར་ཏེ་རི་ལུ་བྱ།། ཟླ་བ་གཟའ་ཡིས་ཟིན་དུས་བྱ།། ལིང་ག་བྱས་ཏེ་བསྐུལ་ནས་དང་།། ཆུ་མིག་ནང་དུ་ཐོད་པ་མནན།། མཛེ་དང་ཤུ་བས་ཟིན་པར་འགྱུར།། གསོལ་ཞོ་བཙན་དུག་སྦྱར་བས་ནི།། ་གསང་སྔགས་གོང་མ་བཟླས་ནས་ནི།། ཤ་ལ་རེག་པའི་གོས་ལ་བསྐུ།། ལྷོག་པ་གར་པོའི་འཆི་བར་འགྱུར།། ཡང་ན་སྐྲངས་ནས་འཆི་བར་འགྱུར།། ཡང་ན་ཞྭ་གྲུམ་འགྲོ་མི་ནུས།། དང་པོ་ཁས་བླང་བཞིན་དུ་བྱ།། ་ཕག་དང་སྦྲང་ཀིའི་མཆེ་བ་དག། ཝ་རི་ལི་མ་སྦྱང་དུག་ལ།། ཉི་མ་གུང་ངམ་ནམ་ཕྱེད་ན།། སུམ་འབུམ་བཟླས་ཏེ་བདེན་པའོ།། མཁར་ལ་བརླབ་ན་འཇིག་ཅིང་འགགས།། དེ་ནས་ཐོག་ཆེན་འབེབས་པའི་དོན།། གསེར ་དངུལ་ཟངས་ལྕགས་འཁར་བ་དང་།། སྲི་རྡོའུ་ཆེན་ཤ་རི་རམ།། དེ་རྣམས་ཐོད་པ་དུམ་གསུམ་དུ།། ཡུགས་སའི་སྒྲ་དང་ལ་ཆ་སྤེལ། གོང་གི་སྔགས་བཟླས་ལྷ་རྟེན་རྩར།། གདོན་མི་ཟ་བར་ཐོག་འབེབས་འགྱུར།། ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་ཟླ་གསང་གི་ལེའུ་སྟེ་དོན་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བྱེད་ཆམ་ལ་དབབ་ཕྱིར་དུ།། གདུག་པ ་སྐུ་ཡི་ཟླ་གསང་གསུངས།། ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུ།། ངོ་མཚར་ཆུ་བོ་འབབ་པ་ལ།། རབ་ཏུ་མི་འགྱུར་ཀླུ་ཡི་གནས།། དེ་ཉིད་དྲེགས་པས་འདུལ་བའི་ཕྱིར།། བཅོམ་ལྡན་གཤིན་རྗེ་གཤེད་པོ་ཡིས།། ལག་ན་རྡོ ་རྗེར་སྐུར་གསལ་ཏེ།། ཕྱག་ན་རྡོ་རྗེ་ཐུགས་ཁྲོས་པ།། གསེར་མིག་འབར་བའི་རྒྱལ་པོ་ཡིས།། གདུག་པ་ཀླུ་རྣམས་བྲེད་འགྱུར་ཏེ།། རབ་ཏུ་མི་བགྲུངས་ཀླུ་རྣམས་ཀྱིས།། རབ་ཏུ་འཛེར་ཏེ་འདི་སྐད་བརྗོད།། ཀྱེ་མ་རྡོ་རྗེ ་གཟུགས་མཛེས་པས།། རབ་ཏུ་རྔམ་པའི་རྡོ་རྗེས་སོ།། ལྕགས་ཀྱུ་འབར་བར་རབ་ཏུ་བརྗིད།། གསེར་མིག་དྲ་བ་རབ་ཏུ་བགྲད།། མགོ་ལ་ཡིད་བཞིན་ནོར་བུས་བརྒྱན།། ཤེས་རབ་ཐབས་ལྡན་གཤོག་པས་བརྒྱངས།། ་ཐབས་ལྡན་སྡེར་མོ་རབ་རུ་བརྡེག། ཀྱེ་མ་སྐུ་སྟོད་མཆོག་གི་གཡང་གཞི་ཅན།། སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན།། ཐོད་པ་ཚལ་གསུམ་སེ་རལ་ཁ།། རལ་འཕགས་ཁྱད་པར་གདེངས་ཤིང་འཐོར།། བདག་ཅག་རྣམས ་། ཀྱི་དམ་ཚིག་ལྷ།། དྲག་པོ་ཆ་བྱད་ཟླ་གམ་རྒྱལ།། དྲག་པོ་ཆེན་པོ་བཀའ་བཞིན་བགྱིད།། ཞེས་ཚོར་ཞིང་ཐོན་ནས། དམ་ཚིག་འདི་སྨྲས་ཏེ། སྐུ་ལ་གྲིལ་ལོ། ན་ག་དུ་ས་ན། ཧྲི་པ་ལ་དུ་ས་ནི། གར་སར་ཏི ་སྭཱ་ཧཱ། དེ་ནས་གསེར་མིག་འབར་བ་ཡིས།། ང་རྒྱལ་ཆེན་པོའི་འདི་བསྟན་ཏེ།། དབང་དུ་བསྡུ་ཕྱིར་དམ་ཚིག་ཕྱག་རྒྱ་བསྟན།། ཟླ་རྣམས་རབ་ཏུ་བརྒྱད་པ་སྟེ། ཁྲོས་པའི་ང་རྒྱལ་འདི་བརྗོད་དོ།། ཏ་ཀི་ཛ་ཏེ། ཧཱུཾ་ཡ་ཧཱུཾ་ཡ། ་ཧཱ་ལུ་ཧཱ་ལུ། བུ་རེ་ཏེ་སྭཱ་ཧཱ། ཞེས་བརྗོད་པས། ཆེ་བ་བརྒྱད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་རིགས་བཞི་ཀླུ་རྣམས་ལ།། རབ་ཏུ་ཆེ་བ་བསྟན་པའི་ཕྱིར།། ཉིད་ཀྱི་གཞལ་ཡས་ཁང་ཆེན་པོ།། རབ་ཏུ ་བརྗིད་པ་འདི་ཉིད་དུ།། བྱོལ་སོང་རིགས་དང་ཐབས་ཅིག་པ།། འདུག་པའི་གནས་ནི་འདི་ལྟ་སྟེ།། རྒྱ་མཚོ་ཆེན་པོས་དབུས་ནས་འབར།། རིག་ཆེན་རི་རབ་མཆོད་རྟེན་གཟུགས་དང་འདྲ།། བུམ་པ་ཡིད་བཞིན་ཤིང ་ལོས་བརྒྱན།། སྦྲུལ་གཉིས་དར་ཕྱངས་ལྟ་བུར་མཛེས།། རིགས་གཞན་རྒྱན་གྱིས་རབ་ཏུ་བཀླུབས།། སྒོ་བཞི་ཀ་བར་རབ་ཏུ་ལྡན།། དང་པོ་སྦྲུལ་གཉིས་རབ་ཏུ་མཛེས།། བྱོལ་སོང་སྤྱོད་པ་རབ་ཏུ་ལྡན།། དེ་ཉིད་བླ་མའི ་ཁོག་གསེང་ན།། གསེར་གྱི་མིག་ཅན་འབར་བ་དང་།། ཐབས་ཅིག་བཞུགས་པ་འདི་ལྟ་སྟེ།། གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་།། དགའ་བོ་ལྡན་པས་སོགས་པ་དང་།། དགའ་བོ་འཇོག་པོ་མ་དྲོས་དང་།། རིགས ་ལྡན་ཀླུ་ཡི་གཙོ་བོ་བརྒྱད།། སྐུ་ལ་འཁྲིལ་དེ་གནས།། གྱད་དོར་མེར་སོགས་སྤྲུལ་པའི་རྒྱན།། དར་འཕྱངས་མ་དང་པདྨ་ཅན།། ཀླུ་མོ་རིགས་བཞི་མ་དང་ཐབས་ཅིག་ཏུ་བཞུགས། དེ་ནས་ཡང་བཅོམ་ལྡན་འདས་གཤིན ་རྗེ་གཤེད་པོ་ཡིས། གཉེན་པོ་བསྒྲུབ་པ་འདི་གསུངས་སོ།། མགོན་པོ་དུར་ཁྲོད་མཚོ་གླིང་ངམ།། ཆུ་མིག་གང་ན་གནས་པའི་ས།། དཀྱིལ་འཁོར་ཆ་གཉིས་ཡིད་འོང་ལ།། དྲི་སྤོས་སྨན་གྱི་ཆག་ཆག་གདབ།། འཁོར་ལོ ་རྩིབས་བཞི་མུ་ཁྱུད་ལྡན།། སྒོ་བཞི་དང་ལྡན་པ་ཡི་བྲིས།། དབུས་སུ་ལག་ན་རྡོ་རྗེ་སྟེ།། འཁོར་ལོ་བཞི་ལ་བྱ་ཁྱུང་བཞི།། གྲུ་ཆད་མཆོད་པའི་བུམ་པ་བཞི།། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་སྣ་མེ་ཏོག་ལྔ་ལ་སོགས།། ། ་བཅུ་གཉིས་ལྔ་ཉིད་བྱིན་གྱིས་རླབས།། སྒོ་བཞི་མཆོད་པའི་གཏོར་མ་བཞི།། མ་ཧཱ་སྟོབས་བཙས་པ་ཡི།། གསོད་མ་ང་ཡི་ཕན་རྗེ་ཅན།། མཁའ་ལྡིང་མཆོད་པའི་རྗེས་སུ་བཞག། དེ་ནས་ཏིང་འཛིན་རིམ་པ་ནི།། དང་པོ ་སྟོང་པའི་བྱང་ཆུབ་སེམས།། གཉིས་པ་སྙིང་རྗེ་འབྱུང་བ་དང་།། གསུམ་པ་རྒྱུ་ཡི་རྣམ་པ་ལས། ཁཾ་གིས་ས་བོན་ལས་བྱུང་བའི།། རྒྱ་མཚོ་ཆེན་པོ་དབུས་སུ་ནི།། ལཾ་ལས་རིན་ཆེན་རི་རབ་བསྐྱེད།། དེ་སྟེང་ཁཾ་ལས་ག་རུ ་ཊ།། རྡོ་རྗེ་གཤེད་པོས་བྱིན་རླབས་ལས།། བྱ་ཁྱུང་རྒྱལ་པོ་འབྱུང་པོ་ས།། དཀར་དང་དམར་དང་སེར་དང་ལྡང་།། འཁོར་ལོ་རྩིབས་བཞི་སྟེང་དུ་བསྒོམ།། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ་ལྡིང ་། སྟོབས་པོ་ཆེ།། སྐུ་མདོག་དཀར་པོ་སེ་འོད་འབར།། དབུ་གསུམ་རྡོ་རྗེ་མཆུ་ཕྲ་མ།། རིང་ལ་དམར་ཞིང་སྤྱན་ཡང་མང་།། ཞལ་གདངས་རལ་པ་སྤྲུག་པའི་ཚུལ།། ཡེ་ཤེས་གཤོག་གདེངས་ཡེ་ཤེས་སྐུ་ལ ་གསོལ།། སྐུ་དང་ཡན་ལག་རིན་ཆེན་བྱེད་དུ་བརྒྱ།། ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་འཆང་།། བར་མ་ལྕགས་ཀྱུ་ཐལ་མོ་སྦྱར།། གཡོན་གྱིས་དང་པོ་རིན་ཆེན་ཟུར་བརྒྱད་བསྣམས།། བར་མ་ཞགས་པ་ཐལ ་མོ་སྦྱར།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ་ལྡིང་གཟི་བརྗིད་འོད།། དབུ་གསུམ་མདོག་། དམར་མེ་རལ་པ་ལྕང་ལོར་འཁྱིལ།། ཞལ་གདངས་ཡེ་ཤེས་གཤོག་པ་གདེངས།། སྐུ་དང་ཡན་ལག་ཡེ ་ཤེས་མེ་ཆེན་འབར།། ཕྱག་གཡས་དང་པོ་རྡོ་རྗེ་རྩེ་ལྔ་པ།། འབར་བ་ལྕགས་ཀྱུ་རིན་པོ་ཆེ།། གཡོན་གྱིས་དང་པོ་རྡོ་རྗེ་པདྨ་འཕྱར།། རལ་པ་ཞགས་པ་ཐ་མ་དབྱུག་ཏོ་འཕྱར།། ལྷོ་ཕྱོགས་འཁོར་ལོ་རྩིབས་སྟེང་དུ།། ཡེ ་ཤེས་མཁའ་ལྡིང་རྒྱལ་པོ་མི་མགོ་ཅན།། དབུ་གསུམ་མདོག་སེར་རལ་པ་གྱེན་དུ་འཁྱིལ།། ཡོན་ཏན་རིན་ཆེན་སྐུ་ལ་མེ་ཆེན་འབར།། ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་བྱ།། ཕྱག་དྲུག་གཡས་ཀྱི་དང་པོ་རིན་ཆེན ་འབར།། བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་།། གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར།། བར་མ་ཞགས་པ་ཐ་མ་གཡོན་ཚུལ་བརྐྱང་།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ་ལྡིང་རྒྱལ་པོ ་གསེར་གྱི་ཐུགས།། དབུ་གསུམ་མདོག་ལྡང་རལ་པ་གྱེན་དུ་བཞུགས།། སྐུ་སྨད་སྣ་ཚོགས་བཤད་ཅིང་སྣ་ཚོགས་སྐྱོགས།། ཡན་ལག་རིན་ཆེན་འབར་བས་སྐུ་འབར་བ།། ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་འཕྱར།། ་བར་མ་ལྕགས་ཀྱུ་ཐ་མ་ཤིང་པོ་ཙ་ཕུར།། གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས།། བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྒྱད།། དེ་ནས་རྩ་བའི་སྙིང་པོ་ཁྲོ་ལས་བསྐྱེད།། དེ་བཞིན་སྤྱན་དྲངས་བཞུགས་གསོལ ་ཕྱག་བྱས་དེ།། མཆོད་དང་། སྟོངས་བརྗོད་དང་བཟླས་པ་ཚུལ་བཞིན་བྱ།། འབ་གླིང་བ་ལི་ལ་སོགས་པ་ནི།། བཱ་མ་ཧ་སྟི་བཅངས་པ་ཡི།། ཐོད་པ་ལྔ་ཡིས་བཅངས་པའི་རྫས།། ཟན་ཚངས་དཀར་གསུམ་འབྲུ་སྣ་དག་གིས ་མཆོད།། ཨོཾ་ར་ཙ་མཧཱ་ཀ་རུ་ན་ཧཱུཾ་བྷ་ལི་ཏེ་པཱུ་ཙ།། འབ་ལིང་རྟི་ཁའི་བ་ལཾ་ཏ་ཥ་ཎི། ཞེས་པས་པཱ་ཙ་འབུལ་བར་བྱ། དེ་ནས་རྒྱུན་སྔགས་འདི་བཟླས། ཨོཾ་ཀང་ཨོཾ་ཁང་། ཁྱུང་ཀར། ཤ་མ་ན་ན་དབྱིག་དུ། ཤ་མ་ར་དབྱིག་དུ།། ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། སྔགས་དེ་རྩ་བ་རྒྱུན་དུ་དྲོངས། མཁའ་ལྡིང་གསོ་བའི་ལས་བྱེད་ན།། དེ་བཞིན་བདག་གམ་གཞན་ལ་བདུག་པས་འཇིགས།། ག་རུ་རྒྱལ་པོ་མཆོད་འདོད་པས།། གནས་སམ་ཁང་པའི་སྒོ་ངོས ་ཏེ།། རྒྱ་ཆ་ས་འམ་བག་ཟན་ལ།། ག་རུའི་གཟུགས་བྱས་རྟེན་བཅས་ཏེ།། བྷ་ལིང་ལ་སོགས་པཱ་ཙ་དང་།། འབའ་མ་ཧ་སྟིས་བཅངས་པ་ཡིས།། སོར་མོ་ལྔ་ནི་པཱུ་ཙའོ།། ག་རུ་པཱུ་ཎེཙ་ཉིད་ལ་དབུལ།། སྙིང་པོ་ལྔ་པོ་གང ་།། ཡང་རུང་།། གཅིག་གིས་སྣ་རྣངས་བརྗོད་རྟིང་ལ།། ག་རུའི་ར་ཙ་གཉིས་པས་ཀྱང་།། དེ་ཡི་རྟིང་ལ་པཱ་ཙ་མཆོད།། ཐོག་མ་ཨོ་མཐའ་སྭཱ་ཧཱ་དབུལ།། འདི་ལྔས་བཞུད་བཞིན་བྱས་ནས་ནི།། ཀ་ལ་ཤ་སྟས་ཟིན ་པ་ལ།། གྲོལ་བར་གྱུར་པས་ཐེ་ཚོམ་མེད།། དེ་ཡི་གཉེན་པོ་རིགས་བཞི་ལ།། གཉིས་པའི་བསྟོད་པ་འདི་ཡང་གསུངས།། ཧཱུཾ་རིགས་བདག་མཐུ་སྟོབས་བདག་པོའི་སྐུ།། ཨེ་མ་ཧོ། ཕྱག་མཐིལ་གཉིས་ན་རྡོ་རྗེ་འབར་མ ་འདྲ། ཁ་ནས་གསུངས་སྙན་བཏོན་པས་ཁམས་གསུམ་དབང་དུ་སྡུད།། སྟོང་། འཁས་ཁམས་དག་ཏུ་གཡོས་པའི་ཀླུ་ཆེན་ཕོ་མོ་འདུལ།། འཁའ་ལྡིང་རྒྱལ་པོ་འཛིཊ་བྱེད་ག་རུ་ཎ།། ལྷཊ་རུ་འདབ་གཤོག་ཆེན་པོས་བརྐྱངས ་ནས་ནི།། གསེར་གྱི་འོད་པེ་འཕྲོས་གླུ་སྒྲ་དགྲ་བོ་དང་།། རྒྱ་མཚོའི་ཆེན་པོ་ཀུན་ནས་གདགས་པ་ཡིས།། ཀླུ་རྒྱལ་འཁོར། དུ་དཔེ། བཅས་པའི་ཟིལ་གྱིས་ནོན།། འཇིགས་བྱེད་གསེར་གྱི་སྤྱན་ཆེན་པོ།། ཚངས་ཆེན་པོ་ཡི་ཡུལ ་ས་རྩེ་ནས་གནོན།། གལ་ཏེ་ཀླུ་རྒྱལ་དམ་ལས་འདས་གྱུར་ན།། རྒྱ་མཚོའི་སྙིང་པོ་རྒྱ་མཚོའི་ལྦུ་བ་དང་།། གཤོག་པ་ཆེན་པོ་འཕྱར་ནས་དང་།། ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས།། མེ་ཡི་སྙིང་པོ་ཁར་བསྲེག་སྟེ།། ་རུལ་མྱགས་དྲི་ནི་ང་བར་འགྱུར།། ནད་ཀྱི་རྣམ་གྲངས་མང་པོས་དང་།། ལུས་ལ་ནད་དང་ཤ་བཀྲ་འབྱུང་བར་འགྱུར།། ག་རུ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། མཁའ་ལྡིང་རྒྱལ་པོ་ཚངས་པའི་དབྱངས།། གསེར་འདབ་བྱ་ཁྱུང་ཀ། ་ར་ན།། དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ།། རིགས་གསུམ་མགོན་པོ་རྡོ་རྗེ་ཡིས།། དམངས་རིགས་ཀླུ་ཡི་འཁོར་གྱིས་བསྐོར།། རྡོ་རྗེ་རྣོན་པོ་སྤུ་གྲི་སོ་གཉིས་གཙིགས།། གསེར་གྱི་སྤྱན་གཉིས་ཁྲོ་གཉེར་ཅན།། ཐམས ་ཅད་རྡོ་རྗེ་རྭ་ཡིས་བརྗོད།། ཡིད་བཞིན་ནོར་བུ་གཙུག་ན་འབར།། ལྕགས་མཆུ་ཆེན་པོའི་རྣོ་དཔལ་གྱིས།། རབ་ཏུ་གདུག་པའི། རླུ་ཀྲྀ་རྣམས་ཀྱིས།། རྡོ་རྗེ་སྔར་གཤོག་བརྐྱངས་པས་ཀླུ་བོ་ཆེ།། ཀླུ་རྒྱལ་གདུག་པ་དབང ་དུ་སྡུད།། ཞེས་བརྗོད་དོ།། དབང་དུ་བསྡུ་བའི་ལེའུ་སྟེ་དོན་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤེད་པོས། གདུག་པ་ཀླུའི་བསྒྲུབ་པ་འདི་གསུངས་སོ།། མཚོ་འགྲམ་ཆུ་མིག་ཤིང་གཅིག་རྐང་།། ་ནགས་ལྗོངས་མཐུག་པོ་དུར་ཁྲོད་གླིང་། ཉིད་དུ།། མཎྜལ་ཆག་ཆག་ཡིད་འོང་ལ།། བ་ལས་བྱུང་བའི་རྣམ་ལྔ་ཡིས།། ཕྱོགས་བཞི་དབུས་ནས། ལྔས་ཝ་ཊེ། བྱུག། དེ་ཉིད་བྱིན་གྱིས་བརླབས་པའི་ཕྱིར།། ཧཱུཾ་ས་མ་ཡ། ཨོཾ་གིས ་བྱ་བ་བྱེད་པའི་བྱིན་རླབས་ཀྱིས།། བདག་ཉིད་ཆེན་པོར་རབ་བཏགས་ཏེ།། ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། བདག་ཉིད་སྤྱི་བོར་དམིགས་ཏེ། བདག་པོ་བཞི་ཡིས་དབང་བསྐུར་རོ།། རྡོ་རྗེ་སྦུ་གུར་མ་བསམས་ཏེ། ་གཡུ་ཕྱེ་སྔོན་པོས་དབང་བསྐུར་རོ།། དྲ་ལྟར་ཡ་བསམ་དྲེད་པས་དབང་བསྐུར་རོ།། སྙིང་ཁར་ཧུཾ་བསྐྱེད་བདག་ཉིད་མེ་དབང་བསྐུར་རོ།། ལྟེ་བར་ཨོཾ་བསྐྱེད་གཉེན་པོར་རོ།། དེ་ནས་ཐིག་གདབ་རི་མོ་བྲི།། པདྨ་འདབ ་། བརྒྱད་མུ་ཁྱུད་ལྡན།། གྲུ་སྒོ་རྣམས་སུ་དེ་བཞིན་བྲི།། ལྟེ་བ་མཐིང་ཁ་པདྨ་དཀར།། མུ་ཁྱུད་དཀར་པོ་གྲུ་ཆད་ལྡན།། སྒོ་མ་སེར་པོ་སྒྲོམ་འབུར་རིམ།། དེ་བཞིན་མཚོན་རྣམས་བགྱི་བར་བྱ།། དབུས་སུ ་གཉེན་པོ་དགོད་པར་བྱ།། པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད།། རང་གིས་རྩ་བའི་སྔགས་ཀྱིས་བྲི།། རྩིབས་མཚན་དྲི་མེད་བྲི་བར་བྱ།། གྲུ་ཆད་བཞི་ལ་ཀླུ་མོ་བཞི།། ས་སྟོང་གྲུ་ཆད་ཕོ་བྲང་ལ།། སྐུ་འབུར་ཧ་ས་ཏི་ག་དགོད།། ་ཅེས་བཟླས་པའི་ཡི་གེ་དགུ་པ་འདི་གསུངས་སོ།། ཧཱུཾ་ན་ག་ག་ར་ཙ་ས་མ་ཡ། ཆེ་གེ་མོ་ཞིག་ཙིཏྟ་ཛ་ལ་ཡ། ཞེས་བསྒྲུབ་པར་བྱའོ།། ཞག་དགུ་པར་ཁྲུས་བྱས་ཏེ།། ཟས་རྣམས་ལྔ་ནི་སྤངས་པར་བྱ།། དེ་དག་གྲུབ་པར ་བརྟགས་ནས་ནི།། དངོས་སུ་ལོངས་སྤྱོདསྣ་ཚོགས་འབྱུང་།། དེ་ཉིད་མངོན་དུ་མ་གྱུར་ཚེ།། རིགས་པའི་ཤམ་བུ་བཏགས་པར་བྱ།། སྒྲིར་ཏྲ་འབུར་ཏྲིས་ལས་ལ་བཟུང་།། ཞེས་དོན་ཐམས་ཅད་གྲུབ་པར་འགྱུར། རོ།། ། ་དབང་བསྐུར་བྱ་བ་འདི་གསུངས་སོ།། དར་དཀར་གཞི་མ་བཏིང་ནས་ནི།། པདྨ་འདབ་བཞི་བྲི་བར་བྱ།། དཀར་པོ་ལ་སོགས་མུ་ཁྱུད་ལྡན།། དབུས་སུ་དམ་ཚིག་པ་རྣམས་སྟེ།། དེ་ནས་ཡིད་འོང་བུམ་པ་ལ།། བདུན་པོ ་རི་མོ་བྲི།། དགེ་བསྙེན་གཉིས་པོར་རབ་ཏུ་དམིགས། ཁ་དོག་ཚངས་པའི་རལ་གྲིས་བཅིངས།། རྨ་བྱ་མི་འཐབ་ཕྲ་མ་དང་།། དྲག་པོའི་རྫས་ལ་གདུག་པར་བྱ།། རས་ལ་སོགས་པའི་གཟུགས་ཐབས་གདགས།། སྡེར ་བཤོག་ཕྱག་རྒྱ་སྙིང་ཁར་བསྟན།། སྨན་སྣ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་ལྔ་མེ་ཏོག་ལྔ་ལ་སོགས།། བཅུ་གཉིས་ལྔ་ཉིད་བྱིན་རླབས་ལ།། ཨོཾ་ཨ་ཧཱུཾ། ན་ག་ཡུ་ཡུ། ན་ག་རུ་ཚུ་ལ་ནི། ན་ག་ས་མ་ཡ་མ་སྭཱ་ཧཱ།། ཞེས་དམིགས ་པ་ཡི་ཡན་ལག་གསུམ་པའི་རྒྱུ།། ཡི་གེ་རྩ་གཉིས་སྤྲུལ་པར་བཤད།། ཧཱུཾ་སྐྱེས་བདག་པོ་གཉིས་ནས་སྦྲུལ།། ཡན་ལག་ཡི་གེ་རྩ་གཉིས་ནས།། འོད་ཟེར་སྣ་ཚོགས་བདུད་རྩིར་གསལ།། ཡི་གེ་དམིགས་པའི་གནས་ལ ་བསྡུ།། བདུད་རྩིའི་བུམ་པ་བརྟན་པར་བྱ།། མཁའ་ལྡིང་རྒྱལ་པོར་དེ་ཉིད་བསམ།། དེ་ཉིད་མི་ཡི་རས་ཀྱིས་དཀྲི།། གུ་གུལ་སྨན་ནམ་ཆུ་མིག་འདི།། བདུན་བརྒྱུད་རྩད་ནས་གཅོད་ཅེས་བསྒོ།། འདི་སྐད་ཅེས་ནི་གནད ་ལ་བོར།། གདུག་པ་ཀླུ་འདིས་མི་མ་སོད་ན།། ཕྱག་ན་རྡོ་རྗེ་འགོ་བོ་འགྱེས། ཁོང་ནས་སྙིང་ཁྲག་འཇིབས་པར་བྱེད།། དེ་སྐད་ཅེས་ནི་གནས་ལ་བོར་བའི་ལེའུ་སྟེ་དོན་ལྔ་པའོ།། །། དེ་ནས་མནན་པའི་ལས་འདི ་གསུངས།། མཛེ་ཐོད་དམར་པོ་ཕ་མེས་ས་རུ།། མིང་དང་རུས་བཅུག་སྐུད་པ་སྔོན་དམར་དཀྲི།། བུད་མེད་ཞབས་མས་བཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ།། ནུབ་སྒོར་ཁ་ལྟས་ཁྱིམ་གྱི་བདག་པོ་ལ།། བ་མར་གླང་མར ་འབྲི་ཡི་ཙིཏྟ་དང་།། མིང་རུས་ཆ་རྐྱེན་དང་དད་པས་བྲི།། ལྟོ་འཕྱེ་ལྕགས་སྔོན་ལྷོར་བཅུག་དང་།། ཧཱུཾ་གྱི་མཐར་བསྐོར་ཞིག་དང་བྱ།། ལུས་གང་འདོད་པ་འཆི་དགྱེན་བྲིས་ཏེ་སྭ།། ཨོཾ་ལཾ་ཧཱུཾ་ལཾ་བྱཾ་པ་ནན། ཏི་བྱ་ཏིཔྟ། ཆེ ་གེ་མོ་ལཾ་ནན། མ་ར་ནན་ཨོཾ་ནམ་ནམ་ཏོ་ཁམས། བེ་དུ་ཆར་ཀ་སྲ་ན་སྲ་ཁས། ན་ག་པུ་ག་ནན་ག་པུ་ན་ག་ལེན་ག་སྭཱ་ཧ། བདག་ལ་མི་ཚུགས་པར་བྱ་བའི་ཕྱིར།། གནོད་པས་རྡོ་རྗེ་རྒྱ་གྲམ་བསམ།། ས་སྒོ ་རང་གི་དྲི་མས་རབ་ཏུ་སྦས།། མ་ཉེས་དཔང་གཟུགས་ཀླུ་སྲིན་དབང་དུ་བསྡུས།། དེ་ལྟར་བྱས་ན་ངེས་པར་རབ་གྲུབ་འགྱུར་ཏེ།། དེ་ནས་ཀླུའི་དྲག་སྔགས་དགོད་པའི་སྔགས་འདི་གསུངས།། ན་ག་ར་ཙ་བ་སུ་ཀི་ནི་བཾ་ད།། ་ན་ག་ར་ཙ་བ་སུ་ཀི་ནི་ཛ་ཛ། ན་ག་ནི་ན་ག་ནི་ཛ་ཛ། ཡུ་ཡུ་ཡུ་ད་མ་ནི། དམ་པ་དུ་ནི་ན་ག་ར་ཙ་བ་སུ་ཀི་ཨཽ་པྲི་ཏ་སརྦ་ས་མ་ཡ། ན་ག་བི་ཙ་ག་ལོ། ན་ག་ར་ཙ་ན་ག་སུ་ན་ག། ཛ་ཧཱུཾ་ཛ་ཧཱཾ། ཨཽ་ཆེ་གེ་མོ་ས་མ་ཡ་ཛ། ཧཱཾ་ན ་ག་ཧཱུཾ་ན་ག། ཨཽ་ན་ག་ར་ཙ་བ་སུ་ཀི་ཛ་ཛ། ཨ་ཨ་ད་ད་ན་ན་ཨཽ་ན་ག་ར་ཙ་ཛཿཧཱུཾ་བཾ་ཧོ། ཆེ་གེ་མོ་ཨ་ཀཪྴ་ཡ། ཨ་ཀཪྴ་ཡ། ཚིན་ཡང་ཚིན་ཡང་ལེན་ཡང་ལེན་ཡང་། པྲ་ལེན་ཡང་། ན་ག་ཙི་ས་ན་ག་ཙི་ས་སྡོམ། ན་ག་པུ ་ག་ལ་ན་ག་བུ་ག། ཧཱུཾ་ཛ་ཧཱཾ་ཛ། ཆེ་གེ་མོ་མ་ར་ཡ་ཛ་ཛ། ཨ་ཧཱུཾ་ཕཊ། ན་ག་ར་ཙ་བ་སུ་ཀི་ཛ་ཛ། མ་ཛ་ཡ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ་བྲི་ཏི་ཤང་ནན། ཏི་ཤ་ཛ་ཏི་ཤང་ནན། ཆེ་གེ་མོ་ལཾ་ནན། ཤཾ་པ་ནན། མ་ར་ཡ་ནན། ཨོཾ་ནན་ནཱ ་ཏོ་ཁས། གཡེ་ཆད་ཁས། ནན་ཏི་ཁས་ས་ར་ནན། སྲ་ཁས་ན་ག་པུ་ག་ལྔ། ན་ག་ལེ་ན་ག་ལེ་སྭཱ་ཧཱ། ན་ག་གྲུ་ལ་ར་བྷྱོ། དེ་བཞིན་སྔགས་རྣམས་རྫོགས་པར་འགྱུར་ནས། མ་ཆེན་མཛོ་ལ་མ་ར་ཡའོ།། མཛེ་ནན་གདུག་པ ་ཟླ་གསང་གི་སྐབས་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་འདི།། ཟས་ངན་གོས་ངན་གནས ་དུས་ངན།། གསུམ་གྱིས་དུས་སུ་ངེས་འབྱུང་གིས།། འཁོར་ཏུ་གཏོགས་པའི་ལྷ་སྲིན་སྡེ་བརྒྱད་རྣམས།། རང་རང་དམ་ཚིག་གནས་ཤིང་ཞལ་འཆེས་པ།། ང་ཡི་དམ་ཚིག་རྗེས་སུ་བསྲུང་བར་གྱིས།། ཀུན་ཀྱང་འདའ་དང ་དམ་ལས་འདའ་མི་བྱེད།། ངས་བསྟན་པ་ཡི་རྒྱ་མཚོ་འདི།། ཀུན་ཀྱང་ངའོ་དད་པས་ཞན་པ་མེད།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་།། ་རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་དང་བཅས་པ། བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་དུ་རིགས་ནས། ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ལ་སོགས་པ་སྡེ་བརྒྱད་ཀུན་གྱིས། འདི་སྐད་ཅེས་གསོལ་ཏོ།། ཀུན་གྱི་ཐུན ་མོང་མ་ཡིན་པའི།། དཔའ་བོ་ཆེན་པོས་བཀའ་བསྩལ་པས།། མཚོན་ཆེན་འཁོར་ལོ་འབར་བ་འདི།། བསྟན་པ་ཡུན་གནས་རིན་ཆེན་མཆོག། རྣལ་འབྱོར་སྐལ་ལྡན་གཏེར་གྱི་མཆོག། གང་ཞིག་ལྡན་དང་མི་ལྡན་པའི།། ་ཡིད་བཞིན་མཛོད་དང་བསྲེགས་དང་བསྲེགས།། མཉེས་ལེགས་སོ།། མཚམས་མཁར་བཞིན་ནོ།། བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས།། སྤྱི་བོས་ལན་ཅིག་སྙིང་ལ་དགོད།། ཞེས་གླེངས་ཏེ་དམ་བཅས་སོ།། ་གླེང་བསླང་དམ་བཅས་པའི་ལེའུ་སྟེ་དོན་བདུན་པའོ།། །། དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་རྫོགས་སོ།། བཀྲ་ཤིས།། ་