| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། གུ་ཧྱ་ཙནྡ་ཤྲི་ཀ་ལ་ཨ་པྲ་རི་ཀ་ལ་ཏནྟྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག ་ན། འཇམ་དཔལ་གཤིན་རྗེ་གཤེད་པོ་ལྷ་མཆོག་ཡ་མཱནྟ་ཀ། ལྷོ་ཕྱོགས་གཤིན་རྗེའི་གནས། དུར་ཁྲོད་ཆེན་པོ་གཏུམ་དྲག་ཚལ་ཞེས་བྱ་བ་ན། རྒྱ་ཁྱོན་དཔག་ཏུ་མེད་པ་རྨང་གསེར་དུ་སྣང་བ། ལོགས་གཡུ་རུ་སྣང་བ། ་རྩེ་མོ་གནམ་ལྕགས་ཨུར་མོར་སྣང་བ། འཁོར་ལོ་གཏམས་པའི་བད་སྟགས་ལ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཞིར་འཕྲོ་བ། འོད་དང་ཟེར་རབ་ཏུ་འཁྲུགས་པ། མཆོག་ཆེན་དང་། རྐང་ཆེན་དང་། ་མཆོག་ཁྲ་མོའི་དྲ་བ་བཏང་བ། བམ་ཆེན་པོའི་ཀ་བ་ལ། ཆུ་སྲིན་གྱི་ཀ་ཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། གནམ་ལྕགས་ཐོག་གི་ཚ་ཚ་འཕྲོ་བ། ཐོད་པ་བརྩེག་པའི་འབུར་ཕྱུང་བ། ཞིང་ཆེན་གྱི་བླ་བྲེ་དང་། ་ཆུ་སྲིན་གྱི་རྒྱལ་མཚན་དང་། འཕན་གདུགས་དང་། དཔལ་དར་ཕྱོགས་བཞིར་བཀྲམ་པ། ཙིཏྟ་མང་པོ་སྤྲིན་ལྟར་གཏིབས་པ། རྩེ་ནས་ཞག་འཛག་པ། རྩ་ནས་ཁྲག་ཁོལ་བ། བསྐལ་པའི་མེ་རི་སྣ་ཚོགས་པས་བརྒྱན ་པ། ཀེང་རུས་ཀྱི་དུར་ཁྲོད་དང་། གནམ་ལྕགས་ཀྱི་ཁང་བཟང་དང་། འཁོར་ལོའི་གཞལ་ཡས་དང་། རོ་མྱག་གི་དུར་ཁྲོད་ལ་སོགས་པ། དུར་ཁྲོད་ཀྱི་གནས་སྟོང་ཡོད་པ། ཉི་མ་མེ་ཤེལ་དང་། ཟླ་བ་ཆུ་ཤེལ་དང་། སྐར ་ཕྲ་མེན་གྱི་མཐོང་ཡོད་པ། གཟའ་སྐར་མང་པོས་བརྒྱན་པ། མཚོ་ཆེན་གྱི་རླབས་དང་། རླུང་ནག་གི་གྲིབ་སོ་དང་། ཀེང་རུས་ཀྱི་རི་རབ་དང་། མེ་རིའི་རླབས་ཡོད་པ། མཐའ་ལྕགས་རི་ནག་པོས་བསྐོར་བ། དེ་ལྟ་བུའི ་གནས་དེ་ན། དུར་ཁྲོད་ཀྱི་རོ་བམ་པ་མང་པོ་བརྩེགས་པ་ལ། མི་གཙང་བས་ཡོངས་སུ་གང་བ། དྲི་བསྣམས་པ། རོ་རུལ་བ་དང་། ཕྱེད་རུལ་པ་དང་། བམ་པ་དང་། རྣམ་པར་རུལ་པ་དང་། རྣམ་པར་དམར་བ་དང་། ་རྣམ་པར་བམ་པ་དང་། རོ་རེངས་པ་དང་། རྣམ་པར་རེངས་པ་དང་། ཀེང་རུས་ཕྱེད་པ་དང་། རུས་པ་བྲུལ་བ་དང་། འཁྲུམས་པ་དང་། རྣམ་པར་འཁྲུམས་པ་དང་། ལངས་པ་དང་། གན་པ་དང་། བུག་པ་དང་། འགྱེལ ་བ་དང་། དུར་ཁྲོད་ཀྱི་རོ་ལང་འདྲ་བ་དང་། གཤོག་པ་དང་། གཏུབ་ཅིང་འཚོད་པ་དང་། རོ་ལ་ལོངས་སྤྱོད་པ་དང་། དུར་ཁྲོད་ཀྱི་བཅས་པ་ཡོངས་སུ་བསྣམས་པ་དང་། ཁྲག་དང་། རྣགས་དང་། ཆུ་སེར་འཛག་པ་དང་། ་མི་གཙང་བ་འཛག་པ་དང་། དེ་ལྟ་བུའི་གནས་དེ་ན། སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། བྱ་རོག་ཀངྐ་མཆུ་རིང་དང་། བྱ་རླག་གཤོག་རྡེབ་སྦྲང་ཀི་རྫི་སྡོམ་དང་། ལྕེ་སྤྱང་རོ་ལ་རྔམ་ཁྲ་དང་འུག་པ་དང་། ་ལིན་དུ་ཝ་དང་། སྲིན་བུ་ཀང་ཀ་རུང་དང་། དེ་དག་ལ་སོགས་པ་ཤ་ཟ་ཁྲག་འཐུང་བ་དང་། རུས་པ་འཆའ་བ་དང་ལག་སྒྲོག་བྱེད་དང་། ལྷ་དང་རྒོད་དང་ངུ་དང་ཆོ་ངེ་འབེབས་པ་དང་། ཀུ་ཅོ་འདོན་དང་མཆོང་དང ་རྒོལ་བ་དང་། དྲག་པོ་རྐན་རྡེབ་ལྟས་ངན་སྐད་སྒྲོག་དང་།། གཟུགས་མི་སྡུག་དང་འཛུམ་པའི་མདངས་འདོན་དང་།། འཁོར་ལོའི་བྲོ་བརྡུང་ལྕགས་ཀྱི་མདའ་འཕེན་དང་།། སྤྲུག་པའི་གླུ་ལེན་མི་མགོའི་དུང ་འབུད་དང་།། བ་དན་གཡབ་འདོར་རང་ལ་རང་ཁྲོད་དང་།། ཤ་ཟ་ཁྲག་འཐུང་དྲག་པོའི་རྐན་རྡེབ་དང་།། བརྡ་དང་གར་བསྐུར་རྡོ་རྗེ་ཐོག་འཕེན་དང་།། གཏི་མུག་མ་སའི་དུར་ཁྲོད་རི་ལྟར་སྤུངས་པ་དང་། འདོད ་ཆགས་རཀྟའི་རྦ་ཀློང་འཁྱིལ་བ་དང་།། རབ་ཏུ་འཇིགས་ཤིང་ཀྱི་གཡའི་གནས་དེ་ན།། འཇམ་དཔལ་ལྷ་མཆོག་ཡ་མཱནྟ་ཀ་ནི།། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་འཁོར་རྣམས་དང་།། ཕྱོགས་སྐྱོང་གཤིན་རྗེ་ཡབ ་། ཡུམ་འཁོར་རྣམས་དང་།། འཇིག་རྟེན་བརླག་བྱེད་གཤིན་རྗེ་གཤེད་བཞི་དང་།། སྟོང་གསུམ་མུན་པར་གཏོང་བའི་བདུད་ཕོ་བདུད་མོ་དང་།། འཇིག་རྟེན་མེས་བསྲེག་བཙན་པོ་བཙན་མོ་དང་།། སྨྱོ་འབོག་གཏོང་བར ་བྱེད་པའི་གླིང་གི་འཁོར་ཚོགས་དང་།། དྲག་པོ་གནམ་ལྕགས་འབེབས་པ་ལྷ་དང་སྨན་གྱི་འཁོར།། ཆུ་འཁྱགས་ཁྲག་ཏུ་འབེབས་པ་ཁྱབ་འཇུག་གཟའ་ཡི་འཁོར།། མཛེ་ནད་ཛ་ལ་གཏོང་བའི་གདུག་པ་ཀླུ་འཁོར་དང་།། ་སྲོག་གཅོད་སྤུ་གྲི་ཐོགས་པ་གནོད་སྦྱིན་འཁོར་ཚོགས་དང་།། ཡམས་དང་ནད་གཏོང་མ་མོའི་འཁོར་ཚོགས་དང་།། གཞན་ཡང་དྲི་ཟའི་རྒྱལ་པོ་ཁ་དུན་རཀྐ་ལ་སོགས་པ།། དྲི་ཟའི་འཁོར་དང་ཤན་པ་ནག་པོ་ལ་སོགས ་གཤིན་རྗེའི་འཁོར་སྡེ་དང་།། ན་ག་ར་ཙ་ལ་སོགས་ཀླུ་ཡི་འཁོར་སྡེ་དང་།། ཡཀྵ་མགོ་དགུ་ལ་སོགས་གནོད་སྦྱིན་འཁོར་སྡེ་དང་།། སྟོང་གསུམ་ཀུན་ཉུལ་སྲིད་པ་ཁྲམ་འདེབས་ལ་སོགས་མ་མོའི་འཁོར་སྡེ་དང་།། ཧ་ནུ ་པཀྐ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་།། བཤུ་བོ་སྲོག་ལེན་ལ་སོགས་བཙན་གྱི་འཁོར་སྡེ་དང་།། དཀར་པོ་སྙིང་འབྱིན་ལ་སོགས་སྲོག་བདག་འཁོར་སྡེ་དང་།། གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་སྡེ་དང་།། ་ནད་གཏོང་ཁྲིམས་འདེབས་བསམ་གྱིས་མི་ཁྱབ་དང་།། གཞན་ཡང་འདོད་པའི་བུ་མོའི་ཚོགས་རྣམས་ལ།། རྒྱལ་པོ་དང་ནི་ཡང་རྒྱལ་མོ།། བློན་པོ་དང་ནི་ཡང་བློན་མོ།། བྲན་མོ་དང་ནི་གཡོག་མོའི་ཚོགས།། དེ་དག་ལ ་སོགས་འཁོར་ན་ཡང་།། འདུ་བ་རྣམ་བཞིན་ནད་བདག་མོ།། བཞི་བརྒྱ་རྩ་བཞིའི་ནད་གཏོང་ཚོགས།། བསམ་གྱིས་མི་ཁྱབ་ཐབས་ཅིག་བཞུགས།། བེ་ཏ་ལི་དང་རལ་གཅིག་གཉིས།། གཡས་ནས་འཁྱིལ་ཏེ་གཉིས ་བཞུགས།། གཡོན་ནས་མདུན་གྱི་བལྟས་ནས་བཞུགས།། གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ།། ཡ་མར་ཙ་ཚ་བདག་དམར་པོ་དང་།། ཀོང་རྩེ་བྲག་གྱོན་ཨ་ཝ་གླང་མགོ་དང་།། ཡ་མ་ཏི་དང་མིག་དམར ་དང་།། དམིག་པ་རྟོལ་པ་ལྷ་མཆོག་དང་།། ཆོས་ཀྱི་རྒྱལ་པོ་རལ་པ་ཚལ་དགུ་དང་།། ཐོད་དབྱུག་ལྷ་ཚོགས་འཁོར་དང་བཅས།། ཨེ་ཀ་ཛ་ཏི་པེ་ཏ་ལི།། མིང་སྲིང་ནག་མོ་མགོ་འཕྱང་དང་།། བྲག་སྲིན་ནག་མོ་མགོ ་#།། འཕྱངས་དང་།། ས་བདག་ནག་མོ་མགོ་འཕྱངས་དང་།། མི་བཟད་བདུད་མོ་མགོ་འཕྱངས་དང་།། བཙན་མོ་ནག་མོ་མགོ་འཕྱངས་དང་།། བྱི་ལིད་ནག་མོ་མགོ་འཕྱངས་དང་།། བདུད་མོ་ནག་མོ་རི་ཏི་དང་།། ་ས་སྲིན་ནག་མོ་མགོ་འཕྱངས་དང་།། ཀླུ་སྲིན་ནག་མོ་མགོ་འཕྱངས་དང་།། ལྷ་མོ་ནག་མོ་མགོ་འཕྱངས་དང་།། དེ་ལྟར་ཡུམ་ཡང་ཐབས་ཅིག་གོ། ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ།། ཡ་མ་ར་ཙའི་འཁོར་དག་ནི།། ་བདུད་ཀྱི་རྒྱལ་པོ་དྲེགས་ཅན་གསུས་པོ་ཆེ།། གཤིན་རྗེ་དམར་པོའི་འཁོར་དང་ནི།། སྲོག་བདུད་མཆེད་གསུམ་གནས་པ་ནི།། སྲོག་བདག་སྙིང་འབྱིན་བཙན་རྒོ་དམར་པོ་དང་།། བདུད་ཀྱི་རྒྱལ་པོ་སྟག་གུ་སྤྱན་གཅིག ་དང་།། གཞན་ཡང་ཀོང་ཙེ་བྲག་གྱོན་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་རྟག་ཐབས་གནས།། ཨ་ཝ་གླང་མགོ་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་ཨུ་བི་ར།། ལྕོགས་པ་མགོ་དགུ་དག་གི་འཁོར་དག་ན།། བདུད་ཀྱི ་རྒྱལ་པོ་གུར་བདུད་དང་།། བདུད་ཀྱི་རྒྱལ་པོ་ནག་པོ་འཛུམ་མེད་དང་།། ཡ་བ་ཏི་ཡི་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་ཕིའུ་ལོག་ནག་པོ་དང་།། བདུད་ཀྱི་རྒྱལ་པོ་ནག་པོ་སྤྱི་རིང་དང་།། རྟོལ་བ་ཡི་ནི་འཁོར་དག་ལ།། ་བདུད་ཀྱི་རྒྱལ་པོ་གླིང་བཞི་ཕུང་བྱེད་དང་།། ཕྱ་སངས་ཀྱི་ནི་འཁོར་དག་ན།། བདུད་ཀྱི་རྒྱལ་པོ་ཆེཆ་བདུད་དཀར་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱག་བདུད་དམར་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱག་བདུད་ལྡང་ནག་དང་།། ་བདུད་ཀྱི་རྒྱལ་པོ་ཕྱག་བདུད་ནག་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱག་བདུད་སྔོན་པོ་དང་།། བདུད་ཀྱི་རྒྱལ་པོ་ཕྱག་བདུད་ཕུང་བྱེད་འུག་པའི་མགོ་ཅན་དང་།། བདུད་ཀྱི་ཁ་སྟོང་མེ་འབར་དང་།། བདུད་མོ་ལག་སྤྲེའུ་མགོ ་ཅན་དང་། བདུད་རྔམ་ཆེན་མི་ལག་དུང་གི་རྣ་ཅན་དང་། རལ་པ་ཚར་དགུའི་འཁོར་དག་ན། བསེའི་སྐྱེས་བུ་གདུག་པ་ཅན་དང་། སྟག་མགོ་ཅན་གྱི་འཁོར་དག་ན། ཀླུ་བདུད་ནག་པོ་སྦྲུལ་གྱི་སྒྱུ་མ་ཅན། གྲི་ཐོགས ་གིང་གི་ཕོ་ཉ་བཅུ་དང་། ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡང་མདུན་གྱིས་བལྟས་ཏེ། བཀའ་ནོད་པའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་བཅོམ་ལྡན་འདས ་འཇིགས་བྱེད་ཆེན་པོས། ཁམས་གསུམ་དབང་དུ་བསྡུས། སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད། མུན་ནག་ཏུ་གཏིབས་ཏེ། ཐུགས་ཡེ་ཤེས་ཉི་ཟེར་གྱི་རྩལ། ་འཁོར་ལོའི་ཚོགས་དང་། གནམ་ལྕགས་ཀྱི་གཟེར་དང་། ལྕགས་ཀྱུ་དང་། ཞགས་པའི་ཚོགས་དང་། ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། ཧཱུཾ་ཧཱུཾ་དང་། ཕཊ་ཕཊ་དང་། ་ལ་ཧ་ལ་དང་། ཛཿཧཱུཾ་བཾ་ཧོ་དང་། ཨེ་ཨ་ར་ལི་ཧྲི་ཛ། ཅེས་འབྲུག་སྟོང་གི་སྒྲ་དུས་གཅིག་ཏུ་ལྡིར་ཙམ་གྱིས་སྒྲ་བསྒྲགས་ནས། དབང་དུ་བསྡུས་པས། རང་གི་འཁོར་རྣམས་ཀྱང་བྲེད། རབ་ཏུ་བྲེད་ཀུན་ཏུ་རབ་ཏུ་བྲེད།། ་འདར་རབ་ཏུ་འདར་ཀུན་ཏུ་རབ་ཏུ་འདར། དངངས་རབ་ཏུ་དངངས་ཀུན་ཏུ་རབ་ཏུ་དངང་། ཐམས་ཅད་བདེ་བ་ལ་བཀོད་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞིའི་སྐབས་ཏེ་དང་པོའོ།། ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ལ། མཐུ་སྟོབས་ཀྱི་བདག་པོ་ལ་སོགས་པ་གདུག་པ་ཅན་གྱི་འཁོར་རྣམས་ཀྱིས། མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མའོ། ་འཇིགས་བྱེད་ཆེན་པོ་ལགས།། བདག་ཅག་གདུག་བྱེད་ཁྲོ་རྣམས་ཀུན།། སྣང་སྲིད་འཇིག་རྟེན་ཁམས་འདི་རུ།། སྟོང་གསུམ་མུན་པར་གཏོང་བ་དང་།། འཇིག་རྟེན་ཁམས་ཀུན་སྲེག་པ་དང་།། ལོ་ཏོག་འཇོམས་དང ་གནམ་ལྕགས་ལྕེ།། སྒྲོ་འབོག་ཡམས་དང་སྲོག་གཅོད་དང་།། མཛེ་རིགས་གཏོང་བའི་ལས་འདི་དག། བདག་ཅག་རྣམས་ཀྱི་རང་ལས་ལགས།། དཔའ་བོ་ཆེན་པོ་ཅི་ལས་སྐྱོན།། ཐུགས་རྗེས་བྲེད་ཅིང་མི་མངའ་འམ།། ་དཔའ་བོ་ཆེན་པོ་ཁྱེད་ཉིད་ནི།། ཐུགས་རྗེ་བྱམས་པའི་མངའ་བདག་ན།། འདི་ལྟར་ཆོ་འཕྲུལ་ཅི་ལ་སྟོན།། གདུག་པའི་གསུང་སྒྲ་ཅི་ལ་སྒྲོག། ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད།། འཇིགས་བྱེད་ཆེན་པོ་བདག་ཅག་ལ།། ་བཀའ་འབབ་མི་འཚལ་འབངས་སུ་མཆི།། འབངས་ལ་ནན་ཏན་མ་ཆུང་ཤིག། ཅེས་སྨྲས་ཏེ་སོ་སོ་རང་རང་གི་སྙིང་པོ་འདི་ཕུལ་ལོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མ་ར་ཙ་ཛ་ལ་རཾ་ཡ་ཧཱུཾ། ནི་ཀྲི་དྷི་ཤྭ་རི་ཛ་ཨཽ་ཏྲ་རཀྵོ་ཛ་ལ་རམ་པ ་མེ་ཧཱུཾ། ཡ་ཏ་ཏྲ་ཀ་ཤ་ཀ་ཛ་ལ། རམ་པ་ཧཱཾ། ར་རཀྵོ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ། ཨོཾ་ཨ་རཀྵ་ཛ་ལ་རཾ་པ་ཡ་ཧཱུཾ། ནག་མོ་ཀྲོ་ཏི་ཤྭ་རི་ཏི་ནི་ཛ་ལ་ར་མ་བྷ་ནི་ཧཱུཾ། ཨོ་ཏྲ་ཏྲཀྐ་རཀྵོ་ཛ་ལ་རཾ་པ་ཡ་ཧཱཾ། ཙིཏྟ་རོ་ལ་ཀྲོ་ཏི་ཤྭ་རི། ཛ་ལ ་པ་ཡ་ཧཱུཾ། ཨོཾ་རག་ཤ་ཀ་ཡ་མ་སྟིང་ཙ་ར་ཡ་ཛ་ལ་རམ་ཧཱུཾ། ཨོཾ་ནི་ཙ་ར་ཙ་རུ་ཙ་ར་ཀྲོ་དྷི་ཤྭ་རི་ཛ་ལ་རམ། ཨོཾ་ཏྲ་ཏྲག་ཤ་ར་ཀ་སོ་ཛ་ལ་རཾ་པ་ཡ་ཧཱཾ། ཨོཾ་ཤྲི་ཛ་ལ་རཾ་པ་ཀྲོ་དྷཱི་ཤྭ་རི་ནི་ཛ་ཧཱཾ། ཨཽ་ཏྲ་ག་ཤ་ནི་ཛ་ལ་རཾ་པ་ཡ་ཧཱུཾ། ཨཽ ་། ཏྲ་ཏྲག་མོ་རཀྵ་ཀྲོ་དྷི་ཤྭ་རི་ཧཱུཾ། ཨོཾ་མཉྫུ་ཤྲི་ནག་པོ་ཏྲ་ཏྲག་ཤ་ནི་ཡ་ཧཱུཾ། ཨོཾ་ནག་མོ་རཀྵ་ཀྲོ་དྷི་ཤྭ་རི་ནི་ཧཱུཾ། ཨོཾ་བཛྲ་ཤྲི་བཛྲ་མ་རོ་ཏྲ་ཏྲག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ན་ག་ཀྲོ་དྷི་ཤྭ་རི་ཛ་ལ་རམ་པ་ཡ་ཧཱུཾ། ཅེས་ཕྱོགས་སྐྱོང་གཤིན ་རྗེ་རྣམས་ཀྱིས་ཕུལ་ལོ།། རུ་ཏྲ་པྲ་ཏྲ། མུ་ཁྲག་ཙ་ར་ཁྲག་ཙ་པ་ཏེ་ཕོར་པ་དུན་ཧ་བ་ཧ་བ་སྭཱ་ཧཱ། ས་མ་ཡ་ཨ་བྷི་ཤུ་རུ་ཙ་རཀྐ་ཚལ་བ་ཨ་ནིར་ཏི་མ་ར་ཨ་གུ་ཤ་ཛ་ཛ། ཨོཾ་བེ་ཤ་ཡ་དུ་རུ་མ་ཤི་ཁ་ཛ་ལ་ཨ་ལ་ཏ་སྭཱ་ཧཱ། ཧྲི་ཤ ་དུ་རག་རི་དཀར་ཙི་ཏ་ཏྲ་མ་མ་མ་ཡམ། ཟ་འགྲམ་དྷི་ཏི་ཡོ་གི་ཤ་ར་ཛ་ཛ། མ་མེ་སྙིང་ཁ་རག་སྙིང་ཁ་རག་ལ་མ་རཀྟ་མ་རཀྵ་རཀྵོ་ཐུན་ཐུན། སྙིང་ལ་ཐུན། ཛ་ཛ་སྙིང་ལ། རུ་ལུ་རུ་ལུ་ཛ་ཛ། ར་ཛ་ས་མ་ཡ་ཛ། ཧཱུཾ་ཧཱཾ་ཛ། ་ར་ལི་ཕྲ་མ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧ། ཏྲི་ཏྲི་ར་ཙ་ཙ་པ་ལ། ཨ་ཤུག་མེ་ཛ་ཛ། འབའ་ཧུ་ཡ་ག་ཤ་མ་སུ་རོ་ཙི་ཏྲི་ར་ཧུ་མ་དྷིག་བེ་ཚིལ་མ་ཁུག། ཡཀྐ་ཟང་མ་ཟང་མེ་ཡ་ཛ། ཨོཾ་ན་ག་ར་ཙ་མ་ཧཱ་ཀ་ལ་ཏི་པ་ཙ་ཛ་ས་ཁ་ས་ཁ་ཤ ་རུ་ཧཱུཾ་ཛ་ཛ། ན་ག་ར་ཙ་ཛ་ཛ། དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་དག་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་མིའམ་ཅི་དང་། ལྟོ་འཕྱེའི་རིགས་དང་། གནོད་སྦྱིན ་སྲིན་པོ་ཡི་དྭགས་དང་།། ཤ་ཟ་འབྱུང་པོ་གྲུལ་བུམ་དང་།། སྲུལ་པོ་དང་ནི་ལུས་སྲུལ་པོ།། སྐེམ་བྱེད་དང་ནི་བརྗེད་བྱེད་དང་།། སྨྱོ་བྱེད་དང་ནི་གྲིབ་གནོན་དང་།། རྣོན་པོ་དང་ནི་ནམ་གྲུ་དང་།། དེ་དག་ལ་སོགས ་འཁོར་ན་ཡང་།། ཤ་ཟ་ཁྲག་འཐུང་བསམ་མི་ཁྱབ།། བཀའ་ཉན་ཟེར་ཞིང་སྲོག་སྙིང་འབུལ།། གནས་པའི་འཁོར་རྣམས་མགྲིན་ཅིག་ཏུ།། ཐལ་མོ་སྦྱར་ནས་གུས་ཕུལ་བ།། དུར་ཁྲོད་མེ་ཏོག་སྣ་ཚོགས་ནི།། སྲིན་པོའི ་། རོ་དང་རོ་ཆུ་དང་།། མི་རོ་དང་ནི་རྟ་རོ་དང་།། རོ་ཕྱེད་དང་ནི་གཞོགས་ཕྱེད་དང་།། རོ་ཡི་ཕྲེང་བ་རོ་བརྩེགས་དང་།། བྲམ་དང་རུས་དང་རུས་པ་བྲུལ།། བྷན་དྷ་དང་ནི་རྒལ་ཚིགས་དང་།། དབང་པོ་རྐང་དང་རྒྱུ་མ་དང་།། ་ཤ་ཁྲག་ལ་སོགས་ཚིལ་བུ་དང་།། གོ་རོ་ཅན་ལ་སོགས་ཏེ།། གཞན་ཡང་རོ་ཡི་རྣམ་པ་ནི།། བྱེ་བ་ལ་སོགས་ཆར་དུ་དབབ།། ལྷན་ཅིག་འདུག་ནས་འདི་སྐད་བརྗོད།། ཧེ་ཧེ་དཔའ་བོ་འཇིགས་བྱེད་གདོང་།། བདག ་ཅག་རྣམས་ཀྱི་སྲོག་ཏིག་སྟེ།། དཔའ་བོ་ལྷ་རྗེས་བཞེས་སུ་གསོལ།། བདག་ཅག་རྣམས་ཀྱི་རང་ལས་ཀྱང་།། མཚལ་སྐལ་འདུལ་སྐལ་གང་ལགས་པ།། དཔའ་བོ་ལྷ་རྗེས་བཤད་དུ་གསོལ།། ཞེས་སྨྲས་པས། དེ་ནས ་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ་ཧཱུཾ་ང་ནི་དུས་གསུམ་གཤེགས་པ་རུ།། ཐམས་ཅད་མ་ལུས་འདུལ་བའི་བདག། ང་ཡི་བཀའ་རྣམས་ཁྱེད་ཀྱིས་ཉོན།། སེམས་ཅན་ཡོངས་ལ ་འཚེ་མ་བྱེད། ཁྱེད་ཅག་རྣམས་ཀྱི་རང་ལས་ནི།། སངས་རྒྱས་བསྟན་པ་འཇིག་པ་དང་།། ཆོས་སྐོར་འཇོམས་པའི་རུ་དྲ་རྣམས།། ཁྱེད་ཀྱི་འདུལ་སྐལ་ཟས་སྐལ་གྱིས།། ཞེས་བཀའ་སྩལ་ཏེ། བཀའ་གཞན་ཉན་པར་ཞལ ་གྱིས་བཞེས་ཏེ། རང་ངམ་རང་གིས་བཅས་སོ།། དེའི་ཚེ་དེའི་དུས་ན། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་གདན་ལས་བཞེངས་ཏེ། དམ་ཚིག་རྡོ་རྗེ་རྩེ་དགུ་པ་ཐུགས་ཀར་བཟུང་། པུས་མོ་གཡོན་པའི་ལྷ་ང་ས ་ལ་བཙུགས་ཏེ། ལེགས་ལེགས་སོ་སྟོན་པའི་འཁོར།། དེ་ལྟར་དུས་གསུམ་ཐམས་ཅད་དུ།། སེམས་ཅན་རྣམས་ལ་གནོད་པ་དང་།། འཇིག་རྟེན་ཁམས་སུ་སྦྱོར་ངན་མ་གཏོང་བར།། སྟོན་པའི་འཁོར་དུ་འདུས་ནས་ཀྱང་།། ་རང་རང་ཚུལ་བཞིན་སྒྲུབ་པ་དང་།། ལས་ཐབས་བྱ་བ་གང་ཡིན་པ།། ད་ལྟ་ཉིད་དུ་དབུལ་བ་གྱིས།། ཞེས་གསོལ་ཏོ།། རང་གི་གནས་སུ་འཁོད་པར་གྱུར་ཏོ།། དེ་ནས་དྲེགས་པ་ཅན་གྱི་འཁོར་རྣམས་ཀྱིས་འདི་སྐད ་ཅེས་གསོལ་ཏོ།། ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས།། བདག་ཅག་རང་རང་བསྲུང་བ་དང་།། ལས་དང་བྱ་བ་ཐམས་ཅད་ཀྱང་།། བྱམས་མགོན་ཆེན་པོ་ཉིད་ལ་འབུལ།། དཔའ་བོ་ལྷ་རྗེས་བཞེས་སུ་གསོལ།། ཞེས ་། གསོལ་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དགྱེས་པ་ཆེན་པོར་གྱུར་ཏོ།། ཞལ་འཛུམ་པ་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། བཀའ་ཡི་ཕྱོགས་སྐྱོང་གཤིན་རྗེ་དང་།། གདུག་བྱེད་ལྷ ་སྲིད་མང་པོ་རྣམས།། ཉོན་ཅིག་ཁྱོད་རྣམས་གུས་པར་ཉོན།། ངས་གསུངས་པ་ལ་སེམས་ཐུད་ཅིག། དེ་ལྟར་དུས་གསུམ་ཐམས་ཅད་དུ།། སེམས་ཅན་རྣམས་ལ་གནོད་པ་དང་།། འཇིག་རྟེན་ཁམས་སུ་སྦྱོར་ངན་མ ་གཏོང་བར།། ང་ཡི་དམ་ལས་མ་འདའ་ཞིག། འོན་ཀྱང་སེམས་ཅན་ཐམས་ཅད་ཀྱང་།། བདེ་ལ་ཁྱེད་ཀྱང་བདེ་བར་འགྱུར།། ཁྱོད་ཀྱི་ཟས་སྐལ་ལས་ཐམས་ཅད་ཀྱང་།། ལྔ་བརྒྱ་ཐ་མ་བྱུང་བ་དང་།། སངས་རྒྱས་བསྟན ་པ་མི་གནས་ཤིང་།། ཆོས་ཉིད་བདེན་པས་མི་འདུལ་ཏེ།། བསྟན་པ་ཐམས་ཅད་ནུབ་པ་དང་།། ལས་ངན་མཚམས་མེད་བྱེད་པ་དང་།། ཟས་ངན་གཅི་བ་ཟ་བ་དང་།། གོས་ངན་དུག་རུལ་གོན་པ་དང་།། མ་བཤིན ་བསྟན་པ་བྱུང་བ་དང་།། མུ་སྟེགས་བསྟན་པ་དར་བའི་ཚེ།། ཁྱོད་ཀྱི་ཟས་སྐལ་ལས་ཐབས་ཀྱང་།། དུས་དེར་འབྱུང་བ་ངས་བཤད་ཀྱིས།། ང་ཡི་དམ་ལས་མ་འདའ་ཞིག། ཅེས་གསུངས་སོ།། དཔལ་ཟླ་གསང་ནག་པོའི ་རྒྱུད་ལས། གླེང་བསླང་བའི་སྐབས་ཏེ་གཉིས་པའོ།། དེ་ནས་ཡང་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས་ཐམས་ཅད་ཞི་བར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་ལ་ཕྲིན་ལས་བཞིའི་སྒྲུབ་ཐབས་འདི་ཕུལ་ལོ།། རབ་ཏུ ་དཀར་བའི་ཡུལ་དག་ལ།། མགུ་བའི་སེམས་དང་ལྡན་བྱས་ཏེ།། དད་པས་མགུ་བའི་ལས་བྱ་ཞེས།། གཤིན་རྗེ་གཤེད་པོ་ཉིད་ལ་ཕུལ།། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ་ཐམས་ཅད་ཞི་བར་བྱ་ཕྱིར་དུ།། ས་གཞི་གནས་དང་རི་བྲག་མཁར།། ཟླུམ་ལ་ཉམས་དགའ་བཀྲ་ཤིས་གནས།། ཞི་བ་ལས་ཀྱི་དཀྱིལ་འཁོར་ནི།། ཟླུམ་པོ་དཀར་པོའི་དཀྱིལ་འཁོར་བྲི།། ལྟེ་བར་བཅས་པའི་རྩིབས ་བརྒྱད་པ།། མཁས་པས་བསྒྲིམས་ཏེ་བྲི་བར་བྱ།། དཀར་དང་ལྡན་པའི་ཟླ་བ་ལ།། གཅིག་དང་གསུམ་ནས་མགོ་བཙུགས་ནས། ཁམས་གསུམ་རབ་ཏུ་མགུ་བྱ་ཞིང་།། ཉམས་སུ་ལེན་པར་བྱས་ལ་སྒྲུབས།། དབུས་སུ ་ཡེ་ཤེས་བདག་པོ་ལ།། ཤར་དུ་ནག་འཇོམས་ཆེན་པོ་སྟེ།། ལྷོ་རུ་ཡ་བ་ཏི་ཞེས་བྱ།། ནུབ་ཏུ་ཁྲོ་བོ་རྨིག་པ་ལ།། བྱང་དུ་བདུད་འཇོམས་དགོད་པར་བྱ།། ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་།། བྱང་ཤར་མཚམས་སུ་དགོད་པ ་ནི།། གླང་མགོ་ཀོང་རྩེ་གཅོད་སྦྱོང་རྗེ།། ལས་གྲུབ་བརྒྱད་དེ་གོ་རིམ་བཞིན།། སྟེང་འོག་དམར་པོ་ནག་འཇོམས་གཉིས།། ཡབ་ཡུམ་གཉིས་མེད་བསྒྲིགས་ཏེ་དགོད།། ཟླ་གམ་གསུམ་ལ་མ་མོ་གསུམ།། སྒོ་བཞིར་སྒོ ་སྲུང་མ་རྣམས་བྲི།། དེ་ནི་ཡུམ་དང་བཅས་པ་རྣམས།། ཁྲོ་བོ་ཡབ་དང་སྐུ་མཐུན་པའོ།། སེམས་དཔའི་འདུག་སྟངས་གནས་བྱས་ལ།། སྒེག་མོ་གཡོན་དུ་རྟེན་བྱས་ལ།། སྔགས་གཡོག་མཛེས་པར་ཚོགས་བྱས་ལ།། ་། དགུག་པའི་ཕྲིན་ལས་བརྩམ་པར་བྱ།། སྐེ་ཚེ་ཐལ་བ་རུས་པ་ལ།། འཛམ་པ་ལི་ཡི་གཟུགས་ལྟ་བུར།། བྱས་པའི་སྙིང་ཁར་བྲི་བ་ནི།། ཨ་མ་པ་ལ་སིདྡྷི་འམ།། གང་འདོད་པ་ཡི་ཡི་གེ་དེ།། ཕཊ་དང་སྭ་ཧཱས ་བརྡའ་སྦྱར་བྱ།། མིང་བྱང་གོང་ལྟར་བྲིས་བྱས་ལ།། གོང་ལྟར་འཇམ་པ་བཞིན་དུ་བཞག། དེ་ལ་འདི་ཡང་རབ་ཏུ་བརྗོད།། ཨོཾ་ཨ་ཀྲོ་བཛྲ་ཤིནྟ་ན་ག་བཛྲ་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་བཛྲ་ཤིཎྜ་པ་ལ་བྷྲཱུཾ། ཞེས་བརྗོད་ནས་སྙིང ་ཁར་རྒྱབ་ན། ཐམས་ཅད་མགུ་ནས་དང་བའི་སེམས་ཀྱིས་ཞི་བར་འགྱུར་རོ།། དེ་ནས་ཞི་བའི་ལས་བྱ་བ་ཟིན་ནས། ཕྱོགས་བཅུའི་གདུག་པ་ཐམས་ཅད་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ་མེད་པས་ལས་གྲུབ་པ ་ཡིན་ནོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་ཞི་བར་སྒྲུབ་པའི་སྐབས་ཏེ་གསུམ་པའོ།། །། དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་རྒྱས་པའི་བསྒྲུབ་ཐབས་འདི།། ཐམས ་ཅད་རྒྱས་པར་བྱ་བའི་ཕྱིར་དུ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ། ཕྲིན་ལས་རྒྱས་པའི་སྒྲུབ་ཐབས་ཕུལ།། རབ་ཏུ་སེར་ཞིང་གསེར་ལས་གྲུབ།། བཙོ་མ་འདྲ་བའི་དབྱིབས་ཅན་ལ།། དཔལ་རྒྱས་སེམས་དང ་ལྡན་བྱས་ཏེ།། རྒྱས་པར་བྱ་བའི་སེམས་ཀྱི་སུ།། རྒྱལ་བའི་སྒྲུབ་ཐབས་བཤད་པར་མཛོད།། ཞེས་གཤིན་རྗེ་གཤེད་ལ་ཕུལ། གཤིན་རྗེ་གཤེད་པོས་འདི་སྐད་བརྗོད།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཐམས་ཅད ་རྒྱས་པར་བྱ་ཕྱིར་དུ།། ས་གཞི་གནས་དང་རི་བྲག་སེར།། གྲུ་བཞི་ཁོད་སྙོམས་བཙོ་མ་འདྲ།། རྒྱས་པར་བྱ་བའི་སེམས་ཀྱིས་སུ།། དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ།། ལྡོང་རོས་ཆག་ཆག་གདབ་བྱ་སྟེ།། རྣལ་འབྱོར་དམ ་པ་བློ་ལྡན་ངེས།། ཐིག་གིས་གདབ་པར་རབ་ཏུ་བརྩམས།། གསེར་ལས་གྲུབ་པའི་ཐིག་སྐུད་ལ།། དཔའ་དང་གཟི་མདངས་བསོད་ནམས་ཚོགས།། འཕེལ་ཞིང་རྒྱས་པའི་སེམས་དང་བཅས།། སློབ་མ་དམ་པ་ལས ་གྲུབ་པར།། བསམ་ལ་ཐིག་ནི་གདབ་པར་བྱ།། ཕོ་བྲང་གསེར་ལ་རྩེ་མོ་གཡུ།། རྡོ་རྗེ་རྩིག་པ་གསེར་ལས་གྲུབ།། གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ།། རྣལ་འབྱོར་སྔགས་ལ་བློ་ལྡན་པས།། ཐིག་བཞི་བཞི་ཆ་བརྒྱད་དུ ་འགྱུར།། མཐའ་ནས་ཐིག་བཏབ་མན་ངག་ཅན།། དེ་ལ་སོགས་པ་བསམ་པར་བྱ།། རིན་ཆེན་དཀྱིལ་ཀྲུང་འདུག་བྱས་ལ།། རིན་ཆེན་རིགས་ཀྱིས་དངོས་སུ་བལྟས།། དབུས་སུ་གསང་སྔགས་བདག་པོ་སྟེ།། ཕྱོགས ་། ཕྱོགས་སྒོ་བ་དམ་པ་རྣམས།། སྔ་མ་བཞིན་དུ་བསྒོམས་པས་ཀྱང་།། རང་སྔགས་སྐྱེས་བུ་དེས་སྐྱེད་དོ།། ཨོཾ་ཨ་ཀྲོ་ཏེ་པུས་ཏིང་པ་ལ་ཧཱུཾ། ཨོཾ་ཨ་ཀྲོ་པུཥྚིང་སྟི་བ་ན་སྙོམ། ཞེས་བདག་པོ་ཡབ་ཡུམ་ལ་འཁོར་བཅས་འབྲུ་རེ ་བ་ལ་བསམས།། རང་རང་སྐྱེད་པ་དམ་པ་སྟེ།། སྔགས་དང་ལྡན་པའི་ཏིང་འཛིན་བསམ།། བཞུགས་དང་བསྟོད་དང་མཆོད་པ་དང་།། ཕྱག་བྱེད་པ་ལ་སོགས་པ་ཡི།། ལས་ཀྱི་བྱ་བ་མ་ལུས་པ།། ཐམས་ཅད་མ་ལུས ་། ཚང་བར་བྱ།། སྐེད་དང་སྒྲུབ་པའི་འབྲས་བུར་ནི།། རྒྱས་པ་བསྙེན་ཏེ་ཟག་མི་རིང་།། རབ་འགྲུབ་འབྲས་བུ་དེ་ལ་སོགས།། ཕྱོགས་དུས་ཀུན་ནས་གང་གཤེགས་པའི།། དངོས་གྲུབ་དམ་པ་རབ་སྟེར་ཞེས།། ་འདྲེན་པ་དཔའ་བོས་ཡང་དག་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། དཀྱིལ་འཁོར་སྔ་མ་བཞིན་བྱས་ནས།། ས་ཞག་གསེར་ལས་གྲུབ་པ་ལས།། གཟུགས་ནི་དམ་པ་རབ་ཏུ་བྱ།། ཕྱི་སྐན་གན་རྐྱལ་མནན་བྱས ་ནས།། ནང་ཧཱུཾ་པུཥྚི་ཨ་ཡུ་ཥེ་སྭཱ་ཧཱ།། སྙིང་ཁར་བྲིས་ནས་བརྗོད་བྱ་བ།། སྙིང་པོ་སྔགས་ཀྱི་དམ་པ་སྟེ།། བླ་མེད་དམ་པས་རབ་ཏུ་བཤད།། ཨོཾ་བཛྲ་པུཥྚི་ཨ་ཡུ་བ་ཤམ་ཤྲི་པུཥྚི་སྭཱ་ཧཱ། ཞེས་བརྗོད་ན། ཐམས་ཅད་རྒྱས ་པར་འགྱུར་རོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་སྐབས་ཏེ་བཞི་པའོ།། །། དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཕྲིན་ལས་དབང་གིས་སྒྲུབ་ཐབས་འདི། འཇིག་བྱེད ་གཤིན་རྗེ་གཤེད་ལ་ཕུལ།། རབ་ཏུ་དམར་ཞིང་ཟངས་ལས་གྲུབ།། ཟངས་ལས་འབྲེལ་བའི་ཡུལ་དག་ལ།། རང་དབང་མེད་པར་བསྡུས་ནས་ནི།། འདུ་བའི་སེམས་དང་ལྡན་བྱས་ཏེ།། དབང་གི་དཀྱིལ་འཁོར་བཤད ་པར་མཛོད།། ཞེས་པ་གཤིན་རྗེ་གཤེད་ལ་དབུལ།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། ཉོན་ཅིག་ཟུང་ཅིག་རྡོ་རྗེ་འཛིན།། ཐམས་ཅད་དབང་དུ་བསྡུ་ཕྱིར་དུ།། ཟངས་སམ་དམར་པོའི་ས་བདག་ལ།། དཀྱིལ ་འཁོར་སྔ་མ་དག་དང་མཚུངས།། ལེགས་པར་ཁོད་སྙོམས་ཟིན་པ་དང་།། ཐིག་ནི་རབ་ཏུ་གདབ་པར་བྱ།། ལྟེ་བ་ཅན་གྱི་རྩིབས་བརྒྱད་པ།། ཀུན་ཏུ་ཟླ་གམ་དབང་གིས་མཛེས།། ལྟེ་དབུས་གཞུ་བཟུང་བྲིས་བྱས་ནས།། ་དེ་སྟེང་བདག་པོ་དམ་པ་བཞག། ཐམས་ཅད་མ་ལུས་མཆོག་ཏུ་དགུང་།། ཅི་ལ་བྱ་ཡང་ཐོག་ཆགས་མེད།། ཞེས་ནི་ཡང་དག་བླ་མེད་དེས།། བཤད་པར་བྱ་སྟེ་རབ་ཏུ་བསྟན།། གཞན་ཡང་རབ་ཏུ་བཤད་བྱ་བ།། སེམས ་ཀྱི་དཀྱིལ་འཁོར་དམ་པ་དེ།། བླ་མེད་ཡང་དག་ངེས་པའི་ལམ།། སངས་རྒྱས་བྱང་ཆུབ་ལ་སོགས་རྣམས།། གཞུང་ལས་འབྱུང་བའི་ཚིག་དོན་རྣམས།། མ་ནོར་གསུངས་པ་ཇི་བཞིན་དུ།། བསྒྲུབ་ན་འགྲུབ་པར་བཤད ་པའོ།། དེ་དག་འགུགས་པར་གྱུར་པ་ན།། ཕལ་པ་གཞན་ལྟ་སྨོས་ཅི་དགོས།། བསྡུ་དང་འདྲེན་པ་བྱང་ཆུབ་ལམ།། འདི་དག་གོ་འཕང་ཐོབ་པའི་ཕྱིར།། ཉུངས་ཀར་རྐང་རྗེས་ས་འམ་གཞན། ཁྲག་གསུམ་ཐལ་ཆེན ་བསྲེས་བྱས་ལ།། ག་འུའི་ནང་དུ་བླུགས་བྱས་ལ།། གའུ་གཉིས་ནི་ཁ་སྦྱར་ལ།། སྐུད་པ་དམར་པོ་ཟངས་ལ་སོགས།། བཅིངས་ནས་བསྡམས་ཏེ་དམ་དཀྲིས་བྱས།། དཀྱིལ་འཁོར་གྱི་ནི་ཐོག་ཏུ་བཞག། ཉུངས་ཀར ་ཟངས་གཉིས་བསྲེས་བྱས་ཏེ།། དུད་པས་གའུ་དེ་ལ་བདུག། དེ་ལ་བདུག་པར་གྱུར་པ་དང་།། བཟླས་པའི་སྙིང་པོ་བརྗོད་བྱས་ཤིང་།། ལན་གྲངས་ཁྲི་ཚོ་དུ་མ་རུ།། བརྗོད་ནས་སངས་རྒྱས་ལ་སོགས་རྣམས།། འགུག ་། པར་གྱུར་ན་ཕལ་པ་གཞན།། སྨོས་ཅི་དགོས་ཏེ་ངེས་པར་འགུགས།། ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲི་པ་ཤ་མ་ཨ་ཧོ་སརྦ་ཏི་ལ་བྷྱཱཾ། ལན་གྲངས་མང་དུ་བརྗོད་བྱས་ནས།། ཇི་ལྟར་བསམ་པ་ཐམས་ཅད་འགུགས།། ་རྒྱ་ཤུག་བཀྲུས་པའི་ཁུ་བ་དང་།། མིའི་ལག་པའི་ཁུ་བ་གཉིས།། སྔ་མ་བཞིན་དུ་འགུགས་བྱས་ནས།། འགུག་པར་འགྱུར་ཞེས་དཔའ་བོས་བཤད།། ཡང་ན་རང་གི་ལག་བརྐྱང་དུ།། ཞེས་གསུངས་པས།། ཐམས་ཅད ་མ་ལུས་དབང་དུ་བསྡུས་པས་དཔེར་ན་ཕྱོགས་ཐམས་ཅད་ནས། མཚོ་ལ་སྦྲང་མ་འདུས་པ་བཞིན་དུ་འདུས་ཏེ། བདག་གི་དབང་དུ་གང་ལ་བྱ་བ་དེ་འགྱུར་རོ།། ཞེས་པ་གཤིན་རྗེ་གཤེད་པོས་གསུངས་སོ།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས་ཐམས་ཅད་དབང་དུ་སྡུད་པའི་སྐབས་ཏེ་ལྔ་པའོ།། །། དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་དྲག་པོ་སྒྲུབ་ཐབས་འདི།། འཇིགས་བྱེད་གཤིན་རྗེ་གཤེད་ལ ་ཕུལ།། རབ་ཏུ་གནས་ཤིང་གནམ་ལྕགས་འདྲ།། མོན་ནག་སོག་པོ་ཁྲོས་པ་འམ།། སྲིན་མོ་མདུང་སོ་གཤིབས་པ་འདྲ། ཁྲོ་བོ་ཆེན་པོའི་ཚུལ་ཅན་གྱིས།། གདུག་པའི་སེམས་དང་ལྡན་བྱས་ཏེ།། དྲག་པོའི་དཀྱིལ་འཁོར ་བཤད་པར་མཛོད།། ཅེས་པ་གཤིན་རྗེ་གཤེད་ལ་ཕུལ།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། ཁྲོ་བོའི་ཚོགས་ཀྱིས་འདུལ་མཛད་དེ།། རང ་བཞིན་མཐུ་ཅན་འདི་བརྗོད་དོ།། འགྱུར་མེད་ཡེ་ཤེས་དཀྱིལ་འཁོར་ནི།། དཀྱིལ་འཁོར་སྔ་མ་བཞིན་བྱས་ལ།། བདག་ཉིད་ཁྲོ་བོ་ཆེན་པོ་སྟེ།། ཡུམ་ཡང་དེ་བཞིན་དེ་འདིའོ།། ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས།། ་ཐབས་དང་ཤེས་རབ་འཕྲོ་འདུ་བྱུང་།། ཐབས་དང་ཤེས་རབ་འཕྲོ་འདུ་ལས།། ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས།། དེ་ནི་ལས་ཀྱི་ཐིག་ཅེས་བྱ།། ཐིག་བཞི་བཏབ་པས་ལིང་ཚེ་དགུ། འཁོར་ལོ་རྩིབས་བཞི་མུ་ཁྱུད ་བཅས།། ཀུན་ཏུ་སྒོ་བཞི་གྲུ་ཆད་ཅན། ཁྲུ་ཚད་ལྡན་ཏེ་དུར་ཁྲོད་བརྒྱན།། མཛེས་པས་བྲིས་ཏེ་གཞན་དུ་མིན།། རྟེན་པའི་ལྷ་རྟེན་སྔ་མ་བཞིན།། སྐྱེད་པའི་སྔགས་འདི་བརྗོད་བྱས་པས།། བདག་དང་འདྲ་བ་སྐྱེད་པར་བྱ།། ་ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ། བཛྲ་བེ་ཏ་ལི་རཀྵ་མན། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཛ་ཧཱུཾཿབཾ་ཧོ། བྷྱོ་བྷྱོ་བྷྱོ་ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱིས་ཁམས་འདི་དག་གཡོས་སོ།། ་རབ་ཏུ་ཀུན་ཏུ་གཡོས་སོ།། རབ་ཏུ་ཀུན་ཏུ་ལྡོག་གོ། རབ་ཏུ་ཀུན་ཏུ་འུར་ཆེམ་མོ།། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ། འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་གྱུར་ཏོ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེའི་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རབ་ཏུ་གསུང་གིས་གསང་བ། སྔགས་པ་གསུང་བར་བདག་ཅག་སྒྲོ་ལགས་སོ།། འཇིག་རྟེན་དུ་མཐུ་ཆེ་བ་འདི་ལྟ་བུ་ལ་བདག་ཞུ་བ ་ལགས་སོ།། བཅོམ་ལྡན་འདས་རང་བཞིན་གྱིས་ཁྲོ་བར་མཛད་པ་དེ་ལ། བདག་དང་སེམས་ཅན་ཐམས་ཅད་མང་དུ་ཞུ་བར་འཚལ་བར་ལགས་སོ།། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་འདུལ་བར་མཛད་པ ་དེས། འདི་སྐད་ཅེས་གསུངས་སོ།། ཨོཾ་ཤྲ་པ་ར་ཡ་ཁ་འགུ་ཡ་སརྦ་ཏ་ཀི་བཛྲ་ཀ་ལ་རུ་པ་མ་ར་ན་ཕཊ། ཅེས་གསུངས་པས། འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་པ་ཐམས་ཅད་བརྟུལ་ནས། འདི་སྐད ་ཅེས་གསུངས་སོ།། ཕྱོགས་བཅུའི་འཇིག་རྟེན་གང་ན་ཡང་།། གསུང་དུ་མེད་པའི་ཆོས་ཉིད་ལ།། རང་སེམས་འཕྲོ་འདུར་གྱུར་པ་ལས།། ཕྱོགས་བཅུར་གསུངས་པ་དེ་དག་ཡིན།། ཞེས་གསུངས་སོ།། དཔལ་ཟླ ་གསང་ནག་པོའི་རྒྱུད་ལས། དྲག་པོ་སྒྲུབ་སྟེ་ཐམས་ཅད་བཏུལ་ནས། ཆོ་འཕྲུལ་བསྟན་པའི་སྐབས་ཏེ་དྲུག་པའོ།། །། དེ་ནས་ནན་ཏན་བསྐྱེད་བྱས་ཏེ།། འཇིག་རྟེན་གཤེད་པོ་དྲག་པོའི་ཚམ་རྔམ་བཤད་པར་བྱ།། ་འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན།། ཚམ་རྔམ་གློག་ལྟར་འགྱུ་བ་ལས།། ངོ་མཚར་ཡ་མཚན་བསྒྲག་པར་བྱ།། ཨེ་མ་ཧོ། ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས།། ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས།། ་རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི།། རྟག་པར་སྒོམས་ཏེ་དེ་བཞིན་གཤེགས་པར་བྱ།། རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི།། གཟུགས་དང་འདོད་པའི་འབྲས་བུ་གང་འདོད་སྒྲུབ་པའོ།། མི་དགེ་བཅུ ་དང་ལྡན་པའི་རྣམ་པར་ཤེས་པ་དེས་བྱས་ཏེ།། སྔགས་དང་ཕྱག་རྒྱ་རྫས་རྣམས་དང་།། ག་འུ་པདྨ་དམ་པ་དང་། ཁཾ་ས་རྫ་ཡི་འཇིམ་པ་ནི། ཁྲག་སྣ་གསུམ་དང་གྷི་ཝང་ངོ་།། དེ་དག་ཕྲིན་ལས་མཆོག་ཡིན་ཏེ།། འགྲུབ ་པར་འགྱུར་བར་གདོན་མི་ཟ།། བླ་མེད་དཔའ་བོས་ཡང་དག་གསུངས།། ཕྱོགས་བཅུར་གདུག་པ་མ་ལུས་པ།། འདུལ་བར་འགྱུར་བ་ཐེ་ཚོམ་མེད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྐབས་ཏེ་བདུན ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། འགལ་བ་ཆམ་ལ་འབེབས་འདོད་ན།། དུར་ཁྲོད་ལུང་དང་མཐུན་པ་རུ།། དགོན་པ་ལྟ་བུར་སོང་ནས་ནི།། ཐོག་མར ་བསོད་ནམས་ཚོགས་ཀྱང་བསགས།། ཕྱི་བཤགས་འབུམ་ལ་སོགས་པ་འདོན།། ཚ་ཚ་ཉེ་འདོན་ལ་སོགས་བྱ།། ཡེ་ཤེས་སེམས་དཔའ་སྒོམ་པ་བྱ།། ཝ་གི་ཤྭ་རི་འབུམ་དྲུག་འདོན།། འཇམ་དཔལ་མཚན་ནི་ཡང་དག ་པ།། རྟག་ཏུ་འདོན་པར་དམ་ཡང་བཅའ།། གྲུབ་པའི་ཉི་མ་གང་ཡིན་པ།། བསོད་ནམས་ཚོགས་ནི་ཅི་ནུས་བསགས།། དེ་ནས་དྲག་པོ་བྱེད་འདོད་ན།། ཟ་ཆུང་བཞི་ཡི་མར་ངོ་ལ།། མཎྜལ་གཙང་མའི་དྲིས་བྱུག་ལ། ་དཀའ་ཐུབ་དྲག་པོའི་སྡོམ་པ་བྱ།། ཀུ་ཤའི་སྟན་ལ་འདུག་ནས་ནི།། མགོ་བོ་རྨ་བྱ་བཞིན་དུ་དགུག། རུ་རཀྵ་ཡི་ཕྲེང་བ་བགྲང་།། མགོན་པོ་ཉིད་ལ་གུས་བྱས་ཏེ།། སྔོན་དུ་འགྲོ་བའི་བསྙེན་པ་ནི།། ཡི་གེ་བཅུ་བདུན ་ནུས་ཐང་གིས།། དྲུག་འབུམ་དག་ཏུ་བཟླས་པ་བྱ།། དེ་ནི་བསྙེན་པ་དང་པོ་ཡིན།། ཕྱིས་ནི་རི་རབ་རྩེ་མོ་ལ།། སུམ་འབུམ་དག་ཏུ་བཟླས་པ་བྱ།། དེ་ནི་བསྙེན་པ་གཉིས་པ་ཡིན།། དེ་ནས་དཀྱིལ་འཁོར ་གཙང་མའི་སྟེང་། ཁྲིའུ་དཀྱིལ་འཁོར་སྟེང་དུ་ནི།། འཇམ་དཔལ་སྐུ་གཟུགས་རི་མོ་ལ།། བཞུགས་པའི་སྤྱན་སྔར་ཉིས་འབུམ་ཟླས།། དེ་ནི་བསྙེན་པ་གསུམ་པ་སྟེ།། བྱེ་བ་གཅིག་འབུམ་ཐོན་པ་དང་།། མེ་ཏོག་ལ ་སོགས་མཆོད་པ་བྱ།། ཕྱི་ནང་གིས་ནི་མཆོད་པས་མཆོད།། བསྟོད་པ་ལ་སོགས་ཅི་རིགས་བྱ།། བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་།། འཇམ་དཔལ་སྐུ་ནི་ཞལ་འཛུམ་མམ།། རྟགས་ནི་བཟང་པོ་བྱུང་བ་དང་།། ་དངོས་གྲུབ་ལ་སོགས་བླང་བར་བྱ།། དེ་ནས་དྲག་པོའི་སྦྱོར་ལ་འཇུག། དུར་ཁྲོད་མ་ལ་ཡར་སོང་ལ།། མི་སྨྲ་རོ་ཆས་རས་བླངས་ཏེ། ཁྲག་ཆེན་དུག་ཏུ་སྦྱར་བར་བྱ། ཁྲག་སྣ་ཚོགས་ཀྱི་ཁུ་བས་བཀྲུ།། བཙིར་ལ་ཐལ ་ཆེན་ས་ཀར་གྱིས།། མདོག་བསྒྱུར་ཕུལ་བཞིར་སྦྱངས་ཏེ་སྐམ།། ཟླ་བ་ནག་པོའི་ཚེས་དྲུག་ནས།། རྩབས་ཏེ་ཕྱི་གཏོར་ལ་སོགས་བཏང་།། ཐོ་གཟུགས་དཔང་གཟུགས་གསེར་སྐྱེམས་བཏང་།། སྲིད་པའི་ལྷ་སྲིད་སྡེ ་བརྒྱད་ལ།། བདེན་བདར་རྒྱབ་རྟེན་མ་བྱེད་སྒོ། ཁྲམ་དམར་བཏབ་ལ་ཁྲམ་ནག་ལ།། གཤིན་རྗེ་གཤེད་ཀྱི་དྲག་སྔགས་བསྒྲངས།། ཤོ་རྔེ་དཀར་ནག་བརྡེག་པར་བྱའོ།། བསྙེན་པའི་སྙིང་པོ་ཧྲིཥྚི་བཟླས།། ཟླ་བ་ནག ་པོའི་ཚེས་དྲུག་ནི།། ཉི་ཤུ་གཅིག་ནས་དབུ་བཙུགས་ནས།། ཉི་ཤུ་དྲུག་གི་ཚུན་ཆད་དུ།། ནུས་ཟད་དུ་ནི་བཟླས་པ་བཏང་།། ཨོཾ་ཧྲི་ཊི་ཝི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། ཉིན་ཕྱེད་ཚུན་ཆད་བཟླས་པ ་བྱ།། མཆོག་དང་བསྟོད་པ་ལ་སོགས་བྱ།། རྒྱངས་པའི་རས་དེ་བླངས་ནས་སུ།། གཞན་མེད་སོལ་བ་ཐལ་བ་གཉིས།། ཀ་ན་ཀ་ཡི་ཁུ་བ་དང་།། སྲ་རྩི་སོགས་དང་དུག་སྣ་ཚོགས།། ཏིལ་དང་ཉུངས་ཀར་མར་ཁུ་དང་།། ་རང་གི་སྲིན་ལག་ཁྲག་དང་ནི།། རྙེད་ན་ཕྱི་སར་ཁྲག་དང་ནི།། སྐེ་ཚེ་ཙནྡ་ས་དཀར་དང་།། རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲི།། མ་ར་གཤིན་རྗེའི་ལྟོ་བར་གཞུག། དབང་ནི་ཆུང་མའི་སྙིང་ཁར་བྱ།། ཞི་བ་ཙནྡའི་དབུས ་སུ་བྱ།། རྒྱས་པར་འདོད་ན་གླང་པོ་སོགས།། དབྱེ་འདོད་རྟ་དང་མ་ཧེ་འཕོངས།། སྒང་འདོད་ར་མོའི་འཕོངས་སུ་སྐྱོན།། ལྐུག་པ་ལུག་གི་ཁོང་པར་བྱ།། མནན་པ་རི་རབ་འོག་ཏུ་བྱ།། སོ་སོའི་རྫས་དང་ལས་རྣམས་ནི།། ་རིག་པ་ཅན་གྱིས་ཤེས་པར་བྱ།། གཤིན་རྗེ་ཟླ་གསང་ནག་པོ་ནི།། ཟླ་ལ་གསང་བར་གདམས་པ་ཡིན།། ཕྲིན་ལས་བྱ་བའི་རིམ་པ་ནི།། གསང་བའི་ལས་རྣམས་ཤེས་པར་བྱ།། འཁོར་ལོ་བཅའ་བའི་རིམ་པ་ནི།། ་བརྒྱངས་པའི་རས་ལ་དུག་བྱུག་ལ།། མཎྜལ་ཟླུམ་པོ་ཟང་ཕྲོམ་དང་། ཁ་ཤོག་དུག་སྣ་ཚོགས་རྣམས་ལ།། རང་གི་སྲིན་ལག་ཁྲག་དང་སྦྱར།། སྣག་ཚ་བྱས་ལ་བྲི་བར་བྱ།། སྨྱུག་གུ་བྱ་རོག་འུག་པའི་སྒྲོསྒོ།། མི་གྲིར་ཤི ་། བའི་སྒྲ་ལའང་།། པི་ར་ལ་སོགས་པར་བྱ་བར་གསུངས།། སྒོ་རྩར་སྐུད་པ་སྔོན་དམར་བཅིངས།། འཁོར་ལོ་བྲི་བའི་རིམ་པ་ཡང་།། གསང་བའི་ལས་སུ་ཤེས་པར་བྱའོ།། འཁོར་ལོ་བྲིས་ནས་སྨོན་ལམ ་གདབ།། རང་གི་ཨ་མྲྀ་ཏ་ལ་སོགས།། མཆོད་ཅིང་བསྟོད་པ་ལ་སོགས་བྱ།། བདག་ཉིད་ཡ་མན་ཏ་ཀ་སྒོམས།། སྐུ་མཆོག་སྟག་ཟིལ་ནག་པོ་འདྲ།། ཆུ་གླང་ནག་པོ་སྤྲིན་དང་འདྲ། ཁམ་ནག་རལ་པ་གྱེན་དུ་རྗེས་སྨ་ར ་ཁམ་པ་སྨིན་མ་སེར།། གློག་འགྱུ་སྨིན་མ་ཞལ་བགྲད་པ།། ལྗགས་འདྲིལ་ཚེམས་ཚིག་གསུས་ཁྱིམ་ཆེ།། ལུས་དང་ཡན་ལག་སྦྲུལ་གྱིས་དཀྲིས།། རོ་ཉེའི་ཁ་ནས་འཛབ་ཀྱང་ཟློས།། གདུག་པའི་མཚོན་ཆ་སྣ་ཚོགས ་འཛིན།། དེ་ལྟ་བུ་རུ་བདག་ཉིད་བསྒོམ།། མཁས་པས་རང་གིས་རིག་པ་ཡིས།། ཐོད་པ་འོག་མའི་ཁྲི་སྟེང་ངམ།། ཟ་མ་ཏོག་གི་སྟེང་དུ་བཞག། སྟེང་མའི་ཐོད་པ་ཉུག་མ་ལ།། སྔོན་དམར་རྒྱངས་ལ་ཡས་མར་དགབ།། ་ཉི་ཤུ་བདུན་གྱི་སྔ་གྲོ་ལ།། ཉི་མ་རི་རབ་རྩེ་ཤར་ལ།། སྟག་ལྤགས་བསྒོ་ཞིང་བགྲོད་དཀར་འགྲོ།། རུ་རཀྵ་ཡི་ཕྲེང་བས་བགྲང་།། དབྱུག་ཟོ་ཐོགས་ལ་ལྡིག་འཛུབ་སྦྲེང་།། ཕྱག་ཀྱང་མི་བཙལ་ལམ་མི་བཟུར།། ཕྲད་ན ་གང་ཡིན་བརླག་པར་བྱེད།། སྒྲ་བཅད་བྱས་ཏེ་ཁྲི་ཁྲི་བཟླས།། རྣལ་འབྱོར་ནང་ལ་གཏམ་ཟེར་ན།། ལག་པའི་བརྡ་ཡིས་བརྡ་བར་བྱ།། སྐོམ་དང་ཟ་བ་འདོད་པའི་ཚེ།། ལག་པའི་བརྡ་ཡིས་བླང་བར་བྱ།། སྨྲས་ན་རྣལ ་འབྱོར་རང་དོན་ཟད།། དེ་ཡི་ཕྱིར་ན་ལག་བརྡ་བྱ།། དེ་ཡི་ཚེ་ན་འདི་ཡང་གདོན།། ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། རྩེ་ནས་དམར་ཟག་ཆད་བར་དུ། ཁྲི་ཁྲི་བཟླས་པ་བྱ་བ་ཡིན།། དམར་ཟག་ཆད་ནས ་སྔགས་མཇུག་བཅད།། ཕུར་བུ་གདབ་དང་ཡུངས་ཀར་བརྡེག། ཕོ་ཉ་བཅོལ་བསྐུལ་དྲག་ཏུ་བྱ།། མ་ཉེས་དཔང་གཟུགས་ཆོ་ངེས་གདབ།། ཉིན་གཉིས་པ་ལ་འདི་ཡང་འདོན།། ཡ་མེ་ཏོག་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་རཀྟ་ཙ ་ར་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་མཇུག་བཅད།། ལས་ཀྱི་རིམ་པ་གོང་དང་འདྲ།། གསུམ་པ་དག་ལ་འདི་ཡང་བཟླས།། ཡ་ར་ཡོ་ནི་ར་ཡཀྵ་ཡ་ཨ་མུ་ཀ་མུར་ཙ་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་འཇུག ་བཅད།། ལས་ཀྱི་རིམ་པ་གོང་དང་འདྲ།། ཉི་མ་བཞི་ལ་འདི་ཡང་གདོན།། ཡཀྵེ་ཡ་ཙ་ནི་མཱ་ར་ཆེ་གེ་མོ་ཞིག་མཱ་ར་ཡ་ཧཱུཾ་ཕཊ། དུས་ནི་འབྲུག་སྒྲ་ཚུས་མས་གདབ།། གདགས་ཡིག་ཉི་ཤུ་རྩ་ལྔ་ནི།། མནན་པའི་འཁོར ་ལོར་གཞུག་པར་བྱ།། མནན་པའི་གཟུགས་ནི་རི་རབ་བྲི།། ཐོད་པ་རབས་ཆད་ནག་པོ་འམ།། འདི་དག་གླེན་པ་བཀྲ་མི་ཤིས།། ནང་དུ་བཅུག་ལ་རེ་བས་དྲིལ།། ལྷ་ཁང་ཐེམ་པའི་འོག་དག་གམ།། རོ་ཁུང་དུར་ཁྲོད ་དག་ཏུ་མནན།། གཏད་པ་གཤིན་རྗེ་ཉིད་ལ་སྟེ།། དངོས་ནི་རལ་པ་ཚལ་དགུ་ལའོ།། རྒྱ་མཚོ་ཆེན་པོའི་འོག་ཏུ་མནན།། མནན་པའི་ལྷ་ནི་ཚར་དགུ་སྟེ།། ཆུ་ནག་ཟླ་བའི་གཟུགས་ཅན་ལ།། མ་ཧེ་ནག་པོ་དག་ལ་ཞོན།། ་གཤིན་རྗེ་དབྱུག་པ་ནག་པོ་ཐོགས།། དེ་ལྟ་བུ་ཡི་དངོས་པོ་ལ།། བདག་གིས་རལ་གྲིའི་ཕྱག་རྒྱ་བཅས།། ས་གཞི་རིན་པོ་ཆེ་བཤགས་ནས།། གཤིན་རྗེ་ནག་པོའི་ལག་ཏུ་གཏད།། རི་རབ་ཆེན་པོ་ཉིད་ཀྱིས ་མནན།། དོན་ཡོད་གྲུབ་པའི་ཕོ་བྲང་བཏབ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་བཅའ་བཞིའི་སྐབས་ཏེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས ་བཀའ་སྩལ་ཏོ།། དྲག་པོའི་ལས་དག་བྱེད་འདོད་པས།། ཡིད་དང་མཐུན་པའི་གནས་མལ་དུ།། རྣལ་འབྱོར་མོས་དང་དད་པ་ཡིས།། བླ་མ་མཉེས་བྱས་དབང་དག་ནོད།། ལུང་དང་མན་ངག་ཐོབ་ནས་ཀྱང་།། བརྩོན ་འགྲུས་ཆེན་པོས་མྱུར་དུ་བསྒྲུབ།། གནས་དང་གཟུགས་མ་དག་དང་ནི།། ལོངས་སྤྱོད་ལྡན་པ་དག་གིས་ཀྱང་།། འཁོར་ལོའི་རྒྱུ་དང་སྣག་ཚའི་རྒྱུ།། སྨྱུ་གུའི་རྒྱུ་དང་དུས་དང་ཕྱོགས།། མཁས་པས་ཟླ་གསང་རྒྱུད་ལས ་བཤད།། དྲག་པོ་ཡི་ནི་མཎྜལ་ཡང་།། བསྐྲད་དང་གཟུང་དང་བླང་ལ་སོགས།། མཁས་པས་ཟླ་གསང་རྒུད་ལས་སོ།། དྲག་པོའི་དཀྱིལ་འཁོར་བྲི་བ་ཡང་།། ཐིག་གཡོག་མཚན་ལྡན་གཟུང་མ་དང་།། བ་སུ་ཏི་ཡི་ཐིག ་དང་ཐལ་ཆེན་མཚོན།། རྒྱུད་དང་མན་ངག་ཤེས་པར་བྱ།། ཤར་ནུབ་ལྷོ་བྱང་ཕྱོགས་དང་མཚམས།། ཕྱོགས་ཆ་རིགས་པས་བལྟ་བར་བྱ།། སྟེགས་བུ་འདོམ་གང་གྲུ་བཞི་ལ།། ཆག་ཆག་གསུམ་དང་སྐྱོང་ནུལ་ཀྱང་།། ཟླ ་གསང་རྒྱུད་ལས་ཤེས་པར་བྱ།། བྱིན་བརླབས་གནམ་སའི་ཐིག་བཏབ་པ།། ཟླ་གསང་རྒྱུད་ལས་ཤེས་པར་བྱ།། ཐིག་ནི་བརྒྱད་ཀྱི་ཆ་རུ་བྱ།། ཐིག་བསྐོར་བཞི་དང་ལྡན་པ་ལ།། ཐིག་སྐོར་གསུམ་ལ་ཐིག་གསུམ་གདབ།། ་ལེའུ་ཚེ་དག་ནི་དགུ་རུ་འགྱུར།། ཕྱི་རོལ་ཐིག་སྐོར་རྡོ་རྗེའི་རྭ།། ཐིག་བསྐོར་གཉིས་པོ་དག་ལ་ནི།། བཅུ་གཉིས་རྩིབས་དང་ལྡན་པར་བྱ།། ཡ་མ་མེ་ཏཀྵེ་ཞེས་ཕྱོགས་བཞི་དབུས་ཀྱི་ལེའུ་ཚེ་ལ། དྲག་པོ་སྔགས་ཀྱི་ཡི་གེ ་དགོད།། བཅུ་གཉིས་རྩིབས་དང་ལྡན་པ་ལ།། ར་ཙ་ས་ཏོ་བཞི་དག་དགོད།། རུ་ན་ཡོ་ནི་དག་དང་ཡང་།། ར་ཡ་ཙ་ནི་ཞེས་པ་ནི།། འཁོར་ལོའི་རྩིབས་ལ་དགོད་པར་བྱ།། ཐིག་བསྐོར་གསུམ་པ་དག་ལ་ནི།། བཅུ་དྲུག ་རྩིབས་དང་ལྡན་པ་ལ།། ཧྲི་སྟི་སྔགས་ཀྱི་ཡི་གེ་དག། བསྒྲུབ་བྱའི་མིང་དང་སྤེལ་ལ་དགོད།། རྡོ་རྗེ་རྭ་བའི་ཕྱི་རོལ་ཏུ།། སྒོ་དང་སྒོ་ཁྱུད་ལྡན་པར་བྱ།། དབུས་ནི་དྲག་པོ་གྲུ་གསུམ་གནག། ལེའུ་ཚེ་བཞི་ནི་ཕྱོགས་དང ་སྦྱར།། ས་སྟོང་མཛེས་པའི་ཚད་དུ་བཏང་།། བཅུ་གཉིས་དྲག་པོ་བཅུ་དྲུག་རྒྱས།། རྡོ་རྗེ་ལྕགས་ཀྱུ་གྲུ་ཆད་འཇང་།། ཐ་མ་ལྕགས་རི་སྒོ་དག་ཕྱོགས་དང་སྦྱར།། གཤིན་རྗེ་ལྷ་ནི་ལྷོ་ཤར་བྱང་།། བུ་དོན་ལྷོ་ཡི་ཕྱོགས་སུ ་དགྲམ།། ཤ་ཁྲག་རྫས་དང་མེ་ཏོག་སྔོ།། ལྷོ་ཡི་ཕྱོགས་ནས་དབུལ་བར་བྱ།། དྲག་པོ་རྫས་ཀྱི་གའུ་དེ།། མངའ་གསོལ་དབང་བསྐུར་བྱས་ནས་ཀྱང་།། དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ།། འཁོར་ལོ་བཅུ་གཉིས ་རྩེ་ལའང་།། ཕུར་པ་བཅུ་གཉིས་རིམས་ཀྱིས་སོ།། འཁོར་ལོ་བཅུ་དྲུག་རྩེ་ལའང་།། ཀེའུ་སེང་བཅུ་དྲུག་ཕུར་པ་དགོད།། སྒོ་བཞི་བསེ་མོ་ཕུར་པ་བཞི།། ཉི་ཤུ་རྩ་བརྒྱད་ཙམ་ལའང་།། དབྱུག་མངའ་གསོལ ་བར་ཁྱམས་ལའོ།། སྒྲུབ་བྱ་དམ་རྫས་གཏོར་མའང་།། སྒྲུབ་པའི་རྫས་དེ་དཔལ་ལ་གཅིག། བསྙེན་པའི་ལྷ་ཏེ་ཡ་མནྟ་ཀ་ལ་གཅིག། ལས་གཉེར་བའི་ལྷ་སྟེ་ཉི་མ་བཞི་པ་ལ་གཅིག། ཕྲིན་ལས་མཛད་པའི་ལྷ་སྟེ། གྲི ་ཐོགས་གིང་དང་ཁྲིམས་ཐོགས་བདུད་ལ་གཅིག། མ་མོའི་ཚོགས་ལ་གཅིག་ཀྱང་དབུལ།། ཞི་ཁྲོ་ལྷ་ཡི་ལས་གཞུང་བསྲང་།། དེ་ནས་འཆི་བདག་ལས་གཞུང་བསྲང་།། ཞེས་པ་གཤིན་རྗེ་གཤེད་པོས་བཤད།། དཔལ་ཟླ། ་གསང་ནག་པོའི་རྒྱུད་ལས། དཀྱིལ་འཁོར་བཅའ་བཞིའི་སྐབས་ཏེ་དགུ་པའོ།། །། དེ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་འཇམ་དཔལ་མགོན།། ་ཕྱོགས་བཅུ་འདུལ་བའི་གཉེན་པོ་སྟེ།། དཔའ་བོའི་འཁོར་དུ་འདུས་པ་རྣམས།། ཚུལ་བཞིན་སྒྲུབ་པའི་དོན་བཤད་ཀྱིས།། ཕྲིན་ལས་གཞུངས་སྲང་ཇི་ལྟར་བསྲངས།། ཏིང་འཛིན་རྣམ་གསུམ་ཇི་ལྟར་སྐྱེད།། སྤྱན་དྲངས ་བཞུགས་གསོལ་ཇི་ལྟར་དགྱེས།། འཇམ་པའི་མགོན་ལ་བདག་ཉན་འཚལ།། དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་ཕྲིན་ལས་ཀྱི་ལེའུ་འདི་ཆེད་དུ་བརྗོད་དོ།། ་དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ།། མི་རོ་མང་པོ་ཡོད་ཅིང་རྐང་གཅིག་ཤིང་གི་རྩ།། གཅན་གཟན་མང་པོ་འགྲུལ་ཅིང་འདབ་ཆགས་མང་པོ་འདུ།། ལྷ་འདྲེ་མང་པོ་ཚོགས་སར་དྲག་པོའི་གནས་བཙལ་ཏེ།། ་མཆོད་གཏོར་བཤམས་ལ་དཀོན་མཆོག་གསུམ་སྤྱན་དྲངས།། མཉེས་པ་བྱ་ཕྱིར་མཆོད་པ་ལྔ་ཡང་དབུལ།། ས་བདག་ལྷ་སྲིན་མང་པོ་སྤྱན་དྲངས་ལ།། གཏོར་མ་ཆང་ཕུད་མཆོད་རྫས་བྱིན་བརླབས་ཏེ།། དངོས་ལ་ས ་བླང་ཚིག་ཀྱང་བརྗོད།། ང་རྒྱལ་ཁྲོ་བོ་རྡོ་རྗེ་འགྲོས་ཀྱིས་ས་བསྐོར་ཏེ།། ས་བླངས་བཞི་སྦྱང་བ་ནི།། བདག་ཉིད་ཁྲོ་བོར་གྱུར་པའི་ཐུགས་ཁ་ནས།། རམ་ལས་ཡེ་ཤེས་མེ་ཡིས་དངོས་མཚན་ཀུན་བསྲེགས་ཏེ།། ཡམ་ལས ་རླུང་གིས་གཏོར་ནས་ཁམས་ལས་ཆུ་ཡིས་བཀྲུས།། དོན་དམ་ངོ་བོ་སྟོང་པའི་ངང་དུ་བསྒོམ།། དེ་ནས་ཀུན་རྫོབ་མཚན་མས་ས་བཅད་དེ།། དཀྱིལ་འཁོར་རྒྱ་བཅད་དབུས་སུ་བསྐོར་བར་བྱ།། རིན་ཆེན་སྣ་ལྔ་ལྡན་པའི ་ཆང་ཕུད་སོགས།། ཕུང་ཤུལ་ས་བླངས་མི་ཁྲག་རྟ་ཁྲག་བརྩིགས།། ས་སྦྱངས་གྲུབ་ནས་དུར་ཁྲོད་ཆག་ཆག་གདབ།། རྡོ་རྗེ་དྲི་ཆེན་དྲི་ཆུ་རཀྟ་དང་།། དུག་ལ་སོགས་པའི་ཆག་ཆག་རབ་ཏུ་གདབ།། དེ་ནས་ཐིག་བཏབ ་ཐིག་གི་རྒྱུ་བསྟན་པ།། ཞིང་གི་རྒྱུས་པ་ཡུག་ས་མོ་ཡི་སྐྲ།། དྲི་བོ་ལོག་ནོན་རོ་ཤ་ཁ་འདར་ཤི་བའི་སྒྲས།། ཐིག་སྐུད་བྱས་ལ་བྱིན་བརླབས་ཐིག་ཀྱང་གདབ།། ཤར་དང་ནུབ་དང་ལྷོ་དང་དེ་བཞིན་བྱང་།། ཤར་ལྷོ་ནུབ ་། བྱང་ལྷོ་ནུབ་དང་།། དེ་བཞིན་བྱང་ཤར་མཚམས་སུའོ།། དབུས་ཀྱི་ཤར་ནས་དབུས་ཀྱི་ལྷོ་དང་བྱང་།། སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད།། མཐའ་ཐིག་ལ་སོགས་བྲི་བ་ལས་སུ་ཤེས།། ་དང་པོ་དུར་ཁྲོད་རས་བརྒྱངས་ཏེ།། འཁོར་ལོ་བྲི་བ་མན་ངག་ལས་སུ་ཤེས།། མ་ར་ཡ་ཡི་གཟུགས་བཅའ་བ།། དྲི་ཆེན་དྲི་ཆུ་རྐང་རྗེས་དང་།། ངར་སྣབས་གོས་ཀྱི་དུམ་བུ་དང་།། ནང་དུ་ཚེར་མ་རུས་པས་དགང་།། ་མིང་རུས་མགོ་དང་སྙིང་ཁར་བཞུག། ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུག། སྐུད་པ་སྔོ་དམར་བྱང་བཅུག་བྱང་སྔགས་བཟླས།། སྐུད་པ་ནག་པོ་དག་གིས་སྐྱེ་གནས་གདགས།། དེ་ནས་ཐོད་པ་མཚན་ངན་ཅིག ་བཤམས་ཏེ། ལུས་ཀྱི་ངོས་ལ་ཡབ་བྲི། སྤྱི་བོའི་ངོས་ལ་ཡུམ་བྲི། དེ་བཞིན་གཟུགས་དེ་འཁོར་ལོ་བར་དུ་བཞུགས།། འཁོར་ལོ་ཐོད་པའི་ནང་དུ་བཞུགས།། མི་ལྤགས་འཕྲེང་བས་རྒྱ་གྲམ་བཅིང་།། དེ་ནས་ཕུར་པ་བཅུ ་གཅིག་ལ།། གུ་གུལ་དུད་པས་རབ་ཏུ་བདུག། ཉུང་ཀར་རྒྱལ་པོ་དག་དང་རྡེག། གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོ་བསྐྱེད། སྤྱན་དྲངས་བཞུགས་སུ་གསོལ་ཏེ་རང་རང་གདན་ལ་དགོད།། ཤར་དུ་ཀོང་རྩེ་བྲག་གྱོན ་དྲི་ཟ་འདུལ།། ལྷོ་ཕྱོགས་འཆི་བདག་ཡ་བ་ཏི།། ནུབ་ཏུ་དམིགས་པ་ཀླུ་བདག་འདུལ།། བྱང་དུ་ལྷ་མཆོག་གནོད་སྦྱིན་འདུལ།། ཤར་ལྷོར་གླང་མགོ་མེ་ལྷ་འདུལ།། ལྷོ་ནུབ་མིག་དམར་སྲིན་པོ་འདུལ།། ནུབ་བྱང་རྟེལ ་པ་རླུང་ལྷ་འདུལ།། བྱང་ཤར་ལས་གྲུབ་དབང་ལྡན་འདུལ།། སྟེང་དུ་ནག་འཇོམ་ཚངས་པ་འདུལ།། འོག་ཏུ་དམར་པོ་ས་བདག་འདུལ།། དེ་དག་གཤིན་རྗེ་ཡུམ་རྣམས་ཀྱང་།། ཕུར་པ་རང་རང་གྲིབ་ལ་གནས།། ཀུ་མ ་ད་རི་བདུད་འདུལ་ཤར།། ཤུ་ལ་ད་རི་བཙན་འདུལ་ལྷོ།། ཀངྒ་ད་རི་བཟང་འདུལ་ནུབ།། ཙ་མུད་ད་རི་ཀླུ་འདུལ་བྱང་།། ཕུར་པ་བཞི་ཡི་སྒོ་བཞི་ལའོ།། གཤིན་རྗེ་བྲིས་སྐུ་ལྷོ་རུ་བཀྲམ།། ཐོད་པ་འཁོར་ལོ་བཅས་པ་སྟེ།། ་གྲུ་གསུམ་ཕུར་གསུམ་སྟེང་དུ་བཞག། གཡང་གཞི་འཕན་ལ་སོགས་པས་བརྒྱན།། ཤ་ཆེན་ཚིལ་ཆེན་ཀེང་རུས་དང་། ཁྲག་ཆེན་ལ་སོགས་ཅི་མང་འབྱོར།། ཀེ་ཐག་གཤིན་རྗེའི་ཕུར་ལ་གདགས།། གཏོར་མ་ལ་སོགས ་གོང་བཞིན་བཞག། ཉུངས་ཀར་སྐེ་ཚེ་དུག་ཁྲག་རྣམས།། གཡས་གཡོན་དག་ཏུ་བཞག་པར་བྱ།། མཆོད་པ་ལྔ་དང་གཏོར་མ་གསུམ།། ཆང་ཕུད་ལ་སོགས་བཤམས་ནས་ཀྱང་།། དཀོན་མཆོག་གསུམ་པོ་སྤྱན་དྲངས ་ནས།། མཆོད་དང་སྡིག་པ་བཤགས་པར་བྱ།། དེ་ནས་ཆོས་ཀྱི་སྲུང་མ་རྣམས།། ལྷ་མགོན་ཀླུ་མགོན་ལ་སོགས་དང་།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་།། འགྲོ་བ་དྲུག་རྣམས་ལ་སོགས་ལ།། གཏོར་མ་བསྔོས ་ལ་བདེན་པ་བརྡར།། མི་འདིའི་གྲོགས་མ་བྱེད་པར་བསྒོ།། དཀྱིལ་འཁོར་བསྐོར་ཞིང་དཔངས་ཡང་གཟུགས།། མཐའ་མ་རྡོ་རྗེ་འགྲོས་ཀྱིས་བསྐོར།། བགེགས་རྣམས་བསྐྲད་ལ་མཚམས་ཀྱང་བཅད།། དེ་ནས་ལྷོ་ངོས ་། ཁ་ཡང་བལྟས།། དེ་བཞིན་ཉིད་དང་ཀུན་ཏུ་སྣང་།། རྒྱུ་དང་ཏིང་འཛིན་རྣམ་གསུམ་སྒོམ།། ཨེ་རམ་ར་ཀེ་རམ་བྷྲཱུཾ་ལས།། གཞལ་ཡས་གདན་བཅས་གསལ་བར་བསྒོམ།། དེ་ནས་ལྷ་རྣམས་གསལ་བསྒོམས ་ནས།། དབུས་ཀྱི་མ་ཧེ་གདན་ཐོག་ཏུ།། མཐིང་ནག་འབར་བའི་ཧཱུཾ་ཞིག་བསྒོམ།། དེ་ལས་འོད་ཟེར་འཕྲོ་འདུས་པས།། ཕྱག་མཚན་རྡོ་རྗེ་ཞིག་ཏུ་གྱུར།། དེ་ལས་འོད་ཟེར་འཕྲོ་འདུས་པས།། རྡོ་རྗེ་མཐིང་ནག་འོད་དུ ་གྱུར།། ཨོཾ་ཨ་ཀྲོ་ཏ་ཀ་ཡ་མན་ཏ་ཀ། ཀ་ལ་རུ་པ་བཛྲ་ཀྲོ་ཏ་ཧཱུཾ་ཕཊ།། ཅེས་བརྗོད་པས།། འོད་ལས་ཡ་མཱནྟ་ཀར་གྱུར།། ཞལ་གསུམ་ཕྱག་དྲུག་མཐིང་ནག་ལ།། གཡས་དཀར་གཡོན་དམར་དབུས་མཐིང་ནག། རལ ་པའི་རྩེ་ལ་མེ་འབར་བ།། རལ་པའི་རྐེད་ནས་ཞག་འཛག་པ།། རལ་པའི་རྩ་ནས་རྒྱ་མཚོ་འཁྲུགས།། སྡིགས་འཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས།། དུང་དམར་མདུང་ཐུང་གསལ་ཤིང་གཡོན།། ཞབས་བཞི་བརྐྱང ་བསྐུམ་མ་ཧེ་བརྫིས།། དུར་ཁྲོད་རྒྱན་གྱིས་རབ་ཏུ་བརྒྱན།། ཀླད་པར་ཨོཾ་བསམས་གྲེ་བར་ཨཾ།། ཙིཏྟའི་དཀྱིལ་དུ་ཧཱུཾ་ཞིག་བསམ།། ཡེ་ཤེས་ལྷ་རུ་བྱིན་བརླབས་ཏེ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷ་གཉའ་ན་པཉྩ་སྭ་བྷ་བ ་ཨད་མ་ཀོ&ཧཾ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཀྐ་ཙིཏྟ་སྭ་བྷ་ཝ་ཨཏྨ་ཀོ&ཧཾ། ཁྲོ་བོའི་ང་རྒྱལ་བསྐྱེད་པ་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མནྟ་ཀ་མ་ཧཱ་ཀྲོ་དྷ་ཧཾ། དེ་ནས་ཧཱུཾ་ཞེས་རབ ་བརྗོད་པ། ཁྲོ་བོའི་ཐུགས་ཀར་ཧཱུཾ་སྟོན་ཏེ།། གཡོན་ཕྱོགས་ཞིང་གི་གདན་སྟེང་དུ།། ཧཱུཾ་དེ་འཕྲོས་ཤིང་འདུས་པ་ལས།། ཨོཾ་ཨཱཿཧཱུཾ་བེ་ཏ་ལི་རཀྵ་མན་ཞེས་བརྗོད་པས། ཧཱུཾ་ཉིད་ཡུམ་དུ་གྱུར། ཁྲམ་བཾ་གཡས་ན་བྷན་དྷ ་གཡོན།། སྐུ་མདོག་ནག་པོ་གསལ་བར་བསྐྱེད།། ཡབ་ཀྱི་གསང་བའི་རྗེ་རྗེ་སྟེ།། ཨོཾ་ལས་ནོར་བུའི་བུ་གར་ཕཊ།། དེ་ནས་ཡུམ་གྱི་གསང་གནས་སུ།། པཾ་ལས་པདྨ་འདབ་མ་བརྒྱད།། ཨེ་ལས་ནང་དུ་གྲུ་གསུམ་སྟེ།། ་འདི་སྐད་བརྗོད་ལ་གསང་སྒོ་དབྱེ།། པདྨ་བུདྡྷ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་གསང་སྒོ་ཕྱེ་བ་ཡིས།། ཡབ་ཡུམ་རོལ་པ་མཛད་པ་དང་།། ལྷག་པའི་བྱང་ཆུབ་སེམས་ཉིད་དེ།། རྡོ་རྗེའི་ལམ་ནས་རབ་ཕྱུང་སྟེ།། ཡུམ་གྱི ་མཁའ་ལ་སྤྲོས་པ་དང་།། དེ་ནས་ཧཱུཾ་ཞེས་བརྗོད་པ་ཡིས།། བྱང་སེམས་ཧཱུཾ་བསྒྲིལ་བཅུར་གྱུར་ཏེ།། མཁའ་ལས་སྟོན་ནས་འཁོར་ལོ་ཡི།། རྩིབས་དང་སྟེང་འོག་གདན་ཐོག་ཏུ།། ཧཱུཾ་ཧཱུཾ་སྒྲིལ་མ་རེ་རེ་བསམ།། འཁོར་ལོ ་ཤར་གྱི་རྩིབས་གདན་ལ།། ཧཱ་ཧཱ་བསྒྲིལ་མ་དེ་ཉིད་ལས།། མོ་ཡ་མནྟ་བཛྲེ་ཀྲོ་ཏ་ཐཱ། མོ་ལ་མནྟ་བཛྲ་ཀྲོ་དྷི་ཐཱ། བརྗོད་པས་སཱ་ལས་ཁྲོ་བའི་སྒྲ།། ཀོང་རྩེ་བྲག་གྱོན་ཁམ་རྒྱ་མ།། ཞལ་ཅིག་ཕྲག་གཉིས་སྐུ་མདོག་ནག། ་དུར་ཁྲོད་རྒྱན་དང་ལྡན་པ་སྟེ།། གཡོན་པ་བན་དམར་ཡུམ་ལ་འཁྱུད།། གཡས་ན་གདུག་པའི་མཚོན་ཆ་འཛིན།། ཡུམ་ཡང་གཡས་ཀྱིས་ཡབ་ལ་འཁྱུད།། གཡོན་པ་དུང་དམར་ཡབ་ལ་སྟོབ།། དུར་ཁྲོད་རྒྱན་རྣམས ་@།། ཡབ་དང་མཐུན།། རྩ་བའི་སྔགས་དེ་བརྗོད་ནས་ཀྱང་།། ཕྱོགས་སྐྱོང་ཡབ་ཡུམ་ཀུན་ཀྱང་བསྐྱེད།། རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས།། གོང་བཞིན་ཐམས་ཅད་གསལ་བར་བསྐྱེད།། གཡས་ཀྱི་ཧཱུཾ་ལས ་ཡབ་ཏུ་བསྐྱེད།། གཡོན་གྱི་ཧཱུཾ་ལས་ཡུམ་དུ་བསྐྱེད།། ཙ་མུན་ཏྲི་ཐུན་བྷྱོ། རོ་ག་ལ་དུན་བྷྱོ། ནམ་གྲུ་མ་དུན་བྷྱོ། བྷྱོ་ལས་དུར་ཁྲོད་མ་མོ་གསུམ།། ཟླ་གམ་གསུམ་ལ་བསྐྱེད་པར་བྱེད།། སྒོ་བཞིར་རྡོ་རྗེ་བསེ་མོ་བཞི།། ཀུ ་མ་ད་རི་ཤར་དུ་བསྐྱེད།། གཤུ་ལན་ད་རི་ལྷོ་རུ་བསྐྱེད།། ཀང་ཀང་ད་རི་ནུབ་ཏུ་བསྐྱེད།། ཙ་མུན་ད་རི་བྱང་དུ་བསྐྱེད།། ཀི་སང་དབང་ཕྱུག་གིང་དང་བདུད།། གྲུ་ཆད་ཁྱམས་དང་ལྕགས་རི་མེ།། མན་ངག་ལས་སུ་ཤེས ་པར་བྱ།། སྤྱན་དྲངས་ཕྱག་འཚལ་བཞུགས་མཆོད་དབུལ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་ཕྲིན་ལས་སྐབས་ཏེ་བཅུ་པའོ།། །། འཇིགས་བྱེད་ཆེན་པོས་དྲག་པོ་འཁོར་ལོ་བསྐོར་བ་འདི་བརྗོད ་དོ།། དུར་ཁྲོད་རོ་རས་རྙིང་པ་ལ།། གྲི་བོ་ཤི་བའི་རོ་ཤུན་ལ།། མི་ཚིག་ལ་སོགས་མི་སྨྲ་བར།། སྐེ་ཚེ་ལན་ཚ་ཉུང་ནག་མར།། དུག་དང་ནིམ་པའི་ལོ་མ་དང་།། ཀ་ན་ཀ་ཡི་ཁུ་བ་དང་།། རོ་སྲེག་པ་ཡི་སོལ་བ་དང་། ་རང་ངམ་བམ་གྱི་འཛུབ་མོའི་ཁྲག། དེ་རྣམས་སྦྱར་ལ་རྣག་ཚ་བྱའོ།། བྱ་རོག་འུག་པའི་སྒྲོ་བཙལ་ལ།། འཁོར་ལོ་བྲི་བའི་སྨྱུག་གུ་བྱའོ།། འཁོར་ལོ་རྩིབས་མཚན་གཉིས་བྲིས་ཏེ།། སྲིད་གསུམ་སེམས་ཅན་ཐམས་ཅད ་ཀུན།། གཤིན་རྗེའི་ལྟོན་ཡོད་རྟགས་སུ།། འཁོར་ལོ་རིམ་པ་གསུམ་དུ་བྲི།། དབུས་སུ་རེའུ་མིག་དགུ་པ་བྱ།། ཕྱི་རིམ་རྩིབས་ནི་བཅུ་གཉིས་བྱ།། ཐ་མ་དག་ལ་བཅུ་དྲུག་བྱ།། ཡབ་ཡུམ་འཁོར་ལོ་དག་ལ་བསྐྱོན།། ་འཁོར་ལོའི་ནང་དུ་སྔགས་བྲི་བ།། རེའུ་ཆ་དགུ་དང་བཅུ་གཉིས་ལ།། ཉི་མ་བཞི་པའི་གཤེད་བཞི་བྲི།། བཅུ་དྲུག་ཧྲིཥྚིའི་དམ་ཚིག་སྔགས།། ཕྱི་རིམ་ཀ་ཁ་བཞི་བཅུ་གཉིས།། ནང་རིམ་དབྱངས་ཡིག་བཅུ་དྲུག་བྲིས།། ་དེའི་ཕྱི་རིམ་ཡང་རིམ་ལ།། ཛ་ཧཱུཾཿབཾ་ཧོ་བྲི་བར་བཤད།། ཡི་གེ་རེ་ཀ་རེག་མི་རུང་།། དེ་ཡང་ཕོའི་འཁོར་ལོ་ནི།། ཡི་གེ་རྣམས་ནི་ཕྱིར་བསྟན་ལ།། མོ་ཡིག་རྣམས་ནི་ནང་དུ་བལྟས།། ཡང་དང་ཡ་མཉམ་མ་དང་མ།། ར ་དང་ར་མཉམ་ཙ་དང་ཙ།། ས་དང་ས་མཉམ་ཏོ་དང་ཏོ།། མེ་དང་མེ་མཉམ་ཡ་དང་ཡ།། ཡེ་དང་ཡེ་མཉམ་མེ་དང་མེ།། ཏོ་དང་ཏོ་མཉམ་རུ་དང་རུ།། ན་དང་ན་མཉམ་ཡོ་དང་ཡོ།། ཏ་དང་ཏ་མཉམ་ཡ་དང་ཡ།། ཡ་དང ་ཡ་མཉམ་ཏ་དང་ཏ།། ཡོ་དང་ཡོ་མཉམ་ནི་དང་ནི།། ར་དང་ར་མཉམ་ཡ་དང་ཡ།། ཀྵེ་དང་ཀྵེ་མཉམ་ཡ་དང་ཡ།། ཡ་དང་མ་མཉམ་ཀྵེ་དང་ཀྵེ།། ཡ་དང་ཡ་མཉམ་ཙ་དང་ཙ།། ནི་དང་ནི་མཉམ་ར་དང་ར།། མ་དང་མ ་མཉམ་ཡ་དང་ཡ།། གཡས་བསྐོར་གཡོན་བསྐོར་ཕོ་མོ་གཉིས།། མ་ནོར་མ་ལོག་བྲི་བ་གཅེས།། དམ་ཚིག་ཡི་གེ་དགོད་པ་ཡང་།། ཨོཾ་དང་ཨོཾ་མཉམ་ཧྲི་དང་ཧྲི།། ཊི་དང་ཊི་མཉམ་བི་དང་བི།། ཀྲི་དང་ཀྲི་མཉམ་ཏི་དང ་ཏི།། ན་དང་ན་མཉམ་ནི་དང་ནི།། ཆེ་དང་ཆེ་མཉམ་གེ་དང་གེ། མོ་དང་མོ་མཉམ་ཧཱུཾ་དང་ཧཱུཾ།། ཧཱུཾ་དང་ཧཱུཾ་མཉམ་ཕཊ་དང་ཕཊ།། སྭ་དང་སྲ་མཉམ་ཧ་དང་ཧ།། དམ་ཚིག་ཡི་གེ་མ་ནོར་དགོད།། ཀ་ཁཱ ་དབྱངས་ཡིག་ལ་སོགས་ཏེ།། ཡི་གེ་རྣམས་ཀྱི་དགོད་ཕྱོགས་སོ།། གཉིས་ཀ་རྣལ་མར་བྲིས་གྱུར་ན།། ཡབ་ཡུམ་ཆོས་རོལ་སོང་གྱུར་ཏེ།། འཁོར་ལོ་ལོག་ན་རྣལ་འབྱོར་ཕུང་།། དེ་ལ་དགུག་དང་མནན་དང་མྱོས།། ་བསྐྲད་དང་སྨྱོ་འབོགས་ལ་སོགས་པ།། ཟླ་གསང་ལས་ལས་ཤེར་པར་བྱ།། དེ་ལྟར་འཁོར་ལོ་བྲིས་པ་དང་།། རབས་ཆད་ཕོ་མོའི་ཐོད་པ་ལ།། འཁོར་ལོ་གོང་མ་ལྟར་བྲིས་ལ།། དེ་ཡི་བར་དུ་གཞུག་བྱས་ལ།། ཚོན ་སྐུད་ནག་པོས་ཕྱོགས་བཞིར་བཅིངས།། གཞན་མ་ཞི་རྒྱས་ལས་བྱེད་ན། ཁམ་པའི་གའུ་དེ་བཞིན་གཞུག། སོ་སོའི་རིགས་ཀྱི་གཟུངས་ཐག་གདགས།། དེ་ཡིས་གང་འདོད་གདོན་མི་ཟ།། ལས་རྣམས་འགྲུབ་ཅེས ་གཤེད་པོས་བཤད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་བའི་སྐབས་ཏེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་ཆེད་དུ་བརྗོད་དོ།། ་དང་པོ་ཏིང་འཛིན་རྣམ་གསུམ་གྱིས།། ལས་ཀྱི་བྱ་བ་གཞན་ཟིན་ནས།། ཏིང་ངེ་འཛིན་ལ་རབ་ཏུ་འཇུག། ངས་བཤད་པ་ལ་སེམས་མཐུད་ཅིག། ཧཱུཾ། ལོ་རྟོག་གཟུང་འཛིན་འཁྲུག་པའི་ཆོས་ཉིད་དེ།། སེམས་ཀྱིས་བརྟགས ་པ་ཅི་ཡིས་མི་སྣང་སྟེ།། མི་གཡོ་མི་བསམ་སེམས་ཀྱི་ཆོས་ཉིད་དེ།། རིག་པ་སྤྲོས་བྲལ་མི་རྟོག་བསྒོམ།། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སོ་བྷ་ཝ་ཨཏྨ་ཀོ&ཧཾ། དབྱིངས་ཉིད་ནམ་མཁའ་སྟོང་པའི་རང་བཞིན་ལ། རང་སེམས ་མ་ལུས་ཉི་མའི་དཀྱིལ་འཁོར་ཏེ།། ཐིག་ལ་ཉི་མའི་དཀྱིལ་འཁོར་བསམ།། མ་སུརྱ་མཎྜལ་ཧཱུཾ། ཧཱུཾ། ཉི་མའི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་ཏེ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་རབ་འབར་བས།། བརྟན་ཞིང་མི་གཡོ་རྡོ་རྗེ ་འབར་བར་བསྒོམས།། བཛྲ་ཞེས་འཕྲོས་འདུས་པ་ལས།། རྡོ་རྗེ་གུར་དང་ས་གཞིར་བསྒོམ།། ཧཱུཾ། འཇིག་རྟེན་ཁམས་གསུམ་མ་ལུས་ཀུན།། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ནས།། ཡེ་ཤེས་འབྱུང་བ་ལྔ་ལྡན་རིམ་གྱིས ་བསྒོམ།། ཨེ་ཡཾ་རཾ་བཾ་སུཾ་ཀེང་ཨེ།། ནམ་མཁའ་སྟོང་པའི་རང་བཞིན་ལ།། བརྟེན་པ་རླུང་གི་མཎྜལ་སྒོམས།། དེ་སྟེང་རཾ་ལས་གྲུ་གསུམ་མ།། བཾ་ལས་བདུད་རྩི་རྒྱ་མཚོ་ལ།། སྨིན་པ་ས་ཡི་དཀྱིལ་འཁོར་བསམ།། ཀེང ་། རུས་རི་རབ་སྟེང་དག་ཏུ།། ཡེ་ཤེས་འབར་བའི་གཞལ་ཡས་བསྒོམ།། བྲུཾ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་།། གྲུ་བཞི་སྒོ་བཞི་རྟ་བབས་དང་།། དཀྱིལ་འཁོར་ཚུལ་དུ་གཞལ་ཡས་བསྒོམ།། བྷྲཱུཾ་ཛྙཱ་ན་ཙཀྲ་བྷྲཱུཾ། ་གཞལ་ཡས་དབུས་སུ་ཉི་ཟླའི་སྟེང་།། ཆུ་སྐྱེས་སྟེང་དུ་སེམས་ཉིད་ནི།། འཕྲོ་འདུ་རལ་གྲི་དྷིས་མཚན་པ།། འོད་ཞུ་འཇམ་པའི་གཞོན་ནུར་བསྒོམ།། ཨོཾ་ཨ་ར་པ་ཙ་ན་དྷི། འཇམ་པའི་རྡོ་རྗེ་ཟོར་ཚུག་ཟུར་ཕུད་ཅན།། སྐུ ་། མདོག་གསེར་མདོག་ཞི་བའི་ཆ་ལུགས་ཅན།། ཞལ་གཅིག་ཕྱག་གཉིས་ཤེས་རབ་རལ་གྲི་འཕྱར།། གཞོན་ནུའི་སྐུ་སྦྲུལ་ཕྱག་གཡོན་ཨུཏྤལ་སྟེང་།། མི་འགྱུར་ཤེས་རབ་པོ་ཏིས་མཚན་པ་བསྒོམ།། སྙིང ་དཀྱིལ་ཉི་མའི་དཀྱིལ་འཁོར་དྷི་ལས་ནི།། འོད་འཕྲོས་ཕྱོགས་བཅུ་བདེ་གཤེགས་སྤྱན་དྲངས་ནས།། ཉི་མ་ལ་ཞུགས་མགོན་པོ་ཉིད་དང་ནི།། བདེ་གཤེགས་སྤྱན་དྲངས་འོད་ཀྱི་གོང་བུར་བསམ།། འོད་ཕུང་དེ་ཉིད་ཁ ་དོག་ནག་པོ་ཧཱུཾ།། འཕྲོ་འདུའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་ཅན།། ཤིན་ཏུ་བརྟན་ཞིང་བརྟན་པ་ཉིད་དུ་བསྒོམ།། བཛྲ་དེ་ལས་འོད་ཟེར་རབ་འཕྲོས་ནས།། རྡོ་རྗེ་ཕྲ་མོ་འཕྲོ་འདུ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། དབུ ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས།། གྱད་ཀྱི་འདོར་སྟབས་ཡི་དྭགས་མནན།། ཏྲི་ཤུ་རལ་གྲི་དབྱུག་དགྲ་སྟ།། སྦྱིན་པའི་ཕྱིར་ན་ཕྱག་བརྐྱང་པ།། ལྕགས་ཀྱུའི་མཚོན་ཆ་གཡས་ན་བསྣམས།། ཐོད་པ་ཤག་ཏི་ཐོ་མ ་ར།། སྡིག་དང་ཞགས་པ་གཡོན་པ་སྟེ།། ལས་ལ་གསང་བའི་ཡུམ་གཉིས་ཀྱང་།། གཡས་གཡོན་གཉིས་སུ་བསམ་པ་ཡང་།། ལུས་དང་གྲིབ་མའི་ཚུལ་དུ་བསྒོམ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུཾ། བེ་ཏ་ལི ་རཀྵ་ཡཀྵ་ཧཱུཾ་ཧཱུཾ། པདྨོ་རྡོ་རྗེ་བྱིན་བརླབས་ལ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ།། པཾ་ལས་པདྨར་བྱིན་བརླབས་ནས།། བརྡ་ཡིས་བསྐུལ་བས་ཚུལ་བཞིན་བྱ།། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཡ་ཧོ་ཧཾ། ར་ག་ཡ་མི་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ་ཧཱུཾ་ཧཱ། ཧཱུཾ་ཧཱུཾ། ནཱ་ཧཱུཾ། ཡབ་ཡུམ་མཁའ་ལ་ཧཱུཾ་བཅུ་གཉིས།། གཤིན་རྗེ་བཅུ་གཉིས་གསལ་བའི་རྩ།། འཁོར་རྣམས་བསམ་པའི་དབང་གིས་སྐྱེད།། སྤྱན་དྲངས་བཞུགས་གསོལ་ཚུལ་བཞིན་བྱ།། གཤིན་རྗེ་གཤེད་པོས ་གསུངས་པའི་དོན།། ཟླ་གསང་ནག་པོའི་རྒྱུད་ལས། སྒོམ་ཁོག་རྩ་བའི་སྐབས་ཏེ་བཅུ་གཉིས་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་གསུངས་སོ།། གཤིན་རྗེ་གཤེད་པོས་གསུངས་པའི ་དོན།། བདག་སྡུད་འདིའི་དོན་ཤོད་ཅིག། བསོད་ནམས་ཚོགས་ཀྱི་ཡན་ལག་བསགས་པ་དང་།། བསྙེན་པ་དང་ནི་ཉེ་བའི་བསྙེན་པའོ།། དངོས་གྲུབ་ལེན་པ་གྲུབ་པ་དང་།། འཆི་བདག་བདུད་དང་གཤིན་རྗེའི་བསྙེན ་པ་དང་།། བསད་པ་ལས་ཀྱི་བསྙེན་པ་གང་ལ་བགྱི།། གཤིན་རྗེ་གཤེད་པོས་བཀའ་སྩོལ་ཅིག། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། ཉོན་ཅིག་ལག་ན་རྡོ་རྗེ་འཛིན།། འཆི་བདག་རྣམས་ཀྱིས་བཤད་བྱ་བ།། ངས ་གསུངས་པ་ལ་སེམས་བྲུད་ཅིག། དང་པོ་ཡིད་འཐད་གནས་བཙལ་བ།། ཚ་ཚ་ཉེ་འདོན་འབུམ་ལ་སོགས།། བསོད་ནམས་དག་པའི་ཚོགས་བསགས་པ།། ཚད་མེད་བཞི་དང་ཡན་ལག་ལྔ།། བདུན་གྱིས་ཀུན་རྫོབ ་སེམས་བསྐྱེད་ལ།། དོན་དམ་མཆོག་ཏུ་སེམས་བསྐྱེད་པ།། རྣམ་པར་མི་རྟོགས་དང་དུ་ཅི་རིགས་སྒྲོགས།། དེ་ལྟར་མ་རྟོགས་རྣམས་ལ་ཁྱབ་པའི་སྙིང་རྗེ་བསྐྱེད།། ཏིང་འཛིན་གཉིས་ཀྱིས་རང་རྒྱུད་དག་སྦྱངས་ནས།། ་རིག་པའི་ཡེ་ཤེས་ཡི་གེ་མུམ་དུ་གསལ།། འཕྲོ་འདུས་འཇམ་དཔལ་སེམས་པའི་སྐུར་བསྐྱེད་དེ།། གོང་མ་ལྟ་བུའི་ལས་དག་བྱ་བ་ནི།། བསོད་ནམས་ཚོགས་ཀྱི་ཡན་ལག་གོ། རྡོ་རྗེ་འཛིན་པ་རབ་ཏུ་སེམས ་ལ་ཞོག། ཟླ་གསང་ནག་པོའི་རྒྱུད་ལས། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་གི་སྐབས་ཏེ་བཅུ་གསུམ་པའོ།། །། དེ་ནས་ཡང་འདི་སྐད་ཅེས་བརྗོད་དོ།། ཡི་འཐད་མཚན་ལྡན་གནས་དག་ཏུ།། གོང་གི་བསོད ་ནམས་ཚོགས་ལ་གནས་བྱས་ཀྱང་། ཕྱི་ནང་གསང་བ་དག་གི་མཚམས་བཅད་ནས།། ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ།། དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་བསྡུ་ཡིས།། བདག་ཉིད་གཤིན་རྗེ་གཤེད་ཀྱི ་སྐུར་བསྐྱེད་ལ།། གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད།། གཡས་སུ་ཡབ་ལ་སོགས་པ་བསྐྱེད་བྱས་ཏེ།། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་།། ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས།། ཡེ་ཤེས ་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་དང་།། མཆོད་བསྟོད་ལ་སོགས་བཟླས་པ་དང་།། བདག་ཐུགས་ཕྱག་རྒྱ་བཞི་ལས་མཆོད་པའི་ལྷ་མོ་བཞི།། སྤོས་ཏེ་སྤྱན་དྲངས་ཕྱག་འཚལ་བཞུགས་པ་དང་།། མཆོད་པ་ལ ་སོགས་ལྷ་མོ་བཞིས་བྱས་ཏེ།། བཟླས་བརྗོད་བསྙེན་པའི་འཛབ་གྲངས་བྱ་བ་ནི།། རང་རིག་ཡེ་ཤེས་གནས་སུ་དག་པའི་རྟགས།། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་།། བཅུད་ཀྱི་སེམས་ཅན་ལྷ་ཡི་འཁོར།། དབྱིངས ་ཉིད་གཏིང་མཐའ་མེད་པ་ལས།། སྐྱེ་འགྲོའི་གཟུགས་སུ་སྣང་བ་རྣམས།། གཤེད་པོ་ཡབ་ཡུམ་མ་གྱུར་གང་ཡང་མེད།། དཔེར་ན་ཏིལ་འབྲུ་མར་གྱིས་གང་བ་བཞིན།། བདག་གི་ཙིཏྟ་གཞལ་ཡས་ཁང་།། རིན་ཆེན་གུར ་ཕུབ་འདྲ་བ་རུ།། བདག་ཉིད་ཟླ་བའི་མཎྜལ་ལ།། རིག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་རྟགས།། ཡེ་ཤེས་སེམས་དཔའ་ཚོན་གང་གསལ་བར་བསྒོམ།། ཐུགས་ཁར་རྡོ་རྗེ་རྩེ་ལྔ་བསམ།། དེ་ཡི་བུམ་པ་དག་ལ་ཡང་།། ་། སྔགས་ཀྱི་ས་བོན་ཡི་གེ་ཧཱུཾ།། དེ་མཐར་བཅུ་བདུན་བསྐོར་བར་བསྒོམ།། ལྷ་རྣམས་ཐུགས་ཁར་དེ་བཞིན་ཅི་འདྲར་བསྒོམ།། དེ་ནས་བདག་གི་ཐུགས་ཁ་ནས།། སྔགས་ཟླས་ལྗགས་སྟེང་སྔགས་འཕྲོས་པས།། འདོམ ་གང་ཕ་རོལ་ཕྱིན་ཆ་དུ།། སྐུ་རྣམས་ཕྲ་མོར་གྱུར་ནས་ཀྱང་།། དེ་དག་ཞལ་ནས་སྔགས་གནས་ཟློས་པ་ལ།། འོད་ཟེར་མཆོད་པའི་ལྷ་མོར་གྱུར།། ཕར་འཕྲོས་འཕགས་པའི་རྣམས་ལ་འོད་འཕྲོས་པས།། སྐུ་གསུང ་ཐུགས་ཉིད་མཉེས་པའི་མཆོད་པ་ཕུལ།། འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས།། སྐུ་གསུང་ཐུགས་ཀྱི་བྱིན་རླབ་བདག་ལ་ཐིམ་པར་བསམས།། དེ་འདྲའི་བསྙེན་པ་དྲུག་འབུམ་བྱས་པ་ནི།། སྔོན་དུ་འགྲོ་བའི ་བསྙེན་པ་སྟེ།། ལག་ན་རྡོ་རྗེ་རབ་ཏུ་ཟུང་།། གཤིན་རྗེ་ཟླ་གསང་ནག་པོ་རྒྱུད་ལས། ལྷའི་བསྙེན་པའི་སྐབས་ཏེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས ་སོ།། ཡིད་འཐད་མཚན་ལྡན་གནས་དག་ཏུ།། མཎྜལ་ཆག་ཆག་ལེགས་བཏབ་ལ།། མེ་ཏོག་བྲིས་སྐུ་ལ་སོགས་བཀོད་ནས་ཀྱང་།། གོང་མ་ལྟ་བུའི་བསྙེན་པ་སུམ་འབུམ་བཟླས་པ་ནི།། ཉེ་བའི་བསྙེན་པ ་ཡིན་ཞེས་དཔའ་བོས་བཤད།། ཟླ་གསང་ནག་པོའི་རྒྱུད་ལས། ཉེ་བའི་བསྙེན་པའི་སྐབས་ཏེ་བཅོ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། ཡིད་འཐད ་མཚན་ལྡན་གནས་དག་ཏུ།། གོང་མའི་ལས་རྣམས་མཐར་ཕྱུང་སྟེ།། ཉེ་བསྙེན་ལས་ལ་གནས་བྱས་ནས།། དེས་ནི་རྟགས་བཟང་ཐོན་པར་འགྱུར།། གྲུབ་པའི་རྟགས་རྣམས་བྱུང་བ་དང་།། ཁྱབ་པར་དངོས་གྲུབ་རྫས ་བསགས་ཏེ།། དམར་སེར་བ་ཡི་འོ་མ་དང་།། མར་དང་སྦྲང་རྩི་སྦྱར་བ་དང་།། དངོས་གྲུབ་རྫས་ཀྱིས་བཀོད་ནས་ཀྱང་།། བདག་གི་ཐུགས་ལས་འོད་ཟེར་ཕར་འཕྲོས་པས།། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས ་དམ་ཀྱི་རྒྱུད་བསྐུལ་བྲིས་སྐུ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ཞིང་།། འབུམ་ཕྲག་གཅིག་གི་བཟླས་པ་བྱ་བའོ།། གཡལ་དང་སྦྲིད་པ་བརྐྱང་བསྐུམ་གཉིད་དང་ཡང་།། དེ་བཞིན་སྤངས་ན་ཅི་བསམ་བཞིན་དུ ་འགྲུབ།། ཅེས་བཤད་དོ།། ཟླ་གསང་ནག་པོའི་རྒྱུད་ལས། སྒྲུབ་པ་ཆེན་པོའི་སྐབས་ཏེ་བཅུ་དྲུག་པའོ།། །། དེ་ནས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས ་གསུངས་པ་ལ་སེམས་ཐོད་ཅིག། ཡིད་འཐད་མཚན་ལྡན་གནས་དག་ཏུ། འབུམ་ཕྲག་གཅིག་གིས་བསྙེན་པ་ཡང་།། ཡ་མའི་གནས་སུ་བྱ་བར་གསུངས།། བདག་ཉིད་གཤེད་པོ་མཐུ་ལྡན་པས།། མདུན་གྱི་རི་རབ ་བསམ་པ་དང་།། དེ་བཞིན་གཤེགས་པའང་བྱ་བ་སྟེ།། བདག་གི་ཟུགས་ཁའི་ཡི་གེ་ཡ།། ནག་པོ་མེ་འབར་འོད་འདྲ་བསམ།། དེ་མཐའ་བཟླས་པའི་ཡིག་འབྲུས་བསྐོར་བསམ་ལ།། དེ་བཞིན་བདག་གི་ཐུགས་ཁ་ནས།། ་སྔགས་ནི་རབ་ཏུ་བཟླས་བསམ་ལ།། འོད་འཕྲོས་ལས་ཀྱི་གཤིན་རྗེ་ལས།། དེ་ཡི་ཐུགས་ཁར་འོད་ཟེར་ཕོག་གྱུར་པས།། ཐུགས་དམ་བསྐུལ་ནས་སྐད་ཅིག་ལ།། འདུག་པའི་དབང་མེད་འོང་བར་འགྱུར།། གཤེད་པོའི ་བཀའ་ཉན་གསུང་སྡོད་བསམ།། ལས་ལ་སྦྱོར་བའི་བསྙེན་པ་སྟེ།། འཆི་བདག་ལས་ཀྱི་གཤིན་རྗེ་རྣམས།། གནས་སུ་གཏོང་བར་གཤེད་པོས་བཤད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཆི་བདག་བདུད་དང ་གཤིན་རྗེའི་བསྙེན་པ་སྟེ་བཅུ་བདུན་པའོ།། །། དེ་ནས་འདི་སྐད་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་ཐེ་ཚོམ་མེད།། གསང་བ་ལས་ཀྱི་བསྙེན་པ་ལས།། ཡིད་འཐད་མཚན་ལྡན ་གནས་དག་ཏུ།། གོང་གི་ལས་ལ་གནས་བྱས་ཏེ།། དེ་ཡང་འཆི་བདག་བསྙེན་པ་ནི།། སུམ་ཅུ་རྩ་གཉིས་དྲིལ་ལ་བཟླས།། ལས་ལ་སྦྱོར་བའི་དུས་དེ་རུ།། སྣ་ལ་རོ་ཆས་རས་བཙལ་ཏེ།། མར་ཡ་བགྲངས་པའི་ཚེས ་། བརྒྱད་དམ།། ཉི་ཤུ་གཉིས་ཀྱི་ནུབ་མོ་ནི།། དུར་ཁྲོད་གླིང་ནས་རས་བླངས་ལ།། སྨེ་ཁྲག་གསུམ་དུ་བཅུག་བྱས་ལ།། འཆི་བདག་གཤིན་རྗེ་དེ་ལ་བསྟིམ།། ཡབ་ཡུམ་ལས་ལ་སྦྱོར་བ་ཡི།། སྔགས་འདི་ཉིད ་ཀྱང་རབ་ཏུ་བཟླས།། ཨོཾ་ས་མ་ཡ་ཤྲི་མཉྫུ་ཨ་ཀྲོ་དྷེ་ཀ་ཀ་ལ་རུ་པ་ཧཱུཾ་ཕཊ།། ཅེས་བཟླས། ཉི་ཤུ་དྲུག་གིས་སྔ་དྲོ་ལ།། རོ་རས་བཀྲུ་དང་རྒྱང་སྦྱར་བྱ།། ཉི་ཕྱེད་མན་ཆད་གནག་པ་སྟེ།། དབང་དུ་བསྡུ་བའི་སྔགས་འདི ་བཟླས།། ཨོཾ་དུ་ཡ་མནྟ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད། སྣག་ཚ་མཉེ་བའི་ལས་ཟིན་ནས།། དེ་བཞིན་དགོངས་ཁར་འཁོར་ལོ་བྲི།། བྲི་བ་ཟིན་ནས་ལྷ་ཕྱག་འཚལ།། བཀའ་བདེན་པས་འགྲུབ་པར་འགྱུར་ཞེས་བྱ།། ཡང ་ན་དུར་ཁྲོད་རས་མེད་ན།། ཐོད་པ་དག་ལ་འཁོར་ལོ་བྲི།། ཨག་ཚའི་ནང་དུ་འཆི་བདག་གཟུགས་བྲིས་ལ།། གཟུགས་ཀྱི་སྙིང་ཁར་མིང་བྱང་བྲི།། དགྲ་ཡི་མིང་རུས་ཐོད་པར་གཞུག། འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་།། ་འཆི་བདག་གཤེད་པོ་སྐུ་རུ་སྐྱེད།། ཕྱོགས་ཀྱི་ཡ་མེ་ད་ཀྵ་བཞི།། གཞི་ལས་གཤེད་བཞིའི་སྐུར་སྐྱེད་ལ།། བདག་གི་མདུན་དུ་རི་རབ་ལས།། གསེར་གྱི་རི་བཅུན་བཅས་པ་བསམ།། བདག་ཉིད་གཤིན་རྗེ་གཤེད་པོ ་ཡིས།། རྣལ་འབྱོར་ཆ་བྱད་ལྡན་བྱས་ལ།། ལག་པ་གཡས་ཀྱི་མཐེ་བོང་ལས།། ཆག་པར་བཅུག་ལ་རྡོ་རྗེ་བེ་ཅོན་བསམ།། རི་རབ་དག་གིས་སྤྱིར་བཏེག་ཏེ།། རི་རབ་རྒྱ་གྲམ་གསལ་བར་བསྒོམ།། དེ་བཞིན་སྔགས ་འདི་རབ་ཏུ་བརྗོད།། ཨོཾ་ན་མོ་བུདྡྷ་དྷརྨ་སང་ག་བྷྱ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏ་བི་ཛ་ཡ་ཨ་ཀ་ནི་ཛ་ལིནྡ་ཛ། ཧ་པྲེ་ཏ་ཤི་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་པས། རི་རབ་རྒྱ་གྲམ་བཤགས་བསམ་ཞིང་།། གནས་ཀྱི་གཤིན་རྗེ ་འགུག་བསམ་ཞིང་།། ཐུགས་ཁའི་ཡི་གེ་ཡ་ནག་པོ།། ཐ་མ་དབང་སྡུད་སྔགས་ཀྱིས་བསྐོར་བ་ལས།། འོད་ཟེར་འཕྲོས་པས་འོག་ཕྱོགས་སུ།། འཆི་བདག་གཤིན་རྗེའི་གཙོ་བོ་འཁོར།། འབུམ་ཕྲག་བཅས་ལས་འོད ་འཕྲོས་པས།། རང་དབང་མེད་པར་དེས་བཀུག་ནས།། དེ་ལ་ཤ་ཁྲག་སྣ་ཚོགས་ཀྱིས།། གཏོར་མ་རྫས་ཀྱི་མཆོད་པ་བྱ།། བན་དྷ་འབྲུབ་ཁུང་ནང་བཅུག་ལ།། དབང་དུ་སྡུད་པའི་སྔགས་བཟླས་ལ།། བདག་ལས་འཕྲོས ་པའི་གཤེད་པོ་དག། གྲངས་མེད་འཕྲོས་པ་འཆི་བདག་ཚོགས།། རང་དབང་མེད་པར་བཀུག་བྱས་ཏེ།། ཐོད་པའི་ནང་དུ་བཀུག་བསྟིམ་ལ།། ཞབས་གཡས་རྡོ་རྗེ་ཕུར་པ་ཡིས།། གཟེར་ནས་སྐད་ངན་འོ་དོད་འབོད།། ་རང་དབང་མེད་པར་དབང་དུ་བསྡུས།། བཀའ་ཉན་ཅི་གསུང་འབོད་པར་བསྒོམ།། སྐྱ་རེངས་དང་པོ་ཤར་བ་ལ།། འཆི་བདག་གཤིན་རྗེ་འཁོར་བཅས་ལ།། གཏོར་མ་བྱིན་ལ་གཤིན་རྗེ་ཉིད།། ཕོ་ཉར་བཀྱེ་ལ་དགྲ་བོ ་བཀུག། ལྷ་དང་དབྲལ་བ་ལ་སོགས་བྱ།། ཉི་མ་རྩེ་ལ་ཤར་བ་དང་།། བྷན་དྷ་དཀྱིལ་འཁོར་གྲུ་གསུམ་སྟེང་དུ་བཞག། དེ་བཞིན་གསད་པའི་སྔགས་བཟླས་ཏེ།། བདག་ཉིད་ཐུགས་ཁར་ཡི་གེ་ཡ།། སྔོ་ནག་གསལ་ལ ་། མཚེ་བར་བསམ།། ཐ་མ་དྲག་སྔགས་འབུམ་བུ་བདུན།། མེ་ལྕེ་འབར་དང་འདྲ་བར་བསམ།། བསད་པ་ལས་ཀྱི་སྔགས་འདི་བཟླས།། ཨོཾ་ཧྲི་ཊི་ཝི་ཀྲི་ཏ་ན་ན། ཆེ་གེ་མོ་ཤང་ཏྲུཾ་ན་ན་ཡ་ཧཱུཾ་ཕཊ།། ཡ་མ་ར་ཙ ་ས་ཏོ་མེ་ཡ་ཆེ་གེ་མོ་ཨུ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ནས། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་འཕྲོ་འདུས་པས།། གཤེད་པོ་ཡ་མ་ར་ཙ་བསྐུལ་གྱུར་ནས།། གཤེད་པོས་ཡ་མ་ར་ཙ་བསྐུལ།། ་དེས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། དེའི་མ་མོ་མཁའ་འགྲོ་དང་། རྡོ་རྗེ་གིང་དང་གིང་མོ་དང་།། བདུད་ལ་སོགས་པ་དབང་མེད་བསྐུལ།། དེ་བཞིན་བསད་པ་རྡོས་བཀུག་ནས།། ཐོད་པར་བཅུག་སྟེ་མནན་པར་ལས།། ་བསད་པ་ལས་ཀྱི་སྔགས་བཟླས་ནས།། གཏར་ཚན་རྩི་སྦུར་མ་ཆག་བཞིན།། གང་ལ་བྱ་བ་བརླག་པར་བསམ།། དགོངས་ཀྱི་དམར་ཐག་ཆད་པ་དང་།། གཤེད་ཆེན་ཡ་མ་ར་ཙ་ལ།། ཤ་ཁྲག་སྣ་ཚོགས་གཏོར་མ ་བཤམས།། བེ་ཅོན་ཕྱག་རྒྱ་བཅས་ནས་ཀྱང་།། གནག་པའི་སྤྱི་བོར་དེ་རྒྱབ་པས།། ཚངས་པའི་རྩ་བཅད་མགོ་འཁོར་བསམ།། ཉི་ཤར་རྩེ་ནས་ལས་བརྩམས་ཏེ།། བདག་ཉིད་ཐུགས་ཁར་ཡི་གེ་ལ།། འབྲུ་བདུན་མེ ་འབར་འདྲུ་བར་བསྒོམ།། བསད་པ་ལས་ཀྱི་སྔགས་འདི་བཟླས།། ཨོཾ་ཧྲི་ཊི་ཝི་ཀྲི་ཏ་ན་ན། ཆེ་གེ་མོ་ཤ་ཏྲུཾ་ན་ཤ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀ་མུར་ཙ་ཡ་ཧཱུཾ་ཕཊ།། ཅེས་བརྗོད་པས། འོད་ཟེར ་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་བསྐུལ་ནས་ཀྱང་།། དེ་ཡིས་མྱོས་བྱེད་འབར་བ་བསྐུལ།། དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ།། དེ་བཞིན་མ་མོ་མཁའ་འགྲོ་དང་།། གིང་བདུད་གདུག་པ་དབང་མེད ་བསྐུལ།། དེ་བཞིན་དམིགས་པ་དངོས་བཀུག་ནས།། འདུག་པའི་དབང་མེད་ཐོད་པར་བཅུག། གསད་པ་ལས་ཀྱི་སྔགས་བཟླས་པས།། ལྟར་མཚན་རྩི་སྦར་མ་ཆགས་བཞིན།། གང་ལ་བྱ་བས་བརླག་པར་བསམ།། དེ ་བཞིན་དམར་ཐག་ཆད་པ་དང་།། གཤེད་པོ་མྱོས་བྱེད་འབར་བ་ལ།། མཉེས་པའི་ཤ་ཁྲག་གཏོར་མ་སྦྱིན།། གཤེད་ལ་བཅོལ་བསྐུལ་དྲག་ཏུ་བྱ།། ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་།། བེ་ཅོན་ལྟེ་བར་གདབ་པ་ནི།། ་ལུས་བརྒྱ་ལ་ཡིད་འཁྲུགས་འཆི་བར་བསམ།། བདག་གི་ཐུགས་ཁའི་ཡ་ནག་པོ།། དྲག་སྔགས་བདུན་གྱིས་བསྐོར་བ་ལ།། གསད་པ་ལས་ཀྱི་སྔགས་བཟླས་ཏེ།། ཨོཾ་ཧྲི་ཊི་བི་ཀྲི་ཏ་ན་ན་ཤ་ཏྲུན་ན་ཤ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་ཨ་མུ་ཀཾ། རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་བསྐུལ་གྱུར་ནས།། གཤེད་ཆེན་ཨརྱརྨ་རུ་བསྐུལ།། དེ་ཡིས་ཕྱོགས་སྐྱོང་གཤིན ་རྗེ་བསྐུལ།། དེ་བཞིན་མ་མོ་མཁའ་འགྲོ་དང་།། གླིང་དང་གླིང་མོའི་བདུད་ལ་སོགས།། འདུག་པའི་དབང་མེད་བསྐུལ་བར་བསམ།། དེ་ཡིས་གཟས་པ་པོ་བཀུག་ནས།། དབང་མེད་ཐོད་པར་བཅུག་པར་བསམ།། ་། གསད་པ་ལས་ཀྱི་དྲག་སྔགས་བཟླས།། གཏར་ཆེན་རྩི་སྤུར་མི་ཆགས་བཞིན།། གང་ལ་བྱ་བས་བརླག་པར་བསམ།། དེ་བཞིན་དམར་ཟག་ཆད་པ་དང་།། གཤེད་ཆེན་ཨརྱ་རྨ་རུ་ལ།། ཤ་ཁྲག་མཉེས་པའི ་མཆོད་པ་འབུལ།། བེ་ཅོན་མགྲིན་པར་བརྒྱབ་པ་ཡིས། ཁྲག་ཁར་ལྷུང་གིས་སོང་བར་བསམ།། ཡང་ནི་བདག་གི་ཐུགས་ཀའི་ཡ།། དྲག་སྔགས་འབྲུ་བདུན་བསྐོར་བ་ལ།། གསད་པ་ལས་ཀྱི་སྔགས་བཟླས་ཏེ།། ཨོཾ་ཧྲི ་ཊི་བི་ཀྲི་ཏ་ན་ན་ཤད་དུ་མ་ན་ཤ་ཡ་ཧཱུཾ་ཕཊ། ཡཀྵེ་ཡ་ཙ་ན་མ་ར་ཡ་ཆེ་གེ་མོ་ཨ་མུ་ཀཾ་མ་ར་ཡ་ཧཱུཾ་ཕཊ། ཞེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས།། རང་དབང་མེད་པར་དེ་བསྐུལ་ནས།། དེས་བཤེད་ཆེན ་རལ་པ་ཚར་དགུ་བསྐུལ། དེས་ཕྱོགས་སྐྱོང་བཅུ་བསྐུལ། དེ་བཞིན་མ་མོ་མཁའ་འགྲོ་དང་།། གིང་ཕོ་གིང་མོ་བདུད་ལ་སོགས།། ལམ་དགུག་དབང་མེད་བསྐུལ་བར་བསམ།། བཟང་བ་བཀུག་ནས་ཐོད་པར་བཅུག ་དེ་བཞིན་གསད་པའི་སྔགས་བཟླས་པས།། གཏར་ཚན་རྩི་སྤུར་མི་ཆགས་བཞིན།། གང་ལ་བྱ་བས་བརླག་པར་བསམ།། དགོང་གི་དམར་ཟག་ཆད་པ་ལ།། གཤེད་ཆེན་རལ་པ་ཚལ་དགུ་ལ།། ཤ་ཁྲག་སྣ་ཚོགས ་གཏོར་མ་བྱིན།། དྲག་པོའི་ཕྲིན་ལས་བཅོལ་སྐུལ་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཞིག། སྙིང་ཁར་བརྒྱབ་པས་སྲོག་བཅད་ནས།། དབུགས་ཀུན་ཕྱིར་ལ་བྱུང་བར་བསམ།། གསང་བ་བསད་པའི་མན་ངག་འདི།། གཤིན ་རྗེ་གཤེད་པོ་ང་ཡི་ཀྱང་།། ཐུགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས།། རྡོ་རྗེ་འཛིན་པ་ཁྱོད་ལ་བྱོས།། ཟླ་གསང་ནག་པོའི་རྒྱུད་ལས། གསང་བ་ལས་ཀྱི་བསྙེན་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །། དེ་ནས་མཐུ་སྟོབས་ཀྱི ་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་འཇིགས་བྱེད་གཤེད།། དྲག་པོའི་གསང་བའི་འཁོར་ལོར་བསྐྱོན་པའི་རྟ་དང་འདེབས་པའི་སྔགས། སྡེབ་པའི་གྲོགས་དང་རྣོ་བའི་རྫས།། དེ ་བཞིན་རྐྱེན་དང་མ་ལྡན་ན།། འདམ་ལ་བཏབ་པའི་ཕུར་པ་འམ། ཁྲི་མུན་ནང་གི་གཡུ་འཚོལ་ལྟར།། རྣོ་བའི་ངར་ནི་གང་ལ་བགྱི།། སྡེབ་པའི་གྲོགས་ནི་གང་ལ་བགྱི།། ཡབ་གཅིག་འཇམ་དཔལ་བཀའ་སྩོལ་ཅིག། ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། དྲག་པོ་གསང་བའི་འཁོར་ལོ་ལ།། བསྐྱོན་པའི་རྟ་དང་མི་ལྡན་ན།། རླུང་ནག་འཚུབ་མ་འཕྱོས་པ་འདྲ།། འདེབ་པའི་རྫས་དང་མི་ལྡན་ན།། ་ནམ་མཁའ་སྤྲིན་གྱིས་འགག་པ་འདྲ།། སྡེབ་པའི་གྲོགས་དང་མ་ལྡན་ན།། དཔའ་བོ་སྙིང་ནུས་མེད་པ་འདྲ།། དེ་བཞིན་གྲོགས་རྣམས་ངས་བཤད་ཀྱི།། ལག་ན་རྡོ་རྗེས་རབ་ཏུ་ཟུངས།། བཀའ་དང་གཞུང་བཞིན་མ་ནོར ་བའི།། བསྲུང་བའི་སྡོམ་པ་མ་ཉམས་པར།། རྫས་དང་ལག་ཆ་ལྡན་པ་དང་།། བསམ་གཏན་འཛབ་ཟློས་སྲན་ཚུགས་ཤིང་།། དམ་ཚིག་བསྲུང་ཞིང་དྲག་ཤུལ་སྤྱོད།། ལྟ་སྤྱོད་སྒྲུབ་པ་ལྡན་པ་ཡི།། དཔལ་རྟུལ་ཅན་གྱི ་རྣལ་འབྱོར་པས།། བསྟན་པ་གཉེན་པོ་བསྲུང་དོན་དུ།། དགོན་པ་ཆེན་པོའི་གནས་མལ་དེར།། བྱ་བྱེད་ཟང་ཟིང་འདུ་ལོང་སྤངས།། འཚོ་བའི་ཡོ་བྱད་སྤགས་ཏེ་ལྟར།། བྱ་བ་ཐམས་ཅད་ཟིན་ནས་ནི།། བདེ ་བའི་སྟན་ལ་འདུག་ནས་ནི།། བསྐྱེད་དང་རྫོགས་པའི་རིམ་པ་སྟེ།། ཏིང་འཛིན་གསལ་བ་བསྟན་པ་ཡི།། ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ།། ཐུན་མོང་དམ་ཚིག་བསྲུང་ཞིང་བསྒྲུབ། ཁྱད་པར་དམ་ཚིག་དཔྱད་ཅིང་དོར།། ་བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བྱ།། ཚངས་ཞིང་རྫོགས་པར་གྲངས་བསྙེན་ལ།། འཁོར་ཞིང་ཕྱིན་པ་དུས་བསྙེན་ཡིན།། མཐོང་ངམ་ཐོས་སམ་ཉམས་སུ་ལེན།། མཚན་མ་བསྙེན་པ་རྫོགས་པ་དང་།། ཞི་རྒྱས ་གཉིས་ཀྱིས་འཁོར་ལོ་མཆོད།། དབང་དྲག་གཉིས་ཀྱིས་འཁོར་ལོ་མནན།། ཞི་རྒྱས་གཉིས་བསྲུང་ཕན་གདགས་ཡིན།། དབང་དྲག་གཉིས་ཀྱིས་བསྒྲལ་བར་བྱ།། འཁོར་ལོ་གཞན་ཡང་ཅི་རིགས་པར།། དབྱེ་བསྐྲད ་དགུག་སོགས་གཞུང་བཞིན་བྱ།། གང་འདོད་ལས་དེ་བསྒྲུབ་བྱ་ན།། འཁོར་ལོ་རྒྱུ་དང་སྣག་ཚ་དང་།། ཕྱོགས་སམ་སྦྱར་བའི་རིམ་པ་དང་། ཁ་དོག་སོ་སོའི་མཐུན་རྫས་ནི།། རིག་པ་ཅན་གྱི་དེ་ཤེས་བྱ།། དེ་ལ་འཁོར ་ལོ་ཞེས་གྲགས་པ།། ངོ་བོ་ངེས་ཚིག་རྣམ་གྲངས་སོ།། ངོ་བོ་སྤྱི་ཡི་དམ་ཚིག་ནི།། རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། སོ་སོ་རང་གི་མཚན་ཉིད་ནི།། གང་ལ་རྟགས་པ་དེ་ལྟར་སྣང་།། ངེས་པའི་ཚིག་ཀྱང་དེ་བཞིན་ཏེ།། ་རྣམ་པར་འགྱུར་ཞིང་འགྲོ་བ་དང་།། མི་འཁོར་འཁོར་ཞིང་འགྲོ་བ་དང་།། ལྟེ་བ་འཁོར་ཞིང་རྩེ་མོ་གཅོད།། དེ་ལ་གྲངས་ནི་མཐའ་ཡས་ཏེ།། མདོར་ན་རྣམ་པ་གསུམ་དུ་ཤེས།། ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང་།། ་ལས་དང་སྲིན་པོའི་འཁོར་ལོ་དང་།། འཇིག་རྟེན་ཕན་གནོད་བྱེད་པ་དང་།། བྱ་བ་གྲུབ་པའི་འཁོར་ལོའོ།། དཔེ་ནི་མོ་འཕང་འགལ་མེད་དང་།། གློག་དང་སྒྲ་ལྡན་འཁོར་ལོ་དང་།། ཤིང་རྟ་ཟོ་ཆུའི་འཁོར་ལོ་སོགས།། ་ལས་དང་འབྲས་བུའི་མཚན་ཉིད་དེ།། ཐུགས་རྗེས་སྤྲུལ་པའི་འཁོར་ལོ་ནི།། ཉོན་མོངས་གཅོད་ཅིང་སྡུག་བསྔལ་འཇོམས།། སྒྲུབ་དང་སྒྲུབ་པར་བྱེད་པ་ཡི།། སེམས་བསྐྱེད་པ་དང་རྒྱུ་འགྲོལ་ཞིང་།། ཡེ་ཤེས་སེམས ་མཚོན་རྣམ་གྲོལ་བྱེད།། དེ་ལས་རྣམ་པ་གཞན་དུའང་།། ཞི་དང་རྒྱས་དང་བསྲུང་བ་དང་།། དགུག་དང་དབང་དུ་བྱ་བ་དང་།། དབྱེ་སྐད་དགུག་དང་སྒྲོ་འབོག་དང་།། བསད་དང་མནན་པ་ལ་སོགས་བྱེད།། དེ་ཡི་རྐྱེན ་དང་རྩོལ་བ་དང་།། དུས་དང་ལས་ཐབས་བྱེད་པ་དང་།། འཕེན་ཞིང་སྐྱོང་བའི་ནུས་པ་ཡིས།། འཁོར་ཞིང་གཅོད་ཅིང་འབིགས་པ་དང་།། གཅུ་ཞིང་འཁྲུལ་ཞིང་བསྲུང་བ་དང་།། གཟིར་ཅིང་མནན་ཅིང་འབིགས་པ ་དང་།། རྡེག་ཅིང་རྣམ་པར་འཇོམ་པར་བྱེད།། ལས་དང་སྲིད་པའི་འཁོར་ལོ་ནི།། ལས་ཀྱི་འཕེན་པས་སྲིད་པར་འཁོར།། ཕྱི་ནང་རྟེན་འབྲེལ་འཇིགས་པ་བསྐྱེད།། ཉོན་མོངས་ལས་དང་སྡུག་བསྔལ་གྱིས།། རྣམ་པ ་གསུམ་དུ་འཁོར་ཞིང་འགྲོ། འདས་དང་ད་ལྟར་གནས་པ་དང་།། བྱོན་དང་མ་བྱོན་ཕྱིས་འབྱུང་དང་།། སྐད་ཅིག་འབྱུང་བའི་རྒྱུན་གྱིས་ན།། སྐད་ཅིག་འབྱུང་བའི་རྒྱུན་གྱིས་འཁོར།། དེ་བཞིན་ཕྱི་རོལ་དོན ་རྣམས་ཀྱང་།། དབྱར་དགུན་སྟོན་དཔྱིད་ཟླ་བ་ལ།། བསྐལ་པ་མང་པོར་འཁོར་ཞིང་འགྲོ། ངོ་བོ་ངེས་ཚིག་རྣམ་གྲངས་སུ།། འཁོར་ལོ་རང་བཞིན་བསྟན་པ་ཡིན།། བདེ་གཤེགས་བཀའ་ལས་གནོད་པ་ལ།། འཆི་བདག ་འཁོར་ལོ་ནག་པོས་བྱ།། ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ལ།། སྣརེལ་གྲིའི་མུ་ཟི་མགོ་ཐོད་བྲང་།། ཡི་དྭགས་གོས་ལ་ཁྲམ་བྱས་ཏེ།། དབྱིབས་ནི་ཟླ་བ་ལྟ་བུ་ལ།། ཀུན་ནས་ཡོངས་སུ་ཟླུམ་པ་སྟེ།། རིག་པ་གསུམ་ལྡན ་ལེའུ་ཚེ་དགུ། བཅུ་གཉིས་བཅུ་དྲུག་རྩིབས་བྱས་ཏེ།། ལེའུ་ཚེ་དགུ་དང་བཅུ་གཉིས་ལ།། བཅུ་བདུན་ལ་སོགས་སྔགས་ཀྱིས་མཛེས།། དེ་ལྟར་བུ་ཡི་འཁོར་ལོ་ནི།། ཕྱིན་ཅི་ལོག་གིས་བཅིངས་པ་ཡིས།། ལོག་པའི་ཤེས ་པ་ལྡན་པ་ངེས།། རྒྱུ་མཐུན་མཚན་མའི་འཁོར་ལོ་ནི།། མན་ངག་ཅན་གྱི་རྣལ་འབྱོར་པས། ཁ་ནས་དྲག་པོའི་སྔགས་བཟླས་ཏེ།། ཆོས་ཀྱི་རྒྱལ་པོ་ལ་སོགས་པའི།། ལས་ཀྱི་ཤན་པའི་གྲོ་བཀྲམ་སྟེ།། ལྕགས་ཀྱུ་ཞགས ་པ་ཐོ་མ་ར། ཁ་ཊྭཱཾ་བེར་ཀ་ལ་སོགས་པས།། རྡེག་ཅིང་འཇོམས་པར་བྱེད་པ་ཡི།། འཇབ་ཅིང་རྒྱུག་ཅིང་འདོད་པ་དང་།། འཛིན་ཅིང་གསོད་པར་བྱེད་པ་ཡི།། གང་ལ་བྱ་བའི་རྣམ་ཤེས་ཏེ།། ལོག་པའི་སྟོབས་ཀྱིས ་གནས་སུ་མཐོང་། ཁྲོ་བདག་གཤིན་རྗེ་གཤེད་པོ་རུ།། བདག་ཉིད་བསམ་པའི་རྣལ་འབྱོར་གྱིས།། མཚན་མ་མིང་དུ་བཅས་པ་ལ།། སྐེ་ཚེ་དུག་དང་ཉུང་ནག་ལ།། ཐལ་ཁྲག་གུ་གུལ་ཉུང་ནག་གིས།། བྲབ་དང་གཟིར ་དང་དབབ་པ་དང་།། དགུག་ཅིང་རྡོ་རྗེ་མཚོན་གྱིས་གདབ།། སྔོན་དམར་བྱང་དུ་བཞུགས་བྱས་ལ།། ག་འུ་ཁ་སྦྱར་ནང་དུ་བཞུག། སྒྲ་བཅད་ཞི་ཁྲོའི་སྔགས་བཟླས་པ།། དྲག་པོའི་སྔགས་ཀྱིས་ཕོག་གྱུར་པ།། གང་ལ ་དམིགས་པ་གྲུབ་བྱ་སྟེ།། མགོ་འཁོར་བ་དང་ཁྲག་སྐྱུག་པ།། མྱོས་དང་མ་ར་གདོན་མི་ཟ།། དྲག་པོའི་ལས་རྣམས་རྫོགས་པ་དང་། མཚན་མ་མིང་རུས་བཅས་པ་རྣམས།། ཐོད་པ་ནག་པོ་རྒྱས་བཏབ་ལ།། སྨེ་བས ་བཀྲུས་ལ་མཚན་ཆུས་བྱུག། མུ་ལ་ཡ་ཡིས་གཡོག་ཅིང་བཏུབ། ཁ་རལ་མ་ཡིས་ཞབས་མས་དྲིལ།། ཡི་དྭགས་གྲོང་ངམ་རྨེ་རྩེགས་ཁྱིམ།། མཆོད་རྟེན་དྲུང་ངམ་ལྷ་ཁང་སྒོ།། རྒྱ་མཚོའི་འགྲམ་དང་ལུང་མདོ་རུ།། རྡོ་ལ་རི ་རབ་གཟུགས་བྲིས་ལ།། སྟེང་དུ་ལམ་དང་ཧི་ཡིས་མནན།། གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ།། ཐུན་ཁ་བརྒྱད་ཀྱང་བརྡེག་པར་བྱ།། སྤྲོས་པ་དུག་ཐུན་ལྐུག་པ་ཁ།། ཉི་མ་དང་པོ་ཐུན་གྱིས་མནན།། གཟིར་བ་མཐའ ་མཐུན་བླ་ལ་གཟེར།། ཉི་མ་གཉིས་པ་ཐུན་གྱིས་བྲབ།། ལྐུགས་པ་ཁྲག་ཐུན་མྱོས་པ་ཕུར།། ཉི་མ་གསུམ་པའི་ཐུན་གྱིས་བྲབ།། གསང་བ་ཉུང་ནག་ས་ཡི་མཚོན།། ཉི་མ་བཞི་པའི་སྔགས་ཀྱིས་མནན།། མཚན་ངན་ཟོད ་། པ་ཁྲག་གིས་བྱུག་ཁྲག་སྣ་དུག་སྣ་སྦྱར་བྱས་ལ།། ཤན་དམར་དུག་སྒྱོགས་དུག་ཐུན་བཟླས།། གླེན་ལྐུག་ཐོད་པར་ཁ་དུན་ཏེ།། ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས།། གྲི་བོའི་ཐོད་པར་མཚོན ་བརྡར་བའོ།། མཁྲིས་ནད་ཐོད་པ་ས་གསེ་སེར།། བླ་བ་གསེར་ཐུན་ཐུན་སྔགས་སོ།། ཉེ་བའི་ཐོད་པར་ཁྲག་ཐུན་དང་།། མྱོས་པ་ཕུར་ཐུན་བཟླས་པར་བྱ།། རབས་ཆད་ཐོད་པར་ཉུང་ཐུན་དང་།། ས་མཚོན་ཐུན་དུ ་ཤེས་པར་བྱ།། ཆུ་ཤེལ་སྒྲོལ་མ་བརླག་པའི་ཚེ།། སྐྱུགས་པ་མོན་མོ་ལག་གཡབ་ཀྱིས།། སྲིད་པའི་དམག་དཔུང་ར་ཟླ་ཟློག། རྩ་བ་རི་ཡི་གཡབ་ཀྱིས་གཡབ།། གསུར་དང་རྨེ་བའི་དུད་པས་བདུག། གཅེར་བུ་སྤྱི་གཙུག ་དུངུ་འབོད་བྱ།། མི་མཐུན་གཉེན་པོའི་ཕྱོགས་དག་ཏུ།། གཟིར་མནན་དྲག་པོའི་མངོན་སྤྱོད་བྱ།། དྲག་པོའི་ཐུན་སྔགས་ཁ་ནས་བཟླས།། ཁུང་ཐུན་ཡ་རྦད། ན་ཐུན་ཡ་རྦད། གུང་ཐུན་ཡ་རྦད། ཁྲག་ཐུན་ཡ་རྦད། དང་པོ ་དང་པོ་ལས་ཀྱི་དགྱེ། སྲོག་ལ་ཡཾ་ཡཾ། སྙིང་ལ་ཐུན་ཡ། ཁ་བརྒྱད་ཟུན་ཡང་བརྡེག་པར་བྱ།། ལྷ་སྲིད་སྡེ་བརྒྱད་ལ་སོགས་པའི།། སྲིད་པའི་དམག་དཔུང་ཕབ་ནས་ནི།། དྲང་སྲོང་དམོད་པའི་སྔགས་ཟོར་དང་།། སྣ ་ཚོགས་སྔགས་ཀྱི་སྦྱོར་བ་དང་།། ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས།། གྲུ་གང་གྲུ་བཞི་ཟབ་ཡོད་པར།། གའུ་རྫས་ཀྱི་སྦྱོར་བ་དེ།། འབྱུང་པོ་གཏོར་མ་གཤིན་རྗེ་ལ།། བྱིན་ལ་ལག་ཏུ་གཏད་ཁྲམ་བྱ།། རང་གི་ཡི་དམ་བསྒོམ ་བྱ་ཞིང་།། བྱིན་བརླབས་པ་ཡི་གཏོར་མ་ནི།། ས་གྲོས་ཆེ་ལ་ལྷོ་ཕྱོགས་གཏད།། སྒྲོལ་བའི་དྲག་སྔགས་བསྔག་པའི་ལུང་།། བསྟན་པ་བསྲུང་བ་མནན་པའི་གཏེར།། ཕྲིན་ལས་དྲག་པོ་སྔགས་ཀྱི་མཚོན།། འཁོར་ལོ་ཐུན ་བསྡེབས་བསྒྲལ་བའི་འཕྱོངས།། རྡོ་རྗེ་འཛིན་པས་བཟུང་ཞིང་ཆོངས།། དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཐུན་འདེབས་ཀྱི་སྐབས་ཏེ་བཅུ་དགུ་པའོ།། །། གཤིན་རྗེ་གཤེད་པོས་འདི ་། སྐད་བརྗོད།། བསྟན་པ་བསྲུང་བ་བརྣག་པའི་ལུང་།། ཐུགས་ཀྱི་བརྣག་པ་སྔགས་ཟོར་མཆོག། སྒྲོལ་བའི་ཕྲིན་ལས་སྦྱར་ཐབས་དག། འཁོར་ལོ་བྱད་སྟེམས་མན་ངག་འཕྱོང་།། བཀ་ཡི་བསྟན་པ་བསྲུང་བའི་ཕྱིར།། ་རང་སེམས་དག་པའི་རྣལ་འབྱོར་པས།། སྙིང་རྗེ་རྟག་ཏུ་སྲོག་ལྟར་རྟེན།། བྱམས་དགའ་བཏང་སྙོམས་དེ་བཞིན་དུ།། མོད་སྲོག་འདོན་ཞིང་བསམ་གཏན་བྱ།། རྒྱུན་གྱི་ཡི་དམ་རྩེ་གཅིག་གསལ།། བླ་མ་དག་ལ་རྟག་ཏུ ་བཀུར།། དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་གཞུག། ཐེག་ཆེན་དམ་ཚིག་སྡོམ་པ་བཤད།། རང་གི་སྔགས་དང་ཕྱག་རྒྱ་བསྟན།། སྒྲུབ་ཐབས་མན་ངག་ལེགས་པར་སླད།། དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན་རེ ་རྟག་ཏུ་བྱས་ནས་ཀྱང་།། སྐུ་གཟུགས་མེད་ཀྱང་འབད་དེ་བྱ།། བདེ་བའི་གཏན་ལ་ལུས་སེམས་བཞག། སུམ་འབུམ་མི་སྐྱེ་བར་དུ་བཟླས།། དེ་འོག་རི་རྩེར་གནས་བཅས་ལ།། རླུང་བཟུང་ཞིང་ནི་བཟླས་པ་བྱ།། འབུམ ་། བཅུའི་མཐར་ནི་ཕྲིན་ལས་བརྩམ།། ནམ་མཁའི་སྒྲོན་མ་མར་དུ་ཚེས།། ཡི་དྭགས་གྲོང་བཅོམ་ཤི་གོས་ལ།། ཡི་དྭགས་འཁོར་ལོ་བདུག་པའི་ལྟེ་བ་ལ།། རེའུ་དགུ་ཡིས་མཚམས་བོར་ཏོ།། བཅུ་གཉིས ་འཁོར་ལོ་བདུག་པའི་ནང་།། བདུན་ལ་སོགས་པ་གསང་སྔགས་དང་།། ཟླུམ་པོར་བསྐོར་བའི་ཕྱི་རིམ་ནི།། ཧྲི་ཊི་མིང་ཡིག་དབྱངས་ཚོགས་རྣམས།། དུར་ཁྲོད་སོལ་བ་དུག་སོགས་ཀྱིས།། སྲིན་འཐེབ་གུང་འཛུབ་སྦྱར ་བ་ཡིས།། ཁྲུ་གང་གོས་གཉིས་རས་མཆོག་ལ།། བདུག་པའི་ཡི་གེ་གཡས་གཡོན་བཟློག། དེའི་ནང་ཆུད་པའི་སྐྱེས་བུ་གཉིས།། ཞབས་བགྲད་སྤྱན་ཟློག་འཁོར་ལོ་འཛིན།། ཕྱག་ཞབས་མགུར་ཆུ་རོ་ཉེས་བརྒྱན།། མི་སྨྲ ་དབང་པོ་བསྡམས་ཏེ་བྲིས།། གཉིས་སྦྱར་རྒྱབ་ལ་རོ་ཉེ་བྲི།། བསྡམས་པའི་ཚུལ་གྱིས་མཁས་པས་བྲི།། བདུག་པས་བཟུང་ཞིང་ཐོད་ནག་དུ།། དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས།། བདུག་པའི་ཐོད་ནག་ལྷ་འོག ་བྲི།། དངར་དང་ཀླུ་སྨན་རྩི་མཆོག་གིས།། མཆོད་ཅིང་ཟད་ལ་མགུ་བར་བྱ།། གདུག་པ་བཟུང་ཞིང་ཐོད་པར་བཞུག། སྔོ་དམར་བྱ་ཟག་བཞི་བསྡམས་ལ།། བཟུང་སྟེ་ཉིན་མཚན་མ་ནོར་བཟླས། ཁ་ནས་དྲག་པོའི ་སྔགས་བཟླས་པས།། རྡོ་རྗེ་རླུང་ལྕེ་སྦྱར་བ་ལས།། སྔོན་དམར་བདུག་པའི་རོ་ཆོ་ཚོགས།། དུར་ཁྲོད་སོལ་བ་དུག་སོགས་སྦྱར།། ལྕགས་སམ་འུག་པའི་སྒྲོ་རྩ་ཡིས།། གསང་བའི་སྔགས་དང་མིང་རུས་བྲི།། དུག་ཅན ་ནད་ཀྱིས་བཀྲུས་བྱས་ལ།། དུག་ལྕེ་ནག་པོའི་ལྡག་པར་བསམ།། འཆི་བདག་ཤན་པ་ཡི་དྭགས་ཚོགས།། གཏུམ་པོ་དུག་གི་ཁ་རླངས་ཅན།། ཆོས་ཀྱི་རྒྱལ་པོ་ལ་སོགས་པས།། འཇབ་ཅིང་རྒྱུག་ཅིང་བཟུང་ནས་ནི།། ་གཤིན་རྗེ་གདུག་པའི་ཁང་པ་རུ།། དབང་མེད་ལས་ཀྱིས་འཇུག་པར་བསམ།། ཧྲི་ཊི་གདུག་པ་སྔགས་ཀྱི་མཐར།། ཧཱུཾ་དང་མིང་སྤེལ་ཨ་ཀཪྵ།། ཛ་གཉིས་འགུག་པའི་གསང་སྔགས་བཟླས།། སྐྱེ་ཚེ་དུག་ཉུངས་སྔགས ་ཀྱིས་བྲབ།། ཟླ་བ་ནག་པོའི་མར་དུས་ཚེ།། འཁོར་ལོ་རྩིབས་བཞི་གྲུ་གསུམ་སྟེ།། ལྕགས་རི་ནག་པོའི་སྟེང་དག་ཏུ།། ཡི་དྭགས་གདུག་པའི་ག་འུ་བཞག། ཡ་ཚོགས་གདུག་པའི་གསང་སྔགས་རྣམས།། ཞི་ཁྲོ་ཚོགས ་ནས་ག་འུ་དེ།། རྫ་མཁན་ས་ལ་གའུ་རྒྱུ།། གདུག་པའི་གའུ་ཤོང་པའི་ཚད།། གཉིས་བྱས་རང་དུ་རོ་ཉེ་གཉིས།། ཕྱི་ནང་གཉིས་སུ་འབུར་བུ་བྱ།། ག་འུ་དག་ལ་འཁྲིལ་པའི་ཚུལ།། དེ་ཡིས་སྨིན་པ་གའུ་ནག། གདུག། ་པའི་ཐོད་ནག་ག་འུར་གཞུག། སྔོན་དམར་གཉིས་ཀྱིས་ཐི་གུས་བསྡམས།། ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀྱི།། གདུག་པ་གནས་པའི་ཡུལ་ཕྱིན་ལ།། སྒོ་ལྟར་ཁྱིམ་ནས་འདོམ་གང་རུ།། རྡོ་ལ་འཇིག་རྟེན་གཟུགས ་བྲིས་ལ།། ས་སྒོར་ཕྱིན་ལ་ཁྱིམ་བདག་པོད།། མཐུན་པའི་རྫས་བྱིན་མགུ་བར་བྱ།། གའུ་གདུག་པའི་སྦྱོར་བ་དེ།། ལེགས་སྦས་དེ་ནས་འཇིག་རྟེན་གཞུག། གང་ལ་བྱ་བའི་རུས་དང་ལོ།། གཉེན་པོས་གང་ཤིས་མཁས ་པས་དཔྱད།། ཟླ་བ་ནག་པོའི་མར་དུས་ཚེ།། དྲང་སྲོང་རྒྱུ་བའི་ས་ཕྱོགས་སུ།། བྱང་སྡེབས་འཁོར་ལོ་བཙན་དུག་སྦྱར། ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་སྤྱད།། གཅེར་བུ་སྤྱི་གཙུག་འོ་དོད་འབོད།། མ ་ངེས་དཔང་གཟུགས་རུ་དུང་འབུད།། མི་མཐུན་གཉེན་པོའི་ས་ཕྱོགས་སུ།། བོད་ཤིང་མཆོད་གཏད་ཁྲམ་བྱ།། ཁྱབ་འཇུག་གདུག་པའི་དམོད་པ་བོར།། ཡི་དྭགས་གདུག་པས་སྨོན་ལམ་གདབ།། ན་ག་གདུག་པས ་དམོད་བཅོལ་བྱ།། རང་ཉིད་ལྷ་ཡི་ང་རྒྱལ་གྱིས།། དཀར་བ་རྡོ་རྗེ་རྒྱ་བསམ་ལ།། ས་སྒོ་བཅད་ལ་རྒྱ་ཡིས་མནན།། སྡོམ་ལ་གནས་པའི་རྣལ་འབྱོར་པས།། གཡེང་བ་མེད་པའི་ཏིང་འཛིན་གྱིས།། ཕྲིན་ལས་རྫོགས་ཀྱང ་གསང་སྔགས་བཟླས།། སྒྲུབ་པའི་གཟུགས་དཔུང་མ་ཞིག་པར།། གདུག་པ་སྦྲུལ་གྱི་སེམས་འདྲལ་བར།། མ་ཞིག་བར་དུ་བཏང་མི་བྱ།། ཞིག་སྟེ་མངོན་དུ་གྱུར་པ་ན།། སྦར་ཞིང་གསོ་བའི་ཆོ་ག་བྱ།། སྐྱེད་དང་སྤྱན ་དྲངས་མཆོད་བསྐུལ་རྣམས།། སྒོམ་རྒྱུ་འཛབ་མཐུན་ནང་དུའོ།། བླ་མའི་གདམས་ངག་དམ་པ་ཡང་།། སྙིང་ལ་མནག་སྟེ་བཞག་པར་བྱ།། བྱང་ཆུབ་སེམས་གཉིས་སེམས་ལ་བཞག། དམ་ཚིག་སྡོམ་ཞིང་མི་ཉམས ་བསྲུང་།། བཀའ་ཡི་ཆད་པ་རྗེས་མཐུན་པར།། རྫས་དང་ལག་ཆར་མཐུན་བསྡེབས་ཤིང་།། རྟག་ཏུ་དུར་ཁྲོད་དགོན་པར་དགའ།། དུས་དང་ལོ་ཚིགས་དམ་བཅས་པའི།། མི་འདའ་གཞུང་ལྟར་བྱེད་པ་སྟེ།། མཚན་མ ་མཐོང་དང་བཟླས་པ་རྫོགས།། རྒྱུན་གྱི་ཡི་དམ་གཙོ་བ་སྟེ།། དེ་ལྟ་བུ་ཡི་རྣལ་འབྱོར་ལ།། བདེན་པ་གྲུབ་པའི་ནུས་པ་ཡོད།། ཤེས་རབ་སྙིང་རྫི་ལྡན་པ་ཡི།། དབང་སྟོབས་དམ་ཚིག་སྲོག་ལྟར་བརྟེན།། མི་འཇིགས ་དཔའ་བོ་བརྟུལ་ཞུགས་ཅན།། མན་ངག་ཡོད་པའི་རྣལ་འབྱོར་པས།། རང་དོན་ཕྲན་ཚེགས་མ་ཡིན་པ།། དཀོན་མཆོག་དབུ་འཕངས་དམོད་པ་དང་།། བསྟན་པ་ཞེ་སྡང་གནོད་བྱེད་པ།། བཀའ་གསང་སྟོན་པས་བཤད ་པ་ཡིས།། དྲག་པོ་མངོན་སྤྱོད་ཟབ་མོ་ལུང་།། གཤིན་རྗེ་གཤེད་པོ་བདག་གིས་ཀྱང་།། ཐུགས་ཀྱི་སྒོམ་ནས་བཏོན་པ་འདི།། འཁོར་ལོ་བྱང་སྡེབས་བརྣག་པའི་ལུང་།། བསྟན་པ་གཉེན་པོ་མི་བསྲུང་ན།། མན་ངག་ཅན ་གྱིས་དེ་ཤེས་ཀྱང་།། ལས་ཀྱི་བྱ་བ་ཐུན་ཆགས་རྣམས།། ཟླ་གསང་ལུང་ལ་ལྟོས་པར་བྱ།། ཅུང་ཟད་མི་མཐུན་འཆའ་སྟོན་རྣམས།། ཟླ་གསང་ནག་པོའི་རྒྱུད་དག་ལས།། གསང་བ་མཛེས་མཐུན་གཞུང་ལྟར་བྱ།། དེ་ལ ་མཆོད་པ་གསུངས་པ་ནི།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། དཀྱིལ་འཁོར་ཆེན་པོ་ཡངས་པ་དང་།། ཚིགས་བཅད་དྲུག་ཅུ་མཐའ་མ་ལ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། འགྲོ་ལ་ཕན་པའི་གཙོ་ཆེན ་གྱིས།། སྨན་པར་དགོངས་ཏེ་བཞེས་སུ་གསོལ།། ཚིག་གཉིས་བརྟགས་ལ་དབུལ་བར་བྱ།། བསྟོད་པ་ལ་སོགས་བྱེད་པ་ན།། དེ་བཞིན་རྩ་བ་མཚན་གྱིས་སྔགས་བརྗོད་ལ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། ་རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། བདུད་སོགས་ཉི་ཤུར་བསྟོད་བྱས་མཐར།། མཚན་གྱི་སྔགས་བརྗོད་བསྟོད་ཆེན་བྱ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།། ཅེས་པ་ནས། མ་རིག་སྒོ་ངའི་སྦུབས ་འབྱེད་པ།། སྲིད་པའི་དྲ་བ་འཇོམས་པ་པོ།། ཞེས་སོགས་བསྟོད་པའི་ཚིག་རྐང་དྲུག། དྲུག་ཅུ་རྩ་བཞིས་བསྟོད་པ་དབུལ།། ཡང་ན་འདུད་ཚོགས་ཉི་ཤུ་ནས།། མཚན་སྔགས་བརྗོད་ལ་བསྟོད་བཅུ་བྱ།། ཡང་ན་མཛེས ་མཐུན་གཞུང་བཞིན་བྱ།། བསྐལ་པ་སྦྲུལ་ནག་འཁྱིལ་བ་ཅེས་པའོ།། འཁོར་ལོ་བྱད་སྟེམས་བསད་ཐབས་འདི།། དཀོན་མཆོག་དམོད་ཅིང་བསྟན་པ་འཇིག། མངོན་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར།། མི་ཚིག་ཐ་སྙད ་ཙམ་དུ་བརྗོད་མི་བྱ།། ཆུ་སྲིན་མགྲིན་པར་རིན་ཆེན་ཆུད་པ་བཞིན།། གོང་དུ་བརྣགས་ཏེ་ཡོངས་སུ་བསྒྲགས་པ་མིན།། གཤིན་རྗེ་གཤེད་པོ་ཐུགས་ཀྱི་ཡང་བཅུད་འདི།། ལག་ན་རྡོ་རྗེ་རབ་ཏུ་ཉོན་ཅིག་ཟུང་།། གཤིན་རྗེ ་ཟླ་གསང་ནག་པོའི་རྒྱུད་ལས། མཚོན་གྱི་གྲུ་བུ་སྔོན་དམར་འཁོར་ལོ་བྱད་སྡེབས་ཀྱི་སྐབས་ཏེ་ཉི་ཤུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་བརྗོད་དོ།། ལས་ཀྱི་བྱ་བ ་གཞན་ཟིན་ནས།། དྲག་པོའི་འཁོར་ལོ་མནན་པ་འདི།། ལག་ན་རྡོ་རྗེས་རབ་ཏུ་བཟུང་།། ཤིན་ཏུ་དགོན་པའི་གནས་ཉིད་དུ།། དུར་ཁྲོད་ཀློང་ནས་རས་བླངས་ནས།། འཁོར་ལོ་རིམ་པ་ཚུལ་བཞིན་བྲི།། མ་ར་ཡ་ཡི ་ལིང་ག་ཉིད།། ཇི་བཞིན་འདོད་པའི་དབྱིབས་སུ་བཅའ།། གོང་མའི་བསྙེན་པ་རྫོགས་པ་དང་།། འཁོར་ལོ་བཅའ་བའི་དམ་རྫས་ཏེ།། མཆོད་རྟེན་འོག་ཏུ་མནན་པར་ལ།། བདག་ཉིད་གཤེད་པོར་བསྒོམ་བྱས་ལས།། ་མཆོད་རྟེན་དེ་ཉིད་ངོ་བོ་ཡང་།། རི་རབ་གླིང་བཞིར་བཅས་པ་བསྒོམ།། རི་རབ་ལྷོ་ན་བཞུགས་པ་སྟེ།། སྒྲོལ་བའི་ཡུམ་དང་སྦྱོར་བའི་ཡུམ།། ཤར་དང་ནུབ་ན་གནས་པར་བསྒོམ།། བྱང་ན་སྲས་མཆོག་གནས་པར་བྱ།། ་དེ་བཞིན་རབ་ཏུ་མནན་ཅིང་གཟིར།། རི་རབ་ཟུར་བཞིར་ལམ་ཟེར་བཞི།། དེ་ལ་གླིང་ཕྲན་བཅུ་གཉིས་བསམ།། རི་རབ་འོག་ཏུ་གཟས་པའོ།། གཤིན་རྗེ་རལ་པ་ཚལ་དགུ་ཡིས།། ལྕགས་ཐག་སྔོན་པོས་བཅིངས་པ་སྟེ།། ་བམ་རིལ་མནན་ནས་ལྕགས་ཕུར་ལ།། དཔག་བསམ་ཤིང་ཙམ་བཙུགས་བྱས་ཏེ།། སྒྲ་སྒྲོགས་ཁ་ནས་ཁྲག་སྐྱུགས་གན་བུབ་ཅིང་།། དམིགས་རྩ་རིག་རིག་འོ་དོད་ཙེ་རེ་རེ།། ཅི་མཛད་འོ་ན་ཟོང་ཟེར་མནན་པར་བསམ།། ་འཁོར་ལོ་བྲི་བའི་དུས་སུ་ཡང་།། དམིགས་པའི་མི་དག་བཞུགས་པ་ནི།། འཁོར་ལོ་ཉིད་ལ་མོ་ཞོན་ཞིང་།། མེ་བཏུབ་པ་རྣམས་གུད་དུ་བྲི།། དེ་དག་བྲིས་ཏེ་གདགས་པར་བྱའོ།། གནས་དང་ཐབས་ནི་འདི་ཡིན་ཏེ། ་། ཡ་ལ་སོགས་པའི་ཡི་གེ་ལྔ།། གྲུ་བཞི་ཧཱུཾ་ཕཊ་བར་མཚམས་བཞིར།། རྩིབས་ཀྱི་རེའུ་ཆ་བཅུ་གཉིས་དང་།། མཐའ་བསྐོར་མིང་བྲིས་ལེའུ་ཚེ་བརྒྱད།། དེ་དག་ཉི་ཤུ་རྩ་དགུ་ལ།། གོང་དུ་མིང་གི་འཇུག་ཏུ་ཡང་།། མ་ར་ཡ ་ཞེས་བྲི་བའི་འཁོར་ལོ་གཉིས། ཁ་སྦྱར་བ་ཡི་བར་དུ་གཞུག། འཁོར་ལོ་སྐུད་པས་སྦྲེལ་ལ་བཞག། ངན་སྔགས་ཟློས་པའི་བར་དུ་ཡང་།། བཞི་པའི་ངན་སྔགས་ཁྲི་ཕྲག་གདོན།། དེ་དག་སྟོན་པའི་རྗེས་ལ ་ཡང་།། ཡི་གེ་བཅུ་པ་ནུས་ཚད་བཟླས།། དེ་ཚེ་མཆོད་པ་དབུལ་བ་དང་།། དེ་ཚེ་གཏོར་མ་གཏོང་བ་ཡང་།། ཡེ་ཤེས་ལྷ་ལ་ཐུགས་དམ་བསྐུལ།། ལས་ཀྱི་གཤིན་རྗེ་མ་མོ་རྣམས།། རཀྟ་གསོལ་ཞིང་དགུག་པའི་ཕྲིན ་ལས་བྱ།། འཁོར་ལོ་སྦེད་པའི་དུས་སུ་ཡང་།། གཤིན་རྗེ་དག་ལ་གཏད་པ་ནི།། རྫས་ཀྱི་མཆོད་པ་བཤམ་པ་དང་།། བདག་ཉིད་གཤེད་པོར་བསྒོམ་པ་དང་།། འཆི་བདག་དགོངས་སུ་གསོལ་བ་དང་།། རང་གི་ལས་ཀྱི ་ལྷ་རྫི་ཞིང་།། སྒྲུབ་པའི་ཚད་ལ་བརྩི་བ་དང་།། གཤིན་རྗེ་རྒྱལ་པོ་སྤྱན་དྲངས་ནས།། དམ་ཚིག་ཕྱག་རྒྱ་རབ་བསྟན་ཅིང་།། དམ་ཚིག་སྙིང་པོ་རབ་ཏུ་བཟླས།། དེ་བཞིན་དམ་ལས་མི་འདའ་ཞིང་།། དམ་རྫས་མཆོད ་པས་མཉེས་བྱས་དང་།། ལས་ཀྱི་ཕྱག་རྒྱ་བཅའ་བ་དང་།། དམ་ཚིག་བསྐུལ་ཏེ་ལས་ཀྱི་གཉེར་གཏད་དང་།། གནས་སྐབས་རྣམས་ཀྱིས་གཏད་པའི་ལས་རྫོགས་ཏེ།། དྲང་སྲོང་དམོད་པའི་སྨོན་ལམ་གདབ་པར་བྱ།། དེ ་ལ་མནན་རྫས་བསགས་པ་ནི། ཁྱི་ཕག་ར་དང་དུག་ལ་སོགས།། ཕུག་རོན་སྡུག་པ་པུ་ཤུད་སྒོ།། སྲིན་བྱའི་སྙིང་དང་འུག་པའི་མིག། གཙོང་དང་ལ་ཕུག་སྐེ་ཚེ་དང་།། གཡེར་མ་བྲ་བོ་སྒ་དང་ནས།། དེ་ལ་བསྔགས་ཏེ ་མནན་པའོ།། སྤྱི་ཉིད་མནན་པའི་ལས་བྱ་ན།། གཤེད་པོ་དགོངས་པས་མནན་པ་དང་།། ཕྱག་རྒྱ་སྟོབས་ཀྱིས་མནན་པ་དང་།། གཏད་ཁྲམ་བཅུ་གཉིས་ཆོ་གས་མནན་པའོ།། ཡས་ཟགས་བདུག་པས་མནན་པ་དང་།། ་དེ་དག་རྫས་ཀྱིས་མནན་པའོ།། དྲག་པོ་སྔགས་ཀྱི་མནན་པ་དང་།། སྨོན་ལམ་གདབ་ཅིང་མནན་པ་དང་།། དྲང་སྲོང་དམོད་པས་མནན་པའོ།། འདི་ནས་ལྷོ་ཕྱོགས་ཕ་རོལ་ན།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཕ་རོལ ་ན།། ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན།། ཡི་དྭགས་ཀུན་གྱི་སྡེ་དཔོན་པ།། མ་མོ་ཀུན་གྱི་སྲོག་རྗེ་མོ།། གསོན་གཤིན་གཉིས་ཀྱི་ཟ་ཁ་ན།། གསོན་པོ་རྐོས་ལ་འདེབས་པ་པོ།། ཤི་བ་རྣམས་ཀྱི་གཤིན་བུ་རྗེ།། དགེ་བ་ཅན ་གྱི་སྟང་འཛིན་པ།། སྡིག་པ་ཅན་གྱི་ཆད་ཁ་མཁན།། ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ།། ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ།། མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན།། འཁོར་བཅས་ཁྱེད་ལ་གཏད་པར་བྱ།། དེ་དག ་རབ་ཏུ་མནན་གྱུར་ན།། དེ་ཡི་ཆོ་ག་འདིར་མ་བཤད།། ལག་ན་རྡོ་རྗེས་རབ་ཏུ་བཟུང་།། ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་མནན་པའི་སྐབས་ཏེ་ཉེར་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ ་གཤེད་པོ་འདི་སྐད་ཅེས་བརྗོད་དོ།། བདག་དོན་མ་ཡིན་གཞན་དོན་ནམ།། དཀོན་མཆོག་བླ་མའི་དོན་ཆེད་དུ།། རུ་ང་གདུག་པ་ཚར་བཅད་ནས།། སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། དཔེར་ན་དཔའ་བོ་སྐྱེས ་པ་ཡིས།། གཡུལ་ངོ་བཟློག་པར་འདོད་པ་ཡི།། གོ་དང་མཚོན་ལ་ནན་ཏན་སྐྱེད།། དེ་ནས་གཡུལ་ངོ་ཟློག་པར་འགྱུར།། གོ་མགོན་མག་རལ་རག་ལུས་ཕྱིར།། དཔའ་བོས་མགར་ལ་བརྟེན་པར་བྱ།། ་མགར་གྱི་རྡོ་ལས་ལྕགས་སུ་བཞུ།། ལྕགས་ལས་གོ་དང་མཚོན་དུ་བརྡུང་།། དེ་ནས་ཐར་ལ་ནན་ཏན་སྐྱེད།། ཏིལ་མར་ངར་དང་ཡིད་འཐད་བླུད།། དེ་ནས་བརྡེག་ཐབས་ཤེས་པར་བྱ།། དེ་བཞིན་རྣལ་འབྱོར་ཆེན་པོས ་ཀྱང་།། ཐོག་མར་བླ་མ་མཉེས་བྱའི་ཕྱིར།། རབ་ཏུ་གཅེས་དང་ཡིད་འཐད་དབུལ།། གནང་བ་བཀའ་ཡི་དབང་ཡང་ནོད།། མན་ངག་གནང་ནས་སྐུར་ལ་སྒྲུབ།། སྙིང་པོ་གདོན་ཐབས་སྔགས་ཤེས་བྱ།། དྲུག་འབུམ་སུམ ་འབུམ་གཅིག་འབུམ་དང་།། གཞན་ཡང་འབུམ་གཅིག་ཤེས་པར་བྱ།། དེ་ནས་མཁས་པས་ཕྲིན་ལས་བྱ།། རྫས་དང་དུས་ཕྱོགས་མཁས་པས་བརྟག། ཁྲི་ཁྲིའི་བར་དུ་སྤྱི་རྒྱུགས་བྱ།། ཕྲིན་ལས་དག་པ་རྣམ་གསུམ་སྟེ།། ་འཁོར་ལོ་སྦྱིན་སྲེག་མནན་པའོ།། དང་པོ་འཁོར་ལོའི་ལས་བྱས་ནས།། དེ་ནས་མནན་པའི་ལས་ཞེས་བྱ།། ཐ་མར་མེ་ཡི་ལས་བྱ་སྟེ།། མེ་ལྷ་བསྙེན་པའི་ལས་རྣམས་འགྲུབ།། དང་པོ་བསྙེན་པ་རྫོགས་པ་དང་།། འཁོར ་ལོ་བསྐོར་བའི་ལས་བྱས་ནས།། གཞུ་ལས་བྱུང་བའི་འཁོར་ལོ་ཡིས།། མནན་པའི་ལས་ཐབས་བྱས་ནས་ནི།། ཧོམ་དང་བསྲེག་པའི་ལས་བཤད་པ།། ཐབ་ཁུང་གྲུ་གསུམ་བརྩེགས་མ་ལ།། རྡོ་རྗེ་རྒྱ་གྲམ་ནག་པོ་བྲི།། ་བཟས་པོའི་ལིང་ག་བཞག་པར་བྱ།། དེ་ལ་ཧོམ་ཤིང་ཚེར་མ་ཅན།། བམ་པོ་བསྒྲེངས་ནས་གྲུ་གསུམ་བརྩིག། དུག་ཆུ་ཁྲག་གིས་བྱུག་པར་བྱ།། གཞན་ཡང་རཀྟའི་ཨརྒེ་དང་།། སྨན་ཕུད་ཏིལ་མར་དགྲ་བཤོས་དང་།། ་ཚེར་ཐུད་ཟངས་ཕྱེ་ལྕགས་ཕྱེ་དང་།། རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ།། ཤ་ཆེན་དུད་པས་སྦུབས་པ་དང་།། དེ་དག་ལ་སོགས་མདུན་དུ་བཞག། གོས་ནག་བསྒོ་ཞིང་ཐོད་ནག་བཅིངས།། རཀྟའི་ཕྲེང་བས་སེ་རལ་ཁ།། དཔྲལ ་བར་མེ་ལོང་ཞིང་གིས་གདན།། རུས་སྦལ་འདུག་སྟངས་ལྷོ་ཕྱོགས་བལྟ།། ལྕགས་སམ་མི་རྐང་གཟར་བུ་ཐོགས།། དྲི་ཆེན་དྲི་ཆུ་གོས་དུམ་གྱིས།། ས་ལ་དམིགས་པའི་གཟུགས་བྱས་ལ།། སྙིང་ཁར་དམིགས་དང་རུས ་བཅས་གཞུག། གཞན་ཡང་མིང་ཡིག་མང་པོ་དང་།། མི་བསད་མཚོན་གྱི་ལིང་ག་བཏུབ།། དུམ་བུ་རེ་དང་མིང་བྱང་དང་།། ཤ་ཆེན་གཏུབ་པ་རེ་སྒྲགས་ལ།། དྲག་པོ་སྔགས་ཀྱིས་ཁྲོས་ལ་བསྲེག། ཏིང་ངེ་འཛིན་གྱི་རིམ ་པ་ནི།། ཏིང་འཛིན་རྣམ་གསུམ་རིམ་པ་དང་།། བཅས་པའི་ཕྲིན་ལས་གཞུང་བསྲང་བྱ།། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ&ཧཾ། ཆོས་རྣམས་སྟོང་པའི་ང་རྒྱལ་བྱའོ།། དེ་ཡི་ངང་ལས་ང་རྒྱལ་ལྷ།། ཡ་མནྟ་ཀ ་གསལ་བསྒོམས་ཏེ།། ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་པ།། རྒྱན་དང་ཆ་ལུགས་གསལ་བར་བསྒོམ།། ཐབ་ཁུང་ཨེ་ལས་འབར་བའི་གཞལ་ཡས་ཁང་།། དྲག་པོ་འབར་བའི་གནས་སུ་གསལ་བར་བསྒོམ།། ཡུགས་ས ་རྡོ་ནག་ཤིང་ནག་བཙུགས་པའི་སྟེང་།། རླུང་གཡབ་ནག་པོ་སྦར་བ་འམ།། དྲག་པོ་སྔགས་ཀྱིས་རབ་ཏུ་སྦར།། མེ་ཡི་ནང་དུ་རི་ནག་མེ་ཡི་ལྷ།། རྒྱན་དང་ཆ་ལུགས་ནག་པོ་གསལ་བར་བསྒོམ།། ཏིང་ངེ ་འཛིན་གྱིས་སྤྲོ་བའི་གནས་ནས་ཀྱང་།། འོད་ཟེར་ལྕགས་ཀྱུས་ཡེ་ཤེས་མེ་ལྷ་དེས།། སྤྱན་དྲངས་གཉིས་སུ་མེད་པར་བཞུགས་པར་བསམ།། མེ་ཡི་ལྷ་ཉིད་སྔགས་འདིས་སྤྱན་དྲངས་ཏེ།། ཨོཾ་ཨགྣེ་ཀ་བྱ་ཛ་ཛ་ཛ་ཧཱུཾ་བཾ་ཧོཿ ་སྐུ་མདོག་དམར་སྐྱ་ར་སྐྱེས་ཁམ་པ་ཞོན།། ར་ལས་འཇའ་ཚོན་སྣ་ལྔ་འཁྱིལ་ཞིང་མ་མགལ་སྔ་རུ་ལ།། ཡ་མགལ་ཕྱི་རུ་སྒ་ལ་ལྤགས་པས་གཡོགས།། སྦྲུལ་ནག་གོང་སྨད་ཕྱག་ན་དྲིལ་བུ་བསྣམས།། དབུ་ལ་མི་ཐོད ་བཅིངས་པ་མེ་ཡི་ནང་ན་བཞུགས།། ཤར་ལྷོ་མཚམས་ནས་འོང་ནས་གཉིས་སུ་མེད་པར་བཞུགས།། དེ་ནས་ཡང་ཨོཾ་པྲ་མོ་ཧ་པྲ་མོ་ཧེ་ཞེས་པས།། མེ་ཡི་མདུན་རྒྱབ་ལྷ་ཟུར་བཞིར།། པྲ་མོ་ཧ་སྤྱན་གསུམ་ཕྱག་བཞི་པ།། ་གཡས་ཀྱི་དང་པོ་ཆུ་སྲིན་རྒྱལ་མཚན་བསྣམས།། གཡས་ཀྱི་ཐ་མ་ཡེ་ཤེས་མེ་འགལ་བསྣམས།། གཡོན་གྱི་དང་པོ་མེ་དར་བསྣམས་པ་སྟེ།། ཐ་མ་ཉིད་ན་དྲིལ་བུ་བསྣམས་པར་བསྒོམ།། བསྐུལ་ཞིང་ཕྲིན་ལས་བཅོལ ་ཏེ་བསྲེག་རྫས་དབུལ།། ཨཀྵེ་དམར་སེར་མེ་ལྷ་ཞེས་སོགས་བསྟོད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཧོམ་བསྲེགས་པའི་སྐབས་ཏེ་ཉེར་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་བརྗོད་དོ།། ཨེ་མ་ཧོ། ལག་ན་རྡོ་རྗེ་འཛིན་པ་ཁྱོད།། དུས་ངན་ཐ་མ་བྱུང་བའི་ཚེ།། དཀོན་མཆོག་དབུ་འཕང་དམོད་པའི་དུས།། བསྟན་པ་གཉེན་པོ་འཇིག་པ་ལ།། སྔགས་ཀྱི་ཡང ་སྙིང་འཁྲུལ་འཁོར་རྒྱུད།། སྣོད་དང་ལྡན་ལ་བསྟན་གྱུར་ན།། འཛམ་གླིང་ཉི་མ་ཤར་དང་འདྲ།། སྣོད་མེད་ཀུན་ལ་བསྟན་གྱུར་ན།། དུས་མེད་པར་ནི་སྲོག་ཟ་སྐྱེམས།། སྔགས་ལ་བྱེ་བྲག་མང་བཞུགས་ཀྱང་།། རྩ་བའི ་སྙིང་པོ་ལྔར་འདུས་ཏེ།། སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་།། ཡོན་ཏན་ཕྲིན་ལས་ལྔ་རུ་འདུས།། བཞི་ནི་ལྷ་ཉེ་བར་བསྙེན་པ་དང་།། སྒྲུབ་དང་ལས་ལ་སྦྱོར་ལ་འཇུག། རྒྱུན་དུ་དྲང་ཞིང་ལས་ལ་སྦྱོར།། ལས་ལ་སྦྱོར ་ཀར་འབུམ་ཕྲག་ཏེ།། དྲངས་ཏེ་རྩ་གཉིས་པ་རུ་བཤད།། ཐ་མའི་ཕྲིན་ལས་སྙིང་པོ་ནི།། ལས་ལ་སྦྱོར་བའི་སྔགས་ཀྱང་གདགས།། ཐུགས་ཀྱི་ཡང་ཐུགས་ཉི་མ་བཞི།། ཕྱི་ནང་གསང་བ་གསུམ་དུ་གསུངས།། དེ་ལ ་གསུམ་གསུམ་དགུ་རུ་བཤད།། ཕྱི་ཡི་ཉི་མ་བཞི་པ་ལ།། ཡི་གེ་འབྲུ་བརྒྱད་གཡོན་དུ་བསྐོར།། ནང་གི་བཞི་སྙིང་དྲིལ་ལ་བསྐོར།། གསང་བ་བཞི་སྙིང་དྲིལ་བ་ལ།། བཞི་སྙིང་དྲིལ་བ་གཡས་སུ་བསྐོར།། ནང་ལ་གསུམ ་དུ་ཕྱེ་བ་ནི།། ཕྱི་ཡི་གཡས་སུ་བསྐོར་བ་ནི།། ཨོཾ་ཀྲོ་ཏེ་ཀ་བཅུ་བདུན་པའོ།། ནང་གི་ནང་དུ་བསྐོར་བ་ནི།། ཡ་མ་མེ་ཏ་བཅུ་བདུན་པ།། གཡོན་དུ་བསྐོར་ཏེ་བཟླས་པའོ།། ནང་གི་གསང་བར་བསྐོར་བ་ནི།། ཡ་མ་ཀྵེ་ཏེ ་། མ་ལ་སོགས།། ཡིག་འབྲུ་བཅུ་བདུན་གཡས་སུ་བསྐོར།། གསང་བའི་གསུམ་དུ་ཕྱེ་བ་ནི།། སྒྲུབ་པའི་དྲག་སྔགས་བཅུ་བདུན་པ།། གཡོན་དུ་བསྐོར་དང་དྲངས་པའོ།། གསང་བའི་ནང་དུ་བསྐོར་བ་ནི།། ་གསང་བའི་དྲག་སྔགས་འབྲུ་བདུན་པ།། གཡས་སུ་བདུན་བསྐོར་དྲངས་པའོ།། གསང་བའི་གསང་བར་གྲངས་པ་ནི།། རྩ་བ་དམ་ཚིག་ཡང་སྙིང་ནི།། ལས་ལ་སྦྱོར་བའི་དུས་སུ་ཡང་།། གཞི་སྙིང་དྲིལ་ནས་ནུབ་མོར ་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། ཨ་མུ་ཀ། ཡ་མ་ར་ཙ། ཨ་མུ་ཀ། ས་ཏོ་མེ་ཡ། ཨ་མུ་ཀ། ཡ་མེ་ཏོ་རུ་ཨ་མུ་ཀ། ན་ཡོ་ཏ་ཡ་ཨ་མུ་ཀ། ཡ་ཏ་ཡོ་ནི་ཨ་མུ་ཀ། ར་ཡ་ཀྵེ་ཡ་ཨ་མུ་ཀ། ཡཀྵེ་ཡ་ཙ་ཨ་མུ་ཀ། ནི་ར་མ་ཡ ་ཨ་མུ་ཀ། ཨོཾ་ཧྲི་ཊི་ཝི་ཀྲི་ཏ་ན་ཏ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ས་མ་ཡ། ཧྲི་ཊི་ས་མ་ཡ། རཀྵ་བཛྲ་ས་མ་ཡ། ས་མ་ཡ། ཨ་ཨ་ཧྲིང་མ་ཨ་ཏི། ཨཽ་ཝ་གི་ཤྭ་རི་མུཾ། རྩ་བ་ཉི་མ་ཤར་བལྟར་དྲངས།། བྱ་རྒོད་བཟན་ལ་ལྕམས་པ་ལྟར ་དྲངས།། བཙོན་ལྕགས་ལུས་ལ་བཅུག་པ་ལྟར་དྲངས།། དམ་ཚིག་ཡི་གེ་འབྲུ་དྲུག་པ།། ཧྲི་ཊི་ལ་སོགས་པའི་སྔགས་རྣམས་ནི། བརྩོན་བུ་ལྕགས་སུ་བཅུག་པ་ལྟར་དྲང་།། བསྒྲུབ་པ་བཞི་རྩ་དམ་ཚིག་སྔགས།། བཞི་སྙིང ་ཅིག་ཏུ་དྲིལ་བ་དང་།། དབྱངས་ཀྱི་ཡི་གེ་ལི་ལིའི་ཚོགས།། སྐྱེས་བུ་གོ་མཚོན་ལྟར་ལྟར་དྲང་།། ཉི་མ་བཞི་པ་གཡོན་དུ་ཉིན་བདུན་བསྐོར།། ནུབ་དྲིལ་སྔགས་སུ་ཨ་མུ་ཀ། ལྕགས་ཀྱི་གསེར་དུ་གདབ་ལྟར་དྲངས།། ཨ ་མུ་ཀའི་ཚེ་དགུ་པ།། གསེར་གྱི་ཐོག་ཆེན་བརྒྱབ་ལྟར་དྲང་།། གཡས་སུ་བསྐོར་ན་ཀ་པ་ལེ།། སྤུ་གྲི་སོ་འདེབས་བཞིན་དུ་དྲངས།། གདགས་པ་སོ་སོའི་སྒོ་ཡི་སྔགས།། ཉིན་གྱི་ལས་སུ་དྲག་སྔགས་དྲངས།། ནུབ་ཀྱི་དྲིལ ་སྔགས་ཀ་པ་ཡི།། མཚན་མ་བརྟགས་ལ་རབ་ཏུ་སྒྲུབ།། དེ་དག་དོན་རྣམས་མན་ངག་སྦྱར།། ཨ་ཀྲོ་ཏེ་ཀ་རྒྱུན་གྱི་སྔགས།། དེ་དག་སྒྲུབ་པའི་དུས་སུ་རྟགས།། མི་ལུས་ཕྲེ་མེན་མགོ་ཅན་རབ།། སྤུན་དང་བྲན་འཁོར་ཕྲ ་མ་དང་།། མཆོད་རྟེན་ཆེན་པོ་བརྟེན་པ་དང་།། མེ་ཆེན་རྟག་ཏུ་འབར་བ་དང་།། རྒྱ་མཚོ་གང་དུ་མི་ནུབ་དང་།། དེ་དག་མ་བྱུང་བར་དུ་གྲངས།། བསྒྲུབས་པའི་མཚན་རྟགས་བྱུང་བ་དང་།། སྦྱོར་བ་ཉི་མ་བཞི་ལ་འཇུག ་ཁུགས་པའི་མཚན་རྟགས་བྱུང་བ་དང་།། གཡས་བསྐོར་བསད་པའི་དྲག་སྔགས་དང་།། ནུབ་དྲིལ་དྲག་སྔགས་བསད་ལས་འགྲུབ། ཁུགས་ནས་གཡས་བསྐོར་བྱེད་དུས་སུ།། རྩ་བའི་ལྷ་རྣམས་མ་གྲུབ་པར།། ཕྲིན་ལས ་སྔགས་ཀྱང་ཆུད་ཟོས་པས།། ལྷ་སྒྲུབ་གྲུབ་དང་ལས་རྣམས་བྱ། ཁུགས་ནས་དེ་དག་གཡས་བསྐོར་བྱ།། དེ་ལྟར་བྱས་ནས་གདོན་མི་ཟ།། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། མ་ཁུགས་བར་དུ་གཡས་བསྐོར་ན།། ་སྐྲག་ནས་བྲེད་དེ་ལས་མི་འགྲུབ། ཁུགས་ནས་གཡས་བསྐོར་བྱེད་དུས་སུ།། གཡོན་བསྐོར་བྱས་ནས་སྔགས་ལོགས་ནས།། རྣལ་འབྱོར་འཁོར་དུ་རྐྱེན་དུ་འགྱུར།། རོ་ལས་དག་གི་སྔགས་བསངས་ནས།། སྔགས་པ་རང ་ཉིད་འཆི་བར་འགྱུར།། ས་མ་ཡཱ་དག་མ་བསྲུངས་ན།། ཚེ་སྲོག་བར་ཆད་དག་ཏུ་འགྱུར།། དབང་དུ་མ་འདུས་རྩེ་ལོག་ཆེ།། དབྱངས་ཀྱི་ཡི་གེ་བཟླས་པར་བྱ།། ཏིང་འཛིན་ཞན་ན་སླར་ཚུར་གནོད།། ཆོས ་ཉིད་དག་ལ་རྒྱབ་ཀྱང་གཏད།། མ་ཁུག་པ་ལ་ཁུགས་དྲག་ན།། བྲེད་ནས་འགྲོ་བར་རབ་ཏུ་བཤད།། ལྡོག་འདྲ་དམ་ཚིག་ཁུགས་ཆུད་ན།། རུ་ཁུགས་ཆེན་པོ་བྱ་བར་གསུངས།། གཤིན་རྗེ་གཤེད་པོས་འདི་སྐད་གསུངས།། ་སྔགས་བདུན་འགྱུར་སྔགས་ཚད་མ་ནི།། ཏིང་འཛིན་ཡེང་ཡེང་བྱེད་པ་དང་།། སེང་སེང་བྱེད་ན་ཡེ་མི་འགྲུབ།། མྱོས་ཤིང་གཉིད་ཆེ་འཐིབས་པ་ནི།། སྒྲིབ་པ་ཕོག་པས་བཤགས་པར་བྱ།། སྙིང་འཕྱོ་མི་དགའ་སྔགས ་ནོར་ན།། འབྲུ་ཆད་མ་ཚང་པ་རུ་བཤད།། ཚིག་ཚིག་གསལ་ན་ཐེབ་པ་ཡིན།། དགའ་ཞིང་འཐིབ་ན་འགྲུབ་པ་ཡིན།། དགྲ་བོའི་མཚན་མ་བཀའ་སྩལ་པ།། མི་གསལ་བྱིང་ན་རྒྱབ་བརྟན་ཡོད་པས་མྱུར་མི་འགྲུབ།། ་བདག་པས་ཁོ་ཁ་དྲག་པས་ན།། བརྒྱབ་པས་ལ་མོར་བསྐང་བཟློག་བྱ།། གཡག་ཏུ་བྱུང་ནས་གསད་ན་ལོ་འགོར།། ཏིང་འཛིན་གསལ་ཞིང་དངོས་བྱུང་ན།། ལོ་ཕྱེད་ཚུན་ཆད་འགྲུབ་པར་བཤད།། ཏིང་འཛིན་གསལ ་རྩིག་བྱེད་ན།། ཟླ་བ་ཚུན་ཆད་འཆི་བར་བཤད།། དེ་ནི་མི་འགྱུར་བ་ཡི་རྟགས།། ཕྱི་མ་འགྱུར་བའི་ཡིད་མ་བརྟན།། གཡོན་གྱི་འདྲིལ་སྔགས་དམ་ཚིག་ཡང་སྙིང་ལས།། སྔགས་འདི་དྲིལ་བྱ་བར་བཤད།། རྩ་བ་ཡང ་སྙིང་དྲུག་པོ་དང་།། འབྲུ་དགུ་པོ་ནི་སྐུ་སྐྱེད་དང་།། དེ་དག་ཉེ་བར་བསྙེན་པའོ།། སྲོག་གི་རྩ་བ་མཇུག་སྡུད་དོ།། ཡང་སྙིང་འགྲུབ་དང་ལས་གྲུབ་པའོ།། དབྱངས་དང་དམ་ཚིག་དོན་དེ་ཁོ་ན་ཉིད།། ལས་དེ་གང་བྱེད ་འཇུག་ལ་བཏགས།། སྒྲོ་འབོག་ལྐུག་པ་ལྷོག་པ་དང་།། ཕོ་ལྐོག་གླང་ཐབས་གཟེར་ནད་དང་། ཁྲག་སྐྱུགས་རིམས་ནད་མཛེ་ཤུ་དང་།། ལྟས་ངན་ཆོ་འཕྲུལ་ཐོག་སེར་དང་།། གོས་གསད་དབབ་བཅད་གང་བྱེད་ཀྱང་།། ་རྩ་བ་དམ་ཚིག་ཡང་སྙིང་དང་།། དབྱངས་ཀྱི་ཡང་སྙིང་འཇུག་དག་ལ།། སོ་སོའི་སྲོག་གི་སྙིང་པོ་དང་།། ལས་གང་བྱེད་པའི་སྔགས་དག་ནི།། འབྲུ་རེ་རྟགས་པས་འགྲུབ་པར་བཤད།། ཕྱི་ནང་བསྙེན་པ་རྫོགས་ནས ་ཀྱང་།། ཉམས་སུ་ལོན་ནས་གསང་རྒྱབ་ནས།། སུ་ཡང་རུང་སྟེ་ཐེ་ཚོམ་མེད།། བཟླས་པ་ལས་སུ་རུང་བ་དང་།། བརྡེབ་ཅིང་སྤྲུགས་པས་འགྲུབ་པར་བཤད།། ཞེས་པ་གཤེད་པོས་རབ་ཏུ་བཤད།། གཤིན་རྗེ་ཟླ་གསང ་ནག་པོའི་རྒྱུད་ལས། སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་གྱི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ཡང་བསད་པ་ལས་ཀྱི་སྙིང་པོ་འདི་གསུངས་སོ།། སྒྲུབ་པའི་དཀྱིལ་འཁོར་བྲི་བ་ཡང་།། འཁོར་ལོ་བཞི་ལ་བེ་ཅོན ་བཞི།། འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད།། གོང་རས་རྡོ་རྗེ་བེ་ཅོན་དང་།། རལ་གྲི་ལ་སོགས་དགོད་པར་བྱ།། རྡོ་རྗེ་དག་གི་རྩེ་མོ་ལ།། མ་ར་ཡ་ཡི་མིང་དང་རུས།། གྲུ་གསུམ་ནང་དུ་ལིངྒ་བཞག། ཟླ་གམ་གསུམ་ལ ་རྫས་བཞག་པ།། ནག་པོ་དག་ལ་དུན་ཐུན་བཞག། དམར་པོ་དག་ལ་ཁྲག་ཐུན་བཞག། སེར་པོ་དག་ལ་ཉུངས་ཐུན་བཞག། འཁོར་ལོ་དེ་དག་ཁ་དོག་ཀྱང་།། གྲིར་ཤི་ཁྲག་གིས་དམར་པོར་བྱུག། མེན་ན་ར ་དཀར་གཉའ་ནག་གི། ཁྲག་གིས་དམར་པོར་བྱུག་པར་བྱ།། ཡང་ན་ར་རོག་གླང་རོག་གམ།། སྙིང་ནག་སྙིང་དཀར་ཁྲག་གིས་བྱ།། བསད་པ་ལས་ཀྱི་སྔགས་འདི་བཟླས།། ཨོཾ་ཤྲི་ཡ་མནྟ་ཀ་ཛ། ཡ་མ་ར་ཛ་ས་ཏོ་མེ་ཡ། ་ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ།། དགྲ་བོའི་ཙིཏྟ་ལ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ཤྲི་མཉྫུ་ཡ་མ་ར་ཙ། ཡ་མནྟ་ཀ་ཨེ་ཀ་ཛ་ཏི་ཛ། ཙིཏྟ་ཁམ་རྦད་རྦད། གཤམ་དུ་ཙིཏྟ་གུག་ལིང་ལིང་རྦད ་རྦད། དགྲ་བོ་ནི་ཛ། ཨོཾ་ཤྲི་མཉྫ་ཡ་མ་ར་ཙ་བེ་ཏ་ལི་ཀྲོ་དྷི་ཤྭ་རི། སྙིང་ཁ་རག་ས་མ་ཡ། ཐུམ་རིལ་རྦད། ཡ་མ་ར་ཙ་ས་ཏཾ་མེ་ཡ་ཁྲག་ལ་ཏོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཧ་རེ་ཧོ་རེ། བཻ་རི་ལ་རྦད། ཡ་མ་ར་ཙ་ས་ཏོ་མེ ་ཡ། ཡ་མན་ཏོ་རུ་ཀྵ་ཡ། སྙིང་གོང་ཆོད་བཤའ་ཆེ་གེ་མོ་གློ་སྙིང་མ་ར་ཡ་རྦད་ཡ། ཏོ་རུ་མེ་ཡ་ཅེས་བརྡེག་གོ། བསད་པ་ལས་ཀྱི་ཡང་སྙིང་ནི། ཡ་ཏ་མེ་ཏོ་ཡིས་བསད་དོ།། གཤིན་རྗེའི་བྱ་ཙང་ཡེ། སིང་བག་ཡེ། པྲ་ཏ ་ཡེ། མ་མོའི་ཙིཏྟ་ཡེ། བྱི་ཙ་ཡེ། ཧ་ལ་ཡེ། ཡི་གེ་འབྲུ་དགུ་བསད་པའི་ཡང་སྙིང་ནི། ཡང་སྙིང་བསད་པ་ནམ་མཁའི་ཐོག་དང་འདྲ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཡང་སྙིང་གསང་བའི་སྐབས་ཏེ་ཉེར་བཞི ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཨ་ས། མ་སཾ། ཨུམྦ། ཨ་ན། ར་རེ། ལ་། ཨོཾ་ཨཽ། ཨ་ཨ། ཀ་ཁ་ག་གྷ་། ཙ་ཆང་དྷཱཿ། ཊ་ཋ་ཌ་ཌྷ་ཎ། ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿསྔགས་ཀྱི་འཁོར་ལོའི་མན་ངག་ལ།། ཕྱི་ནང་གསང་བ་གསུམ་དུ་བཤད།། དེ་ལ་གསུམ་གསུམ་དགུ་རུ་བཤད།། ཕྱི་ཡི་ཕྱི་ཕྱིར་བགྲང་བ་ནི།། ཉི་མ་དང་པོ་དག ་ལ་ཡང་།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཨ་མུ་ཀ་པྲ་མ་ཡ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་ཡང་། ཡ་མེ་ཏོ་རུ་ཡོ་ཏ་ཡ། ཨ་མུ་ཀ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་དག་ལ་ཡང་། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ་ཨ་མུ་ཀ་མུ་ར་ཙ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་དག་ལ་ཡང་། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀ་མ་ར་ཡ་ཧཱུཾ་ཕཊ། འདི་དག་ལས་ཀྱི་མཐའ་སྡུད་ནི། ཨོཾ་མཉྫ་ཤྲི་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། ཀ་ལ་རུ་པ་ནི་ཤང་ཀུ་རུ་ནི་ཧཱུཾ་ཕཊ། ་ཅེས་བཟླས་ཏེ། ལས་ཀྱི་མཐའ་སྡུད་ཀྱི་ཉི་མ་བཞི་པའི་ཁ་སྐོངས་སོ།། ནང་གི་ཕྱི་རུ་དྲང་བ་ནི།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏོ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཏ་ཡོ་ནི། ཡཀྵེ་ཡ ་ཙ་ནི་མ་ར་ཡ། བཞི་སྙིང་དྲིལ་བ་གཡོན་དུ་དྲངས་པ། ཕྱིའི་གསང་བ་ལྟར་དྲང་བ་ནི། ཡ་མ་ར་ཙ་ནི། ཙ་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། བཞི་སྙིང་དྲིལ་བ་གཡས་སུ ་བསྐོར།། ནང་གི་ཕྱི་ལྟར་དྲང་བ་ནི།། རྩ་བ་མི་འགྱུར་སྙིང་པོ་སྟེ།། སྔོན་དུ་འགྲོ་བའི་བསྙེན་པ་ནི།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་མནྟྲ་ཧཱུཾ་ཕཊ། ནང་གི་ནང་དུ་དྲངས་པ་ནི།། ཉེ་བར་སྒྲུབ་པ་ཞེས་ཀྱང ་བྱ།། ལས་ལ་སྦྱོར་བའི་སྙིང་པོ་ཁྲི་ཡང་བཟླས།། ཡ་མ་མེ་ཏ་ཀྵེ། ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ལི། ནང་གི་གསང་བར་དྲངས་པ་ནི། འཕྱེ་བོའི་འགྲོས་ཤེས་བྱེད་པ་དང་།། གསང་བའི་ཕྲིན་ལས་བསད་པ་ལ།། ཡ ་མ་ཀྵེ་ཏེ། མེ་ར་ནི་ཛ། ཡ་ར་རི་ཡོ་ན། རུ་ཏོ་ས་ཙ་ཅེས་གཡས་སུ་དྲང་ངོ་།། གསང་བ་ཕྱི་ལྟར་དྲངས་པ་ནི།། སྒྲུབ་པའི་དྲག་སྔགས་འབྲུ་བདུན་པ།། གཡོན་དུ་བདུན་བསྐོར་དྲངས་པར་བྱ།། ཉི་མ་དང་པོ་དག་ལའང་།། ་ཡ་མ་ར་ཙ་ས་ཏོ་མེ་ཡ། མ་ར་ཙ་ས་ཏོ་མེ་ཡ། ར་ཙ་ས་ཏོ་མེ་ཡ། ཙ་ས་ཏོ་མེ་ཡ། མ་ར་ཡ་ཛ། ས་ཏོ་མེ་ཡ་ར་ཙ། ཏོ་མེ་ཡ་མ་ར་ཙ། ས་མེ་ཡ་མ་ར་ཛ་ས་ཏོ། ཉི་མ་ཐོག་མར་ཁྲི་ཁྲི་བཟླས།། ཉི་མ་གཉིས་པ་མན་ཆད་ལ། ་གཡོན་དུ་འགྲོ་གཅོད་གོང་བཞིན་བསྐོར།། དང་པོའི་ནུབ་མོ་དྲངས་པ་ནི།། ཡ་མ་མེ་ཏ་ཀྵེ། ཧྲི་ཊི་ཨ་མུ་ཀ་ཆེ་གེ་མོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲངས་པ་ནི། ར་ཙ་ས་ཏོ། ཧྲི་ཊི་ཨ་མུ་ཀ་ཆེ་གེ་མོ་རཀྟ་ཙ་ར་ཡ་རྦད ་ཡ། ནུབ་གསུམ་པ་ལ་དྲངས་པ་ནི། རུ་ན་ཡོ་ནི་ཧྲི་ཊི་ཨ་མུ་ཀ་ཆེ་གེ་མོ། མུ་ར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ་དྲངས་པ་ནི། ར་ཙ་ཡ་ནི། ཧྲི་ཊི་ཨ་མུ་ཀ་ཆེ་གེ་མོ་མ་ར་ཡ་རྦད་ཡ་གསང་བའི་ནང་དུ་དྲངས་པ་ནི། གསོད ་པའི་དྲག་སྔགས་བདུན་པ་སྟེ། གཡས་སུ་བདུན་བསྐོར་དྲང་བྱ་བ། ཡ་མ་ར་ནི་ཙ་ཡ་ཀྵེ། མ་ར་ནི་ཙ་ཡ་ཀྵེ་ཡ་མ་ར་ཛ་ཡ་ཀྵེ་ཡ་མ་རི་ནི། ཡ་ཀྵེ་ཡ་མ་རི་ན་ཛ། ཀྵེ་ཡ་མ་ར་ནི་ཙ་ཡ། ཉི་མ་གཉིས་པ་མན་ཆད་བཤད། ་གཡས་སུ་བསྐོར་བས་སྟེང་ཡང་གཅོད།། གསང་བའི་གསང་བར་དྲངས་པ་ནི།། ནུབ་དང་པོ་ལ་དྲངས་པར་བྱ།། ཡ་མ་ཀྵེ་ཏ་མེ་ས། ཧྲི་ཊི་ཀ་པ་ཡེ། དགྲ་བོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲངས་པ་ནི། ར་ནི་ཙ་ཡ ་ཧྲི་ཊི་ཀ་པ་ཡེ། དགྲ་བོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲངས་པ་ནི། ར་ན་ཙ་ཡ་ཧྲ་ཊ་ཀ་པ་ཡ། དགྲ་བོ་རེཀྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་དྲངས་པ་ནི། རི་ན་ཡོ་ན། ཧྲི་ཊི་ཀ་པ་ཡེ། དགྲ་བོ་མུར་ཙ་ཡ་རྦད་ཡ། ་ནུབ་བཞི་པ་ལ་དྲང་བ་ནི། རུ་ཏོ་ས་ཙ། ཧྲི་ཊི་ཀ་པ་ཡེ། དགྲ་བོ་མ་ར་ཡ་རྦད་ཡ། རྩ་བ་དམ་ཚིག་གི་ཡང་སྙིང་ལས་ལ་སྦྱོར། བཞི་སྙིང་གཅིག་ཏུ་དྲིལ་བ་ནི། གསང་བའི་གསང་བར་གྲང་བའོ།། དྲག་པོའི་གནམ་དུས ་ཅེས་ཀྱང་བྱ། དུས་དང་ཚེ་དང་ལས་ཟས་དང་།། བསོད་ནམས་ཟས་དང་སྐལ་བ་ཟད།། ཡི་གེ་ཟད་ཅེས་བྱའོ།། དེ་ལྟར་བྱས་ན་སུ་ན་སུས།། གང་ན་གང་ལ་བྱས་ཀྱང་འགྲུབ།། རོ་ཁུགས་ཆེན་པོ་ཞེས་ཀྱང་བྱ།། དྲག་པོ ་འབྲུ་ཐུས་ཞེས་ཀྱང་བྱ།། དྲག་པོའི་སྟག་འཕྱོངས་ཞེས་ཀྱང་བྱ།། བྱ་རོག་ཁུ་འཕྲིག་ཅེས་ཀྱང་བྱ།། ཉི་མ་བཞི་པའི་ལས་ལ་འཇུག། ཉི་མ་དང་པོ་དག་ལ་ཡང་།། ཚངས་པའི་རྩ་གཅད་མགོ་བསྐོར་ཕྱིར།། སྔགས་དང་བེ ་། ཅོན་ཕྱག་རྒྱ་བཅའ།། ཉི་མ་གཉིས་པ་དག་ལ་ཡང་། ཁ་ནས་ཁྲག་སྨུག་གཞུག་པའི་ཕྱིར།། སྔགས་དང་ལུས་བྲལ་ཕྱག་རྒྱ་བཅའ།། ཉི་མ་གསུམ་པ་དག་ལ་ཡང་།། ཙིཏྟ་གཟིར་དུ་གཞུག་པའི་ཕྱིར།། སྔགས ་དང་སྙིང་ཤག་ཕྱག་རྒྱ་བཅའ།། ཉི་མ་བཞི་པ་དག་ལ་ཡང་།། གཟུགས་ཕུང་བརླག་པར་བྱ་བའི་ཕྱིར།། མ་ར་ཡ་ཉིད་གདོན་མི་ཟ།། སྔགས་དང་འཁོར་ལོ་ཕྱག་རྒྱ་བཅའ།། རང་རང་དྲག་པོའི་སྔགས་གོད་གཡུའི་སྦྱང ་། དང་པོ་དག་ལ་ལྷ་བསྙེན་པ།། སྐ་གསུང་ཐུགས་ཀྱི་བསྙེན་པོར་བསྙེན། ཁུགས་པའི་རྟགས་རྣམས་བྱུང་བ་དང་།། བཟས་པོ་འགུག་པའི་ལས་བྱ་སྟེ།། ཉི་མ་དང་པོ་དག་ལ་ཡང་།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ ་ནི་ཨ་ཀ་ར་ཤ་ཡ་ཧཱུཾ་ཛ། ཉི་མ་གཉིས་པ་དག་ལའང་། ཆེ་གེ་མོ་ཨ་མུ་གཉའ་ན་ཨ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་གསུམ་པ་དག་ལ་ཡང་།། ཆེ་གེ་མོ་ཏི་ཡ་ནརི་མ་ཨ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་བཞི་པ་དག་ལ་ཡང་།། ཆེ་གེ་མོ་རུ་པ་སྐན་ད ་ཨ་ཀཪྵ་ཡ་ཧཱུཾ་ཛ། དེ་ནས་དབྱེ་བའི་ལས་བྱ་སྟེ།། ཉི་མ་དང་པོ་དག་ལ་ཡང་།། སྲོག་ལྷ་དག་དང་དབྱེ་བར་བྱ།། བྱ་རོག་འུག་པའི་གུང་རུ་ལ།། མ་ར་ཡཱ་ཡི་མིང་རུས་བསྐྱོན།། གུ་གུལ་དུད་པས་བདུག་པར་བྱ།། ཡ་མ་ར ་ཙ་ས་ཏོ་མེ་ཡ་དེ་ཝ་ཤག། སྲོག་གི་ལྷ་དང་ཕྱེས་ཤིག། གཉིས་པ་དག་ལ་ཕོ་ལྷ་དང་།། གསུམ་པ་དག་ལ་ཡུལ་ལྷ་དང་།། བཞི་པ་དག་ལ་དགྲ་ལྷ་དང་།། ལྷ་རྣམས་དང་ཕྱེས་ཞེས་བྱའོ།། ཕྱི་ནང་གསང་བའི་སྔགས་ཀྱིས ་ཀྱང་།། ཉུངས་དཀར་དག་ལ་སྔགས་ཅིང་རྡེག། ཡ་མནྟ་ཀ་གསལ་བསྒོམས་ལ།། ཕུར་པ་དག་གིས་བརྡེག་པར་བྱ།། ཨོཾ་ནི་མ་ར་ཡ་དུ། ཡ་མ་སྙིང་། ཡ་མ་ཁྲག། ཚལ་པ་བམ་རིལ། དུམ་བུ་དུམ་བུ། གཤིན་རྗེ་ནག་པོ ་ཏེ་ཁུག་ཁུག། དགྲ་བོ་མ་ར་ཡ་ཛ། ཨོཾ་ནརི་མ་ར་ཡ་ནརི། ཧྲི་ཏ་ཡ་ན་ཏི། ཏ་ཀེ་ར་ཙ། བེ་ཏ་ལི། ཀྲོ་དྷི་ཤྭ་རི། སྙིང་མགོ་ཆོད། རྩ་ལ་ཞོན། ཁྲག་འགྲོ་ཆོད། ཁྲག་ལ་ཀི་ལི་ཀི་ལ་ཡ་བམ་རི་ལ་རྦད། ཡ་མ་ར་ཙ་ས་ཏོ་མེ་དུན ་བྷྱོབྷོ། ཡ་མ་ར་ཙ་སྙིང་ཏོ་མེ་དུན་བྷྱོ། ཡ་མེ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི། སྙིང་ལ་ཀྵ་ཡ་མེ། བམ་རིལ་རྦད། རབ་ཏུ་ཁྲོས་ཏེ་ཕུར་བུ་རྡེག། གང་ལ་བྱ་བ་ཐོག་མེད་ཅེས།། མཐུ་སྟོབས་བདག་པོས་རབ་ཏུ་བཟུང་།། གཤིན་རྗེ ་ཟླ་གསང་ནག་པོའི་རྒྱུད་ལས། འཕྲུལ་འཁོར་མན་ངག་གི་སྐབས་ཏེ་ཉེར་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཆེད ་དུ་བརྗོད་དོ།། ཉོན་ཅིག་ཟུང་ཅིག་རྡོ་རྗེ་འཛིན་པ་ཁྱོད།། ཐུགས་ཀྱི་སྙིང་པོ་ཀ་བཞི་གདུང་བརྒྱད་འདིས།། མ་ནོར་བཟླས་ན་ཅི་ཡང་འགྲུབ་པར་ངེས།། ཡ་མ་ར་ཙའི་སྙིང་པོ་ཀ་བ་གཅིག་པ་ནི།། ཡ་མ་ར་ཙ་ས་ཏོ་མེ་ཡ། ་མྱོས་བྱེད་འབར་བའི་སྙིང་པོ་ཀ་བ་གཉིས་པ་ལ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨརྱ་མ་རུ་རྩེའི་སྙིང་པོ་ཀ་བ་གསུམ་པ་ལ། ཡ་ཏ་ཡོ་ར་ཡཀྵེ་ཡ། རལ་པ་ཚལ་དགུའི་སྙིང་པོ་ཀ་བ་བཞི་པ་ལ། ཡ་ཀྵེ་ཡ་ཙ་ནི་ར་ཡ། དེ་ནི་རྡེག ་པའི་ཀ་བ་བཞི་པ་སྟེ། ཚངས་པའི་མགོན་དང་མགྲིན་པ་དང་།། ལུས་དང་ལྟེ་བ་བཞིན་ནས་འདེག། ཡང་ན་ཡན་ལག་བཞི་ནས་འཇོམས།། གདུང་བརྒྱད་བརླག་བྱེད་འཇོམས་པའི་ལས།། རྩ་ཆེན་བརྒྱད ་ལ་རྣམ་ཤེས་བརྒྱད།། དེ་དག་རིམ་གྱིས་འཇོམས་པར་བྱེད།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ། ནི་ར་མ་ཡ། ཞེས་ཀ་བཞི་གདུང་བརྒྱད་དོ།། གདུང་མ་རེ་ལ་ཡང ་ཀ་ཆེན་བཞི།། ཀ་བཞིས་རྩ་ལུང་བཞི་ཡང་འཇོམས།། གདུང་བརྒྱད་རྩ་ཆེན་བརྒྱད་ཀྱང་འཇོམས།། ཡ་མནྟ་ཀ། ཡ་མ་ར་ཙ། ས་ཧོ་མེ་ཡ། ཡ་མེ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ནཻ་ར་མ་ཡ། ཡ་ལ་སོགས ་པ་བཅུ་གཉིས་ནི།། ཡ་མན་ཏ་ཀ་ཡབ་ཡུམ་གཉིས།། ཕྱོགས་སྐྱོང་བཅུ་ཡི་སྙིང་པོ་ཡིན།། ཕྱི་མ་ལྷ་གཞན་སྙིང་པོ་སྟེ།། ཡིག་འབྲུ་སུམ་ཅུ་རྩ་གཉིས་ནི།། འཕྲུལ་གྱི་ཡི་གེ་སུམ་ཅུ་གཉིས།། ཡ་སོགས་བརྒྱད་པ་ཞེས་ཀྱང ་གྲགས།། ཚོགས་བརྒྱད་འཇོམས་པའི་ཕུང་བྲི་སྟེ།། ཡེ་ཤེས་ལྷ་ཡི་སྙིང་པོ་དང་།། འཇིག་རྟེན་ལྷ་སྲིན་ཀུན་གྱིས་སྙིང་པོ་སྟེ།། ཤིན་ཏུ་གསང་བའི་གཤེད་པོས་བཤད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཀ་བཞི ་གདུང་བརྒྱད་ཀྱི་སྐབས་ཏེ་ཅེར་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཐུགས་ཀྱི་གསང་བ་གཞནས། འབྲུ་ཤག་གྲོང་ཁྱེར་འདི་གསུངས་སོ།། ཡ་མ་ར་\ུ0f7f། ས་ཏེ་མེ་དྲ་ན། @ ་ཏོག་རུ་ན། ཡོ་ཏ་ཡ། ཡ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡཀྵེ་ཡ་ཙ་ནི། ར་མ་ཡ། ཡ་མ་ར་ཙ། ས་ཏོ་མེ་ཡ། ཡ་མེ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡ་ཙ། ནི་ར་མ་ཡ། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོག་རུ ་ན། ཡོ་ཏ་ཡེ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི། ར་མ་ཡ། ཡི་གེ་གཤིན་རྗེ་འབུ་ཤག་སྟེ།། གཤིན་རྗེ་ཡི་གེ་འབུ་ཤག་ཡིན།། རྡོ་རྗེ་འཛིན་པས་རབ་ཏུ་བཟུང་།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད ་ལས། འབུ་ཤག་གི་སྐབས་ཏེ་ཉེར་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ངས་གསུངས་པ་ལ་སེམས་འཐུན ་ཅིག། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ།། བསྟན་པ་འཇིག་པའི་དགྲ་དེ་ལ།། དྲག་པོའི་ལས་ཀྱི་མཐར་བྱ་ན།། དུས་ནི་རང་བྱུང་དགྲ་ལ་བྱ།། དུས་དང་ཁམས་དང་གྱུར་པ་དང་།། རང ་བྱུང་དོན་དེ་བཞི་རུ་འདོད།། དེ་ལ་བསྐུལ་བ་རྣམ་བཞི་བྱ།། རྫས་དང་སྔགས་དང་ཏིང་འཛིན་དང་།། བསྐུལ་བའི་དོན་དེ་བཞི་རུ་འདོད།། དེ་ཡི་སྔོན་དུ་བསྙེན་སྒྲུབ་བྱ།། བསྙེན་བསྒྲུབ་སོང་བས་བསྐུལ་བ་ནི།། འཁོར ་ལོ་དང་ནི་ལིངྒ་དང་།། ཉི་མ་དང་ནི་གཤིན་རྗེ་དང་།། གསང་སྔགས་ཏིང་འཛིན་དག་དང་དྲུག། འཁོར་ལོ་ལ་ཡང་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། འཁོར་ལོ་དེ་དག་རེ་རེ་ལའང་།། བྲི་དང་སྐྲ་དང ་། ལས་དང་ནི།། རང་གི་ངོ་བོ་དག་དང་ལྔའོ།། དེ་བཞིན་ལིངྒ་དག་ལ་གསུམ།། ཕྱི་ནང་གསང་བ་གསུམ་དུ་འདུས།། ལིང་ཀ་དེ་དག་རེ་རེ་ལ།། རྒྱུ་དང་བཅའ་དང་སྒྲ་དང་ལས།། རང་གི་ངོ་བོ་དག་དང་ལྔའོ།། ་དེ་བཞིན་སྔགས་ལ་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། དེ་བཞིན་དྲག་སྔགས་རེ་རེ་ལ།། རྒྱུ་དང་སྡུད་དང་ལས་སྔགས་དང་།། བཟླས་དང་ངོ་བོ་སྒྲ་དང་ལས།། ཉི་མ་ལ་ཡང་གསུམ་དུ་སྟེ།། ཕྱི་ནང ་གསང་བ་གསུམ་དུ་འདུས།། ཉི་མ་དེ་དག་རེ་རེ་ལ།། རང་གི་ངོ་བོ་རྒྱུ་དང་གནས།། སྒྲ་དང་ལས་ཏེ་རྣམ་པ་ལྔའོ།། གཤིན་རྗེ་ལ་ཡང་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། གཤིན་རྗེ་དེ་དག་རེ་རེ་ལ།། ་རང་གི་ངོ་བོ་རྒྱུ་དང་སྒྲ། གནས་དང་ལས་ཏེ་ལྔ་རུ་བསྟན།། གཤིན་རྗེ་དེ་དག་གནས་པ་ནི།། གཤིན་རྗེ་གྲོང་ཁྱེར་ཞེས་བྱའོ།། གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། ཁྲི་དང་འགུགས་དང་གནས་པ་ན།། སྲིད་པ་གསུམ་གྱི ་འཇུག་པ་ཡིན།། ཏིང་འཛིན་ལ་ཡང་རྣམ་གསུམ་སྟེ།། ཕྱི་ནང་གསང་བ་གསུམ་དུ་འདུས།། གསུམ་པོ་དེ་དག་རེ་རེ་ལ།། བྱིན་བརླབས་བཟླས་པའི་ཏིང་འཛིན་དང་།། ངོ་བོ་རྒྱུ་དང་སྒྲ་དང་ལས།། དེ་དག་རྣམ་པ་དྲུག་ཏུ ་འདོད།། ཕོ་དང་མོ་ཡི་མཚན་ཉིད་ནི།། གཡས་དང་གཡོན་གྱི་བྱེ་བྲག་གིས།། འགྲོ་བའི་ཆོས་བཞིན་སྤྱོད་པར་བྱེད།། དྲག་པོའི་ངན་སྔགས་ཕུང་བྱེད་འདི།། གཤིན་རྗེ་གཤེད་པོས་རབ་ཏུ་གསུངས།། རྡོ་རྗེ་འཛིན་པས ་རབ་ཏུ་བཟུང་།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ནག་པོ་གསལ་བྱེད་སྒྲོན་མའི་སྐབས་ཏེ་ཉེར་བརྒྱད་པའོ།། །། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། ཉོན་ཅིག་ཟུངས་ཤིག་རྡོ་རྗེ་འཛིན།། ་གསང་བར་གྱུར་ཏེ་བརྣག་པའི་ལུང་།། དོན་གཉིས་དག་ཏུ་ཞེས་པར་བྱ།། བསྙེན་བསྒྲུབ་དང་ནི་ཕྲིན་ལས་སོ།། བསྙེན་པ་ལ་ཡང་རྣམ་གཉིས་སོ།། སྔོན་དུ་འགྲོ་བའི་ཆོ་ག་སྟེ།། བསོད་ནམས་བསགས་པར་བསྟན་པ ་དང་།། བསྙེན་པ་དངོས་ཉིད་བསྟན་པའོ།། ཐབས་དང་དགོས་པ་རྣམ་གཉིས་ཀྱི།། བསོད་ནམས་བསགས་པའི་ཆོ་གར་འདོད།། ངོ་བོ་དབྱེ་བ་ངེས་པའི་ཚིག། དགོས་ཆེད་རྣམ་པ་བཞི་ཡིན་ནོ།། བསྙེན་པའི་དབྱེ་བ ་བསྟན་པ་ཡིན།། སྒྲུབ་པའི་ལས་ལ་བཅུ་གཉིས་ཏེ།། གནས་དང་བརྟུལ་ཞུགས་མཚན་མ་བཞག། མཆོད་རྫས་བཞག་དང་དངོས་གྲུབ་རྟེན།། དམ་ཚིག་ཏིང་འཛིན་འཕྲོ་འདུ་དང་།། གྲུབ་པའི་རྟགས་དང་བླང་བའི ་ཐབས།། བར་དུ་གཅོད་པའི་བགེགས་དང་ནི།། གྲུབ་པའི་དུས་དང་སྤོགས་པའི་ཐབས།། སྤོགས་པ་ཆེན་པོའི་ཆོ་ག་སྟེ།། དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཀྱིས།། དངོས་གྲུབ་བླང་བའི་ཆོ་གར་འདོད།། འཕྲིན་ལས ་དག་ནི་རྣམ་གསུམ་སྟེ།། འཁོར་ལོ་བསྐོར་དང་མནན་བསྲེག་པའོ།། དུས་དང་གཟའ་སྐར་བསྐོར་བའི་གནས།། ངོ་བོ་དབྱེ་བ་ངེས་ཚིག་དང་།། འཁོར་ལོའི་རྒྱུ་རྐྱེན་མཐུན་པའི་དཔེ།། གྲུབ་བྱེད་སྒྲོག་དང་མ་གྲུབ་སྐྱོན།། ་། གྲུབ་པའི་ཐབས་དང་སྤོགས་པའི་ཐབས།། དབྱེ་བ་བཅུ་གསུམ་མ་ཡི་ངག། ཅེས་གཤིན་རྗེ་གཤེད་པོས་རབ་ཏུ་བརྗོད། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ལས་སྦྱོར་གྱིས་མདོ་བྱང་སྐབས་ཏེ་ཉེར ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། དུས་ཚོད་མཚོན་ཆ་རྣོན་པོ་ལ།། རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས།། ཐེ་ཚོམ་མེད་པར་བསྒྲལ་བས་འགྲུབ།། ་ཕག་སྦྲུལ་སྟོན་དཔྱིད་ར་བ་ལ།། བྱི་བ་རྟ་ནི་སྟོན་དཔྱིད་འབྲིང་།། སྟོན་དཔྱིད་ཐ་ཆུང་གླང་ལུག་ལའོ།། སྟག་སྦྲེལ་དབྱར་དགུན་ར་བ་ཤིས།། དབྱར་དགུན་འབྲིང་པོ་བྱ་ཡོས་ལའོ།། ཁྱི་འབྲུག་དབྱར་དགུན་ཐ་མར ་འགྲུབ།། དེ་ནི་ལོག་གཤེད་ཟླ་བའི་སྒེག་ཁྱད་པར་ཉི་མའི་གཤེད་གཉིས་ཏེ།། དབྱར་རླུང་འཇུག་ཅིང་དགུན་རླུང་འབྱུང་།། དེ་ཡི་དུས་སུ་བསད་པ་ཤིས།། ཞག་གི་དུས་སུ་འགྱུར་བ་ལའང་།། ར་བ་བཞི་ལ་བཅུ་བཞི ་ཤིས།། འབྲིང་པོ་བཞི་ལ་བཅོ་ལྔ་ལ།། ཟ་ཆུང་བཞི་ཡི་བཅུ་དྲུག་གོ། ཚེས་བཞི་བརྒྱད་དང་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས།། ཉི་ཤུ་ལྔ་དང་ཉི་ཤུ་དགུ། དུས་ཚོད་སྲོད་དང་སྔ་དྲོ་དང་པོ་དང་།། ་འཇིང་དང་ནམ་གུང་ནམ་ཆུང་དང་།། ཉི་སྦུར་སྐྱ་རེངས་ཤར་བ་དང་།། ཉིན་མཚན་ཞག་གིས་གོ་རིམ་བཞིན།། དེ་ཕྱིར་མ་བཞིན་ཚོམ་ཕྱིར་རྒྱུ།། བཙལ་ནས་གསོད་པའི་དུས་བསྟན་པ།། དཔྱིད་ར་ཚེས་བདུན་དག་ཏུ ་ཤིས།། ཐ་ཆུང་ཉི་ཤུ་བདུན་ལ་ཤིས།། དབྱར་ར་ཚེས་བརྒྱད་འབྲིང་པོ་ནི།། བཅོ་བརྒྱད་ཐ་ཆུང་ཉི་ཤུ་བརྒྱད།། སྟོན་ར་ཚེས་དགུ་འབྲིང་པོ་ནི།། བཅུ་དགུ་ཐ་ཆུང་ཉི་ཤུ་དགུ། དགུན་ཟླ་གསུམ་ཡང་དེ་བཞིན་ཏེ།། དུས་སུ ་བསད་པའི་ལས་ལ་འཇུག། ས་ཡི་ཁམས་དང་དཔྱིད་ཟླ་གསུམ།། ཤིང་གི་དབྱར་ཟླ་སྟོན་ནི་མེ།། དགུན་ནི་ལྕགས་ཁམས་འཆི་བའི་དུས།། དེ་དུས་ཞག་གཤེད་བསྡུ་བར་བྱ།། ར་བ་བཞི་ནི་རྟ་ལ་གཅོད།། ཐ་ཆུང་ངུས ་སུ་འབྲིང་བཞི་སྟེ།། ཐ་ཆུང་ཁྲ་ལ་བརྡེག་པར་བྱ།། དགུན་གསུམ་སྐར་མ་གསུམ་བཅར་ཏེ།། སྐར་མའི་གཤེད་ཀྱི་དུས་སུ་ཡང་།། སྦྱོར་བ་ཐམས་ཅད་ར་བ་ན་ཡང་།། ཁྲག་ཐུན་ལ་སོགས་ཟོར་རྣམས་ཤིས།། ལོ་ཟླ་ཞག ་གི་དུས་བསྟན་པ།། དུས་ཚོད་རྣོན་པོ་རྟེན་པར་བྱ།། སེམས་ཅན་ཡིད་ནི་གཉིད་ལོག་པ།། དེ་དུས་རྒྱུ་ཞིང་འཁྱམས་པའི་ཚེ།། ཀུན་ཀྱང་རྣམ་རྟོག་ལས་བྱུང་བས།། སྦྱོར་བས་རྟོགས་སྐྱེད་བསད་པར་ཤིས།། ཤ་བ་སྲོད ་དང་ནམ་ཕྱེད་དང་།། ལུག་དང་གཉེན་གྱི་བླ་ཡང་རྐུ།། ཕག་པ་ཟོ་རངས་བྱ་ཉིད་ནི།། ཉི་མ་ཟེར་ལ་རྒྱུ་བར་བཤད།། ར་བླ་ཉི་མ་ནུབ་ཀར་ཏེ།། བྱ་གླང་ཉི་མ་ཟེར་ཀ་ར་རྒྱུ།། གཡག་དང་གླང་བླ་སྲོད་ལ་རྒྱུ།། རྟ་བླ་ཉི་མ ་། གུང་ལ་རྒྱུ།། དེ་དུས་དགུག་ཅིང་བསད་པར་ཤིས།། ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས།། དངོས་པོ་གཅིག་ཀྱང་རྒྱུ་བའི་ཚེ།། འགྱུ་བའི་བླ་དང་སྦྱར་ཏེ་བྱའོ།། ཁམས་ཀྱི་བཤད་དུ་བསྟན་པ་ནི།། སྒྲུབ་པ་པོ་དང་ལོ ་ཟླ་དང་།། དུས་ཚོད་ཀྱིས་ནི་གསོད་པར་བྱེད།། སྐག་གི་བཤད་པོ་ལུག་དང་གླང་།། ལོ་དགྲ་བྱ་དང་སྤྲེའུ་ཉིད།། དགུན་ཟླ་དབྱར་ཟླ་ཐ་ཆུང་ཉིད།། དུས་ཚོད་ཉིན་ཕྱེད་ནམ་ཕྱེད་ཡོལ།། ཏ་ལ་སྨན་གྱིས ་གསོད་འགྱུར་ན།། སྒྲུབ་པའི་སྦྱོར་བས་སྨོས་ཅི་དགོས། ཁྱི་འབྲུག་བྱའི་གཤེད་པོ་སྟེ།། ཕག་དང་བྱི་བ་ལོ་དགྲ་ཉིད།། མི་མཐུན་བདུན་ཟོར་ཐེ་ཚོམ་མེད།། ཟླ་བཤེད་སྟོན་དཔྱིད་ཐ་ཆུང་ཏེ།། ཟླ་བའི་བདུན་ཟུར་རྡོ་རྗེ ་གཅོད།། ཐོ་རངས་སྲོག་ལ་གསོད་པར་བྱེད།། བསམ་ངན་ཙམ་གྱིས་འགྲུབ་འགྱུར་ན།། སྦྱོར་བས་བདུན་བརྒྱུད་ཐེ་ཚོམ་མེད།། གུང་ལ་ཁྱི་འབྲུག་ཤིང་ཁམས་པ།། ཤིང་དང་ཁ་དོག་འདྲ་བ་སྟེ།། གསོད་པའི་ལས་ལ་ཐེ ་ཚོམ་མེད།། སྟག་དང་ཡོས་སུ་དར་བ་དགྲ།། བདུན་ཟུར་གཤེད་དུ་གྱུར་པ་སྟེ།། ཚ་བའི་མེ་བཞིན་གསོད་པར་བྱེད།། ཟླ་གཤེད་སྲོག་དག་མི་མཐུན་པའི།། བདུན་ཟུར་གསོད་དེ་ཐེ་ཚོམ་མེད།། དུས་ཚོད་ནམ་ཕྱེད་དུས ་ལ་ཤིས།། ཀུན་གྱི་ཁམས་ཀྱི་གཤེད་ཆེན་པོ།། ལུས་པོ་ས་ཡི་ཁམས་ལ་གསོད།། ལོ་དགྲ་གླང་ལུག་གཉིས་ཀྱིས་ཏེ།། མི་མཐུན་བདུན་ཟུར་ཤིན་ཏུ་འཇོམས།། དུས་ཚོད་མཚན་མོ་རངས་པར་ཤིས།། དེ་ནས་མཐུན་སྤྱོད ་བཤད་པ་ནི།། བཟང་ཞིང་སྒྲུབ་པར་བྱེད་པའི་ལས།། བདུད་ཀྱི་ཉི་མ་བདུན་པོ་ལ།། དྲག་སྔགས་ཚོགས་ཀྱིས་ཚལ་ལ་དབབ།། ཉི་མ་གྲུ་སོགས་བྲེ་རུ་འབྱོར།། བྱ་འུ་བྱ་གཞུག་ཟླ་བ་འབྱོར།། མིག་དམར་ཁྲུམ་སྨད་ལོ། ་རོ་སྨན།། བཟང་ལག་སྒྲོག་དང་སྨིན་དྲུག་ཐུན།། ཕུར་བུ་རྒྱལ་སྟོད་རྒྱལ་སྨད་འདེབས།། པ་སངས་བྱ་གཞུག་རྟ་ཆུང་ཉིད།། སྤེན་པ་ས་ག་ས་རི་སྟེ།། དེ་ལྟར་བདུན་སྦྱོར་དུས་སུ་ནི།། དམ་པའི་ལས་ཀྱང་འགྲུབ་འགྱུར ་བས།། དེ་ཕྱིར་བཟང་པོའི་ལས་ལ་འཇུག། བདུད་ཀྱི་ཉི་མ་བདུན་པོ་ལ།། དྲག་སྔགས་ཚོགས་ཀྱིས་མཚན་ལ་དབབ།། བདུད་ཀྱི་ཉི་མ་བཤད་པ་ནི།། ཉི་མ་ལག་སོར་ཆ་སྐྱེད་གསུམ།། ཟླ་བ་རྒྱལ་སྨད་བྲེ་རུ་གསོད།། ་མིག་དམར་བྲེ་དང་སྒྲོག་གིས་ཏེ།། གཟའ་ལྷག་དབྱུག་པ་དག་གིས་འཇིགས།། ཕུར་བུ་མགོ་རུ་སྦྱོར་བས་འཇིགས།། པ་སངས་ཝ་དང་ལ་རོ་གསུམ།། སྤེན་པ་བྱ་མ་བདུད་ཀྱི་ཉི།། བཟང་པོའི་ལས་ཀྱིས་གསོད་འགྱུར ་ན།། ངན་པའི་ལས་ཀྱིས་སྨོས་མི་དགོས།། མི་འཕྲོད་བདུན་དུ་བཤད་པ་ནི།། ཉི་མ་ཁྲུམ་སྨད་ཟླ་བ་དང་།། ས་ག་མི་འཕྲོད་མིག་དམར་དང་།། ལག་ཏུ་མི་འཕྲོད་གཟའ་ལྷག་དང་།། གྲུ་སོགས་མི་འཕྲོད་ཕུར་བུ་སྒྲོག། ་པ་ཝ་སངས་དང་བྲེ་དང་ནི།། དེ་ལྟའི་མི་འཕྲོད་བདུན་པོ་ལ།། ཕན་གདགས་ལས་ནི་གཅིག་མི་འཕྲོད།། ཉི་མ་དང་ནི་ས་ག་འཇིག། ཟླ་བ་དང་ནི་བི་ཙི་སྟེ།། མིག་དམར་སྒྲོག་ཏུ་འཇིག་པར་བསྟན།། གཟའ་ལྷག་བྱའུ ་འཇིག་པ་སྟེ།། ཕུར་བུ་བེའུ་རྫི་འཇིགཔ་ཝ་སངས་ལ་བྱ་གཞུག་འཇིག། སྤེན་པ་ལ་ནི་བྱ་མ་འཇིག། མིག་དམར་ཉིད་ལ་སྒྲོག་གིས་འཇིག། མི་འཕྲོད་བདུན་དང་འཇིག་པ་བདུན།། བདུད་ཀྱི་ཉི་མ་བསད་པར ་ཤིས།། འཚོ་བྱེད་ཡུལ་ལ་སྐྱོབ་པ་ནི།། གཡག་དཀར་མི་དཀར་ཚུལ་གྱིས་འགེགས།། བུད་མེད་རྟུག་པ་བསྲེགས་ནས་ཀྱང་།། འཆི་བདག་རྣམས་ཀྱིས་བླ་ཀུན་བཟླས།། ཞང་བློན་བཟང་པོ་ལྟ་བུ་ནི།། ཕོ ་། ལྷས་འགེགས་པས་དེ་དུས་སུ།། གླང་རོག་རྭ་བསྲེག་གོང་བཞིན་བྱ། ཁྲ་འམ་སྦྱང་ཁུ་ལྟ་བུས་སྐྱོབས།། དགྲ་ལྷ་ཡིན་ཏེ་གསུར་ཆེན་བཏང་།། ཁྱི་ལུད་བསྲེགས་པས་འབྲོས་པར་བྱེད།། བུད་མེད་ཤ་བ་ལྟ་བུས་ནི།། མ་ལ ་མ་སྨན་འགོ་བ་སྟེ།། ར་དང་རྟ་སྤངས་ཏིང་ནག་སྲེག། ཏིང་འཛིན་མི་གསལ་བྱིང་སྤྲུགས་ན།། ཕོ་ལྷས་འགེགས་པ་ཡིན་པར་བརྗོད།། ཏིལ་ནག་ཉུང་ནག་གུ་གུལ་ནི།། སྦྱར་མ་བསྲེགས་ན་འབྲོས་པར་བྱེད།། མི་འཕྲད ་དབྱེ་བའི་ཐབས་བསྟན་པ།། བྱ་རོག་འུག་པའི་དོང་རུ་ལ།། གྲོ་གར་ཨ་དང་ཤོག་ཤོག་བྲི།། གོ་རིམས་བཞིན་དུ་ཀླན་པར་བྱའོ།། ཡུག་ས་མོ་ཡི་རྐང་དྲེག་དང་།། འབྲོག་དང་བླང་དྲེག་ར་ཁྲག་སོགས།། རྨེ་བའི་དུད་པས ་དུས་གསུམ་བདུག། འདི་ནི་དབྱེ་བའི་མཆོག་ཏུ་གསུངས།། ནག་པོ་གསལ་བྱེད་སྒྲོལ་མ་ལས།། བྱ་ཐབས་ཉམས་ལེན་ཉིད་ཁུ་ནི།། རང་བྱུང་དགྲ་ལམ་བྱ་བའི་དུས་སུ་གསུངས།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད ་ལས། བྱ་ཐབས་ལག་ལེན་ཉིད་ཁུའི་སྐབས་ཏེ་སུམ་ཅུ་པའོ།། །། དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས།། མཚན་ནི་གཤིན་རྗེ་གཤེད་པོས་བྱ།། བསྟན་པ་བསྲུང་བར་ཞལ་གྱིས་བཞེས།། ཡབ་ཡུམ་གཉིས་མེད ་ཐུགས་ཀྱི་སྲས།། སྟེང་ཕྱོགས་གཤིན་རྗེ་ནག་འཇོམས་ནི།། ནག་པོ་གཡས་ན་དགྲ་སྟ་བསྣམས།། ཆིབས་སུ་ལྐུག་པ་ལུག་ལ་ཆིབས།། ཁྲོ་བོ་སྲིན་མོ་མགོ་འཕྱང་མ།། ནག་མོ་ཆེན་མོ་རལ་པ་ཅན།། གཡས་པ་ཐབས ་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། སྟེང་ཕྱོགས་གཤིན ་རྗེ་ཕྱ་སངས་ནི།། དཀར་པོ་ལག་ན་བུམ་པ་ཐོགས།། ཆིབས་སུ་ཉི་ཟླ་ཟུང་ཅིག་འཆི་བས།། ཁྲོ་བོ་ཁྲམ་རྒྱ་མཐུ་མོ་ཆེ།། ནག་མོ་མགོ་འཕྱང་རལ་པ་ཅན།། གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད།། གཡོན་པ་དུང་དམར ་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་ལོང་ལ།། བསྟན་པ་བཤིག་པའི་བཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། ་འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་བོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་རོལ་པ་ལས།། ཤར་ཕྱོགས་ཀོང་རྩེ་བྲག་འཇོམས་ནི།། དཀར་པོ་ཚེ་སྲོག་བུམ་པ ་@#།། བསྣམས།། ཆིབས་སུ་དྲི་ཟ་སྒེག་པ་འཆི་བས།། བྲག་སྲིན་ཆེན་མོ་མགོ་འཕྱངས་མོ།། ཁྲོ་མོ་ཆེན་མོ་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་ཅིག ་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་བཤིག་པའི་གཤེད་མ་མཛོད།། བདུད་པོ་བཅུའི་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་མདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ཤར་ལྷོ་ཨ་ཝ་གླང་མགོ་ཅན།། སྨུག་ནག་ཏྲི་ཤུལ་རྩེ་གསུམ་བསྣམས།། ཆིབས་སུ་འགུག་བྱེད་དྲེད ་ལ་འཆི་བས།། མི་ཟད་བདུད་མོ་མགོ་འཕྱང་མ། ཁྲོ་བོ་སྨུག་ནག་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར ་མ་འདི་འབུལ་ན།། བསྟན་པ་བཤིག་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས ་། མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ལྷོ་ཕྱོགས་གཤིན་རྗེ་ཡ་བ་ཏི།། སྔོ་ནག་གསོད་བྱེད་དགྲ་སྟ་བསྣམས།། ཆིབས་སུ་གཤིན་རྗེ་སྒེག་པ་འཆི་བས།། བཙན་མོ་ནག་མོ་མགོ་འཕྱང་མ།། ་ཁྲོ་མོ་དྲེད་ཀྱི་ཨབ་ཤ་ཅན།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབས།། ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས།། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི ་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ ་གཉིས་མེད་ཐུགས་ཀྱི་སྲས།། ནུབ་ཕྱོགས་གཤིན་རྗེ་རྨིགས་པ་ནི།། སྨུག་ནག་དབང་སྡུད་ཞགས་པ་ཐོགས།། ཆིབས་སུ་ཀླུ་རྒྱལ་སྒེག་པ་ཆིབས།། བདུད་མོ་ཆེན་མོ་མགོ་འཕྱངས་མ། ཁྲོ་མོ་སྨུག་ནག་རལ་པ་ཅན།། ་གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབས།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གི། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི་གཤེད་མ་མཛོད།། བདུད་པོ ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། ་ནུབ་བྱང་གཤིན་རྗེ་རྟོལ་པ་ནི།། ནག་པོ་འབྱེད་པའི་དབྱུག་པ་བསྣམས།། ཆིབས་སུ་རྟ་དང་མ་ཧེ་འཆིབས།། གཟའ་སྲིན་ནག་མོ་མགོ་འཕྱངས་མ། ཁྲོ་མོ་ནག་པོ་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། ་། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གི། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན ་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། བྱང་ཕྱོགས་གཤིན་རྗེ་ལྷ་མཆོག་ནི།། ་སེར་པོ་བུམ་པ་རྒྱ་གྲམ་བསྣམས།། ཆིབས་སུ་རྒྱས་པའི་རྟ་ལ་འཆི་བས།། ཀླུ་སྲིན་ཆེན་མོ་མགོ་འཕྱང་མ། ཁྲོ་མོ་སེར་ནག་རལ་པ་ཅན།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ་ཡབ་ཅིག་འཇམ་དཔལ་བཀའ་བྱུང་གི། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར ་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི།། དམར་པོ་ཐོད་པ་མདའ་གཞུ་བསྣམས།། ཆིབས་སུ ་སྐྱོབ་ཁྱེད་རྔ་མོང་འཆི་བས།། ནམ་གྲུ་ཆེན་མོ་མགོ་འཕྱང་མ། ཁྲོ་མོ་དམར་མོ་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབས།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གི། ་དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་འཇིག་པའི་བཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། འོག་ཕྱོགས་རལ་པ་ཚལ་དགུ་ནི།། སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས།། ཆིབས་སུ་མ་ཧེ་སྔོ་ནག་འཆི་བས།། ལྷ་མོ་ནག་མོ་མགོ ་འཕྱང་མ། ཁྲོ་མོ་སྨུག་ནག་རལ་པ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབས།། ཡབ་ཅིག་འཇམ་དཔལ་བཀའ་བྱུང་གི། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་བཤིག ་པའི་གཤེད་མ་མཛོད།། བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ།། གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཡབ ་ཡུམ་གཉིས་མེད་ཐུགས་ཀྱི་སྲས།། སྟེང་ཕྱོགས་གཤིན་རྗེ་ཟོད་དབྱུག་ནི།། ནག་པོ་ལག་ན་ཟོ་བ་ཐོགས།། ཆིབས་སུ་ས་བདག་བགེགས་ལ་འཆི་བས།། ས་བདག་སྟོང་ཁམས་མགོ་འཕྱངས་མ།། ཁྲོ་མོ་ནག་མོ་རལ་པ ་ཅན།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཡབ་གཅིག་འཇམ་དཔལ་བཀའ་བྱུང་གི། དམ་རྫས་གཏོར་མ་འདི་འབུལ་ན།། བསྟན་པ་བཤིག་པའི་བཤེད་མ་མཛོད།། བདུད་པོ ་། བཅུ་ཡིས་ཁྲམ་ལ་ཐོབ།། གང་ཆེན་བཅོ་བརྒྱད་ལས་ལ་བསྐུལ།། འཆི་བདག་འཁོར་ལོའི་ལག་ཏུ་གཏོད།། དུས་ལ་བབ་པོ་ས་མ་ཡ།། དམ་ལས་མ་འདའ་ཕྲིན་ལས་མཛོད།། ཅེས་བཅོམ་ལྡན་འདས ་འཇིགས་བྱེད་ཆེན་པོས་འཁོར་རྣམས་བསྐུལ་ཏེ། སོ་སོའི་གཤེད་བསྐོས་སོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱོགས་སྐྱོང་གི་གཤེད་བསྐོ་བའི་སྐབས་ཏེ་སོ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན ་འདས་འཇིགས་བྱེད་ཆེན་པོས། ཉོན་ཅིག་ལྷ་ཡི་གིང་བཞི་ལ།། ཕྲིན་ལས་བཅོལ་བ་འདི་གསུངས་སོ།། ར་ཛ་ཧ་ལ་འཁོར་ལོའི་ལྷ།། འཁོར་ལོ་ནག་པོ་མ་རིའི་བདུད།། བདུད་ཀྱི་མཚོན་ཆ་སྔགས་ཀྱི་ཐབས།། རྫས་ཀྱི ་སྦྱར་བ་ཐབས་ཀྱི་ངག། བསྙེན་པ་བྱེ་བ་གསང་བའི་ཐབས།། ཧྲི་ཊི་སྦྱོར་བ་བླ་མའི་ངག། འཁོར་ལོ་བསྐོར་བ་མན་ངག་གཏེར།། ཟླ་བ་ནག་པོ་གཅེས་པའི་གྲོགས།། བར་བར་སྤྱི་རྒྱུགས་ཐབས་ཀྱིས་ཕུལ།། དམར་ནག ་ཁྲམ་ནག་མན་ངག་ཐབས།། གཤེད་བདུད་གིང་རྦད་མན་ངག་གཏེར།། ལས་གྲུབ་མནན་པ་རང་གི་སྙིང་།། དྲང་སྲོང་དམོད་པ་ཕྱོགས་མེད་གྲོགས།། དེ་བཞིན་སྤྱི་རྒྱུག་གཅིག་ལ་ནི།། ཆོས་ཀྱི་རྒྱལ་པོ་ལ་སོགས་པ། ་ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ།། ཉི་མ་དང་པོ་རྩིས་བྱེད་གིང་།། སྲ་མ་ར་ཙ་སྲིན་པོ་སྟེ།། བར་སྣང་ཁམས་ལ་ཡིད་ཀྱིས་རྒྱུག། གསང་བ་དབང་བསྐུར་གིང་གི་བདག། སྟག་གཞུ་སྟག་རལ་སྒྲ་ལ་བརྣབས།། ཕྱག་ན ་ཤོད་རྡེ་རྩིས་བྱེད་ཅིང་།། བདག་གིས་མ་ཉེས་འདི་ཡིས་ཉེས།། ཤོ་རྡེ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྒྲོ་འབོག་ཟོང་།། བཏང་ངོ་མ་བཏང་ཤོར་ར་རེ།། ཉི་མ་གཉིས་པའི་རྩིས་བྱེད་གིང་།། ཡ་མ་ར་ཙ ་གཤིན་རྗེའི་གིང་།། ཞལ་བགྲད་མཆེ་གཙིགས་ཁ་དོག་ནག། ཐོད་སྦྲུལ་གཡང་གཞི་སྐུ་ལ་གསོལ།། ཆུ་གླང་ནག་པོ་ཆིབས་སུ་ཆིབས།། ཕྱག་ན་ཤོ་རྡེའུ་རྩིས་བྱེད་ཅིང་།། བདག་གིས་མ་ཉེས་འདི་ཡིས་ཉེས།། ཤོ་རྡེའུ ་ནག་པོ་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོང་།། བཏང་ངོ་མ་བཏང་ཤོ་ར་རེ།། ཉི་མ་གསུམ་པའི་རྩིས་བྱེད་གིང་།། འདའ་ཤ་གྷི་ཝ་བདུད་ཀྱི་གིང་།། ནག་པོ་ཤ་ཟན་ཤ་ཞུ་ཅན།། ནག་པོ་སྙིང་དཀར་ཆིབས ་སུ་འཆི་བས།། མི་ཤ་ཟ་ཞིང་མི་ཁྲག་འཐུང་།། དུག་མདའ་འཕེན་ཞིང་མི་ཤ་ཟ།། རྟ་ནག་ཞོན་པ་འབུམ་ཁྲི་བཅས།། སྲོག་ཆོད་སྙིང་ཕྱུང་དགྲ་ལ་ཕྱུང་།། ཤ་ཟ་ཁྲག་འཐུང་དགྲ་ལ་རོལ།། ཁྲི་ཁྲྀ་དུན་དུན་དགྲ་ལ་དུན།། ་འུར་འུར་ཆེམ་ཆེམ་དགྲ་ལ་ཆེམ།། ལག་ན་དཀར་ནག་རྩིས་བྱེད་ཅིང་།། བདག་གིས་མ་ཉེས་འདི་ཡིས་ཉེས།། ཤོད་རྗེ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྒྲོ་འབོག་ཟོང་།། བཏང་ངོ་མ་བཏང་ཤོ་ར་རེ།། ཉི་མ ་བཞི་པའི་རྩིས་བྱེད་གིང་།། རཀྵ་ཙ་ཙ་གནོད་སྤྲིན་གིང་།། ཞོན་པ་གཟའ་རྟ་ནག་པོ་ཞོན།། ཟབ་སྐྲག་ཁྲ་བོ་སྐུ་ལ་གསོལ།། བདུད་ཞགས་ནག་པོ་དགྲ་ལ་འདེབས།། དབུ་ལ་དོམ་ཞུ་ནག་པོ་གསོལ།། ལག་ན་དཀར ་། ནག་རྩིས་བྱེད་ཅིང་།། བདག་གིས་མ་ཉེས་འདི་ཡིས་ཉེས།། ཤོ་རྔེ་ནག་པོའི་རྩིས་སུ་ཆུག། སྲོག་ཆོད་སྙིང་ཕྱུང་སྒྲོ་འབོག་ཟོང་།། བཏང་ངོ་མ་བཏང་ཤོ་ར་རེ།། བདུད་ཁྲི་རྦད་ཟུམ་རི་ལི་ལི།། ཡ་ཁི་རྦད་ཟུམ ་རི་ལི་ལི།། འདའ་ཤ་གྷྲི་ཝ་རྦད་ཐུམ་རི་ལི་ལི། ཡགྣ་གྲཱི་བ་རྦད་ཐུམ་རིལ་ལི་ལི།། ཞེས་ནི་རབ་ཏུ་ཤོད་རྡེ་དགྲང་།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཉིན་བཞི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བའི་སྐབས་ཏེ ་སོ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འདུས་པའི་འཁོར་རྣམས་ཀྱིས་ཤིན་ཏུ་དགྱེས་པའི་ཡི་རངས་ནས། མགྲིན་ཅིག་ཏུ་འདི་སྐད་བརྗོད་དོ།། ཧཱུཾ། གཏུམ་ཆེན་རབ ་འབར་གཤིན་རྗེ་འཇོམས་མཛད་ལྷ།། ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད།། ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར།། རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྐུ་ལ་ཀླུ་དབང་རབ ་བརྒྱན་ཅིང་།། གཅན་གཟན་གདུགས་པའི་ལྤགས་རློན་ན་བཟར་གསོལ།། མི་མགོ་ཐོད་རློན་ཕྲེང་བས་སྐུ་ལ་རྒྱན།། བརྐྱང་སྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན།། མི་ཟད་ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན།། ་ཕཊ་ཀྱི་ཁམས་གསུམ་དངང་མཛད་ཞལ་དྲུག་གདང་།། ཤ་ཟའི་མགོ་བཅད་དབུ་ཡི་ཐོད་དུ་བཅིངས།། སྤྱན་ཟློག་ཙམ་གྱིས་བདུད་ཀྱི་སེར་ཆེན་འབེབས།། ལྗགས་འདྲིལ་ཚེམས་ཀྱི་རྩེ་ནས་རྡོ་རྗེ་ཐོག་ཆེན་རབ་འབེབས ་ཤིང་།། འཁོར་གྱི་མ་མོ་རྣམས་ནི་འདར་ཞིང་འདུད།། དེ་བས་ལྷ་ཀླུ་གནོད་སྦྱིན་གཞན་ལ་སྨོས་ཅི་འཚལ།། རྒན་སྒྲ་རྟོག་པས་ལྷ་ཆེན་ཁྱབ་འཇུག་ཀྱང་།། འབུབ་འགྱེལ་བཅས་པས་ཁྲག་སྐྱུག་ཉིད་ལ་འདུད།། སྟོང ་ཁམས་མེད་པར་བཅས་པའི་ཞལ་གདངས་ཞིང་།། ཁྲོ་གཏུམ་ཚམ་རྔམ་ཆེན་པོ་བཅས་པས་ཀྱང་།། ཚོང་པའི་ཚོགས་རྣམས་རྡུལ་གྱི་ཐིགས་འཛག་ཅིང་།། ནད་གཏོང་སྲིད་པོའི་ཚོགས་ནི་འདར་ཞིང་འདུད།། སྐུ་ཕྲེང ་ཁྲག་དང་བཅས་པའི་ཞབས་ཐོགས་ཤིང་།། ཕྱག་ན་ཏྲི་ཤུལ་མི་མགོ་རབ་བསྣམས་ཤིང་།། དངོས་གྲུབ་མཆོག་གི་ཀླད་ཁྲག་དྲོན་མོ་ཞལ་དུ་གསོལ། ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་།། དམ་ལས་ལོག་པ ་རྣམས་ལ་གཏོང་བར་མཛད།། གནོད་སྦྱིན་མི་བགྲུངས་མགོ་བཅད་འཕྲེང་བས་སྐུ་ལ་རྒྱན།། རྡོ་རྗེ་བརྗིད་པའི་སྟང་སྟབས་གར་བཅས་པས།། དུར་ཁྲོད་ཆེན་པོ་མཚན་མོ་རབ་རྒྱུ་བའི།། རོ་ལ་མགོ་བཅད་སོ་སོའི་ཆེམ ་ཆེམ་ཟ། ཁྱོད་མཐོང་ཙམ་གྱིས་དམའ་འབབ་བཞག་ལ་གཏུགས།། ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ།། དེ་བས་བཟོད་པར་དཀའ་ཡང་བདག་འདུད་ན།། གདུག་པའི་སེམས་ཀྱིས་བདག་དང་བདག་གི་འཁོར་དུ ་གཏོགས་པ་ལ།། གནོད་པར་བྱེད་པའི་མི་མིན་འབྱུང་པོའི་ཚོགས།། ཟུང་ཅིག་གནོན་ཅིག་སྒྲོལ་མཛད་གཤིན་རྗེ་གཤེད།། ཡུམ་གྱི་ལྷར་ཡང་ཁྱེད་ལ་གསོལ་འདེབས་ན།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། བྱ ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་།། ཐམས་ཅད་ཁྱེད་ཀྱི་སྐུ་རུ་བདག་བསྒོམས་པས།། བདག་གིས་རང་བཞིན་བོར་ནས་ཁྲོ་བོར་གསལ།། ལྷ་མཆོག་ཁྱེད་ལ་ཡི་དམ་སུ་བརྟེན་པ།། མིའི་ཐ་མལ ་རྣམས་ཀྱང་མཆོག་ཏུ་འགྱུར།། དེ་བས་འདི་དང་ཕ་རོལ་གཉིས་ཀ་རུ།། སྲོག་གི་ཕྱིར་ཡང་ལྷ་ཁྱོད་མི་གཏོང་ན།། བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང་།། ཐུགས་རྗེ་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ།། ་ཁྱེད་ལྟར་བདག་འགྱུར་དེ་ཕྱིར་བསྟོད་ཕྱག་འཚལ།། ཡུན་རིངས་དུས་ནས་ལྷ་ཁྱེད་བདག་སྒྲུབས་ནས།། ཁྱེད་ཀྱི་དངོས་གྲུབ་ངེས་པར་བདག་ལ་གསོལ།། ཀ་ལ་རུ་པ་ཆེ་གེ་མོ་བ་ག་ཧྲི་ཊི་ནི་ཧཱུཾ་ཕཊ། གང་དག ་གཤིན་རྗེ་གཤེད་པོ་ཡི།། དེ་ལ་བེ་ཅོན་ཕྱག་རྒྱ་གསལ།། འདི་ནི་ཕྱག་རྒྱའི་ཚོགས།། མཆོག་ལས།། ཡང་དག་བསྟན་ལ་ཡང་དག་གསལ།། ཕྱག་རྒྱ་བཅིངས་པར་འགྱུར་བ་འདིས།། ཁྲོ་བོ་སྙིང་པོས་སྔགས་འབར་བྱེད།། ་མཚོན་ཆ་མ་ལུས་པ་ཡི་གཙོ།། བདུད་དང་དགྲ་བགེགས་ཞི་བར་བྱེད།། ཨོཾ་ན་མོ་བུདྡྷ་དྷརྨ་སངྒ་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏོ། ཀྲོ་དྷ་བྱི་ཛ་ཡེ། ཨཀྵི་ཛ་ལ་ནི། ཛ་ཧ་པེ་ཏ། ཤྲི་ཧཱུཾ་ཕཊ། ཅེས་འཁོར་རྣམས་ཀྱིས་བསྟོད ་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་སྐབས་ཏེ་སོ་གསུམ་པའོ།། །། དེ་ན་སད་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ། འཁོར་རྣམས་ཀྱིས་རང་རང་དགྱེས་པའི་བསྟོད་པ ་ཕྲལ་ནས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང་། སྟོང་གསུམ་མུན་པར་གཏོང་བ་བདུད་ཀྱི་འཁོར་རྣམས་ཀྱིས་མགྲིན་ཅིག་ཏུ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའོ་ཡབ་ཅིག་མཆོག། ་འཇིག་རྟེན་ཆེན་པོ་གཤིན་རྗེ་གཤེད།། དཔའ་བོ་འཁོར་དུ་བདུད་འཁོར་འདུད།། གཤེད་པོས་བསྒོ་བའི་བཀའ་སྩལ་ཉན།། བདག་ཅག་འཁོར་གྱི་བདུད་པོ་རྣམས།། ཕྱིན་ཅི་ལོག་རྣམས་གདུལ་སླད་དུ།། ཚུལ་བཞིན ་བསྒྲུབ་པ་ཇི་ལྟར་སྒྲུབ།། རྫས་དང་ཡོ་བྱད་གང་ལ་རྟེན།། ལས་ལ་བཏང་ན་ཇི་ལྟར་བཏང་།། ལོག་པའི་སྦྱོར་བ་ཇི་ལྟར་བྱ།། འཇིགས་བྱེད་ཆེན་པོས་བཀའ་སྩལ་འདུད།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན ་པོས། ཤིན་ཏུ་རྔམ་པའི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུས་གཅིག་ཏུ་སྒྲགས་ནས། བདུད་ཀྱི་ཚོགས་ཐམས་ཅད་དབང་དུ་བསྡུས། ཟིལ་གྱིས་མནན་ནས་འདི་སྐད་ཅེས་བརྗོད་དོ།། ཉོན་ཅིག་ཟུང་ཅིག་རྡོ་རྗེ་འཛིན།། ནག ་པོ་བདུད་ཀྱི་ཚོགས་རྣམས་ཀུན། ཕྱིན་ཅི་ལོག་རྣམས་གདུལ་སླད་དུ།། བྱ་བའི་ལས་དང་སྒྲུབ་པ་དང་།། བསྟེན་པའི་རྫས་དང་བསྐུལ་བའི་ཐབས།། མི་འཐུན་སྦྱོར་བས་བསོད་འདོད་ན།། ངས་བཤད་པ་ལ་སེམས ་འཐུད་ཅིག། ཅེས་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་གཤེད་པོས།། ཕྲིན་ལས་མྱུར་བར་བྱ་བའི་ཕྱིར།། བདུད་ཀྱི་སྒྲུབ་ཐབས་གསུངས།། ཐོག་མར་དང་བའི་དད་པ་རབ་ཏུ་སྐྱེད།། དཀའ་བའི་གནས་སམ་དགའ ་བའི་གནས་དག་ཏུ།། དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་།། དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད།། དགོས་པ་སྒྲུབ་ཕྱིར་མན་ངག་ཐོབ་པར་བྱ།། མན་ངག་ཐོབ་ནས་བསྙེན་སྒྲུབ་མཐའ་རུ ་དབྱུང་།། བསྙེན་སྒྲུབ་བྱ་ཕྱིར་མཐུན་རྫས་འབད་དེ་བསག། ལུང་གི་གནས་སུ་སའི་དཀྱིལ་འཁོར་བྱ།། འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ།། འཁོར་ལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ།། གྲུ་ཆད་སྒོ ་བཞི་ལྕགས་རི་ལུགས་བཞིན་བྱ།། ཐོད་པའི་འཕྲེང་བས་རྡོ་རྗེ་རཱ་བ་གུར།། བསྐལ་པའི་མེ་རི་མུན་ནག་རླུང་འཚུབ་ལྡན།། གྲུ་གསུམ་དབུས་སུ་གཤིན་རྗེ་གཤེད་པོ་སྟེ།། ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ།། ་སེང་ལྡེང་ལ་སོགས་མཆོག་གི་ཕུར་པ་དགོད།། ཡབ་ཡུམ་མངའ་གསོལ་དབང་བྱིན་བརླབས་པའོ།། ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ།། ཁྲམ་ཐོགས་བདུད་པོ་བཅུ་རུ་མངའ་གསོལ་ཏེ།། འཁོར་ལོ་རྩིབས ་བརྒྱད་དག་ལ་དགོད་པར་བྱ།། དར་ནག་ཅོད་པན་རིམས་ཀྱིས་དབང་བསྐུར་གདགས།། སྟེང་དུ་འབར་བ་ཡ་ཆེན་ཏེ།། ཤར་དུ་རོལ་པ་རལ་ཅན་ནོ།། ལྷོ་རུ་ཁྲམ་བདག་སྲོག་བདུད་ཚེ།། ཟླ་བདུད་ཡོར་པོ་ཞགས་ཅན ་བདུད།། བྱང་དུ་སྲོག་བདུད་སྟ་རི་ཅན།། ཤར་ལྷོར་ཁྲམ་བདག་ནག་པོ་རྗེ།། ལྷོ་ནུབ་པར་བཙན་རི་བོ་རྗེ།། ནུབ་བྱང་སེ་འཛིན་སྡིངས་དང་རྗེ།། བྱང་ཤར་རྡོ་ལངས་ནག་པོ་རྗེ།། འོག་ཏུ་འབར་བ་ནག་པོ་རྗེ།། སྒོ་བཞི ་བཀའ་ཉན་གིང་ཆེན་བཞི།། གཙང་བཞི་དག་ཏུ་དབང་བསྐུར་དགོད།། མཐུན་པའི་རྫས་དང་ཡོ་བྱད་བསགས།། མི་ཤ་རྟ་ཤའི་གཏོར་མ་ལ།། རུས་པ་སྣ་ཚོགས་རྒྱན་བྱས་ལ།། གཤེད་པོ་ཡབ་ཡུམ་སྲས་ལ་བཞག། བྱ ་ནག་རྟག་ནག་ལུག་ནག་སྙིང་། ཁྱི་ནག་ཕག་པ་རོག་པོའི་སྙིང་།། གཡག་ནག་གླང་ནག་ར་རྒོད་སྙིང་།། ཤ་དང་ཁྲག་དང་རུས་པ་དང་།། མི་ཤས་རྒྱན་པ་ཟངས་སུ་དགོད།། བདུད་པོ་བཅུ་ལ་དགོད་པར་བྱ།། ཤ་སྣ ་ཁྲག་སྣའི་གཏོར་མ་ལ།། སྤྱན་གཟིགས་དཀོར་ཆས་བརྒྱན་པ་བཞི།། སྒོ་བཞིར་གིང་ཆེན་བཞི་ལ་བཞག། སྨན་དང་རཀྟ་སྦྱར་བ་ཡིས།། སྣང་སྲིད་སྲོག་ལ་བདུད་དབང་བསྐུར།། མི་བསུང་རྟ་བསུར་རྒྱུན་དུ་བཏང་།། ་རྒྱལ་མཚན་ཆེན་པོ་བཞི་ཡང་གཟུགས།། དར་ནག་གུར་ཕུབ་ཁྱི་ནག་གཡང་བཞི་གདབ།། ལུག་ནག་འབེན་བཅའ་ར་རོག་དམིགས་པའི་རྟེན།། སྐྱེར་པ་ལ་སོགས་སྟག་པ་དག་ལའང་།། མགོ་འཇུག་མ་ནོར་གཞོགས ་ལ་ཁྲམ་ཤིང་བྱ།། དྲག་པོ་སྔགས་བཟླས་རིམ་པས་ཁྲག་ལ་གདབ།། ཡི་དྭགས་གོས་ལ་བྲི་བ་སྟེ།། དུག་དང་ཐོད་པ་མཁས་པས་བྲི་བྱ་སྟེ།། གཟི་བརྗིད་འཕགས་པ་འཇམ་དཔལ་ཡབ་ཡུམ་དང་།། བཀའ་ཅན་ཉིན ་བཞིའི་ལྷ་སྒྲུབ་མཆོད་པ་བྱ།། ཁྲམ་ཐོགས་བདུད་རྣམས་ལས་ལ་སྔར་ཕྱིར་ཟད།། ཐོད་པ་མཚན་ངན་ར་རོག་ཁྲག་བླུགས་ལ།། ར་སོགས་མིང་བྲི་ཟོད་པའི་ནང་དུ་བྱུགས།། དཔྲལ་བར་དངོས་བཞག་རེ་བར་དྲིལ་བྱས ་། ལ།། ཁྲམ་གྱིས་དཀྲུག་ཅིང་ཁྲམ་སྔགས་བཟླས་པར་བྱ།། ཨོཾ་དགྲ་བོ་ནི་ཙིཏྟ་དུམ་བདུག་ཁྲམ་ཐོར་ཏེ། ཆེ་གེ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ།། ཅེས་བཟླས་ཤིང་ཁྲིམས་ཀྱི་སྐབས་སུ་དཀྲུག། ཏིང་འཛིན་རྣམ ་གསུམ་གསལ་བར་བསྒོམ་བྱས་ལ།། དབང་ཆེན་འབྱུང་བ་རིམ་རྩེགས་ཏེ།། བྷྲཱུཾ་ལས་འབར་བའི་གཞལ་ཡས་ཁང་།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན།། གྲུ་ཆད་པར་ཁྱམས་སྒོ་ཁྱུང་ལྡན།། ཤར་ཕྱོགས་རུས་པའི ་གཞལ་ཡས་ཁང་།། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ཁང་།། ནུབ་ཕྱོགས་ཁྲག་གི་གཞལ་ཡས་ཁང་།། བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་།། དབུས་སུ་ཡ་མ་ཆེན་པོ་སྟེ།། གཤིན་རྗེ་མ་ཧེ་བསྣོལ་བའི་གདན།། ཧཱུཾ ་ལས་གཤེད་པོའི་སྐུར་གྱུར་ཏེ།། སྟང་ཟིལ་མདོག་འདྲ་གནག་ལ་འཚེར།། སྟག་སྦགས་གླང་ཆེན་སྦྲུལ་ནག་ཆུན་པོ་དང་།། ཐོད་པ་ལ་སོགས་དུར་ཁྲོད་ཆས་ཀྱིས་བརྒྱན།། ཞལ་དྲུག་བཅུ་གཉིས་ཕྱག་དང་ལྡན་པར ་བསྒོམ།། གཡས་གཡོན་ཡུམ་དང་མདུན་དུས་སྲས་མཆོང་སྟེ།། རྒྱན་དང་ཆ་ལུགས་ཕྱག་མཚན་གསལ་བར་བསྒོམ།། འཁོར་ལོ་རྩིབས་བརྒྱད་སྟེང་དུ་ནི་བསམས་ཏེ།། ནི་ལས་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ ་བསམ།། དེ་སྟེང་ཡབ་ཡུམ་བཅུ་པོ་འོད་དང་འོད་ཟེར་འཕྲོ།། སྤྲོ་བསྡུ་ཕུར་བ་བཅུ་ལ་ཐིམ།། ཡ་ལ་ཁྲམ་ཐོགས་བདུད་པོ་བཅུ།། སྟེང་གི་བདུད་པོ་འབར་བ་ཡ་ཆེན་ནི།། གཡུ་འབྲུག་ཞོན་ནས་གློག་གི་ཞགས་ཐོགས ་སྒོམ།། ཤར་གྱི་བདུད་པོ་རལ་ཅན་ནི།། རྔ་མོང་ཞོན་ནས་རལ་གྱི་སྐྱེད།། ལྷོ་ཕྱོགས་ཁྲམ་བདག་སྲོག་བདུད་མཆེ་བ་ཅན།། བདུད་ཤ་ཞོན་ནས་ཞག་པ་ཐོགས་པ་སྐྱེད།། ནུབ་ཏུ་ཟླ་བ་ཡོར་པོ་ཞགས་པ་ཅན།། འབྲོང་བུ ་ཞོན་ནས་གནམ་ལྕགས་ཕུར་ཐོགས་སྐྱེད།། བྱང་དུ་སྲོག་བདུད་གསེར་གྱི་སྟ་གྲི་ཅན། ཁྱུ་མཆོག་ཞོན་ནས་སྟ་རི་ཐོགས་པ་སྐྱེད།། ཤར་ལྷོར་ཁྲམ་བདག་གནམ་བཙན་ཐོགས་པ་རྗེ།། རྟ་ལ་ཞོན་ནས་གནམ་ལྕགས ་ཐོགས་ཆེན་བསྐྱོད།། ལྷོ་ནུབ་ཁྲམ་བདག་པར་བཙན་རི་བོ་རྗེ།། ཀླུ་ཤ་ཞོན་ནས་རླུང་ནག་གཡབ་མེ་འདེབས།། ནུབ་བྱང་ཁྲམ་བདག་སེ་འཛིན་གིང་དང་རྗེ།། ཕག་པ་རྟ་ཞོན་ཁྲམ་ཤིང་ཐོགས་པ་སྐྱེད།། བྱང་ཤར་ཁྲམ ་བདག་རོ་ལང་ནག་པོ་རྗེ།། ཆུ་ཀླུང་ཞོན་ནས་རྟ་རི་ཐོགས་པ་སྐྱེད།། འོག་ཕྱོགས་ནག་པོ་ཡང་རྗེ་ཁྲག་འཐུང་ཞིང་།། སྟག་དམར་ཞོན་ནས་སྦྲུལ་ནག་ཞགས་ཐོགས་སྐྱེད།། རེ་རེ་འཁོར་ན་བདུད་ཀྱང་བསམ་ཡས་ཏེ།། ་རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་པས།། གྲུབ་པའི་གནས་སུ་དེ་འདྲ་བྱོན་པར་བསམ།། སྒོ་བཞིར་ཉིན་བཞི་ལྷ་ཡི་གིང་བཞི་ཡང་།། བཀའ་ཉན་བྱེད་ཅིང་འགུག་བྱེད་ཛ་ལས་སྐྱེད།། དེ་ལྟར་བསྐྱེད་པའི ་བདུད་པོ་དེ་རྣམས་ཀྱིས།། བསྟན་པ་བཤིག་ཅིང་སྐུ་ལ་བསྔོ་བ་རྣམས།། ཞབས་པས་འཆིང་ཞིང་ལ་ལ་ཁྲམ་ལ་འདེབས།། ལ་ལས་མཚོན་འདེབས་ལ་ལས་ཐུན་དུ་འཇུག། གན་བུབ་རྡུལ་ནག་ཐིག་ཅིང་ཁྲག་ཏུ་སྐྱུག། ་།། མིག་རྩ་རིག་རིག་འོ་དོད་ཙེར་ཙེར་འབོད།། ཅི་མཛད་འོན་ཟོང་ཟེར་ཞིང་གསོ་བོར་བསྒོམ།། ཏིང་ངེ་འཛིན་གྱིས་དེ་ལྟར་གསལ་བསྐྱེད་ལ།། དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་སྒྲུབ།། རུ་པ་དྲ ་པ་ཏྲ་མུ་ཁྲག་ཙ་ར་ཁྲག་ཙ་ས་ཏེ། ཕོར་པ་དུན་ཧབ་སྭཱ་ཧཱ། བདུད་པྲ་མ་ར་ཛ་ཧ་ར་ཧུར་དུན་དུན་སྭཱ་ཧཱ། ཁྲི་འམ་འབུམ་ན་མངོན་དུ་བདུད་རྣམས་བྱོན།། མོན་དང་བཙུན་པ་སྐད་རིགས་མི་མཐུན་པ།། ལྡབ་ལྡིབ་སྨྲ་ཞིང ་ལས་ལ་མྱུར་དུ་བྱོན།། གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ།། ཧཱུཾ། བསྐལ་པའི་སྙིགས་མ་ལྔ་བརྒྱ་ལ།། ཁྲོ་རྒྱལ་གཤིན་རྗེའི་སྤྱན་སྔར་དམ་བཅས་པ།། མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་བྱེད།། ་འཇམ་དཔལ་གཤིན་རྗེ་དམར་གྱི་ཨརྒྷཾ་དང་།། བདུད་རྩི་དམར་གྱི་དམ་རྫས་དམ་པ་འདི།། ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར་བས།། བདུད་འཁོར་ཡོངས་ཀྱིས་བདེ་གཤེགས་བསྟན་པ་སྲུངས་ལུས་ཀྱི་དམ ་ཚིག་ཨ་ར་འམ།། ངག་གི་དམ་ཚིག་དི་ར་འམ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། སྟེང་ཕྱོགས་བདུད་ཀྱི་ཞིང་ཁམས་ནས།། འབར་བ་ཡ་ཆེན་བླ་མེད་ནི།། གཡུ་འབྲུག་སྔོན་མོའི་རྟ་ལ་ཞོན།། ལག་ན་གློག ་དམར་ཐོད་ཞགས་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མིའི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུགས་ཁྲམ་ཏོར་ཏོ་རྦད།། ཆེ་གེ ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ།། ཅེས་བརྗོད་ཅིང་ཁྲམ་ལ་རིམ་གྱིས་གདབ། རཀྟ་སྦྲེང་ཞིང་བདུད་རྣམས་ལས་ལ་རྦད།། མུན་ནག་འཁྱིལ་བའི་ཞིང་ཁམས་ནས།། ནག་པོ་ཡབ་རྗེ་ཁྲག་འཐུང་ནི།། སྟག་ཆེན་དམར་པོའི་རྟ ་ལ་ཞོན།། ལག་ན་སྦྲུལ་དམར་ཞགས་པ་ཐོགས།། སྣང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད་དུག་རྨུགས་ཁྲམ ་ཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ། ཤར་ཕྱོགས་རུས་པའི་ཞིང་ཁམས་ནས།། ཤར་བདུད་རོལ་པོ་རལ་པ་ཅན།། ཕུང་སྲི་རྔ་མོ་གློག་འགྱུ་ཞོན།། ལག་ན་གནམ་ལྕགས་རལ་གྲི་བསྣམས།། སྡང་བར་བྱེད ་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད་དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ། ལྷོ་ཕྱོགས་མེ་ཡི ་ཞིང་ཁམས་ནས། ཁྲམ་བདག་སྲོག་བདག་མཆེ་བ་ཅན།། བདུད་ཤ་ནག་པོ་བཅུ་རུ་ཆིབས།། ལག་ན་འཇིགས་བྱེད་ཞགས་པ་བསྣམས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི ་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད་དུག་མུག་མ་ར་ཡ་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིག་སྭཱ་ཧཱ།། ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས།། ཟླ་བདུད་ཡོར་པོ་ཞགས་པ ་ཅན།། འབྲོང་བུ་ནག་པོ་རྟ་རུ་ཞོན།། ལག་ན་གནམ་ལྕགས་ཕུར་པ་འདེབས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ་། ཨོཾ་སྙིང་ཁྲག་ཙིཏྟ་རྦད།། དུག་མུག་ཁྲམ་ཏོར་ཏོ་རྦད། ཆེ་གེ་མོ་མ་ར་ཡ་གུག་ལིག་རྦད་སྭཱ་ཧཱ།། བྱང་ཕྱོགས་དབུགས་ཀྱི་ཞིང་ཁམས་ནས།། སྲོག་བདུད་གསེར་གྱི་སྟ་རི་ཅན།། ཆིབས་སུ་ཁྱུང་ཆེན་རྟ་ལ་འཆི་བས།། ལག ་ན་གསེར་གྱི་སྟ་རེ་བསྣམས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ལ་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད་ཆེ་གེ ་མོ་མ་ར་ཡ་གུག་ལིང་སྭཱ་ཧཱ།། ཁྲམ་བདག་གནམ་བཙན་ཐོག་པོ་རྗེ།། ཆིབས་སུ་བདུད་ཀྱི་རྟ་ལ་ཆིབས།། སྐལ་ལྡན་གནམ་ལྕགས་ཐོགས་འཕེན་པ།། སྐལ་ལྡན་མཆེད་དགའ་སྤྲུལ་པའི་ཚེ།། འབྲུག་དང་སེར་བ་ཆེམས ་སེ་ཆེམས།། གློག་དམར་ཞགས་པ་ལྕིབས་སེ་ལྕིབས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཁྲམ་སྔགས་གོང་མ་རབ་ཏུ ་བཟླས། ཁྲམ་བདག་པར་བཙན་རི་བོ་རྗེ།། ཆིབས་སུ་རླུང་ཤ་རྟ་ལ་འཆི་བས།། ཕྱག་ན་རླུང་ནག་གཡབ་འདེབས་ཤིང་།། སྟོང་ཁམས་མ་ལུས་རླུང་ལ་བསྐུར།། ཆེས་དཀའ་སྤྲུལ་པའི་ཚེ།། གྲང་རྡབས་རྟ་རུ་ཞོན།། སྐྱེ ་སེར་འབེན་ཏེ་འབེན།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མི་ཡི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཁྲམ་སྔགས་བཟླས་ཞིང་རཀྟ་སྦྲེང་། ཁྲམ་བདག་ཚེ་འཛིན་སྡིངས ་དང་རྗེ།། ཆིབས་སུ་དུར་ཕག་རྟ་རུ་ཆིབས།། འཁོར་དུ་བསེ་རགས་འཁོར་དང་བཅས།། ལག་ན་ཁྲམ་བདག་ཁྲམ་ཤིང་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ་དར་མ་ཁྲིད་ལ་ཤོག། སྐྱེ་བུ་མི་ཡི་སྙིང་ལ་ཡ། ་བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཁྲམ་སྔགས་བཟླས་ཤིང་རཀྟ་སྒྲེང་། ཁྲམ་བདག་རོ་ལངས་ནག་པོ་རྗེ།། ཆུ་གླང་སྔོན་པོ་རྟ་རུ་ཞོན།། ལག་ན་གནམ་ལྕགས་རྟ་རི་ཐོགས།། སྡང་བར་བྱེད་པའི་དགྲ་ལ་ཡ།། སྐྱེས་པ ་དར་མ་ཁྲིད་ལ་ཤོག། སྐྱེས་བུ་མིའི་སྙིང་ལ་ཡ།། བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ།། ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་ཏོར་མུག་ཏོར་ར་རྦད། ཆེ་གེ་མོ་མར་ཡ་གུག་ལིང་སྭཱ་ཧཱ།། གཤིན་རྗེ་ནག་པོའི་དུས་ལ་བབ།། འབར ་བ་ནག་པོའི་དུས་ལ་བབ།། ཤ་ཟ་ནག་པོའི་དུས་ལ་བབ།། ནག་པོ་རྒྱ་གསུམ་དུས་ལ་བབ།། རོལ་པ་སྐྱ་གསུམ་དུས་ལ་བབ།། སྤྱོད་སྔོན་འབར་བའི་དུས་ལ་བབ།། རྒྱ་བོ་མིག་བཞི་དུས་ལ་བབ།། ཅེས་པ་དག་གིས ་ཁྲམ་ལ་གདབ།། རཀྟ་སྒྲེང་ཞིང་ཕྲིན་ལས་བཅོལ།། ཉུང་ཀར་ཉུང་ནག་དུག་ཁྲག་ལ།། དྲག་སྔགས་འདི་ཡིས་བརྡེག་པར་བྱ།། རུ་དྲ་ཙ་པ་ཐུན་ཁྲག། ཤོ་ཏི་མ་མ་རོ་ཐུན་ཁྲག། ཁ་མ་ཡ་ཐུན་ཐུན་ཁྲག། སྟོང་ཉ་ཀུ་སུ ་། ཐུན། ཁྲག་མ་ཀུ་ས་ར་ཐུན་ཁྲག། ཆེ་གེ་མོ་མ་ར་ཡ་ཐུན་ཁྲག། ཅེས་ནི་རབ་ཏུ་ཁྲོས་ལ་བརྡེག། གཏད་པའི་ལས་སུ་བྱ་བའང་།། ཁྲམ་དང་འཁོར་ལོ་ཐོད་པར་བྲུབ།། ཆུ་མིག་ནུབ་ཏུ་བལྟས་པར་བཏང་། ་གཏོར་མ་བཏང་ཞིང་སྨོན་ལམ་གདབ།། བསད་པ་ཉིན་བཞིའི་གིང་བཞི་སྟེ།། འཕང་བ་དུག་ཁྲག་ཐུན་དུ་འཕངས།། བསྲེག་པ་ཡམ་ཤིང་ཐོད་པ་སྟེ།། ཚེར་མ་ཅན་གྱི་ཤིང་བསྡུས་ལ།། གྲོག་པོ་ཕུག་དུག་ཕྱིན་ལ་བསྲེག། ་མནན་པ་འཁོར་ལོ་ཆུ་མིག་འཁོར།། ནག་པོ་ཀླུ་ཡི་ལག་ཏུ་གཏད།། གདབ་པ་རང་རང་ཕུར་པས་སོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། སྟོང་གསུམ་མུན་པར་གཏོང་བ་བདུད་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་སོ ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་སྟོང་གསུམ་མུན་པར་གཏོར་བ་བདུད་ནང་ལྟར་སྒྲུབ་པ་འདི་གསུངས་སོ།། དང་པོ་དང་བའི་དད་པ་རབ་ཏུ་སྐྱེད།། བཀའི་གནས་སམ ་དགའ་བའི་གནས་དག་ཏུ།། ས་བདག་ལྷ་ཀླུ་ཞི་བར་རབ་བྱས་ཏེ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། མཐིང་ནག་གྲུ་གསུམ་ཟླ་གམ་གསུམ་གྱིས་བསྐོར།། འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ་བཞིར་ལྡན།། ་མཐིང་ནག་དབུས་སུ་ཡ་མ་གཤེད་པོ་སྟེ།། ཟླ་གམ་གསུམ་ལ་ཡབ་ཡུམ་གཉིས་སྲས་དང་གསུམ།། འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད།། བར་འཁྱམ་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད།། སྒོ་བཞིར་བདུད་ཀྱི ་ཡང་ཁ་ལོ་བཞི།། ལྷོ་ནུབ་མཚམས་སུ་གྲིར་ཤིའི་གཡང་གཞི་གཟུགས།། ནུབ་བྱང་མཚམས་སུ་སྦྱང་ཀིའི་གཡང་གཞི་གཟུགས།། བྱང་ཤར་མཚམས་སུ་བྱ་རྒོད་གཡང་གཞི་གཟུགས།། ཤར་ལྷོའི་མཚམས་སུ་ལུག་ནག ་གཡང་གཞི་གཟུགས།། དབུས་སུ་ཁྱི་ནག་དར་ནག་ཞིང་གི་གུར།། ཕྱི་རིམ་བོང་རྒྱ་ནག་པོ་དག་གི་བསྐོར།། ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་རྒོད།། དབུས་སུ་ཡབ་ཡུམ་གཏོར་མ་བཞག་བྱ་བ།། བསེ་ཁབ ་མོན་ཐོད་མཁར་གཞོང་ལ་སོགས་སུ།། མི་ཤ་རྟ་ཤ་གཏོར་མ་བཞག། ལྷོ་ནུབ་མཚམས་སུ་རྗེ་རིགས་ཐོད་པ་རུ།། མི་སྙིང་ཁྲག་སྲེག་པའི་གཏོར་མ་བཞག། ནུབ་བྱང་རྟ་ཁྲག་རྟ་སྙིང་སྦྱར་བ་གང་།། ཤར་དུ་སྤྲེའུ་ཡི་སྙིང ་དང་ཕག་ཁྲག་བསྲེས་པ་བཞག། བདག་ཉིད་མཐིང་ནག་བེར་གྱོན་ཏེ།། སྲོག་གི་སྙིང་པོ་རྒྱུན་དུ་དྲངས།། ཨོཾ་ཤ་ར་ན་ཤ་ཏྲི། ཁ་ར་ན་ཁར་དུ། མ་ཤེ་རེ་ན། རུམ་བུ་ཤཾ་ཏྲི་ན། མི་ར་ཏ་ན་དུ་ཏ་ར་ན། ཨ་བ་ཙག་ར་ཙུ་རུ ་ཤ།། མུ་སྟོ་ཤ་མུར་སྟོ་ཤ། ཨཱ་ཡ་བ། དུག་སུ་རུ་ན། ཧ་ཧེ་ཡ་ཛ་ཡ་རུ། མ་ར་ཡ་ཧཱཾ། བ་བ་བྷི་ཡ་ཧཱུཾ། ཨ་བ་ཡ་ཏེ་ལ་བ་ད་ར། བདུད་ཀྱི་སྙིང་པོ་དེ་རྣམས་དྲང་།། ལྕམ་བྲལ་འཁོར་བཅས་དྲིལ་བ་ནི།། ཨོཾ་ཧྲ་ནེ་མོང་ཧོར། ་འབའ་ལི་མ་ཁུ་ལི་བུཾ་རུཾ། བ་ནུ་ཏྲ་ཏྲ། དུ་རུ་དུ་རུ། ཏྲ་ར་ཏྲ་ཛ་ད་ཧཱཾ་ཛ། སྟོང་ངམ་བྱེ་བ་ས་ཡར་བཟླས།། སྟོང་གསུམ་མུན་པར་སྟོང་བྱེད་ན།། མུན་པའི་དུས་སུ་དུག་ཁྲག་ལ།། ཉི་མ་བསད་པའི་དྲག་སྔགས་བཟླས། ་རང་སྔགས་འཇུག་ཏུ་མུན་འཐིབས་བརྗོད།། སྟོང་གསུམ་བདུད་ཀྱི་དྲག་རྩལ་གྱིས།། སྐད་ཅིག་ཙམ་ལ་གཡོ་འགུལ་སྟོང་།། ལས་ལ་སྦྱར་ཏེ་གསོད་འདོད་ན།། རབ་ཆད་ནག་པོའི་ཐོད་པ་རུ།། དུག་དང་ཀླད་ཁྲག་སྦྱར ་བ་ཡིས།། གཏུམ་ཁྲོ་བསྟོད་ལ་བདུད་རྣམས་རྦད།། ཧཱུཾ། ནམ་མཁའ་ཡངས་པའི་མཁའ་ཀློང་ནས།། ཡབ་རྗེ་ཤན་པ་དབུ་གསུམ་ཕྱག་དྲུག་པ།། གནས་འདིར་མུན་སྟོབས་དམ་ལ་ཤོག། མུན་པ་སྟིབས་པའི་དཀྱིལ ་འཁོར་ནས།། ཡ་གཞིར་ནག་པོ་འབྲུག་ཐོག་སྐུ།། གནས་འདིར་མུན་སྟོབས་དམ་ལ་ཤོག། ཤར་ཕྱོགས་རུས་པའི་ཞིང་ཁམས་སུ།། ཤར་བདུད་རོལ་པོ་རབ་པ་ཅན།། ཞེ་སྡང་མུན་སྟོབས་དམ་ལ་ལོག། ལྷོ་ཕྱོགས་མེ་ཡི ་ཞིང་ཁམས་ནས།། སྲོག་བདུད་སྔོན་པོ་རལ་པ་ཅན།། སྲོག་ལ་མུན་གཏིབས་དམ་ལ་ཤོག། ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས།། བླ་བདུད་ཡོར་པོ་ཞགས་པ་ཅན།། བླ་ལ་མུན་གཏིབས་དམ་ལ་ཤོག། བྱང་ཕྱོགས ་། རླུང་གི་ཞིང་ཁམས་ནས།། སྲོག་བདུད་སེར་པོ་སྟ་རེ་ཅན།། སྲོག་ལ་མུན་གཏིབས་དམ་ལ་ཤོག། ཚེ་གུད་སྦྱིན་གྱི་རལ་པ་ཅན།། ཚེ་བདུན་པར་ཆོད་དམ་ལ་ཤོག། སྲོ་ཏི་འཁྲིག་པ་སེམས་ཀྱི་བདུད།། ཡིད་མུན་གཏིབས ་པ་དམ་ལ་ཤོག། དཀར་མོ་འབར་མ་སྤྱན་གཅིག་མ།། སྔོན་མོ་སྟི་རི་སྲིན་མོ་འཁོལ།། དམར་མོ་གཡུ་ཙུག་ཀླུ་གཉེན་འཁོལ།། ནག་མོ་དྲེད་མོ་མ་ཡམས་ཁོལ།། སེར་མོ་རླུང་ཤོག་དབང་ལྡན་འཁོལ།། དཀར་ལྡང ་འུག་མགོ་དྲི་ཟ་འཁོལ།། སྔོ་ནག་སྲེག་བྱེད་ཡ་མ་འཁོལ།། དམར་མོ་སྐྱེག་མོ་སྲིན་མོ་འཁོལ།། སྔོ་སྐྱ་ཞགས་ཐོགས་རླུང་ལྷ་འཁོལ།། དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་པ་བཏིབས།། ཧ་ན་ཧ་ན། སྟི་ཏ་སྟི་ཏ། རུ་ཏྲ་མ ་མ་ས་མ་ཡ་ཧཱཾ། ཁ་ཏྲི་ཛ་མི་ཏྲི། ཛ་ཤིན་ཏྲི་ཛ། ཡཀྐ་ཛ། མ་ཏྲ་ཛི། ད་ཏྲི་ཛ། ད་ཏྲི་པ་ཏྲི་ཛ་ཛ། བྱིན་ཛ། ཀརྨ་ཛ། ཧ་དུ་ཛ་མི་ཤ་ཛ།། ཡཀྵ་ཛ་སུ་ལིང་ཛ། ཁོ་ད་ར་ཛ། ཛ་ཧཱུཾ། རྦད་སུ་རྦད་སུ། ཁ་ཤེད་རྦད། ཁ་ནི་རྦུད། སོ་ལ ་ཀོ་ནང་རྒུད། དུ་རུ་རྦུད། ཁ་ལ་ཁ་རྦུད། ཤེད་ཙི་ཏ་གོང་ཤ་ཆེ། ཁ་ལ་རུག་ཏི་མུ་ཧ་རྦུད་སྭཱ་ཧཱ། ཟ་ཟ་ནད་སྐུམ་ཐུམ་རིལ་ལི་ལི། ཁ་ལ་ཁ་ཤག་ཐུམ་ཀ་མནན། ཧ་ར་རྦད་ཆུ་མས་ཁུག་རི་ལ། ཀུག་རྔམ་ཁྲག་རི་ལ། སྲོག ་ད་རིལ། དེ་དག་བསད་ཅིང་གཟིར་བ་དང་།། མནན་ཅིང་འཕངས་དང་བསྲེག་ཅིང་གཏད།། འཁོར་ལོ་མིང་བྱང་ཡི་གེ་དགོད།། དབྱེ་དང་དགུག་དང་བསྟིམ་པའི་ལས།། མན་ངག་བཞིན་དུ་བྱས་གྱུར་ནས།། ཐེ ་ཚོམ་མེད་པར་བརླག་པར་བྱེད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་ནང་ལྟར་སྒྲུབ་པའི་སྐབས་ཏེ་སོ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བདུད་གསང་བའི ་ཚུལ་དུ་བསྒྲུབ་པ་འདི་གསུངས་སོ།། ཐོག་མར་དད་པ་རབ་ཏུ་སྐྱེད།། བསོད་ནམས་ཚོགས་ཀྱི་ཡན་ལག་བསགས།། ནག་པོ་བྲག་གི་རྩར་ཕྱིན་ལ།། ལྷོར་ལྷས་རྩ་ནས་ཆུ་འབབ་དུ།། གུར་ནག་ནང་དུ་ས་བླངས་ལ། ་སྟེགས་བུ་འདོམ་གང་གྲུ་བཞི་བརྩིགས།། མི་ཁྲག་ཁྱི་ཁྲག་རྟ་ཁྲག་དང་།། རྒུརྐུ་སོལ་བསྲེགས་ལ་ཆག་ཆག་གདབ།། དབུས་སུ་གྲུ་གསུམ་མཁྱེད་གང་བྲུ།། ཟླ་གམ་དམར་པོ་ཐོད་ཕྲེང་དཀར།། གྲུ་ཆད་ལྡང ་ནག་སྒོ་བཞི་སེར།། བདུད་ཕོ་ཧ་ནུ་བགྷ་ཥ།། དར་ལ་གཟུགས་བྲིས་དབུས་སུ་དགོད།། ལྕགས་སམ་མཆོག་གི་ཕུར་པ་ལ།། བཤད་པོར་བྱིན་བརླབས་དབུས་སུ་དགོད།། སྤ་དར་ནག་པོ་ལྕེ་བཞི་ལ།། ཕྱོགས་བཞིར ་བདུད་བཞིའི་གཟུགས་བྲིས་དགྲམ།། ཤར་དུ་ཁུ་ལེ་ཁྱབ་པ་དགོད།། ལྷོ་རུ་ནག་པོ་བཀྲག་མེད་དགོད།། ནུབ་ཏུ་སོ་ཏྲ་འཁྲིག་པ་དགོད།། སོ་མོ་རྩེ་སྐྱེམས་བྱང་དུ་དགོད།། དྲི་ཟ་ཁྲུངས་བཙུན་ཤར་དུ་དགོད།། ཕག ་ཀར་ཉ་རིང་ལྷོ་རུ་དགོད།། ངང་ཟ་ཕན་དཀར་ནུབ་ཏུ་དགོད།། ན་བུན་སྨུག་མོ་བྱང་དུ་དགོད།། བཀའ་འཁོར་སྐྱོང་བའི་གནོད་སྦྱིན་བདུན།། ཕྱག་གཉེན་བཅུ་གསུམ་ཁྲག་གི་གདངས་རལ་ཅན།། སྤྲུལ་པ་བཅུ་གསུམ ་སྟག་དང་གཟིག་ཆས་ཅན།། མོན་བུ་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན།། ཕོ་ཉ་བཅུ་གསུམ་སྟག་སེ་ཟོང་ཀ་ཅན།། ཕྱག་གཉེན་མ་རྣམས་རོ་བའི་གོ་ཅོག་ཅན།། སྤྲུལ་པའི་མོ་རྣམས་སོལ་བའི་མོན་ཚར་ཅན།། མོན་མོ ་བཅུ་གསུམ་ཞ་ཉེའི་རྒྱལ་པོ་ཅན།། ཕོ་ཉ་མོ་རྣམས་འགྲོན་བུའི་ཐོད་སྐབས་ཅན།། གྲུ་ཆད་ཁྱམས་དང་སྒོ་ལ་དགོད།། དེ་ལ་དམ་རྫས་བཤམ་པ་ནི།། རབས་ཆད་མོན་གྱི་ཐོད་པ་རུ།། པྲ་སྲན་གཏོར་མ་ཆ་གཅིག་ཏུ།། ་ལུག་ནག་སྤྱི་དཀར་ར་རོག་དང་།། རྟ་ནག་རྟིང་དཀར་གསུམ་གྱི་སྙིང་།། སྲོག་པ་རྩ་དང་མ་བྲལ་ན།། དགྲ་བོ་དུ་ཡོད་མིང་རུས་རྣམས།། གྲོ་ག་ཤིང་ཤུན་བྲིས་ལ་གཞུག། བྱ་རོག་གསོབ་དང་སྦྱངས་ཀའི་གསོབ།། ་བརྒྱུད་དེ་ཤར་ནུབ་ཁ་བསྟན་བཞག། ཆང་ཕུད་ནང་དུ་གསེར་བདར་བ།། དངུལ་སྐྱོག་གང་ཡང་བཞག་པར་བྱ།། གཡབ་དར་ནག་པོ་གཡབ་ཚུལ་བྱ།། ལུག་ནག་ལྕགས་རུ་གསེར་མིག་ལ།། རེ་བའི་སྒྱེའུ་ཁལ་དུ ་བཀལ།། གཡས་སུ་ཕོ་རྣམས་མིང་རུས་གཞུག། གཡོན་དུ་མོ་རྣམས་མིང་རུས་གཞུག། སྔོན་དམར་སྐུད་པས་གོང་རྨེད་བྱས།། ར་ལ་དར་ལྕེ་མཐིང་ནག་གདགས།། མི་གཉིས་ནང་དུ་རིན་ཆེན་བརྡར།། དར་དཀར་ཡུག ་གིས་མིག་གཉིས་དགག། དཀྱིལ་འཁོར་མིང་བྱང་དྲ་རུ་གདགས།། དུར་ཁྲོད་རས་ལ་འཁོར་ལོ་བཅའ།། ཐོད་པ་དུག་ཁྲག་བསྲེས་ཏེ་དགང་།། གོས་ནག་གྱོན་མ་ཐོད་ནག་བཅིངས།། བདུད་ཀྱི་གཡབ་དར་ལག་ཏུ ་ཐོགས།། གཏུམ་ཆེན་བསྟོད་ལ་བདུད་རྣམས་བཀུལ།། དྲག་སྔགས་འདི་བཟླས་མངོན་དུ་འགྱུར།། ཧཱུཾ་ཕཊ་བྷ་ཧཱུཾ་ལེ་མ་ས་ཤ་སྟ། ཧསྟ་བ་ཕ་བྷེ་རང་པ་ལ་ཤ་ས་ར་ཡ་ཧཱུཾ་མ་ཧེ་ས་མང་ག་ལ་ཧཱུཾ་ཕཊ། སུམ་འབུམ་བཟླས་ན ་གང་ཡང་འགྲུབ། དེ་བཞིན་བསྒྲུབས་ན་མངོན་དུ་གང་ཡང་འགྲུབ་པར་འགྱུར།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་གསང་བ་ལྟར་སྒྲུབ་པའི་སྐབས་ཏེ་སོ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན ་། འདས་གཤིན་རྗེ་གཤེད་པོས། འཇིག་རྟེན་གྱི་ཁམས་མེས་བསྲེག་པ་བཙན་ཕྱི་ལྟར་སྒྲུབ་པ་འདི་གསུངས་སོ།། བྲག་དམར་རྩ་འམ་དུར་ཁྲོད་དུ།། ས་བདག་ཞི་བྱ་ཀླུ་གཏོར་བཏང་།། དཀྱིལ་འཁོར་འདོམ ་གང་གྲུ་བཞི་ལ།། ར་དམར་ཁྲག་གིས་ཆག་ཆག་གདབ།། དབུས་ཀྱི་ལྟེ་བ་དམར་པོ་ལ།། ཟླ་གམ་དམར་པོ་བརྒྱད་ཀྱིས་བསྐོར།། ལྕགས་རི་དམར་པོའི་མེ་འོད་འབར།། ཟླ་གམ་རེ་ལ་མ་ར་ཡ། ར་དམར་སེ་འགྲམ ་ཕྱི་རྟེན་བཅའ།། དབུས་སུ་བཤོས་ཆ་ཁྲུ་གང་བཞག། ར་ཁྲག་དག་གིས་དམར་པོར་བྱུག། ཟ་འོག་དམར་པོ་མདའ་གང་གདགས།། ར་ལྤགས་དམར་པོ་མདའ་གང་གདགས།། ཟེར་མོ་ལྡོམ་པའི་ཕོད་ཀྱིས་བརྒྱན།། ་དབུས་ཀྱི་ཟླ་གམ་སྟོང་དུ་བཞག། དེ་འཁོར་ཟླ་ཁམ་བརྒྱད་པོ་ལ།། བཤོས་བུ་ཆ་བརྒྱད་མདའ་དམར་བརྒྱད།། དར་དང་ར་ལྤགས་དམར་པོ་དང་།། ཟེར་མོའི་འོད་ཀྱིས་བརྒྱན་པ་བརྒྱད།། ཕྱི་རིམ་ཟླ་ཁམ་བརྒྱད་ལ ་དགོད།། གསེར་གདར་ཆང་ཕུད་བྱའོ་དགུ། འབྲས་དང་ཏིལ་ནག་ལ་སོགས་པ།། ཟླ་ཁམ་དགུ་ལ་ཕུལ་དགུ་བཞག། དུར་ཁྲོད་རས་ལ་འཁོར་ལོ་ནི།། རྩིབས་བརྒྱད་པ་ལ་བྱ་བར་བཤད།། ཨོཾ་ལ་ལི་སྲ་མ་ནི་རྩི་ཐལ ་པ་ནི་ཏྲི་ཏྲི། རེ་ཏོ་ཧ་མ་ཤཾ། སམྦྷ་སརྦ་ཀརྨ་བེ་བ་སྱི་ཧ།། འདི་ནི་རབ་ཏུ་དྲག་པོའི་སྔགས།། འགུགས་དང་རྦད་པའི་སྔགས་འདི་བརྗོད།། སྲོག་ལ་མི་སྲ་མ་ཎཾ། བཾ་རི་ལི་ལི་དགྲ་བོ་མ་ར་ཡ་ཛ། སྲོག་རི་ཙེ་ཐལ་བ་ནི། བཾ ་རཾ་ལི་ལཾ་དགྲ་བོ་ནི་ཛ། ཀྲྀ་ཏ་ཀྲོ་ལ་ཡ་ཐ་ར་ལྀ་ལྀ་དགྲ་བོ་ནི་ཛ། ཀྲྀ་ཏི་ཀོ་ལ་ཡ་བ་ར་ལི་ལྀ་དགྲ་བོ་ནི་ཛ། མོ་ཊི་གམ་ཤམ་མ་ར་ཡ་བ་ར་ལ་ལེ་དགྲ་བོ་ན་ཛ། མུ་ཏྲ་མ་ར་ཡ། བ་རིའུ་ཏྲི་མ་ར་ཡ་བ་རི་ལ་ལ་དགྲ་བོ་ན་ཛ། ་ཧམ་ཤམ་སྙམ་དུ་མ་ར་ཡ་བཾ་རི་ལི་ལི། དགྲ་བོ་ནི་ཛ། རབ་གསང་དཔོན་གཡོག་དགུའི་སྙིང་པོ་བརྗོད་ཅིང་དྲངས་པར་བྱའོ།། སྲོག་ལ་མི་བྲ་མ་ནི། དམ་ཉམས་དགྲ་བོ་སྙིང་ལ་ཛཱ་ཛཱ་ཛ། སྲོག་ལ་མ་ར་ཡ་ནི་དམ་ཉམས ་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། སྲོག་རེ་རྩེ་ཐལ་བ་ནི། དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛཱ། ཀྲོ་ཏི་ཀི་ལི་མ་ར་ཡ་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་ཏི་ཏི་ཀི་ལི་ཡ་ཤ་མ་ར་ཡ་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། སྲོག་ཀ་ཏཾ་ཀ་ཏཾ་ཤ ་མ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། སྲོག་གི་ཤཾ་ཏྲི་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། སྲོག་མུ་ཏི་རེའུ་ཏི་དམ་ཉམས་དགྲ་བོའི་སྙིང་ལ་ཛཱ་ཛཱ་ཛ། དམིགས་པའི་གཟུགས་ལ་སྔགས་ཀྱིས་རྡེག ་གཤིན་རྗེ་སྟོང་ལ་བཙན་རྣམས་རྦད།། ཧཱུཾ། འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས།། མེ་འོད་འབར་བའི་ཞིང་ཁམས་ནས།། མེ་རི་དམར་པོ་མདུང་ཙམ་ཞིག། དབུ་ལ་སྒྲ་མེ་བསྐལ་བའི་མེ་དཔུང་འབར།། འཇིག ་རྟེན་ཁམས་ཀུན་མེ་ཡིས་སྲེག། སྨིན་མ་ལྕགས་ཀྱུ་འཁྲིལ་བ་འདྲ།། སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་ཟློག། སྐུ་ལ་ལེབ་རྒན་དམར་པོའི་འཇོལ་བེར་གསོལ།། གཡས་ན་བཙན་གྱི་རྒྱུ་ཞགས་དགྲ་ལ་འཕེན།། ་གཡོན་ན་ཧུ་ལུ་ལྟས་ངན་འབེབ།། ཞབས་ལ་ལྕགས་ལྷམ་ཡུ་ཐུང་གསོལ།། སྦྲུལ་ནག་སྟོང་གི་ཆུན་འཁོར་ཅན།། སྦྲུལ་དམར་གཞིབས་པའི་སྐུ་རེག་ཅན།། སྐར་ཆེན་དམར་པོའི་ཚར་ཚར་ཅན།། བཞུགས ་ནི་གླིང་བཞི་ཁྱབ་པར་བཞུགས།། ནམ་གྱི་གུང་ལ་རྒྱུ་ཙམ་ན།། བྲག་གི་ཝ་མོ་ཁ་ནག་འཆི་བས།། ཉི་མའི་ཟེར་ལ་རྒྱུ་ཙམ་ན།། ཆིབས་སུ་ལྟས་ངན་ཝ་ལ་འཆི་བས།། ནམ་གྱི་གུང་ལ་རྒྱུ་ཙམ་ན།། ཆིབས་སུ་བྲའུ་རྟིང ་དཀར་འཆི་བས།། དམ་རྫས་གཏོར་མ་འདི་ལོང་ལ།། ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས།། འཁོར་གྱི་བཙན་རྣམས་ལས་ལ་བསྐུལ།། འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་བ་ཐོང་།། དགྲ་བོའི་རྣམ་ཤེས་བརྒྱད་པོ ་ལ་བར་སྲེག། སྐྱེས་བུ་ཆེན་པོ་དགྲ་ལ་ཡ།། རབ་གསད་མཆེད་དགུ་དགྲ་ལ་ཡ།། བཙན་གྱི་ཞགས་པས་ད་སྡོམས་ལ།། ཐ་རམ་དགྲ་ལ་ད་ཕོབ་ཅིག་། ཁྲག་སྐྱུགས་གཟེར་ཐབས་ཕུར་གྱིས་ཐོབ།། ཅེས་ཕྲིན་ལས ་བཅོལ་ཀན་ལོ་དང་ཟླ་བར་འགྱུར་རོ།། བཙན་ར་ཁམ་རོག་རྟེན་དུ་བཅའ།། བེའུ་ཝ་དང་རྟ་ཆུང་ལག་སོར་རྣམས་གོང་བཞིན་བསྐུལ། ཆང་ཕུད་བཏང་ཞིང་ལས་གཉེར་གཏད།། རྟགས་དང་བྱུག་པ་དང་བཏང་རག ་བཏང་།། གསོལ་དང་བཤོལ་ཆ་དབུལ་བར་བྱ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེསགས་པ་བཙན་གྱི་ཟླ་གསང་སྐབས་ཏེ་སོ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས ་འཇིགས་བྱེད་ཆེན་པོས་བཙན་ནང་ལྟར་སྒྲུབ་པ་འདི་གསུངས་སོ།། གོང་གསུམ་ཁ་འམ་བྲག་དམར་རྩ།། དུར་ཁྲོད་ནམ་རྫོང་ཐུག་པོ་རུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དུག་དང་ཁྲག་གི་ཆག་ཆག་གདབ།། ་དབུས་སུ་གྲུ་གསུམ་ཐུར་དུ་བསྐོ།། མུ་སུ་རི་ཡི་ཐོད་པ་རུ།། རྡོ་སོལ་སྤྲ་བ་ལ་སོགས།། ཏིལ་མར་བསྲེས་ཏེ་བཞག་པར་བྱ།། དེ་ལ་ཟླ་གམ་གསུམ་གྱིས་བསྐོར།། ཕྱི་རིམ་འཛམ་བུ་གླིང་བཞི་བྲི།། ལྕགས་རི་ལ་སོགས ་མེ་འོད་བྲི།། དབུས་སུ་ཡ་མ་གཤེད་པོ་སྟེ།། ཟླ་ཁམ་གསུམ་ལ་ཡུམ་སྲས་དགོད།། ཟླ་ཁམ་ཤར་དུ་བཙན་རྒྱལ།། རྡོ་རྗེ་རེག་བྱ་གསེར་མིག་དགོད།། ལྷོ་རུ་རྡོ་རྗེ་གྲགས་མཆོག་དགོད། ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་རྩལ།། ་བྱང་དུ་ཤུ་བོ་རྡོ་རྗེ་འབར།། ཡབ་ཡུམ་རྫས་སུ་བཤམས་པ་ཡང་།། མི་ཤ་རྟ་ཤ་གཏོར་མ་དང་།། སྙིང་ཆེན་གཅིག་ལ་བརྟེན་ཏེ་སྒྲུབ།། ཕྱོགས་བཞིར་གཏོར་མ་བཞི་བྱས་ལ།། ཤུ་བོ་མཆེད་བཞིའི་རྫས་སུ་དགོད།། ར ་དམར་སྙིང་དང་བྱ་སེ་དང་།། རྟ་མཚལ་སྙིང་ལ་བཙན་རྣམས་རྟེན།། བྱ་རྒོད་མདའ་ལ་ལེབ་རྒན་དར།། ལག་ཏུ་ཐོག་ཡལ་རྟག་ཏུ་གཡང་།། དྲི་བོའི་ཐོད་པར་ཟ་རམ་བཅའ།། རྟག་ཏུ་ར་གསུར་རྒྱུན་དུ་བཏང་།། གསེར ་སྐྱེམས་ལ་སོགས་གསེར་སྦྱར་བས།། རྟག་ཏུ་བཙན་ལ་མཆོད་པ་བྱ།། སྤྲུག་པའི་གླུ་དབྱངས་སྣ་གླིང་འབུད།། རྟག་ཏུ་ཉུངས་ཀར་ཉུངས་ནག་ལ།། སྔགས་བཟླས་གྲུ་གསུམ་ཟོད་པར་བསྟིམ།། རྣམ་གསུམ་ཏིང་འཛིན ་། བཙན་རྣམས་བསྐྱེད།། ཨཱ་བི་ཤུ་ས་མ་ཡ་ཨཱ་ར་ཙ་བེ་ནི་ཨ་ན་ཎ་སྟ་ཏྲི་ཤཾ་རྦད། འཛའ་ཤ་ཏིང་སན་དྷ་ར་བ་ཤུ་ན་ཙི་ཏ་བརྨི་ཀུ་རུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་གྱུར་ན།། སྐུ་ཡང་དངོས་སུ་སྟོན་པར་འགྱུར།། ་གཞན་ཡང་རྟ་མེད་སྲབ་སྒྲ་དང་།། མི་མེད་བཤུད་པ་དི་རི་འོང་།། དེ་བཞིན་ལས་ལ་སྦྱོར་བར་བྱ།། གཤེད་པོ་བསྐུལ་ལ་བཙན་རྣམས་རྦད།། འཇིག་རྟེན་མེ་ཡིས་བསྲེག་འདོད་ན།། རྡོ་སོལ་རྫས་སྦྱར་དམ་རྫས་ལ།། ་རྩ་བའི་སྔགས་ལ་རཾ་རཾ་སྦྱོར།། དེ་ཡི་རྫས་སྦྱོར་རབ་ཏུ་གཅེས།། ཟླ་གསང་བུ་ལ་ཤེས་བྱ་བཞིན།། གསོད་པའི་ལས་ཀྱང་གོང་དང་འདྲ།། གཙོ་རུ་རང་གི་དམ་ཚིག་བསྲུང་།། ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ།། ཡེངས ་ན་གང་ཡང་མི་འགྲུབ་ཏེ།། རྟག་ཏུ་མི་དང་ཉེ་མི་བྱ།། ཐ་རམས་བཅས་པའི་ཐོད་པ་དེ།། གོང་གསུམ་བཙན་གྱི་འདུ་ས་འམ།། བྲག་བཙན་ཀླུ་བཙན་ཡོད་པར་སྦ།། གང་ལ་བྱ་བ་འཇོམས་པར་འགྱུར།། གཤིན་རྗེ་ཟླ ་གསང་ནག་པོའི་རྒྱུད་ལས།། འཇིག་རྟེན་གྱི་ཁམས་མེས་བསྲེགས་པ་བཙན་གྱི་ཟླ་གསང་སྐབས་ཏེ་སོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཙན་གསང་བར་བསྒྲུབ་པ་འདི ་གསུངས་སོ།། དགོན་པའམ་དུར་ཁྲོད་ལྟ་བུ་རུ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིག། དབུས་སུ་རབས་ཆད་ཐོད་པ་རུ། ཁྲག་སོགས་དུག་སོགས་རྡོ་སོལ་དང་།། དུར་ཁྲོད་རས་དང་ཏིལ་གྱི་མར།། ར་དམར ་སྙིང་དང་ར་ཁྲག་བླུག། མིང་དང་རུས་བྲིས་ཐོད་པར་གཞུག། གསེར་ཕོར་ཟངས་གཞོང་གཏོར་མས་དགང་།། དྲུང་བཞག་སྲོག་སྙིང་ཚད་དུ་གྲངས།། ཨོཾ་དྷེ་ཝ་ཏྲི་མང་ག་ན་ཛ། མུ་ས་མ་ར་ན་ཡ་མ་ར་ན། དགྲ་བོ་ཆེ་གེ ་མོ་སྲོག་བྲེང་བྲེང་ཐུམས་བྷྱོ་ཛ་ཛ། འདི་ནི་རབ་ཏུ་མི་བགྲུངས་སྔགས།། ཐོད་པའི་ནང་དུ་འབུམ་དུ་བཟླས།། ཐོད་པ་ནགས་ཚལ་འཐུག་པོ་འམ།། རི་ལ་སྦས་ན་རི་མེས་ཚིག། ཁྱད་པར་རྒྱ་མཚོ་ལྟ་བུའམ།། ཆུ་མིག་སྦས ་ན་ཆུ་ཡང་འཁོལ།། དགྲ་ཡི་གདུང་བསེབ་སྦས་གྱུར་ན། ཁྱིམ་དང་བཅས་པ་འཚིག་པར་འགྱུར།། དེ་ནས་སྔགས་དེ་ཉིད་འུ་སུའི་སྡོང་པོ་ལ་ལན་སྟོང་དུ་བཟླས་ནས་བྱིན་ན་དེ་སྨྱོ་བར་འགྱུར་རོ།། དེ་རའི་ལོ་མ་དང་། བ ་བེ་དང་། ཀ་ཀ་རི་ལ་བཟླས་ནས་བྱིན་ན་མཛེར་འགྱུར་རོ།། བེའུ་བྷ་དང་ཀ་ནད་ལ་བཟླས་ནས་བྱིན་ན་སྐྲངས་འབུར་གྱི་ནད་ཀྱིས་འཆི་བར་འགྱུར། ཛའི་འབྲས་ལ་སྔགས་ནས་ཕྱོགས་སུ་གཏོར་ན།། སྦྲུལ་ཆེན་པོ་ཁང ་པའི་ནང་དུ་འོང་བར་འགྱུར་རོ།། རྡོ་སོལ་ལ་བཟླས་ནས་བན་དྷའི་ནང་དུ་ཆང་དང་སྦྱར་ན་རྩ་གསེབ་དང་ཤིང་གསེབ་ཏུ་སྦས་ན་ཡུལ་ཁམས་འཚིག་པར་འགྱུར་རོ།། རྡོ་སོལ་ལ་སྔགས་ཏེ་ཆང་གྲལ་དུ་རོག་པོའི་ཆང་ལ ་བཏབ་ན། མི་རེང་གིས་འགྲོ་བར་འགྱུར་རོ།། བསེ་ཞོ་དང་བཙན་དུག་སྦྱར་མ་ལ་བཏབ་ནས་དགྲའི་ལུས་སམ་མ་ཤལ་རེག་པའི་གོས་ལ་བསྐུས་ན།། ལྷོག་པ་དཀར་པོས་འཆི་བར་འགྱུར་རོ།། དཔལ་ཟླ་གསང་ནག ་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེགས་པ་བ་ཅན་གྱི་ཟླ་གསང་སྐབས་ཏེ་སོ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ཆུ་འཁྲག་དྲག་ཏུ་དབབ་པ་ཁྱབ་འཇུག ་གཟའི་ཟླ་གསང་འདི་གསུངས་ཏེ། གཟའ་ཡི་ཕྱི་ལྟར་སྒྲུབ་པ་བཤད།། ཐོག་མར་དད་པ་རབ་ཏུ་བསྐྱེད།། རི་གསུམ་རྩེ་འམ་དུར་ཁྲོད་དུ།། དབང་ཐོབ་བྱ་ཞིང་བླ་མ་མཉེས་བྱ་ཞིང་།། དཀྱིལ་འཁོར་བྲིས་ནས་དམ་ཚིག ་དབང་དག་ནོད།། དགོས་པ་སྒྲུབ་ཕྱིར་མན་ངག་ཐོབ་པར་བྱ།། མན་ངག་ཐོབ་ནས་བསྙེན་སྒྲུབ་མཐའ་རུ་དབྱུང་།། བསྙེན་པ་བྱ་ཕྱིར་མཐུན་རྫས་འབད་དུ་བསག་ཁྱབ་འཇུག་ལས་ཀྱི་གོ་རིམ་ནི།། གཞན་དང་མཐུན ་པའི་ཆོ་ག་དང་།། མཆོད་དང་གཟུ་དཔངས་གསོལ་བ་གདབ།། གཏོར་མ་ལ་སོགས་ཆོ་ག་དང་།། དབབ་བསད་ལས་ཀྱི་གོ་རིམ་ནི།། ཚེས་གྲངས་ཕྱོགས་དང་དུས་ཚོད་དང་།། སྤྲུལ་པའི་ཡན་ལག་འཇུག་པའོ།། གོ། ་རིམ་བཞིན་དུ་སོ་སོར་སྦྱར།། བཞི་ལ་ནུབ་ནས་ཤར་དུ་སྡོད།། མ་མོར་སྤྲུལ་ཏེ་རྐང་པ་གཡས།། བརྒྱད་ལ་ཤར་ལྷོ་མཚམས་གནས་སུ།། ཉི་མ་གྲོས་ཏེ་ནུབ་བྱང་དུ།། དགྲ་ལྷའི་རྒྱལ་མོར་མཇུག་མ་སྦྲུལ།། བཅུ་གཅིག ་འཛིངས་པ་བྱང་ནས་ལྷོར།། བདུད་དུ་སྤྲུལ་ཏེ་ལག་པ་གཉིས།། བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས།། བྱང་ཤར་མཚམས་སུ་རྒྱུ་བ་སྟེ།། སྲིན་པོར་སྤྲུལ་ཏེ་འགྲོ་བ་མགོ། བཅོ་བརྒྱད་ནམ་ཡོལ་ཤར་ནས་ནུབ།། དམུ་ཡི་སྤྲུལ ་པ་དཔུང་མགོ་གཡོན།། ཉི་ཤུ་གཉིས་ལ་ཉི་མ་བསྣུར།། ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ།། གཤིན་རྗེར་སྤྲུལ་ཏེ་ལག་པ་གཡོན།། ཉི་ཤུ་ལྔ་ལ་ལྷོ་ནས་བྱང་།། སྐྱ་རེངས་ཆས་ཏེ་དཔུང་མགོ་མིག། ཀླུ་བཙན་གདོན ་དུ་སྤྲུལ་ནས་འགྲོ། ཉི་ཤུ་དགུ་དེ་སྣར་ཆུང་ན།། བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ།། གཟའ་བདུད་ཆེན་པོར་སྤྲུལ་ཏེ་འགྲོ། དེ་ཡི་དབང་བསད་སྦྱོར་བ་ན།། ཕྱོགས་ཀྱི་གདོན་སྦྲུལ་རེ་རེ་ལ།། བསད་པའི་སྦྱོར་བ་སོ་སོར ་སྦྱར།། གདོན་སྦྲུལ་མ་མོའི་གཟུགས་བརྙན་ནི།། ནག་མོ་ཆེན་མོ་རལ་པ་ཅན།། འཇིགས་པའི་རྒྱན་ཆ་མང་པོ་དང་།། ལག་ན་ཟོད་ཁྲག་འཐོར་ཞིང་རྒྱུ།། རླུང་དྲག་ཐོག་དང་ཛ་ཁི་རྒྱུ།། རྒྱལ་མོ་སྔོ་སྠ་ཀ་དར་ཐོག། སྐྱ་སྔོ ་ཞོན་ཏེ་འཇིགས་པའི་གཟུགས།། སྒྲ་དང་སེར་པ་མཚན་མ་འོང་།། སྤྲུལ་པ་བདུད་ནི་མདག་ནག་པོ།། ལག་ན་དྲི་ནག་ཞགས་པ་ཐོགས།། རྟ་ནག་ཞོན་ཏེ་གདོན་དང་བཅས།། བཙན་ཐབས་དྲག་པོའི་ནད་རྣམས་དང་།། ་། དུས་མིན་མཚན་མ་མང་དུ་འབྱུང་།། འཇིགས་པའི་སྲིན་མོ་སྔོ་ནག་ལ།། མིག་རྩ་དམར་ལ་སྡང་མིག་བསྐྲད།། མཆེ་བ་གཙིགས་ཏེ་ཟ་བའི་ཚུལ།། མདའ་གཞུ་ཐོགས་ཏེ་གདོན་དང་བཅས།། རླུང་ནག་འཚུབས་མར ་། ཆས་པ་འོང་།། སྤྲུལ་པ་རྨུ་སྟེ་ཞགས་པ་ཐོགས།། དམར་པོ་ཁྲག་གི་ཐིག་ལེ་ཅན་དང་ཆས།། བ་ལང་ཞོན་ཏེ་འཇིགས་པའི་གཟུགས།། མཚན་མ་ཐོག་དང་སྤྲིན་ནག་འཁྲུག། ཀླུ་གདོན་དྲག་པོའི་སྤྲུལ་པ་ནི།། སྦྲུལ ་། ནག་ཆེན་པོ་འཇིགས་པའི་གཟུགས།། འཁྱིལ་བའི་ཚུལ་དུ་རྒྱུག་ཅིང་འགྲོ། ཆུ་དགྲ་གློག་དང་ཆས་པ་འོང་།། ནག་པོ་ཆེན་པོ་འཁོར་ལོ་ཐོགས།། གདོན་གྱི་གཙོ་བོར་སྤྲུལ་པ་སྟེ།། རྒྱུ་བའི་དུས་སུ་མཚུངས ་ངེས་ན།། མཚན་མ་མྱུར་དུ་འབྱུང་བར་འགྱུར།། དེ་ལ་དབབ་བསད་སྦྱོར་བ་བརྒྱད།། ངེས་པར་རྒྱུ་བའི་དུས་དེས་ན།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲུ་བཞི་དཀྱིལ་འཁོར་དབུས་སུ་ནི།། འཁོར་ལོ་རྩིབས ་བརྒྱད་དབུས་སུ་ཨེ། ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་བསྒོམ།། ཨེ་དགུ་ནག་པོ་འཁོར་ལོ་བསྐོར།། འཁོར་ལོ་རྩིབས་ལ་སྤྲུལ་པ་བརྒྱད།། བསྐྱེད་པ་དབབ་བསད་སྦྱོར་བ་བྱ།། དབུས་སུ་གཤེད་པོ་ཡབ་ཡུམ་སྟེ།། ་ཁ་ཧི་བཅས་པའི་གཏོར་མ་སྦྱིན།། ཕྱོགས་མཚམས་བརྒྱད་ལ་སྤྲུལ་པ་ལ།། སོ་སོར་ལས་ཀྱི་བྱ་བ་བརྩམས།། དགུག་དང་རྡེག་དང་སྟབ་པའི་ལས།། འགྲོགས་པའི་ཚུལ་དུ་གདོང་དུ་མེན།། བསྲེག་དང་མཆོད་པ་ལ ་སོགས་པ།། ཕྱོགས་ནས་དྲངས་ཏེ་ཞལ་དུ་དབུལ།། ཕྱོགས་མཚམས་བརྒྱད་དུ་བསད་པ་སྟེ།། དབུས་ཀྱི་ཨེ་ལ་བསྲེག་པའོ།། སྤྲུལ་པའི་མགོ་བོ་དགུ་པ་སྟེ།། གནག་པའི་དཔྲལ་བའི་དབྱེས་སུ་གདབ།། རྐང་པ་གཡས ་གཡོན་རྒྱུ་བ་ན།། བོལ་གང་གཡས་གཡོན་གཉིས་སུ་གདབ།། གབ་པའི་ལས་ཀྱང་དེ་བཞིན་བྱ།། ཚེར་མ་ཅན་གྱི་ཤིང་ལ་བསྲེག། རྒྱུ་བའི་དུས་དང་མཚུངས་པ་ན།། ཕུང་པར་འགྱུར་ཏེ་གདོན་མི་ཟ།། ཟླ་གསང་ནག། ་ངོ་ཤཱད་མཚ།། གདོན་དང་རྩ་བ་རྣམ་པ་གཉིས།། གདོན་པོ་རྫས་ལ་ནུས་པ་སོད།། རྩི་བས་གདན་གྱི་བྱ་བ་མེང།། ཐུ་གསང་རྒྱལ་བའི་ཀླུང་ལས་གསུངས།། གཟའ་བདུད་རྩ་བའི་དུས་ངས་ན།། རྫས་དང་ཐམ ་འདག་པ་དང་།། གས་རྡུམ་ལམ་རྙིང་པ་ལ།། གདུག་པའི་གཟུགས་བརྟན་བནི་ཟས་ཏེ།། རྣམ་གྲངས་ནད་དུ་བསད་བྱས་ན།། གང་མའི་རྫས་དང་ཟ་བ་གསམ།། བཟླས་ཏེ་གཟུགས་པན་གསང། ཟླ ་བཟད་པའི་སྦྱོར་བ་ནི།། གོང་མ་ཕྲེང་དུ་ཧ་ལས་རྩེ།། གོང་མའི་གཞི་ལ་ལྕགས་རྩེ་དང་།། ཁྲག་གི་སྦྱོང་བ་ཟི་ཉིད་དུ།། ཏིལ་དང་ཞེ་ཚེ་སྲུངས་ནག་དང་། ཁྲག་ས་བཻ་ར་གུ་གུལ་དང་།། གོང་གི་རྫས་ཀྱིས་མ་འདྲེས ་བསད།། དུར་ཁྲོད་རས་སམ་ཤིང་ཐུན་ལ།། སློང་ནུལ་ཟས་ཏེ་སྡུག་ནག་གམ།། ཡང་ན་སྔོ་ནག་དམར་པོས་ཟ།། དེ་ལ་བརྣག་པའི་སྦྱོར་བའོ།། མྱུང་དུ་དབབ་པའི་ལས་བྱས་ན།། དམ་ཟད་ཕྲལ་གྱི་རྣ་གས ་བདགས།། གས་མ་རབ་ཅད་མེད།། ཡངན་མེད་ཅན་ཟད་པ་མ།། ག་ཅི་ཁྲག་ས་ཐག་དང་།། མངལ་ཎག་ལ་སོགས་པ་ཐས་འགྲེག། པ་དཀཔའ་མ་ཡང་དང་། དམལ་ཆགས་སྣང་བས་ན། ་དྲུག་དང་གུ་གྲལ་སྦྱང་།། གར་འབབས་ཆུ་མིག་ཀླུ་ཡོད་སར།། བསྲེགས་སམ་བཀོལ་ན་ཀླུ་རྣམས་དང་།། དུས་ཚད་གཟའ་མི་གདོང་ཐུགས་ནས།། ཆུ་འཐག་དྲག་ཏུ་འོང་བར་ངེས།། མ་ཧཱ་ཙཎྜ་ག་ར་ག། ཏྲ~ཾ་བ་ནི་མ ་ཡཱ་ཐ། རུ་ཏྲ་མ་ར་ཡ། ཆེ་གེ་མོ་ལ་ཏྲྀ་བྷྱོ། ཞེས་པ་ནི་སྤྲུལ་པ་སྲིན་མོའི་གདོན་གྱི་དབབ་བསད་པའོ།། ན་ག་ར་ཙ་བེ་ནི་ཎི་ཨ་ན། ནཿ། ན་ག་ར་ཛ་ཤ། སན་དྷ་རཀྵ་ན། ཙི་ཏི་འབའ་སྨི་ཀུ་རུ། ཀླུ་ཡི་གདོན ་གྱི་དབབ་ཅིང་བསད་པའོ།། དབུ་ཏྲི་ཙན་དྷ། དུཾ་དུཾ་བུཾ་བྲྀ། ཁ་ཁ་རཀྵ་ཟུམ་རི་ལི་ལི། ཁ་ཤ་བཾ། རག་ཤ་སྟོམ་ཟུམ་རི་ལི་ལི། དམུ་བདུད་སྤྲུལ་པས་དབབ་ཅིང་བསད་པའོ།། མ་མ་ས་མ་ཡཱ། མ་ཏྲི་ག་ན་ས་ཁཱ་ཡ་ཀུ་རུ། ཏེ ་ཙོ་བ་ལ་ཡ། ཨ་ཡུ་ཏཥྚ་ཧ་ར་དྷ་ར། ཨ་ན་མ་ད་མ་ནི་ཡ་ཤ་ནི་ཛ་ཛ། མ་མོ་ཡི་གདོན་གྱིས་གསད་དབབ་པའོ།། ཏྲ་ཀར་མོ་ཏྲཾ་དུལ་དུལ། སྙིང་ཁྲག་ལ་རིལ་རི་ལ། ཆོམ་ཆོམ། ཙ་ལ་ཐུན་ཤིག། མ་ར་ན་ཛ། རྒྱལ་པོ་སྔོ ་སྐྱེས་དབབ་བསད་པའོ།། ཡ་མ་ཙན་དྷ་རྦི་ཏ་ཛྭ་ལ་ཙཀྲ་ད་ར་ན་ཤ་ཡ། དགྲ་བོ་ནི་དུ་མ་ར་ན་སོད་སོད།། ཆོམ་ཆོམ་ཤིག། གཤིན་རྗེ་ཡི་གདོན་གྱི་དབབ་བསད་པའོ།། མ་ཧཱ་དྷེ་བ་ཏྲ་བྱི་སྣ་ཙན་དྷ་རུ་ཡི་ནི། ཙིནྟ་ལ། ་འབྲན་ཛ་ཏི་ཁ་ཧི། ཧེ་ཀ་ལི་མ་ཧཱ་ཙན་དྷ་མ་ར་ཡ་ནི། ཁྲག་ཛཱ་ཛ། གཟའ་བདུད་ཆེན་པོས་དབབ་བསད་པའོ།། བདུད་ཏྲི་ནི། ར་ཏྲི་ནི། སན་ཏྲི་ཡ། མ་ཏྲ་ཏྲི་ཡཻ་བྷྱོ། ཥ་ཁ་སོ་བ་རྦད། སྲོག་རྩ་ཐུན་ཆེ་གེ་མོ་ཛ་ནི། 8། ས ་བཟླས། གར་དམིགས་ཐོགས་པ་མེད། གཏུམ་ཆེན་ཉིད་ལ་རབ་བསྟོད་ཅིང་།། གཟའ་བདུད་ཆེན་པོ་རབ་ཏུ་ཟད།། ཧཱུཾ། རི་རབ་ཕྱོགས་མཚམས་བརྒྱད་ནས།། ལྷ་སྲིན་སྡེ་བརྒྱད་བསྐུལ་རེ་རན།། ཁྱབ་འཇུག་ཆེན་པོ་སྐྲ ་བཞེངས་ཤིག། གཏུམ་པོ་ཆེན་པོ་བསྐྱོད་ཙམ་ན།། གཟའ་བདུད་འཇུག་ཅིང་ཀི་ཀང་འབེབས།། དེ་ཡི་ཀི་ཀང་འབེབས་བྱེད་པ།། གཟའ་བདུད་ཆེན་པོ་མི་སྲུན་པ།། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག། འཇིགས་བྱེད་རོག ་ཏི་སྤྲུལ་པའི་ལུས།། ལུས་པོ་གཅིག་ལ་མགོ་བོ་དགུ། མགོ་ལུས་མེད་པར་མིག་གིས་ཁེངས།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། ལུས་ནི་བརྗིད་པའི་དུད་ཁ་བ།། ལག་ན་ཆུ་སྲིན་ཞགས་པ་ཐོགས།། ཕ་ནི་སྲིན་ལ་མ་ནི་ཀླུ།། ་ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ།། ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག། ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ།། ཉིན་མོ་རྒྱུ་ཞིང་ནུབ་མོ་འཇོམས།། བར་སྣང་ཁམས་ནས་རྒྱུ་ཙ་ན།། འཇིག་རྟེན་ཁམས་ཀུན་སྒྲོལ་བར་མཛད།། ་ལོ་ཉེས་འཁྲུགས་པ་ཡམས་ནད་གཏོང་།། ཉི་མ་ཟླ་བ་ལྷོ་རུ་ཟ།། རྒྱ་མཚོའི་གཏིང་ན་གནས་པའི་ཚེ།། ཀླུ་རྣམས་ཀུན་ཀྱང་འཁྲུག་ཅིང་ཀློང་།། ཐོག་སེར་ས་གཡོ་ཀི་ཀང་འབེབས།། འཇིགས་བྱེད་ཆེན་པོ་མི་འགྲུབས་པ།། ་མིག་བརྒྱ་པོ་ལ་ཁ་སྟོང་པོ།། དུས་ཚོད་ཚེས་གྲངས་ཀུན་གྱི་བདག། ལྷ་སྲིན་སྡེ་བརྒྱད་ནང་དབྱེན་བྱེད།། ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད།། འབྱུང་བ་ལྔ་ཡི་བདུད་ཆེན་པོ།། མཚན་ནི་རྣམ་པ་དགུ་རུ་གྲགས།། ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས།། ཀུན་ཏུ་རྒྱུ་ཞིང་ཀི་ཀང་འབེབས།། ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ།། སྲིན་པོ་རཀྵ་བྱི་ཏིས་བྱ།། ཀི་ཀང་ས་ཏ་ཆེན་པོས་བྱ།། སྲིན་པོའི་ཀི་ཀང་ཆེན་པོས་འབེབས།། ཤར ་ལྷོའི་མཚམས་ནས་བསྐྱོད་པའི་ཚེ།། དྲང་སྲོང་ཆེན་པོ་ར་ཧུ་ལ།། དྲང་སྲོང་གི་ནི་ཀིའུ་ཀང་འབེབས།། ཀི་ཀང་བདག་ཉིད་ཅན་ཞེས་བྱ།། བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ།། འཇིགས་བྱེད་ཙ་ར་སྒྲ ་གཅན་འཛིན།། བྱི་ན་ཡ་ཀ་ཕོ་ཉ་འགྱེད།། ཀི་ཀང་འབེབས་པའི་ལས་ལ་བརྩོན།། ནུབ་བྱང་མཚམས་ནས་བསྐྱོད་ཙ་ན།། དུ་བ་མཇུགས་རིང་ཆེན་པོ་སྟེ།། འཇིག་རྟེན་ཁམས་ན་མཐུ་བོ་ཆེ།། འཇིག་རྟེན་གཡོ་བར་བྱེད ་པའི་བདག། ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། ཁྱབ་འཇུག་ཆེན་པོ་བྱ་བ་སྟེ།། དུས་ཚོད་ཚེས་གྲངས་ཀུན་ཏུ་རྒྱུ།། སྤྲུལ་པའི་སྐུ་ནི་ཀི་ཀང་འབེབས།། ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ།། དམུ་བདུད་ཆེན་པོ་ཧ་ལི་ཀ། ་བྱི་སྣ་ར་ཙའི་ཀི་ཀང་འབེབ།། ད་མུ་ཡི་ཀི་ཀང་འབེབས་པར་བྱེད།། བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ།། བདུད་པོ་རོག་ཏི་འབར་བའི་གཟུགས།། བདུད་ཀྱི་ཀི་ཀང་འབར་བ་ཙ་ར་ཀ། ནུབ་ཀྱི་ཕྱོགས་ནས་བསྐྱོད་ཙ་ན།། ་སྲིད་པའི་མ་མོ་རྣམས་དང་རོལ།། མ་མོའི་ཀི་ཀང་ཀུན་གྱི་བདག། ལྗང་སྔོན་ཆེན་པོ་ཀི་ཀང་འབེབས།། ལྷོ་ནུབ་མཚམས་ནས་བསྐྱོད་ཙམ་ན།། རོག་ཏི་བྱ་རོག་མགོ་ཅན་ཏེ།། སྐད་ཆེན་འབར་བའི་འོད་ཆེན་པོ། སྔོན ་དུ་སུ་ཕྲད་གྱུར་མིད་ཟ། ཁྱེད་ནི་ཁྲོ་ཆེན་སྤྲུལ་པ་སྟེ།། ལྷོ་ནུབ་མཚམས་ནས་སྐུ་བསྐྱོད་ནས།། ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད།། ནུབ་ནས་ཤར་དུ་བསྐྱོད་ཙ་ན།། སྲིད་པའི་མ་མོ་དམག་དཔོན་བྱེད།། ནད་ནི་ཀི་ཀང ་དབབ་པའི་དུས་ལ་བབ།། ཤར་ལྷོ་མཚམས་ནས་བསྐྱོད་ཙན།། དགྲ་ལྷ་རྒྱལ་མོ་དམག་དཔོན་མཛད།། ཐོག་དང་བུ་ཡུག་ཀི་ཀང་ནི།། དམ་སྲིད་གདུག་པའི་སྙིང་ཁར་འབེབས།། བྱང་ནས་ལྷོ་རུ་བསྐྱོད་ཅན།། བདུད ་དམག་ཀུན་གྱི་དམག་དཔོན་བྱེད།། བདུད་ཀྱི་ཀི་ཀང་ཧུར་ཟུམ་འབེབས།། བདུད་ཀྱི་ཀི་ཀང་དགྲ་ལ་ཡ།། བྱང་ཤར་མཚམས་ནས་བསྐྱོད་ཙ་ན།། སྲིན་མོ་འབུམ་གྱི་དམག་དཔོན་བྱེད།། སྲིན་པོའི་ཀི་ཀང་དགྲ་ལ་ཡ།། ་གྲི་ཐབས་སྣ་ཚོགས་ཀི་ཀང་ཡ།། ཤར་ནས་ནུབ་ཏུ་བསྐྱོད་ཙ་ན།། དམུ་བདུད་ཡོངས་ཀྱི་དམག་དཔོན་བྱེད།། དམུ་རྡོ་འབེབས་པའི་ལས་བྱེད་ཅིང་།། གར་རྦད་དམུ་ཡི་ཀི་ཀང་བཏང་།། ནུབ་བྱང་མཚམས་ནས་བསྐྱོད་ཙ ་ན།། གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད།། སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད།། གཤིན་རྗེའི་ཀི་ཀང་དབང་མེད་འབེབས།། ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ།། ཀུན་བཙན་ཀུན་གྱི་དམག་དཔོན་བྱེད།། ཐོག་དང་སེར་བའི ་སྣ་འདྲེན་ཅིང་།། ཐོག་སེར་མཛེ་ནད་ཀི་ཀང་འབེབས།། ནུབ་བྱང་མཚམས་ནས་བསྐྱོད་པའི་ཚེ།། གཏིབས་གྲིར་བསོད་ནམས་པའི་ཀི་ཀང་འབེབས།། མདུན་དུ་གང་བྱུང་ཁྲུར་མིད་བྱེད།། ཀི་ཀང་སྣ་ཚོགས་འབེབས ་པར་བྱེད།། ཀི་ཀང་སྣ་ཚོགས་དགྲ་ལ་ཡ།། ཅེས་རྦད་ཅིང་རཀྟ་སྦྲེང་། བསད་ན་བླ་ཕུར་བཙུགས་ལ་བརྡེག། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ། ཤ་ཏྲི་ཤ་ཏྲི་ཀི་ལི་ཀི་ལ་ཡ།། ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ། ཀུ་རུ་ཀུ་རུ། བྲུཾ ་བུ་བྲུཾ་བུ། བ་ར་ཏ། བྲུཾ་རུ་བྲུཾ་རུ། བ་ར་ས་ཤུ་ཏ་ན་ད་པ་ས་བྷ་ཡ། རོ་ཏྲི་རོ་ཏྲི། ཤོ་པ་ར་ཡ། ཤན་ཏྲི་ཀུ་ལ་ཧྲི་ཛ། ཞེས་པས་བསད་པའི་གསོད་སྦྱོར་བྱ།། ཆུ་འཁྱག་ཁྲག་ཏུ་འབེབས་འདོད་ན། སྔགས་ཀྱི ་མན་ངག་བཞག་ཅིག་བྱ། ཨོཾ་མེ་ཁ་ག་དུན་ག་དུན། རཾ་ཡཾ་རཾ་ཡཾ། ན་སུ་ང་ན་ཎ་ག་སེར་བྲུཾ་རུ། ཞེས་བྱས་བ་ན་སྔགས་ཁྲོ་ཚུལ་བསྟན། དམིགས་ཟློག་ཁ་སྤྲིང་མིག་ལ་སྤྲིན་ལས། ཁྲག་སྤྲིན་དམར་པོ་འཁྱིལ་ཞིང་འདྲིལ ་བར་བསམས།། རྫས་རྣམས་གཏོར་ཞིང་ལུས་དཀྲུགས་པ།། སེར་བ་ཁྲག་ཏུ་འོང་བར་འགྱུར།། གནམ་རི་ས་བྲག་དག་ཏུ་ཡང་།། བི་ར་ཤ་ཡ་གདོན་མི་ཟ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་དྲག་ཏུ ་དབབ་པ་ཁྱབ་འཇུག་གཟའི་ཟླ་གསང་གི་སྐབས་ཏེ་བཞི་བཅུ་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོས།། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཕྱིར།། རོག་ཏི་གཟའི་ནང་སྒྲུབ་གསུངས།། དུར་ཁྲོད་ལ་སོགས ་དགོན་པ་རུ།། དཀྱིལ་འཁོར་གྲུ་གསུམ་བརྩེགས་མའི་ནང་རོལ་དུ།། ནི་གྲི་ཟོད་པའི་ནང་དུ་བཞུག། མངལ་ཁྲག་ལ་སོགས་ཁྲག་སྣ་ཚོགས།། དུག་དང་སྔ་སྔོ་དཀར་གསུམ་བླུག། རབས་ཆད་ཟོད་པའི་སྟེང་ནས་དགབ། ་གྲུ་གསུམ་ནང་དུ་བཞུགས་པར་བྱ།། བསྙེན་པར་བྱ་བའི་ཐབས་དག་ལ།། ལྷ་བསྙེན་སུམ་སྟོང་བྱས་ནས་ནི།། ཚེས་བཞི་བཅོ་ལྔ་བཅོ་བརྒྱད་དུས།། གཟའ་ཆེན་ཉིད་ཀྱི་སྙིང་པོ་བཟླས།། སྟོང་རྫོགས་ཐུན་ལ་ཉུང་གིས ་བྲབ། ཨོཾ་བྱི་ཤ་མུ་གེ་ཏུ་རུ་མ་ཤི་རི་ཥ་ཏ་ཛ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ཁྲག་དག་ལ་བསྟིམ། ཨོཾ་ས་ཛ་པ་ཏི་རའུ་ལ་མཧཱ་ཀྲོ་ཏ་ཀ་ཕབ་ཏ་ཤ་ར་ར་ཤ་ལ་ཏ་ཤ་ར་ཧཱུཾ་ཕཊ། སྔགས་ལ་སྟོང་ངམ་ཁྲི་རུ་བསྟིམ།། བཟླས་པ ་རྫོགས་ནས་ཉུང་གིས་བྲབ།། ཉི་ཤུ་དགུ་འམ་ཚེས་གཅིག་ནས།། བསྙེན་པ་རྫོགས་ནས་ས་གཙང་རྦ།། ཐུན་གཅིག་གནས་ཀྱི་རྟེན་དུ་བཙལ།། མིས་མ་ཁྲིག་ར་གསང་སྔགས་བཟླས། ཨོཾ་ཀྲི་ཏ་ཏྲི་ལོ། གློ་བུར་སྦྱིན་ཟང ་ཕོབ།། ཏྲག་རཀྵ་སྙིང་ཁ་རག་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ།། འགུ་སི་ད་ན་ལ་བྷྱོ། ཙན་ད་རཀྵ་མ་བྷྱོ། བཙན་བདུད་ཕྲོལ་ཕྲོལ་བྷྱོ། གནམ་ཐོབ་ཕྱེ། ལྕགས་སྒྲོག་ཁོལ། མི་རང་སོད། རྐྱང་རྗེ་སྐྱ་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ ་ནས་ཟེར་སྔགས་འཛུབ་བསྟན་པ།། ཡུལ་གྱི་ཕྱོགས་སུ་བཟླས་པ་བྱ།། རིའི་རྩེ་མོར་ཐབས་ཟོར་བཅའ།། ཆུ་སྐྱེས་ཟླ་བ་ཚེས་བཞི་ནས།། ཉི་ཤུ་དགུ་ཐར་བསྙེན་རྫོགས་ནས།། ཆུ་ཁྲུས་ཟླ་བ་ཀུན་ཏུ་དབབ།། དེ་ལྟར་ལས ་། རྣམས་བྱས་གྱུར་ན།། ཆུ་འཁྱགས་རབ་ཏུ་འབབ་པར་འགྱུར།། སྦྱིན་དང་རི་རྣམས་ཉི་བར་བྱེད།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་དྲག་ཏུ་དབབ་པ་གཟའ་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ཞེ་གཅིག ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། འགལ་བྱེད་ཆམ་ལ་དབབ་སླད་དུ། ཁྱབ་འཇུག་གཟའ་ཡི་གསང་སྒྲུབ་གསུངས།། སྒྲ་གཅན་ཆེན་པོ་ཉི་ཟླའི་རྟེན།། དྲག ་པོ་ཆེན་པོ་ར་ཧུ་ལ། ཁྲག་རུ་དབབ་པའི་ལས་འདི་ཡིན།། དུར་ཁྲོད་ལ་སོགས་གནས་དག་ཏུ།། མཎྜལ་ཆག་ཆག་ཐིག་གདབ་བྲི།། དབུས་སུ་གྲུ་གསུམ་བརྩེགས་མ་སྟེ།། མུ་ཁྱུད་ཟླུམ་པོ་ཟོད་ཕྲེང་ཅན།། སྒོ ་བཞི་རིགས་དང་མཐུན་པ་བྲི།། སྦྲུལ་སྔོན་དག་གི་ཤུན་པ་ལ།། རྫས་ཀྱི་ཕུ་སྨུག་མི་རུས་གཞུག། འཁྱིལ་བའི་ཚུལ་གྱི་ག་བུར་བཞག། གྲུ་གསུམ་དབུས་སུ་བཞག་ལ་སྒྲུབ།། དཀར་ཐབས་དམར་ཟབས་སྔོ་ཟབས ་གསུམ།། གྲུ་གསུམ་རྒྱབ་མ་དག་ལ་བཞག། ཤ་རུལ་ཁྲག་རུལ་བཙོས་དང་རྗེན།། ར་མཆིན་སྒྲུབ་སྨན་གུ་གུལ་ནག། ལ་ཕུག་ཏིལ་སྒོག་ཕ་ལྟར་མོས།། རྣལ་གྲིའི་ཐོད་པར་བླུག་ལ་གཞུག། དཀར་གསུམ་ཀླུ་སྨན ་མངར་གསུམ་དང་།། གུ་གུལ་དཀར་པོ་འབྲས་ཆན་དང་།། མ་ལྟར་སྨོས་པ་མཁར་གཞུག་བླུགས།། ཐུན་རྫས་བསྡུས་ལ་ཐོད་པར་བསགས།། ཙ་ར་རོག་པོའི་རྭ་ལ་ནི།། སྔགས་བྲིས་མིང་བྱང་ཀེ་རུ་གདགས།། ལྷ་སྲིན ་སྡེ་བརྒྱད་མཆོད་རྫས་དགྲམ།། མཐུན་རྫས་ཟོད་འཕྲེང་སྟེང་དུ་བཞག། རང་ཉིད་གཤིན་རྗེ་གཤེད་པོ་སྟེ།། ཡི་དམ་བྱས་པས་རྫོགས་པ་དང་།། སྲོག་སྙིང་འདི་ནི་ནུས་ཚུད་བརྗོད།། ཨོཾ་བི་ཤ་ལྔ་མུ་དུ་རུ་མ་ཤིག་ཛ་ལ་མ ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་མ་མཆོད་པར་བྱ།། ཧཱུཾ་འཇིགས་བྱེད་ཆེན་པོ་ར་ཧུ་ལ།། སྐུ་མདོག་དུད་ཁ་མིག་གིས་ཁེངས།། གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ།། རྒྱལ་བའི་བསྟན་སྲུང་ཁས་བླངས་པ།། དུས་འདིར་ཁས ་བླངས་མ་འདའ་ཞིག། དམ་རྫས་མཆོད་པ་འདི་ལོང་ལ།། དམ་ཉམས་སྲོག་རྩ་གཅད་པ་དང་།། ཡུལ་དུ་ལོ་ནད་སེར་བ་ཟོང་།། ཧབ་པ་ཤ་མི་ཀྱི་ཧུ་རུ། མ་ཤི་ཀ་ཛ་ལ་ཨཱ་ཏི་སྭཱ་ཧཱ།། དུས་ཚོད་བརྒྱད་ལ་གཏོར་མ་སྦྱིན།། ་བསྙེན་ཅིང་སྒྲུབ་པའི་མཚན་མ་རྣམས།། གཞུང་མཐུན་ཉམས་སུ་ལེན་པ་དང་།། དྲག་པོ་ཐུན་གྱིས་རྫས་ཀྱང་བླངས།། ག་འུའི་ནང་དུ་སྔགས་བྲིས་བྲབ།། ཨོཾ་མུ་ཁ་ཡེ། ཀ་བ་ཡེ། ཡ་བ་ཡེ། ཧྲི་སྟི་བི་ཀྲི་ཏི། ཡུལ་འདིའི ་ལོ་ཐོག་ལ་ཛ་བ་ཏི། ར་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་པ་བ་ཏ། ཤར་ཤར་ཏ་ཤམ་ཏེ་ཧཱུཾ་ཕཊ། ཐིག་ནི་ག། ཅིག་མེད། གཉིས་ཏྲག། བརྒྱད་བཅད། དུད་ཕྲོམ་གནམ་ཐོངས་ཕྱེ། ལྕགས་སྒྲོག་ཁོལ། མི་རེང་སོད། རྐྱང་རྗེ་སྐྱང་མོ་ཙུ ་རུ་ཧཱུཾ་ཕཊ། སྟོང་ངམ་ཁྲི་ཐོན་རྫས་ཀྱིས་བྲབ།། དེ་ལྟར་ལྷ་སྲིན་སྤྲུལ་པ་བརྒྱད།། སྔགས་ཀྱི་གོང་གི་མཚན་དུ་བྲབ། ཏྲག་མོ་རཀྵོ་ཧྲི་མ་ཤར་རྦད། སེར་དྷི་ལ་ཤར་རྦད། དེ་ནི་མ་མོའི་སྔགས་སོ།། ཨོཾ་ཨ་སེ་ལེ་མཱ་བྷྱོ། རུ ་ལུ་རུ་ལུ། མ་མཱ་ཏྲག་རཀྵ་དྷི་ལ་ཤར་བྷྱོ། དགྲ་ལྷའི་རྒྱལ་མོའི་རང་སྔགས་སོ།། ཨོཾ་པ་ཤ་མི་ཀི་ར་ཧུ་ལ་ཤག། ཤར་ཤར་དྷི་ལ་བྷྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ།། ཨོཾ་སེར་ཁྲག་ལ་མུ་ཤ་གཏུབས་སྭཱ་ཧཱ། དེ་ནི་སྲིན་པོའི ་དྲག་སྔགས་སོ།། ཨོཾ་རཾ་ཏྲཾ། ཐུན་ཤག་རི་ལ་ར་ཤར་བྷྱོ། དེ་ནི་དམུ་ཡི་དྲག་སྔགས་སོ།། ཨོཾ་ཡ་མ་ར་ཡ་ཙ་ར་ཧྲི་ལ། ཤར་རཾ་རཾ། དེ་ནི་གཤིན་རྗེའི་དྲག་སྔགས་སོ།། ཨོཾ་ནག་དྷི་ལ་སེན་ཤག། སང་དུན་ས་མ་ཡ་དྷི་ལ་བྷྱོ། དེ ་། ནས་ཀླུ་བཙན་གྱི་དྲག་སྔགས་སོ།། ཨོཾ་ཡ་མ་སྙིང་། ཡ་མ་ཁྲག། ར་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག། སེན་སེན་ཡ་ཡ་བྱེ་བྱེ་རད་རད། ཧྲིལ་ཧྲིལ། དེ་ནི་བགེགས་ཀྱི་དྲག་སྔགས་སོ།། ཟླ་གཅིག་དུས་བརྒྱད་ཕྱོགས ་ནས་རྡེག། ལིང་ག་སྦུར་ཞིང་ཐུན་རྫས་བརྡེག། གཏུམ་ཆེན་སྟོད་ལ་གཟའ་མཆོག་རྦད། གློ་བུར་ལིང་ག་དག་ལ་རྡེག། ཚེས་གྲང་ཐིམ་ནས་སྒྲུབ་རྟགས་འབྱུང་།། རྫས་དང་ཐུན་ཟོར་སྔགས་དང་མིང་།། དབུས་ཀྱི་རབས ་ཆད་ཐོད་པར་བླུག། ས་གསེར་ཡུལ་དབུས་ལ་སོགས་སུ།། སྐྱ་རིང་གཟེར་དུ་བཏབ་ལ་བཞག། དེ་ནས་ཐུན་གྱི་ཟོར་བྱས་ལ།། དམ་རྫས་མ་རྡལ་གོང་བཞིན་བྱ།། དམ་སྲི་ཡུལ་གྱི་ཆུ་སོགས།། ལྷ་བསྙེན་སྒྲུབ་སྔགས ་ཕྱེད་དུ་སྟེ།། ཕྱེད་ནི་མན་ཆད་སྔགས་འདི་བཟླས། ཨོཾ་མ་ཁ་ཡེ། ཀ་པ་ཡེ། ཨཱ་བ་ཡེ། ཧྲི་སྟི་བི་ཀྲིན་ཏེ། ཡུལ་འདིའི་ལོ་ཐོག་ལ་དུད་ཕྲོམ། དཀྲད་ཁྲོམ། ཤྲི་ཏྲ་ཕྲོམ། ཡུག་ཏི་སྨིན། ཤ་ར་ཤ་ར་ཏ་ཏྲིག་ཏུ་ཕེབ། ཛ་ས་ཏི་ར ་ཧུ་ལ་ཨ་ཀྲོ་ཏ་ཀ་ཕོ་བ། ཏ་ཤ་ར་ཤ་ར་ཧཱུཾ་ཕཊ། ཙ་ར་ལུ་ལེ། ཨག་ཅེ་རཀྵོ་ཀོ་ར་ཏེ་སྭཱ་ཧ། ཆུང་རྗེ་ཆུང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། ཧོ་ཧོ་པྲོ་མ། མུ་ར་མུ་ར་ཤ་རུ་རུ་ཕྲོམ། གོང་གི་མཐིང་ནག་རྟགས་པས་ཀྱང་།། དེ་ལ་ཤམ་ཐ ་འདི་ཡང་གདགས།། མ་མོ་སིག་ཡེ། མ་མོ་བྱ་ཙ་ཡེ། མ་མོ་རྩ་ཏེ་ཡེ། མ་མོ་སྲོག་རྩ་ཡེ། དགྲ་བོའི་ལོ་ཏོག་མནར་པོ་མཱ་ར་ཡ་ཧཱུཾ་ཕཊ། གོང་གི་སྔགས་ཀྱི་བར་བར་དུ།། མཆོད་ཅིང་གཏོར་མ་དབུལ་བར་བྱ།། རབ ་བསྒྲལ་ཐབས་ཀྱིས་ཐུགས་དམ་བསྐང་།། ཐོན་ནས་གནས་སེར་རི་ལ་བྱ།། དཀར་ཟབ་དམར་ཟབ་སྔོ་ཟབ་གསུམ།། གཅིག་ཏུ་དྲིལ་བ་བཞི་རུ་བྱ།། དམར་རིགས་ཟོར་ནི་ཕྱོགས་སུ་འཕངས།། གོང་གི་སྔགས་བཟླས ་འཛུབ་རིས་བྱས།། ཉི་ཤུ་དགུ་ལ་འཇོམས་པར་འགྱུར།། ཡང་ན་ཆུ་སྐྱེས་རྫོགས་པ་ལ།། ཁྱབ་འཇུག་གཏོར་མ་རྒྱན་དུ་བཏང་།། བྲ་ཕུར་བཏབ་ལ་བསད་པར་བྱ།། བར་བར་ལྷ་ལྔ་དབྱེ་བར་བྱ།། དེ་ལྟར་བྱས་ན་རབ ་འབྲིང་གི། གནམ་ལྕགས་ལྕེ་དང་དམུ་རྡོ་དང་།། ཆུ་འཁྱགས་ཁྲག་ཏུ་འབབ་པར་བྱ།། དེ་ལ་འདི་ཡི་ལས་དག་ནི།། དུག་གང་ཡང་རུང་བ་དང་། ཁྲག་དང་གུ་གུལ་དང་ལྕགས་ཟངས་ཀྱི་ཕྱེ་མ་རྣམས་ལ་སྔགས་ལ་ཡུལ ་གང་ཡང་རུང་བ་དེའི་ལྷ་རྟེན་ནམ། ཆུ་མིག་ཏུ་སྦས་ན་ཡུལ་དེ་རླུང་གིས་ཁྱེར་ཏེ་འགྲོ་བར་འགྱུར་རོ།། དེ་ཡང་རྫས་དེ་རྣམས་ལ་བཟླས་ལ། རིལ་བུ་བྱས་ལ་དགྲའི་ཁང་ཐོག་བསྒྱུར་ན། ཁང་པ་འཇིག་པར་འགྱུར་རོ།། ་ཡང་དེ་རྣམས་བརྗེད་ནས། ཆུ་མིག་ཁ་བྱེད་དུ་བལྟས་པར་སྦས་ན་གང་ལྟར་གྲངས་པར་ཤོ་སེར་འོང་ངོ་།། སྲིན་རྡོ་དང་མཁར་བ་ཆག་པ་ལ་བཟླས་ནས། ཁྱབ་འཇུག་རྒྱུ་བའི་དུས་སུ་སྲེག་ཁ་བྱང་དུ་བལྟས་པར་སྦས་ན། ་ཐོག་དྲག་པོ་འབེབས་པར་འགྱུར་རོ།། འབྲུ་སྣ་ཚོགས་པ་དང་། འབྲུས་པ་དང་། ཆུ་སྲིན་གྱི་རྡེར་མོ་ལ་བཟླས་ནས། འོག་ཏུ་སྦས་ནས་ཕྱོགས་སུ་གཏོར་ན། སེར་བ་ཁྲག་ཏུ་འབེབས་པར་འགྱུར། ཀ་ཀ་ན་སེ་དང་། ཁྱི ་ནག་པོའི་མཆེ་བ་ལ་བཟླས་ནས་དགྲའི་འཕྱོགས་སུ་གཏོར་ན། སྐད་ནད་དུ་འགྱུར་རོ།། དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། སེར་བ་བཟློག་པ་དང་། ཤྭ་བཟློག་པ་ཡང་དེ་དང་འདྲ་སྟེ། ་། ཉུངས་དཀར་ལ་སྔགས་ནས་གཏོར་ན་བཟློག་པར་འགྱུར་རོ།། མ་ག་ཏ་ཡ་བརྗོད་ནས། གཏོར་ན་ཐོག་བཟློག་པར་འགྱུར་རོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་ཟླ་གསང ་སྐབས་ཏེ་ཞེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེ་གཤེད་པོས། འཇིག་རྟེན་གྱི་ཁམས་སུ་ཐོག་དབབ་པའི་ཕྱིར། ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྱི་ལྟར་སྒྲུབ་པ་འདི་གསུངས་སོ།། ་ལྷོ་ཏ་བྲག་ཆེན་སེང་གེ་མཆོང་བ་འདྲ། ཡང་ན་ཨ་དམར་ལོ་མ་འདྲ་བའམ།། དུར་ཁྲོད་ལ་སོགས་དགོན་པའི་གནས་དག་རུ།། རྣལ་འབྱོར་གོམས་པས་ཡོ་བྱད་ལྡན་པར་གསོག། འཕགས་ལ་སོགས་མཆོད་ཅིང་གཏོར ་མ་བཏང་།། དྲ་ཕྱིང་གཙང་མ་མདའ་གང་གྲུ་བཞི་ལ།། མཚལ་ལམ་ལྡོང་རོས་དག་གིས་ཐིག་བཏབ་སྟེ།། ལེའུ་ཚེ་དགུ་པ་དག་གི་ཚད་དུ་བྱ།། དབུས་སུ་ག་བུར་དག་གི་ཆུ་བཀུས་ལ།། དར་རམ་རས་སམ་དཀར་ལ ་འཇམ་པ་ལ།། ལྷ་ཆེན་དབང་ཕྲུག་དག་གི་གཟུགས་བྲིས་ཏེ། སྡུག་མ་གཙང་མ་དག་ལ་དགོད་པར་བྱ།། སྟེང་ནས་དམར་པོ་དར་གྱི་གདུགས་ཀྱིས་དགབ།། དེ་ཡི་མཚམས་བཞིར་ལྗང་ཁུའི་འཕན་བཞི་གཟུགས།། ་ཕྱོགས་བཞིར་ལེའུ་ཚེས་བཞི་པོ་དག་ལ་ཡང་།། ལྷ་ཡི་བློན་པོ་བཞི་ཡི་གཟུགས་བྲིས་དགོད།། ཤར་དུ་དྲི་ཟའི་ལྷ་ཉིད་དགོད་པར་བྱ།། ལྷོ་རུ་གཤིན་རྗེ་ནུབ་ཏུ་ཀླུ་གདོན་ལྷ།། བྱང་དུ་གནོད་སྦྱིན་ལྷ་སྟེ་བཞི་ཡང་དགོད།། ་དེ་ཡི་ཕྱི་རིམ་མེ་ཏོག་སྣ་ཚོགས་སྐོར།། མཆོད་པ་ལྔ་དང་གཏོར་མ་གཅིག། ནང་དུ་རྟ་ཚིལ་ཁྲག་དང་སྙིང་ཡང་བཙལ།། སྙིང་གི་སྲོག་རྩར་དམིགས་པའི་མིང་རུས་བྲི། ཁྲིའུ་ཇུ་ཚེ་དག་ལ་དགྲ་གཟུགས་བྱ།། སྙིང་ཀར ་མཐིང་ལ་དཀྱིལ་དུ་མིང་རུས་གཟུགས།། སྐེ་ནས་སྔོ་དམར་སྐུད་པས་གདགས་བྱས་ཏེ།། ལག་པ་གཡས་ཀྱི་སྲིན་ལག་རྩེར་གདག་ལ།། ཆས་གོས་ལྡང་ནག་མགོ་ལ་ཐོད་ནག་བཅིངས།། དུར་ཁྲོད་རས་སམ་བྲམ་ཟེའི ་། ལྤགས་པ་ལ།། ལྡོང་རོས་ཅུ་རྩ་སེར་པོས་ཁ་དོག་བསྒྱུར།། དུག་དག་ཁྲག་གི་འཁོར་ལོ་རྩིབས་བརྒྱད་བྲི།། འཁོར་ལོའི་རྩིབས་ལ་གཤིན་རྗེའི་སྙིང་པོ་དགོད།། དབུས་ཀྱི་ལྟེ་བར་ལྷ་ཆེན་པོ་དགོད།། ཕྱི་རིམ་ཐོག་གི ་དབབ་སྔགས་དག་གིས་བསྐོར།། འཁོར་ལོ་མངའ་གསོལ་དབང་བསྐུར་སྨོན་ལམ་གདབ།། བྲམ་ཟེ་ལ་སོགས་མཛེ་ཅན་ཐོད་པར་གཞུག། དེ་ཡི་ནང་དུ་གསེར་དང་ལྕགས་དང་ཟངས།། དངུལ་དང་སྙིང་སྣ་ཁྲག་སྣ ་མང་བླུག་སྟེ།། ལེའུ་ཚེ་དབུས་སུ་མན་ཛིའི་ཁ་ལ་བཞག། ཏིང་འཛིན་རྣམ་གསུམ་རིམ་གྱིས་ཚུལ་བཞིན་བསྐྱེད།། དབང་ཆེན་རིམ་བརྩེགས་སྟེང་དུ་བྷྲཱུཾ་ཡིག་བསམ།། བྷྲཱུཾ་ལས་འབར་བ་ལྷ་ཡི་གཞལ་ཡས་ཁང་།། ཕྱི་ནང་ནང ་། མེད་ཀུན་ཏུ་གསལ་བར་བསྐྱེད།། དབུས་སུ་མ་ཧེ་བམ་ཆེན་བསྣོལ་བ་ལས།། ཉི་ཟླ་འཁོར་ལོ་རབ་ཏུ་གསལ་བའི་སྟེང་།། ཡ་ལས་འཇམ་དཔལ་གཤེད་པོ་འབར་བའི་སྐུ།། ཞལ་དྲུག་ཕྱག་ཀྱང་བཅུ་གཉིས ་པ་རུ་བསྐྱེད།། དེ་ཡི་འཁོར་ནི་ལྷ་ཡི་ཚོགས་གནས་ཏེ།། མ་ཧཱ་དེ་བ་ཧཱུཾ་ཞེས་བརྗོད་པ་ལས།། དབུས་སུ་ལྷ་ཆེན་དབང་ཕྱུག་མ་ཧཱ་དེ་ཝ་ཡང་།། སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་ཅན།། རྩེ་གསུམ་འབར་བ་ཁྱུང་གི ་རྒྱལ་མཚན་གཡས།། ཞགས་པ་བེ་ཅོན་རྡོ་རྗེ་གཡོན་པ་ན།། སྨིན་མཚམས་གློག་འགྱུ་བསྐལ་བའི་ཐོགས་འབེབས་སྒོམ།། འཁོར་གྱི་ལྷ་ལའང་རྟ་ཞོན་ཐོག་འབེབས་པའོ།། དེ་བཞིན་ཏིང་འཛིན་གསལ་བསྒོམ་ལ།། ་གཤིན་རྗེ་གཤེད་པོ་ལུས་སྲུལ་དབང་དུ་བསྡུ།། ཧཱུཾ། ལས་རྣམས་རིམས་གྱིས་བགྲོད་པའི་ཡང་རྩེ་ནས།། སྨོན་ལམ་དབང་གིས་རྟེན་པ་འཕེལ་མཛད་ཅིང་།། མ་ཧཱ་དེ་བ་ཆེན་པོ་དབང་ཕྱུག་གཙོ།། བསྟན་པ་འཇིགས ་པའི་སྒྲ་རྣམས་བསྒྲལ་བ་དང་།། སངས་རྒྱས་བསྟན་བསྲུང་དཀོན་མཆོག་བསྟོད་པའི་ཕྱིར།། འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ།། ཨོཾ་པྲ་མ་ན་རཀྵ་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོ། དགའ་ཞིང་གུས་པས་པུས ་བཙུགས་ཐལ་སྦྱར་ནས།། ལྷ་མཆོག་ཁྱེད་ཀྱི་ཡོན་ཏན་རབ་བརྗོད་ཅིང་།། ཙམ་པ་ཀ་དང་པདྨ་རབ་གཏོར་ནས།། དེང་འདིར་བསྟོད་དེ་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱི་ཐུགས་ནི་ནམ་མཁའི་དཀྱིལ་འདྲ་ཞིང་།། འོད ་ཟེར་ཆས་པ་འགྲོ་བའི་དོན་མཛད་པ།། ཐོགས་མེད་མཁའ་ལྡིང་ངང་པའི་གདན་སྟེང་དུ།། བརྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་སྩོལ།། འཁོར་གྱི་ལྷ་ཆེན་མི་བཟད་ཐོགས་འབེབས་ཤིང་།། ཤུགས་ཀྱི ་ཐོགས་མེད་ལྷ་མཆོག་གདན་ལ་བཞུགས།། མ་ཧཱ་དེ་ཝ་པྲ་མཱ་ཧོ་ར་ར་ཞི། ས་མ་ཡཱ་ཏིས་ཐ་ལྷན། ལྷ་ཡུལ་གཙང་མ་དག་ནས་རབ་བཞེངས་ཏེ།། བྲམ་ཟེ་མཚན་ལྡན་ཆགས་པས་རབ་ཏུ་མཆོད།། འབྲས་དང་ཀུ་ཤ ་བཅས་པའི་ཡོན་ཆབ་དང་།། ག་བུར་གུར་གུམ་གླ་རྩི་ལྕེ་སྤོགས་སོགས།། ཏིལ་མར་གསུར་ཅན་རབ་གསལ་མར་མེ་མཆོག། དུ་རུ་ཀ་ལ་སོགས་པ་དྲི་ཡི་ཆུ།། ལྷག་པར་མར་དང་བཅས་པའི་བུ་རམ་བཤོས།། དུང ་དང་རུས་དང་ཟངས་དང་ཀི་ཤེས་དང་།། རྔ་རིང་རྫ་རྔ་མུ་ཛ་ཏི་མི་ལི།། ཆ་ལང་པི་ཝང་ཏམ་བུ་རྒྱུད་གཅིག་པ།། གླུ་གར་རྩེ་འཇོ་རོལ་མོ་དག་ལ་སོགས།། བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན།། མཆོད་པར་འབུལ ་ལོ་ཐུགས་རྗེས་བཞེས་སུ་གསོལ།། ཨོཾ་སརྦ་པུ་ཙ་པུཥྤེ་དུ་པེ་ཨ་ལོ་ཀླེ་གནྡྷེ། འགའ་ལི་པ་ཙའོ།། སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་གཙིགས།། དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བས་རྒྱན།། ཞལ་བཞི་གླིང་བཞི་ཀུན ་ལ་ཁྱབ་པར་གཟིགས།། སྙན་པའི་དྲི་སྒྲ་གསུང་གི་གདངས་སྐད་ཅན།། དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།། འཁོར་གྱི་ལྷ་ཡི་བློན་པོ་བཞི།། རྟ་ལ་ཞོན་ནས་རལ་གྲི་སྐོར།། ཐོག་སེར་འབེབས་པའི་ལས་ལ ་། བརྩོན།། ཁྱོད་ལ་བདག་བསྟོད་བདག་ཕྱག་འཚལ།། སྔགས་འདིས་ལྷ་རྣམས་རབ་ཏུ་བསྙེན། ཨོཾ་མ་ཧཱ་དྷེ་ཝ་ཏི་པ་ཏི་ཛ་ལམ་པྲ་མ་ན་ར་ཀ་ན་ཀང་ཀང་ལཱ་ཡཱ་ཧཱཾ་ར་དྷ་པ་ར་ཙ་ཛ་མ་ཧཱ་ཏི་ཛ། དགྲ་བོ་ཆེ་གེ་མོ ་ནི་བྲུཾ་བྲུཾ་རྦད། ཤག་སེན་སེན་ཛཱ་ཛཱ་ཧཱུཾ་ཧཱུཾ། ཁྲི་ཁྲི་སྟོང་སྟོང་བར་བར་བསྟོད།། དེ་སྐད་བརྗོད་ལ་བསྙེན་པ་བགྱི།། རང་གི་མ་མཉེས་དཔང་ཡང་གཟུགས།། ཉེས་བྱས་སྐུའི་དྲུང་དུ་རླན།། འོ་དོད་འབོད་ཅིང་གཡབ་བསྐོར ་བྱ།། བཤད་པོ་བསྟོད་ལ་ལྷ་རྣམས་བསྐུལ།། གཡས་ནས་བསྐོར་ཞིང་ཐུགས་དམ་བསྐུལ།། འདོད་ཁམས་ཉི་ཤུའི་ཡང་རྩེ་ནས།། གཟུགས་ཁམས་ནའི་དགའ་ཚལ་ནས།། ཕོ་བྲང་དེའི་གཞལ་ཡས་ནས།། ཆོས་ཀྱི ་། རྒྱལ་མཚན་དབང་བསྐུར་བའི།། ལྷ་ཆེན་དབང་ཕྱུག་ཆེན་པོ་ནི།། སྐུ་མདོག་དམར་སེར་འབར་བ་ལ།། ཚད་མེད་དབུ་བཞི་གླིང་བཞི་འཇོམས།། གཡས་ཀྱི་པདྨ་སྐྱོན་དང་བྲལ།། ཐ་མ་བགྲང་ཕྲེང་རིག་སྔགས་སྤེལ།། ་གཡོན་གྱི་འགུ་འདིས་དགོས་འདོད་སྐོང་།། ཐ་མ་སྐྱུགས་གནོད་དགྲ་བགེགས་སྦྱོང་།། དད་པས་བསམ་པ་ཡུད་ཀྱིས་ཕྱིན།། པདྨ་སེར་པོས་རྒྱ་བྱས་ནས།། རས་ཀྱི་ཁ་ཚར་མགུལ་རྒྱན་ཅན།། ཐུགས་དམ་དྲག་ཏུ་བསྐུལ ་བྱས་ནས།། ལོག་པའི་དགྲ་བགེགས་འཇོམས་པའི་ཚེ།། སྐུ་ནི་སྔོ་ནག་ཆེན་པོ་ལ།། ཞལ་གྱི་མཆེ་བ་སྡང་པ་ཡི།། དགྲ་བོ་བདུན་བརྒྱུད་རྩད་ནས་གཅོད།། སྨིན་འཚམས་གློག་འགྱུ་ཐོག་ཆེན་འབེབས།། ཐལ་མོ ་གདབས་པས་ཐོག་ཆེན་འབེབས།། འཛུབ་མོ་སྐུད་པས་གླིང་བཞི་འཁྲུག། ལྗགས་ཀྱང་སྲིད་པ་གཡོ་བར་མཛད།། དཀོན་མཆོག་གསུམ་གྱི་སྐུ་དགྲ་ནི།། ཐོག་ཆེན་འབར་བ་ལྔ་ཕུང་ཤིང་།། ཚེ་སྲོག་རྣམས་ལ་བདུན ་རྒྱུད་ཆོད།། འཁོར་གྱི་བློན་བཞི་ལས་ལ་བསྐུལ།། བར་སྣང་ཐོག་ཆེན་འཁྲུག་ཏུ་ཆུག། དབང་པོ་སྣ་ལྔ་ཁ་ལོང་ཁ།། བུད་མེད་འཁོར་ཡུལ་ནོར་ཕྱུགས་ལ།། གསེར་ཐོག་ལྕགས་ཐོག་རྩལ་ལ་ལ།། འཁོར་ལོ་བྲོ ་བརྡུངས་འུ་རུ་རུ།། ཟངས་མཁར་ཐོག་ས་རམས་ས་རམས།། མེ་འོད་གློག་དམར་ཁྲུགས་སེ་ཁྱུག། འཁོར་རྣམས་ཤུགས་ཆེན་རྟ་ཞོན་བཞི།། རལ་གྲི་མེ་འོད་གླད་ལ་དཀོར།། ཀེའུ་གང་གཤེད་བཞི་ལས་ལ་འགྱེད།། ་རལ་གྲི་བསྐོར་བའི་འོད་འཕྲོས་པས།། ཐོག་ཆེན་སྣ་ཚོགས་སྐར་ལྟར་འཁྲུགས།། ཉམས་པའི་དགྲ་ལ་ཐོག་མདའ་ཡ།། སྐད་ཅིག་ཙམ་ལ་ཕུང་བར་གྱིས།། ཞེ་རྟ་སྙིང་ལ་བཏབ་ཅིང་རཀྟ་སྦྲེང་།། རྟག་ཏུ་འབྲུག་དང་སེར ་བ་དང་།། གློག་དང་ཐོག་དང་ཤྭ་འུད་འོང་།། རྣམ་པའི་རྟགས་བྱུང་ཟོད་རྟ་བཞུགས།། མཁར་ཁང་ལྷ་རྟེན་ཆུ་མིག་གམ།། མཆོད་རྟེན་ལྷ་ཁང་འགྲམ་འོག་ཏུ།། ལྷག་པར་དགྲ་ཡི་སྒོ་ག་འམ།། ཉལ་བའི་སྔས་སམ་སྟེང ་འོག་ཏུ།། འཁོར་བཅས་ཀྱི་ཐོད་པ་སྦ།། དྲག་སྔགས་འདི་བཟླས་ཐོད་པར་བསིབ།། ཨོཾ་ཙ་ཏུར་མུག་ཁ་རཀྵ་པྲ་མ་ན། མ་ཧ་དེ་ཝ་དགྲ་བོའི་ཡུལ་ཁམས་སུ།། རོ་ཁ་འདུ་ཁབ་ཧཱུཾ་བྷྲཱུཾ་སྭཱ་ཧ། ཞེས་ནི་ཐོད་པའི་ནང་དུ ་བཟླས།། གཏོར་མ་བཏང་ཞིང་སྨོན་ལམ་གདབ།། བྲིས་སྐུ་དག་ལ་རྟེན་བཅས་ལ།། དྲ་འཕྱིང་མ་འདལ་དྲག་ཏུ་དྲིལ།། རྟག་ཏུ་ལྷ་རྣམས་མཆོད་འགྱུར་ན།། ཡིད་ལ་ཅི་བསམས་འགྲུབ་པར་འགྱུར།། ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་དུ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ཞེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེ་གཤེད་པོས་འགལ་བ་ཆམ་ལ་དབབ ་སླད་དུ། ཐོག་འབེབས་ལྷ་ཡི་ནང་སྒྲུབ་གསུངས།། སྲིད་པས་མ་སྲིང་གར་གྱིས་མ་རྡུང་མཚོན།། ཡེ་སྲིད་བྱང་ཆུབ་སེམས་ཀྱི་དཔའ་ངར་ཅན།། རླུང་གིས་མ་སྤུད་བཤགས་པའི་ངར།། ཡེ་སྦུད་ཆེན་པོ་མཚོན་དཔལ་ངར ་ཅན་དེས།། འབྱུང་བ་གཞན་གྱིས་མི་རྫི་མི་ཚུགས་ཤིང་།། ཉིད་ཀྱི་གང་ལ་ཐོགས་པ་མེད་པར་འཇོམས།། དེ་ཉིད་སྒྲུབ་ཕྱིར་དུར་ཁྲོད་ལ་སོགས་སུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དབུས་ཀྱི་གྲུ་གསུམ་ཨེ ་བརྩེགས་ཏེ།། འཁོར་ལོ་བཞི་དང་རོ་ལ་མཚོ་བདུན།། གསེར་རི་དབུས་སུ་ཡ་མནྟ་ཀ་སྟེ།། སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད་པར་བྱ།། འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། ཁྲག་ཞག་མར་ཁུ་སྦྲང་རྩི་ཆང ་དང་འོ་མ་དང་།། རྒྱ་མཚོའི་ཆུ་ལ་སོགས་པའི་མཚོ་བདུན་ནོ།། ལྷ་ཆེན་ལྔ་ལ་ཕུར་བ་ལྔ་བཀོད་དེ།། དངུལ་གྱི་ཕུར་པ་སོར་བརྒྱད་ཤར་དུ་གོད།། དྲི་ཟ་ལྷ་ཡི་བློན་པོར་མངའ་ཡང་གསོལ།། གསེར་གྱི་ཕུར་པ་ལྷོ་ཡི ་རྩིབས་ལ་དགོད།། གཤིན་རྗེ་ལྷའི་བློན་པོར་མངའ་ཡང་གསོལ།། ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་དགོད།། ཀླུ་གནོད་ལྷ་ཡི་བློན་པོར་མངའ་ཡང་གསོལ།། ལྕགས་ཀྱི་ཕུར་པ་བྱང་གི་རྩིབས་ལ་དགོད།། གནོད ་སྦྱིན་ལྷ་ཡི་བློན་པོར་མངའ་ཡང་གསོལ།། མཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་དགོད།། དབང་ཕྱུག་ཆེན་པོ་དེ་ཝ་མངའ་ཡང་གསོལ།། གྲོ་ག་ཤིང་ཤུན་རས་སམ་དར་དཀར་ལ།། ལྷ་རྣམས་རྩ་བར་རང་རང་སྙིང་པོ་དང་།། ་དབབ་པའི་སྔགས་དང་དམིགས་པའི་མིང་བྲི།། སྔོན་དམར་སྐུད་པས་ཕུར་པའི་མགུལ་ནས་གདགས།། རབས་ཆད་ནག་པོའི་ཐོད་པ་ཁ་སྦྱར་ཕོ་མོ་ལ།། ཐོད་པའི་ཕྱི་ནང་མེད་པར་ཁྲག་གི་བྱུག། སྟེང་གི་ཐོད་པ ་ཡབ་ཡུམ་མངའ་ཡང་གསོལ།། འོག་མ་ཐོད་པ་ཡུམ་དུ་མངའ་ཡང་གསོལ།། ཐོད་པ་སྟེང་མར་ཡབ་ཀྱི་སྐུ་ཡང་བྲི།། ཐོད་པའི་རྩིབས་རིང་དམིགས་པའི་མིང་རུས་བྲི།། དཔྲལ་བར་རུས་བྲི་ཁ་རུ་མིང་བྱང་བྲི།། སྙིང་ཁར ་ནི་བྲི་འདོམས་སུ་བླ་དག་བྲིས།། དེ་ཡི་མདའ་མར་ལྟོ་སྦྱོར་ཛ་ཡིས་བསྐོར།། གྲོ་ག་ཤིང་ཤུན་ཞིང་གི་ལྤགས་པ་ལ།། དགྲ་ཡི་གཟུགས་བྲིས་དབང་ཕྱུག་ཡུམ་ལ་ཀླན།། མཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞུག། གྲོ ་གཤོག་བུ་ཤིང་གི་ལོ་མ་ལ།། ལྷ་ཆེན་ཚོགས་བདག་དབང་ཕྱུག་ཆེན་པོ་ཁྱོད།། ཁྱེད་ཀྱི་བཙུན་མོ་མ་ར་ཡ་འདིས་དཔྱད།། འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛོད་ལ།། འདི་ལ་དྲག་པོའི་ཐོག་ཆེན་ཕོབ་ཅེས་བྲི།། ཕུར ་པ་དེའི་མགུལ་དུ་གདགས་པར་བྱ།། ཐོད་པ་ནང་དུ་རྨེ་ཁྲག་སྐམ་པོ་དང་།། གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་འཁར་ཕྱེ་དང་།། དངུལ་དང་ཐོག་གྲིར་ཤི་བའི་སྙིང་དང་རུས་པ་ཤ་ཡང་བཙལ།། ཐོད་པ་ཁ་སྦྱར ་མིའི་རྒྱུ་མས་བཅིངས།། སྐྱེད་གསུམ་ཁ་ལ་གྲུ་གསུམ་སྟེང་དུ་བཞག། ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་།། རིན་ཆེན་སྣ་ལྔ་སྨན་རྣམས་དང་།། འདོད་པའི་ལོངས་སྤྱོད་ཟས་རྣམས་དང་།། རྒུན་ཆང་འབྲས་ཆང་སྦྲང་ཆང་དང་།། ་འབྲུ་ཆང་དང་ནི་ཨ་བི་ཤ། དེ་དག་མཆོད་པའི་རྫས་སུ་དགྲམ།། སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར།། བུ་རམ་འབྲས་ཀྱི་གཏོར་མ་བཞི།། ལྷ་ཡི་བློན་པོ་བཞི་ལ་དགོད།། ལིངྒ་ཇི་ལྟར་འདོད་པའི་དབྱིབས།། གཟུགས་མིང ་བཅས་ལ་མདུན་དུ་བཞག། སྔགས་ཀྱིས་བྲབ་ཅིང་བསད་ལས་བྱ།། ཏིང་འཛིན་གཞལ་ཡས་གདན་བཅས་བསྐྱེད།། ཡ་མན་ཏ་ཀ་ཁུགས་པར་བསྒོམ།། གདན་དུ་ཡི་དྭགས་གདིང་བར་བྱ།། དབང་ཕྱུག་ཆེན་པོ་གསལ ་སྒོམས་ཏེ།། འཁོར་གྱི་ལྷ་བཞི་བསྐོར་བར་བསམ།། ཨོཾ་མ་ཧཱ་དེ་ཝ་ཀ་ཧཱུཾ། ཞེས་བརྗོད་པས། དབང་ཕྱུག་ཆེན་པོའང་། ནག་པོ་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས།། ཕྱག་མཚན་རྩ་གསུམ་ཁྱུང་གི་རྒྱལ་མཚན ་བསྣམས།། ཞགས་པ་འདྲེན་ཚུལ་བེ་ཅོན་རྡེག་ཚུལ་གཡོན།། ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས།། གསེར་གྱི་རལ་གྲི་འབར་བ་ཀླད་ལ་སྐོར། གནམ་ལྕགས་འབར་བའི་ཤང་ལང་བློ་ལ་བཏགས།། དེ་འདྲ་གསལ་བར ་རབ་ཏུ་བསྒོམ་པར་བྱ།། ཤར་ཕྱོགས་ལྷ་ཡི་ཕྱག་ན་དངུལ་གྱི་གཞུ་བརྡུངས་ནས།། དངུལ་གྱི་མདའ་གཏོང་དངུལ་གྱི་ཁ་ལོ་སྒྱུར།། འབྲུག་རྟ་ཞོན་ནས་ཀི་ཀང་འཕྲལ་ལ་འཛུད།། དངུལ་གྱི་ཐོག་འབེབས་སེར་བའི་སྦྱིན ་ཟང་གཏོང་།། ལྷོ་ནས་གསེར་གྱི་ཐོག་ཆེན་གོང་བཞིན་འབེབས།། ནུབ་ནས་ཟངས་ཐོག་བྱུང་ནས་ལྕགས་ཐོག་འབེབས།། དེ་འདྲ་གསལ་བསྒོམ་མ་ཡེངས་པར་བྱའོ།། ཧཱུཾ། རྣམ་པར་སྣང་མཛད་མི་སྐྱོད་གཙུག་ཏོར ་ཅན།། བྱང་ཆུབ་ཆེན་པོ་མཆོག་གི་ཕྱག་རྒྱ་ནི།། བདུད་འདུལ་ཆེན་པོ་སྐུ་རུ་སྤྲུལ་པའི་རྒྱ།། བྱང་ཤར་མཚམས་ནས་ཤིན་ཏུ་སྐུ་བདེ་བསྟན།། མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས།། སྐུ་སྟོད་སྔོ་ནག་མི་ཟད ་འབར་བའི་འོད་དཔུང་ཅན།། ཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་བག་ཆེ།། ཐུགས་རྗེ་སྤྲིན་ལྟར་གཏིབས་ཤིང་ནམ་མཁའ་གང་བར་ཁྱབ།། གཟེར་གནོན་རྟགས་ཀྱིས་དྲེགས་པ་གཟེར་ཞིང་གནོན།། བདུད་པོ་ནག་པོ ་སྤྱན་གསུ་མཆེ་བ་ཅན།། བསྟན་པ་འཇིག་པའི་སྲོག་ལ་སྤྱན་འདྲེན་ན།། དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ།། དབང་ཕྱུག་ཆེན་པོ་གནས་ནས་བསྐྱོད་ཙ་ན།། རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན ་འཕྱར།། བདེ་གཤེགས་ཞགས་པས་འདྲེན་ཅིང་བེ་ཅོན་སྙིང་ལ་བརྡེག། ནག་པོ་སྤྱན་གསུམ་སྡང་མིག་ཟློག་པའི་བདུད།། དབུ་སྐྲ་འབར་བ་འོད་ཟེར་རལ་པ་ཅན།། སྐུ་ལུས་མོན་ལ་སྤྱན་གསུམ་སེར་ལ་འདྲིལ།། རྣོ ་དཔལ་མཆེ་བ་ཟླ་ཚེས་གྱེན་དུ་འཁྱིལ།། སྤྱན་སྤྲིན་བཟློག་པས་སྦྱིན་འདང་འབེབས།། ཤངས་ནས་རླུང་གི་ཟོར་རླུང་བུ་ཡུག་འཁྲུག། མདུང་དང་དྲི་ཡི་སྐད་སྐུའི་རྟེན་དུ་བཅའ།། སྤྱན་མིག་མི་མཐུན་ལས ་ཀྱི་ཟླ་བ་དྲིལ་བ་ལྟར།། འོད་ཟེར་མེ་ལྟར་འབར་ཞིང་གཤེགས་སུ་གསོལ།། ཨེ་ཧྱེ་ཧི་མ་ཧཱ་ཀ་ལ་ཏི་ཛ། ཀ་རུ་ནི་ཀི་ཏ་ཤ་ཧོ་སཱ་མཱ་ཡ། ཧཱུཾ་བཾ་ཡ་སཾ། ཛཱཿཧཱུཾ་བཾ་ཧོ། ཧཱུཾ། ལྷ་ཆེན་དབང་ཕྱུག་འཁོར་བའི་གཡུལ་བཟློག་པ།། ་སྤྲུལ་པའི་བརླབས་ཅན་ལྷའི་དམག་དཔུང་བསྡུད།། དབང་ཕྱུག་ལེགས་ལྡན་ནག་པོ་འཁོར་གྱི་བསྐོར།། དབང་ཕྱུག་ལྷ་ཆེན་སྐུ་ལ་ཕྱག་འཚལ་བསྟོད།། དབང་ཕྱུག་བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ།། ་སྟོན་པས་ལུང་བསྟན་འཕགས་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཉི་ཟླ་འོད་ལྟར་ཞལ་གསལ་ཞིང་།། མ་རིག་སྒྲིབ་པ་མ་ལུས་སེལ་མཛད་ཅིང་།། འཁོར་བཅས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ།། མེ་ཏོག་འཕྲེང་ལ ་སོགས་པ་དང་།། རིན་ཆེན་དབྱིབས་དང་སྒོག་གཙོང་དང་།། ལ་ཕུག་ལ་སོགས་ཀུན་དྷ་ར།། འབྲས་བུ་ཡིད་བཞིན་སྣ་ཚོགས་ཟས།། ཕྱོགས་བཅུའི་ཆུ་སྐྱེས་དང་ནི་ལོངས་སྤྱོད་བརྒྱན།། རིས་སུ་མ་བཅད་མཆོད་པའི ་ལོངས་སྤྱོད་དབུལ།། དཀྱིལ་འཁོར་མཛེས་པར་རྒྱན་གྱིས་བརྒྱན་པ་ཡི།། ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད།། ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ནི་ཀ། ས་ཏི་མ་ཧཱ་རཀྵ། རུ་པ་ཁ་ཁ་ཁཱ་ཧི། པྲ་ཏི་ཛ་མ་ཧཱ་བི་ཏ་ལི། ཁ་ཁ་ཁཱ ་ཧི། ཧཱུཾ། དབང་ཕྱུག་ཆེན་པོ་འཁོར་བཅས་ལ།། མཆོད་སྦྱིན་ལ་སོགས་སྣ་ཚོགས་དང་།། རྫས་དང་ཡོ་བྱད་དཔགས་མི་ལང་།། བླ་མེད་དད་པས་མཆོད་འབུལ་བསྟོད།། འོད་ཕུང་བསྐལ་བའི་མེ་དཔུང་འབར་བའི་འོད།། ་གདུག་པ་རིལ་མེད་མཛད་པའི་ཁྲོ་གཉེར་ཅན།། དུག་གསུམ་རྩད་གཅད་མཆེ་བ་གཙིགས་པའོ།། ཡེ་ཤེས་སྤྱན་གསུམ་ཉི་ཟླ་ག་བུར་འབར།། སྟོན་པའི་བཀའ་རྒྱུད་བླ་མའི་ལུང་བསྟན་དཔལ།། དམ་ཚིག་ཆོས་ཀྱི ་འཁོར་ལོ་རྣམ་སྣང་མཛད།། བླ་བྲེས་ཅོད་པན་བརྗོད་པས་བཅིངས་པ་ནས།། ངེས་པར་སྟོན་པ་བཅུ་ཡི་བདག་པོར་འཕགས།། རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས།། དུར་ཁྲོད་མ་མོའི་ཚོགས་ཀྱིས་བསྐོར།། ་ནད་སྟོང་ཤ་ཡི་ཚོགས་རྣམས་ཀུན་མཆོད་ནས།། བསྟན་པ་འཇིག་པའི་བཀྲག་དང་མདངས་འཕྲོག་ཐལ་བ་རྡུལ་དུ་རློག། སྟོབས་ཆེན་གླང་པོས་ལྤགས་པ་གོས་སུ་གྱོན།། ལྷ་ཀླུ་གཉེན་གྱི་གྲོང་ཁྱེར་ཐམས་ཅད་དུ།། ལྷ ་ཆེན་བདུད་དཔུང་ཆེ་མཚན་གསུམ་པ་ནས།། ལོག་འདྲེན་དགྲ་སྲིན་གཟིས་གདུག་གནོན་པ་ཡི།། དཔའ་བོ་ཆེན་པོ་སྟག་གི་ལྤགས་པས་མཚོན།། འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར།། ཕྱོགས་རྣམས་ཕྱོགས་བཅུ ་ཀུན་ཏུ་རྣམ་གྲངས་ལ།། སྨོན་ལམ་ཁྱད་པར་མང་པོའི་མཐུས་སྦྱངས་ལ།། སྒྱུ་མ་ལྟ་བུས་རྣམ་པར་ཐར་པ་རོལ།། ཕན་མཛད་དམག་དཔོན་འཁོར་བཅས་ཁྱེད་ལ་ལས།། སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན ་། ལ།། དྲག་པོའི་ཐོག་ཆེན་ལུ་གུ་རྒྱུད་དུ་འབེབས།། ལྷ་ཆེན་དབང་ཕྱུག་ཁྱོད་ལ་བདག་འདུད་སྐྱབས་སུ་མཆི།། སྔགས་འདི་རྣམས་སྲོག་ཀྱང་བཟུང་།། ཨོཾ་མ་ཧཱ་དེ་ཝ་ཀ་ལ་སྟི་ཛ་རེ་ས་ནི་ཨིན་ཧྲི་སེ་ཙན་ཛ ་ན། ག་རུ་རུ་ཧེ་སེ་ཀན་བུ། སེ་ན་ཧི་སི་ཨུན་ཀེན། སེརྦ་དྭེ་དེ་བུ་ཡིན་དེ་བ་དེ་ན་མ་ར་ཡ། ཁྲི་ཚོ་རེ་ཞིང་སྐུ་བསྐྱེད་བསྟོད།། འོད་དང་སྒྲ་དང་དྲི་ཞིམ་དང་།། འབྲུག་དང་གློག་དང་ཐོག་དང་ཤ། དེ་རྣམས་གྲུབ་པའི་རྟགས ་སུ་སྟེ།། དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ།། ཐོག་རྗེ་ཐོག་དབབ་བསྐུལ་ཞིང་རྦད།། གནམ་ལྕགས་ཐོགས་མེད་འབེབས་པའི་ལྷ།། ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས།། རོལ་དུ་ཁྱུད་དང་སེང་གེ་ཁྲིད། ཁ་རླངས ་སྤྲིན་དང་ན་བུན་འཐིབས།། ཤངས་ནས་བུ་ཡུག་ཁུ་འཕངས་འདྲིལ།། ལྕགས་ཀྱི་སེར་ཆེན་ཁྲོམས་སེ་ཁྲོམ།། ཤེལ་གྱི་ཁུ་འཕངས་རི་ལ་ལི་ལི།། གསེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམ།། གནམ་ལྕགས་རལ་གྲི་གླད་ལ ་བསྐོར།། གསེར་གྱི་ཆ་ལང་གློག་ཆེན་འཕེན།། འཁོར་གྱི་ལྷ་ཡང་ཐོག་འབེབས་ཏེ།། ཤར་གྱི་དྲི་ཟའི་ཞིང་ཁམས་ནས།། དྲི་ཟའི་ལྷ་ཡི་བློན་པོ་ཡང་།། དངུལ་གྱི་གཞུ་བརྡུངས་དངུལ་གྱི་མདའ་གཏོང་སྟེ།། ལག་ན ་དངུལ་གྱི་ཐོག་ཆེན་འཕེན།། དངུལ་གྱི་ཐོག་ཆེན་འུ་རུ་རུ།། ཀི་ཀང་མང་པོ་འཕྲལ་ལ་འཛུད།། ཐོག་སེར་སྦྱིན་ལྡང་གློ་བུར་འབེབས།། དེ་བཞིན་ཕྱོགས་ཀྱི་བློན་བཞིན་བསྐུལ།། ཐོག་གི་དབབ་སྔགས་ཐོད་པར་བསྟིམ།། ་འུར་ཆོམ་ཟད་ནལ་རམ་ཤང་ཤད་བྷྱོ་ཛ་རཀྟ་ཙིཏྟ་མ་ར་ཡ་སྙིང་ལིང་རྒུད། ཙིཥྞ་བ་རིལ་ཁ་ར་ཀ་ཚལ་པ་བམ། རཀྟ་ཡག་ཤ་ཙིཏྟ་ཁ་ཁ་རྦད་བུ་ཛ། འུར་ཆོམ་ཟད་ནན་རམ་ཤད་ཤད་རཀྟ། ནག་པོ་སྲོག་ལ་ཆུམ་ཆུམ། ་བོབས་བོབས། དེ་ནི་གནམ་ལྕགས་ཐོག་དབབ་པའོ།། འུར་ཆོམ་རྦད་རྣལ་རཾ་རཾ། ཤད་ཤད། དེ་ཝ་ཡཀྐ་སྲོག་ལ་ཆུམ་ཆུམ། རྦད་རྦད་ད་ར་ལི་འུར་རྦད་ནམ་ཤིན་མ་ར་ཡ། དེ་ན་སེར་ཐོག་དབབ་པའོ།། འུར་ཆོམ་ཤིག ་ཤིག་མ་ར་ཡ་ནི་ཡོན་ནས་ཁ་ལ་རྦད་བུ་ཛ་ན་ག་དེ་ཝ་མ་ཧཱ་ཁ་ལ་རཀྵ་ཙག་ཙག། ཙིག་ཅིག། ཧྲི་ཏྲལ་བོབས་ཡ། དེ་ནི་ཟངས་ཐོག་དབབ་པའོ།། དེ་བཞིན་ཐོཟོད་པ་ཁ་སྦྱར་ཏེ།། དམིགས་པ་ཕུལ་གྱི་དབུས་སུ་སྭ། ་ལྕགས་ཕུར་མཁར་གྱི་འོག་རྨད་དུ་སྦ།། ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ།། དངུལ་ཕུར་རྟ་ཡི་བྲེས་སུ་སྦ།། དེ་བཞིན་སྦས་ནས་ཕབ་གྱུར་ན།། སྦས་པའི་རྟེན་སར་དུས་སུ་འབེབས།། དེ་ལ་ཐེ་ཚོམ་བག་མི་བྱ།། ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ཞེ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། ཐོག་དབབ་པ ་ལྷའི་གསང་སྒྲུབ་གསུངས།། རྨ་བྱ་དག་གི་རྒྱལ་མཚན་ལ།། དམིགས་པའི་མིང་རུས་འོག་ཏུ་གཞུག། སྐྲག་རྒོད་གཙང་རྒོད་བཞི་བཞོག་ལ།། ལིངྒ་དག་གི་སྐྱེ་རུ་གདགས།། འབྱིངས་དཀར་གཙང་མ་འཁྲུ་བཞི་གཅིག། ་སྟེགས་བུའི་སྟེང་དུ་གཏིང་ནས་ཀྱང་།། ནས་སྔོན་ཕུལ་གང་ཤར་དུ་སྤངས།། ནུབ་ཏུ་ཏིལ་ནག་ཕྲལ་གང་སྤངས།། དཀྱིལ་དུ་རྒྱལ་མཚན་གཟུག་པར་བྱ།། ཉིན་མོ་སྔགས་བཟླས་ནས་ཀྱིས་བྲབ།། ནུབ་མོ ་སྔགས་བཟླས་ཏིལ་གྱིས་བྲབ།། སྔགས་རྫོགས་རི་གསུམ་རྩེར་སོང་ལ།། ཨེ་དགོས་མིང་གི་ནང་དུ་གཞུག། གཙང་དང་མཉམ་པའི་ཁུང་བཀོས་ལ།། དགྲ་ལ་རྩེ་བརྟན་རེ་ཆོས་གཞུག། དབང་ཕྱུག་ཆེན་པོ་ལས་རྩོལ ་ལ།། འོ་དོད་བོས་ཏེ་བསད་ཅིང་མནན།། མྱུར་དུ་ཐོག་ཆེན་འབེབས་འདོད་ན།། རྣམ་པར་སྨིན་པས་ཤི་བའི་མགོར།། ཧ་ལ་ཧ་ལ་ཏ་ཀ་དང་།། དེ་བཞིན་སྣ་ཚོགས་ཉུངས་དཀར་ནག། ཞིང་ཆེན་ལྤགས་པ་མཚན་ངན ་ལ།། ཡུལ་གྱི་མི་དང་བརྟག་པའི་མིང་།། དེ་བཞིན་བྲིས་ཏེ་དེར་བཅུག་ལ།། སྤྱན་དྲངས་བཞུགས་མཆོད་བསྟིམ་པར་བྱ།། དྲག་སྔགས་འདི་དག་རབ་ཏུ་བཟླས།། མ་ཧཱ་ཙན་དྷ་རཀྵ་བེ་ཤ་ཨ་ན་ཡ་ཕོབ། ཧ་ར་ཙན་དྷ ་མ་ཧཱ་ཙན་དྷ་ཡཀྐ་བག་ཕོས། རཀྵ་མ་ཧཱ་ཡཀྑ་བྷྱོ། ཤར་ཤེལ་ཧ་ལ་ཧ་ལ། དན་དྷ་པྲ་ཙེ་ཕོ་བ། པྲ་ཙེ་པྲ་ཙེ། ཧ་རི་ཧ་རི་ཛ་དུ་སྟི་བྷྱོ། རཀ་རཀ་ཙན་དྷ་མ་ཧཱ་ཤག་ཏི་ནན། ད་ར་ཙན་དྷ་པ་ཙ་པ་ཙ་ཧ་ལ་ད་ཏ་སཱ་ཧཱ། རཀྟ་ཙན ་ཏིཏེ་མ་ཧཱ་ཤག་ཏི་བྷྱོ་བྷྱོ། བཛྲ་ཙི་རུ་བཛྲ་དེ་ཝ་ཧ་ན་ཧ་ན་བྷྱོ་བྷྱོ། གར་འདོད་གནས་ཀྱི་ཡུལ་ལྷའི་རྟེན།། བདུན་འབུམ་བཟླས་བྱས་ཁྲུ་གང་མནན།། དུས་མེད་ཐོག་ཆེན་ངེས་པར་འབེབས།། དུང་དང་ཨ་རུ་ར་དང་ལི་ག ་དུར་རྣམས་ལ་སྔགས་ཏེ་དགྲའི་ཕྱོགས་སུ་གཏོར་ན་མཛེར་འགྱུར་རོ།། བག་ཟན་ལ་སེམས་ཅན་གྱི་གཟུགས་ཅི་འདོད་པ་བྱས། ཁྲག་གིས་བྱུགས་ནས་ཁང་པའི་ཐོག་ཏུ་བཞག་ན། སེམས་ཅན་དེ་ཉིད་མང་པོ་བྱས་ནས ་ཁང་པའང་ཞིང་གསེབ་ཏུ་སྐད་འདོན་ཞིང་འོང་ངོ་།། སྨན་བྲིས་ཏི་ས་འཛིན་དང་འགྲིང་ལ།། སྔགས་ནས་རྔ་མར་བླུག་འབྲུམ་བུའམ་སྲིན་བུར་འགྱུར་རོ།། ཕྱ་བར་བླུག་ནས་ཚོད་མ་མར་འགྲོའོ།། ཚོན་རྩི་སྣ་ལྔ་ལ ་སྔགས་ནས་ཁྱིམ་དུ་བཞག་ན།། བྱི་བས་ཁྱིམས་དང་ཞིང་དང་ལྡུམ་རར་ཟ་མི་ནུས་སོ།། མུ་ཏིག་ལ་སྔགས་ན་བུད་མེད་ལ་བུ་འོང་བར་འགྱུར་རོ།། རྨ་ཤད་ལ་སྔགས་ནས་དབང་ཕྱུག་ཆེན་པོ་མཆོད་ན།། ཕྱུགས ་དགབ་ཉུངས་པ་ལ་བཏགས་ན་དགབ་འཕེལ་བར་འགྱུར་རོ།། རྨ་བྱའི་རྒྱལ་མཚན་ལ་སྔགས་ནས་རྟག་ཏུ་ལུས་ལ་བཅངས་ན་མཛེ་འཚོ་བར་འགྱུར་རོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་ཁམས་སུ ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ཞེ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འདི་སྐད་ཅེས་གསུངས་སོ།། བསྟན་པ་གཉེན་བསྲུངས་འགལ་བ་ཆམ་ལ་དབབ་པའི་ཕྱིར།། ་ནད་ངན་བདག་མོའི་ཟླ་གསང་གསུངས།། དུར་ཁྲོད་ལ་སོགས་དགོན་པའི་གནས་ཉིད་དུ།། ས་བདག་མཉེས་བྱ་མ་ཉེས་མཁྱེན་པ་གསོལ།། ཕུང་པའི་ཤུལ་ནས་ས་བླངས་དཀྱིལ་འཁོར་བརྩིག། མངལ་ཁྲག་རིམས ་། ཁྲག་ལ་སོགས་ཆག་ཆག་གདབ།། དུག་གིས་རྩ་སྐྱེད་སྨན་གྱི་དྲི་ཡང་དབྱུང་།། དབུས་སུ་གྲུ་གསུམ་བརྩེགས་མ་སྟེང་དུ་བྲུཾ།། ཟླ་ཁམ་དམར་པོ་འཁོར་ལོ་རྩིབས་བཞིར་ལྡན།། མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང ་བས་བསྐོར།། གྲུ་ཆད་པར་ཁྱམས་སྒོ་བཞི་རིགས་དང་སྦྱར།། གྲུ་གསུམ་རྩེ་དྲུག་དཔལ་གྱི་ཞལ་དྲུག་བྲི།། དབུས་སུ་འཇམ་དཔལ་ཡབ་ཡུམ་སྲས་དགོད།། འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་དགོད།། ཟླ་ཁམ ་གསུམ་ལ་ནག་མོ་ཕུང་གསུམ་དགོད།། གྲུ་ཆད་བཞི་ལ་སྲིན་མོ་གདོང་བཞི་དགོད།། རྩིབས་ཆེན་བཞི་ལ་བཤན་པ་མ་བཞི་དགོད།། བར་ཁྱམས་བཞི་ལ་ས་བདག་མ་བཞི་དགོད།། ལྕགས་རི་ནག་པོ་དབང་ཕྱུག་རྩ ་བརྒྱད་དགོད།། དེ་ལྟར་ལྷ་རེ་ཕུར་པ་སྙིང་པོ་རེ།། དབུས་སུ་ཐོད་པ་ནག་པོའི་ནང་དག་ཏུ།། དགྲ་བོའི་མིང་རུས་གཟུགས་དང་བཅས་ལ་བཞུགས།། འཇམ་དཔལ་ཡབ་ཡུམ་སྲས་ཀྱི་གདན་དུ་ལྡིང་།། གྲུ་གསུམ་རྩེ་མོར ་རབས་ཆད་ཐོད་པ་གསུམ།། གཅིག་ཏུ་ར་ཁྱི་མི་རྟའི་ཁྲག་དང་།། རིམས་ཁྲག་ལ་སོགས་བརྒྱད་དུ་སྦྱར།། བཙན་དུག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར།། ཐོད་པ་གཅིག་ཏུ་ཉུངས་དཀར་ཉུངས་ནག་དང་།། སྐེ་ཚེ་ལན་ཚ ་ཐལ་ཆེན་ཁྲག་སྐམ་སྦྱར།། ཐོད་པ་གཅིག་ཏུ་ཟངས་ཕྱེ་ལྕགས་ཕྱེ་དང་།། རྡོ་ཕྱེ་ལ་སོགས་པ་མང་དུ་སྦྱར་ལ་བཞག། དུག་ཁྲག་ཐོད་པ་བལ་ཚོན་སྣ་ལྔས་གཅོད།། གྲི་མོར་ཤི་བའི་ལྤགས་པའི་སྟེང་དུ་ཡང་། ར་ཁྲག་དུག ་སྦྱར་གྲུ་བཞིར་ཐིག་ཀྱང་གདབ།། གོང་བཞིན་འཁོར་ལོ་རྩིབས་བཞི་ཕོ་བྲང་བཅས།། གོང་བཞིན་བཀོད་ལྟར་རང་རང་སྙིང་པོ་དགོད།། མཐོ་རེ་སོར་བཞི་རྩངས་ཀྱི་རྩེ་ལ་བསྐྱོན།། དཀྱིལ་འཁོར་དབུས་སུ་གུར་དུ་ཕུབ ་ལ་བཞག། གཏོར་མ་ཤ་ཆེན་ཡོད་པ་བསེ་ཁབ་གང་།། ཡ་མན་ཏ་ཀ་གཤིན་རྗེ་ཉིད་ལ་དབུལ།། གཡས་སུ་རྣོ་གྲིའི་ཐོད་པ་དུམ་ལྔ་རུ།། སྒྲོལ་བདག་ཆེན་པོ་ཨེ་ཀ་ཛ་ཏི་ལ།། ཤེས་རབ་མཚལ་དང་ནརྀ་ཏྲིའི་སྙིང་ལ་བརྟེན།། ་གཡོན་དུ་སྦྱོར་བདག་ནག་མོ་རེ་ཏི་ལ།། ཡུག་སའི་ཐོད་པར་མི་དབང་ཤ་ཁྲག་དང་།། སྨན་དང་སྙིང་དང་ཁྲག་ཏུ་སྦྱར་ལ་བཞག། ཟླ་གམ་གསུམ་དུ་ནག་པོ་ཕུང་གསུམ་ལ།། སྐྱེས་པ་དར་མ་གྲིར་ཤའི་བྷན་དྷ་རུ།། གླང ་ནག་སྙིང་དང་པདྨ་རཀྟ་དང་།། སྦྲུལ་ནག་སྙིང་དང་འུག་པའི་མིག་འབྲས་དང་།། ཕོ་རོག་སྙིང་དང་བུད་མེད་ཀླད་ཁྲག་བཞག། འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་ལ།། གཞོང་པ་གྲུ་གསུམ་ནང་དུ་འང་།། ཁྲག་སྣ ་གསུམ་དང་སྟག་སེང་གླང་།། ས་བདག་རྒྱལ་པོའི་སྙིང་བཞི་བཞག། རྩིབས་མཚན་བཞི་རུ་ཤན་པ་མ་བཞི་ལ།། མཛེ་མོ་ཐོད་པའི་ནང་དག་ཏུ།། སྙིང་དང་ཁྲག་གི་གཏོར་མ་བཞག། གྲུ་ཆད་སྒོ་བཞི་དམ་རྫས་སུ།། ་ཡུགས་ས་མོ་ཡི་ལྷན་ཕོར་དུ།། སྟག་དོམ་བན་གླང་མི་སྙིང་དང་།། རང་རང་ཁྲག་ཏུ་སྦྱར་ལ་བཞག། བར་ཁྱམས་བསེན་མོ་བཞི་ལ་ཡང་།། བ་མེན་རའམ་དུང་ཕོར་དུ།། མར་ཁུ་སྦྲང་རྩི་འོ་མ་དང་། ཁྲག་སྣ་མང་པོ ་། སྦྱར་ལ་བཞག། དེ་ནི་སྒྲུབ་རྫས་དམ་རྫས་སོ།། དེ་ནས་དཀྱིལ་འཁོར་བྱང་ཤར་དུ།། སྨན་པྲད་རཀྟས་སྨྲས་པ་ལ།། མཆོད་རྟེན་མཐོ་གང་གྲུ་བཞི་པ།། དུར་ཁྲོད་སོལ་བས་བསྐུས་ལ་བཞག། དེ་བཞིན ་ལས་ཀུན་ཟིན་པ་དང་།། དུག་ཁྲག་མིང་རུས་བཅས་པ་རྣམས།། མཆོད་རྟེན་བུམ་པའི་ནང་དུ་བཙལ།། ལྷ་ཕྱག་བྱ་ཞིང་སྔགས་ཀྱང་བཟླས།། མཆོད་རྟེན་མ་མོ་བརྣག་པ་གསུམ།། ཆུ་མིག་ཉ་ལྕིབས་ཅན་དུ་སྦ།། མ ་ཉེས་དབང་གཟུགས་མཁྱེན་པ་གསོལ།། གཏོར་མ་བཏང་བའི་དུས་ཚོད་ནི།། ནང་པར་སྒྲ་རིངས་ཤར་བ་དང་།། དགོངས་ཀྱི་དམར་ཟག་ཆད་པ་ལ།། མ་མོ་གཏོར་མ་རིམ་པས་བཏང་།། དེ་བཞིན་ཉིད་དང་ཀུན་ཏུ་སྣང་།། ་སྣང་ལ་རང་བཞིན་མེད་པ་ཡི།། ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་བསྒོམ།། དེ་བཞིན་རྒྱུ་ཡི་ས་མ་ཏི།། མཐིང་ནག་ཧཱུཾ་གཅིག་གསལ་བར་བསྒོམ།། སྒྲོ་འདུས་བདེ་གཤེགས་ཐུགས་དམ་བསྐུལ།། འགྲོ་བའི་དོན་བྱས་སླར ་འདུས་པས།། གསེར་གྱི་རྡོ་རྗེ་རྩེ་ལྔར་གྱུར།། ཡ་མན་ཏ་ཀ་བཛྲ་མ་ཧཱ་ཀྲོ་ཏ་ཞེས་བརྗོད་པས། གཏུམ་ཆེན་ཡ་མན་ཏ་ཀར་གྱུར།། དབུ་དྲུག་ཕྱག་ཀྱང་བཅུ་གཉིས་པ།། རྒྱན་དང་ཆ་ལུགས་གསལ་བར་བསྒོམ།། གཡས ་སུཀྵ་ལས་སྒྲོལ་བདག་མ།། ཨེ་ཀ་ཛ་ཏི་གསལ་བར་བསྒོམ།། གཡོན་དུ་མ་ལས་སྦྱོར་བདག་མོ།། ནག་མོ་རི་ཏི་སྐུ་རུ་བསྒོམ།། ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས།། ལྷག་པར་ཡི་གེ་མ་གསུམ་འཕྲོས།། སྟོང་གསུམ ་མ་ཁྱབ་འགྲོ་དོན་བྱས།། སླར་འདུས་ཁམས་གསུམ་ལ་བབས།། ཡིག་འབྲུ་གསུམ་གྱིས་དབང་བསྐུར་ཏེ།། ནག་མོ་ཕུང་གསུམ་གསལ་བར་བསྒོམ།། འཁོར་ལོ་བཞི་ལ་ཕུང་བྱེད་བཞི།། རྩིབས་མཚན་བཞི་ལ་ཤན ་པ་བཞི།། གྲུ་ཆད་བཞི་ལ་གདོང་མོ་བཞི།། བར་ཁྱམས་བཞི་ལ་བསེ་མོ་བཞི།། ལྕགས་རི་ལ་ཡང་དབང་ཕྱུག་མ།། སྐུ་མདོག་ཆ་ལུགས་གསལ་བར་བསྒོམ།། དེ་བཞིན་སྒོམ་པའི་མ་རྣམས་ལ།། སྤྱན་དྲངས་ཕྱག་འཚལ ་བཞུགས་མཆོད་དབུལ།། དགྱེས་བསྟོད་བཅོལ་བསྐུལ་ཕྲིན་ལས་བཅོལ།། ཐ་མ་ལས་ཀྱི་སྦྱོར་བས་བསད།། ཨོཾ་ཨ་ཀྲྀ་ཏེ་ཀ་ཡ་མན་ཏ་ཀ་ཀ་ལ་རུ་པ་ཧཱུཾ་ཕཊ། ཨོཾ་ས་མ་ཡ་ཤྲི་མཉྫུ་ཡ་མནྟ་ཀ། ཡ་མ་ར་ཙ། མ་མ་ཨེ་ཀ་ཙ ་ཏི་ཛ། ཏྲག་རཀྵ་མུ་ཏྲ། རུ་ལུ་རུ་ལུ་ཧཱཾ། རཀྵོ་ཀེ་ཀུ་མ་ཛཱ་ཛཱ། ཁ་ལ་ཁ་ཧི་བྷྱོ། ར་ཏུ་རོ་ཏུ་ཙ་བ་ལ། ཤུག་མེ་ཛཱ་ཛ། དེ་ནི་དུ་ན་ཧི། དུ་མ་ཡ་ཛཱ་ཛ། དུ་ར་ཛ་ལ་ཧ་ན་ཛཱ་ཛཱ། དུ་མ་ར་ཧ་དེ་ཛ་ཛ། རུས་སྙིང་ཁ་ར་ཁ་ཁ་རཀྐ། ་རྦརྒད་ཟུམ་རི་ལི་ལི། ནི་ཤ་ཀུ་རུ་རཀྟ་ཁ་ར་ཎཾ། ཀུ་རུ་ཁ་རི་རྦད་ཟུམ་རི་ལ་ལི། སྙིང་ཁ་རཀྵ་ནི། ཤ་སྟ་ཏི་རྦད། བྲུཾ་རི་ལྀ་ལི། ཏྲག་རཀྐ་མུ་ཏྲ་སྙིང་ཁ་རཀྵོ་བྷྱོ། མཽ་རོ་རུ་རོ་རུ། ཙ་པ་ལ་ཨ་ཤུག་མེ་བྷྱོ། མ་རཀྵོ་རཀྵོ ་སྙིང་རྩ་ལ་བྷྱོ། རཀྵོ་དགྲ་སྙིང་ཁ་རག་བྷྱོ། ཙ་བ་མོ་ཙ་བ་མོ་བྷྱོ། ཁྲག་ལ་མུ་ཤམ་བྷྱོ། ཀུ་མུན་དྷ་རི། ཀྲཱུ་ལ་དྷ་རི། ཙ་མུན་དྷ་རི། ཀཾ་ཀ་ད་ཧི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྲྀ་བྷྱོ། བྷྲྀ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ་བྷྱོ་བྷྱོ་བྷྱོ་བྷྱོ། དེ་རྣམས་སྲོག་གི་སྙིང་པོ་སྟེ།། ཉུངས་དཀར་ཉུངས་ནག་སྐེ་ཚེ་དང་།། རྡོ་ཕྱེ་ལྕགས་ཕྱེ་རྫས་རྣམས་ཀྱི།། སྟོང་སྟོང་ཟླ་ཞིང་ཐུན་ལ་བསྟིམ།། དེ་བཞིན་བསྒྲུབ་པའི་རྟགས་རྣམས་འོང་།། མེ་དང ་སྒྲ་དང་དུ་བ་དང་།། རྗེས་དང་འོད་དང་སྐད་འདོན་དང་།། རྨི་ལྟས་རྟགས་དང་ཉམས་སུ་སྟོན།། གང་ཉེ་རྟགས་ཀྱིས་དྲོད་ཚད་བཟུང་།། གང་ཉེ་དག་ལ་གཏོར་མ་བཏང་།། ལས་ལ་སྦྱོར་སྔགས་གོང་བཞིན་སྦྱོར།། ཡ ་མན་ཏ་ཀ་ཡ་མ་ར་ཙ་མ་མ་ཨེ་ཀ་ཙ་ཏི་བྷྱོ། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མེ་བྷྱོ་བྷྱོ། དུ་ནི་དུན་ཏིངས་དུ་ལ་བྷྱོ། མ་མ་རུ་རུ་རག་མོ་བྷྱོ། སྙིང་ཁ་ར་ཀ་ཤ་ཏི་མ་བྷྱོ། ར་མཱ་མཱ་ཁོང་གི་སྙིང་ལ་ཡ་བྷྱོ། རཀློ་རྩ་བ། ཁྲག་མུ ་ཤ། སྙིང་རྩ་རོ་ཏུ། ཙ་པ་ལ། མ་མ་བྷྱོ། སྙིང་ཤིག་དམར་མོ་དུན་བྷྱོ། སྙིང་རྩ་ས་མ་ཡ་དམར་མོ་དུན་བྷྱོ། སྙིང་ཁྲག་ལ་དམར་མོ་དུན་བྷྱོ། ཙིཏྟ་ཕུར་དམར་དུན་བྷྱོ། དེ་ནི་མ་མོའི་རྦད་སྔགས་ཏེ།། རང་རང་གྲུབ་པའི ་རྟགས་དང་སྦྱར།། དེ་ནས་བསད་པའི་ལས་བྱས་ནས།། རང་རང་གྲུབ་སྔགས་སྲོག་བཞིན་སྦྱར།། མ་མོ་གདང་བའི་ཐུན་སྔགས་དང་།། རང་རང་རིམས་ནད་དབབ་པའི་ཐབས།། གཤིན་རྗེ་གཤེད་པོས་དབང་བསྡུས ་ལ།། ཨེ་ཀ་ཙ་ཏིས་རྒྱུག་ཟེར་དབབ།། གོང་གི་རྫས་བླངས་སྔགས་འདི་བརྡེག། ཏྲག་རགྣ་ཁ་མུན་ཏྲ། མུ་ཏྲ་མ་མུ་རུ་ལུ་ཧཱུཾ་བྷྱོ་ཧཱཾ། རཀློ་ཏེ་ཀུཾ་ཛ་ཛཱ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། རཀྐ་ཐུན་བྷྱོ་བྷྱོ་ཛ་ཛ། ཤྲི་ར་ཏུན ་མང་བ་ཐུན། འདའ་རུ་ལ་ཐུན། བི་མ་རུ་རྩེ་དགྲ་བོ་ལ་ཐུན་བྷྱོ། ཕཊ་ཕཊ། དུ་རུ་བི་མ་རུ་རྩེ་ཁ་ཟམ་མ་མོ་རྩ་ལ་ཡཾ། སྲོག་ལ་ཟུམ་སྙིང་ལ་ཐིབས། གོང་གི་དགྲ་བོའི་རྫས་བླངས་ལ།། ཨེ་ཀ་ཙ་ཏིས་མཛེ་ནད་བཏང་།། ་ཏྲག་ར་ཀ་ཤ་ཁ་འདར་སོ་ཆུམ་སོ་ཆུམ་ན་གར་ཙ་མག་མུག་སྔོ་བམ་རི་ལི་ལི། བཾ་རི་ལི་ལི། དགྲ་བོ་མ་ར་ཡ་ཛ། དེ་བཞིན་དྲག་པོའི་རྫས་བླངས་ལ།། རེ་མ་ཏི་ཡི་ནད་ངན་དབབ།། མྱོགས་མྱོགས་ཤིག་ཤིག། ཙ་ཏ་བཾ ་མྱོགས། མུག་སྟོ་རི་རྒྱོབ། ཙིཏྟ་བཾ་ཕྱུང་། ཆད་ཤིག་ཐུམ་ཤིག་ལོང་ལོང་བྲུཾ་ལོང་། ཡེ་ར་ཡེ་ར། མེ་ར་ཡེ་ར་མེ་ར་ཡེ་ར་སོད། ཏུ་རུ་ཤི་ཏི་ཀྲི་མ་དུ་སོད་སོད་སྲོག་ཐུམ་མུག་སོད། མ་རཀ་དུ་རྦད་ཡ་སོད། ཁ་རུག་ཤ་ཤ་མ ་སོད། སྲོག་ཐུམ་ནི་རྦད་སོད། ནི་ནཱི་ཡཱ་ཙ་ཐུན་སོད། གང་འགྲུབ་རྟགས་དང་སྦྱར་ཏེ་བསད།། དེ་ནས་ཐུན་དང་འཁོར་ལོ་སྟེ།། མཆོད་རྟེན་བུམ་པར་བཙལ་བར་བྱ།། ཆུ་མིག་ནང་མནན་སྤང་ཡང་གཟུགས།། ཡབ་ཡུམ ་འོག་གི་གཟུགས་མིང་ལ།། རང་རང་ཕུར་པ་སྔགས་ཀྱིས་བསད།། དཀྱིལ་འཁོར་འབྲུབ་ཁུང་ནང་དུ་མནན།། སྙིང་ལ་བརྡེག་བྱ་གཏོར་མ་བཏང་།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་དབབ ་པ་མ་མོའི་ཟླ་གསང་སྐབས་ཏེ་ཞེ་དྲུག་པའོ།། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ།། མ་མོ་སྟོང་གི་ལས་མཁན་མ།། ནག་མོ་མི་འཕན་སྲིད་གསུམ་མགོན།། དཔལ ་།། ལྡན་ནག་མོ་རེ་མ་ཏི།། ནད་བདག་མ་མོའི་ཟླ་གསང་གསུང་།། དང་པོ་མཆོད་དང་སྡིག་བཤགས་སོགས།། རིམ་པ་ཇི་བཞིན་སྟོང་མཐར་བསྒོམ།། འབྱུང་བ་རིམས་ལྔའི་གཞལ་ཡས་བསྐྱེད།། སེམས་ཀྱི ་རང་བཞིན་གཤེད་པོ་སྟེ།། སྙིང་ལས་འཕྲོས་པས་སྤྱན་དྲངས་ཏེ།། སྦྱར་རྩ་བཏང་པས་གཏོར་མ་རླབས།། སྲོག་གི་སྙིང་པོ་དབུལ་བར་བྱ།། རཀྟ་རྒྱ་མཚོ་དེ་ཡི་རླབས།། བར་དུ་བསྐུལ་ཚིག་གང་རུང་བསྐུལ།། དེ་ནས ་བསྒྲུབ་པར་བྱ་བ་ནི།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ་དམར་པོ་གསུམ་གྱིས་བསྐོར།། གྲུ་ཆད་པར་ཁྱམས་སྒོ་བཞིར་ལྡན།། ཤིན་ཏུ་དྲག་པོའི་སྣོད་ནང་དུ།། ཙིཏྟ་དང་ནི་རཀྟ་དང་།། བཙན་དུག ་རྣམས་ནི་བླུག་པར་བྱ།། ནལ་བུའི་ཤ་དང་ཤེས་རབ་མཚལ།། ནལ་བུའི་བྷན་དྷའི་ནང་དུ་བླུག། ནལ་བུའི་སྙིང་ལ་རྟག་ཏུ་བོད།། བྱ་ནག་ལུག་ནག་རྟེན་དུ་བཅའ།། ནལ་བུའི་གསོབ་ལ་རྨ་བྱའི་མདངས།། དར་ནག ་འཕུར་ལྕེ་རྟག་སྟེ་གསུངས།། གཏོར་མ་སྤྱན་གཟིགས་ལྡན་པས་བསྐང་།། འབོད་པ་རྦད་པ་བསད་པའི་སྔགས།། ཉུངས་དཀར་ཉུངས་ནག་རྫས་རྣམས་ལ།། བདུན་འབུམ་གྲངས་ནི་ཚང་གྱུར་ན།། རིམས་ནད་སྣ ་ཚོགས་ཆར་བཞིན་འབེབས།། ལྷ་མོ་སྲོག་གི་ཡང་སྙིང་འདི།། སྙིང་ནས་འདྲེན་པའི་མཆོག་ཡིན་ནོ།། མཱ་མ་ཏྲག་རགྣ་སྙིང་ཁྲག་ཙིཏྟ་སྲོག་དུང་དུང་ཛ་ཛ་ཧཱུཾ། མ་མོ་རྦད་པའི་རྒྱུ་ཏིག་ནི།། སྙིང་ནས་འདྲེན་པའི་མཆོག་ཡིན ་ནོ།། མ་མ་རཀྟ་ཐུམ་ལིང་སྙིང་རྩ་སྲོག་སྲིག་སྲིག། ཤམ་ཤན་ཁྱེར་བྷྱོ། སྙིང་ཁྲག་རྩ་སྲོག་བྲེང་བྲེང་རྦད་རྦད་ཨོ་ཛ་ལ་ཛ་ལ་ཧཱུཾ་ཕཊ། མ་སྲོག་ཏུག་ཏུག་ཁྲག་ལ་སྙིང་དྲུད་མ་སྲོག་ཐུན་སྙིང་ལ་མ་བྷྱོ། མཱ་རཱ་ཡ་ཕཊ། ཁ ་ཐུན་ནི་ཛ་ཛཱ། མ་མོ་གསང་ཏིག་ནག་པོ་འདི།། རིམས་ནད་ཁྲག་སྐྱུག་ནད་ཀྱི་གསོད།། མཱ་མཱ་ཏྲང་གི་སྙིང་ཁྲག་གི་ཐུན་རྦད། ཐང་མ་ལེ་ཐང་མུ་ལེ་ཆེ་གེ་མོའི་ཙིཏྟ་རྦད་རྦད། ཙ་ཐང་ཙ་ཐང་ཆེ་གེ་མོའི་ཙི་ཏ་རྦད་རྦད། མུ ་སྣ་མུཾ་སྣི་ཆེ་གེ་མོའི་ཙིཏྟ་ནན་ནན། རཀྵོ་ནི་རཀྵོ་ནི། ཁ་ལོ་ཙི་ཏ་རྦད། དུག་སྣི་དུག་སྣི་ཁ་ལོ་ཙིཏྟ་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙི་ཏི་རྩིའི་རྦད་རྦད། ནརི་སྟི་ནརི་སྟི། ཙི་ཏྲ་མུགས་མུགས་ཐུམ་ཐུམ། སུབ་སུ་བ། སྟི་སྟ ་རྦད་རྦད། ཁ་འདར་ཡེང་ཡེང་། བྲུཾ་བྲུཾ། རྦད་རྦད། སེ་ཁ་ལོ་ཁུ་ཁ་ལོ་རྦད་རྦད་སྭཱ་ཧཱ། བདག་ཉིད་གཤིན་རྗེ་གཤེད་པོར་རབ་བསྒོམས་ཏེ།། བདག་ཉིད་གཤེད་པོའི་ཐུགས་ལས་མ་འཕྲོས་ཏེ།། ཡི་གེ་མཐིང་ནག་མ་ཡིས ་སྟོང་གསུམ་གང་།། ཕར་འཕྲོས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ།། སླར་འདུས་སེམས་དཔའི་མ་ལ་ཐིམ་པར་བྱས།། དེ་འཕྲོས་མ་འདལ་མ་ལ་ལྷན་གྱིས་བབས།། ཡིག་འབྲུ་གསུམ་གྱིས་དབང་བསྐུར་བྱིན ་བརླབས་ནས།། མ་ལས་ལྷ་མོ་ཉིད་ཀྱི་སྐུར་གྱུར་ཏེ།། སྐུ་མདོག་ནག་མོ་ཤིན་ཏུ་གཏུམ་པ་ལ།། ཤིན་ཏུ་སྒེག་པ་ཞལ་གཅིག་ཕྱག་བཞི་ལ།། རལ་གྲི་བྷན་དྷ་དམར་སྐྱིལ་གཡས་རིམས་བཞིན།། ཤག་ཏི་ཏྲི་ཤུལ་མགུལ་ན ་། དར་དཔྱངས་གཡོན།། རལ་པ་གཅིག་ཏུ་བསྒྲེང་བའི་ལན་བུ་གཡོན་དུ་འཁྱིལ།། སྐུ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན།། རྣ་ལྟག་མེ་ཏོག་དར་ནག་ཅོད་པ་ཎ་འཕུར།། སྙན་གཡས་སྦྲུལ་གྱི་གདེང་ཀ་ཡོད ་པ་ལ།། མགུལ་ནས་སིལ་སྙན་ཁྲོལ་བ་ལ།། སྙན་གཡོན་པ་ནས་སེང་གེ་འཕྱོ་བ། ཐོད་པ་སྐམ་རློན་གྱི་དོ་ཤལ་བྱས་པ། བོང་བུ་ག་མ་ལ་ཞོན་པ། གཞན་རང་ཆེ་བའི་སྟོན་གདུག་པའི་བརྒྱད་སྟོང་གིས་བརྒྱན་པ་གསལ ་བར་བསྒོམ།། ཏིང་འཛིན་སེམས་དཔའ་ཧཱུཾ་ལས་འོད་ཟེར་ནི།། ལྕགས་ཀྱུ་འབར་བའི་འོད་ཟེར་བར་འཕྲོས་ཏེ།། བདག་ཉིད་ཆེན་པོའི་སྲོག་ནས་རབ་བསྐུལ་ཏེ།། སྲིད་པའི་མ་མོ་སྟོང་གསུམ་ཁེངས་པར་བྱ།། གཤིན་རྗེ ་ཚོགས་ཀྱིས་ཀྱང་ནི་དེ་བཞིན་ཏེ།། སྲོག་ལ་རྔམ་པ་ཀུན་གྱིས་བསྐོར་བར་བསམ།། དེ་ལྟ་བུ་ནི་ཡང་དང་ཡང་དུ་སྟེ།། ཇི་སྲིད་ཐིབ་ཐིབ་ཡིད་ལ་ཆོ་འཕྲུལ་བྱུང་།། དེ་ལྟ་བུ་ཡི་བར་དུ་བསྒོམ་པར་བྱ།། ཡེངས་པར་གྱུར་ན ་གཅིག་ཀྱང་མི་འགྲུབ་སྟེ།། གཙོ་མོ་ལ་སོགས་སྲིད་པའི་མ་མོ་ཡིས།། གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ།། སྒྲ་སྒྲོག་མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ།། གན་བུབ་རྡུལ་ཅིང་ཁ་ནས་ཁྲག་སྐྱུག་འབྱུང་།། ཅི་མཛད ་འོན་ཟོང་ཟེར་ཞིང་དབུགས་དང་བྲལ་ལ་ཁང། ཐུན་གྱི་ནང་དུ་རབ་ཏུ་འཇུག་པར་དམིགས།། དེ་ལྟར་བསྒོམས་ལ་གཤེད་པོས་དབང་དུ་བསྡུས།། མཉེས་པའི་ཚུལ་གྱིས་བསྟོད་པ་འདི་སྐད་དབུལ།། དཔལ་ལྡན ་ནག་མོ་མི་ཕམ་སྲིད་གསུམ་མགོན།། བདག་དོན་བསྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང་།། སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡིས།། ཤེས་རབ་རྣམ་གསུམ་དག་གིས་འགྲོ་དོན་མཛད།། ལྷ་མོ་སྐུ་མདོག་ནག་མོ ་ཆར་སྤྲིན་མདོག། མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་སྐུ།། ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་འཆང་མ།། ཞལ་གཅིག་ཕྱག་བཞི་ཞབས་གཉིས་རབ་ཏུ་བརྗིད།། རལ་པ་གཅིག་བསྒྲེང་ལན་བུ་གཡོན་དུ་འཁྱིལ།། སྐྲ ་ཕྱེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན།། རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། ཁྲག་དང་ཆང་གི་ར་རོ་སྤྱན་རྩ་དམར།། མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི།། རྣམ་པར་གཅིག་ནས་ཤིན་ཏུ་ཁྲག་ལ་དགྱེས།། ་སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་།། གདུག་པ་བརྟུལ་ནས་ཚང་པའི་སྒྲ་སྒྲོག་མ།། སྙན་ཆ་གཡོན་པ་སེང་གེ་རལ་པ་དམར།། དཔའ་བོ་ཁམས་གསུམ་སེང་གེ་སྒྲ་སྒྲོག་མ།། ཕྱག་བཞི་གཡས་ཀྱི་དང་པོ ་རལ་གྲི་བསྣམས།། འོག་མ་ཐོད་པ་བྷན་དྷ་དམར་བསྒྲིལ་ཞིང་།། གཡོན་གྱི་དང་པོ་མཚོན་ཆ་རལ་གྲི་བསྣམས།། འོག་མ་ཏྲི་ཤུལ་མགུལ་ནས་དར་དཔྱངས་འཕྱར།། ཤཀྟི་རལ་གྲི་མཚོན་ཆས་བཅད་པ་ཡི།། ལྷ་མ་ཡིན ་སོགས་ཐོད་པས་དོ་ཤལ་བྱས།། གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོག་མཛེས།། སྨད་ན་བ་གླང་ཀོ་བས་དཀྲིས་པ།། ཕྱི་ནི་རེ་ལྡེ་སེར་པོའི་ཤམ་བུ་ཅན།། ཀླུ་ཡི་དབང་པོ་བཞི་ཡི་སྐེད་ཆིངས་ཅན།། ཞབས་གཉིས་ལྕགས ་སྒྲོག་དག་གིས་མཛེས་པར་བརྒྱན། ཁྲག་ཞག་དག་གི་ཐིག་ལེ་མང་པོའི་ཚོམ་བུར་བྲིས།། བོང་བུ་གཞོན་མཚན་མོ་དུར་ཁྲོད་རྒྱུག། བོང་བུའི་རྨིག་པ་གློག་གི་ཤུགས་འཆང་མ། ཁམས་གསུམ་སྐད་ཅིག་དག ་གིས་འཁོར་བར་བྱེད།། སྐད་ནི་འབྲུག་དང་དུང་གི་སྒྲ་སྒྲོག་ཞིང་།། མ་མོ་མཁའ་འགྲོ་ཤ་ཟན་དམ་ལ་བསྡུད།། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་རྟག་ཏུ་གནས།། དམ་པའི་ས་ནས་གཟུགས་སྐུ་གཉིས་གཟིགས་སམ།། ་ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན།། ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ།། གཞན་འཕྲུལ་དབང་བྱེད་གནས་སུ་བྱོན་པའི་ཚེ།། དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ།། སུམ་ཅུ་རྩ ་གསུམ་མཚམས་བཞིན་བྱོན་པའི་ཚེ།། ལྷ་རྣམས་དབང་ཕྱུག་བརྒྱ་སྦྱིན་ཕྱག་བྱས་མ།། ལྷ་མ་ཡིན་རྣམས་ཕུང་བར་བྱས་པའི་ཚེ།། ལྷ་མིན་རྒྱལ་པོ་ཀུན་གྱིས་ཕྱག་བྱས་མ།། སྐུ་མཆོག་རི་རབ་ཆེ་ལ་འགྲན་པའི་ཚེ།། ལྟེ། ་བའི་ཐད་ཀའི་ཕྱོགས་ནས་ཉི་ཟླ་འཆར།། རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཡིས་ཕྱག་བྱས་མ།། རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་ནུས།། ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ།། ལྷ་མོ་ཁྱོད་ཀྱིས་ཆོ་འཕྲུལ་འདི ་བསྟན་པས།། བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད།། མ་མོ་མཁའ་འགྲོ་ཤ་ཟན་རྔམ་ཞིང་རྒོད།། ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས།། ཉི་ཟླ་བརྩིགས་པའི་དཀྱིལ་འཁོར་ག་བུར་འབར།། ཕྱོགས ་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས།། ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ།། དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི།། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཁོང་ནས་སློང་།། དེ་ཕྱིར་ནད་ཀྱི་བདག ་མོ་དམ་ལ་འདུད།། ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བདུད་བསྡུས་ནས།། ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ།། བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་ཀུན་གྱི།། བཞི་བརྒྱ་རྩ་བཞིའི་ནད་ནི་རྩད ་ནས་གཅོད།། བདུད་རྩི་སྨན་གྱི་རྒྱལ་མོའི་དམ་ལ་འདུད།། གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས།། དེ་ཕྱིར་ནད་ཀྱི་བདག་མོ་སྨན་གྱི་གཙོ།། ལྷ་མོ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད།། རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔ ་རུ།། དུས་འདིར་བདག་གིས་འཁོར་བ་ཇི་སྲིད་བར།། དཀར་པོ་ཕྱོགས་ཀྱིས་ནད་དང་སྡུག་བསྔལ་སོགས།། ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་སྡུད།། ནག་པོའི་ཕྱོགས་ནི་འགུགས་དང་དབང་དུ་སྡུད།། སྨྱོ་འབོག ་ལྐུགས་པའི་ལས་འདི་མ་ཅིག་མྱུར་དུ་གྱིས།། བསྟན་པ་བསྲུང་ཕྱིར་མྱུར་དུ་འགྲུབ་པར་གྱིས།། འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས།། དུས་གསུམ་རྒྱལ་བས་སྙིང་དང་མགོ་འགེམས་ཤོག། དེ་སྐད་རྒྱལ ་བའི་སྤྱན་སྔར་ཁས་བླངས་པའི།། དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་གྱིས།། རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། ཁྱོད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ།། འདོད་ཆགས་སྡུག་བསྔལ་ཚོགས ་རྣམས་ཞི་བར་མཛོད།། ཚེ་དང་ལོངས་སྤྱོད་བསོད་ནམས་འཕེལ་བར་མཛོད།། ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་།། རིན་ཆེན་རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད།། བླ་མ་དམོད་ཅིང་དཀོན ་མཆོག་དབུ་འཕངས་དམོད།། བདག་ལ་དགེ་བའི་བར་ཆད་བྱེད་པའི་དགྲ་ཁྱོད་ཀྱི་འཁོར་ནས་གདུག་པའི་རླུང་བུས་ལ།། འདུ་བ་རྣམ་བཞིའི་ནད་ནི་འདུ་རུ་ཆུག། བག་བཞི་ས་ལ་ལྷུང་ནས་སྡེབ་ཏུ་ཆུག། ལས་ངན ་འཁོར་བཅས་ཆོ་ངེ་བརྡུང་དུ་ཆུག། དོན་སྙིང་སྨད་ལྔ་ཁོག་ནས་ཁྲག་སྐྱུག་འབྱུང་།། མཁའ་ལྡིང་རྒྱལ་པོ་ཚོགས་ཀྱི་ལྟས་ངན་ཕོབ།། དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་མཛོད།། ཅེས་བསྟོད་ཅིང་འཕྲིན་ལས་བཅོམ ་གྱུར་ན། གང་འདོད་རིམས་ནད་ཕྱོགས་སུ་འབེབས། མ་སྲོག་བསྡུས་ཏེ་བསང་བར་བྱའོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཡམས་ཀྱི་བདག་མོ་མ་མོ་ཟླ་གསང་སྐབས་ཏེ་ཞེ་བདུན་པའོ།། །། དེ་ནས་ཡང ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། འགལ་བ་ཆམ་ལ་དབབ་འདོད་ཕྱིར།། ནད་ངན་སྣ་ཚོགས་དབབ་པ་ལ།། མ་མོ་གསང་སྒྲུབ་ཟླ་གསང་གསུངས།། ཟླ་གསང་ནག་པོའི་རྒྱུད་དག ་ལས།། ཐབས་ཀྱི་སྦྱོར་བ་མང་མོད་ཀྱང་།། དུག་ཁྲག་ལ་སོགས་རྫས་རྣམས་ལ།། རེ་མ་ཏི་ཡི་ཐུན་གྱིས་དབབ།། བབས་ཀྱི་སྦྱོར་བ་མང་མོད་ཀྱང་།། བསྡུ་ན་རྣམ་པ་བཞི་རུ་འདུས།། བླ་མེད་སྦུབས་མཐུ་རང་བྱུང་སྟེ།། ་འཇིག་རྟེན་སྒྲུབ་པ་དོན་གྱི་མཐུ།། རྟེན་འབྲེལ་སྒྱུ་མའི་སྦྱོར་བ་ནི།། རྫས་ཀྱི་ནུས་པ་དག་ལས་འབྱུང་།། གདོན་དང་རྫས་སུ་བཅས་པ་ལས།། རྣམ་གྲོལ་མ་ངེས་ཁྱད་པར་ཅན།། རྣམ་པ་གཉིས་ན་གསལ་བྱས་ཏེ།། རྫས ་དང་དོན་དུ་བཅས་པ་བསྟན།། མྱུར་དུ་བསད་པའི་སྦྱོར་བ་ནི།། གང་ཡང་འདི་ལས་ཡོད་མ་ཡིན།། མ་མོ་ནག་སྤུག་དཀར་མོ་དང་།། དམར་མོ་ཚོགས་ཀྱི་ནང་དག་ནས།། རིམས་ནད་གཏོང་བ་མང་ཡོད་ཀྱང་།། ཀུན་གྱི ་ཕྱག་བརྙན་རེ་མ་ཏི།། འདི་དག་བསྒྲུབས་ཏེ་ནད་སྦྱར་ན།། རིམས་ནད་གང་གཏོང་སྟོང་གསུམ་འགེངས།། འདི་ཡི་ལས་ནི་འདི་ལྟར་བྱ།། རྒྱུ་གཟེར་དག་གིས་ཤི་བའི་ཁྲག། བཙན་དུག་ཐར་ནུ་བསྲེས་ནས་ཀྱང་།། བ ་། ཞོ་དག་དང་སྦྱར་བར་བྱ།། སྔགས་འདི་བཏབ་སྟེ་ལྷོར་ཡང་བཏང་།། ཏུ་རུ་ཤི་རི་ཀྲི་མ་དུ་སོད། སྲོག་ཐུགས་མུག་སོད། མ་རཀ་ཏུ་རྦད་ཡ་སོད། ཁ་རུ་ག་ཤ་ཤ་མ་སོད། སྲོག་ཐུམས་ནི་རྦད་སོད། ནི་ཡ་ཙ་ཐུན་སོད། ཤ ་རྒྱུད། སྙིང་ཕྱུང་། སྙིང་རྒྱུད་སྲོག་ཆོད། སྲོག་ཟུན་དབུགས་ལོང་། མ་མ་བྲུཾ་བྲུཾ་སོད་སོད། ཅེས་འབུམ་འབུམ་བཟླས་ཏེ་གཏོར་མ་བཏང་ན། རྒྱུ་གཟེར་ཁྲག་ཏུ་བཤས་ཏེ་འཆི། དེ་ནས་ཡང་བསེ་ཞོ་དང་བཙན་དུག་དག་ལ ་སྔགས་འདི་བཟླས། རུ་རུ་ཏི་སྟ་རྦད་ཡ། ལུས་ལ་རེག་པའི་གོས་ལ་བྱུགས་ན། ལྷོག་པ་དཀར་པོས་འཆི་བར་འགྱུར་རོ།། དེ་ནས་བསེ་ཞོ་བྱང་པ་ཚྭ་འཚོང་བཙན་དུག་འཛེ་ཁྲག་དང་།། འཛེའི་ཤུ་བ་ཀུན་སྦྱར་ལ། མར ་། དང་དྲི་མ་བསྲེས་ཏེ། ད་རུ་མཱ་མཱ་ཤ་ཁྲག་རུ་ཤ། མ་མ་བཾ་གྲོལ། དུ་ཏྲི་མ་མ་སྙིང་ཕྱུང་། སྭ་མཱ་ཡཱ་མ་མ་མ་སྲོག་ཆོད། དུ་ཤག་དུ་ཡ་མ་མ་མ་ཏི་རུ་མ་དུ་ཡ་ཤ་ཤ་མཱ་མཱ་རྦད་རྩ་ཡ་ཡ། ནརི་ནརི་བྷྱོ་བྷྱོ་སོད་སོད། མ ་རུ་ཡ་མ་ར་ཡ། ཚལ་པ་རྦད། ཡེད་ཡེད་ཤ་བྲུཾ་ཤ་བྲུཾ་རྦད། ཙ་དུར་ཙ་དུར་རྦད། ཤ་བྲུཾ་ཡ་མ་བྷྱོ། ཤ་ཤ་ཙི་ཐུན་མ་ཡ་བྷྱོ། ཅེས་ཁྲིའམ་འབུམ་བཟླས་ཏེ། ཤ་ལ་རེག་པའི་གོས་ལ་བསྐུས་ན། མཛེ་དང་ཕོལ་འབྲས་ཀྱིས ་འཆི་བར་འགྱུར། མཛེ་ཁྲག་དང་ཆང་དུ་སྦྱར་ནས་ལྟོ་རུ་བཏང་ན། སྙིང་ལ་བབས་ཏེ་རུས་མཛེ་དང་མཛེ་ནད་འཁོར་བས་འཆི་བར་འགྱུར་རོ།། དེ་ནས་བདུག་རྫས་དང་རིམས་ཁྲག་སྣ་ཚོགས་སྦྱར་ནས། གོང་གི་སྔགས ་རྣམས་དྲུག་ཏུ་བཟླས་ཏེ། ཡུལ་ཁམས་ཀྱི་ལྷ་རྟེན་ནི། ཆུ་མིག་ཀླུ་ཡོད་བཙན་ཡོད་ངེས་པ་འམ། བྲག་ཀླུ་བཙན་ཡོད་ངེས་པར་གཏོར་ན། རིམས་སྣ་ཚོགས་ན་བུན་བཞིན་དུ་འཐིབས་ཏེ་འོང་བ་དང་། ཐོག་སེར་འོང་བ ་དང་། སེར་བ་ཁྲག་ཏུ་འོང་བར་འགྱུར། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་སྣ་ཚོགས་གཏོང་བ་མ་མོའི་ཟླ་གསང་སྐབས་ཏེ་ཞེ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད ་པོས།། འགལ་བ་ཆམ་ལ་དབབ་པའི་ཕྱིར།། སྨྱོ་འབོག་དག་གི་ཟླ་གསང་གསུངས།། དབང་དང་དམ་ཚིག་ལྡན་པ་ཡིས།། བླ་མ་མཉེས་པའི་རིམ་གྲོ་བྱ།། ལྟ་བས་ཡངས་ཤིང་སྤྱོད་ལམ་གོམས།། སློབ་དཔོན་མཉེས ་པའི་ཐུགས་བཟུངས་ནས།། བདག་ཐུགས་ལ་ཕྱུང་ཏེ་སྒྲུབ་པས།། རི་གསུམ་རྩེ་འམ་བྲག་དཀར་དུ།། ལྷ་ཁང་དུར་ཁྲོད་སྤྲེའུ་རུ།། ཡང་ན་ཕུང་ཁང་ཤར་བལྟས་སུ།། རྩ་ན་བྲག་ཡོད་རྩི་ཤིང་སྐྱེས།། ཤར་དུ་བལྟས་ན ་། ཟུར་གསུམ་འདྲ།། རྒྱབ་རིམ་ཆད་སེང་གེ་དཔུངས།། དེ་རུ་གནས་བཙལ་ས་ཆོ་ག་བྱ།། ས་བདག་ལྷ་ཀླུ་ཞི་བའི་ཕྱིར།། གསེར་སྐྱེམས་བཏང་ལ་བདེན་པ་བརྡར།། འདི་སྐད་བརྗོད་ལ་བསྒོམ་པར་བྱ།། བདག་མིང ་འདི་ཞེས་རྣལ་འབྱོར་པ།། ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ།། སྲོག་བདག་དཀར་པོ་སྙིང་འབྱིན་ཞེས་བྱ་བ།། རྣལ་འབྱོར་རྣམས་ཀྱི་དགྲ་ལྷ་མཆོག། རིག་འཛིན་སྲོག་ཤིང་འདི་བསྒྲུབ་པས།། ཡུལ་ཕྱོགས་འདི་རུ ་གནས་པ་ཡི།། དེ་བཞིན་ས་བདག་ལྷ་ཀླུ་རྣམས།། དེ་བཞིན་གཞན་དུ་འཕོ་བར་གྱིས།། ས་གཞི་འདི་ཡང་བཀྲ་ཤིས་བརྗོད།། མ་ཉེས་དཔངས་བཙུགས་ཡུལ་ལྷ་གསོལ།། དེ་ནས་སྟེགས་བུ་བརྩིགས་པ་ཡང་།། དྲ་ཕྱིང ་རས་སམ་དར་བཏིང་ལ།། ནས་འབྲས་འབྲུ་ཡི་བཅལ་ཡང་བཀྲམ།། ག་ཕུར་ཛ་ཏི་ཕ་ལ་དང་།། རྒྱ་སྤོས་ལ་སོགས་དྲི་སྤོས་དགྲམ།། ཡོལ་བ་བླ་བྲེས་ཕན་གདུགས་བྲི།། སྲོག་བདག་དཀར་པོ་སྙིང་འབྱིན་ནི།། རས་ལ ་བྲིས་སམ་ལུགས་སྐུ་གཅིག། ཤར་ནས་ནུབ་ཏུ་གཟིགས་པ་གདགས།། འབྲས་ལ་སོགས་པའི་བཤོས་ཆ་ལ།། ལྷ་བཤོས་རི་རབ་ཚུལ་འདྲ་བྱ།། དེ་ཡི་ཕྱོགས་བཞི་མར་ཁུས་བྱུག། དབུས་སུ་སྐྲག་མ་ཚིག་གསུམ་ལ།། བྱ ་རྒོད་ལྡེམ་ཐོད་ཟ་འོག་དང་།། བསེ་དང་གསེ་དང་བྱ་རུ་དང་།། ལྤགས་བླུད་དཀར་པོས་བརྒྱན་པ་གཟུགས།། གཞན་ཡང་ཤ་རྒོད་ཉ་རྒོད་དང་།། ཐུན་ཕྲོམ་ལ་སོགས་སྤྱན་གཟིགས་ཀྱི།། དེ་བཞིན་ཐ་མ ་བསྐོར་ཏེ་དགྲམ།། སྤོས་དང་མེ་ཏོག་མར་མེ་དང་།། རྔ་གླིང་པི་ཝང་དུང་ལ་སོགས།། སྐུ་གཟུགས་དེ་ཡི་ཐ་མར་དགྲམ།། ཙན་དན་དཀར་པོའི་ཆུ་ལ་སོགས།། དུང་ཕོར་འཁར་ཕོར་བཀང་བ་གཉིས།། སྐུ་གཟུགས་དེ ་ཡི་ཐ་མར་དགྲམ།། ཉུང་ཀར་ཉུང་ནག་སྐེ་ཚེ་ཡང་།། དྲག་པོ་སྔགས་ཀྱི་མཚོན་དུ་བཞག། གཞན་ཡང་སྒོ་ང་སྣ་ཚོགས་དང་།། འཁུར་བའི་རྣམ་གྲངས་མང་པོ་ཡང་།། སྒོག་པ་སྨན་དང་དྲི་སྤོས་རྣམས།། བྲིས་སྐུ་དེ་ཡི་ཐོ ་ཕྱིར་དགྲམ།། གཤིན་རྗེ་གཤེད་པོའི་སྐུ་བསྒོམ་ལ།། སྙིང་པོ་བརྒྱ་དང་རྩ་བརྒྱད་བརྗོད།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཀ་ལ་རུ་པ་ཧཱུཾ་ཕཊ། ཨོཾ་ཧྲིཿཥྚི་བི་ཀྲི་ཏ་ན་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། བདག་ལ ་བྱིན་བརླབས་ལུས་བསྲུང་བྱ།། དེ་ནས་དབང་དུ་བསྡུ་བ་དང་།། རྒྱལ་པོ་བཙུན་པའི་ལས་ཀྱང་བྱའོ།། སྤྱན་དྲངས་ཕྱག་བཙལ་བཞུགས་སུ་གསོལ།། ཕྱག་འཚལ་གསོལ་དང་གདན་སྐྱེམས་དྲངས།། མཆོད་པ་དབུལ ་ཞིང་བསྟོད་པ་བྱ།། འཛབ་བཟླས་དམ་ཚིག་དྲག་ཏུ་བསྲེ།། རྒྱལ་པོའི་སྲོག་སྙིང་འདི་སྐད་བརྗོད།། ཨོཾ་ཤྲི་མཉྫུ་ཡ་མ་ར་ཙཱ་མཱ་མཱ་ཨེ་ཀ་ཛ་ཏི་ནརི་ཛ་ཛ། ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། ཅེས་ནི་ཁྲི་འབུམ་གྲངས་བསྙེན་བྱ།། ་རྫས་ཀྱིས་མཆོད་ཅིང་རྟག་ཏུ་བཟླས།། གྲུབ་ནས་སྔགས་འདི་རབ་ཏུ་རྦད།། ཧ་མི་ཧུ་མི་བམ་རིལ་ནི་ཛ། ལ་ལི་པྲ་མ་ནི། རི་རྩེ་ཐལ་བ་ནི། ཀྲོ་ཏི་ཀོ་ལ་ཡ། ཀྲོ་ཏི་ཀོ་ལ་ཤ་ཨོཾ་ཏྲི་ཀཾ་ཤང་ཏི། མུ་ཏྲི་རེའུ་ཏྲི་ཏྲི་རཾ་ཏྲ། ཧཾ་ཤ ་ག་ཧཾ་དུ། ཆེ་གེ་མོ་ཙིཏྟ་མ་ཛ། དེ་བཞིན་རྒྱལ་པོ་དྲག་ཏུ་རྦད།། གལ་ཏེ་ལས་བྱེད་མ་བཏུབ་ན།། རྒྱལ་པོ་ཤི་ས་འདི་ལ་བསྟན།། མ་ར་ན་པྲ་མ་ཙ་ཙི་ཏ་པ་ལི་ཨ་ལི་ས་མ་ཡ། སྭ་མཱ་ཡ། སྭ་མཱ་ཡཱ། ཨཾ་ཀུ་ཤ་ཛ་ཛ། ཕྱག་རྒྱ ་བཞི་ཡིས་གཟུགས་བཅིངས་ཏེ།། སྔགས་འདི་བརྒྱ་དང་རྩ་བརྒྱད་བརྗོད།། རྒྱལ་པོ་རང་ལ་དབང་མེད་པར།། རྡུལ་ནག་ཁྲག་ཏུ་འཛག་ཅིང་འོང་།། དེ་བཞིན་བསད་པའི་ལས་ཐབས་ཀྱང་།། སྨྱོ་འབོག་ཤི་བའི་ལྡན ་ཕོར་དུ།། དེ་ཉིད་རང་གི་སྙིང་ཁྲག་དང་།། དུག་སྣ་དགུ་དང་དམེ་ཁྲག་སྦྱར།། བརྣག་པའི་མིང་རུས་བྲིས་ཏེ་གཞུག། དུར་ཁྲོད་རོ་རས་རྙིང་པ་ལ།། གསད་པའི་འཁོར་ལོ་བྱ་བར་གསུང་།། དང་པོ་ཉི་མ་བཞི་པའི ་སྔགས།། ཕྱི་རིམ་རྒྱལ་པོའི་དྲག་སྔགས་བྲི།། ཡང་རིམ་ཀླུ་ཡི་དྲག་སྔགས་བྲི།། ཐོད་པའི་དྲིལ་བུ་རྒྱ་གྲམ་བཅིངས།། ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ།། སྐབས་སུ་གིང་ཆེན་བཅོ་བརྒྱད་རྦད།། ཉི་མ་བཞི་པའི་ལས་ཀྱང ་བྱ།། ཨོཾ་མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། དགྲ་བོའི་སྲོག་ལ་ཐིབས།། མི་མ་ཡ་རན་ཐུན་པར་དང་།། དགྲ་བོའི་སྙིང་ཁྲག་ཚལ་པ་དུམ།། དགྲ་བོ་བཀྲག་ལ་སེན་རླག་ཛ་རུ་ཐིབས། ཚུགས་དགྲ་བོ་ཁྲག་ཁ་འབིབས།། བྷི་བ་བྷི་བ ་དུན་ཛ། མང་པ་ཤ་ལ་ཛ། སྙིང་ཏ་སྙིང་ལ་ཐུན། རཀྟ་ཁྲག་ལ་བྷྱོ། ཐུན་བྷྱོ། རྨུགས་རྨུགས། ཉུངས་དཀར་ཉུངས་ནག་ཀེ་ཚེ་ལ།། དྲག་ཏུ་སྔགས་ལ་བརྡེག་པར་བྱ།། དཀར་པོ་གཅིག་གིས་ཐུགས་དམ ་བསྐང་།། རྟགས་ཀྱང་འདི་ལྟར་སྟོན་པར་ངེས།། ཉི་ཟླར་འཆར་དང་ལྡེར་སོ་འམ།། འབག་ཏུ་རྨིས་ན་ཐ་མར་བཤད།། བཙན་པོ་ཞང་བློན་དགེ་བཤེས་སམ།། དམག་དཔོན་རྨིས་ན་འབྲིང་དུ་བཤད།། རྒྱལ་པོ་ཉི ་ཉམས་སུ་སྟོན།། དེ་ལྟར་བྱུང་ན་རབ་ཏུ་བཤད།། བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་།། དམ་ཚིག་བསྲེ་ཞིང་ཕྲིན་ལས་བཅོལ།། དེ་ནས་འཁོར་ལོ་ཐོད་པར་བཅས།། ཤར་དུ་ཁ་བལྟས་ཆུ་མིག་སྔོར།། རྒྱལ་རིགས། ་སྦྱོར་བ་བྱས་གྱུར་ན།། སྨྱོ་འབོག་མཛེ་ནད་ལྷོག་པས་འཆི།། བུ་ན་འཕངས་ན་མཛེ་རིམས་འོང་།། མཁར་མཁར་རྨང་མནན་གནམ་ལྕགས་འབབ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་ཕྱི་ལྟར་བསྒྲུབ ་པའི་སྐབས་ཏེ་ཞེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས།། རྒྱལ་པོ་ནང་དུ་བསྒྲུབས་ཏེ་སྒྲོ་འབོག་བཏང་བ་འདི་གསུངས་སོ།། ཐོག་མར་བླ་མ་མཉེས་བྱས་ཏེ། སྒྲིབ་པ་སྦྱང་ཞིང ་དམ་ཚིག་བསྲུང་།། མཚན་ལྡན་དགོན་པའི་གནས་དག་ཏུ།། ལྟ་བ་རྒྱ་བསྐྱེད་འཇམ་དཔལ་བསྙེན།། ས་ལ་བརྙེས་པའི་རིམ་གྲོ་བྱ།། དཀྱིལ་འཁོར་བརྩིག་དང་ཆག་ཆག་གདབ།། དེ་ནས་དཀྱིལ་འཁོར་བྲི་བ་ནི།། ཐིག ་བཞི་བཏབ་པས་ལིང་ཚེ་དགུ། དབུས་ཀྱི་ལིང་ཚེ་དཀར་པོ་ལ།། ཤར་སེར་ལྷོ་སྔོ་ནུབ་དམར་བྱང་ལྡང་།། མཚམས་བཞི་སྤུག་ནག་སྒོ་དང་བཅས།། དབུས་སུ་གྲུ་གསུམ་རེ་རེ་བྲི།། དེ་ནས་ཙན་དན་དཀར་པོ་འམ།། ་རྒྱ་ཤུག་དཀར་པོའི་ཕུར་པ་དགུ། སྲོག་བདག་སྐུ་རུ་མངའ་གསོལ་ལ།། དར་དཀར་སྲོག་སྙིང་བྲིས་ཏེ་གདགས།། འདི་སྐད་བརྗོད་ལ་དགོད་པར་བྱའོ།། ཧཱུཾ། དབུས་ཕྱོགས་ཤེལ་གྱི་ཁང་པ་ནས། ཁམས་གསུམ་སྲོག་ལ ་མངའ་མཛད་པ།། སྲོག་བདག་རྒྱལ་པོ་རལ་པ་ཅན།། བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ།། བསམ་པ་སྒྲུབ་ཕྱིར་གཤེགས་ནས་ཀྱང་།། ཕོ་བྲང་དབུས་ཀྱི་ལིང་ཚེ་ལ།། དགྲ་བགེགས་བསྣོལ་བའི་གདན་སྟེང་དུ།། ་དགྱེས་ཤིང་བསྟན་པར་བཞུགས་སུ་གསོལ།། གིང་ཀ་ར་ས་མ་ཡ་ཏིཥྛ་ལྷན། ཞེས་དབུས་སུ་དགོད་དོ།། རྒྱལ་རིགས་སྲོག་ལ་མངའ་མཛད་པ།། སྲོག་གི་བདག་པོ་ཁུ་ལེ་ཤོད།། དཀྱིལ་འཁོར་ཤར་གྱི་ལེའུ་ཚེ་ལ།། ་དགྱེས་ཤིང་བསྟན་པར་བཞུགས་སུ་གསོལ།། བྲམ་ཟེའི་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཨཀྵེ་ཡང་།། ལྷོ་ཡི་དཀྱིལ་འཁོར་ལེའུ་ཚེ་ལ།། དགྱེས་ཤིང་བསྟན་པར་བཞུགས་སུ་གསོལ།། རྗེ་རིགས་སྲོག་ལ ་མངའ་མཛད་མ།། རྒྱལ་པོ་ཆེན་པོ་ཨུཀྐེ་ཡང་།། དེ་བཞིན་ནུབ་ཀྱི་ཕྱོགས་སུ་དགོད།། དམངས་རིགས་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་བྲམ་ཟེ་ཡང་།། དེ་བཞིན་བྱང་གི་ཕྱོགས་སུ་དགོད།། བུད་མེད་སྲོག་ལ ་། མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཤ་ཟ་ཡང་།། དཀྱིལ་འཁོར་ཤར་ལྷོའི་ལེའུ་ཚེར་དགོད།། བྱིས་པའི་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ད་ཁོད་ཀྱང་།། དཀྱིལ་འཁོར་ལྷོ་ནུབ་ལེའུ་ཚེར་དགོད།། ་མ་ནིང་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ནི་ཁྱོད་ཀྱང་།། ནུབ་བྱང་དཀྱིལ་འཁོར་ལེ་ཚེར་དགོད།། བྱོལ་སོང་སྲོག་ལ་མངའ་མཛད་པ།། རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་།། བྱང་ཤར་དཀྱིལ་འཁོར་ལིང་ཚེར ་དགོད།། དེ་ནས་མཆོག་གི་ཕུར་པ་བཞི།། ཉིན་བཞི་གིང་བཞི་མངའ་གསོལ་ལ།། རིགས་མཐུན་དར་གྱི་ཅོད་པན་གདགས།། ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདགས།། དར་སྐུད་སུམ་སྒྲིལ་མཐའ་མ་བསྐོར།། བླ་རྒྱན ་གོས་རྒྱན་ཅི་མང་དགྲམ།། དར་དཀར་གུར་ཕུབ་ཟ་འོག་གདན་ཡང་འདིང་།། དེ་ནས་དབུས་ཀྱི་སྲོག་དབབ་ལ།། གསང་ཕྱེ་བྲེ་གང་ལྷ་བཤོས་ལ།། རི་རབ་ཚུལ་འདྲ་ཞིག་བྱས་ལ།། དབུས་སུ་སྟུག་མ་ཚིགས་དགུ་ལ།། ་མཚལ་གྱི་མཁར་ཟབ་ཉ་མིགས་བྲིས།། རྩེ་ལ་བྱ་རྒོད་རྒྱལ་མཚན་དང་།། དར་དཀར་གདུགས་ཞིག་སྟེང་ནས་དབུབ།། དངུལ་གྱི་གསེར་ཁ་གཡག་རྔ་ཕོན།། ལྤགས་བུ་དཀར་པོའི་སྐུད་བུ་གདགས།། ཐ་མའི་ཚིག་ལ ་མིང་རུས་གདགས།། གཞན་ཡང་སྐྲག་མ་ཚིགས་གསུམ་བརྒྱད་པ་ལ།། མཚལ་དང་དུང་དང་ཟངས་དང་རིན་པོ་ཆེ།། བྱི་རུ་མགྲོན་བུ་གསེར་སེར་གདགས།། ཐ་མར་དགྲ་བོའི་མིང་རུས་གདག། ལྕང་མ་མཐོ་རེ་བ་བཞི ་ལ།། མཚལ་ལམ་རམ་གྱིས་གཡུང་དྲུང་བྲིས།། ཟོ་རེ་ར་ལྤགས་མིང་རུས་གདགས།། དེ་བཞིན་རྟགས་ལ་སྒོ་བཞིར་བཞག། གཞན་ཡང་ཕུར་དང་ཤ་དང་ཉ།། བུ་རམ་འབྲས་ཆེན་གཏོར་མ་ཡང་།། ཟ་འོག་དར་དང ་ལྤགས་པ་དཀར་དང་།། རིན་ཆེན་གསལ་ལ་ཕྱོགས་བཞིར་བཞག། གཅིག་ནི་དབུས་སུ་བཞག་པར་བྱ།། ཉ་ཕྱིས་དུང་ཕོར་མཁར་གཞོང་དུ།། གསེར་དང་ཆང་ཕུད་སྦྱར་བ་ལྔ།། ཕྱོགས་བཞི་དབུས་དང་ལྔ་རུ ་བཞག། གཅིག་ཏུ་མཚེ་དང་ཉུངས་དཀར་དང་།། ཆུ་ཕུད་གྲངས་ལ་ཆུ་མིག་ཆུ།། དེ་གསུམ་གཅིག་ཏུ་བསྲེས་ལ་བཞག། དྲག་སྔགས་རྒྱུན་དུ་བཟླས་པའི་ཕྱིར།། བདག་ཉིད་ཤར་བལྟས་སྔོན་དུ་བཞག། གཞན་ཡང་སྤོས ་དང་མེ་ཏོག་དང་།། མར་མེ་དྲི་ཆབ་རྔ་གླིང་དང་།། མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ།། ར་ལུག་དཀར་པོ་གང་ཡོད་ལ།། རྦ་དང་ཟེར་བ་དམར་པོ་བྱུག། སྐ་རུ་དར་དཀར་ཁུག་མ་རུ།། མཚེ་དང་ཉུངས་དཀར་ཀླུ ་སྨན་སྣ་ཚོགས་དང་།། དགྲ་ཡི་མིང་རུས་བཅུག་ལ་གདགས།། ནུབ་ཏུ་དར་ཕྱངས་དཀར་པོ་ལ།། འཕན་ལྕེ་སེར་པོ་བཏགས་པ་ཞིག། རྒྱལ་པོ་གཟུགས་བྲིས་གདུང་ལ་གདགས།། རྩེ་ལ་སྙིང་གཅིག་བཀལ་ལ ་གཟུགས།། གཤིན་རྗེ་གཤེད་པོར་གསལ་བསྒོམ་ལ།། སྔགས་བཟླས་བསྟོད་པ་མང་དུ་བྱ།། བེར་གྱོན་ཐོད་བཅིངས་རྔ་ཡང་བརྡུང་།། སྙན་གསན་དབབ་དང་སྤྱན་དྲངས་ལ།། ཕྱག་བཙལ་བཞུགས་དང་མཆོད་པ་དབུལ།། ་། བསྟོད་པ་ཕུལ་ལ་སྨོན་ལམ་གདབ།། ཐུགས་དམ་བསྐང་ཞིང་འཕྲིན་ལས་བཅོལ།། སྲོག་སྙིང་འདི་ནི་རྟག་ཏུ་དྲངས།། ཨོཾ་མ་ཏྲི་དུ་སྟ་བྱ་འབྱུང་ཀ་ར་མ་ར་ཡ་སྭཱ་ཧཱ། དེ་ནི་སྲོག་བདག་རང་གི་སྙིང་པོ་ཡིན།། ་འདི་ནི་སྲོག་བདག་བརྒྱད་ཀྱི་སྙིང་པོའོ།། ཨོཾ་ཁུ་ལེ་མ་ཧཱ་བེ་ར་སྭཱ་ཧཱ། ཨོཾ་ཨཱ་ག་རུ་ཏ་སྭཱ་ཧཱ། ཨོཾ་ཨུ་ཀ་ཤ་མ་ལེ་སྭཱ་ཧཱ། ཨོཾ་ཏྲ་སེ་བཱ་བཱ་སྭཱ་ཧཱ། ཨོཾ་ཤད་ཟེ་ཤད་ཀ་རམ་སྭཱ་ཧཱ། ཨོཾ་ད་ཁོད་པཱི་པཱི་སྭ་ར་སྭཱ་ཧཱ། ཨོཾ་ནི་ཁོད་འབའ་ར ་ཧི་ཏེ་སྭཱ་ཧཱ། ཨོཾ་སུརྱ་ཙན་ཏྲ་མ་ཧཱ། ཁུ་ལེ་སྭཱ་ཧཱ། དེ་རྣམས་སྲོག་གི་སྙིང་པོ་སྟེ།། མི་ཚིག་གླལ་དང་སྦྲིད་པ་སྤངས།། སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ།། གྲུབ་པའི་རྟགས་རྣམས་སྟོན་པར་ངེས།། རབ་འབྲིང་ཐ་མ ་གསུམ་དུ་འོང་།། རབ་ལ་སྐུ་ཡང་དངོས་སུ་སྟོན།། འབྲིང་ལ་འོད་དང་དགྲ་རུ་སྟོན།། ཐ་མར་རྨི་ལམ་ལྟས་སུ་བསྟན།། དེ་ལ་དབང་བསྐུར་དམ་བསེ་བྱ།། རྩ་སྔགས་དྲང་ཞིང་ཕྲིན་ལས་བཅོལ།། ཨོཾ་མ་ཧཱ་ཕྲམ་ན། རཀྵ ་རཀྟ་ཙ་ར་མུན་ཏྲ་མ་ཧ་ཤིད་ཙེ་ཙ་ཀ་ལ་བིང་བ་གྲི་བོང་མ་ར་ཡ་ཧབ་ཧབ། དེ་ནི་རྒྱལ་པོ་འཁོར་དང་བཅས་རྣམས་རྦད་པའི་སྔགས་སོ།། དེ་ནས་རྟ་དཀར་ཟོད་པ་རུ།། བརྣག་པའི་མིང་རུས་བཅུག་ལ།། རྟ་ཐོད་ཟ་འོག ་བདག་གིས་བྲིས།། དམ་སྲི་སྦྱོ་རུ་གཞུགས་པའི་ཕྱིར། ཁྲག་སྐམ་གུ་གུལ་སྦྱར་མ་དང་།། མཚེ་ཉུངས་གོ་རོ་ཙ་ན་ལ།། སྨྱོ་འབོག་བཏང་བའི་སྔགས་འདི་བཟླས།། ཨོཾ་མ་མ་རང་ག་ཐུན་བྷྱོ། མ་ཧཱ་ར་ཛ་ཐུན་བྷྱོ། མ་ཧཱ་བ ་བ་མ་ཧཱ་པྲེ་བ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ཨོཾ་ཏྲོ་ཏ་ཡ་ཏྲོ་ཏ་ཡ། ཏྲ་ཏ་ཡ་ཏྲ་ཏ་ཡ། ཀཱ་ལྷ་ཀྐ་ལྷ། གིང་ཀ་ར་གིང་ཀ་ར། གིང་ཛ་ལ་གིང་ཛ་ལ། ཡགྨ་ཁྲི་བ་ཡགྨ་ཁྲི་བ། འོང་ཤ་ཁྲི་བ་འོང་ཤ་ཁྲི་བ། སུ་ཏྲ་ཀ་རི་བྷྱོ་བྷྱོ། དེ་ནི་སྲོག་བདག ་འཁོར་གྱི་སྒྲོ་འབོག་ཏུ་གཏད་པའི་སྔགས་སོ།། དེ་ནས་བརྣག་པའི་མིང་རུས་ལ།། རང་རང་རྩ་བའི་སྔགས་བརྗོད་ཅིང་།། ཕུར་པ་རྣམས་ཀྱི་རིམ་པས་གདབ།། གཙོ་བོའི་ཕུར་པ་སྙིང་ལ་གདབ། ཁུ་ལེ་ཤོད་ཀྱི་གསང ་བར་གདབ།། རྒྱལ་པོ་ཨག་གེས་ལག་པ་གཡས།། རྒྱལ་པོ་ལོག་གེ་དཔྲལ་བར་གདབ།། རྒྱལ་པོ་བྲམ་ཟེ་ལག་པ་གཡོན།། ཤང་ཟེའི་རྐང་པ་གཡས་། ད་ཁྱོད་དཔུང་མགོ་གཡས་སུ་གདབ།། ནི་ཁྱོད་དཔུང་མགོ ་གཡོན་ལ་གདབ།། ཉི་ཟླའི་རྐང་པ་གཡོན་ལ་གདབ།། བསད་པ་ཉི་མ་བཞི་པ་སྟེ།། ཉིན་བཞི་ལྷ་ཡི་གིང་བཞི་བྱ།། དེ་ནས་རྟ་ཡི་ཐོད་པ་རུ།། ལིངྒའི་ཟོད་ཤུལ་ཐུན་རྫས་བཙལ།། ལྷ་གང་གནམ་ལ་བདག་གྱུར་པ།། སྨྱོ ་འབོག་ཁྲག་སྟུག་མཱ་ར་ཡ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། སྒྲོ་འབོག་གི་ཟླ་གསང་རྒྱལ་པོ་ནང་དུ་བསྒྲུབ་པའི་སྐབས་ཏེ་ལྔ་བཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ་རྒྱལ་པོ་ཆེན་པོ་གསང་བ་ལྟར་བསྒྲུབ་པའི་ཐབས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འདི་གསུངས་སོ།། རྣལ་འབྱོར་ཡོན་ཏན་ལྡན་པ་དེ།། བླ་མ་མཉེས་པ་རབ་བྱས་ཏེ།། མགོ་ནི་རྨ་བྱ་བཞིན་དུ་འགུག། དམ་ཚིག་ཆེན་པོ ་། སྲོག་བཞིན་བསྲུང་།། གཞན་དོན་མ་ཡིན་རང་དོན་དུ།། དུར་ཁྲོད་ས་ཕུག་དགོན་པར་འགྲོ། ཕྱི་བཤགས་སྒྲིབ་བྱང་བསོད་ནམས་བསགས།། མ་ཉེས་དབང་གཟུགས་གླུད་གཏོར་བཏང་།། དཀྱིལ་འཁོར ་། རྩིབས་ལ་ཆག་ཆག་གདབ།། ཐིགས་གདབ་དཀྱིལ་འཁོར་ཆོ་ག་བྱ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། འཁོར་ལོ་རྩིབས་བཞི་ཐོད་ཕྲེང་བཅས།། གྲུ་ཆད་སྒོ་བཞི་ལྡན་པ་ལ།། དུར་ཁྲོད་རྒྱན་དང་ལྡན་པར་བྱ།། ་གྲུ་གསུམ་མེ་འོད་འབར་བ་བྲི།། དེ་ནང་མཆོག་གི་ཕུར་པ་དགུ། སྲོག་བདག་དགུ་ཡི་སྔགས་བྲིས་ལ།། དབུས་སུ་དཀར་པོ་སྙིང་འབྱིན་དགོད།། རྒྱན་དང་ཆ་ལུགས་གསལ་བར་བསྐྱེད།། ཤར་ཕྱོགས་རྩིབས་ལ་ཨ་གེ ་དགོད།། ནུབ་ཀྱི་རྩིབས་ལ་ཨུ་ལེ་དགོད།། བྱང་གི་ཕྱོགས་ལ་བྲམ་ཟེ་དགོད།། ཤང་ཟེ་ཤར་ལ་ད་ཁྱོད་ལྷོ།། ནི་ཁྱོད་ནུབ་ལ་ཉི་ཟླ་བྱང་།། དེ་ལྟར་སྒོ་བཞིར་དགོད་པར་བྱ།། མཁར་གཞོང་དངུལ་ཕོར་བསེ་གབ་ཏུ།། ་སྙིང་སྣ་ཚོགས་ཀྱི་གཏོར་མ་བཤམ།། ལུག་དཀར་སྙིང་སྲོག་མ་བྲལ་བ།། སྲོག་རྩའི་ནང་དུ་མིང་རུས་གཞུག། སྙིང་རྩེ་གྱེན་དུ་བསྟན་ལ་བཞག། ར་དཀར་ཚིལ་གྱིས་ཁ་བཅད་ལ།། དབུས་སུ་སྲོག་བདག་ཉིད་ལ་བཞག། ་ཤ་ཁྲག་སྣ་ཡི་གཏོར་མ་བཞག། ལྷོ་རུ་ཤ་སྣའི་གཏོར་མ་བཞག། ནུབ་ཏུ་རུས་པའི་གཏོར་མ་བཞག། བྱང་དུ་མཁལ་སྣའི་གཏོར་མ་བཞག། དེ་ནས་སྒོ་བཞི་གཏོར་མ་ཡང་།། ཤར་ལྷོ་མཆིན་པ་སྣ་ཚོགས་གཏོར་མ ་བཞག། ལྷོ་སྒོར་ཤ་ཆེན་དབུལ་རྩོག་བཞག། ནུབ་སྒོར་མཆེར་པ་སྣ་ཚོགས་བཞག། བྱང་སྒོར་ཚིལ་བུ་སྣ་ཚོགས་བཞག། གཏོར་མ་དེ་དག་ནང་དུ་ཡང་།། བཤོས་བུ་ཁྱི་རེ་བཙུགས་ལ་བཞག། དེ་ལ་སྟུག་རྒོད་རེ་རེ ་ལའང་།། ཕོད་དཀར་སྦགས་སུ་དཀར་བ་དང་།། མིང་བྱང་བཏག་པ་རེ་ཡང་བཞག། ཕྱོགས་མ་ནོར་བར་བཞག་པ་ཡང་།། མ་འཇིབ་འཇིབ་སྟེང་དུ་བཞག། ཤར་དུ་ལུག་དཀར་ལྷོ་རུ་བྱ།། ནུབ་ཏུ་ར་དཀར་བྱང་དུ ་ཁྱི།། བག་ཟན་གཟུགས་བྱས་དཀར་པོར་བསྒྱུར།། སེམས་ཅན་དངོས་སུ་ཡོད་ན་རབ།། མེད་ན་གང་རུང་ཞིག་གིས་སྟེར།། མིང་རུས་བྲིས་ཏེ་གདགས་པར་བྱ།། དཀྱིལ་འཁོར་ལྷོ་ནུབ་འབྲུབ་ཁུང་དུ།། དམ་སྲིའི ་གཟུགས་དང་མིང་རུས་གཞུག། ཤ་ཁྲག་སྣ་ཚོགས་གཏོར་མ་ལ།། ཚིལ་ཆེན་ཞལ་ཁབ་ཡོད་པ་ལ།། རཀྟའི་གསང་ནན་ཆས་པ་ཞིག། དཀྱིལ་འཁོར་བྱང་ཤར་མཚམས་སུ་བཞག། ཏིང་འཛིན་རྣམ་གསུམ་གསལ ་བསྒོམ་ལ།། གཞལ་ཡས་གདན་བཅས་གསལ་བར་བསྐྱེད།། བདག་ཉིད་གཤེད་པོ་གསལ་བསྒོམས་ལ།། རྒྱལ་པོ་འཁོར་བཅས་གསལ་བར་སྒོམས།། སྤྱན་དྲངས་བཞུགས་མཆོད་ཚུལ་དུ་བྱ།། རྟག་ཏུ་སྙིང་པོ་འདི ་། ཡང་བརྗོད། ཨོཾ་པྲ་ཤ་མ་ཧཱ་ར་ཛ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧཱ་བེ་རཾ་སྭཱ་ཧཱ། ཨོཾ་ཨ་ཀ་རུ་ཏ་སྭཱ་ཧཱ། ཨོཾ་ཨུག་ཤ་མ་ལེ་སྭཱ་ཧཱ། ཨོཾ་བྲམ་ཟེ་བྷ་ཝ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤ་ར་ཀ་རཾ་སྭཱ་ཧཱ། ཨོཾ་ཨ་དང་ཁྱོད་བི་སི་སར་སྭཱ་ཧཱ། ཨོཾ་ནི་ཁྱོད་པར་ཧཾ ་། ཏི་སྭཱ་ཧ། མ~ཾ་ས་རྱ་ཅན་ཐ་མཧ་ཁྭ་ལ~ཾ་སྭཱ་ཧཱ། དེ་ནི་རྩ་བའི་དྲག་སྔགས་ཏེ།། གྲུབ་རྟགས་སྒྲ་ཡང་དངོས་སུ་སྟོན།། མ་དང་འདི་དང་སྒྲ་ཡང་སྟོན།། སྣེའུ་བྱ་ལ་སང་གི་འབག། དགེ་བཞེས་བཅད་པ་ལྟ་བ་དང་། ་། དམག་དཔོན་ལྟ་བུར་སྟོན་པར་ངེས།། རྒྱལ་པོ་རྟག་ཏུ་སྔགས་འདི་ཟད།། ཨོཾ་མ་ཧཱ་པྲ་མ་ན། རཀྵ་རཀྟ་ར་མུན་ཏྲ་མཧཱ་ཤིང་ཏེ། ཙོ་ལ་བིང་བིང་། དགྲ་བོ་མ་ར་ཡ་ཧབ་ཧབ། འཁོར་བཅས་ལས་ལ་བཏང་བའོ།། ལྷ་དང ་དྲག་པོའི་སྔགས་འདི་བསྒྲལ།། མཧཱ་ས་མ་ཡ། རཀྵ་མ་ཧཱ་ར་ཛ་ཐུན་ཐུན་ཕྲོལ་ཕྲོལ། དེ་ནས་སྒྲུབ་པ་ཟོན་ནས་ཀྱང་།། གསད་པའི་ཕུར་པ་གདབ་པ་ནི། དབུས་ནས་ཆུང་ལ་འདི་སྐད་བརྗོད།། ཧཱུཾ། ཁྲོ་བདག་ཆེན་པོ ་སྙིང་འབྱིན་གྱིས།། དབང་པོ་ཕུར་པས་དབང་བསྐུར་ལ།། དགྲ་སྙིང་དཀར་ནག་མཚམས་སུ་གདབ།། བཏབ་ན་མུར་དུ་བརླག་གུར་ཅིག། ཀི་ལི་ཀི་ལ་ཡ་ཙེ་ཏ་ལུགས།། དཀར་པོ་སྙིང་འབྱིན་ལྡན་ལྡན།། ། རྒྱལ ་ཆེན་པོ་ཁྭ་ལེ་ཤོད།། གསོད་པའི་ཕུར་པས་བྱིན་བརླབས་ཏེ། ཁྲག་ཁྱིམ་གཡས་དང་གཡོན་དུ་གདབ།། བཏབ་པས་ཁྲག་སྐོམ་མྱུར་དུ་སོད།། བཛྲ་མུག་ཏི་ཙ་ཤ་ཙོ་ག་ཏ་ནུབ་རྔུབ་ལྡན།། ཧཱུཾ། ཁྲོ་བདག་སྲོག་བདག་ཡེ ་ན་ཡང་།། འགུག་པའི་བདག་པོ་མངའ་གསོལ་ནས།། ནུ་མ་གཡས་དང་གཡོན་དུ་གདབ།། བཏབ་པས་མཁྲིས་པ་བཤའ་ཡས་སོད།། ཙི་ལི་ཙི་ལི་ས་མ་ཡ་ལ་ཐིབས་ཐིབས། ཧཱུཾ། ཁྲོ་བདག་སྒྲོལ་གིང་ཨུ་གེ་ཡ།། རྣོན ་པོའི་དཔལ་དང་བྱིན་བརླབས་ནས།། སྤྱི་བོའི་གཙུག་ཏུ་བཏབ་ལས་ཀྱང་།། གླང་ཟེར་མགོ་ནས་འདར་བུས་སོད།། མ་ཤ་མུ་ཏ་ཚལ་པ་ཚལ་པ་ཀ་རུ་ཧུ་ཧུ། ཧཱུཾ། ཁྲོ་བདག་ཤན་པ་བྲམ་ཟེ་ཡང་།། འདེབས་པའི་དབང་དུ ་བྱེད་བསྐྱེད་ནས།། མཁལ་ཁུང་གཉིས་སུ་གདབ་པར་བྱ།། བཏབ་པས་ཆུ་འགག་བསྐྱེད་ནད་གསོད།། བི་མ་ལ་བི་ཀུ་ཡ་མ་ཐིབས་ནད་ཤད་ཕཊ་ཛ། ཧཱུཾ། ཁྲོ་བདག་སྲོག་གཅོད་ཤང་སེ་ཡང་།། ཟུར་གསུམ་རྩེ་མོར་བྱིན ་ཕབ་སྟེ།། མཆིན་པ་ཕོ་ཟླ་མ་རྩལ་བཏབ།། བཏབ་པས་མཆིན་ནད་ཁྲག་གིས་གསོད།། མས་ལ་ཁུ་མ་ཧཱ་ར་ཛ་བུ་སེར།། དགྲ་བོ་མ་ར་ཡ་ཕཊ་ཛ། ཧཱུཾ། ཁྲོ་བདག་གསོད་དགའ་ད་ཁོད་ཀྱང་།། ཐོག་མེད་རྡེག་པར་དབང ་བསྐུར་ནས།། ཤ་མཚན་རྨེའུའི་དཀྱིལ་དུ་གདབ།། བཏབ་པས་སྔོས་ནས་ཀླུམ་བུས་གསོད། ཁ་ལ་རུ་རྩེ་ཁ་མ་ཤོ་ན་པུ་ཕཊ་ཛ། ཧཱུཾ། དགྲ་བླའི་རྒྱལ་མ་ནི་ཤོད་ཀྱང་།། རྩེ་གསུམ་དར་ཅན་རབ་བྱིན་སྐྱེད།། མཚར་བའི ་དབུས་སུ་བཏབ་ནས་ཀྱང་།། མཚར་ནད་ལྐུག་དང་སྨྱོ་འབོག་གཏོང་།། མེ་ཁ་ཁ་རུ་ཚེ་བག་ཤ་བག་ཤ། རུ་དྲ་རག་མུ་རུ་མུ་རུ་ཕཊ་ཛ། ཧཱུཾ། གསང་བ་སྲོག་བདག་ཉི་ཟླ་ཡང་།། ཕུར་པའི་ལྷ་རུ་དབང་བསྐུར་ནས།། རྐང ་པའི་མཐིལ་དུ་བཏབ་པར་བྱ།། ཞ་གྲུམ་སྐུར་ནད་མཐོང་འགྲུབ་གཏོང་།། འབའ་ལུག་དགེ་རེ་རཀྟ་མ་ས་ཤ་ཁྲག་རྔུབས་རྔུབས། ཕུར་པས་བཏབ་ནས་ཐུན་སྔགས་བྲབ།། ལྷོ་ནུབ་འབྲུབ་ཁུང་ལིངྒ་ལ།། མ་མ་རང་ག ་ཐུན་བྷྱོ། ཨོཾ་མ་ཧ་ར་ཛ་ཐུན་བྷྱོ་བྷྱོ། མ་ཧཱ་བབ་མ་ཧ་དེ་ཝ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ཐུན་གྱིས་རྒྱབ་སྟེ་བརླག་པར་འགྱུར།། ལིངྒ་བཏུབས་ལ་གཏོར་མས་བཙལ།། རི་གསུམ་རྩེ་ལ་ཡས་རྟག་བསྐྱལ།། རྒྱལ་པོ ་བསྲུང་བའི་གསང་སྔགས་ནི།། ཨོཾ་ཁ་དུ་ཤེ་ཤ་ཕྲ་ལམ་མ་རུ་ཏུ། ཁཱ་ཁ་ཁཱ་སྭཱ་ཧཱ། སྲོག་བདག་འཁོར་དང་བཅས་པའི་ནོར་སྒྲུབ་པའི་སྔགས་ལ། ཨོཾ་ཛམ་པ་ལ་ཛམ་པེ་ལེ་ཤེ་ལ་གོ་མེས་སུཾ་སུཾ། ཏུཾ་ཏུཾ་སྭཱ་ཧཱ། རྒྱལ་པོ་འཁོར ་དང་བཅས་པས་བྱས་ཡུལ་གར་འགྲོ་ཡང་། དགྲ་བགེགས་མི་འབྱུང་བའི་སྔགས། ཨོཾ་ནས་ནི་ནས་ནེ་ཧང་། ཤི་ག་ར་ག་ར། མ་ར་མ་ར། རུ་ལུ་རུ་རུ། ཕཊ་ཕཊ། བྷྱོ་བྷྱོ། རྒྱལ་པོ་གསང་སྟེ་བདག་གམ་གཞན་ལ་འཚེ ་བར་གྱུར་ན་དེ་ཟློག་པའི་སྔགས་ལ། སུམ་པ་ཧ་ར་ཛ་ར་ཤི་ཞིལ་ཞིལ་ཤིན་ཏིང་སྭཱ་ཧཱ། མ་ཧཱ་ར་ཛ་ཤན་ཏི་སྭཱ་ཧཱ། རྒྱལ་པོ་འཁོར་བཅས་རིགས་རྒྱུད་འཕྲོག་པ་དང་། རབས་བཅད་པའི་སྔགས་ལ། ཨོཾ་མ་ཧཱ་ཀ་ལ་གས་ཏྲ ་མོ། བདུད་རྣམས་རྔམ་རྔམ་སྭཱ་ཧ། རྒྱལ་པོ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་བཏང་བའི་སྔགས་ལ། ཨོཾ་ཡ་མ་རཾ་ཡཾ། པེར་སྲོག་རྩལ། ཁ་ས་ཁ་ས་མེ་རུ་མ་རུ་སྭཱ་ཧཱ། རྒྱལ་པོའི་སེར་བ་དབབ་པའི་སྔགས་ལ། ཨོཾ ་ཕ་མར་ཕྲེ་ཤ་ཐོར་བྷྱོ། ནལ་ཆེན་བྷྱོ། འུར་ཚལ་བྷྱོ། ཁ་ཤ་ར་ཏྲ་ཡེ་ཤར་ཤལ་ནལ་ཆེམ་ཆེམ་བྷྱོ། རྒྱལ་པོའི་ལྟས་ངན་སྣ་ཚོགས་དབབ་པའི་སྔགས་ལ། ཧཱུཾ། ཤར་གིང་། རམ་ཤག་རྒྱུག་རྒྱུག། རམ་རྒྱུག་སྲོག་རྒྱུག། ཤ་ཤ ་དགྲ་བོའི་སྙིང་ལ་ལ་ཤ། འབྲུལ་ཐིལ་ར་ཁེར་སོད་སྲོགས། རྒྱལ་པོས་ལ་ཆ་བཏབ་སྟོབ་བཏང་བའི་སྔགས། ཨོཾ་མ་ཧཱ་ཕྲལ་ཤིག་ཁ་ལ་རུ་ཁ་ལ་ཡ། ཙིཏྟ་མ་ཤ་དགྲ་བོ་ཁྲོལ་ཁྲོལ་ཤག་ཤིག་བྷྱོ། ཞེས་སྔགས་ཀྱི་དོན ་བསྟན་ལས་རྣམས་འགྲུབ།། གང་ལྟར་བྱ་བ་ཐོགས་པ་མེད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་བསད་པས་འགྲུབ་སྟེ། སྨྱོ་འབོག་བཏང་བའི་སྐབས་ཏེ་ང་གཅིག་པའོ།། །། དེ་ནས་ཡང་བཅོམ ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ།། གནོད་སྦྱིན་གདུག་པའི་ཟླ་གསང་གསུངས། དད་པ་སྡོམ་ལྡན་རྣལ་འབྱོར་པས།། དམ་ཚིག་རང་གི་སྲོག་བཞིན་བསྲུངས།། བླ་མ་མཉེས་པའི ་རིམ་གྲོ་བྱ།། དུར་ཁྲོད་ནགས་ཚལ་དགོན་པར་འགྲོ། ཕྱི་བཤགས་འབུམ་ལ་སོགས་པ་གདོན།། བསོད་ནམས་ཚོགས་ཀྱི་ཡན་ལག་བསག། མ་ཉེས་དབང་གཟུགས་གླུད་གཏོར་བཏང་།། གནོད་སྦྱིན་འདི་ཉིད་བསྒྲུབ ་པར་བྱ།། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། ལས་གྲུབ་རིགས་ཀྱི་ཞིང་ཁམས་ནས།། གནོད་སྦྱིན་བྱེ་བ་ས་ཡ་གནས།། དེ་དག་ནང་ནས་དྲག་པོའི་སྐུ།། མཐུ་སྟོབས་ལྡན་པའི་གང་བཟང་སྒྲུབ།། དཀྱིལ་འཁོར་དབུས་སུ་ཁྲི ་བརྩིགས་ལ།། སྟེང་དུ་གནོད་སྦྱིན་སྐུ་གཟུགས་བཞག། ཙན་དན་རིགས་ལས་འབུར་དུ་བསྐོ།། ཆུ་ཞེང་གབ་ལས་གེལ་གེལ་པོ།། སྐུ་མདོག་སྔོན་པོ་གཟི་ལྡན་པ།། དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན།། མུ་དཔལ་སྔོན ་། པོའི་ཕྲེང་བས་མཛེས།། གཡས་ན་ཞིང་ཏོག་དམར་པོ་བསྣམས།། གཡོན་ན་མི་ལྤགས་རྒྱལ་མཚན་བསྣམས།། གཟས་པའི་གཟུགས་ཅན་སྙིང་ཀར་བཞུག། དེ་ཡི་དབུས་སུ་དོང་གྲུ་གསུམ།། རྩེ་མོ་བྱང་དུ ་བལྟས་པ་ལ།། ནང་དུ་ཁྲག་དང་སོལ་བས་བྱུག། ཏིལ་གྱི་ཕྱེ་མ་དགྲ་ཡི་གཟུགས།། མི་ཁྲག་བླ་དགས་བྲིས་ལ་གཞུགས།། ཞབས་མར་དྲིལ་ལ་ཚོན་སྐུད་བཅིངས།། གྲ་གསུམ་བྲུས་ལ་ནང་དུ་གཞུགས།། མཐའ་མ ་གཙང་གིས་བསྐོར་ཏེ་བཞག། གཟུགས་ཀྱི་སྐེ་ནས་སྔོན་དམར་གདགས།། སྣ་གཅིག་སྐུ་ཡི་ཞགས་པ་བཏགས།། སྔགས་པས་བདུན་དུ་དམ་རྫས་བཀྲམ།། ལ་ཕུག་རུས་ཕྱེ་སྐེ་ཚེ་ལ།། དེ་བཞིན་གཏོར་མ་བྱས་ཏེ ་བཞག། ཉུངས་ནག་ལན་ཚ་དུག་ཏུ་སྦྱར།། གཟུགས་ལ་བྲབ་ཅིང་ངན་སྔགས་བཟླས།། མ་ཉེས་དཔངས་གཟུགས་འོ་དོད་འབོད།། དེ་བཞིན་རིམ་པས་ལས་རྣམས་བྱ།། དུར་ཁྲོད་རས་ལ་འཁོར་ལོ་ནི།། དུག་ཁྲག་སྦྱར ་བས་བྲི་བར་བྱ།། རིམ་པ་བཞིན་དུ་དྲག་ཏུ་དགོད།། སྤྱན་དྲངས་བཞུགས་གསོལ་བསྟོད་པ་བྱ།། ཕྲིན་ལས་བཅོལ་ཞིང་གནད་ནས་བསྐུལ།། ལྷ་དང་དཔྲལ་ཞིང་རྫས་ཀྱིས་བདུག། དྲག་སྔགས་བཟླས་ཤིང་འཁོར་ལོ ་གཞུགས།། བསད་པའི་ལས་ཀྱི་སྦྱོར་ལ་འཇུག། མནན་བསྲེག་འཕངས་པ་གསུམ་ལ་གཏད།། གཤིན་རྗེ་སྲོག་གཅོད་སྤུ་གྲིའི་གནོད་སྦྱིན་གྱི་ཟླ་གསང་། གང་བ་བཟང་པོ་ཕྱི་ལྟར་སྒྲུབ་པའི་སྐབས་ཏེ་ང་གཉིས་པའོ།། །། ་དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། གང་བ་བཟང་པོའི་ནང་ལྟར་སྒྲུབ་པ་འདི་གསུངས་སོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ་གསུམ་གྱིས་བསྐོར་བ་བྲི།། དམར་སྤུག་མེ་ཡི་རལ ་པས་བསྐོར།། དབུས་ན་གཤེད་པོ་ཡབ་ཡུམ་སྟེ།། མདུན་དུ་གང་བ་བཟང་པོ་དགོད།། མཚན་ལྡན་ཐོད་པ་དུམ་གསུམ་དུ།། ལ་ཕུག་རུས་པའི་ཕྱེ་མ་དང་། སྙིང་སྣ་ཁྲག་སྣ་སྦྱར་ལ་བཞག། དབུས་སུ་གྲུ་གསུམ་ཟུར་དུ ་རྐོ།། ནང་དུ་རབས་ཆད་ཐོད་པར་གཞུགས།། ཉུང་ནག་མཚེ་དང་ལན་ཚ་དང་།། དུག་དང་རྨེ་ཁྲག་སྦྱར་ནས་དགོད།། དམིགས་པའི་མིང་རུས་ཇི་བཞིན་དབྱིབས།། བཅས་ལ་ཐོད་པའི་ནང་དུ་གཞུགས།། དུར་ཁྲོད་གྲོང ་ཁྱེར་བཅོམ་ནས་ཀྱང་།། མཚན་མོའི་རས་བླངས་སྐྱོང་ནུལ་བྱ།། ལྡོང་རོས་ཅུ་རྩས་སེར་པོར་བྱུག། དུག་ཁྲག་སྦྱར་ལ་འཁོར་ལོ་བྲི།། དེ་བཞིན་ཡེ་ཤེས་དགོད་བྱ་བ།། ཐུན་གྱི་ཐོད་པའི་ཁ་ཡང་བཅད།། དེ་ནས་རིམ ་པས་ལས་རྣམས་བྱ།། ཧཱུཾ། གསང་བདག་དམ་པ་ཐུགས་ཀྱི་དཀྱིལ་འཁོར་འདིར།། གྲུབ་པའི་གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ན།། བྱེ་བ་ས་ཡ་འཁོར་དང་རབ་བཅས་ཏེ།། སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ ་གསོལ།། ཨོཾ་ཧྱེ་ཧྱ། རཀྵ་པ་ར་ཎའི་བ་སའི་ས་མ་ཡ་སྭཱ་ཧཱ། གསེར་ལྟར་རབ་ཏུ་བསྟན་པའི་རི་ངོས་ལ།། རྨ་བྲ་རབ་གནས་གསེར་དུ་སྣང་བ་ལྟར།། བདག་གིས་ཁྱོད་གྲུབ་ཁྱོད་ཀྱི་རང་བཞིན་འགྲུབ།། གྲུབ་པའི་དབང ་། པོ་ཁྱོད་ལ་ཕྱག་འཚལ་བསྟོད།། བསྟན་པར་བཞུགས་ཤིང་གནོད་སྦྱིན་མཆོག། རིན་ཆེན་བཅལ་བཀྲམ་ས་གཞི་ལ། བཻ་ཌཱུརྱ་དང་མན་ཤེལ་དང་། ཁྲི་ཆེན་སྤངས་ལ་བསྟན་པར་བཞུགས།། ས་མ་ཡ་ཏིཥྛ ་སྙོམ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པའི།། དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པ་འབུལ།། དར་གྱི་ལྷབ་ལྷུབ་གླུ་གར་རོལ་མོ་བཅས།། བསམ་པ་དག་པར་སྦྱར་ནས་མཆོད་པ་འབུལ།། དྲིལ་བུ་སྒྲ་སྙན ་ཡིད་འོང་སྤོས་དང་དྲི།། མར་མེ་བཤོས་དང་གཏོར་མ་ཁྲག། མཆོད་པར་དབུལ་ལོ་བཞེས་སུ་གསོལ།། ཨོཾ་ར་ར་སེ་པ་འུ་པུ་ཙཀྲ་མ་པུ་ཙ་སྭཱ་ཧཱ། དེ་ནས་གསང་བདག་རབ་བཟླས་པ།། ཨོཾ་བ་ཧཱུཾ་རོ་ད་ཛ། མ་འགའ་ལ ་བག་ཤ་ཛ། ཏ་ཏྲ་མ་རུ་རུ་ཛ། སྙིང་ཤར་ཤད་དུ་ཛ། སྲོག་ལ་བྲེང་བྲེང་ཐུམ་ཛ། གནོད་སྦྱིན་སྐུ་དང་འོད་དང་སྒྲས།། ས་གཡོས་ཐོག་དང་སེར་ཆེན་འོང་།། གོང་གི་རྫས་ཀྱིས་དྲག་ཏུ་རྡེག། ཐུགས་དང་བསྐུལ་ཏེ་ཕྲིན་ལས ་བཅོལ།། དུས་དྲུག་སྔགས་འདིས་གཟུགས་ལ་བརྡེགས།། ཨོཾ་ཛཾ་བྷ་ལ་མ་མ་ཧཱ་ཛ་ལཾ། རཀྑ་བཀྐ་སྡིག་ཏུ་བསྡུད། དེ་ས་འམ། ང་ག་ཤ་སྭཱ་ཧ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ཐམས་ཅད་གྲུབ་པའི་སྔགས་ཞེས་བཤད།། ་འཁོར་ལོ་བཅས་ཀྱི་དམ་རྫས་ཏེ།། བྱང་ལྟས་ཆུ་ཡི་སྡོར་བས་ན། ཁྲག་སྐྱུགས་འཆི་བར་ཐེ་ཚོམ་མེད།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གང་བ་བཟང་པོའི་ནང་དུ་བསྒྲུབ་པའི་སྐབས་ཏེ་ང་གསུམ་པའོ།། ་དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས།། གང་བ་བཟང་པོ་གསང་བ་ལྟར་སྒྲུབ་པ་འདི་གསུངས་སོ།། དམ་ཚིག་གསང་སྒོ་ཐུབ་པའི་བུས།། བླ་མ་བསྙེན་ཕྱིར་ཡིད་འཐད་དབུལ།། མི་དོན་མ་ཡིན་རང་དོན ་དུ། སྒྲུབ་པ་གོང་བཞིན་ཚུལ་བཤམས་ཏེ།། དེ་རིང་མ་བདག་འདི་བཞིན་བྱ།། ཨ་ཀ་རུ་དང་དུ་རུ་ཀ། ལི་མིག་ཀར་ཤ་པ་ཎ་ལ།། སྔགས་འདི་དག་ནི་རབ་ཏུ་བཟླས།། ཨོཾ་ཛ་ལ་ལ་མ་ཧཱ་ཛ་ལམ། ཕག་ཤ་བག་ཤ། སཱི ་སུ་བསྡུད་དེ་བ་ལཾ། བག་ཤ་ར་ན་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། སྔོན་དུ་བསྙེན་པ་སུམ་འབུམ་བྱ།། ལུས་བསྲུང་སྦྱོར་བ་འདི་ལྟར་བྱ།། དཔུང་པ་དག་ལ་བཏགས་གྱུར་ན།། ནད་རྣམས་ཐམས་ཅད་འབྱངས་པར ་འགྱུར།། དེ་ནས་གསོད་པའི་སྦྱོར་བ་ནི།། ཀརྟི་ཀ་དང་པར་བུ་དང་།། འུ་སུ་རྡོ་དྲེག་ཤ་ཀ་ར།། དང་པོ་སྒྲོ་ལ་བསྐུས་ནས་ཀྱང་།། གཟུགས་ལས་དུས་དྲུག་མཆོད་བྱས་ཏེ།། ཕྱག་བྱས་བཟླས་པ་བྱས་གྱུར་ན།། ལོངས་སྤྱོད ་དཔག་མེད་ཐོབ་པར་འགྱུར། ཁྲག་དང་དངུལ་རྒོད་རྟ་འབྱིན་དང་།། ལང་པ་བདག་ལ་བཟླས་བྱིན་ན།། རྟ་བོང་ལ་སོགས་རྨིག་ཟླུམ་རྣམས།། འཆི་བ་འམ་ཡང་ན་སྤྱོ་བར་འགྱུར།། ཙིཏྟ་རུས་པ་གྱོ་མོག་གསུམ།། ་སྔགས་ཀྱི་བཟླས་ཤིང་བྱིན་གྱུར་ན།། ཨོཾ་འབ་ཧཱུཾ་རི་ཏ་ཙ་མ་གྷ་ལ་བག་ཤ་ཛ། ར་ཏྲ་མ་རུ་ཏྲ་ཛ། སྙིང་ལ་ཤར་ཤར་དུ་ཛ། སྲོག་ལ་བྲེང་བྲེང་ཐུམ་ཛ། གླང་ཆེན་བན་གླང་བྱིན་གྱུར་ན།། གླང་ཆེན་བན་གླང་འཆི་བར་འགྱུར།། ་བསེ་དང་ཀར་ཀ་བཏུང་བ་འང་།། སྔགས་འདི་བཟླས་ནས་བྱིན་གྱུར་ན།། ལུག་ལ་བྱིན་ན་ཚོར་བར་ངེས།། བི་ལི་ཀ་དང་ཨ་མར་དང་།། བུ་རམ་སྦྱར་ཏེ་རིལ་ལུ་བྱ།། ཟླ་བ་གཟས་ཟིན་དུས་སུ་བྱ།། ལིངྒ ་བྱས་ཏེ་བསྐུས་ནས་ཀྱང་།། ཆུ་མིག་ནང་དུ་ཐོད་པས་མནན།། མཛེ་དང་ཤུ་བས་འཛིན་པར་འགྱུར།། བསེ་ཞོ་བཙན་དུག་སྦྱར་ནས་ཀྱང་།། གསང་སྔགས་གློང་མ་བཟླས་ནས་ཀྱང་།། ཤ་ལ་རེག་པའི་གོས་ལ་བཀུའོ།། ་ལྷོག་པ་དཀར་པོས་འཆི་བར་ངེས།། ཡང་ན་སྐྲངས་ནད་འཆི་བར་འགྱུར།། ཡང་ན་ཞ་གྲུམ་འགྲོ་མི་ནུས།། དང་པོ་ཁས་བླངས་བཞིན་དུ་བྱ།། ཕག་པ་སྦྲང་ཀིའི་མཆེ་བ་དང་།། ཝ་ཡི་རིལ་མ་སྦྱང་ཀིའི་སྟུག་པ་ལ།། ཉི། ་མ་གུང་ངམ་ནམ་ཕྱེད་ལ།། སུམ་འབུམ་བཟླས་ན་དོན་པོ་ཡི།། མཁར་ལ་རྒྱབ་ན་འཆི་ཞིང་འགལ།། དེ་ནས་ཐོག་ཆེན་འབེབས་འདོད་ན།། གསེར་དངུལ་ཟངས་དང་འཁར་བ་དང་།། སྲིན་རྡོ་གདུང་ཆེན་ཤ་རི་ར།། དེ ་རྣམས་ཐོད་པ་ཐུན་གསུམ་དུ།། ཡུགས་སའི་ཁྲག་དང་སྦྱར་ལ་བཙལ།། གོང་གི་སྔགས་བཟླས་ལྷ་རྟེན་སྦ།། གདོན་མི་ཟ་བར་ཐོག་འབེབས་པར་འགྱུར་རོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤྲུལ ་པའི་གནོད་སྦྱིན་ཟླ་གསང་གང་བ་བཟང་པོ་གསང་བར་སྒྲུབ་པའི་སྐབས་ཏེ་ང་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་དུ་དབབ་སླད་དུ།། གདུག་པ་ཀླུ་ཡི་ཟླ ་གསང་ཕྱི་ལྟར་སྒྲུབ་པ་འདི་ཡང་གསུངས།། ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུས།། ངོ་མཚར་ཆུ་བོ་བཞི་འབབ་པ།། རབ་ཏུ་མི་ཁྲུང་ཀླུ་ཡི་གནས།། དེ་ཉིད་དྲེགས་པས་འདུལ་བའི་ཕྱིར།། བཅོམ་ལྡན་འདས་གཤིན་རྗེ ་གཤེད་པོས།། ལག་ན་རྡོ་རྗེ་སྐུ་སྤྲུལ་སྟེ།། ལག་ན་རྡོ་རྗེ་ཐུགས་ཁྲོས་ནས།། གསེར་མིག་འབར་བའི་ང་རྒྱལ་གྱིས།། གདུག་པའི་ཀླུ་རྣམས་བྲེད་གྱུར་ཏེ།། རབ་ཏུ་མི་བགྲུངས་པ་ཡི་ཀླུ་རྣམས་ཀྱིས།། རབ་ཏུ་འབྱེད་དེ ་འདི་སྐད་སྨྲས།། ཀྱེ་མ་རྡོ་རྗེ་གཟུགས་མཛེས་པ།། རབ་ཏུ་རྔམ་པའི་རྡོ་རྗེ་སོའོ།། ལྕགས་ཆུ་འབར་བས་རབ་ཏུ་བརྗིད།། གསེར་མིག་འབར་བ་རབ་ཏུ་བགྲད།། མགོ་ལ་ཡིད་བཞིན་ནོར་བུས་བརྒྱན།། ཤེས་རབ་ཐབས ་ལྡན་གཤོག་པ་བརྐྱང་།། ཐབས་ལྡན་སེར་མོ་རྣམ་པར་གདེངས།། ཀྱེ་མ་ཧོ། སྐུ་བསྟོད་མཆོག་གི་གཡང་གཞི་ཅན།། སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན།། ཐོད་པ་ཚར་གསུམ་སེར་རལ་ཁ།། རྩལ་འཕངས་ཁྱད་པར་དེ ་བཞིན་ཐོང་།། བདག་ཅག་རྣམས་ཀྱི་དམ་ཚིག་ལྷ།། དྲག་པོའི་བྱ་བྱད་ཟས་ལ་བརྒྱ་ལ།། དྲག་པོ་ཆེན་པོ་བཀའ་བཞིན་བགྱི།། ཞེས་ཟེར་ཞིང་མཐོན་ནས།། དམ་ཚིག་འདི་སྨྲས་ཏེ་སྐུ་ལ་འཁྲིལ་ལོ།། ན་ག་རུ་དྲ་སན་ཏྲི་པ ་ལ་དུས་ནི་གར་པས་སྭཱ་ཧཱ།། དེ་ནས་གསེར་མིག་འབར་བའི་ས།། ང་རྒྱལ་ཆེན་པོ་འདི་བསྟན་ཏེ།། དབང་དུ་སྡུད་ཅིང་དམ་ཚིག་ཕྱག་རྒྱ་བསྟན།། དང་པོ་གཉིས་ནི་ནང་དུ་བསྣོལ།། ཟླ་རྣམས་རབ་ཏུ་རྒྱས་པ་སྟེ། ཁྲོས ་། པའི་ང་རྒྱལ་འདི་བརྗོད་དོ།། ཏ་ཀི་ཛ་དེ། བྱི་ཛ་དེ་ཧཱུཾ་ཡ་ཧཱུཾ་ཡ། ཧཱུཾ་ལུ་ཧཱུཾ་ལུ་སུ་རུ་དེ་སུ་རུ་དེ་སྭཱ་ཧཱ། ཞེས་བརྗོད་དེ། ཆེ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་རིམ་བཞིའི་ཀླུ་རྣམས་ལ། ་རབ་ཏུ་ཆེ་བ་བསྟན་པའི་ཕྱིར།། ཉིད་ཀྱི་གཞལ་ཡས་ཆེན་པོ་རབ་ཏུ་བརྗིད་པ་ཉིད་དེ། བྱོལ་སོང་རིགས་བཞི་དང་། ཐབས་གཅིག་ཏུ་འདུག་པའི་གནས་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་དབུས་ནས་འབར།། རི་རབ ་མཆོད་རྟེན་གཟུགས་འདྲ་ལ།། བུམ་པ་ཡིད་བཞིན་ཤིང་ལས་བརྒྱན།། སྦྲུལ་གཉིས་དར་དཔྱངས་ལྟ་བུས་མཛེས།། རིགས་བཞིའི་རྒྱན་གྱིས་རབ་ཏུ་ཀླུབས།། སྒོ་བཞི་ཀ་བ་རབ་ཏུ་ལྡན།། དེ་འོག་སྦྲུལ་གྱིས་རབ་ཏུ ་མཛེས།། བྱོལ་སོང་ལོངས་སྤྱོད་རབ་ཏུ་ལྡན།། དེ་གཉིས་བུམ་པའི་ཁོང་སེང་ནས།། གསེར་མིག་འབར་བ་དང་ཐབས་གཅིག་ཏུ་བཞུགས་པ་འདི་ལྟ་སྟེ། གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་།། གང་པོ་ནོར་ལྡན་ལ ་སོགས་དང་།། དགའ་བོ་འཇོག་པོ་མ་དྲོས་དང་།། རིགས་བཞི་ཀླུ་ཡི་གཙོ་བོ་བརྒྱད།། སྐུ་ལ་འཁྲིལ་ཏེ་རབ་ཏུ་གནས།། གྱ་ནོམ་ནོམ་མེད་ལ་སོགས་སྤྲུལ་པའི་བརྒྱན།། དར་དཔྱངས་མ་དང་པདྨ་ཅན།། གཟི་བརྗིད་མ ་དང་དུང་ཅན་མ།། ཀླུ་མོ་རིགས་བཞི་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས།། བསྙེན་པ་སྒྲུབ་པ་འདི་གསུངས་ཏེ། དགོན་པ་དུར་ཁྲོད་མཚོ་གླིང་ངམ།། ཆུ ་མིག་ན་ག་གནས་པའི་སར།། དཀྱིལ་འཁོར་ཆ་མཉམ་ཡིད་འོང་ལ།། སྤོས་དྲི་སྨན་གྱི་ཆག་ཆག་གདབ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན།། སྒོ་བཞི་རིགས་དང་ལྡན་པར་བྲི།། དབུས་སུ་ལག་ན་རྡོ་རྗེ་དང་།། འཁོར ་ལོ་བཞི་ལ་བྱ་ཁྱུད་བཞི།། གྲུ་ཆད་མཆོད་པ་བུམ་པ་བཞི།། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་ལྔ་མེ་ཏོག་ལྔ་ལ་སོགས།། བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབས།། སྒོ་བཞིར་མཆོད་གཏོར་མ་བཞི། འབའ་མ་ཧཱ་ཏིའི ་བཅས་པ་ཡི།། སོར་མོ་ལྔ་ཡིས་བཅང་པའི་རྗེས།། མཁའ་ལྡིང་མཆོད་པའི་རྫས་སུ་བཞག། དེ་ནས་ཏིང་འཛིན་རིམ་པ་ནི།། དང་པོ་སྟོང་པའི་བྱང་ཆུབ་སེམས།། གཉིས་པ་སྙིང་རྗེ་བྱུང་བ་དང་།། གསུམ་པ་རྒྱུ་ཡི་ས་མ ་ཏི།། ཧཱུཾ་གི་རྣམ་པ་ལས་བྱུང་བ།། བམ་གྱི་ས་བོན་ལས་བྱུང་བའི།། རྒྱ་མཚོ་ཆེན་པོའི་དབུས་སུ་ནི།། ལམ་ལས་རིན་ཆེན་རི་རབ་བསྐྱེད།། དེ་སྟེང་ཁྲོམ་ལས་ག་རུ་ན།། རྡོ་རྗེ་གཤོག་པའི་བྱིན་བརླབས་ལས།། བྱ་ཁྱུད ་རྒྱལ་པོ་བཞི་བྱུང་ལ།། དཀར་དང་དམར་དང་སེར་དང་ལྡང་།། འཁོར་ལོ་རྩིབས་བཞིའི་སྟེང་དུ་བཞག། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ་ལྡིང་སྟོབས་པོ་ཆེ།། སྐུ་མདོག་དཀར་འཚེར་འོད ་འབར་བ།། དབུ་གསུམ་རྡོ་རྗེའི་མཆུ་སྦར་ལ།། རལ་པ་དམར་ཞིང་སྤྱན་ཡང་དམར།། ཞལ་གདངས་རལ་པ་སྤྲུག་པའི་ཚུལ།། ཡེ་ཤེས་གཤོག་གདེངས་སྐུ་ཡང་ཤིན་ཏུ་གཡོའོ།། སྐུ་དང་ཡན་ལག་རིན་ཆེན་བཻ་ཌཱུརྱས ་@#།། བརྒྱན།། ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་འཕྱར།། བར་མ་ལྕགས་ཀྱུ་ཟ་མ་ཐལ་མོ་སྦྱར།། གཡོན་གྱི་དང་པོ་རིན་ཆེན་ཟུར་བརྒྱད་བསྣམས།། བར་མ་ཞགས་པ་ཟ་མ་ཐལ་མོ་སྦྱར།། ནུབ་ཕྱོགས ་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ་ལྡིང་རྒྱལ་པོ་གཟི་བརྗིད་འོད།། དབུ་གསུམ་མདོག་དམར་རལ་པ་ལྕང་ལོ་འཁྱིལ།། ཞལ་གདངས་ཡེ་ཤེས་བཤོག་པ་ཆེན་པོ་གདེང་།། སྐུ་དང་ཡན་ལག་ཡེ་ཤེས་མེ་ཆེན ་འབར།། ཕྱག་དྲུག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་བསྣམས།། བར་མ་ལྕགས་ཀྱུ་ཐ་མ་རིན་པོ་ཆེ།། གཡོན་གྱི་དང་པོ་རྡོ་རྗེ་པདྨ་འཕྱར།། བར་མ་ཞགས་པ་ཐ་མ་དབྱུག་ཏོ་འཕྱར།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ་ཡེ་ཤེས་མཁའ་ལྡིང་རྒྱལ་པོ་མེའི་མགོ་ཅན།། དབུ་གསུམ་མདོག་སེར་རལ་བ་གྱེན་དུ་འཁྱིལ།། ཡན་ལག་རིན་ཆེན་སྐུ་ལ་མེ་ཆེན་འབར།། ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་མཛད།། ཕྱག་དྲུག་གཡས་ཀྱི་དང་པོ ་རིན་ཆེན་འབར།། བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་།། གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར།། བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཡེ་ཤེས་མཁའ ་ལྡིང་རྒྱལ་པོ་རླུང་གི་ཤུགས།། དབུ་གསུམ་མདོག་ལྡང་རལ་པ་གྱེན་དུ་འཁྱིལ།། སྒྲ་སྐད་སྣ་ཚོགས་བཤད་ཅིང་སྨིན་པ་བསྐྱེད།། ཡན་ལག་རིན་ཆེན་བརྒྱན་པས་སྐུ་འབར་བ།། ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་འཕྱར།། ་བར་མ་ལྕགས་ཀྱུ་ཟ་མ་ཤིང་ཐོག་བི་ཛ་པུར།། གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས།། བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་།། དེ་རྣམས་རྩ་བའི་སྙིང་པོ་ཁྲོམ་ལས་བསྐྱེད།། དེ་བཞིན་སྤྱན་དྲངས ་བཞུགས་གསོལ་ཕྱག་བྱ་དང་།། མཆོད་དང་བསྟོད་པ་བཟླས་པ་ཚུལ་བཞིན་བྱ།། བྷ་ལིང་ལ་སོགས་བྱེད་པ་དང་།། འབའ་མ་ཧ་ཏིའི་བཅས་པ་ཡིས།། སོར་མོ་ལྔ་ཡིས་བཅངས་པའི་རྗེས།། ཟན་ཆང་འབྲུ་གསུམ་འབྲུ ་དང་སྨན་གྱིས་མཆོད།། ཨོཾ་ར་ཛ་མ་ཧཱ་ག་ཎ་རུ་ཧཱུཾ་ཧཱུཾ། འབའ་ལི་པུ་ཛ་འབའ་ཏ་ཁ་ཧི། ཞེས་པས་པུ་ཛ་དབུལ་ལོ།། དེ་ནས་རྒུན་སྔགས་འདི་བཟླས། ཨོཾ་ད་ཀ་ཨོཾ་ཀི་ཁྱུང་ཀ་ར་ཁྱུང་ཀ་ར། ཤ་མ་རང་དབྱིག་ཏུ་ཤ་མ་རང ་དབྱིག་ཏུ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། སྔགས་དེ་རྒྱུན་དུ་བགྲངས།། མཁའ་ལྡིང་གསོ་བའི་ལས་བྱས་ན།། བདག་གམ་གཞན་དུ་གདུག་པ་འཇིགས།། ག་རུ་རྒྱལ་པོ་མཆོད་འདོད་པས།། གནས་སམ་ཁང་པའི་སྒོ་ངོས ་ཏེ།། སྣུམ་པའི་ས་འམ་བག་ཟན་ལ།། ག་རུའི་གཟུགས་ཀྱི་རྟེན་བཅས་ཏེ།། བྷ་ལིང་ལ་སོགས་པུ་ཛ་དང་།། བྷ་མ་ཧསྟི་བཅས་པའི་སོར་མོ་ལྔའི་ཕུད་ཛ་དེ།། འགའ་རུ་ར་ཛ་ཉིད་ལ་དབུལ།། སྙིང་པོ་ལྔ་པོ་གང་ཡང་རུང་།། ་གཅིག་གི་སྣ་དྲངས་བརྗོད་བསྟིང་ལ།། གྷ་རུ་ར་གཉིས་ནས་ཀྱང་།། དེ་རྟིང་པུ་ཛ་རབ་ཏུ་བརྗོད།། ཐོག་མར་ཨོཾ་དང་སྭཱ་ཧཱས་དབུལ།། འདི་ལྟར་གཞུང་བཞིན་བྱས་ན་ནི།། ཀ་ལ་ཤ་ཏས་ཟིན་པ་ལ།། གྲོལ་བར་འགྱུར ་། བར་ཐེ་ཚོམ་མེད།། དེ་ནས་བསྙེན་པའི་རིགས་བཞི་ལ།། མཉེས་པའི་བསྟོད་པ་འདི་ཡང་གསུངས།། ཧཱུཾ། རིགས་སྔགས་རྒྱལ་པོ་མཐུ་སྟོབས་བདག་པོའི་སྐུ།། ཨེ་མ་ཧོ། ཕྱག་མཐིལ་དཀྱིལ་ན་རྡོ་རྗེ་འབར ་བ་འདྲ།། ཞལ་ནས་གསུང་སྐད་སྟོན་པས་ཁམས་གསུམ་དབང་དུ་བསྡུད།། སྟོང་གསུམ་དག་ཏུ་གཡོས་པས་ཀླུ་ཆེན་ཕོ་མོ་འདུལ།། མཁའ་ལྡིང་རྒྱལ་པོ་རབ་འཇིགས་ག་རུ་ན།། ལྕགས་རུ་འདབ་གཤོག་ཆེན་པོ་བརྐྱང ་པས་ནི།། གསེར་གྱི་འོད་འཕྲོས་རླུང་སྒྲ་དྲག་པོ་ཡིས།། རྒྱ་མཚོ་ཆེན་པོ་ཀུན་ཏུ་གདབ་པ་ཡི།། ཀླུ་རྒྱལ་འཁོར་དང་བཅས་པ་ཟིལ་གྱིས་གནོན།། འཇིགས་བྱེད་གསེར་གྱི་སྤྱན་རྣོན་ཆེན་པོས་ནི།། ཚངས་པ་ཆེན་པོ་ཡུལ ་ས་རྩེ་ནས་འདོན།། གལ་ཏེ་ཀླུ་རྣམས་དམ་ལ་འདས་གྱུར་ན།། རྒྱ་མཚོའི་སྙིང་པོ་རྒྱ་མཚོའི་ལྦུ་བ་ལ།། གཤོག་པ་ཆེན་པོ་རྒྱ་མཚོར་བྱས་ནས་ནི།། ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས་ནས་ཀྱང་།། མེ་ཡི་སྙིང་པོ་འབར ་བས་རབ་བསྲེག་ཏེ།། ལུས་ནི་རུལ་ལྕགས་དྲི་ནི་ང་བར་འགྱུར།། ནད་ཀྱི་རྣམ་གྲངས་མང་པོས་བཏབ་པ་དང་།། ལུས་ལ་ནད་ངན་ཤ་ཁྲག་འབྱུང་བར་འགྱུར།། ཀུ་རུ་ན་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཧཱུཾ་མཁའ་ལྡིང་རྒྱལ་པོ ་ཚངས་པའི་བྱ།། གསེར་འདབ་བྱ་ཁྱུང་ག་རུ་ན།། དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ།། རིགས་གསུམ་མགོན་པོ་རྡོ་རྗེ་རྒྱལ།། མངའ་རིགས་ཀླུ་ཡི་འཁོར་གྱིས་བསྐོར།། རྡོ་རྗེ་རྣོན་པོ་སྤུ་གྲི་སོ་གཉིས་གཙིགས།། གསེར ་གྱི་སྤྱན་གཉིས་ཁྲོ་གཉེར་ཅན།། ཐབས་ལྡན་རྡོ་རྗེ་ར་གཉིས་བརྗིད།། ཡིད་བཞིན་ནོར་བུ་གཙུག་ན་འབར།། ལྕགས་ཀྱི་མཆུ་ཆེན་རྣོ་དཔལ་གྱིས།། རབ་ཏུ་གདུག་པའི་ཀླུ་རྣམས་ཀྱིས།། རྡོ་རྗེ་སྡེར་གཤོག་ཀྱང་མ་ཀླུ་མོ ་ཆེ།། ཀླུ་རྒྱལ་གདུག་པ་དབང་དུ་སྡུད།། ཞེས་བསྟོད་དེ་དབང་དུ་བསྡུ་བར་བྱའོ།། གདུག་པ་ཀླུའི་སྐབས་ཏེ་ང་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གདུག་པ་ཀླུའི་ནང་སྒྲུབ་འདི་ཡང ་གསུངས་སོ།། མཚོ་འགྲམ་ཆུ་མིག་ཤིང་གཅིག་རྐང་།། ནགས་ཁྲོད་འཐུག་པོ་དུར་ཁྲོད་དུ།། མཎྜལ་ཆ་མཉམ་ཡིད་འོང་ལ།། བ་ལས་བྱུང་བའི་རྣམ་པ་ལྔ།། ཕྱོགས་བཞི་དབུས་དང་ལྔ་ལ་ཕྱུག། དེ་ཉིད་བྱིན་གྱིས་བརླབ ་པའི་ཕྱིར།། ཧཱུཾ། ས་མ་ཡ་དང་ཨོཾ་གྱི་སྔགས།། བྱ་བ་བྱེད་པ་བྱིན་གྱིས་བརླབས།། བདག་ཉིད་ཆེན་པོ་རབ་བསྟན་ཏེ།། ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། བདག་ཉིད་སྤྱི་བོར་ལ་དམིགས་ཏེ།། བདག་པོ་བཞི་ཡི་དབང ་བསྐུར་རོ།། རྡོ་རྗེ་སྦུ་གུར་མ་བསམས་ཏེ།། གཡུ་ཡི་བྱེའུ་སྔོན་མོས་དབང་བསྐུར་རོ།། ཏྲི་ངར་ཡ་བསམ་དྲེགས་པས་དབང་བསྐུར་བྱ།། སྙིང་ཀར་ཧཱུཾ་བསྐྱེད་བདག་དབང་བསྐུར།། ལྟེ་བར་ཨོཾ་ཡིག་བསྙེན་ཕོར་རོ།། དེ ་ནས་ཐིག་གདབ་རི་མོ་བྲིའོ།། པདྨ་འདབ་བརྒྱད་མུ་ཁྱུད་ལྡན།། གྲུ་ཆད་སྒོ་རྣམས་དེ་བཞིན་བྲི།། ལྟེ་བ་མཐིང་ཀ་པདྨ་དཀར།། མུ་ཁྱུད་དམར་པོ་གྲུ་ཆད་ལྗང་།། སྒོ་རྣམས་སེར་པོ་སྒོ་འབུར་རིགས།། དེ་བཞིན་ཚོན ་རྣམས་དགྱེ་བར་བྱ།། དབུས་སུ་སྙིང་པོ་དགོད་པར་བྱ།། པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད།། རང་རང་རྩ་བའི་སྔགས་ཀྱིས་བྲི།། རྩིབས་མཚན་དེ་མིང་བྲི་བར་བྱ།། གྲུ་ཆད་བཞི་ལ་ཀླུ་མོ་བཞི།། ན་ག་ཕུ་བ་གྲུ ་ཆད་ལ།། སྒོ་འབུར་ཧ་ས་ཏྲི་ཀ་དགོད།། ཤར་ནས་བསྐོར་ཏེ་རིམ་པས་དགོད།། ཞེས་རྒྱུན་དུ་བགྲངས་པའི་ཡི་གེ་དགུ་པ་འདི་གསུངས་སོ།། ཧཱུཾ་ནཱ་ག་ར་ཙ་སྭ་མཱ་ཡཱ།། ཆེ་གེ་མོ་ཞིག་ཙི་ཏི་ཛྭ་ལ་ཡ། ཞེས་བསྒྲུབ་པར་བྱའོ།། ་ཞག་དགུ་བར་དུ་ཁྲུས་བྱས་ཏེ།། ཟས་སྣ་ལྔ་ནི་སྤང་བར་བྱ།། དེ་ནས་གྲུབ་པའི་རྟགས་རྣམས་ནི།། དངོས་སུ་ལོངས་སྤྱོད་ཚོགས་རྣམས་འབྱུང་།། རབ་ནི་བས་ལྡག་ཐོར་པ་འབྱུང་།། དེ་ཉིད་སྔོན་དུ་འགྱུར་ཆེའོ།། རིག ་པའི་ཤམ་བུ་གདགས་པར་བྱ།། དམོད་དེ་འགྱུར་ཏིས་ལས་ལ་སྡུད།། ཞེས་དོན་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར། དབང་བསྐུར་བར་བྱ་ཞེས་པ་འདི་གསུངས་སོ།། དར་དཀར་གཞིབ་མ་གཏོང་ནས་ནི།། པདྨ ་འདབ་བཞི་བྲི་བར་བྱ།། དཀར་པོ་ལ་སོགས་མུ་ཁྱུད་ལྡན།། དབུས་སུ་དམ་ཚིག་པ་ནི་དགོད།། དེ་ནས་ཡིད་འོང་བུམ་པ་ལ།། བདུན་པ་དགུ་པའི་རི་མོ་བྲི།། དགེ་བསྙེན་གཉིས་པོར་རབ་ཏུ་དམིགས། ཁ་དོག་ཚངས ་པའི་རབས་ཀྱིས་བཅིངས།། རྨ་བྱ་འོ་མ་བྲ་མ་དང་།། དྲག་པོའི་རྫས་ལ་བདུག་པར་བྱ།། རས་ལ་སོགས་པའི་གཟུངས་ཐག་གདགས།། སྡེར་གཤོག་ཕྱག་རྒྱས་སྙིང་ཀར་འདྲེན།། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ།། འབྲུ་ལྔ ་མེ་ཏོག་ལ་སོགས་པ།། བཅུ་གཉིས་ལྔ་གཉིས་བྱིན་གྱིས་བརླབས།། ཨོཾ་ཨཱཿཧཱུཾ་ན་ག་ཕུ་ཕུ་ནཱ་ག་བུ་དུ་ཛཱ་ལ་ནི། ནཱ་ག་ས་མ་ཡ་སྭཱ་ཧཱ། ཞེས་དམིགས་པའི་ཡན་ལག་གསུམ་པའི་རྒྱུ།། ཡི་གེ་རྩ་གཅིག་སྤྲུལ་པར་བཤད།། ཧཱུཾ ་སྐྱེས་བདག་པོ་གཉིས་ནས་སྦྲུལ།། ཡན་ལག་ཡི་གེ་རྩེ་གཅིག་ལ།། འོད་ཟེར་སྣ་ཚོགས་བདུད་རྩིར་སྤྲུལ།། ཡི་གེ་དམིགས་པའི་གནས་ལྔ་རུ།། བདུད་རྩི་བུམ་པ་བསྟན་པར་བྱ།། མཁའ་ལྡིང་རྒྱལ་པོ་དེ་ཉིད་བསམ།། ་དེ་ཉིད་གཙང་མའི་རས་ཀྱིས་དཀྲིས།། གུར་གུམ་སྨན་རྣམས་ཆུ་བསྲེས་བཀྲུས།། དེ་བཞིན་མ་རྨོས་ཟས་རྣམས་བཟའ།། ཞེས་འདི་སྐད་ཅེས་གསུངས་སོ།། ཀྱེ་མའོ་རྡོ་རྗེ་འཛིན་པའི་བདག། བདག་ནི་དམ་ཚིག་ངོས ་དགའ་ཡིས།། དམ་ཚིག་དཀྱིལ་འཁོར་འདིར་འཇུག་ན།། ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས།། ལོངས་སྤྱོད་ཀླུ་ཡི་ཕོ་བྲང་ནས།། རིགས་མའི་རྒྱལ་མོར་དབང་བསྐུར་ཅིག། ཞེས་གསོལ་ཏེ་དེ་ཉིད་དུ་འཁོད་དོ།། ཉོན ་ཅིག་སྐལ་ལྡན་རིགས་ཀྱི་གཙོ།། ལོངས་སྤྱོད་ཀླུ་ཡི་རིགས་རྣམས་ཀྱིས།། ཕོ་བྲང་ཡིད་འོང་མངོན་དགའ་ནས།། རབ་ཏུ་གདུག་པའི་ཀླུ་རྣམས་ལ།། ཡིད་བཞིན་རིན་ཆེན་རབ་གནས་པ།། དེ་རིང་ཁྱོད་ཀྱིས་བཅངས ་པར་གྱིས།། ཞེས་དབང་བསྐུར་བར་བྱའོ།། དེ་ནས་ཡང་བར་ཆད་བསལ་ཕྱིར། རྨ་བྱས་བརྟགས་ཤིང་གུ་གུལ་གྱིས་བདུག་ཅེས་གསུངས་སོ།། གཉེན་པོ་རིགས་བཞིའི་དབུ་རྒྱན་དང་།། དར་གྱི་ཅོད་པན་མེ་ཏོག་ཕྲེང་།། ་ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་དང་།། རྟེན་གྱི་བུམ་པས་དབང་བསྐུར་བར་བྱའོ།། དེ་ནས་དམ་ཚིག་རྟེན་འབྲེལ་གྱི་སྙིང་པོ་འདི་བརྗོད་པར་བྱའོ།། རིགས་ལྡན་ཐོགས་མེད་བརྒྱུད་པ་ཡི།། སྐལ་ལྡན ་སྔགས་ཀྱི་བདག་པོ་ཁྱོད།། དེ་རིང་སྨད་ཚིག་འདི་བཟུང་ལ།། ཡིད་བཞིན་རིན་ཆེན་གཏེར་བཞིན་ཆོངས།། ནམ་མཁའི་དངོས་པོ་མི་སྣང་ལ།། སྣ་ཚོགས་ཡིད་ཀྱིས་འཇའ་བྱུང་ཞིང་།། སྣང་མེད་སྤྲུལ་པའི་ངོ་བོ་ལས།། ་རྣམ་ཤེས་ལྡན་པའི་ཐོག་མེད་འདི།། རྣམ་ཤེས་རྒྱུ་ཡི་ངོ་བོ་ལས།། ཡི་གེའི་ཕྲེང་བ་ཉིད་དུ་བཀོད།། ན་ག་ལི་ལི་ཏྲི་ཡ། ས་ཏྲི་སྣི་རི་ཟ་རོ་ཏི་ཏི། ཡ་གུ་ས་ཏྲི་ཡང་ཧེ་ཧེ། ཧཱུཾ་ཧཱུཾ་བྷྱོ་ཛ། ཞེས་རྟེན་འབྲེལ་གྱི་སྙིང་པོས་ཡོངས་སུ ་རྫོགས་པར་བྱའོ།། དེ་བསྒྲུབ་པར་དུ་ཀླུ་གང་ལ་མི་བྱ།། དེ་ཡི་སྦྱོར་བ་ཡོངས་སུ་རྫོགས་པ་དང་།། ཀླུ་ཡི་སྦྱོར་བ་ཚངས་པར་བྱ།། འདི་ནི་དང་པོ་སྔོན་དུ་རབ་ཏུ་གཅེས།། དེ་ནས་ཀླུ་ཡི་སྦྱོར་བ་འདི་གསུངས་སོ།། ནཱ་ག ་གནས་ཤིང་ན་ག་གནས་པའི་ས།། དེ་ཡི་དྲུང་ནས་འཇམ་པའི་ས་བླངས་ཏེ།། ས་གཉེན་སྤྱི་བོ་དག་དང་མཉམ་བསྲེས་ལ།། ཀླུ་ཡི་རཱ་ཛ་དེ་ཡི་གཟུགས་བྱས་ལ།། ལུས་བཅུ་མགོ་གཅིག་སྦྲུལ་མགོ་བདུན་གྱིས་བརྒྱན།། ་གཡས་ན་རིན་ཆེན་འབར་བའི་བུམ་པ་ཐོགས། ཁ་དོག་མཐིང་ཁས་ལུས་ཀྱི་ཆུ་སྲིན་མནན།། ཨོཾ་པ་ཡི་ཡི་གེ་འདི་ནི་དེ་ཡི་རྒྱུ་ཡིན་ཏེ། ནཱ་ག་རཱ་ཛ་བ་སུ་ཀི་ནི་སྙོམ་ཞེས་དེ་བཞིན་བསྐྱེད་ལ། ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ ་ཞེས་བཀུག་ལ། དེ་ནས་གསལ་ནས་ཉི་ཤུ་པ་ཉིད་རྟག་པར་བཟླས།། ཇི་ལྟར་ནུས་པ་བཞིན་དུ་མང་བཟླས་ཏེ།། དེ་ལྟར་འདས་ཚེ་གཟུགས་དེ་བར་བུར་གཞུག། གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད།། རྟགས ་དང་མཚན་མ་རང་རང་གཟུགས་སུ་འབྱུང་།། བཟླས་པས་སྐྱོན་མཆོད་པ་དབུལ་བར་བྱ།། ནཱ་ག་རཱ་ཛའི་གཟུགས་ལ་ཐིམ་པར་བསམ།། དེ་ནས་གཏད་པའི་ལས་དག་བྱེད་འདོད་ན།། བདག་ཉིད་མཐུ་སྟོབས་བདག ་པོར་བསམ་བྱས་ནས།། ཐུགས་ཀར་མཁའ་ལྡིང་རཱ་ཛ་བསམ་བྱས་ཏེ།། ཆུ་གཏོར་དརལྡན་པ་བསམ་བྱས་ལ།། སེང་ལྡེང་ཕུར་པ་བདག་དང་འདྲ་བར་བསམ།། དེ་ཡི་གསང་སྔགས་ཉིད་ཀྱིས་བྱིན་གྱིས་བརླབས།། ་བདག་ཉིད་དེ་ཉིད་དྲིལ་ཞིང་ནཱ་ག་སྡིགས།། ཀ་ལ་རུ་པ་ཆག་ཆག་དམ་དམ།། བརྒྱ་འམ་སྟོང་དུ་བཟླས་པ་བྱས་ནས་ནི།། གསང་སྔགས་འདི་ཡིས་གཏད་པར་བྱ་བ་གསུངས།། ཨོཾ་ནཱ་ག་རཱ་ཛ། ཛ་ཧཱུཾ་བཾ་ཧོ་ཆེ་གེ་མོ་ཨཱ ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ། ཙི་ན་ཡང་ཙི་ན་ཡང་། ལེན་ཡཾ་ལེན་ཡཾ། ན་ག་ཆིངས་ནཱ་ག་ཆིངས། ན་ག་སྡོམས་ནཱ་ག་སྡོམས། དེ་སྐད་ཅེས་ནི་ལན་གཉིས་བརྗོད།། མི་འདི་བདུད་རྒྱུད་རྩད་ཆོད་ཅེས་བསྒོ། འདི་སྐད་ཅེས་ནི ་གནད་ལ་བོར།། གདུག་པ་ཀླུ་ཡིས་དགྲ་འདི་མ་བསད་ན།། ཕྱག་ན་རྡོ་རྗེས་རབ་རུ་མགོ་འགེམ་མོ། ཁོང་ནས་སྙིང་ཁྲག་འཛག་པར་བྱེད།། དེ་སྐད་བརྗོད་ལ་གནད་ལ་བོར།། དེ་ནས་མནན་པའི་སྔགས་འདི་གསུངས།། ་མཛེ་ཐོད་དམར་པོ་ཕ་མེས་ཐོད་པ་རུ།། མིང་དང་རུས་བཅུག་སྐུད་པ་སྔོན་དམར་བཅིངས།། བུད་མེད་ཞབས་མས་གཏུམ་ལ་ཁྱིམ་གྱི་གཏིང་དུ་སྦ།། ནུབ་སྐོར་ཁ་བལྟས་ཁྱིམ་གྱི་བདག་པོ་ལ།། བ་དམར ་གླང་དམར་འབྲི་ཡི་ཙོ་ཏོའི་ནང་།། མིང་རུས་འཆི་རྐྱེན་གང་འདོད་བྲིས་པ་དེ།། ལྟོ་འཕྱེ་སྦལ་ལྕོང་ལྟོ་རུ་བཅུག་ནས་ནི།། ཧཱུཾ་གིས་མཐའ་བསྐོར་བ་ནི་ཚིག་མི་བྱ།། ཀུན་ལ་གང་འདོད་འཆི་རྐྱེན་བྲིས་ཏེ་སྦ།། ཨོཾ་སུ་ལཾ་པྲ ་ཏི་ཏ་ནན། ཏི་སྟ་ཏི་སྟ་ཨོཾ་ཆེ་གེ་མོ་ལང་ནན།། སྟཾ་བ་ནན། མ་ར་ནན། ཨོཾ་ནན་ནམ་ཏི་ཁས། བྱེད་ཧུ་ཆར་ཁས་ནན་ཏིང་ཁས། སྲ་ནན་སྲ་ཁས། ན་ག་པུ་ཀ་ན་ག་པུ་ཀ། ན་ག་ལཾ་ན་ག་ལཾ་སྭཱ་ཧ། བདག་ལ་མི་ཚུགས་དྱ ་ཕྱིར་གང་མིང་སྨོས།། གནོན་པའི་རྐང་པ་རྡོ་རྗེ་རྒྱ་གྲམ་བསམ།། ས་བརྐོ་རང་གི་གྲིབ་མ་རབ་ཏུ་སྤང་།། མ་ཉེས་དཔངས་གཟུགས་ཀླུ་བསེན་དབང་དུ་བསྡུ།། དེ་ལྟར་བྱས་ན་ངེས་པར་ལས་རྣམས་འགྲུབ།། དཔལ ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གདུག་པ་ཀླུ་ཡི་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ང་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་དྲག་སྔགས་དགོས་པའི་སྔགས་འདི་གསུངས། ་ནནཱན་ག་རཱ་ཛ་བ་སུ་ཀི་ནི་སྟཽ། ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛྙཱ། ནཱ་ག་ནི་ནཱ་ག་ནི་ཛ་ཛ་ཛ། ཡུ་ཡུ་ཡུ་དམ་པ་ནི་དུམ་པ་ནི་ཡུ། ན་ག་རཱ་ཛ་བ་སུ་ཀི་ཨ་མི་ཏ་སརྦ་ས་མ་ཡ། ནཱ་ག་རཱ་ཛ་བྱི་བོ་ཀ་མ། ནཱ་ག་རཱ་ཛ་ཨ། རཏྣ་ནཱ་ག་པུ་ཀ་ན ་ག་ལུ་ཀ་ཧཱཾ་ཛ་ཧཱུཾ་ཛ་ཧཱཾ། ཨོཾ་ཆེ་གེ་མོ་ཛ་ཛ་ཆེ་གེ་མོ་ས་མ་ཡ། ཧཱུཾ་ན་ག་ཧཱཾ། ཨོཾ་ན་ག་རཱ་ཛ་བ་སུ་ཀི་ཛ་ཛ་ཨ་ཨ་ད་ད་ནན། ཨོཾ་ན་ག་རཱ་ཛ་ཛ་ཧཱ་བ་ཧོ། ཆེ་གེ་མོ་ཨ་ཀརྞ་ཡ་ཨ་ཀཪྵ་ཡ་ཧཱུཾ། ཙི་ན་ཡང་ཙ་ན་ཡང་། ལེན་ཡཾ་ལེན ་ཡཾ། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམས་ནཱ་ག་སྡོམས། ནཱ་ག་པུ་ཀ་ནཱ་ག་པུ་ཀ། ཧཱུཾ་ཛ་ཧཱུཾ་ཛ། ཆེ་གེ་མོ་མཱ་ར་ཡ་ཛ་ཛ་ཡ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་བ་སུ་ཀི་ཛ་ཛ། དགྲ་བོ་མ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ཨོཾ་ལཾ་སུམ་ལམ་པྲ་ཏི་སྟཾ་བྷ ་ནན། ཏི་ཏ་ཏི་ཏ་ཆེ་གེ་མོ་ལམ་ནན་ནན་སྟམ་པ་ནན་མ་ར་ནན། ཨོ་ནཾ་ནཾ། དོ་ཁས་བྱིའུ་ཆར་ཁས། ནན་ཏི་ཁས། པྲ་ནན་པྲ་ཁས། ནཱ་ག་པུ་ཀ་ནཱ་ག་པུ་ཀ། ནཱ་ག་ལཾ་ནཱ་ག་ལཾ་སྭཱ་ཧཱ། ནཱ་ག་རཱ་ཛ་ནན། ནཱ་ག་ཀུ་མ་ར་བྷྱོ། དེ ་བཞིན་སྔགས་རྣམས་རྫོགས་གྱུར་ན།། མཛེ་ནད་ཛ་ལ་མ་ར་ཡའོ།། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། མཛེ་ནད་ཛ་ལ་གདུག་པ་ཀླུའི་ཟླ་གསང་སྐབས་ཏེ་ང་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན ་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོའི་རྒྱུད་འདི། དུས་ཕྱི་མ་ལ་ན། ང་ཡང་དམ་ཚིག་ལས་མི་འདའ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་དང་། གིང་བདུན་མ་མོ་ལ ་སོགས་པ་རྣམས་ཀྱང་། ངའི་དམ་ཚིག་རྗེས་སུ་བསྒྲུབ་པར་མཛད་པས། དུས་ཐ་རྣལ་འབྱོར་པའི་སྐུ་ལ་བསྔོ་བ་རྣམས་ལ། དམ་ཚིག་གི་དབང་གིས་གྲོགས་བྱ་བར་ཞལ་གྱིས་བཞེས་སོ།། དེ་ནས་བཅོམ་ལྡན ་འདས་གཤེས་རྗེ་གཤེད་པས། གསང་བའི་བདག་ཟླ་གསང་ནག་པའི་རླུད་དང་བཅས་པ། བསྟན་པ་ཐམས་ཅད་གསུང་བའམ་ཡང་ཡིན་པར་རིག་ནས། ཕྱོགས་སྟོང་གཤིན་རྗེ་ཡབ་སུམ་དང་། ་བདུད་དང་བཙན་དང་གིངདང་ཀླུ་དང་གནོད་སྦྱིན་དང་། མ་མོ་ལ་སོགས་པ་འདུས་པ་ཕལ་མོ་ཆེ་རྣམས་ཀྱིས། ཤིན་ཏུ་ངམ་ཞིང་ངོ་མཚར་སྐྱེས་ནས་བསྟོད་པ། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་བདུད ་དང་གཤིན་རྗེ་ལ་སོགས་ཀུན་གྱི་གཤེད།། རུ་དགྲ་གདུག་པའི་ཚོགས་རྣམས་ཀུན་འཇོམས་པ།། ཐུགས་རྗེ་སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། ཤེས་པ།། བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ ་འཆར།། དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་དྲེགས་པ་སྒྲོལ།། བདུད་འདུལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཞིང་།། བདེ་གཤེགས་ལུང་དང་གཏན་ཚིགས་ཀུན་གྱི་མཛོད།། འཇིགས་བྱེད་རྒྱལ་པོ ་ཟླ་གསང་ནག་པོའི་རྒྱུད།། དྲེགས་པ་ཚར་གཅོད་རྒྱུད་ལ་བདག་ཅག་འདུད།། ཅེས་བསྟོད་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་འདུས་སོ།། རྒྱུད་གཏད་པའི་སྐབས་ཏེ་ང་བརྒྱད་པའོ།། བསྟན་པ་ཐམས་ཅད ་ཀྱི་ཉིང་ཁུ་རྫོགས་སོ།། །། གཤིན་རྗེ་ཟླ་གསང་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ཅེས་བྱ་བ་སློབ་དཔོན་པ་སུ་དྷ་ར་དང་། རྩུབ་པ་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བའོ།། བཀྲ་ཤིས། དགེའོ།། ། ་། གནུབས་ཀྱི་མན་ངག་དྲག་པོའི་སྔགས་རྒོད་བསྟན་སྲུང་སྤུ་གྲི་ལྟ་བུའི་རྒྱུད། པདྨ་དབང་རྒྱལ་གྱི་བཀའ། དྲེགས་པ་ཕོ་མོ་འདུས་པའི་ལས་ཀྱི་རྒྱུད། ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། བདེ་བ་ཆེན་པོའི་ངང་ལས་སྤྲུལ་པ་རྣམ་པ་གསུམ་བྱུང་བ་ནི་སྐུའི་སྤྲུལ་པ་འཇམ་དཔལ། ཐུགས་ཀྱི་སྤྲུལ་པ་ཕྱག ་ན་རྡོ་རྗེ། གསུང་གི་སྤྲུལ་པ་སྤྱན་རས་གཟིགས་དབང་ཕྱུག་དང་གསུམ་མོ།། དེས་རྣམ་པར་གཟིགས་ནས་དུས་དང་རྣམ་པ་ཐམས་ཅད་དུ་རི་རབ་ཀྱི་བྱང་ཕྱོགས་ལྕགས་རིས་ཡོངས་སུ་སྐོར་བའི་ནང་ནས། གནོད་སྤྲིན ་སྟོང་ཕྲག་བདུན་བཟླས་ཏེ། དེས་སེམས་ཅན་རྣམས་ཀྱི་སྲོག་ལ་ནི་འཚེ། ཤ་ནི་ཟ། ཁྲག་ནི་འཐུང་བ་ལས། སྤྲུལ་པ་རྣམ་པ་དེ་གསུམ་གྱི་གདན་ཚོགས་ཀྱི་བཀའ་བགྲོས་ཆེན་པོ་ཞིག་མཛད་ནས། གདོན་རིགས་དང ་བཅས་པ་བརྟུལ་ལོ། ཁྲོ་བོའི་སྐུར་བསྒྱུར་ཏེ། གཟེངས་ནི་བསྟོད། ཕྱག་བསྡམས་ནས་དམ་ལ་བཏགས་སོ།། གནོད་སྦྱིན་གྱི་རྒྱལ་པོའི་ཁས་བླངས་པ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དཀོན་མཆོག་གསུམ ་གྱི་དབུ་འཕང་བསྟོད་པ་དང་། དགེ་འདུན་ཆེ་བ་བསྐྱེད་པར་དམ་བཅས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་ཐུགས་ཀྱིས་སྤྲུལ་པ་ནི། བཀའ་ཉན་གཤིན་རྗེ་སྐུ་མདོག ་