CLOSE WINDOW

Gpb055.002: dpal he ru ka rol pa'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཐཱ་ཧེ་རུ་ཀ་ཏན་ཏྲ། བོད་སྐད་དུ། དཔལ་ཧེ་རུ་ཀ་རོལ་པའི་རྒུད། གསང་བ་ཟབ་མའི་མཆོག་ཅེས་བྱའོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅག་ན། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ། དམ་ཚིག་གི་སྡོམ་པ་གཉིས་སུ་མེད ་པའི་བདེ་བ་ཆེན་པོ་དབང་བརྙེས་པ། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཁམས་གསུམ་ཐམས་ཅད་ཀྱི་བདག་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་གསང་བ་ཆེན་པོ། ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ། ཕ་རོལ་ཏུ་ཕྱིན་པའི་སྐབས་དང་ལྡན་པ། ཆེ་མཆོག་ཧེ་རུ་ཀའི་ཤེས་རབ་དང་ཡེ་ཤེས་ཀྱིས་དབང་བསྐུར་བ། ་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རིན་པོ་ཆེ་གསང་བ་རྡོ་རྗེ། མཆོག་ཏུ་གསང་བའི་བཅོམ་ལྡན་འདས། བུད་མེད་ཀྱི་དཀྱིལ་ན། གསུང་བརྗོད ་པ་མེད་པར་བཞུགས་སོ།། སངས་རྒྱས་ཀྱི་ཞིང་ནམ་མཁའི་དབྱིངས་ཀྱི་རྡུལ་དང་མཉམ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ ་ལ་འགྲོ་བ་ཆེན་མོ་དང་། སྐལ་པ་དང་ལྡན་པ་དང་། འཇིབ་པར་བྱེད་པའི་གསང་བ་ཆེན་མོའི་གཡོག་དང་། འབྱུང་བ་ལྔ་དང་། འབྱུང་བ་ལས་གྱུར་པའི་ལྷའི་ཚོགས་འབུམ་ཕྲག་བརྒྱ་སྟོང ་གྱིས་ཁྱབ་པ་ལ་འདི་ལྟ་སྟེ། སྙིང་པོ་ཡེ་ཤེས་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་དང་། མེ་ལོང་ཡེ་ཤེས་རྡོ་རྗེ་དང་། སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་རྡོ་རྗེ་དང་། མཉམ་པ་ཉིད ་ཡེ་ཤེས་རྡོ་རྗེ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་རྡོ་རྗེ་དང་། ནམ་མཁའ་ཡེ་ཤེས་རྡོ་རྗེ་དང་། རླུང་ཡེ་ཤེས་རྡོ་རྗེ་དང་། མེ་ཡེ་ཤེས་རྡོ་རྗེ་དང་། ཆུ་ཡེ་ཤེས་རྡོ་རྗེ་དང་། ས་ཡེ་ཤེས་རྡོ་རྗེ་དང་། ཐབས་དང་ཤེས་རབ་ཡེ་ཤེས ་རྡོ་རྗེ་དང་། གཟུགས་ཡེ་ཤེ་རྡོ་རྗེ་དང་། སྒྲ་ཡེ་ཤེས་རྡོ་རྗེ་དང་། དྲི་ཡེ་ཤེས་རྡོ་རྗེ་དང་། རོ་ཡེ་ཤེས་རྡོ་རྗེ་དང་། རེག་ཡེ་ཤེས་རྡོ་རྗེ་དང་། སྐུ་ཡེ་ཤེས་རྡོ་རྗེ་དང་། གསུང་ཡེ་ཤེས་རྡོ་རྗེ་དང་། ཐུགས་ཡེ་ཤེས་རྡོ་རྗེ་དང་། ་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་ཡེ་ཤེས་རྡོ་རྗེ་དང་། གསུང་གི་དབང་པོ་ཡེ་ཤེས་རྡོ་རྗེ་དང་། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དང་། ཞི་བའི་ཡེ་ཤེས་རྡོ་རྗེ་དང་། གདུལ་དཀའ་འདུལ་གྱི་ཡེ ་ཤེས་རྡོ་རྗེ་དང་། རྒྱལ་བ་ཡེ་ཤེས་རྡོ་རྗེ་དང་། མེ་ཏོག་གི་ཡེ་ཤེས་རྡོ་རྗེ་དང་། རབ་ཏུ་དགའ་བའི་ཡེ་ཤེས་རྡོ་རྗེ་དང་། དབང་གི་ཡེ་ཤེས་རྡོ་རྗེ་དང་། ཉི་མའི་ཁྲོ་བོའི་ཡེ་ཤེས་རྡོ་རྗེ་དང་། རྒྱལ་མཚན་ཡེ་ཤེས་རྡོ་རྗེ་དང་། ་རྡོ་རྗེ་སྒྲ་ཡེ་ཤེས་རྡོ་རྗེ་དང་། འགྲོ་བ་འདུལ་བ་ཡེ་ཤེས་རྡོ་རྗེ་དང་། གཞན་དུ་ཡེ་ཤེས་རྡོ་རྗེ་དང་། རྒྱུ་ཡེ་ཤེས་རྡོ་རྗེ་དང་། གསུང་མེད་པའི་ཡེ་ཤེས་རྡོ་རྗེ་དང་། སྣ་ཚོགས་ཀྱི་ཡེ་ཤེས་རྡོ་རྗེ་དང་། གོ་ཆ་ཡེ་ཤེས་རྡོ་རྗེ་དང་། ་ཡང་དག་པར་ཟབ་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་དང་། འདུས་པའི་ཡེ་ཤེས་རྡོ་རྗེ་དང་། བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་དང་། བྱང་ཆུབ་སེམས་ཡེ་ཤེས་རྡོ་རྗེ་དང་། རིན་ཆེན་དབང་བསྐུར་བ་ཡེ་ཤེས་རྡོ་རྗེ་དང་།། པདྨ ་དམར་པོ་ཡེ་ཤེས་རྡོ་རྗེ་དང་། དམ་ཚིག་རྡོ་རྗེ་ཡེ་ཤེས་རྡོ་རྗེ་དང་། མཆོད་པའི་ཡེ་ཤེས་རྡོ་རྗེ་དང་། རྣལ་འབྱོར་མ་ཆེན་མོའི་གཡོག་དང་བཅས་པ་རྣམས་ལ་འདི་ལྟ་སྟེ། ཤིན་ཏུ་དག་པའི་དབང་མོ་ཞེས་བྱ་བའི ་ཡེ་ཤེས་རྡོ་རྗེ་དང་། རྨོངས་པར་བྱེད་པའི་དབང་མོ་ཡེ་ཤེས་རྡོ་རྗེ་དང་། གསོད་ཅེས་བྱ་བའི་དབང་མོ་ཡེ་ཤེས་རྡོ་རྗེ་དང་། རྡོ་རྗེ་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང་། ཡེ་ཤེ་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང་། རིན་ཆེན ་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང་། པདྨའི་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང་། ལས་ཀྱི་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང་། གནོད་པར་བྱེད་པ་མ་ཡེ་ཤེས་རྡོ་རྗེ་དང་། འཇོམས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། ་རྨོངས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། རྒྱས་འདེབས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། འདྲེན་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། གསོད་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། འབིགས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། གཅོད ་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། བསྡིགས་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང་། ཚིགས་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང་། ཡན་ལག་ཐམས་ཅད་འཕྲོག་བྱེད་ཡེ་ཤེས་རྡོ་རྗེ་དང་། འཇིབ་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། ་ཁྲག་ལ་དགའ་བ་མ་ཡེ་ཤེས་རྡོ་རྗེ་ཡེ་ཤེས་དང་། གཅོད་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། ཕན་བྱེད་མ་ཡེ་ཤེས་རྡོ་རྗེ་དང་། ནམ་མཁའ་ལ་འགྲོ་མ་ཡེ་ཤེས་རྡོ་རྗེ་དང་། ངག་འཕྲོག་མ་ཡེ་ཤེས་རྡོ་རྗེ་དང་། ཟས་ཤ་རློན་ཟ་བ་ཡེ ་ཤེས་རྡོ་རྗེ་དང་། སྲིན་མོ་ཡེ་ཤེས་རྡོ་རྗེ་དང་། གནོད་སྦྱིན་མ་ཡེ་ཤེས་རྡོ་རྗེ་དང་། གནོད་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང་། སྲུལ་བྱེད་ཡེ་ཤེས་རྡོ་རྗེ་དང་། སེང་གེ་མགོ་ཡེ་ཤེས་རྡོ་རྗེ་དང་། སྟག་ཡེ་ཤེས་རྡོ་རྗེ་དང་། ་རིདྭགས་ཡེ་ཤེས་རྡོ་རྗེ་དང་། ཕག་ཡེ་ཤེས་རྡོ་རྗེ་དང་། སྤྲེའུ་ཡེ་ཤེས་རྡོ་རྗེ་དང་། ཁྱི་ཡེ་ཤེས་རྡོ་རྗེ་དང་། བྱི་བ་ཡེ་ཤེས་རྡོ་རྗེ་དང་། ར་ཡེ་ཤེས་རྡོ་རྗེ་དང་། བྱ་རོག་ཡེ་ཤེས་རྡོ་རྗེ་དང་། ཝ་ཡེ་ཤེས་རྡོ་རྗེ་དང་། བྱ་རྒོད་མ ་ཡེ་ཤེས་རྡོ་རྗེ་དང་། སྲིན་མོ་ཡེ་ཤེས་རྡོ་རྗེ་དང་། མིའི་ཀེང་རུས་དང་། འབྲུ་ཆེན་པོའི་རོ་དང་། ཡི་དྭགས་དང་། ཤ་ཟ་དང་། གཟིག་དང་། བོང་བུ་དང་། རྟ་དང་། མ་ཧེ་དང་། བ་ལང་དང་། འུག་པ་དང་། རྡོ་རྗེ་འཕྲོག ་པར་བྱེད་མ་ཆེན་མོ་དང་། རྡོ་རྗེ་ཟས་འདྲེན་མ་ཆེན་མོ་དང་།། དེ་ལ་སོགས་ཏེ་མཐའ་ཡས་མཆོག། མི་མཉམ་པ་དང་མཉམ་པ་དང་བཅས་པ། ཆོས་ཀྱི་དབྱིངས་རྡོ་རྗེ་ནམ་མཁའ་ལ་འགྲོ་མའི་ཚོགས་གཡོག་དང་བཅས ་པ། རྡོ་རྗེའི་རིགས་ཡེ་ཤེས་རྡོ་རྗེ་དང་། ཡེ་ཤེས་ཀྱི་ཁྲོ་བོ་ཡེ་ཤེས་རྡོ་རྗེ་དང་། སྤྲུལ་པའི་ཁྲོ་བོ་ཡེ་ཤེས་རྡོ་རྗེ་དང་། སྤྲུལ་པའི་ཕྲ་མེན་མ་ཡེ་ཤེས་རྡོ་རྗེ་དང་། ཡང་སྦྲུལ་མ་ཆེན་མོ་ཡེ་ཤེས་རྡོ་རྗེ་དང་། བདུད་རྩི་ལྷ་མོ་ཡེ ་ཤེས་རྡོ་རྗེ་དང་། དེ་དག་ལ་སོགས་ཏེ་བྱེ་བ་ཕྲག་བརྒྱ་སྟོང་པོ་རྣམས། སྒྲ་ཅ་ཅོ་འབྱིན་ཅིང་། ནམ་མཁའི་དབྱིངས་རབ་འབྱམས་ཆེན་པོའི་ཚོགས་རྣམས་ཀྱིས་མཆོད་པར་བྱེད་ཅིང་། བུད་མེད་ཀྱི་དཀྱིལ་ན་གསུང་མི ་། བརྗོད་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ཀུན་ཏུ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་གདོན་མ་ཟ་བའི་ཚོགས་དང་། རྡོ་རྗེ་གཏོང་བ་དབང ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་རོལ་པ་ཆེན་པོས་རབ་ཏུ་རྣམ་པར་རོལ་པ། སྤྲུལ་པ་ཆེན་པོའི་གར་དང་། གླུ་དང་སིལ་སྙན་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། ་རེག་པའི་བདེ་བ་ཆེན་པོ་དང་འགས་པར་འགྱུར་བ་དང་། རོལ་པ་ལ་སོགས་པའི་རེག་པར་བདེ་བ་ལ་སྤྱོད་པའི་གར་ཉེ་བར་སྟོན་ཅིང་། རྣམ་པ་སྣ་ཚོགས་ཀྱི་ཚོགས་ཀྱི་ཚུལ་ཆེན་པོ་འཕགས་པར་འགྱུར་བ་དང་། རྣམ ་པ་སྣ་ཚོགས་ཀྱིས་གནོན་པ་དང་། རྣམ་པ་སྣ་ཚོགས་སྤྱོད་པ་དང་། གར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཇིབ་པར་བྱེད་པ་དང་། སྤྲད་པར་བྱེད་པ་དང་། ཟློག་པར་བྱེད་པ་དང་། མྱང་བར་བྱེད་པ་དང་། འགྱུར ་བར་བྱེད་པ་དང་། འཕྲོག་པར་བྱེད་པ་དང་། རྩོམ་པར་བྱེད་པ་དང་། ཀུན་ཏུ་འདེབས་པར་བྱེད་པ་དང་། བདེ་བར་ཉེ་བར་སྟོབས་ཤིང་། རེག་པ་རོའི་བྱེ་བྲག་མང་པོའི་བྱེ་བ་ཕྲག་བརྒྱ་སྟོང་ཚད་མེད་པར་ནམ ་མཁའི་དབྱིངས་རྡུལ་ཕྲན་ལས་འདས་པར་མཉམ་པར་འཇོག་པས་ཉེ་བར་གནས་ཤིང་ཚོ་སྐྱོང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི་གཟིགས། དགོངས་པ ་ཉེ་བར་མི་འཇོག། ཐབས་དང་ཤེས་རབ་སྟོང་པར་མི་འཛད། ཤིན་ཏུ་འགལ་བ་ཕྱིན་ཅི་ལོག་པ་ལ་འཇོག་པར་མི་མཛད། ཉེ་བར་འཇོག་པར་མི་མཛད། མ་དད་པ་རྣམས་དད་པར་ཡང་མི་མཛད། མ་དུལ་བ་རྣམས་དུལ ་བར་ཡང་མི་མཛད། ཉེ་བར་གཙེས་པ་རྣམས་འཚེ་བར་ཡང་མི་མཛད། མི་འགགས་པ་རྣམས་འགགས་པར་ཡང་མི་མཛད། མ་བསྐུལ་བ་རྣམས་བསྐུལ་བར་མི་མཛད། མ་རྒྱས་པ་རྣམས་རྒྱས་པར་ཡང་མི་མཛད། རྣམ ་པར་རྨོངས་པ་རྣམས་སེལ་བར་མི་མཛད། དགའ་བར་གྱུར་པ་རྣམས་མི་དགའ་བར་ཡང་མི་མཛད། དགའ་བར་མ་གྱུར་པ་དགའ་བར་མི་མཛད། མ་ཁྲོས་པ་ཁྲོས་པར་ཡང་མི་མཛད། མི་གདུག་པ་གདུག་པར་ཡང་མི ་མཛད། འཇིགས་བྱེད་ཆེན་པོ་དང་། དྲག་པོ་མ་རུང་བ་ཆེན་པོ་དང་། གཏུམ་པོ་ཆེན་པོ་དང་། ལྷ་དང་ལྷ་མ་ཡིན་དང་། ལོག་འདྲེན་དང་། གདུག་པ་ཆེན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་གནོད་སྦྱིན་དང་། སྲིན་པོ ་དང་། ཤིན་ཏུ་གདུགས་པ་ཆེན་ཆེན་པོ་དང་། ཚ་བའི་དོན་དང་། ནད་དང་སྦྲུལ་དང་། སེམས་ཅན་ཐམས་ཅད་འཚེ་བར་བྱེད་ཉེ་བར་ཞི་བར་ཡང་མི་མཛད། རྣམ་པར་དུལ་བར་ཡང་མི་མཛད། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་འདུས་ནས། དགོངས་པ་ཉེ་བར་བཞག་སྟེ། སྤྱན་གཉིས་མི་འཛུམ་པར་གཟིགས་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་སྐོར་ཞིང་། ་། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་གིས་ཕྱག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དབྱིངས་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་བོ།། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན།། རྣམ་དག ་སྲས་བཅས་བྱང་ཆུབ་རྣམས།། ཡུན་རིང་བསྒོམས་ནས་ཤིན་ཏུ་གདུངས།། དགའ་བའི་ཡིད་ཀྱིས་དགེས་པར་མཛོད།། ཀྱེ་འདོད་ཆགས་དྲི་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ།། འདོད་ཆགས་དམ་ཚིག་ལ་ནི་བྱེ་མཛད ་ནས།། དགའ་བ་དྲུག་སྤྱད་ཤིན་ཏུ་གདུངས་པ་ཡི།། འདོད་པའི་བདེ་བ་ཉིད་ཀྱིས་འཇོག་པར་མཛོད།། རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ།། རིན་ཆེན་འབར་བའི་བྱང་ཆུབ་སེམས་ནི་རབ་ཕྱུང་ནས།། རྒྱལ་བ་ཐམས ་ཅད་རྣམས་ཀྱི་དབུ་ནི་སྐམས་པ་ལ།། དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད།། མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པ།། པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་བས།། སྣ་ཚོགས་སེམས་དཔའ ་སེམས་རླན་བརླག་གྱུར་པས།། སྦྱོར་བ་གཞན་མིན་མ་གཏོགས་བཤད་དུ་གསོལ།། རྡོ་རྗེ་སེམས་ཁྱོད་དབང་མཆོག་བདེ་བ་བྱེད་པའི་མཛོད། རྡོ་རྗེ་པདྨོ་དབྱེ་བའི་ཚུལ་གྱིས་སྦྱར་མཛོད་དོ།། རྒྱལ་བ་ཀུན་གྱི་གཟུགས ་ཀྱི་སྐུ་ནི་རབ་བཏུད་ནས།། ཐམས་ཅད་བདེ་བའི་སྒྲུབ་པ་དེ་ཉིད་ཀྱིས་མཉེས་མཛོད།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དབྱངས་ཀྱི་ངེས་པར་བསྐུལ་བ་ཐུགས་སུ་ཆུད་ནས་བཞེངས་ཏེ། རྗེད་པ་དང་བཅས་པས་གར་མཛད་ཅིང་། ཞལ་འཛུམ་པ་དང་། འདོར་བ་དང་། བསྐུམ་པ་དང་། འགྱིང་བ་དང་། སྤྱན་མཛེས་པས་སྨིན ་རིངས་བསྐྱོད་ཅིང་བསྒྱུར་བ་དང་། པདྨོའི་ཕྱག་གིས་གཡས་གཡོན་གར་གྱིས་ཕྲེང་བའི་ཚུལ་གྱིས། སའི་ངོས་ལ་ཞབ་འཕེན་ཞིང་བསྒྱུར་བ་དང་། འདོར་ཞིང་བསྐུམ་པ་དང་། འཇོགས་ཤིང་འདོགས་པའི་རྣམ་པར ་གནོན་པས། ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་མཛད་དེ། རླུང་གི་ཁམས་དང་། མེའི་ཁམས་དང་། ཆུའི་ཁམས་དང་། སའི་ཁམས་ཀུན་ཁྱབ་པར་མཛད་དེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས ་ལ་ཀུན་ཏུ་ཁྱབ་པར་མཛད་དེ། སྣ་ཚོགས་དང་། ཕྲ་བ་དང་། སྦོམ་པོ་དང་། བུད་མེད་དང་། གཞོན་ནུ་དང་། རྒན་པ་དང་། སྐྱེས་པ་དང་། སྐྱེས་པ་མ་ཡིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྐར་མ་དང་། ་གཤིན་རྗེ་དང་། ཆུ་བདག་དང་། བརྒྱ་བྱིན་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཐམས་ཅད་ལ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རྒྱས་པར་བྱས་ཏེ་ཡང་དག་པར་གནས་སོ།། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཡང་འདུས་ནས་ཕྱག་གར་དང་བཅས་པས་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ་ལ་སྤྱི་བོས་བཏུད་ནས་གསོལ་བ་བཏབ་པ། ་བཅོམ་ལྡན་འདས་ཀུན་གྱི་གསང་བའི་ཧེ་རུ་ཀ་ཆེན་པོར་རོལ་པའི་ཐིག་ལེ་འདི། གཉིས་མེད་ཡེ་ཤེས་ཡང་དག་འབྱུང་།། བཅོམ་ལྡན་ཁྱོད་ཀྱིས་དེ་བཤད་གསོལ།། སེམས་ཅན་ཀུན་གྱི་མ་སྐྱེས་པ།། སྐྱེས ་དང་མ་སྐྱེས་རྣམ་སྤངས་པའི།། འབྱུང་དང་འབྱུང་འགྱུར་རབ་སྦྱོར་བའི།། མཆོག་ཏུ་བརྟག་པའི་། ཐམས་ཅད་རིན་ཆེན་འབྱུང་གནས་དག། ནམ་མཁའ་དྲི་མེད་འདྲ་བ་ཡི།། རྒྱལ་མཚན་ཆེན་པོ་བསྒྲེང ་བས་ཏེ།། རྡོ་རྗེ་ཆེན་པོས་དབང་བསྐུར་བའོ།། ལོངས་སྤྱོད་ཆོས་ནི་ཡང་དག་འབྱུང་།། པདྨའི་མཆོག་ནི་དམར་པོ་མདོག། འདོད་ཆགས་དེ་ཉིད་གསང་བ་ཆེན།། བདེ་བྱེད་ཐམས་ཅད་བདུད་རྩིའི་མཆོག། ལ་དང་ཨར ་ནི་དོན་དང་ལྡན།། ཡང་དག་མཛེས་པའི་འགྱིང་བའི་གྲོས།། ས་མཆོག་ཡེ་ཤེས་བདེ་བ་ཆེ།། བྱང་ཆུབ་སེམས་ཐེག་མཆོག་ཉིད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོས་གསོལ་བ་བཏབ་པ་མཁྱེན་ནས། འགོག་པ་ཆེན་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཅང་མི་གསུང་བར་བཞུགས་སོ།། དེ་བཞིན ་གཤེགས་པ་དེ་དག་ངོ་མཚར་དུ་གྱུར་ཏེ། ཡང་འདུས་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ་ལ། དེ་ཁོ་ན་ཉིད་ཀྱི་དབྱངས་ཀྱིས་བསྐུལ་ཏེ་བཞེངས་པར་མཛད་དོ།། ཨོཾ་ཨཱཿཧཱུཾ། མི་སྐྱེ་ཡེ་ཤེས་བདེ ་མཆོག་རོལ་པའི་མས།། སེམས་དཔའི་མཆོག་ཉིད་འགོག་པ་རྣམས་ལས་བསླང་།། ཆགས་མེད་ཀུན་ཏུ་མྱ་ངན་འདས་མཛད་བཞེངས་ཤིགས་ཞབས།། མཆོག་ཏུ་གསང་བའི་དམ་བཅས་འཇིག་རྟེན་སྒྲོལ།། བྱང་ཆུབ་སྐྱེ ་གནས་དབྱིངས་ལས་གར་མཛོད་ཅིག། སྔོན་གྱི་ཉོན་མོངས་རྡོ་སྐམས་གཟིར་བ་ཡི།། བདེ་མཆོག་རྒྱན་དང་ལྡན་པའི་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛད།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན ་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཆེན་པོ་ཧེ་རུ་ཀ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་གསང་བའི་ཐིག་ལེ་འདི་ལས་ཤིན་ཏུ་དགྱེས་པ་ཆེན་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་འོད ་ཟེར་གྱི་ཚོགས་ཕྱུངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྣང་བར་བྱས་ཏེ། སྟེང་དང་འོག་ཏུ་ཡང་བཞུགས། ་མ་ལུས་ལུས་པ་མེད་པའི་རི་ལ། སེམས་ཅན་ཐམས་ཅད་ལ་གསལ་བར་བྱས་ནས། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ནས། སླར་དེ་ཉིད་དུ་སླར་ལོག་ནས། བཅོམ་ལྡན་འདས་ཤིན་ཏུ་དགྱེས ་པ་ཆེན་པོ་སྙིང་པོ་གསང་བའི་མཆོག་གི་ཐིག་ལེའི་དབུས་ན་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བར་གྱུར་པ། སྙིང་པོ་དེས་བསྐུལ་བ་ནི་གར་མཛད ་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོའི་ཐུགས་ཀྱི་དབུས་སུ། མཆོག་ཏུ་གསང་བ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བར་བསྒྲུབས་ཏེ། སྐུ་རང་གི་བུད ་མེད་ཀྱི་ཚུལ་དུ་བསྐྱེད་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་འབྱུང་བར་འགྱུར་ཏེ། དེ་ལ་ལ་ནི་སྤྱད་པ་པདྨ་ལྟ་བུར་བསྒྱུར་ཅིང་སྨིན་མ་དཀྱུས་རིངས་སངས་རྒྱས་ཚུལ་གྱིས་གར་མཛད་ཅིང་། ་སངས་རྒྱས་རྣལ་འབྱོར་དཀྱིལ་འཁོར་དུ།། རབ་དབྱེས་རྡོ་རྗེ་གདོན་མི་ཟ།། རྡོ་རྗེ་སེམས་ལ་དགྱེས་མཛད་ཅིང་།། བདེ་བ་སངས་རྒྱས་བདེ་བ་ཡིས།། བཅོམ་ལྡན་སངས་རྒྱས་བཞུགས་པར་འགྱུར།། ཞལ་བསྒྱུར་སྨིན ་མ་བསྒྱུར་བ་ཡིས།། སྤྱན་ཡང་བསྒྱུར་ཞིང་ཤིན་ཏུ་གནོན།། སོར་མོ་རྣམས་ཀྱང་རབ་ཏུ་བསྒྱུར།། རྡོ་རྗེ་ཚུལ་གྱིས་གར་མཛད་ཅིང་།། སེམས་དཔའ་ཆེ་ལ་མཉེས་པར་མཛད།། རྡོ་རྗེ་རྣལ་འབྱོར་མ་དཀྱིལ་དུ།། སྐུ ་ནི་སྐད་ཅིག་བསྐུལ་བ་ཡི།། བཅོམ་ལྡན་འདས་རྡོ་རྗེ་གནས་པར་འགྱུར།། ཞལ་ནི་བརྗིད་ཅིང་རིན་ཆེན་དབུ།། དྲི་མེད་སྤྱི་བོར་གར་མཛད་ཅིང་།། དཀྱིལ་འཁོར་ཞལ་གྱིས་རྣམས་བསྒྱུར་བ།། བྱང་ཆུབ་སེམས་ནི་མྱང ་བར་མཛད།། དུར་ཁྲོད་ཡོན་ཏན་ཚོགས་དག་གིས།། པདྨའི་སྤྱན་གྱིས་གཟིགས་མཛད་ཅིང་།། བདེ་བའི་བདག་པོ་ཆེན་པོ་ལ།། རིན་ཆེན་ཚུལ་གྱིས་མཉེས་པར་མཛད།། རབ་ཏུ་དགྱེས་གསལ་བདེ་བ་ཡི།། པདྨ་དམར ་ལ་ཆེ་མཛད་དེ།། འདོད་ཆགས་བྲལ་ཞིང་རབ་ཏུ་བསྒྱུར།། པདྨ་འདྲ་བས་འབྲེལ་བ་ཡི།། པདྨའི་རྣལ་འབྱོར་མ་དཀྱིལ་དུ།། བརྗིད་པའི་སྤྱན་གྱིས་ཀུན་གཟིགས་པའི།། བདེ་བ་ཆེ་ལ་མཉེས་པར་མཛད།། བཅོམ་ལྡན ་པདྨ་གནས་པར་འགྱུར།། ཕྱག་གིས་དང་པོ་སོར་རྩེ་མོ།། རྣམ་པར་བསྒྱུར་བས་གར་མཛད་ཅིང་།། ཕྱག་སྦྱོར་ཁོང་སྟོང་པདྨ་ཡིས།། གློག་བཞིན་འཕྲལ་ནས་སྤྱི་གཙུག་ཏུ།། མཆོད་པའི་སྤྲིན་གྱིས་ལོངས་སྤྱད་པས།། སྣ ་ཚོགས་བདེ་བྱེད་རྩེ་ཉིད་ལ།། ལས་ཀྱི་ཚུལ་གྱིས་མཉེས་མཛད་ཅིང་།། བཅོམ་ལྡན་འདས་སྣ་ཚོགས་གནས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་མཆོག་ཏུ་གསང་བ་བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ། ཐིག་ལེ་བྱང་ཆུབ་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་བདེ་བ་ཆེན ་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། དཀྱིལ་འཁོར་ཉིད་ཀྱིས་ཚུལ་གྱིས་སུ།། ཆོ་ག་སྦྱོར་བས་སྤྲོ་བ་བྱས།། དེ་དང་མཐུན་པར་དཀྱིལ་འཁོར་དོན།། སྦྱོར་བའི་གར་གྱིས་གར་བྱས་ཤིང་།། ཇི་ལྟར ་ཡང་དག་བརྟགས་བྱས་པས།། ཇི་ལྟར་དཀྱིལ་འཁོར་དེ་ཁོ་ན།། ཧེ་རུ་ཀ་དཔལ་དཀྱིལ་འཁོར་ནི།། རྡོ་རྗེ་སེམས་དཔའ་དཔའ་བོས་ཀྱང་།། བརྟག་པར་ནུས་པ་མ་ཡིན་ནོ།། དཀྱིལ་འཁོར་ཡེ་ཤེས་ཀྱིས་བརྟགས་པས། ་། སྙིང་པོ་ཕྱག་རྒྱས་སྔགས་རིག་གིས།། ལྷ་ཡི་སྦྱོར་བས་རྒྱས་བཏབ་པས།། ཆོ་ག་ཤེས་པར་བྲི་བར་བྱ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་དང་ཡང་དག་ལྡན།། ཐིག་གིས་ཡོངས་སུ་འཁོར་བར ་གདབ།། དབུས་སུ་འཁོར་ལོ་རྩིབས་བཞིར་ལྡན།། ཀུན་ཏུ་ཡོངས་སུ་མུ་ཁྱུད་བྱས།། ཕྱི་རོལ་རྡོ་རྗེ་ར་བས་བསྐོར།། དེ་དབུས་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། རིགས་བཞི་ཧེ་རུ་ཀས་ནི་བསྐོར།། གྲ་བཞིར་ཤྭ་རི་ཡུམ ་དང་བཅས།། དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་དྲུག། ཡེ་ཤེས་ཁྲོ་མོ་བཅུ་དྲུག་དགོད།། དེ་ཡི་ཕྱི་རིམ་པད་མ་དྲུག། སྤྲུལ་པའི་ཁྲོ་བོ་ཕོ་བཅུ་དྲུག། དེའི་ཕྱི་རིམ་བཅུ་དྲུག་ལ་སྤྲུལ་པའི་ཕྲ་མེན་མ་བཅུ་དྲུག། དེའི་ཕྱི། ་རིམ་སྣམ་བུ་གཅིག་ལ་ཡང་སྤྲུལ་པ་བཅུ་དྲུག། དེའི་ཕྱི་རིམ་སྣམ་བུ་གཅིག་ལ། ཞེ་སྡང་སྤྲུལ་པ་བཅུ་དྲུག། དེའི་ཕྱི་རོལ་སྣམ་བུ་གཅིག་ལ། སྨན་གྱི་ལྷ་མོ་སུམ་ཅུ་རྩ་གཉིས། དེའི་ཕྱི་རོལ་སྣམ་བུ་གཅིག་ལ། བཅོམ ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྐུ་བསིལ་དཔག་བསམ་གྱི་ཤིང་བཞི། དེའི་རྩ་བ་ན་སྨན་བདུད་རྩིའི་ལྷ་མོ་རེ་རེ། གསེར་གྱི་མེ་ཏོག་གཞོང་ནུ་རེ་རེ། བཅོམ་ལྡན་འདས་ལ་མཆོད་ཅིང་། བདུད་རྩིའི་བུམ་པ་ཐོགས་ནས། ་སྐུ་ཁྲུས་མཛད་པ་རེ་རེ། དེའི་ཕྱི་རིམ་སྣམ་བུ་ལ། དབང་ཕྱུག་མ་ལས་ལས་གྲུབ་པ་མགོ་བརྙན་མ་ཉི་ཤུ་རྩ་བརྒྱད་དགོད་དོ།། ཡང་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་དགོད་པའི་དོན་བཟུང་ཞིང་བཀའ་སྩལ་པ། ་དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ།། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། དབུ་ནི་ཉི་ཤུ་རྩ་གཅིག་ལ།། ཕྱག་ནི་བཞི་བཅུ་རྩ་གཉིས་སོ།། ཞབས་བརྒྱད་ལྷ་ཆེན་ཕོ་མོ་མནན།། གླང་ཆེན་ཀོ་རློན་གོས་སུ་གྱོན།། ཞིང་ཆེན ་གཡང་གཞིས་ཡ་བསྐོར།། སྦྲུལ་ནག་ཆུན་པོས་དབུ་ལ་བརྒྱན།། ཐོད་པ་རློན་པས་སེ་རལ་ལ།། སྟག་ལྤགས་མགོ་ཆེན་ཤམ་ཐབས་ཅན། ཁྲག་དང་ཞག་གི་ཚོམ་བུར་བཅས།། བདེ་གཤེགས་རིགས་བཞི་ཧེ་རུ་ཀ། ཁྱུ ་མཆོག་མ་ཧེ་གཟིག་དང་སྟག། མི་འཇིགས་སེམས་ཅན་བཞི་ཡི་ཁྲིར།། སྨུག་ནག་སྔོ་ནག་སེར་ནག་དང་།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྐྲད།། ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ།། དབུ་གསུམ་ཕྱག་དྲུག་ཞབས ་བཞི་བསྐྲད།། ཆ་ལུགས་གཙོ་བོ་ཡབ་དང་མཐུན།། དབུས་ཀྱི་གྱེན་དུ་ལྟ་བའི་ཞལ་གྱི་ནང་དུ་རྡོ་རྗེ་བཅུག་ནས།། གཉིས་སུ་མེད་པའི་སྦྱོར་བ་ཚུལ་བཞིན་དུ་མཛད་ཅིང་བཞུགས་སོ།། རིགས་ཀྱི་ཡུམ་ཀུན་གཙོ་བོ་ཡབ ་དང་མཐུན། ཡེ་ཤེས་ལས་གྲུབ་པའི་ཁྲོ་བ་རྡོ་རྗེ་ཐོགས་མེད་དང་། ཁྲོ་བོ་རྡོ་རྗེ་མདུང་དང་། ཁྲོ་བོ་རྡོ་རྗེ་མེ་དཔལ་དང་། ཁྲོ་བོ་རྡོ་རྗེ་མདའ་ཉག་དང་། ཁྲོ་བོ་རྡོ་རྗེ་ཕུར་བུ་དང་། ཁྲོ་བོ་རྡོ་རྗེ་ཐོ་བ་དང་། ཁྲོ་བོ་རྡོ་རྗེ་བྱ་གྲི ་དང་། ཁྲོ་བོ་རྡོ་རྗེ་རྣོན་པོ་དང་། ཁྲོ་བོ་རྡོ་རྗེ་རལ་གྲི་དང་། ཁྲོ་བོ་རྡོ་རྗེ་ཞགས་པ་དང་། ཁྲོ་བོ་རྡོ་རྗེ་སྙུན་ཁུང་འཛིན་དང་། ཁྲོ་བོ་རྡོ་རྗེ་གཞུ་འཛིན་དང་། ཁྲོ་བོ་རྡོ་རྗེ་རལ་པ་གཅིག་པ་དང་། ཁྲོ་བོ་རྡོ་རྗེ་ཡེ་ཤེས་དང་ཁྲོ་བོ ་། རྡོ་རྗེ་ལྕགས་སྒྲོག་དང་། ཁྲོ་བོ་རྡོ་རྗེ་རྒྱ་གྲམ་འཛིན་དང་། ཁྲོ་བོ་རྡོ་རྗེ་པདྨ་འབྲི་ཀུ་ཏ་དང་། ཁྲོ་མོ་རལ་གཅིག་མ་དང་། ཁྲོ་མོ་རྡོ་རྗེ་རྩེ་མོ་དང་། ཁྲོ་མོ་འཇིགས་སུ་རུང་མ་དང་། ཁྲོ་མོ་མི་ཐུབ་རྡོ་རྗེ་འདུལ་བ ་དང་། ཁྲོ་མོ་བཀྲ་ཤིས་མ་དང་། ཁྲོ་མོ་རྡོ་རྗེ་དཔལ་ལྡན་མ་དང་། ཁྲོ་མོ་པདྨའི་ཕྲེང་ཐོགས་མ་དང་། ཁྲོ་མོ་ནོར་བདག་མ་དང་། ཁྲོ་མོ་དྲག་མོ་དང་། ཁྲོ་མོ་གྲགས་ཆེན་མོ་དང་། ཁྲོ་མོ་རིན་འོད་ལྡན་མ་དང་། ཁྲོ་མོ ་པདྨའི་སྤྱན་མངའ་མ་དང་། ཁྲོ་མོ་ཟས་སྦྱིན་མ་དང་། ཁྲོ་མོ་བདུད་རྩི་འཁྱིལ་མ་དང་། ཁྲོ་མོ་རྡོ་རྗེ་དུར་ཁྲོད་མ་དང་། སྐུ་མདོག་གཅིག་ཏུ་མ་ངེས་ཏེ། སྣ་ཚོགས་ཅིར་ཡང་འགྱུར་བའོ།། སྤྲུལ་པའི་ཁྲོ་བོ་འདི་དག་ཀྱང་། ་སྐུ་མདོག་སྣ་ཚོགས་སུ་འགྱུར་བའོ།། ཁྲོ་བོ་ཧཱུཾ་ཀ་ར་དང་། ཁྲོ་བོ་རྣམ་པར་རྒྱལ་བ་དང་། ཁྲོ་བོ་ནི་ལ་དན་ཏྲ་དང་། ཁྲོ་བོ་ཡ་མན་ཏ་ཀ་དང་། ཁྲོ་བོ་མི་གཡོ་མགོན་པོ་དང་། ཁྲོ་བོ་ཧ་ཡ་གྲྀ་བ་དང་། ཁྲོ་བོ་ཊ་ཀ་རི་ཙ་དང་། ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཁྲོ་བོ་མ་ཧཱ་བ་ལ་དང་། ཁྲོ་བོ་བདུད་ཀྱི་རྒྱལ་པོ་དང་། ཁྲོ་བོ་ཟླ་བའི་གཙོ་བོ་དང་། ཁྲོ་བོ་ཁུ་ཚུར་དང་། ཁྲོ་བོ་གོམ་པ་འདོར་བ་དང་། ཁྲོ་བོ ་གནོད་སྦྱིན་རྡོ་རྗེ་དང་། ཁྲོ་བོ་ལས་ཐམས་ཅད་པ་དང་། ཁྲོ་མོ་སྤྲུལ་པའི་ཕྲ་མེན་མ་དང་། རྡོ་རྗེ་ཀེའུ་རི་དང་། རྡོ་རྗེ་ཙཽ་རི་དང་། རྡོ་རྗེ་པྲ་མོ་ཧ་དང་། རྡོ་རྗེ་བེ་ཏ་ལི་དང་། རྡོ་རྗེ་པུཥ་ཀ་སི་དང་། རྡོ་རྗེ་གས་མ་རི་དང་། ་རྗེསླེ་ཤ་ནི་དང་། རྡོ་རྗེ་ཙན་ཌ་ལི་དང་། རྡོ་རྗེ་སིང་ཧ་མུ་ཁ་དང་། རྡོ་རྗེ་བྱ་ཀྲི་སུ་ཀ་དང་། རྡོ་རྗེ་སྲྀ་ཀ་མུ་ཀ་དང་། རྡོ་རྗེ་ཤོ་ན་མུ་ཀ་དང་། རྡོ་རྗེ་ཀྲི་ཏ་མུ་ཀ་དང་། རྡོ་རྗེ་ཀཾ་ཀ་མུ་ཁ་དང་། རྡོ་རྗེ་ཁྭ་ཁ་མུ་ཁ་དང་། རྡོ་རྗེ་ཧུ ་ལུ་ཀ་དང་། འདི་རྣམས་སྐུ་མདོག་གཅིག་ཏུ་མ་ངེས་སོ།། འདི་ཀུན་ཞིང་ཆེན་བསྣོལ་མའི་ཁྲི་ལ་བཞུགས་སོ།། བདུད་རྩི་ལྷ་མོ་དེ་རྣམས་ཀྱང་། ཕྱག་མཚན་རྡོ་རྗེ་བུམ་པ་འཛིན། སྐུ་མདོག་དམར་མོ་པདྨའི་གདན་ལ ་བཞུགས་པ། བཅོམ་ལྡན་འདས་སེང་གེའི་ཁྲི་ཉི་ཟླ་བརྩེགས་པའི་གདན་ལ། སྐུ་ལུས་གླང་པོ་ཆེའི་ཆ་བྱད་དུ་སྤྲུལ་ནས་མཛད། ཡང་སྦྲུལ་ཆེན་པོ་སེང་གེ་ལྕམ་དྲལ་དང་། སྟག་ལྕམ་བྲལ་དང་། ཝ་ལྕམ་དྲལ་དང་། སྦྱང ་མོ་ལྕམ་དྲལ་དང་། བྱ་རྒོད་ལྕམ་དྲལ་དང་། ཀང་ཀ་ལྕམ་དྲལ་དང་། བྱ་རོག་ལྕམ་དྲལ་དང་། འུག་པ་ལྕམ་དྲལ་དང་། འདི་དག་ཀུན་ཀྱང་ཡེ་ཤེས་སྤྲུལ་པའོ།། ཕ་ཝང་ལྕམ་དྲལ་དང་། ཟེར་མོ་ལྕམ་དྲལ་དང་། ཕོ་རོག ་ལྷམ་དྲལ་དང་། སྐྲ་ག་ལྕམ་དྲལ་དང་། ཁ་ཏ་ལྕམ་དྲལ་དང་། བྱི་ལ་ལྕམ་དྲལ་དང་། སྤྲེའུ་ལྕམ་དྲལ་དང་། ཁྱི་ལྕམ་དྲལ་དང་། སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་དོ།། ལས་དྲུག་ལ་དབང་ཕྱུག་མ། བྱོ་མིའི ་སྲིན་མོ་དམར་སེར་ཤིན་ཆེན་ཏྲི་ཤུ་གཡག་མགོ། ཚངས་པ་དམར་སྐྱ་བན་དམར་རྩེ་ལྔ་སྦྲུལ་མགོ་མ། ཁྲོ་བོ་ཁྱབ་འཇུག་འབྱུང་བ་སྡིག་སྙིང་འདྲེན་པ་གཟིག་གི་མགོ་ཁྱབ་འཇུག་དཀར་དམར་དུང་དམར།། བྱི་ཞགས ་། སྲེ་མོང་མགོ། གཞོན་ནུ་སེར་མོ་རྡོ་རྗེ་ཕ་ཝང་མགོ། དབང་མོ་དམར་སྐྱ་བམ་ཆེན་ཁྲོ་ཆེན་དྲེད་ཀྱི་མགོ། དམར་པོ་དུང་དམར་རྒྱུ་ཞགས་དམར་མོ་དོམ་གྱི་མགོ། བདུད་རྩི་སྔོན་མོ་རིན་ཆེན་ཆུ་སྲིན་མགོ། ཞི ་བ་སྔོ་སྐྱ་བམ་ཆེན་སྙིང་འབྱིན་སྟག་གི་མགོ། བེ་ཅོན་ནག་མོ་བམ་ཆེན་ཐོད་རློན་ཁྲ་ཡི་མགོ། སྲིན་མོ་ནག་མོ་བམ་ཆེན་རྒྱུ་ཞགས་ཝ་ཡི་མགོ། ཟ་བྱེད་ནག་མོ་བམ་ཆེན་སྟག་གི་མགོ། དགའ་བྱེད་ནག་མོ་ཁོང་ཆེན ་བགེགས་རྒྱལ་བྱ་རྒོད་མགོ་ཁྲག་འཐུང་དམར་མོ་རྡོ་རྗེ་དབྱུག་པ་དུང་དམར་རྟ་ཡི་འགོ། གཅིག་པུ་དཀར་དམར་མཁའ་ལྡིང་ཁྱི་ཡི་མགོ། ཡིད་འཕྲོག་དམར་སེར་བཞིན་བསྡུས་བྱི་ཟ་ཁྱི་ཡི་མགོ། གྲུབ་མོ་དཀར་དམར ་པདྨའི་བྱི་ཟ་པུ་ཤུད་མགོ། རླུང་མོ་དམར་སེར་རོ་ཟ་རྡོ་རྗེ་ཤ་བའི་མགོ། གསོད་བྱེད་སྦྱིན་ལྡང་བམ་ཆེན་རྔེའུ་ཆུང་སྐྱ་གའི་མགོ། མི་མོ་དམར་སེར་མེ་སྲེག་རྒྱུ་འདྲེན་སྦྱིན་གྱི་མགོ། ཕག་མོ་ལྗང་ནག་རྩ་སྦྱིན་རློན་དམར ་ཕག་གི་མགོ། དམར་པོ་ལྗང་སྔོན་བདུད་རྩིའི་ཁྲག་འཐུང་ཁྭ་ཡི་མགོ། སྣ་ཆེན་ལྗང་ནག་བམ་ཆེན་ལོངས་སྤྱོད་པ་ལང་མགོ། གྲུབ་མོ་ལྗང་སེར་བདུད་རྩི་བན་དམར་སྦྲུལ་གྱི་མགོ། ཕག་མོ་ལྕགས་ཀྱུ་པུ་ཏྲ་རྡོ་རྗེ་ཁུ་བྱུག ་མགོ། རིན་ཆེན་སེར་མོ་རྒྱུ་ཞགས་ར་ཡི་མགོ། བུམ་སྣ་དམར་མོ་ལྕགས་སྒྲོག་ཀུན་འཇོམས་སེང་གེའི་མགོ། གསུས་འཛིན་སེར་མོ་བདུད་རྩི་དྲིལ་ཆེན་གཟིག་གི་མགོ། སེམས་ཅན་ཐམས་ཅད་མཆོག་དག་དང་། ་དགྱེས་པ་ཐམས་ཅད་རབ་སྒྲུབ་ཕྱིར།། ངའི་དེ་ཉིད་གསུང་ནི་དཀྱིལ་འཁོར་དེ་ཉིད་བསྟན་པ་ཡིན།། སངས་རྒྱས་བྱང་ཆུབ་བདེ་ཆེན་པོ།། གིང་ས་ཆུད་པས་རྫོགས་སངས་རྒྱས།། སེམས་ཅན་མཆོག་གིས་སྟོན་བྱེད་ན།། ་དེ་ཉིད་སངས་རྒྱས་བྱང་ཆུབ་འགྲུབ།། དེ་ནས་བཅོམ་ལྡན་འདས་གཅིག་ཏུ་འདུས་ནས། རབ་ཏུ་སྤྲོ་བའི་སྤྱན་གདངས་ནས།། ཞབས་དང་ཞབས་ཀྱིས་གནོན་པ་ཡིས།། སྡུད་ཅིང་འདོང་བ་འཇུག་པར་མཛད།། གཡས ་དང་གཡོན་གྱི་ཕྱོགས་གཉིས་ཀྱིས།། བརྗིད་པའི་རྩེ་མོ་མཐའ་ནས་དགྲོལ།། ཅུང་ཟད་ཟུར་གྱིས་གདངས་པའི་སྤྱན།། མཛེས་པའི་སྨིན་ཚུགས་རྣམ་བསྒྱུར་བའི།། སྤྱན་གྱི་ཕྱག་རྒྱས་ཕྱག་མཛད་པའི།། འགྲོ་ལ་རྒྱ་ཡིས ་བཏབ་འགྱུར་པ།། དཔའ་བོ་རྡོ་རྗེ་སེམས་དཔའ་ལ།། བསྐུལ་བའི་དབྱིངས་ཀྱིས་རབ་ཏུ་བསྐུལ།། གསང་བ་དགྱེས་པའི་དཀྱིལ་འཁོར་དུ།། རྣལ་འབྱོར་ཆེན་པོ་གནས་པར་འགྱུར།། ཤིན་ཏུ་དགྱེས་ཚེ་རྡོ་རྗེ་དག། ་སངས་རྒྱས་ཀུན་གྱི་བདེ་ཆེན་པོ།། མཆོག་ཏུ་དགྱེས་པའི་དཀྱིལ་འཁོར་དུ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། རྣམ་པ་ཀུན་ཏུ་སྐྱེ་མེད་རོལ་ཅིང་ཆུད་མཛད་པ།། བདག་ཅག་གཟུངས་དང་བཅས་ཏེ་རྣམ ་དཔྱོད་འགྱུར་བ་མེད་པ་ཡི།། བདེ་མཆོག་བྱང་ཆུབ་སེམས་ནི་རྣམ་པ་ཀུན་ཏུ་སྡུག་བསྔལ་ཡོངས་བྲལ་ཏེ།། ཆེ་བའི་ཡེ་ཤེས་ལྷུན་གྲུབ་མཆོག་དང་ལྡན།། བདེ་སྤྱོད་དེ་ལ་རོལ་པས་ཚུལ་བཞིན་མཛོད།། རྡོ་རྗེ་གླུ་ནི ་བླངས་པ་ཡིས།། ཤིན་ཏུ་སྲིད་པའི་མྱ་ངན་འདས།། དགའ་ཆེན་དེ་བཞིན་གཤེགས་པ་རྣམས།། དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས།། དེ་ནས་བཅོམ་ལྡན་འདས་འཛུམ་པ་དང་བཅས་པས་སྤྱན་ཨུད་པ ་ལ་ཁ་ཕྱེ་བ་བཞིན་སྨིན་མ་དང་སྐུ་རྣམས་པར་བསྒྱུར་བ། གྲོགས་དང་ཆུ་རླབས་སུ་གྱུར་པ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེ་ཁོ་ན་ཉིད་འདི་གསུངས་སོ་ཞེས། དཀྱིལ་འཁོར་ཞེས་ནི་རབ་ཏུ་བྱ། ཡེ་ཤེས ་རྡོ་རྗེ་ཐུགས་ལ་གནས། དཀྱིལ་འཁོར་རྡོ་རྗེ་མཆོག་ཉིད་དེ། ཉིད་ཀྱི་སྦྱོར་བ་བཏགས་པ་ཡིན།། རྡོ་རྗེ་དགྱེས་པའི་དཀྱིལ་འཁོར་དུ།། འོད་ཟེར་དཀར་པོ་འཕྲེང་བས་མཛེས། བྱང་ཆུབ་སེམས་དཔའ་འདྲ་བ་ཡི།། རྡོ་རྗེ ་དཔའ་བོ་དཀྱིལ་འཁོར་དུ།། ཟླ་བ་གམ་པ་མཛེས་པའི།། མཐིང་ཀ་འབར་བ་ཀུན་རྒྱས་པ།། མེ་ལ་རླུང་གིས་བུས་པ་བཞིན།། དགྱེས་པའི་མཆོག་ནི་རབ་བསྒྲུབས་པའི།། རིན་ཆེན་རྡོ་རྗེ་དཀྱིལ་འཁོར་ནི།། དགའ་བར ་བྱེད་པའི་དཀྱིལ་འཁོར་ཡིན།། རབ་ཏུ་དགའ་བ་ཉི་མ་བཞིན།། དཀྱིལ་འཁོར་དགྱེས་མཆོག་བྱུང་བྱེད་པ།། པདྨ་དབང་པོ་པདྨ་འདྲ།། འདབ་མ་བརྒྱད་པོ་དགྱེས་པའོ།། གེ་སར་ཟེ་བས་མཛེས་བྱས་པའོ།། ལས་རྣམས ་ཐམས་ཅད་འགྲུབ་བྱེད་པ།། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི།། དགའ་བྱེད་དཀྱིལ་འཁོར་གྲུ་གསུམ་སྟེ།། འབར་བ་ཆེན་པོ་མེ་དང་འདྲ།། དེ་ལ་སོགས་པའི་མཐའ་ཡས་པའི།། དཀྱིལ་འཁོར་རྣམས་ནི་བརྟག་བྱས་ཏེ།། ་རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས།། ཇི་ལྟར་དེ་ཉིད་སྤྲུལ་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་དཀྱིལ་འཁོར་བཞེངས་ནས། རྡོ་རྗེ་བརྗིད་པའི་གར་མཛད་ཅིང་གླུ་དང་སིལ་སྙན་དང་། གླིང་བུ་དང་། པི་ཝང་དང་། ་རྫ་རྔ་དང་། དུ་ན་ཝ་དང་། བ་ན་ཝ་དང་། པ་ལ་ཀི་དང་། ཐལ་མོ་ལ་སོགས་པ་ཀུན་ཏུ་བརྡུངས་པ་དང་། སིལ་སྙན་ལ་སོགས་པར་རོལ་པས། ལྷའི་རོ་དང་། རོའི་ཟས་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ ་དང་། ཐེག་པ་དང་། བསྟན་པ་དང་། གོས་དང་། འཇིམ་པ་དང་། འཇམ་པ་ལ་སོགས་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བསྟབས་ནས། གུས་པ་དང་བཅས་ནས། འཛུམ་པ་དང་བཅས་པའི་སྤྱན་འདི་ལྟ་སྟེ ་དབྱངས་འདིས་སྟོན་པར་མཛད་དོ།། བྱམས་པས་ཀུན་ཏུ་གཟིགས་པ་ཐུགས་རྗེའི་སྤྱན།། གྲོལ་བར་མཐུན་པའི་ལན་སྟོན་དུག་ལྔས་འགྲེལ།། གཟུགས་ཀྱི་རང་བཞིན་བདེ་གཤེགས་ཀུན་ལ་སྟོབས།། བདེ་ཆེན་ཀུན་ཏུ ་རྒྱས་པས་ཆེ་བའི་ཡེ་ཤེས་འདྲེན།། སྐུ་ཉིད་སྟོང་པས་ཚོགས་པའི་རྒྱལ་པོ་བཞིན།། ཆོས་ཉིད་བདེ་བ་ལ་རེག་སྐུ་ཉིད་སྟོན།། བྱང་ཆུབ་བགྲོད་ཕྱིར་ཆོས་ཀྱི་སྒོ་མོ་བསྟན།། གཟུགས་བསྟན་རིགས་ལྔའི་གཙོ་བོ་རྣམས ་མཛད་དེ།། དགྱེས་པ་དྲེངས་ལ་མནམས་ཤིང་རོལ་མོ་མཛོད།། བདེ་བ་མནོམས་ཤིང་དབྱིངས་ནས་བསླང་བའི་ཕྱིར།། སྐྱེ་འགགས་མེད་པ་ཚུལ་དུ་རྣམ་པར་ལྡན།། སྙིང་རྗེར་རྒྱུན་བཅས་བདེ་བ་ཆེན་པོ་སྟོན།། ཆོས ་ཉིད་བདེ་བ་ཆེན་པོས་ནམ་མཁའ་བཞིན།། བདེ་བ་མཆོག་གི་ངང་ལས་སྤྲུལ་པའི་ལྷ་མོ་བསྐྱེད།། རོལ་བས་འདུས་པའི་ཚོགས་ལ་སྩལ་བར་མཛད།། བདེ་ལ་མནཔས་ཤིང་བདེ་བས་བདེ་མནོས་པ།། བདེ ་མཆོག་ཆར་པ་རབ་ཏུ་འབབ་པར་གསོལ།། དབྱིངས་ལ་བདེ་གཤེགས་སློབ་མ་གཟུང་དུ་གསོལ།། ཇི་ལྟར་བཞུགས་པའི་གནས་སུ་བཞུགས་སུ་གསོལ།། ངོ་མཚར་བྱང་ཆུབ་ཚེ་འདིར་བདེ་བ་ཐོབ།། ཕ་རོལ་ཕྱིན་དྲུག ་། གང་ལ་མི་བརྟེན་པར།། མི་སྐྱེ་མྱ་ངན་འདས་པའི་གཟུགས་དང་རྣམ་པར་ལྡན།། བདེ་བ་ཆོས་ཀྱི་དབྱིངས་ལས་གནས་པ་ཡི།། རྨོངས་པའི་བདེ་བས་འགྲོ་ལ་སྙིང་རྗེ་ཆུང་།། བྱང་ཆུབ་སེམས་ཀྱི་དགྱེས་མཆོག་མི་ཆགས ་པའི།། གླུ་འདི་དག་ནི་བླངས་པ་ཡིས།། ཡིད་དང་འཐད་པའི་བདེ་ཆེན་པོ།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པའི ་དབྱངས་ཀྱིས་བསྟོད་པ། པདྨ་འདྲ་བའི་སྤྱན་གཉིས་ཀྱིས་ཀུན་ཏུ་གཟིགས་ཤིང་འཛུམ་པ་དང་བཅས་ཞལ་རྒྱས་པར་གྱུར་ནས། སངས་རྒྱས་ཀྱི་ཞིང་རྡུལ་ཕྲན་གྱི་ཚོགས་འཇིགས་རྟེན་གྱི་ཁམས་མང་པོ་བསྐལ་པར་རྒྱས ་པའི་སྤྲིན་གྱི་རྒྱ་མཚོ་ཆེན་པོ་མ་ལུས་ལུས་པ་མེད་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་དང་། པདྨོ་དང་། ལས་ཀྱི་རིགས་ལས་བྱུང་བའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཛིན་དང་། ་རིན་ཆེན་འཛིན་དང་། ཆོས་འཛིན་དང་། སྣ་ཚོགས་རྡོ་རྗེ་འཛིན་པ་ཐམས་ཅད་དང་། རྣལ་འབྱོར་དབང་ཕྱུག་ཚོགས་དང་། ཐུགས་ལས་བྱུང་བ་དང་། མཚོན་དང་། དགའ་བ་དང་། སྒེག་མོ་ལ་སོགས་པ་རྣལ་འབྱོར ་གཡོག་གི་ཚོགས་ཚད་མེད་པ་འདྲེན་པར་བྱེད་པ་དང་། འགུག་པར་བྱེད་པ་དང་། འཇིབ་པར་བྱེད་པ་ལ་སོགས་པའི་ནམ་མཁའ་ལ་འགྲོ་བའི་ཚོགས་དང་། གྲགས་པ་མེད་པའི་ཚོགས་དང་། རྡོ་རྗེ་འཕྲོག་པར་བྱེད ་པའི་ཚོགས་དང་། གཞན་ཡང་ཕྱི་རོལ་གྱི་རྡོ་རྗེ་རིན་ཆེན་པད་མ་ལས་ཀྱི་རིགས་ལས་བྱུང་བའི་རྣལ་འབྱོར་མ་དང་།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་རྣམས་དང་། རྣམ་པར ་འགྱུར་བ་དང་བཅས་པ་ཀུན་ཏུ་གཟིགས་པའི་སྤྱན་གྱིས་གར་མཛད་མ་དང་། ཀུན་ཏུ་གནོན་པ་དང་། ཚིག་གིས་འདེབས་པ་དང་། ཕྱག་གིས་གར་མཛད་མ་དང་། འགྱིང་བ་དང་། ཀུན་ཏུ་རྣམ་པར་འདོར་བའི་གནོན ་པས། འཁོར་གྱི་དཀྱིལ་འཁོར་ལ་བྱིན་གྱིས་བརླབས་ནས། དགྱེས་པའི་གདོན་མི་ཟ་བ་ཞེས་བྱ་བ། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ། ཉིད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ལས་གསུངས་པ། དེ་ཉིད་བདག་གི ་མཉམ་བཞག་དང་།། དེ་བཞིན་ལྷ་ཡི་དེ་ཉིད་དང་།། སྔགས་དང་ཕྱག་རྒྱ་དེ་བཞིན་ཉིད།། དཀྱིལ་འཁོར་གྱི་ནི་མཆོག་ཏུ་འགྱུར།། ཡན་ལག་ཐམས་ཅད་བསམ་ལས་འདས།། ཡོད་མེད་གཉིས་ལ་མི་གནས་པ།། འདྲེན ་དང་ཆགས་ལས་ཡང་དག་འདས།། འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱའོ།། ཆོས་མིན་ཆོས་ནི་རྣམ་སྤྱོད་པ།། ཆོས་རྣམས་ཐམས་ཅད་བརྟག་པར་བྱ།། རྣམ་དག་ནམ་མཁའ་འདྲ་བ་ཡི།། དཀྱིལ་འཁོར ་འདི་ནི་བསྟན་པ་ཡིན།། འདོད་ཆགས་མི་ཆགས་འདོད་མཉམ་པ།། ཆུ་ཡི་པདྨོ་དམར་བ་འདྲ།། རང་སེམས་འདོད་པ་ཤིན་ཏུ་ཆགས།། འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ།། གཟུགས་མེད་གཟུགས་ནི་དྲི་མེད་པའི།། ་ཁམས་གསུམ་ལ་ནི་འཇུག་བྱེད་པའི།། སེམས་ནི་ཆུ་ཉིད་དང་བ་བཞིན།། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཡོག་དང་བཅས། ཕོ་ཉ་དང་། ཕོ་ཉ་མོ་དང་། ནམ ་མཁའ་ལ་འགྲོ་བའི་ཚོགས་དང་། ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བཞེངས་ནས། འདི་སྐད་གསོལ་ཏེ། ཀྱེ་མ་རབ་དགྱེས་དཔའ་བོ་མཆོག། ཀྱེ་མ་རབ་དགྱེས་ཕྱོགས་བསྒྱུར་བ།། རྣལ་འབྱོར་ཆེན་མོ ་ཚོགས་མཆོག་ནི།། གསང་བའི་དཀྱིལ་འཁོར་ཉིད་ཀྱིས་གསུངས།། སངས་རྒྱས་སྦྱོར་བ་རབ་ཏུ་བཟའ།། རྡོ་རྗེ་གཅོད་པ་བླ་ན་མེད།། འཇིག་རྟེན་གསུམ་པོ་བདེ་ཐོབ་པའི།། དཀྱིལ་འཁོར་གསང་བ་ཉིད་ཀྱིས་གསུངས།། ་པདྨོ་རིན་ཆེན་སྣ་ཚོགས་ཆེ།། ཐབས་ཀྱི་སྦྱོར་བ་གར་མཛད་པ།། རྣམ་གྲངས་སེམས་ཀྱི་འཇིག་རྟེན་དུ།། བདེ་ཆེན་དཀྱིལ་འཁོར་ཉིད་ཀྱིས་གསུངས།། དེ་ནས་བཅོམ་ལྡན་ལ།། ཐམས་ཅད་གར་བྱས་པ་ཡི་ཕྱག། སོར ་མོའི་འདབ་མ་ཀུན་ཏུ་འབྲེལ།། རྡོ་རྗེ་ཐལ་མོ་གར་རྣམས་བསྒྱུར།། བརྗིད་བག་དག་ཏུ་རབ་ཏུ་བཅས།། གྲོལ་ཞིང་མ་མཆུ་ཚེམས་ཀྱིས་མནན།། འདམ་སྐྱེས་འདབ་མ་བཞིན་དུ་གཟིགས།། དེ་ཉིད་བཤད་པས་དབྱངས་ལེན ་པས།། གཅིག་ལ་གཅིག་གིས་བསྐུལ་བ་དང་།། སྣང་ཞིང་ཀུན་ཏུ་མ་ཆགས་པར།། ཆགས་མེད་བདེ་བ་མཆོག་གིས་ནི།། བདེ་བའི་རྣལ་འབྱོར་གཟུགས་ཀྱི་རྣམས།། སྟོབ་ཞིང་བདེ་བ་སྦྱིན་མཛད་པ།། རང་བཞིན ་བསམ་གྱིས་མི་ཁྱབ་སྟེ།། སྟོབ་ཞིང་བཞེངས་ཏེ་འགྲུབ་པར་མཛོད།། ཆགས་པས་རབ་ཏུ་མི་གོས་པའི།། བདེ་བས་རེག་ཅིང་དགོངས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་མོ་ཆེན་པོ་དགྱེས་པ་ཆེན ་པོས་བསྐུལ་བས། ཐུགས་སད་པར་གྱུར་ཏེ། ཤིན་ཏུ་དགྱེས་ནས། རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཤིན་ཏུ་རྒྱས་པ་ཆེན་པོ་རྣལ་འབྱོར་གྱི་ཚོགས་ཀྱི་འཁོར་དུ་ཤིན་ཏུ་དགྱེས ་པའི་རྡོ་རྗེ་དབྱངས་ཀྱིས་མགུར་ལེན་ཅིང་། རྡོ་རྗེ་རྣམ་པར་རོལ་པའི་བཅོམ་ལྡན་འདས་དགྱེས་པར་བཞེད་པས་བཞེད་ཅིང་། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བའི་ཐུགས་ཀ་ནས། མ་ཧཱ་སུ་ཀ་ཧཱུཾ་ཞེས ་བརྗོད། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མོ་ཡེ་ཤེས་ཀྱི་དབྱིངས་ཕྱུག་མ་འདི་ཕྱུང་ངོ་།། ཟླ་གམ་སྟེང་དུ་ལྡན་པ་ཡི།། ཡེ་ཤེས་གཉིས་པོ་མ་ལྟ་བུ།། ཐིག་ལེ་མཚན་དང་ལྡན་བྱས་པས།། གསལ་བ ་ཡེ་ཤེས་རྣལ་འབྱོར་མའི།། ཨ་ལི་ཀ་ལི་འདྲེན་བྱ་བ།། རི་མོ་དབུས་སུ་རྟག་བྱ་སྟེ།། དེ་ཡི་མགོའི་མཇུག་ཉིད་དུ། ཁྲོ་བོ་གཉིས་པོ་མཆོད་པས་བྱ།། འདི་ནི་བཙུན་མོ་རབ་གསལ་བའི།། རྡོ་རྗེ་དཀྱིལ ་འཁོར་རྣལ་འབྱོར་མའི།། དྲན་པ་ཙམ་གྱིས་འདི་དག་ཀྱང་།། བསོད་ནམས་ཀུན་གྱིས་བྱིན་རླབས་འགྱུར།། ཨ་ལི་གཉིས་དབུས་རི་མོ་བྲི།། འདྲེན་པ་ཡང་དག་ལྡན་པ་སྟེ།། སྟེང་དུ་ཟླ་གམ་ཐིག་ལེར་དགའ།། མགོ ་འཇུག་ཏུ་ཡང་གཞན་ཡང་བྲི།། འདི་ནི་གསལ་བའི་དོན་དམ་སྟེ།། རྣལ་འབྱོར་རིན་ཆེན་མ་དབང་སྦྱིན།། སྟོན་པས་བསོད་ནམས་ཐོབ་འགྱུར་ཏེ།། སྡིག་པ་རྣམས་ཀྱང་ཐོབ་པར་བྱེད།། ཨ་ལི་གཉིས་དང་ལྡན་བྱ་སྟེ།། ་ཚིག་དྲུག་ཡི་གེ་གཉིས་སུ་བཤད།། འདི་རབ་དགའ་བ་ཀུན་ཆགས་པ།། ཆུ་སྲིན་མ་ཞེས་བསྟན་པ་ཡིན།། དང་པོ་བསྐལ་བ་ཆེན་པོ་ཡི།། ཚེག་དྲག་པོ་དང་བཅས་པར་བཞག། སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད།། ་བདག་ཉིད་ལ་འམ་གཞན་ཡང་རུང་།། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ།། བསྒྲུབ་བྱ་དཀྱིལ་འཁོར་སྒྲུབ་བྱེད་ན།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། དཀྱིལ་འཁོར་དམ་པ་རྣམས་ཀྱི་མཆོག། ཡེ་ཤེས་ཕྱག་རྒྱ ་མངོན་གནས་པའི།། འཛིན་པའི་བསོད་ནམས་ཅི་འདྲ་བའི།། བྲིས་པ་ཡིས་ཀྱང་ཁྱད་པར་འགྱུར།། ཀྱེ་མ་བདེ་བ་ཡེ་ཤེས་ཆེ།། འདི་ནི་ཡེ་ཤེས་འདི་དག་ལ།། གནོད་བྱེད་པ་ནི་བསྟེན་བྱེད་ཅིང་།། འདི་ཡི་ཚུལ་གྱིས ་ཐོབ་པར་འགྱུར། ཁམས་གསུམ་མཆོག་གི་དཀྱིལ་འཁོར་འདིར།། འདི་ལས་རྒྱ་ཆེན་གཞན་མེད་དོ།། སྒྲུབ་པ་པོ་དང་སེམས་ཅན་ཀུན།། ཚེ་འདི་ཉིད་ལའང་སངས་རྒྱས་འགྲུབ།། ཆེ་མཆོག་ཧེ་རུ་ཀའི་གསང་བ་འདི།། ་བཅོམ་ལྡན་འདས་དམ་ཚིག་གི་དཀྱིལ་འཁོར་རྒྱས་པ་མཆོག་ཏུ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་རྣམས་ཀྱི་གསང་བ་ཆེན་མོ་རྣལ་འབྱོར་མ་དང་དབང་ཕྱུག་ཆེན་མོ་རྣམས་ཀྱིས། ་མཆོག་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པར་ངོ་མཚར་རྨད་དུ་གྱུར་ཏེ། དགྱེས་པའི་ཡིད་ཆེས་པ་དང་། མགུ་བ་དང་། ཡིད་དགའ ་བ་སྐྱེས་ནས། ཤིན་ཏུ་དགྱེས་པ་ཆེན་པ་རྡོ་རྗེ་བཞེད་པས་མཛད་ཅིང་། ཡང་ཧེ་རུ་ཀའི་སྐུ་མདོག་ནི་སྣ་ཚོགས་པའོ།། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཞབས་བརྒྱད་ཕྱག་མཚན་སྣ་ཚོགས་པའོ།། དེ ་ལས་སྤྲོས་ནས་ཕྱག་སྟོང་སྤྱན་སྟོང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན། ཤིན་ཏུ་མི་སྲུན་པ་གདུག་པའི་ང་རྒྱལ་ཆེ་ཞིང་དྲེགས་པ་ཅན་ཐམས་ཅད་ལ་བཛྲ་ཛ་ལའི་སྒྲ་སྣ ་ཚོགས་འོད་ཟེར་དུ་གྱུར་ཏེ། དེ་ལས་སྤྲོས་པ་རིགས་བཞི་ཧེ་རུ་ཀ་དྲེགས་པ་ཅན་ཐམས་ཅད་ཚར་གཅད་པའི་ཕྱིར། རཀྵ་ཧེ་རུ་ཀ་ཉོན་མོངས་པའི་དུག་གསུམ་དབང་དུ་སྡུད་ཅིང་འཇོམས་པའི་ཕྱིར་རཀྵ་ཧེ་རུ་ཀ། ཡེ ་ཤེས་ཀྱི་དོན་དང་ལྡན་པའི་ཕྱིར་བྷི་ཤྲ་ཧེ་རུ་ཀ། དམ་ཚིག་ལས་མི་འདའ་བའི་ཕྱིར་ས་མ་ཡ་ཧེ་རུ་ཀ། དེ་ལས་འཕྲོས་པའི་ཧེ་རུ་ཀ་སྟོང་རྩ་བརྒྱད། སྐུ་མདོག་དང་ཕྱག་མཚན་ཅིར་ཡང་སྤྲུལ་ནས་འགྲོ་བའི ་དོན་མཛད་དོ།། ཀྲོ་ཏི་ཤྭ་རི་སྐུ་མདོག་སྣ་ཚོགས་པའོ།། དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་ཕྱག་ཆ་སྣ་ཚོགས་པའོ།། ཞབས་བརྒྱད་རྡོ་རྗེ་འབར་བ་མེ་དཔུང་གི་ནང་ན། ཧེ་རུ་ཀ་བཞི་ཞབས་བཞིས་མནན་པ། བཛྲ ་ཧེ་རུ་ཀ། པདྨའི་སྦུབས་སུ་འཕྲལ་སྤྱན་ཕྱེད་ཙམ་ནུབ་པར་བཞུགས་པ། ཤིན་ཏུ་རྔམ་པའི་ཁྲོ་མོའི་དབུ་སྟེང་ན། ཧེ་རུ་ཀ་ཞབས་བརྒྱད་ཀྱིས། ཁྲོ་མོ་དབུ་བརྒྱད་མནན་པ་ཡང་། དབུས་ཀྱི་དབུ་གྱེན་དུ་བལྟས་པའི་ཞལ་ནི། ་ནང་དུ་རྡོ་རྗེ་བཙུགས་ནས་གཉིས་སུ་མེད་པར་སྦྱོར་ཞིང་། བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམ་པ། བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཧེ་རུ་ཀ་ཞབས་འོག་ཏུ་མནན་པ་ཡང་། གཉིས་སུ་མེད་པར་སྦྱོར་ཞིང་བྱང་ཆུབ་ཀྱི ་སེམས་འབེབས་པ། བཛྲ་ཛ་ལའི་སྒྲ་སྣ་ཚོགས་པས་རབ་ཏུ་གཡོས་པར་གྱུར་ཏོ།། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་རབ་ཏུ་སྐྲག་ནས། སྐྱབས་སུ་གསོལ་ལོ།། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་འབར ་བའི་མེ་དཔུང་གིས། བསྐལ་པ་བས་ཀྱང་བསྲེག་མཛད་ཅིང་།། འཇིག་ཚུལ་རྔམ་པའི་ཁྱད་པར་ཅན།། དབུ་མང་སྒྲུབས་པའི་ཚིག་སྒྲོགས་ཤིང་།། ཕྱག་མང་འཇིག་པའི་མཚོན་ཆ་བསྣམས།། ཞི་བའི་ཕྱག་སྟོང་སྤྱན་སྟོང ་ཡང་།། འཇིག་རྟེན་རབ་ཏུ་དཔའ་གོང་ནས། ཁྲོ་གཉེར་ཕྱག་སྟོང་སྤྱན་སྟོང་ཡང་།། དགོད་དང་གཤེ་ཞིང་བཟའ་བྱེད་པ།། འབར་བའི་མཚོན་ཆ་སྣ་ཚོགས་ཅན།། འཇིག་རྟེན་ཐལ་བར་རློག་མཛད་པ། ཁྲོ་ཆེན་ཁྱོད ་ལ་སྐྱབས་སུ་མཆི།། མ་དང་སྲིང་མོ་བུ་མོ་དང་།། ཆུང་མ་སླས་འདི་རྣམས་ཕུལ་ནས་སྐྱབས་སུ་གསོལ་ལོ།། ཆགས་པ་མེད་པའི་དབང་གི་ཐབས་ཀྱི་སྦྱོར་བས་དབང་དུ་བསྡུས་ཏེ། དམ་ཚིག་དང་། མིང་བཏགས།། ་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་འཆང་གི་གྲལ་དུ་དགོད་དོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་རོལ་པ་ཆེན་པོའི་དོན་གྱི་གསང་བ་རབ་ཏུ་རྟོགས་པའི་ཡེ་ཤེས་རྒྱལ་པོ་སྐུ་དང་གསུང་དང་ཐུགས་ཀྱི ་རོལ་པ་འདི་ཕྱུང་ངོ་།། དཀྱིལ་འཁོར་འདི་དག་ཐམས་ཅད་ནི།། གྲུ་བཞི་སྒོ་བཞི་མུ་ཁྱུད་བཅས།། ཐིག་གིས་ཡོངས་སུ་འཁོར་བར་གདབ།། དབུས་སུ་པདྨ་འདབ་བརྒྱད་བྲི།། དབུས་ཀྱི་པདྨའི་སྙིང་པོ་ལ།། བཅོམ་ལྡན ་ཆེ་མཆོག་ཧེ་རུ་ཀ། ཤར་དུ་བཛྲ་ཧེ་རུ་ཀ། ལྷོར་ནི་རཏྣ་ཧེ་རུ་ཀ། ནུབ་ཏུ་པདྨ་ཧེ་རུ་ཀ། བྱང་དུ་ཀར་མ་ཧེ་རུ་ཀ། ཤར་ལྷོར་རཀྵ་ཧེ་རུ་ཀ། ནུབ་བྱང་བྱི་ཤྭ་ཧེ་རུ་ཀ། བྱང་ཤར་སམ་ཡ་ཧེ་རུ་ཀ། བདེ་གཤེགས་ཡུམ་དང ་བཅས་པ་དགོད། ད་ཡི་ཕྱི་རིམ་རྡོ་རྗེ་སྣམ་བུ་ལ།། ཡེ་ཤེས་ལས་གྲུབ་པའི་འབར་མ་མ་བཅུ་དྲུག་དགོད། དེའི་ཕྱི་རིམ་སྒོ་བཞི་ཐོད་པས་བསྐོར།། གཤིན་རྗེ་འཇོམས་དང་སྟོབས་པོ་ཆེ།། རྟ་མགྲིན་དང་ནི་བདུད་རྩི་འཁྱིལ།། ་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ། དབུ་ལྔ་ཕྱག་བཅུ་དྲུག་པ། གཤོག་པ་རྡོ་རྗེས་བསྡམས་པ། ཞབས་བརྒྱད་ཆས་དང་བརྒྱན་ཅིང་། ཕྲ་མེན་མ་བཅུ་དྲུག་གི་འཁོར་དང་། ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་གྱིས་བསྐོར་ནས་བཞུགས་པ་དེའི་སྤྲུལ་པ་ལས་བཅོམ་ལྡན་རྟ་མཆོག་ཆགས་པ་ཆེན་པོ་རག་ཏ་དང་། རུས་གོང་གསར་རྙིང་གི་ནང་ན། ཐབས་དང་ཤེས་རབ་ཀྱི་ཚུལ་དུ ་ཞིང་བསྣོལ་མའི་གདན་ཁྲི་ལ་བཞུགས་སོ།། དབུ་གསུམ་ཕྱག་དྲུག་ཞབས་བཞི་པ་ཀླུ་ཆེན་པོ་རྣམས་བརྫིས་པ། རྡོ་རྗེ་བྲག་རིས་བསྡམས་ལ། རྡོ་རྗེ་མེ་དཔུང་འབར་བའི་ནང་ན་བཞུགས་པ། དབུ་གཙུག་ནས་རྟ ་མགོ་ལྗང་ཁུ་ལྔ་བྱུང་བ། སྦྲུལ་ནག་གི་ཆུན་པོ་སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཐོད་པའི་ཕྲེང་བས་བརྒྱན་པ་ལྟ་ཞིང་བསྣོལ་མའི་ཁྲི་ལ་བཞུགས། བཅོམ་ལྡན་འདས་རྟ་མཆོག་ཆགས་པ་ཆེན་པོས་འདི་སྐད ་བཀའ་སྩལ་ཏོ།། ཧཱུཾ་ནུབ་ཕྱོགས་སངས་རྒྱས་ཞིང་ཁམས་ནས།། དེ་ཉིད་རང་སྣང་མཉམ་ཉིད་དཀྱིལ་འཁོར་ནས།། བདེ་བ་ཆེན་པོ་འབར་བའི་ལྷ།། འདུ་འབྲལ་མེད་པ་ཐུགས་རྗེ་དབང་གི་ལྷ།། དབང་མཆོག་ངོ ་མཚར་རྔམ་བརྗིད་དབང་གི་ལྷ།། དཔལ་ཆེན་པདྨའི་ཐུགས་ནི་རིན་པོ་ཆེ། ཁྲོ་བོར་སྟོན་ཀྱང་ཞི་བའི་ཆ་ལུགས་ཅན།། སྙིང་རྗེ་ཡུམ་གྱི་ནམ་མཁའ་ལ།། རྣམ་པ་སྣ་ཚོགས་ཅིར་འགྱུར་ཡང་།། འགྲོ་བའི་དོན་དུ་དཔལ ་ཆེན་བཞེངས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་རྟ་མགྲིན་དེ་ཉིད། ཡུལ་ལ་མ་ཆགས་བྲག་ཕུག་དགོན་པ། ཟས་ལ་མ་ཆགས་རྩི་རྩ་བ། གོས་ལ་མ་ཆགས་ཤིང་གི་ཤུན་པ། སྐོམ་ལ་མ་ཆགས་བྲག་གི་ཐིག་པ། ་། བྲག་ལ་མི་བརྟེན།། ཤིང་ལ་མི་བརྟེན། ཆུ་ལ་མེ་བརྟེན། ཆུའི་སྙིང་པོ་འཚེར་བ་གཅིག་པུ་སྤྲུལ་ནས་འགྲོ་བའི་དོན་མཛད་དོ།། ཧ་ཡ་གྲྀ་བ་རྟ་མཆོག་དཔལ།། སྐུ་མདོག་དམར་པོ་སྟག་གི་ཤམ་ཐབས་ཅན།། སྦྲུལ ་ནག་སྟོང་གིས་རྒྱན་པས་བརྗིད་ཆགས་པའི།། དབུ་སྐྲ་ཁམ་ནག་རལ་པ་མུན་ཛ་ཅོད་པན་ཅན།། དབུ་ཡི་གཙུག་ནས་བདུད་རྩི་རྣམ་བྲལ་བ།། སྨིན་མཚམས་རྣ་བྲག་ཀུན་ནས་གློག་སྟོང་འཕྲོ།། དབུ་ཡི་གཙུག་ནས ་རིགས་ལྔའི་སངས་རྒྱས་བསྐྱེད་ནས་ནི།། སྙན་ནས་སྒྲ་བྱུང་འབྲུག་སྐད་འདིར།། སྤྱན་ནས་མེ་བྱུང་ཁམས་གསུམ་སྲེག། ཤངས་ནས་རླུང་བྱུང་འཇིག་རྟེན་འཐོར།། ཞལ་ནས་ཁྲག་འཛག་རྒྱ་མཚོ་འཁྲིལ།། མ་མོ་དམ ་ཅན་རྣམས་ཀྱང་དམ་ལ་འདུ།། རྟ་སྐད་ཟེང་གསུམ་འཚེར་བས་སྲིད་པ་དབང་དུ་སྡུད།། རྟ་བྲོ་ཟེང་གསུམ་བརྡུངས་པས་བདུད་བཞི་ཟིལ་གྱིས་མནན།། པདྨ་རྒྱལ་པོ་རྟ་མཆོག་དཔལ།། དཀར་པོའི་མདོག་ལ་དམར་པོའི ་ཞལ།། སྐུ་མདོག་མཐིང་ཀ་ཁྲོ་གཉེར་ཅན།། སྙན་ནི་དུང་གི་ཁོང་སེང་ཅན།། མུ་མེད་ཁམས་ན་ཅི་མཆིས་གསན།། སྤྱན་གཉིས་ཉི་ཟླའི་ཕྲུགས་སུ་བཅས། ཁམས་གསུམ་དག་ན་ཅི་མཆིས་གཟིགས།། རྡོག་མ ་། མཚོན་གྱི་ལྕང་ལོ་ཅན།། རྔ་མ་ལྕགས་ཀྱི་གཡབ་མོ་འདེབས།། ཤང་ནས་མེ་ཕྱུང་འབར་བའི་འཚུབ་མ་འཐོར།། ཞལ་ནས་མི་བཟད་ལྕགས་ཀྱི་སེར་ཆེན་འབེབས།། གཡས་པ་གསུམ་པོ་བ་དན་འཕྱར།། ་གཡོན་པ་བསྡིག་པའི་འཛུམ་མོ་བསྒྲེང་།། ཀེའུ་རི་གཤོག་པ་གསང་བའི་ཕྱག་རྒྱ་ཡིན།། ན་བ་རྣམས་ནི་སོས་པར་བྱེད།། ཤི་བ་རྣམས་ནི་སློང་བར་བྱེད།། རྟ་སྐད་བཞད་ལ་རྟ་བྲོ་བརྡུང་།། རྟ་སྐད་ཆེན་པོ་ཐེང་གཅིག ་གིས།། ཀླུ་རྒྱལ་རིགས་དྲུག་དབང་དུ་སྡུད།། རྟ་སྐད་ཆེན་པོ་ཐེང་གཅིག་གིས།། མ་ཚོགས་དབང་ཕྱུག་དབང་དུ་སྡུད།། རྟ་སྐད་ཆེན་པོ་ཐེང་གཅིག་གིས།། བགེགས་ཀྱི་ཚོགས་རྣམས་དབང་དུ་བསྡུད།། རྟ་བྲོ་ཐེང་གསུམ ་བརྡུངས་པ་ཡིས།། བདུད་བཞི་ཀུན་ཀྱང་ཟིལ་གྱིས་གནོན།། དཔག་ཚད་འོག་ན་བདུད་གནས་པ།། ཀླད་དུ་རྒྱོབ་ལ་ཐལ་བར་རློགས།། ཡབ་གཅིག་རེ་བྱམས་རྟ་མཆོག་དབང་།། རྟ་ཀུན་ཚུལ་དུ་གར་བྱེད་ཀྱིས།། ་གར་གྱི་བརྡ་ལ་ཚུར་ལ་སྤྱོན།། རྟ་རྐུན་ཚུལ་དུ་དབྱུག་འདོར་གྱིས།། དབྱུག་པའི་བརྡ་ལ་ད་ཚུར་སྤྱོན།། རྟ་རྐུན་ཚུལ་དུ་གཡབ་འདོར་གྱིས།། གཡབ་མོའི་བརྡ་ལ་ད་ཚུར་སྤྱོན།། ཧཱུཾ་གིས་ཆུ་དྲུག་རྩད་ནས་གཅོད།། ཕྲིན ་ལས་ཞི་བར་མཛོད་ཅིག་རྟ་མཆོད་དབང་།། སྲིད་གསུམ་འདྲེན་ཟླ་མེད་པ་རྒྱལ་བའི་མཐུ།། ཆེ་བཙན་ཀུན་ལས་འཕགས་པའི་པདྨ་གར་གྱི་དབང་ཕྱུག་ཆེ།། གར་མཁན་སྒྱུ་འཕྲུལ་ཀུན་ལ་ཐབས་ཀྱི་རྒྱལ་པོར་གྲགས།། ་བྱམས་ལྡན་གར་དབང་ཕྲིན་ལས་མཛོད།། རྟག་ཏུ་སྒྲུབ་མཆོག་རེ་ཞིང་འབོད་གྲོགས་ན།། བྱམས་ལྡན་མགོན་པོ་བདག་ལ་ཅི་ཕྱིར་ཐུགས་མི་བརྩེ།། ལྷ་མཆོག་བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན།། ཡེ ་ཤེས་ལྷ་མཆོག་ཁྱོད་ཀྱིས་ཐུགས་རྗེར་རུང་ལགས་སམ།། དངོས་གྲུབ་རྩོལ་བར་མི་དམིགས་ཀྱང་།། སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ།། ཡུམ་ཆེན་ཨེ་ཀ་ཙ་ཏི་ལ།། རལ་པ་གཅིག་མས་དེ་སྐད་བསྐུལ ་ལོ།། ཡང་ཡབ་ཀྱིས་བསྐུལ་བ། ཁྱད་པར་བསྟེན་པའི་རྣལ་འབྱོར་མ།། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ།། འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། དཔལ་ལྡན་ཆེན་མོ་རེ་མ་ཏི།། མ་ཆེན་ཨེ་ཀ་ཙ་ཏི་མ།། གུ་ཧྱ་གསང ་ཆེན་རལ་གཅིག་མ།། རག་ཏ་ཆེན་མོ་ཙ་མུན་ཏ།། སྲིན་མོ་དཀར་མོ་ཆེན་མོའི་ཚོགས།། དཔལ་ལྡན་རྡོ་རྗེ་དར་མ་ཤིན་ཏིང་དང་།། ནམ་མཁའི་ཁམས་ཀྱི་རྣམ་རྒྱལ་དཔལ།། ཡི་དམ་རྒྱལ་མོ་གཡུ་ཕྲེང་མ།། ལས་ལ ་འཁྲིལ་ཅིང་ཆོས་ལ་བསྟེན།། དབུ་རྣམས་འབྱོར་ཞིང་འདུད་པའི་ཚུལ།། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ།། དེ་ནས་སྙིང་པོ་དྲན་ཙམ་གྱིས།། པདྨ་ཏ་ཀྲིད་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧུཾ། ཨེ་ཨ་ར་ལི་ཧྲིང་ཧྲིང་། ཨེ་ཀ་ཙ ་ཏིས་མ་ཡ་སྟམ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྔགས་ཀྱི་ཕྱག་རྒྱ་སྦྱོར་བ་ཡིས།། དབྱིངས་གསུམ་རྣམ་པར་དག་པས་བསྒྲུབས།། དེ་ནས་སྐྱོ་ནས་བསྡུ་བ་ནི།། ཧཱུཾ་ཧཱུཾ་ཞེས་ནི་རབ་བརྗོད་དེ།། ཕྱག་རྒྱ་ཆེན་པོ་སྐུ་གཉིས་ནི།། སེང ་། ཧ་ར་ན་ཧཱུཾ་ཞེས་རབ་ཏུ་བརྗོད།། ཡབ་ཀྱང་ཡུམ་ལ་བསྡུ། ཡུམ་ཡང་ཆོས་ཀྱི་དབྱིངས་སུ་བསྡུ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཁོ་ན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། རྟ་འགྲིན ་དབང་གི་དཀྱིལ་འཁོར་ནི།། ཆ་ནི་བཅུ་གཉིས་ཚད་དུ་བྱ།། དཀྱིལ་འཁོར་དབང་གི་རང་བཞིན་དམར་པོ་ནི།། དབུས་སུ་པདྨ་འདབ་བརྒྱད་བྲི་བར་བྱ།། པདྨའི་སྙིང་པོ་ལ་བཅོམ་ལྡན་འདས་དཔལ་རྟ་འགྲིན་དབུ ་གསུམ་ཕྱག་དྲུག་ལ། ཤར་གྱི་པདྨ་ལ་བཛྲ་ཧེ་རུ་ཀ། ལྷོར་རད་ན་ཧེ་རུ་ཀ། ནུབ་ཏུ་པདྨ་ཧེ་རུ་ཀ། བྱང་དུ་དོན་གྲུབ་ཧེ་རུ་ཀ། འཚམས་བཞིར་ཡུམ་བཞི། དེའི་ཕྱི་རིམ་ཀེ་རི་མ་བརྒྱད་དང་། སིང་ཧ་མ་བརྒྱད་དང་། བཅུ ་དྲུག། སྒོ་བཞིར་སྒོ་ཁྱུད་དང་བཅས་པའོ།། སྒོ་བཞི་རིམ་བཞིན་དཀྱིལ་འཁོར་གཞན་དང་མཐུན། དེ་ནས་བཅོམ་འདས་ཀུན་ཏུ་བཟང་པོ། དེ་ཁོ་ན་ཉིད་རབ་ཏུ་གསང་བའི་ཐུགས་ཀ་ནས་ཕྱུང་ངོ་།། སྐུ་དང་གསུང་དང ་ཐུགས་ཀྱི་རྒྱུད།། ཟ་བྱེད་ཆེན་མོ་ཚོགས་ཀྱི་བདག། ཡོན་ཏན་ཕྲིན་ལས་རྫོགས་མཛད་པ།། རྡོ་རྗེ་ཤུགས་ཅན་དང་། རྡོ་རྗེ་འཇིགས་སུ་རུང་བ་དང་། རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་སྒྱུ་འཕྲུལ་དང་། རྡོ ་རྗེ་གསུས་པོ་ཆེ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་ག་རྒྱང་ཅན་དང་། རྡོ་རྗེ་གྲགས་ཆེན་དང་། རྡོ་རྗེ་ཧ་ཧ་གད་མོ་ཅན་དང་། རྡོ་རྗེ་ཧེ་ཧེ་དྲག་ཆེན་དང་། རྡོ་རྗེ་བགེགས་གནོན་པའི་རྒྱལ་པོ་དང་། རྡོ་རྗེ་གཤིན་རྗེ་གཤེད ་པོ་ཅན་དང་། རྡོ་རྗེ་ལས་ཀྱི་བདག་པོ་དང་། རྡོ་རྗེ་མི་གཡོ་མགོན་པོ་དང་། རྡོ་རྗེ་འགྱིངས་པ་དང་། རྡོ་རྗེ་གླང་པོ་ཆེ་དང་། རྡོ་རྗེ་ཀོ་བརློན་པ་ཅན་དང་། རྡོ་རྗེ་སེམས་དཔའ་ཆེན་པོ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་མིག ་མི་བཟད་པ་དང་། རྡོ་རྗེ་བདེ་བ་དང་། རྡོ་རྗེ་སོའི་ཕྲེང་བ་དང་། རྡོ་རྗེ་དུང་ཆེན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ཏིང་འཛིན་དང་། རྡོ་རྗེ་གཡབ་མོ་དང་། རྡོ་རྗེ་དགའ་བ་དང་། རྡོ་རྗེ་འདེགས་པ་དང་། རྡོ་རྗེ་ཧཱུཾ་ཆེན་དང་། ་རྡོ་རྗེ་མདའ་དང་། རྡོ་རྗེ་གཞུ་བརྡུང་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་རྡོ་རྗེ་དང་། རྡོ་རྗེ་གཡུལ་ཟློག་དང་། རྡོ་རྗེ་འབར་བ་དང་། རྡོ་རྗེ་ས་དང་། རྡོ་རྗེ་ཆུ་དང་། རྡོ་རྗེ་མེ་དང་། རྡོ་རྗེ་རླུང་དང་། རྡོ་རྗེ་ནམ་མཁའ་དང་། ་རྗེ་ཡང་དག་པ་དང་། རྡོ་རྗེ་སྒྲ་འབར་བ་དང་། རྡོ་རྗེ་འབེབས་པ་དང་། རྡོ་རྗེ་མིག་བརྒྱ་པ་དང་། རྡོ་རྗེ་སྤུ་ཅན་དང་། རྡོ་རྗེ་སེན་མོ་སྐྱེས་པ་དང་། རྡོ་རྗེ་ཟངས་ཀྱི་ལྤགས་པ་ཅན་དང་། རྡོ་རྗེ་ལྕགས་ཀྱི་མཆེ་བ་ཅན་དང་། ་རྡོ་རྗེ་སྒྲ་གྲྀ་སོ་ཅན་དང་། རྡོ་རྗེ་ལྤགས་པ་མཐེག་བྱ་དང་། རྡོ་རྗེ་ཕྲེང་བ་ཐོགས་པ་དང་། རྡོ་རྗེ་རྒྱན་པ་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་ཀི་ལ་ཡ་དང་། རྡོ་རྗེ་དཔལ་ལྡན་པ་དང་། རྡོ་རྗེ་རྣམ་པར་དག་པའི་སྙིང་པོ་དང་། ་རྡོརྗེ་ཟ་བྱེད་དང་། རྡོ་རྗེ་འཇམ་པའི་དབྱངས་དང་། རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་སྦ་བ་དང་། རྡོ་རྗེ་སྐྱེས་མཆོག་དང་། རྡོ་རྗེ་སེང་གེ་དང་། རྡོ་རྗེ་ཀུན་ཏུ་ལྟ་བ་དང་། རྡོ་རྗེ་མཆོག་ཏུ ་དགའ་བ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་འོད་བཟངས་དང་། རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྣང་བ་དང་། རྡོ་རྗེ་སྐུ་དང་། རྡོ་རྗེ་གསུང་དང་། རྡོ་རྗེ་ཐུགས་དང་། རྡོ་རྗེ་འོད་གསལ་དང་། རྡོ་རྗེ་སྤྲིན་རྣམ ་པར་འཐོར་བ་དང་། རྡོ་རྗེ་ཆར་སྟོན་པ་དང་། རྡོ་རྗེ་རྣལ་འབྱོར་ཆེན་པོ་དང་། རྡོ་རྗེ་རིན་ཆེན་ཀུན་བདག་དང་། རྡོ་རྗེ་འཆང་པོ་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་སྣང་བ་དང་། རྡོ་རྗེ་ཟླ་བ་དང་། རྡོ་རྗེ་དྲི་མ་མེད་པ་དང་། ་རྡོ་རྗེ་ཆགས་པ་བྲལ་བ་དང་། རྡོ་རྗེ་སྐྱིལ་ཀྲུང་དང་། རྡོ་རྗེ་འོད་པོ་ཆེ་དང་། རྡོ་རྗེ་པདྨ་སྐྱེས་པ་དང་། རྡོ་རྗེ་ཐམས་ཅད་ཀུན་མཁྱེན་དང་། རྡོ་རྗེ་མཛོད་འཛིན་དང་། རྡོ་རྗེ་ཕ་རོལ་ཕྱིན་པ་དང་། རྡོ་རྗེ་རབ་ཏུ་ལྡན་པ་དང་། ་རྡོ་རྗེ་རྣམ་པར་དག་པ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་གཤོག་པ་ཅན་གྱི་ཚོགས་དང་། རྡོ་རྗེ་ནུ་མ་ཅན་གྱི་ཚོགས་དང་། རྡོ་རྗེ་སྡེར་མོ་ཅན་གྱི་ཚོགས་དང་། རྡོ་རྗེ་མཆེ་བ་ཅན་གྱི་ཚོགས་དང་། རྡོ་རྗེ་བཞད་པ་དང་། ་རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་ལོངས་སྤྱོད་རྫོགས་སྒྲ་དང་། རྡོ་རྗེ་སྤྲུལ་པའི་སྐུ་དང་། རྡོ་རྗེ་རྒྱུད་འཆང་བ་པོ་དང་། རྡོ་རྗེ་ཕྱོགས་བཅུ་སྤྲུལ་པ་འགྱེད་པ་པོ་དང་། རྡོ་རྗེ་དོན་བྱེད་པ་པོ་དང་། རྡོ་རྗེ་ལྷའི་དབང་པོ་དང་། ་རྡོ་རྗེ་ལྷ་མིན་བདག་པོ་དང་། རྡོ་རྗེ་འཆི་མེད་ལྷའི་དབང་པོ་དང་། རྡོ་རྗེ་འཇོམས་པར་བྱེད་པ་དང་། རྡོ་རྗེ་ཆོས་ཀྱི་སྦྱིན་བདག་དང་། རྡོ་རྗེ་བྱམས་པ་དང་། རྡོ་རྗེ་ཤེས་རབ་རྣོན་པོ་དང་། རྡོ་རྗེ་ཐོག་ཐོག་ལྕགས་ཀྱི་གཟེར ་ཆེན་འབེབས་པ་དང་།། རྡོ་རྗེ་ཏེག་ཏེག་སྟོང་གསུམ་འགྱེད་པ་དང་།། རྡོ་རྗེ་ཐིབ་ཐིབ་མོས་པར་བྱེད་པ་དང་།། རྡོ་རྗེ་འུར་འུར་འབྲུག་སྒྲ་སྒྲོགས་པ་དང་།། རྡོ་རྗེ་ཆེམ་ཆེམ་གནམ་ལྕགས་འབེབས་པ་དང་།། རྡོ་རྗེ་ཡུད ་ཙམ་གློག་འབྱིན་པ་དང་།། རྡོ་རྗེ་ཤིག་ཤིག་ཁམས་གསུམ་སྤྲུལ་བ་དང་།། རྡོ་རྗེ་ཡེ་ཤེས་འབོག་བྱེད་དང་།། རྡོ་རྗེ་མི་སྲུན་སྨྱོ་བར་བྱེད་པ་དང་།། རྡོ་རྗེ་ཁྭ་ཊ་མ་བརྒྱལ་པར་བྱེད་པ་དང་།། རྡོ་རྗེ་དབང་ཕྱུག་བསྡིག ་ཅིང་སྡང་བར་བྱེད་པ་དང་།། རྡོ་རྗེ་སྦྲུལ་གྱི་ཞགས་པ་དང་།། རྡོ་རྗེ་གནོད་སྦྱིན་སྲོག་གཅོད་པ་དང་། རྡོ་རྗེ་ཁྲག་འཐུང་སྙིང་ཁྲག་འཐུང་བ་དང་། རྡོ་རྗེ་མེ་དཔལ་སྙིང་སྲེག་པ་དང་། རྡོ་རྗེ་མདུང་ཐུང་འབུག་པར་བྱེད་པ་དང ་རྡོ་རྗེ་ཁྲག་ཟ་བར་བྱེད་པ་དང་། རྡོ་རྗེ་ཚིལ་ཟ་བར་བྱེད་པ་དང་། རྡོ་རྗེ་རྐང་ཟ་བར་བྱེད་པ་དང་། རྡོ་རྗེ་ཤ་ཟ་བར་བྱེད་པ་དང་། ཡེ་ཤེས་ལས་སྤྲུལ་པའི་ཁྲོ་བོ་འདི་རྣམས་ཀྱིས་ཀྱང་འཐུང་བར་བྱེད། ཞལ་དུ ་འདྲེན་པར་བྱེད། མཁའ་ལ་རློམ་པར་བྱེད། ཞལ་དུ་རྔུབ་ཅིང་ཟ་བར་བྱེད་པ་དང་། དབང་དུ་སྡུད་ཅིང་ཚར་གཅོད་པར་བྱེད། ཐོ་བས་རྒྱགས་པར་བྱེད། ཕུར་བུས་འདེབས་པར་བྱེད། རལ་གྲིས་གཅོད་པར་བྱེད། བེ་ཅོན་གྱིས ་བརྡུང་བར་བྱེད། འཁོར་ལོས་གཏུབ་པར་བྱེད། དགྲ་སྟས་གཤོག་པར་བྱེད། རྡོ་རྗེ་མགོ་མཇུག་མེད་པར་རྡེག་པར་བྱེད། རྡོ་རྗེ་མདས་གཏིང་འབུགས་པར་བྱེད། མཚོན་ཆ་སྤུ་གྲི་ཀ་མ་ལས་གཤག་ཅིང་འདྲལ་བར་བྱེད། ་། སྔགས་ཀྱུས་འགུགས་པར་བྱེད། ཞགས་པས་འཆིང་བར་བྱེད། ལྕགས་སྒྲོག་གིས་རྣམ་པར་བྱེད། རྡོ་རྗེ་རྒྱ་གྲམ་ཕྱེད་ཀྱིས་དབང་དུ་བསྡུས་ནས། ལས་ཐམས་ཅད་འགྲུབ་པར་བྱེད་དོ།། རྡོ་རྗེ་མཚན་ཆར ་སྔགས་སོ།། ཨོཾ་བྱི་ཤྭ་བཛྲ་ཀྲོ་ཏ་ཛ་ལ་མན་དྷ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ། བཛྲ་ཛ་མ་ན་ཏྲ་སུཾ་བ་ནི། ཨཱ~ཾ་བྲུཾ་ཧཱཾ་ཏྲཾ་བྲུཾ་ཧྲི་བྲུཾ་ཧ་བྲུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། གྲངས་ངེས་པ་འདིར་སྟོན་ཏོ།། ལན་གྲངས ་ཉི་ཤུ་རྩ་བརྒྱད་བཟླས་ཏེ། དེ་སྐད་ཅེས་རྡོ་རྗེ་མཚོན་ཆའི་ཆར་དབབ་པོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚེ་སྒྲུབ་པ་འདི་ཕྱུང་ངོ་།། དཀྱིལ་འཁོར་འདི་དག ་ཐམས་ཅད་ནི།། ཆག་ནི་དགུ་ཡི་ཚད་དུ་བྱ།། ཐིག་གིས་ཡོངས་སུ་འཁོར་བར་གདབ།། དབུས་སུ་འཁོར་ལོ་རྩིབས་བཞི་བྲི།། འཁོར་ལོ་དག་གི་ལྟེ་བ་ལ།། བཅོམ་ལྡན་ཀུན་ཏུ་བཟང་པོ་བྲི།། ཤར་དུ་རྡོ་རྗེ་སེམས ་དཔའ་བྲི།། ལྷོ་རུ་རིན་ཆེན་འབྱུང་ལྡན་བྲི།། ནུབ་ཏུ་སྣང་བ་མཐའ་ཡས་བྲི།། བྱང་དུ་དོན་ཡོད་གྲུབ་པ་བྲི།། ཕྱི་རིམ་རྡོ་རྗེ་ར་བས་བསྐོར།། གྲཝ་བཞིར་དགོད་པར་བྱ་བ་ནི།། ཤར་དུ་རྡོ་རྗེ་དབྱིངས་ཕྱུག་བྲི།། ལྷོ་རུ་རིན ་ཆེན་དབྱིངས་ཕྱུག་བྲི།། ནུབ་ཏུ་པདྨོ་དབྱིངས་ཕྱུག་བྲི།། བྱང་དུ་ལས་ཀྱི་དབྱིངས་ཕྱུག་བྲི།། དེ་ཡི་ཕྱི་རིམ་སྣམ་བུ་ལ།། སྒོ་བཞི་སྒོ་ཁྱུད་བཅས་པར་དགོད།། སྒོ་བཞི་དཀྱིལ་འཁོར་གཞན་དང་མཐུན།། དེ་ནས་ཀྱང་ཕྱག ་མཚན་ཚེའི་བུམ་པ་རེ་རེ་འཛིན་ཅིང་བསྣམས་པ། གདན་པདྨ་ལ་བཞུགས་པ་ཤ་སྟག་གོ། དེ་ནས་ཚེ་དགུག་པར་བྱ་བ་དང་། ཚེ་གཤིན་རྗེ་ནག་པོའི་ལག་ནས་དབྲོག་པ་དང་། ཚེ་གང་གཡབ་པ་དང་། ཚེ་བཅིང་ཞིང ་བསྡམ་པ་དང་། ཚེ་དབང་དུ་བསྡུ་བ་དང་། ཚེ་ཡོངས་སུ་སྤེལ་བ་དང་། ཚེ་རྒྱས་པར་བྱ་བ་དང་། ཚེ་རིང་ཞིང་བདུད་ཀྱི་བར་མི་ཆད་པར་བྱ་བ་དང་། ཚེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བ་དང་། ཚེ་སྐྱེ་ཤི ་མེད་པའི་འབྲས་བུ་ཆོས་སྐུ་ལྷུན་གྱིས་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ལྷ་མོ་ལྕགས་ཀྱུ་ཐོག་པ་གྲངས་མེད་པ་སྤྲོས་ནས། ཨོཾ་བྲུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛ། ཞེས་བཀའ་སྩལ་པ་དང་། བདུད ་གཤིན་རྗེ་ནག་པོའི་སྙིང་དྲལ་ཏེ། ཤོག་ཁོག་སྐྱ་བོ་རླུང་གིས་བཏབ་པ་བཞིན་དུ་དུན་དུན་ཁཱར་ཁུར་འོང་བ་དེ་ལ་གཤིན་རྗེའི་ཙེ་ཏོ་ནས་བཟུང་ནས་འདྲད་ཀྱིས་བསྒྱེལ་ཏེ། རྡོ་རྗེ་སྙིང་ཀར་བཞག་ནས་ལག་པ ་ནས་ཧུར་གྱིས་ཕྲོགས་ནས། ཚེའི་གཡབ་དར་དང་། ཕྱག་རྒྱས་གཡབས་པ་དང་། རི་རབ་རྩེ་ལ་སྦས་པ། རྒྱ་མཚོའི་གཏིང་དུ་སྦས་པ། བར་སྣང་གི་ཁམས་ལ་སྦས་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ་ནས ་བཀུག་ཅིང་ཚེ་བླངས་ཏེ། ཞགས་པའི་ཚོགས་ཀྱིས་བཅིངས། ལྕགས་སྒྲོགས་ཀྱི་ཚོགས་ཀྱིས་བརྡམས་ནས་དབང་དུ་བསྡུས་ཏེ། རྒྱ་ཆེར་ཡོངས་སུ་སྤེལ་བར་བྱའོ།། ཨོཾ་བྲུཾ་བཛྲ་ཨ་ཡུ་ཥེ་བཛྲ་ཧཱུཾ་ཨ། ཞེས་བརྗོད་པས་བདེ ་། བར་གཤེགས་པ་ལྔའི་ཕྱག་རྒྱས་བསྟན་ནས་རྒྱས་པར་བྱའོ།། ཨོཾ་བཛྲ་ད་ར། རད་ན་ད་ར། པདྨ་ད་མ། ཏ་ཐ་ག་ཏ། ས་མ་ཡ་མ་ཏི་ཀྲ་མ་ས་མ་ཡ་ད་ར། ཨད་མ་ཀོ་ཧཾ་ཞེས་བརྗོད་པས། བདུད་གཤིན་རྗེ ་ནག་པོའི་ལག་ནས་ཚེ་འཕྲོགས་ཏེ། གཤིན་རྗེ་ཡང་བརྒྱལ་ཞིང་སྔངས་ནས་བསྒྲལ་ཞིང་། རྡོ་རྗེ་ཁྲག་འཐུང་ཆེན་པོས་སྙིང་ཁྲག་འཐུངས་ཏེ། ཚེའི་བར་ཆོད་བྱས་ཏེ། ཨོཾ་པུ་ནྱ་པུ་ནྱ་མ་ཧ་པུ་ནི། ཨ་པ་ར་མི་ཏ་ཨ་ཡུ་པུ་ནྱ། ་ཛྙཱ་ན་སམ་པ་རོ་པ་ཙི་ཏི་སྭཱ་ཧཱ། ཞེས་བཟླས་པས། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པ་དང་། ཚེ་སྲོག་གི་སྙིང་པོ། ཨོཾ་བྲུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཨ། ཞེས་བཟླས་པས། ཚེ་སྐྱེ་ཤི་མེད་པ ་གཡུང་དྲུང་གི་སྐུ་ཚེ་ཐོབ་པོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚེའི་ལས་འདི་གསུངས་སོ།། དབང་ཕྱུག་གཙོ་གང་རིགས་ཀྱི་ཡུམ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། བདེ་བ་ཆེན་པོས་ཡོངས ་བརྒྱན་ཏེ། དཀྱིལ་འཁོར་རྫོགས་པར་ཕུན་སུམ་ལྡན། རྡོ་རྗེ་སེམས་རྩོ་མཉེས་བྱས་པ། གནས་འདིར་རྩེ་ཕྱིར་གཤེགས་སུ་གསོལ།། ཨཱ~ཾ་ཨེ་ཧེ་ཧི་མ་ཧ་ཀ་རུ་ནི་ཀ་ཏྲི་ཥ་ཧོ།། ས་མ་ཡ་སྟམ། ཛ་ཧཱུཾ་བཾ་ཧོ། བརྟན་པར ་བཞུགས་པ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ།། དེ་ཉིད་དུ་ནི་མཉམ་སྦྱོར་བའི།། ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨ་བཛྲ་ས་མ་ཡ་ཨ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭ ་བཛྲ་ས་མ་ཡ་སྭ། ཧེ་བཛྲ་ས་མ་ཡ་ཧེ། ལས་ལ་བཞུགས་པ། ཨོཾ་ཤར་གྱི་ཕྱོགས་ནས་འགུགས་པ་ནི།། རྡོ་རྗེ་ལྷ་མོ་དཀར་མོ་ལྕགས་ཀྱུ་ཛ།། ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག། དཀར་མོ་ཞི་བྱེད་མགྱོགས་མ ་འོད་འཕྲོ་ཅན།། ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས།། ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད།། བྲུཾ་བཛྲ་ཨ་ཡུ་བཛྲ་ཨང་ཀུ་ཤ་ཛ་ཛ།། ལྷོ་ཡི་ཕྱོགས་ནས་འགུགས་པ་ནི།། སེར་མོ་ཡིད་བཞིན་རིན་ཆེན་གློག ་། ཕྲེང་འཛིན།། ཕྱག་ན་རིན་ཆེན་སྦྲུལ་གྱི་ཞགས་པ་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས།། ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད།། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ།། དམར་མོ་བཀྲ་གསལ ་དབང་བསྐུར་མ།། ཕྱག་ན་ཆུ་སྲིན་རྒྱལ་མཚན་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས།། ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད།། བྱང་གི་ཕྱོགས་ནས་འགུགས་པ་ནི།། ནག་མོ་མིག་གཅིག་རལ་པ ་ཅན།། དུང་གི་ཚེམས་ལ་ལྕགས་ཀྱི་སྒྲ།། ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས།། ཚེ་ལ་གནོད་བྱེད་འགལ་བྱེད་ཀུན་བསྒྲལ་ནས།། ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད།། དེ་ནས་བཅོམ་ལྡན་འདས་ཀྱིས་དབྱིངས་ཕྱུག་མ་རྣམས་ལ ་བསྐུལ་བ། དབྱིངས་ཕྱུག་མཁའ་ལྡིང་པདྨའི་དབྱིངས།། ཕྱག་རྒྱ་བདེ་མཆོག་དབྱིངས་ཀྱི་ཡུམ།། ཡེ་ཤེས་སྤྲུལ་པའི་ཕྱག་རྒྱ་མ།། དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས།། བཛྲ་ཨ་ཡུ་ཥེ་ཧཱུཾ་ཛ། སྟོང་གསུམ ་།། དབྱིངས་ལ་ཚེ་ཡི་མངའ་བརྙེས་མ། ཁམས་གསུམ་མ་ལུས་དབང་སྡུད་མ།། ཞིང་ལ་རྔམ་ཞིང་རྐམ་སྟོབས་ཅན།། སྟོང་གསུམ་དབྱིངས་ནས་ཚེ་དང་གཟི་བརྗིད་དྲོངས།། དབྱིངས་མ་ཀར་དང་ཀུན་ཏུ་གཉིས ་མེད་ཚོགས།། བདེ་ཆེན་རྨོངས་བྱེད་ཐལ་བྱེད་མ།། གཏུམ་མོ་དབྱིངས་སུ་སྒྲོལ་མཛད་སྙིང་འབྱིན་མ།། དཔལ་ཆེན་རྒྱལ་པོ་དགྱེས་པའི་འཁོར།། དུར་ཁྲོད་ཆེན་མོ་འཁོར་དང་བཅས།། ཚེ་ལ་གནོད་ཅིང ་འགལ་བྱེད་ཀུན་བསྒྲལ་ནས།། དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས།། ལོག་པར་ལྟ་བྱེད་བདུད་དཔུང་འདུལ་མཛད་མ།། འདོད་ཁམས་མ་དང་གཉིས་མེད་རོལ་པའི་སྲས།། དབང་ཕྱུག་ཕྲ་མེན་མཆེ ་བརྩིགས་འབར་བའི་ཚོགས།། ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས།། གཤིན་རྗེའི་ལག་ནས་ཚེ་དང་གཟི་བྱིན་དྲོངས།། ཤར་གྱི་ཕྱོགས་ནས་འགུགས་པ་ནི།། ཚེ་ཡི་ལྷ་མོ་ལྕགས་ཀྱུ་མ།། ཕྱག་ན་ཤེལ་གྱི་བུམ ་པ་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་སྒྲོལ་བར་བྱེད།། ལྷོ་ཡི་ཕྱོགས་ནས་འགུགས་པ་ནི།། ཚེ་ཡི་ལྷ་མོ་ཞགས་པ་མ།། ཕྱག་ན་མཐིང་གི་བུམ་པ་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་འཆིང་བར་བྱེད།། ་ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི།། ཚེ་ཡི་ལྷ་མོ་ལྕགས་སྒྲོག་མ།། ཕྱག་ན་ཟངས་ཀྱི་བུམ་པ་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་སྡོམ་པར་བྱེད།། བྱང་གི་ཕྱོགས་ནས་འགུགས་པ་ནི།། ཚེའི་ལྷ་མོ་དྲིལ་བུ་མ།། ་ཕྱག་ན་གཡུ་ཡི་བུམ་པ་བསྣམས།། ཚེ་ལ་གནོད་ཅིང་འགལ་བྱེད་དབང་དུ་སྡུད།། སྟེང་གི་ཕྱོགས་ནས་འགུགས་པ་ནི།། ཚེ་ཡི་ལྷ་མོ་དབྱིངས་ཕྱུག་མ།། ཕྱག་ན་དངུལ་གྱི་བུམ་པ་བསྣམས།། ཚེ་ལ་གནོད་ཅིང ་འགལ་བྱེད་དབང་དུ་སྡུད།། འོག་གི་ཕྱོགས་ནས་འགུགས་པ་ནི།། ཚེ་ཡི་ལྷ་མོ་རྟེན་ལྡན་མ།། ཕྱག་ན་གསེར་གྱི་བུམ་པ་བསྣམས།། ཚེ་ལ་གནོད་བྱེད་མ་ལུས་དབང་དུ་སྡུད།། ཨོཾ་བྲུཾ་བཛྲ་ཨ་ཡུ་ཡུ་ཧེ།། རད་ན་ཡུ་ཏི།། ་པདྨ་ཡུ་ཏི། ཀ་ར་མ་ཡུ་ཏཾ། བྲུཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཨ། དེ་ནས་དངོས་གྲུབ་བླངས་པ་ནི།། དཔལ་ལྡན་སངས་རྒྱས་སྐུ་འཆང་བ།། རྡོ་རྗེ་མི་བྱེད་གསུམ་དང་ལྡན།། འདི་བདག་སངས་རྒྱས་སྐུ་འཛིན་པའི།། བྱིན་གྱིས་བརླབ ་པའི་གནས་མཛོད་ཅིག། ཨོཾ་སརྦ་ཏ་ཐ་ག་ཏ་ཀ་ཡ་བཛྲ་སྭ་བྷ་བ་ཨད་མ་ཀོ&ཧཾ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་དང་ལྡན།། དེང་བདག་སངས་རྒྱས་སྐུ་འཆང་བ།། བྱིན་གྱིས་བརླབ་པར ་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་བ་ཨད་མ་ཀོ&ཧཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུང་དང་ལྡན།། དེང་བདག་སངས་རྒྱས་ཐུགས་འཛིན་པའི།། བྱིན་གྱིས་བརླབ་པར ་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་བ་ཨད་མ་ཀོ&ཧཾ། དམ་ཚིག་ཉམ་པ་ཐམས་ཅད་སྐོང་བར་གྱུར་ཅིག། ལྟ་བ་ཡོན་པོ་ཐམས་ཅད་སྲོངས་པར་གྱུར་ཅིག། ཆོ་ག་ཉམ་པ་ཐམས་ཅད་རྫོགས་པར་གྱུར ་ཅིག། ཚེ་སྐུ་གསུངས་ཐུགས་ཀྱི་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་སྤྲུལ་པའི་ཆོ་འཕྲུལ་གྱི ་ཏིང་ངེ་འཛིན་དུ་ཞུགས་སོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། མ་ཧཱ་རག་ཏའི་མགོ་མ་གཞན་གྱིས་བྱུགས་ལ།། དབུས་སུ་བཛྲ་ཧེ་རུ་ཀ། ཡུམ་ཀྲོ་ཏི་ཤྭ་རི། འཁོར་ལོ་རྩིབས་བཞི་ལ། ཤར་དུ་བཛྲ་ཧེ་རུ་ཀ། ལྷོར ་རད་ན་ཧེ་རུ་ཀ། ནུབ་དུ་པདྨ་ཧེ་རུ་ཀ། བྱང་དུ་ཀར་མ་ཧེ་རུ་ཀ། སྐུ་མདོག་ཕྱག་མཚན་རྒྱུད་གཞན་དང་མཐུན། དེའི་ཕྱིར་སྣམ་བུ་གཅིག་ལ། ཕྲ་མེན་མ་བཅུ་དྲུག། དེ་ཡི་ཕྱི་རིམ་སྒོ་བཞི་ལ།། དཀྱིལ་འཁོར་འདོམ ་གང་གྲུ་བཞི་ལ།། དྲི་ཆེན་གྱིས་མ་ད་ལ་བྱུགས་ལ།། དབུས་སུ་ཡཀྵ་ཧེ་རུ་ཀ། དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་གཤོག་པ་རྡོ་རྗེ་བརྡམས་པ། དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་པ་ལ། ཤར་དུ་བཛྲ་ཧེ་རུ་ཀ། ་ལྷོར་ཡག་ཤ་ཧེ་རུ་ཀ། ནུབ་ཏུ་བྱི་ཤ་ཧེ་རུ་ཀ། བྱང་དུ་ས་མ་ཡ་ཧེ་རུ་ཀ། འཚམས་བཞིར་ཁྲོ་མོ་དབང་ཕྱུག་མ། ཡུམ་བཞི་བཞུགས། གདན་ཞིང་བསྣོལ་མའི་ཁྲི་ལ་བཞུགས་སོ།། དེའི་ཕྱི་རིམ་སྣམ་བུ་ལ། ཕྲ་མེན་དང་། ་ཁྲོ་བོ་ཕོ་བཅུ་མོ་བཅུ། དགོད་ཅིང་བཞུགས་སོ།། སྒོ་བཞིར་ལྕགས་ཀྱུ་མ་སོགས་བཞི་དགོད་དོ།། ཁྲོ་བོ་ཆེན་པོ་ནི་ལ་དན་ཏྲ་དབུས་སུ་བྲི། དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ། སྤྲུལ་པའི་ཁྲོ་བོ་ཤུགས་ཅན་དང་། ་འཇིགས་སུ་རུང་བ་དང་། རྡོ་རྗེ་གྲགས་པ་དང་། རྡོ་རྗེ་སྙིང་རྡོ་རྗེ་སྒྱུ་འཕྲུལ་དང་པོ་དང་། རྡོ་རྗེ་གསུས་པོ་ཆེ་དང་། རྡོ་རྗེ་གད་མོ་དང་། རྡོ་རྗེ་གད་རྒྱངས་ཅན་དང་། འདི་རྣམས་གོ་རིམས་བཞིན་བྲི། སྒོ་བཞི་གཞན་དང ་མཐུན། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། རྣམ་པར་རྒྱལ་བ་དབུས་སུ་བྲི། པདྨོའི་འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་གྲགས་ཆེན། ལྷོར་ཁྲོ་བོ་གད་མོ་ཅན། ནུབ་ཏུ་ཁྲོ་བོ་ཧེ་ཧེ་གྲགས་ཆེན་དང་། བྱང་དུ་རྡོ་རྗེ་བགེགས ་གནོན་པའི་རྒྱལ་པོ་བྲི།། དེའི་ཕྱི་རིམ་སྒོ་སྣམ་བྲི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་གཤིན་རྗེ་གཤེད་པོ་བྲི། ཕྱི་རིམ་པདྨ་འདབ་བརྒྱད་ལ། ཕྲ་མེན་མ་སིང་ཧ་ལ་སོགས་པ་བརྒྱད་བྲི། སྒོ་བཞི་དགོད།། ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁྲོ་བོ་མི་གཡོ་མགོན་པོ་དབུས་སུ་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཁྲོ་བོ་འགྱིང་བ་དང་། ཁྲོ་བོ་གླང་པོ་ཆེ་དང་། ཁྲོ་བོ་ཀོ་རློན་པ་ཅན་དང་། ཁྲོ་བོ་མིག་མི་བཟང་པ་བཞི ་རིམ་བཞིན་དུ་བྲིའོ།། ཕྱིའི་སྒོ་སྣམ་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཧ་ཡ་གྲྀ་བ་བྲི། པདྨ་འདབ་མ་བརྒྱད་པ་ལ། ཀེའུ་རི་མ་བརྒྱད་བྲི། ཕྱི་རིམ་སྒོ་སྣམ་དགོད། དཀྱིལ་འཁོར་འདོམ་གང་གྲུ ་བཞི་ལ། ཏ་ཀི་ར་ཙ་དབུས་སུ་དགོད། ཕྱི་རིམ་འདབ་མ་བརྒྱད་པ་ལ། ཁྲོ་བོ་བདེ་བ་དང་། སོའི་ཕྲེང་བ་དང་། དུང་ཆེན་དང་། ཁུ་ཚུར་དང་། གཡབ་མ་དང་། དགའ་བ་དང་། འདེགས་པ་དང་། ཧཱུཾ་ཆེན་དང་ནི ་འདི་རྣམས་བྲི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་བདུད་རྩི་འཁྱིལ་པ། འཁོར་ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་སྤུ་ཅན་དང་། ཟངས་ཀྱི་གཤོག་པ་ཅན་དང་། ལྕགས་ཀྱི་མཆེ་བ་ཅན་དང་། ་སྤུ་གྲི་སོ་ཅན་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁམས་གསུམ་རྣམ་པར་རྒྱལ་བ་དབུས་སུ་དགོད། དེའི་ཕྱི་རིམ་པདྨ་བཞི་ལ། སྟག་གི་མགོ་ཅན་དང་། གཡག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། ་བྱི་ལའི་མགོ་ཅན་རྣམས་སོ།། སྒོ་བཞི་རིམ་པ་བཞིན་དུ་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁྲ་བོ་ཧཱུཾ་ཀར་དབུས་སུ་དགོད། འཁོར་ལོ་རྩིབས་བཞི་ལ། སྤྱང་ཁུའི་མགོ་ཅན་དང་། ཝའི་མགོ་ཅན་དང་། ་དོམ་གྱི་མགོ་ཅན་དང་། དྲེད་ཀྱི་མགོ་ཅན་རྣམས་དགོད་དོ།། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། སྟོབས་པོ་ཆེ་དབུས་སུ་དགོད། འཁོར་ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་གདེངས་མོ། ལྷོར་རྡོ་རྗེ་སྡེར ་མོ། ནུབ་ཏུ་དུར་ཁྲོད་བདག་མོ། བྱང་དུ་རྡོ་རྗེ་གཏུན་ཁུང་རྣམས་རིམས་བཞིན་དུ་དགོད་དོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོ་རྣམས་ཀྱི་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ་དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི།། དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟེ།། གཤོག་པ་རྡོ་རྗེ་གདམས་པ་གདེང་།། ཞབས་ཀྱང་རྣམ་པ་བརྒྱད་དུ་བསྟན། དེའི་འཁོར་གྱི་ཁྲོ་མོ་ནི། ཕྱག་དང་སྲིན་པོ་ལྟར་མཐུན་སྟེ། ཞབས་ཀྱང ་དེ་དང་འདྲ་བར་བསྟན།། ཤར་གྱི་ཕྱོགས་ན་བཞུགས་པ་ནི། ཁྲོ་བོ་རྣམ་པར་རྒྱལ་བ་སྟེ།། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། དྲི་ཟ་བསྣོལ ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། ཤར་ལྷོའི་འཚམས་ན་བཞུགས་པ་ནི། ཁྲོ་བོ་དབྱུག་པ་སྔོན་པོ་ཅན།། སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ་ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། མེ་ལྷ་བསྣོལ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བའི་འདུལ་ཚུལ་ལོ།། ལྷོའི་ཕྱོགས་ན་བཞུགས་པ་ནི།། ཡ་མན་ཏ་ཀ་གཤིན་རྗེ་གཤེད།། སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ།། དབུ ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། མ་ཧེ་བསྣོལ་བའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བའི་འདུལ་ཚུལ་ལོ།། ལྷོ་ནུབ་འཚམས་ན་བཞུགས་པ་ནི། ཁྲོ་བོ་མི་གཡོ་མགོན་པོ་ནི།། སྐུ ་མདོག་སྔོ་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། བདེན་བྲལ་བསྣོལ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚལ་ལོ།། ནུབ་ཀྱི་ཕྱོགས་ན་བཞུགས་པ་ནི།། ་ཧ་ཡ་གྲྀ་བ་རྟ་མཆོག་དབང་།། སྐུ་མདོག་དམར་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། ཀླུ་བདག་བསྣོལ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ ་། ལོ།། ནུབ་བྱང་འཚམས་ན་བཞུགས་པ་ནི།། ཁྲོ་བོ་ཏ་ཀི་ཏ་ར་ཙ་སྟེ།། སྐུ་མདོག་དུད་ཀ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། རླུང་ལྷ་བསྣོལ་མའི་ཁྲི་ལ ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། བྱང་གི་ཕྱོགས་ན་བཞུགས་པ་ནི།། ཁྲོ་བོ་བདུད་རྩི་འཁྱིལ་བ་སྟེ།། སྐུ་མདོག་ལྡང་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག ་སྟེང་ན།། གནོད་སྦྱིན་བསྣོལ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། བྱང་ཤར་འཚམས་ན་བཞུགས་པ་ནི། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ།། སྐུ་མདོག་ལྗང་སྐྱ་འོད་ཟེར་འཕྲོ།། དབུ ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། བྱི་ན་ཡ་ཀའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། སྟེང་གི་ཕྱོགས་ན་བཞུགས་པ་ནི། ཁྲོ་བོ་ཧཱུཾ་མཛད་ཧཱུཾ་ཀ་ར།། སྐུ་མདོག་དཀར་པོ ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། ཉི་ཟླ་བཟའ་སྐར་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། འོག་གི་ཕྱོགས་ན་བཞུགས་པ་ནི།། མ་ཧཱ་བ་ལ་སྟོབས ་པོ་ཆེ།། སྐུ་མདོག་གནག་ལ་འོད་ཟེར་འཕྲོ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། ཞབས་དྲུག་རྡོ་རྗེ་བྲག་སྟེང་ན།། ས་བདག་བསྣོལ་མའི་ཁྲི་ལ་བཞུགས།། འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ།། དེ་ནས་བཅོམ་ལྡན ་འདས་ཀྱི་ཁྲོ་བོ་ཡ་མན་ཏ་ཀའི་ཏིང་ངེ་འཛིན་ལ་བཞུགས་ནས། དེ་སྐད་ཅེས་བསྐུལ་ལོ།། བདུད་རུ་ཊ་ནག་པོ་འདུལ་མཛད་དོ།། ཧཱུཾ་གཏུམ་ཆེན་རབ་འབྱམས་འཇིག་རྟེན་འཇོམས་མཛད་ལྷ།། ཉི་མ་འབུམ་པས་ལྷག ་པའི་འོད་ལྡན་ཁྱོད།། ཕྱག་ཆ་མང་པོ་བསྐལ་པའི་མེ་བཞིན་འབར།། རབ་འབར་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་།། གཅན་ཟན་གདུག་པའི་ལྤགས་རློན་སྐུ་ལ་བརྒྱན།། ་བརྐྱང་བསྐུམ་ཚུལ་གྱིས་རབ་འཇིགས་གཤིན་རྗེ་གནོན།། ཞིང་ཆེན་ཁྲག་འཛག་ཟོད་རློན་སྐུ་ལ་བརྒྱན།། མི་བཟད་རྒྱལ་པོ་གདོད་དྲུག་ཧཱུཾ་སྒྲ་ཅན།། ཕཊ་གྱི་ཁམས་གསུམ་སྔངས་མཛད་ཞབས་དྲུག་པོ།། ཤ་ཟའི་མགོ ་བཅད་དབུ་ཡི་རྒྱན་དུ་ཐོགས།། སྤྱན་ཟློག་ཙམ་གྱིས་ཐོགས་འབེབས་མེ་ལྟར་འཕྲོ།། ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་ཐོག་འབེབས་ཤིང་།། མ་མོ་རྣམས་ཀྱང་སྒྲེན་མོར་འདར་ཞིང་འབྲོས།། སྟོང་གསུམ་མིད་པར ་མཛད་པའི་ཞལ་མངའ་བ།། ཚངས་པའི་འཁོར་བཅས་ཁྲག་གི་ཐིག་འཛག་ཅིང་།། ནད་གཏོང་སྲིན་མོའི་ཚོགས་རྣམས་འདར་ཞིང་འབྲོས།། རྐན་སྒྲ་གཏོགས་པས་ལྷ་ཆེན་ཁྱབ་འཇུག་ཀྱང་།། འབུབ་འགྱེལ་བཅས ་པར་ཁྲག་སྐྱུག་ཉིད་ལ་འདུད།། ཕྱག་ན་མི་ཐོད་རློན་པ་བསྣམས་པ་ནི།། དངོས་གྲུབ་ཕྱག་གིས་ཀླད་ཁྲག་ཞལ་དུ་སྟོབ།། ཚངས་པའི་མགོ་བཅད་དབུ་ཡི་རྒྱན་དུ་བྱས།། ཞིང་ཆེན་མགོ་ནས་ཆེམ་ཆེམ་ཟ་བར་བྱེད།། རྒྱུ ་ཕྲེང་ཁྲག་དང་བཅས་པར་ཐོགས་ནས་ནི། ཁྱོད་མཐོང་ཙམ་གྱིས་རབ་འཇིགས་ཉིད་ལ་འདུད།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། སྤྲུལ་པའི་ཁྱེའུ་བཟང་བ་དབུ ་གསུམ་ཕྱག་དྲུག་པ་བརྒྱ་རྩ་བརྒྱད་བྱུང་ནས། བཅོམ་ལྡན་འདས་འཛུམ་པའི་མདངས་ཀྱིས་མེ་ཏོག་གཏོར་ནས་བཀའ་ནོད་པའི་ཚུལ་དུ་གོང་དེར་བཞུགས་པ་དེ་ལ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འདི་སྐད ་ཅེས་བཀའ་སྩལ་ཏོ།། དགུང་ལ་ཐོག་ཐོག་མི་བཟད་པ།། ཁྱེའུ་ཆུང་སྔོན་མོ་མཁའ་ལ་ལྡིང་།། ཡ་མན་ཏ་ཀ་ཁྲོ་བོ་སྟེ།། སྐུ་ཡང་ཆེ་ལ་བམ་ལྡིར་བཟང་།། སྐུ་མདོག་སྟངས་ཟིལ་བཅག་པ་འདྲ།། ཕྱག་གིས་དང་པོ་ཁ་ཊ་མ ་ཁ།། བར་ན་རྡོ་རྗེ་དྲིལ་བུ་བསྣམས།། མཐའ་མ་མདའ་དང་གཞུ་བསྣམས་ཏེ།། འཁོར་ནི་ཕྲ་མེན་བརྒྱད་ཀྱིས་བསྐོར།། ང་ཉིད་ཡིན་ཏེ་སྐལ་པ་བཟང་།། བསྐལ་པ་བཟང་བའི་དམ་ཚིག་གིས།། དོག་ལ་ཆེམ་ཆེམ་མི ་བཟད་པ།། བསྒྲགས་པ་རལ་པ་གཅིག་མ་ཡིན།། དམ་ཚིག་དུས་ལས་མ་འདའ་ཞིག། ཅེས་བསྒོའོ།། ཅི་བཀའ་བགོས་པ་བཞིན་དུ། ལས་ཐམས་ཅད་ཀྱང་འགྲུབ་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས ་དཔལ་ཀུན་ཏུ་བཟང་པོས། མ་དང་ཕྲ་མེན་མའི་ཏིང་ངེ་འཛིན་ཏུ་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ལས་བཅོལ་བར་མཛད་དོ།། ཀྲོ་ཏི་ཤྭ་རེ་དཔལ་འབར་མ། ཁམས་གསུམ་སྲིད་ལ་མངའ་མཛད་མ། ་ལས་སུ་གསོད་ལ་དགའ་བ་མོ།། ཤན་པ་སྤུ་གྲི་རྣོན་པོའི་སོ།། རོ་ལ་རྔམ་པའི་ཁ་ཊ་མ་ཁ།། འབྱུང་པོ་ཙི་ཏི་མཆོག་ལ་རོལ།། མཐིང་ཀ་མཆོག་སྟོན་དཔལ་གྱི་ཡུམ།། རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ།། ཀེའུ་རི་མ་ཡི་མཆོད ་པས་རོལ།། གསེར་གྱི་འོད་འཕྲོ་མདའ་གཞུ་འགེངས།། རིན་ཆེན་སྐུ་ཡི་དབང་ཕྱུག་མ།། ཙོའུ་རི་མ་ཡི་མཆོད་པ་རོལ།། པྲ་མོ་ཆུ་སྲིན་རྒྱལ་མཚན་འཛིན།། པདྨ་གསུང་གི་དབང་ཕྱུག་མ།། པྲ་མོ་ཧ་ཡི་མཆོད་པ་རོལ།། ་ནག་མོ་རོལ་པ་ཐོད་པ་འགེངས།། ཀར་མ་ལས་ཀྱི་དབང་ཕྱུག་མ།། པེ་ཏ་ལ་ཡི་མཆོད་པ་རོལ།། གཏུམ་མོ་ཞེ་སྡང་སྤུ་གྲི་སོ།། ཞེ་སྡང་འཇོམས་པའི་དབང་ཕྱུག་མ།། པུ་ཀ་སི་ཡི་མཆོད་པ་རོལ།། པདྨ་འཇོམས་པའི ་། ཆར་ཆེན་འབེབས།། འདོད་ཆགས་འཇོམས་པའི་དབང་ཕྱུག་མ།། པུ་ཀ་སི་ཡི་མཆོད་པ་རོལ།། རིན་ཆེན་མེ་ལྕེ་གློག་འཕྲེང་འཛིན།། གཏི་མུག་འཇོམས་པའི་དབང་ཕྱུག་མ།། སྨེ་ཤ་ན་ཡི་མཆོད་པ་རོལ།། ལས ་སུ་དགྲ་སྟ་འབར་བ་འཛིན།། ང་རྒྱལ་འཇོམས་པའི་དབང་ཕྱུག་མ།། ཙན་དྷ་ལི་ཡི་མཆོད་པ་རོལ།། སིང་ཧ་གསོད་བྱེད་སེང་གེ་མགོ། རོ་མཆོག་ཟ་བའི་ཕྲ་མེན་མ།། བྱ་ཀྲའི་མགོ་གཅོད་སྟག་གི་མགོ། ཟོད་རློན་ཤ་ཟའི ་ཕྲ་མེན་མ།། སྲི་ལ་དུར་རྐུན་ཝ་ཡི་མགོ། དུར་སྲི་མ་ཡི་ཕྲ་མེན་མ།། ཤྲ་ན་ཤ་འདྲད་སྦྲང་མོ་མགོ། ཤ་ཆེན་ཟ་བའི་ཕྲ་མེན་མ།། ཀྲི་ཏ་ཁྲག་འཐུང་བྱ་རྒོད་མགོ་ཁྲག་ཚིལ་ཟ་བའི་ཕྲ་མེན་མ།། ཀང་ཀ་མ་ཀ་དུར་བྱའི་མགོ ་། དུག་གསུམ་འཇོམས་པའི་ཕྲ་མེན་མ། ཁྭ་ཁ་རྒྱུ་འདྲེན་ཕོ་རོག་མགོ། དགྲ་བགེགས་འདུལ་བའི་ཕྲ་མེན་མ།། ཧུ་ལུ་ཚེ་འཕྲོག་འུག་པའི་མགོ། གློ་སྙིང་ཟ་བའི་ཕྲ་མེན་མ།། སྟག་གཡག་ཤ་བ་སེང་གེའི་མགོ། ་བྱི་ལ་སྤྱང་ཀུ་ཝ་ཡི་མགོ། དོམ་དྲེད་ཕག་གི་མགོ་ཅན་རྣམས།། ཐུགས་དམ་བཞིན་དུ་ལས་བྱོས་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་ཆགས་པ་མེད་པའི་སྦྱོར་བས་སྐུ་ལ་འཁྲིལ་ཅིང་།། ལས་མཐར་ཕྱིན་པར་མཛད་དོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་སྒོ་བ་རྣམས་ལ་བཀའ་སྩལ་པ། ཛ་ཛ་ལྕགས་ཀྱུ་གློ་སྙིང་འདྲེན།། ཨ་ལོ་སྔོན་པོ་ཐོད་སྦྲུལ་ཞགས།། ཨ་ལོ་དམར་པོ་ལྕགས་སྒྲོག་སྟེམ།། བས་ནི་ལྗང་གུ་དྲིལ་འཁྲོལ་དགོས།། བཀའ་སྩལ ་བཞིན་དུ་ཉན་པར་མཛོད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པའི་ལས་ཡེ་ཤེས་ཀྱི་ཁྲོ་བོ་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས ་དཔལ་ལྷ་མོ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། རྣལ་འབྱོར་མའི་འཁོར་འདི་ཕྱུང་ངོ་།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་རྣམ་པ་བཞི་ཡིས་བརྒྱན། ་དར་དང་དྲིལ་བུ་ཆུན་པོ་དང་།། ཉི་མ་ཟླ་བས་རྣམ་པར་བརྒྱན།། རིན་ཆེན་མུ་ཏིག་འབྲས་བུས་སྤྲས།། དོ་ཤལ་རྐང་གདུབ་རྣམས་ཀྱིས་བརྒྱན།། སྣ་ཚོགས་གཟུགས་ནི་རྣམ་བྲེས་པ།། སྣ་ཚོགས་ཕྲེང་བ་གོས་ཀྱིས ་བརྒྱན།། སྲིན་བུ་བཞི་དང་ལྡན་པ་སྟེ།། ཀ་བ་མཆོག་བརྒྱད་ཡང་དག་ལྡན།། དབུས་སུ་དགའ་བྱེད་སྟན་ལ་ནི།། རྡུལ་ལ་སོགས་པས་རྣམ་པར་བརྒྱན།། སྣ་ཚོགས་པདྨའི་དར་གྱིས་གཡོགས།། ཐམས་ཅད་སྟན་དེ་དག ་ཅེས་བྱ།། དབུས་སུ་རྡོ་རྗེ་སེམས་དཔའ་ནི།། སྟན་དེ་ལ་བཞག་པར་བྱ།། ཚད་མེད་པདྨོ་དམར་འདྲ་བ།། སྣ་ཚོགས་རྒྱན་གྱིས་རྣམ་པར་དཀྲུགས།། ཡིད་བཞིན་ནོར་བུ་དབུ་རྒྱན་ལྡན།། རིན་ཆེན་གཙུག་ནི་རྣམ་པར ་མཛེས།། ཚད་མེད་དང་ནི་སྦྱང་བ་ཡི།། དབུ་ལ་ཆུན་པོས་མཛེས་པར་བྱས།། སྣ་ཚོགས་ཡེ་ཤེས་རབ་ཏུ་གནས།། ཆུ་སྐྱེས་སྤྱན་ནི་རབ་ཏུ་རྒྱས།། རྒ་བྱེད་ཡིད་ཚན་གཡོན་དུ་འདུལ།། གཡས་ཀྱི་ཕྱག་གིས་རྡོ་རྗེ་ཆེ།། སྙིང ་ཀར་གསོར་ལ་རབ་ཏུ་བརྩོན།། དེ་ལ་སོགས་པ་ཡོན་ཏན་ལྡན།། ཐོག་མ་ཉིད་དུ་རྣམ་པར་བཞག། སློབ་མའམ་ཡང་ན་གཞན་ཡང་རུང་།། མཚན་ཀུན་གྱིས་ནི་རྣམ་པར་བརྒྱན།། ཚུལ་བཞིན་བྱིན་གྱིས་བརླབ་བྱ་སྟེ།། ་དབུས་ཀྱི་དཀྱིལ་དུ་བཞག་པར་བྱ།། བདག་ཉིད་ཀྱང་ནི་མཉམ་བཞག་སྟེ།། དེ་ལ་སོགས་པ་ཡོན་ཏན་གཙོ།། དབུས་ཀྱི་སྟན་ལ་འདུག་པ་ནི།། བདག་ནི་རབ་དགེས་རྗེས་སུ་སྨྲ།། དེར་ནི་སློབ་མ་བྱིན་བརླབས་ཏེ།། ་ཐམས་ཅད་ལས་བྱེད་ཕུན་སུམ་ཚོགས།། རྡོ་རྗེ་པདྨ་ལས་བྱུང་བའི།། གསང་བ་ཡིས་ཀྱང་དབང་བསྐུར་རོ།། རབ་དགྱེས་ལ་སོགས་ཡོན་ཏན་ལྡན།། ཡིད་འོང་བུ་མོ་བཙལ་བྱས་ཏེ།། སྙིང་ཀ་མཚོགས་མ་འགྲིན་སྤྱི ་། བོར།། ལྷ་རྣམས་ལ་སོགས་དབུ་སྒོམས་ཏེ།། མཚན་མ་ཕྱག་རྒྱ་རབ་འབར་བའི།། རྡོ་རྗེ་མཉམ་པར་སྦྱོར་བའི།། རང་འཁྱུད་པའི་ཕྱག་རྒྱ་ཡིས།། ཚུལ་བཞིན་ཐམས་ཅད་བཞག་པར་བྱ།། མདུན་དུ་ལྷ ་། མོ་མྱོས་བྱེད་མ།། མ་མཆུ་འཛིན་པའི་རོ་ལ་དགྱེས།། དཀར་དམར་ཁ་དོག་འདྲེས་པ་ཡིས།། ཐམས་ཅད་རྒྱན་དང་ཡང་དག་ལྡན།། ལོ་ནི་བཅུ་དྲུག་ལོན་པས་མཆོག་ཤེས་རབ་ཅན་གྱིས་མདུན་དུ་བཞག། གཡས་སུ་ལྷ ་མོ་གསོད་བྱེད་མ།། མཚོན་ཆའི་མདའ་ནི་འདྲེན་པར་བརྩོན།། དོ་ཤལ་རྐང་གདུབ་དག་གིས་བརྒྱན།། ལོ་གྲངས་ཉི་ཤུ་ལོན་པ་སྟེ།། གསེར་གྱི་རི་བོ་ཞུ་བ་འདྲ།། ཆུ་སྐྱེས་སྤྱན་ནི་ཡིད་ཙམ་སྔོ།། སེམས་པ་ཆེ་ལ་མཉེས ་མཛད་ཅིང་།། དེ་ཡི་ཚུལ་བཞིན་བཞག་པར་བྱ།། རྒྱབ་ཏུ་ལྷ་མོ་རྨོངས་བྱེད་མ།། པདྨ་དམར་པོ་མདོག་གི་འོད།། ཆུ་སྲིན་རྒྱལ་མཚན་མཛེས་པའོ།། སྐུ་ཡི་ཚད་ནི་ཉི་ཤུ་གཅིག། དགའ་བྱེད་འདོད་པའི་རོ་ལ་དགྱེས།། ་སྣ་ཚོགས་ན་བཟའ་ཡང་དག་གསོལ།། སྣ་ཚོགས་པདྨོ་སྦྱོར་ལ་སོགས།། གར་གྱི་བྱ་བ་རབ་བརླག་བཞག། གཡོན་དུ་སྣ་ཚོགས་ཆེན་མོ་སྟེ།། སྣ་ཚོགས་དགོས་པ་རྗེས་བརླབས་པ།། སྐུ་ཡི་ཚད་ནི་བཅུ་གཉིས་ལྡན།། ་རྣལ་འབྱོར་ལ་ནི་ཤིན་ཏུ་བརྩོན།། ལྷ་དང་ལྷ་མིན་མིའི་མདའ་རྣམས།། འགྲོ་བ་རྣམས་ཅད་མོས་མཛད་མ།། སྣ་ཚོགས་རྒྱན་གྱིས་རྣམ་པར་བསྒྲུབས།། སྣ་ཚོགས་དར་གྱི་ན་བཟའ་གསོལ།། གྲཝ་རྣམས་དག་ནི་ཐམས ་ཅད་དུ།། གཟུགས་སྒྲ་དྲི་རོ་རེག་རྣམས་དང་།། བདུག་པ་མེ་ཏོག་བསུང་ལྡན་པ།། གཟི་བརྗིད་ཆེན་པོ་འོད་དང་ལྡན།། ཅི་རིགས་པར་ནི་བཞག་པར་བྱ།། སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ།། རང་གི ་ལས་ཀྱི་ཕྱག་རྒྱར་ལྡན།། སྐལ་ལྡན་དགའ་ལ་རྣམ་མོས་པ།། སྒོ་སྲུང་བཞི་ནི་བཞག་པར་བྱ།། གཞན་ཡང་རྣམ་པ་སྣ་ཚོགས་རྣམས།། པི་བང་གླིང་བུ་བརྡབ་པ་དང་།། རྫ་རྔ་རྔ་ཆེན་ཀུ་མུ་ཏ།། མུ་རུ་ཙ་དང་དར་ད་དང་། ་གར་དང་དབྱངས་དང་བཞད་པ་ཆེ།། རོལ་མོ་ཡོ་བྱད་སྣ་ཚོགས་རྣམས།། དགའ་བྱེད་དཀྱིལ་འཁོར་བཞག་པར་བྱ།། ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དུ།། དཀྱིལ་འཁོར་གྱི་ནི་ཕྱི་རོལ་ཏུ།། རྡོ་རྗེ་ནམ་མཁའ་འགྲོ་མ ་བཞག། ཡི་དྭགས་ཕྱག་རྒྱ་ཡང་དག་གཞོན།། དཔའ་བོ་འཇིགས་བྱེད་གཟུགས་འཛིན་ཏེ།། སྐལ་ལྡན་རང་གི་ལག་ཆ་ལྡན།། གདུག་པའི་སེམས་ཀྱིས་སྡིགས་བྱེད་ཅིང་།། ཤ་ཁྲག་དང་ནི་རྒྱུ་མ་དང་།། རྐང་དང་ཚིལ་བུ ་ཟ་སྤྱོད་པ།། དཀྱིལ་འཁོར་བྱས་ཏེ་གདུག་པ་ནི།། ཚོགས་ཀྱི་དཀྱིལ་འཁོར་བཞག་པར་བྱ།། དགའ་བར་བྱེད་དང་འདྲེན་པར་བྱེད།། གསོད་པར་བྱེད་དང་འཕྲོག་པར་བྱེད།། རྡོ་རྗེ་མཁའ་འགྲོ་ཚོགས་ཀྱི་བདག། ཤར ་གྱི་ཕྱོགས་སུ་བཞག་པར་བྱ།། གཟི་བརྗིད་ཆེ་དང་འབར་བྱེད་མ།། འཇོམས་བྱེད་བོང་བུ་ལྷོ་རུ་སྟེ།། གཙུག་ལག་མཐོང་བའི་རྒྱུ་ཡིས་ནི།། མཁས་པས་ཚུལ་བཞིན་གཞག་པར་བྱ།། ཆགས་ཆེན་པོ་དང་ཆགས་བྲལ ་། དང་།། འཁོར་ལོ་མ་དང་རྒྱས་འདེབས་མ།། རབ་ཏུ་དབྱེ་བས་འཁོར་བྱས་ཏེ།། ཅི་རིགས་ནུབ་ཏུ་བཞག་པར་བྱ།། སྣ་ཚོགས་ལུས་དང་སྲུང་བ་དང་།། གནོད་སྦྱིན་མོ་དང་ཡང་དག་འཕྲོག། སྔགས་དང་ཕྱག ་རྒྱས་བྱིན་བརླབས་ནས།། སྔགས་མཁན་ཅི་རིགས་བྱང་དུ་བཞག། ཤར་གྱི་གོ་རུ་བཞག་པ་ནི།། བྱ་རོག་གདོང་ནི་མིག་འབྲུ་སྟེ།། འཇིགས་པའི་མིག་དང་འཇིགས་པའི་གདོང་།། ཇི་ལྟར་རྗེས་སུ་མཐུན་བྱས་ཏེ།། ཡིད ་དགས་སྟན་ལ་ཡང་དག་འདུག། སྣ་ཚོགས་མཆོག་གི་གདོང་འཛིན་ཏེ།། ལག་པར་གྲི་དང་ཁར་གཞོང་ཐོགས།། མཆོག་ཏུ་ཤ་དང་ཁྲག་ཟ་བའོ།། ནུབ་དང་ལྷོ་ཡི་འཚམས་བཞག་པ།། བཞད་དང་འུག་པའི་གདོང་རིད ་མ། ཁྲོས་པའི་ཁྱི་དང་ཕག་གི་གདོང་།། གསུས་པོ་ཆེ་ལ་ལྟོ་འཕྱངས་རྣམས།། ནུབ་དང་བྱང་གི་འཚམས་དག་ཏུ།། རྔ་མོ་བོང་བུ་གདོང་འཛིན་མ། ཁྲོས་པ་ར་དང་ཁྱི་ཡི་གདོང་།། རྒྱུ་མའི་མགོ་ནས་ཟ་བར་བྱེད།། ་ཤར་དང་བྱང་གི་འཚམས་དག་ཏུ།། ཀེང་རུས་དཀར་པོ་འཛིན་པ་སྟེ། ཁྲོས་པ་རུས་པའི་ཕྲེང་བས་ཀླུབས།། ལྟོ་འཕྱངས་པོ་ལ་བུམ་པ་འཛིན།། ཕན་ཚུན་འཐབ་པར་བརྩོན་པ་ཡི།། ཅེ་སྤྱང་གི་ནི་འཁོར་གྱི་རྣམས།། ་འཇིགས་བྱེད་གདོང་ནི་མཆེ་བ་འཛིན།། རྣམ་པར་བསྒྱུར་བའི་གཟུགས་འཛིན་མ།། སྒོ་རྣམས་ཀྱི་ནི་ཕྱོགས་རྣམས་ཀུན།། སྒོ་བཞི་རྣམས་ནི་བཞག་པར་བྱ།། བྱང་གི་ཕྱོགས་སུ་འབོད་སྒྲོགས་ཏེ།། བུམ་པ་རྣམས་ནི་ཤར ་ཉིད་དུ།། ནུབ་ཏུ་རྣམ་པར་འཇིག་པའོ།། ལྷོ་རུ་གཤིན་རྗེ་རྒྱལ་པོ་བཞག། དེ་དང་གཞན་ཡང་རྒྱལ་པོ་མཆོག། ནམ་མཁའ་འགྲོ་བས་ཀུན་ཏུ་བསྐོར།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས ་དཔའ་ཡུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དགྱེས་ཤིང་སྤྱན་ནི་རྒྱས་པ་ཡིན།། བཞེངས་ནས་དགྱེས་པ་ཆེན་པོ་ཡི།། བརྗིད་པའི་ཕྱག་གིས་གར་མཛད་ཅིང་།། ཐལ་མོ་སྦྱར་ནས་གཙུག་ཉིད་དུ།། བཞག་པ ་ཡིས་ནི་འདུད་པར་བྱེད།། བསྐུལ་བ་དང་ནི་དབྱངས་འདི་ཡིས།། དེ་དག་གཙོ་ལ་མཉམས་པར་བྱེད།། ཀྱེ་མ་ཆོས་ནི་ངོ་མཚར་ཆེ།། ཀྱེ་མ་སྤྱོད་པ་ངོ་མཚར་ཆེ།། ཀྱེ་མ་སྦས་པ་ངོ་མཚར་ཆེ།། ཀྱེ་མ་བདེ་བྱེད་ཡང་དག ་འབྱུང་།། ཀྱེ་མ་ཀུན་ཏུ་བཟང་པོའི་དོན།། ཀྱེ་མ་རབ་དགྱེས་ཡང་དག་འགྲོགས།། ཀྱེ་མ་དགའ་བ་བདེ་བ་ཆེ།། ཀྱེ་མ་བདེ་བ་བདེ་མཆོག་སྟེ།། ཀྱེ་མ་སྔགས་ཀྱིས་ཡང་དག་སྦྱོར།། ཀྱེ་མ་ཕྱག་རྒྱ་ཡང་དག་བཞུགས།། ་ཀྱེ་མ་སྒྲུབ་པ་སྨད་དུ་འབྱུང་བའོ།། ཀྱེ་མ་ཕ་རོལ་ཕྱིན་པ་ཡིས།། ཀྱེ་མ་ཇི་ལྟར་མཐུན་རིགས་པ།། ཀྱེ་མ་དགོངས་པ་སྣ་ཚོགས་ཆེ།། ཀྱེ་མ་དག་པ་གསུམ་སྦྱར་བ།། ཀྱེ་མ་རྡོ་རྗེ་མཉམ་སྦྱོར་བའི།། ཀྱེ་མ་པདྨ་རྣམ་ཕྱེ་བ།། ་ཀྱེ་མ་དབང་པོ་གཉིས་སྦྱོར་བའི།། ཀྱེ་མ་མཆོག་དང་མཉམ་སྦྱོར་བའི།། ཀྱེ་མ་གར་ནི་དག་པ་ཆེ།། ཀྱེ་མ་ཀླུ་རབ་དྲི་མ་མེད།། ཀྱེ་མ་སིལ་སྙན་རྣམ་པར་དགྲོལ།། ཀྱེ་མ་རྔ་དང་མུན་སེལ་བ།། ཀྱེ་མ་དགའ་བྱེད་མེ་ཏོག། ་། ཕྲེང་།། ཀྱེ་མ་མར་མེ་མུན་པ་སེལ།། ཀྱེ་མ་དྲི་ནི་ཤིན་ཏུ་བསིལ།། ཀྱེ་མ་རྣལ་འབྱོར་མཉམ་སྦྱོར་བའི།། ཀྱེ་མ་སྒྱུ་མ་ནམ་མཁའ་འདྲ།། ཀྱེ་མ་སངས་རྒྱས་ནམ་མཁའ་འདྲ།། ཀྱེ་མ་རིན་ཆེན་བདེ་མཆོག་སྐྱེ།། ་ཀྱེ་མ་སྣ་ཚོགས་སྒྱུ་མ་མཛད།། ཀྱེ་མ་ངོ་མཚར་སངས་རྒྱས་དང་།། ཀྱེ་མ་ངོ་མཚར་དཔའ་བོ་རྣམས།། ཀྱེ་མ་ངོ་མཚར་སེམས་དཔའ་ཆེ།། ཀྱེ་མ་ངོ་མཚར་ལྷ་ཡི་རྣམས།། ཤིན་ཏུ་དགྱེས་ཆེན་རྡོ་རྗེ་ལ།། རྒྱལ ་བ་ཀུན་གྱིས་བསྟོད་བྱས་ཏེ།། རྡོ་རྗེ་སེམས་དཔའ་བགྱིད་པ་ཡིས།། དགའ་དང་བདེ་བྱེད་སྐྱེས་པར་འགྱུར།། ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ།། ཡངས་པའི་སྤྱན་གྱིས་གར་མཛད་དེ།། སྤྱན་དང་ཞབས་ནི་བསྒྱུར་བ ་ཡིས།། རབ་ཏུ་དགྱེས་ལྡན་སྨིན་མ་བསྒྱུར།། ཡངས་པའི་སྤྱན་གྱིས་གར་མཛད་དེ།། སྤྱན་དང་ཞབས་ནི་བསྒྱུར་བ་ཡིས།། ཡིད་ཙམ་མཛེས་པའི་སྤྱན་ཟུར་གཟིགས།། ཤ་རྒྱས་བརླ་ནི་ནུ་མར་འདུད།། སྐྱེད ་པའི་ཟས་ནི་རྣམ་པར་ཡེངས།། སྣམས་ཀྱི་གོས་ཀྱང་ཆེ་ལ་མཛེས།། ཆགས་པ་ཅུང་ཟད་ཙམ་གྱིས་ནོན།། ཚེམས་ཀྱི་ཕྲེང་བ་ཀུན་དའི་ཟླ།། མི་དགྲ་ཟློས་པའི་དབུགས་འབྱིན་པའི།། རབ་ཏུ་དགའ་ཆེན་དགྱེས་པས་སྟོབ།། ། ་བུད་མེད་གཟུགས་ལྡན་མདངས་བཟང་བ།། ལོ་གྲངས་དྲུག་ཅུ་ལོན་པ་ལ།། བྱིན་གྱིས་བརླབས་ཀྱིས་གནས་གསུམ་གྱིས།། དབེན་པར་མཆོད་པ་རབ་ཏུ་བརྩམ།། དེ་བཞིན་གཤེགས་པའི་བཙུན་མོ་མཆོག། སྤྱན་ལ ་སོགས་པ་བསྒོམ་པར་བྱ།། དབང་པོ་གཉིས་ནི་མཉམ་སྦྱོར་བས།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།། འོད་ཟེར་སྣ་ཚོགས་ཁྱབ་པ་ཡིས།། པདྨོ་རྡོ་རྗེ་བསྒོམ་པར་བྱ།། འབར་བཅས་ཟླ་འོད་བཞིན་དུ་དཀར།། ་ཡིད་དུ་འོང་བ་བསྒོམ་པར་བྱ།། བཞིན་བཟང་ཕན་པར་འདོད་པ་ཡིས།། བུད་མེད་རྙེད་དང་ཆོ་ག་གཞན།། བདེ་བར་མཆོད་པ་བརྩམ་པར་བྱ།། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡི།། དབུས་སུ་གཟུགས་ནི་བསྒོམ་པར ་བྱ།། སྔགས་ཤེས་པས་ནི་གནས་བཞིན་དུ།། བུད་མེད་རྟག་ཏུ་བཞག་པར་བྱ།། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས།། བུ་མོ་ལོ་གྲངས་བཅུ་གཉིས་པ།། བདེན་པའི་གནས་སུ་ཁྱད་པར་དུ།། སྒྲུབ་པ་པོས་ནི་རྟག་ཏུ ་བསྒྲུབ།། མཚན་ཉིད་དག་ནི་ཡོངས་སུ་དག། རབ་ཏུ་བཟང་ལ་བཞིན་ཡང་མཛེས།། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས།། པང་བར་བཞག་ནས་རྣམ་པར་བསྒོམ།། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས།། པྲ ་མོ་ཨུཏྤལ་མཐིང་ཀའི་མདོག། འདྲ་བ་དག་ནི་རྟག་ཏུ་བསྒྲུབ།། སྦྱོར་བའི་ཆོ་ག་དེ་ཉིད་ནི།། བྱས་ནས་ལས་རྣམས་བརྩམ་པར་བྱ།། བུད་མེད་སེམས་ནི་རབ་བརྟན་པ།། ལོ་གྲངས་བཅུ་གཉིས་ལོན་པ་ལ།། ་རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ།། བདག་གིས་ཁུ་བས་མཆོད་པར་བྱ།། འདིས་ནི་དེ་བཞིན་གཤེགས་པའི་སྐུ།། ན་ཆུང་གཞོན་ནུ་མིག་བཟང་བཙལ།། གཟུགས་བཟང་གཞོན་པས་བརྒྱན་པ་ཡི།། ལོ་གྲངས་ཉི་ཤུ་ལོན་པ་ཡི།། ་བཟུང་ནས་བྱོལ་སོང་སྐྱེ་གནས་བརྟན།། བཞིན་བཟང་ཤིན་ཏུ་མཛེས་པ་ཡི།། ན་ཆུང་མཚན་ལྡན་སྐལ་པ་མཆོག། མིག་བཟང་བརྟན་པའི་བློ་ལྡན་པས། ཁུ་བ་བླངས་ནས་བཟའ་བར་བྱ།། དབེན་ཞིང་རབ་ཏུ ་ཉམས་དགའ་བར།། སྦྱོར་བ་མཆོད་པ་ཀུན་བརྩམས་ན།། རྡོ་རྗེ་སྐུ་དང་གསུང་དང་ཐུགས།། ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ།། སྨིན་དཀྱུས་རིང་ཞིང་སྐྲ་ལོ་འཇམ།། ལུས་ལྡེམ་དབྱིབས་སྒྲ་བློ་དག་ཅིང་།། བརྟན་པ ་ཆགས་ཤིང་བཅོས་སུ་བཏུབ།། ལུས་མཉན་ཞིག་ལ་ཐོགས་པ་མེད།། རྐེད་པ་ཕྲ་ལ་རོ་སྨད་ཟླུམ།། སྟོད་ནི་དྲང་ལ་ཤིན་ཏུ་རྒྱས།། ཚེམ་དཀར་མགུལ་རིང་ཕྱག་སོར་རིང་།། དཀར་ལ་དམར་ཆགས་ནོར་བུའི་མདོག ་གཟུངས་མ་མཚན་ལྡན་སྤྱད་པར་བྱ།། མཉེན་ལྕགས་འཁྲིལ་ལྡེམ་རབ་ཏུ་མཛེས།། ཡིད་འོང་འཛུམ་ཕྲན་སྤྱན་ཟུར་གཟིགས།། མཁུར་ཚོས་དཀར་པོས་གདབ་པར་བྱ།། དཀར་འཛིན་ཕྱིར་ཞིང་མཉེ་བྱ་སྟེ།། པདྨའི་ཟེ ་བ་ཆེན་པོས་གདབ།། པདྨ་ལན་གསུམ་མཉེ་བྱ་སྟེ།། མཚན་ཁུང་མངོན་སུམ་རྣ་བ་གཉིས།། ཟངས་ཀྱི་མདོག་གིས་བཟུང་བར་བྱ།། དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བཙུན་མོ་དང་བཅས་པར་གྱུར་ཏོ།། དེ་ནས་འདི ་བརྗོད་དོ།། ཞི་བ་ཁ་དོག་དཀར་ལ་འཚེར།། བཏང་སྙོམས་ཀུན་གྱི་སྤྲོ་བསྡུ་ཡིས།། གསུམ་པ་རྫོགས་པར་ལྡན་པ་དང་།། ཕྱག་རྒྱ་ཚོགས་མཆོག་དེ་དག་ལས།། རྒྱལ་མོ་དག་ལང་མཉམ་དུ་སྐྱེས།། ཕྱག་རྒྱ་རྡོ་རྗེ་དྲིལ་བུ ་འཛིན།། བཅུ་གཉིས་པ་ཡི་ཆ་ལུགས་འཛིན།། ཆེ་ཆུང་མེད་པར་གསལ་བར་བསྒོམ།། དབུ་ལ་གཉིས་པའི་ཡི་གེར་ལྡན།། གསལ་བ་ཉིད་ཀྱི་དུས་དག་ཏུ།། ཅོད་པན་ལྔ་ཡི་རིན་ཆེན་ལས།། རྒྱན་གྱི་རིགས་ནི་གསལ་བ ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། མཆོག་ཏུ་གསལ་བའི་ཕྱག་རྒྱའོ།། མཐིང་ལ་འབར་བའི་ཡི་གེ་ཆེ།། རིགས་ཀྱི་རིན་ཆེན་སྤྲོ་བསྡུ་ལས།། ཕྱག་རྒྱ་གསལ་བས་སྐུར་གསལ་བའི།། རྒྱལ་མོ་དག་དང ་མཉམ་དུ་སྐྱེས།། སྒྲིབ་པ་ཀུན་སྤང་སྡིག་བྱེད་སྟོབས།། གཉིས་པ་ཡི་ནི་ཡི་གེ་ལས།། ཅོད་པན་ལྟར་ལྡན་ཡི་གེ་གསལ།། ཐམས་ཅད་བློ་དབྱངས་ཡི་གེ་གཏེར།། མཉམ་པར་འཁྲིལ་པའི་ཚུལ་འཛིན་པ།། རིན་ཆེན ་རིགས་ཀྱི་ཕྱག་རྒྱར་གསལ།། ལས་ནི་ཐམས་ཅད་ཀུན་གྱི་མཆོག། རྒྱལ་པོ་རྣམ་པར་རོལ་པའོ།། པདྨ་རག་ཏ་འདྲ་བའི་མདོག། ཆོས་སྐུ་ཟླ་ཚེས་རབ་ལྡན་པ།། གསལ་བའི་ཁ་དོག་མཛེས་པ་ནི།། ཐམས་ཅད་མ་ལུས ་དབང་དུ་མཛད།། སྦྱོར་དང་བསྐྱོད་དང་བསྡུ་བ་ཡིས།། ཕྱག་རྒྱ་གསལ་བར་དབང་གིས་བསྐུར།། བཙུན་མོ་དག་དང་མཉམ་དུ་སྐྱེས།། གཉིས་སུ་མེད་པར་འཁྲིལ་བ་ཡིན།། དབུ་རུ་ཡི་གེ་གཉིས་པར་ལྡན།། ་རིན་ཆེན་རིགས་ཀྱི་སྤྲོ་བསྡུ་ལས།། ཅོད་པན་རིགས་ལྔའི་ཁ་དོག་སྟེ།། ཇི་བཞིན་པ་ཡི་ཏིང་འཛིན་གྱིས།། ཕྱག་རྒྱ་བཞུགས་ཚུལ་པདྨོའི་ཚུལ།། མཉམ་པར་གསལ་བས་དཀྱིལ་འཁོར་ཡིན།། མི་ཕྱེད་པ་ཡི་ཏིང་འཛིན་གྱིས།། ་རྫོགས་པའི་དཀྱིལ་འཁོར་ཀུན་འདུས་མཆོག། པདྨོའི་རིགས་ཀྱི་སྤྲོ་བསྡུ་ལས།། ཕྱག་རྒྱ་བཞུགས་ཚུལ་པདྨོའི་ཚུལ།། མཉམ་པར་གསལ་བས་དཀྱིལ་འཁོར་ཡིན།། མི་ཕྱེད་པ་ཡི་ཏིང་འཛིན་གྱིས།། རྫོགས ་པའི་དཀྱིལ་འཁོར་ཀུན་འདུས་མཚོ།། པདྨ་རིགས་ཀྱི་ཕྱག་རྒྱར་གསལ།། མུན་སེལ་བ་ཡི་མར་མེ་བཞིན།། གསལ་དག་ཡིད་གཉིས་མེད་པར་བསྒོམ།། ཆུ་སྐྱེས་འཛུམ་པ་འོག་ཏུ་ལྡན།། སྟེང་དང་སྤྱོད་པའི་རོལ་མོ་ཡིས།། ་དགྱེས་ཤིང་མཉམ་པའི་མཆོད་པ་བཤམ།། འདི་ལྟར་གསལ་བ་དབང་ཡང་རྫོགས།། ཐམས་ཅད་བསྡུས་པ་ཞེས་བྱ་བ།། དེ་བཞིན་དབང་སྟེ་ལས་ཐམས་ཅད།། དུས་གསུམ་པ་ཡི་མཛད་པ་ཆེ།། རིགས་ཀུན་འདུ་བར ་བདེ་བར་གཤེགས།། མཉམ་པ་ཇི་བཞིན་ཏིང་འཛིན་ཏེ།། ཡི་གེ་འབྲུ་གཅིག་ཀུན་གྱི་མཆོག། བཤད་པ་ཁྱད་པར་ལུས་ཀུན་རྫོགས།། ཆུ་སྐྱེས་གསལ་བ་འདབ་མའི་སྟེང་།། གཉིས་སུ་མེད་པར་གསལ་བས་ན།། རྣ་བ ་གཉིས་ཀྱི་བྱེ་བྲག་གིས།། འདུས་པར་གསལ་བར་སྐུར་གྱུར་པ།། འདོད་ཅིང་ཆགས་པ་མ་ཡིན་ཞིང་།། བློ་ལ་ཡིད་གཉིས་མེད་པས་ན།། ཕྱག་རྒྱ་གསལ་བར་རྒྱལ་བའི་སྐུ།། རྒྱལ་པོ་དང་ནི་མཉམ་དུ་སྐྱེས།། དབུ་ལ ་ཉིད་ཀྱི་ཡི་གེར་ལྡན།། སྦྱིན་པ་རྒྱ་ཆེན་ཁྱབ་པས་ན།། རང་གི་འདོད་པའི་གནས་སུ་བསྡུ།། བོང་ཚོད་ལོ་གྲངས་ཁྱད་པར་མེད།། གཉིས་སུ་མེད་པར་འཁྲིལ་བར་བསམ།། དུས་ཀུན་ཏུ་ནི་མཉམ་ལྡན་པ།། གསང་བའི ་མཆོད་པ་རབ་ཏུ་རྫོགས།། ཟླ་རྒྱས་ལྟ་བུ་གཙོ་བོ་བསྒོམ།། ཆགས་པ་མེད་པར་འདོད་དགུ་ཡི།། ཡུམ་དང་ལྷན་ཅིག་བསྒོམ་པ་ནི།། ཨ་ལི་ཀ་ལི་བྱེད་པའི་དོན།། ཕྱག་རྒྱ་ལས་ཀྱི་བྱེ་བྲག་གིས།། བདེ་བ་ཆེན་པོ་ཚུལ་གནས་པ།། ་རྒྱལ་བ་ཀུན་ཀྱང་དེ་བཞིན་མཐུན།། ཕྱག་ལག་བསྣོལ་མར་གནས་པ་ཡི།། ཀུན་ཀྱང་སེམས་དཔའི་དཀྱིལ་འཁོར་རོ།། ཕྱག་རྒྱ་རྡོ་རྗེ་ཐལ་མོ་ནི།། ཀུན་ཀྱང་ཡུམ་གྱི་རྒྱབ་ཏུ་བསྣོལ།། ཞལ་གཉིས་མཛེས་པར་རབ་སྦྱར་བ། ་ཟླ་བ་གམ་པའི་ལྗགས་གཉིས་མཛེས།། དུང་གི་ཕུར་བུའི་མཁུར་ཚོས་ལ།། འདེབས་ཤིང་རྡེག་པའི་ཚུལ་དུ་བཞུགས།། རྙིད་པ་སྐམ་པོ་རློན་དབང་རྫོགས།། རྒྱལ་བ་ཀུན་གྱི་སྐུ་ཡི་མཆོག། བཞད་དང་འཛུམ་པའི་གཙོ ་གཟུགས་བསྒོམ།། རྣལ་འབྱོར་དཀའ་ཐུབ་ཆེན་པོའི་དོན།། གསང་བ་སྤྱོད་པ་ཤིན་ཏུ་དགྱེས།། གསང་བ་ཉིད་དུ་སེམས་ཅན་འདྲེན།། ཐམས་ཅད་ཀུན་གྱི་རྨོངས་པ་སེལ།། ཡུམ་གྱི་ལས་ཀྱི་ཁྱད་པར་ནི།། ས་ཡི་རིམ ་པ་ལས་སྦྱོར་ཞིང་།། ཟས་དང་བགོ་དབང་མེད་པ་ཡི།། ཉན་ཐོས་འགོག་པ་ལ་སོགས་པ།། བྱང་ཆུབ་སེམས་ཀྱི་ཆར་ཆེན་གྱིས།། པད་མོ་བཅིངས་པ་ཚར་གཅོད་མཛོད།། དམ་ཚིག་ཆེན་པོ་སྡོམ་པ་སྟེ།། རྒྱལ་བ་ཀུན་གྱི ་དཀྱིལ་འཁོར་ཡིན།། ཕྱག་རྒྱ་ཆེན་པོ་ཚོགས་མཆོག་སྟེ།། དགའ་བའི་དོན་དུ་རིགས་མཆོག་ཡིན།། མྱུར་བར་རྟག་ཏུ་མ་ཡེངས་ན།། གདོན་མི་ཟ་བར་འགྲུབ་པ་ནི།། འདོད་ཁམས་ལྷ་ཡི་ཉིན་ཕྱེད་ཀྱིས།། གསང་བ་ཀུན ་དང་མཉམ་པར་འགྱུར།། དེ་བཞིན་གཤེགས་པ་གསང་བ་ཡི།། དོན་དང་མཉམ་པའི་ཕྱག་རྒྱའོ།། ཀུན་ཏུ་བཟང་མོ་རྣལ་འབྱོར་མཆོག། གསང་བ་ཉིད་ཀྱི་མཁའ་དབྱིངས་སོ།། ཡི་གེ་ཨོཾ་ལྡན་ཚེག་དྲག ་བཅས།། རྣལ་འབྱོར་བདེ་ཆེན་ཉིད་ཀྱི་སྲས།། གཟུགས་ཁམས་ལྷ་ཚོགས་བྱིན་བརླབས་ཏེ།། ཕྱག་མཚན་འཁོར་ལོ་གསལ་བ་དང་།། བདེ་བ་རྣལ་འབྱོར་དེ་བཞིན་གཤེགས།། གཙོ་བོ་གསེར་གྱི་ཁ་དོག་གསལ།། ཉི་མ ་གསེར་གྱི་འོད་བཞིན་དུ།། གསལ་བ་འཚེར་བ་བཅོམ་ལྡན་འདས།། དབུ་རུ་ཡི་གེ་གཉིས་པ་ལ།། རིན་ཆེན་མྱུ་གུ་ཁང་པ་འབར།། སངས་རྒྱས་ལྔ་ཡི་དབུ་རྒྱན་གྱིས།། ལེགས་པར་བརྒྱན་པ་མཚན་རྣམས་རྫོགས།། རྫོགས ་པ་ཆེན་པོ་བཞུགས་ཚུལ་དང་།། ཏིང་འཛིན་མཐུན་པར་འགྲོ་ལ་གཟིགས།། པདྨ་གསེར་དབུས་གནས་པ་ཡི།། ཐིག་བཞི་གསང་བ་བཞི་དང་ལྡན།། མདུན་དུ་ལྷ་མོ་ཆགས་པ་མོ།། ལོ་གྲངས་ཉི་ཤུ་མཛེས་དང་ལྡན།། མ ་ཧ་སུ་ཀ་གནས་ལ་དགྱེས།། མཛེས་པའི་ལག་པ་གར་དང་བཅས།། གཉིས་སུ་མེད་པའི་བཞུགས་ཚུལ་ནི།། གཙོ་ལ་བསྟན་པའི་ཚུལ་དུ་བཞུགས།། རྒྱབ་ཏུ་ལྷ་མོ་དགྱེས་ཆེན་མོ།། སངས་རྒྱས་བརྟེན་པའི ་མཛེས་ཚུལ་གྱིས།། ཐལ་སྦྱར་འཛིན་པ་སྐུ་བརྟེན་པ།། སྐུ་ཚེ་བཅུ་དྲུག་བརྩོན་མར་སྐུ།། སངས་རྒྱས་གདུང་འཛིན་ཚངས་པར་སྤྱོད།། འདོད་ཆགས་ཅན་ལ་མཐུན་པར་མཛད།། གཡས་སུ་ཞེ་སྡང་འདུལ་བ་མེ།། ་རྡོ་རྗེ་པདྨོ་སྦྱོར་ལ་དགྱེས།། མ་དད་པ་རྣམས་དབང་མེད་པར།། དག་པོར་སྦྱོར་མཛད་ཞེ་སྡང་སེལ།། ཆགས་པ་ཆེན་པོ་བཅོམ་ལྡན་འདས།། གཉིས་སུ་མེད་པར་སྦྱོར་བ་ཡིས།། གཏོང་བ་མེད་པར་བརྟེན་པའི་ཚུལ།། སྔོ ་བསང་མདོག་ལྡན་ཁྱད་པར་ཆེ།། སྐུ་ཚད་བཅོ་ལྔ་ཆགས་པ་ཅན།། དུས་མཐའ་མེད་པར་སྦྱོར་ལ་དགྱེས།། སྡིག་དང་སྐྱེག་པའི་ཆ་ལུགས་ཀྱིས།། སེམས་ཅན་ཀུན་གྱི་སྡུག་བསྔལ་འཁྱུད།། རབ་ཏུ་སྦས་པའི་འགོག ་པ་རྣམས།། བསླངས་ནས་རྒྱལ་བའི་སྲས་སུ་མཛད།། ཨ་ཏ་མ་ལི་འཕྲིན་ལས་ཀྱིས།། ཐམས་ཅད་བྱང་ཆུབ་ཆེན་པོར་མཛད།། མིག་གཉིས་འཛུམ་པ་སྦོམ་པོ་ཡིས།། དབང་མོར་ལྡན་པར་བྱས་པ་ན།། གཉིས་སུ་མེད ་པར་སྦྱོར་འདོད་ཡིན།། སྣ་ཡི་རྩེ་མོར་མཐེའུ་ཆུང་འཛིན།། མ་དང་བཞུགས་པར་རྩོམ་བྱས་པའོ།། སོ་སོ་རྣམས་བསྡམས་ཁ་འཕྱོ་བ།། དུས་ལ་བབ་ཅེས་བྱ་བ་སྟེ།། ཏིང་འཛིན་གསལ་བར་གྱུར་པ་ན།། དུས་ལ་བབ ་ཅེས་བྱ་བ་ཡིན།། འདི་ལྟར་དཔལ་ལྡན་ཏིང་འཛིན་ལ།། དམ་ཅན་བུད་མེད་མི་འདུད་པ།། དངོས་གྲུབ་མི་ཐོབ་དམ་ཚིག་ཉམས།། ཚེ་རབས་ཀུན་ཏུ་བརླག་པར་འགྱུར།། འདི་ལྟར་བརྩོན་པར་བྱེད་པ་ན།། གཡོན ་པ་སྐྱེད་པ་རྣམ་བཞི་ཡིས།། སྐྱེས་པ་ན་ཆུང་ཚུལ་བཞིན་དུ།། རྡོ་རྗེ་པདྨའི་འཚམས་ཉིད་དུ།། དབྱིངས་ཕྱུག་ལྔ་ཡི་སྦྱོར་བ་ཡིས།། དལ་བུ་དལ་བུས་གཞུགས་པ་དང་།། དལ་བུ་དལ་བུས་རབ་བསྐུལ་ཏེ།། དྲག་པོ་ཚིག ་། གིས་སྦྱོར་བ་དང་།། བྱང་ཆུབ་སེམས་ཀྱི་པདྨ་དགང་།། སྦོམ་པོ་དབང་ངམ་ལྡན་རྣམས་ཀྱིས།། ཡུམ་གྱིས་བླངས་ལ་གཙོ་ལ་མཆོད།། ཉེ་བའི་བསྙེན་པ་ལ་སོགས་ཏེ།། བསྙེན་པ་ཆེ་ཆུང་རྫོགས་པར་བསྒོམ།། ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས།། མཆོད་པ་བརྒྱད་ཀྱིས་མཆོད་པར་བསྟོད།། དེ་ལྟར་ལོངས་སྤྱོད་རྫོགས་པ་དང་།། གཉིས་སུ་མེད་པར་ལུགས་བཞིན་དུ།། མཉམ་པར་འཁྲིལ་བའི་ཚུལ་དུ་བསྟན།། དུས ་གསུམ་ཀུན་གྱི་གདུང་འཛིན་ལ།། གཡོན་ཕྱོགས་བསྟེན་པའི་སྐལ་དང་ལྡན།། ན་ཚོད་ལོ་ནི་བཅུ་དྲུག་པ།། སྡོམ་པ་རུལ་པ་དག་ལ་དགྱེས།། གཡས་པ་ཟུར་གྱི་སྤྱན་གྱིས་གཟིགས།། དྲིལ་བུ་སྒྲ་སྙན་འཁྲོལ་ལ་བརྩོན།། ་རྡོ་རྗེ་རབ་ཏུ་སྒྲོགས་བྱེད་མ།། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན།། མངོན་དུ་སྦྱོར་ལ་རབ་བརྩོན་པ།། བརྡ་དང་བཅས་པའི་གར་གྱིས་ནི།། སངས་རྒྱས་ཀུན་ལ་སློང་མཛད་མ།། བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་གྱིས།། ་མཆོད་གཉིས་སྤྲུལ་པ་བསམ་ཡས་པ།། དུས་གསུམ་འཁོར་ལོ་བསྐོར་བར་བསྐུལ།། སོ་སོར་ཆགས་པའི་མདངས་ཀྱིས་ནི།། མཉེན་དང་བཅས་པའི་གར་གྱིས་མཆོད།། དེ་ནས་གསང་བ་ཆེན་མོ་དང་།། གཉིས་སུ་མེད ་པར་འཁྲུལ་པ་ཆེན་པོར་གྱུར་ཏེ།། གཡོན་པ་སྐྱེད་པ་མང་པོས་མཉེས་པ་དང་།། པདྨ་སྤང་བ་ལ་སོགས་པ།། འབྱུང་བ་མཉེས་པ་རབ་མཛད་ནས།། རབ་ཏུ་དགྱེས་ཏེ་གླུ་འདི་བླངས་སོ།། ཨེ་མ་བདེ་མཆོག་ལས་སྐྱེས་ཕྱག ་ན་རྡོ་རྗེ་ཅན།། ཆོས་ཀུན་དངོས་པོ་མེད་པར་རབ་གསལ་བ།། འབྱུང་བ་ཆེན་པོ་ཡ་མཚན་འབྱུང་བར་མཁྱེན།། ཨེ་མ་ཧོ་ངོ་མཚར་ཆེའོ་ཞེས་བླངས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུང་། ་མདངས་བཟང་མིག་གི་དཀྱུས་ཀྱང་རིང་།། སྐུ་ནི་ལྡེམ་ལ་ཙན་དན་དྲི།། ཡན་ལག་ལྕུག་མ་བཞིན་དུ་མཉེན།། ཚེམས་དཀར་སུམ་ཅུ་རྔ་རྡོ་མེད།། མགུལ་པ་ཟླུམ་རིང་རབ་ཏུ་ལེགས།། གསེར་ལ་གཡུ་སྒྲས་གཡས་སུ ་འཁྱིལ།། གཟུངས་མ་འདི་དག་བསྟེན་པར་བྱ།། སྐད་མདངས་མི་སྙན་ར་རོའོ།། ཡང་ན་རྨོངས་པ་གསུབ་སྲུབ་པོ།། གླང་བུ་སྦྲང་བུས་གཙེས་པའི་སྣ་སྒྲ་བཞིན།། སེམས་ཅན་དག་ལ་ཁྲོ་ཞིང་མཆོག། དམ་ཅན་དག་ལ་གསེལ་བར་འཇོག། ་ཕྱི་ནང་སྲ་ཞིང་འབྲས་བུ་ཅན།། དེ་རྙེད་ན་ནི་དངོས་གྲུབ་ཉམས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། བུད་མེད་ཀུན་གྱི་སྒྱུ་མ་ལ།། རབ་ཏུ་འཕྲུལ་ཏེ་འཆར་བ་ཡིན།། བདེན་གཉིས་སོ་སོར་སྣང་བ་ཡི།། ཡུམ་གྱི་མཁའ ་ཞེས་རྒྱལ་བས་གསུངས།། མ་ནོར་ལམ་ཆེན་ཀུན་བསྒོམས་ནས།། ཀུན་ཏུ་བཟང་མོ་སྒོམ་པར་བསྒྲུབ།། བུད་མེད་ལ་ནི་མཆོག་བརྟེན་ན།། ཡེ་ཤེས་ཆེན་པོ་འགྲུབ་པར་གསུངས།། དཔལ་ཀུན་ཏུ་བཟང་པོའི་ཐབས་དང་ཡེ་ཤེས ་ཀྱི་ལོངས་སྤྱོད་འདི་གསུངས་སོ།། མངོན་སྤྱོད་ལས་ཀྱི་འཛག་པ་ནི།། ཕུན་སུམ་དུ་ནི་དགའ་སྤྱོད་ན།། རྣལ་འབྱོར་སྡོམ་པ་གནས་པ་ཡིན།། དེ་ལ་མཆོད་པ་དམ་པ་ནི།། སྦྱོར་བ་རབ་ཏུ་སྦྱོར་བ་སྟེ།། ཀུན་ཏུ་ཁྱབ་པ་ཀུན་ཏུ་སྦྱོར།། ་རྗེས་སུ་ཆགས་པ་དམ་ཚིག་མཆོག། དེ་ཕྱི་དཀར་ཤ་མདོག་དང་ལྡན།། བཅུ་དྲུག་བོང་ཚོད་རིང་བ་དང་། ལུགས་སུ་བླུགས་པ་ལྟ་བུ་སྟེ།། ལུས་ལེགས་མཛེས་དང་ལྡན་པ་དང་།། དཔྲལ་བ་དབྱེས་ཆེ་ཀོས ་ཀོ་ཕྲ།། ནུ་མ་ཆུང་ཞིང་སོར་མོ་རིང་།། ཡིད་ཙམ་གཟུར་ལ་མི་དཀྱུས་རིང་།། དཀར་ཞིང་ཅན་དམར་མདངས་སུ་རིང་།། སོ་དཀར་ཟག་བཟངས་འཚམས་ཐུང་ཞིང་།། སྐད་བཟང་མདངས་དང་ལྡན་པ་ནི།། རྡོ་རྗེ ་སེམས་དཔའི་གནས་མཆོག་སྟེ།། འདི་ལ་བརྩོན་པར་བྱེད་པ་ནི། རིགས་ཀྱི་རྡོ་རྗེ་གདོན་མི་ཟ།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། གནས་རབ་དབེན་པར་རབ་བརྟགས་ཏེ།། ཤ་དཀར་མདངས་བཟང་མདོག ་དང་ལྡན།། ལུས་འབྲིང་ཟླུམ་པའི་ཆ་བྱད་ཅན།། སོ་དཀར་ཐག་བཟང་མིག་དཀྱུས་རིང་།། སྐད་ཕྲ་མདོག་དགོད་སྒྲོ་རིང་བ།། དཔྲལ་དབྱེས་ལ་སོགས་གསང་གནས་པ།། རྨ་ནག་ལ་སོགས་གནས་པ་ནི།། རྟག་ཏུ ་ཆོས་ལ་འདུད་པ་ཡིན།། ཚངས་པའི་དབྱངས་ཀྱི་རིན་ཆེན་ལས།། འདི་ལ་བརྩོན་བྱས་བསྒྲུབས་པ་ཡིས།། དེ་བཞིན་རིགས་ཀྱི་ཏིང་འཛིན་ལ།། ཕུན་སུམ་དུ་ནི་དགའ་སྤྱོད་ན།། ཚངས་པའི་སྔ་དྲོ་གཅིག་ཙམ་གྱིས།། ་གདོན་མི་ཟ་བར་འགྲུབ་པར་འགྱུར།། རྣལ་འབྱོར་སྤྱོད་པ་དགའ་བ་ནི།། སྦྱོར་བ་བརྩོན་པས་འགྲུབ་པར་གསུངས།། བུད་མེད་ཆ་ལུགས་ལེགས་པ་ནི།། བོང་ཚོད་མི་རིང་ལུས་ཕྲ་ཞིང་།། རྐང་ལག་ཆུང་ཞིང་སྐད ་གསལ་བ།། མིག་ལེགས་ངོ་ཟླུམ་རྩན་དམར་ཆེ།། བླུན་དུ་ཆགས་ལ་མི་ཤེས་མེད།། ལུས་ལ་མཚན་གྱི་སྨད་འདྲས་བརྒྱན།། ཚིག་གསལ་རྨི་ལམ་ཉུང་བ་དང་།། སོ་དཀར་མཆུ་ལེགས་དད་པ་ལྡན།། ཆོ་ག་ཤེས་པའི ་ཏིང་འཛིན་གྱི།། གསང་བའི་མཁའ་ལ་ཉི་ཟླའི་འོད།། རྡོ་རྗེ་པདྨར་ལྡན་བྱས་ཏེ།། ཕན་ཚུན་དུ་ནི་དགའ་སྤྱད་ན། འདོད་པའི་ཁམས་ལྷའི་སྐད་གཅིག་གིས།། འགྲུབ་པར་འགྱུར་བ་གདོན་མི་ཟ།། ལུས་ཟླུམ་གཏུམ་པ ་ང་རྒྱལ་ཅན། ཁོང་ནས་སེམས་རྣོག་སེམས་ལ་འཛིན།། བྱ་བ་འདྲ་ལ་མི་གཏོང་ལྡན།། བསླབ་པའི་བློ་རྟུལ་ཤ་ལུས་ཆེ།། མདངས་ཕྲག་རྟགས་ནི་ཕྱི་ཕྱིར་ལྡན།། སྦྱིན་ལ་དགའ་ཞིང་ཆོས་ལ་དད།། རིགས་ཆེན་རིགས་ཀྱི ་ཏིང་འཛིན་གྱིས།། བག་ཆགས་ཡི་གེ་ཚར་གཅོད་ཅིང་།། ཏིང་འཛིན་བློ་ལ་གསལ་བ་ན།། སྒྲུབ་པའི་དུས་ལ་བབ་པ་སྟེ།། དེ་ཚེ་རབ་ཏུ་བརྩོན་པ་ཡིས།། ཡུམ་གྱི་པདྨ་ཁ་ཕྱེ་ཞིང་།། བདེ་བ་ཐུགས་ཀྱི་འཕྲོ་འདུ་ཡིས།། ་ཕན་ཚུན་དུ་ནི་དགའ་སྤྱད་ན།། རིགས་ཀྱི་རིན་ཆེན་འགྲུབ་པ་ནི།། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། ཐུགས་རྗེ་མཛད་སྤྱོད་བྱེ་བྲག་གིས།། འཇིག་རྟེན་དག་ན་དམན་པའི་རིགས།། རབ་ཏུ་བཀུག་སྟེ་དགའ་སྤྱད་ན།། ་སྙིང་རྗེ་མཆོག་དང་ཐུགས་ལྡན་པའི།། རྣལ་འབྱོར་སྤྱོད་པ་ཆེན་པོས་གསུངས།། ཤན་པ་རིགས་ངན་སྨད་འཚོང་མ།། ངན་པའི་རིགས་དང་འདོད་སྤྱོད་རྣམས།། འཇོམ་པ་པོ་ཡི་ཏིང་འཛིན་གྱིས།། མྱུར་དུ་སྤྱད་ན་འགྲུབ ་པར་གསུངས།། ཡི་དགས་གནོད་སྦྱིན་བྱོལ་སོང་དང་།། ཁྱི་དང་རུས་སྦལ་སྤྲེའུ་ལ་སོགས་པ།། མི་དང་ལྷ་ཡི་གནས་མཆོག་ཀུན།། སོ་སོ་འཚམས་པ་དགའ་སྤྱད་ན།། ལས་མཆོག་དམ་པ་འགྲུབ་པར ་གསུངས།། རབ་ཏུ་ཆགས་པའི་ནི་མཆོག། རབ་ཏུ་རྨུགས་པ་སེལ།། ཞེ་སྡང་ཅན་ལ་འཚམས་པར་སྟོན།། དྲེག་པ་ཅན་ལ་ཞི་བ་ཆེ།། བརྩོན་པར་དགའ་བ་ལ་བརྩོན་པར་མཛད་ན། ཐབས་ཀྱི་མཛད་སྤྱོད་ཀྱི་དོན་མཆོག། ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཕྱིན་ཅི་ལོག་ཏུ་གང་སྤྱོད་རྣམས།། མི་མཛད་པས་ནི་ཅི་ཡང་མེད།། ཤིན་ཏུ་གཏུམ་པའི་ཆ་ལུགས་ཀྱིས།། གཏུམ་པོ་ཐམས་ཅད་དབང་དུ་མཛད།། ཤིན་ཏུ་ཞི་བའི་ཆ་ལུགས་ཀྱིས།། ་དྲེགས་པ་ཅན་རྣམས་དབང་དུ་མཛད།། ཤིན་ཏུ་མདངས་ལྡན་ཆ་ལུགས་ཀྱིས།། ཆགས་པའི་ཡིད་རྣམས་དབང་དུ་མཛད།། ཨེ་མ་འོ་ཤིན་ཏུ་ངོ་མཚར་ཆེ།། དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོས་རབ་ཏུ་བརྩོན ་པར་མཛད་པ། ཡིད་ལས་ཀྱིས་འཕྲོ་བ་དང་། ཟླ་གམ་ཕྱེད་པ་དང་། གྱད་འགྱེད་པ་དང་། འབུར་བ་དང་། བླ་ན་མེད་པས་ཕན་ཚུན་དུ་དགའ་བར་སྤྱོད་དོ།། ཤ་མདོག་དཀར་ལ་ནུ་མ་འབུར།། སྟོད་སྨད་ཕྱེད ་ལ་སྨིན་དཀྱུས་རིང་།། པདྨའི་དྲི་ཡང་དུང་ལྟར་འཕྲོ།། པདྨ་ལེགས་པ་དྲི་ཡོས་འདྲ།། ཟླུམ་ལ་ཆེ་ཆུང་སྙོམས་པའོ།། ཤ་མདོག་དཀར་ལ་སྨེ་བ་ཅན།། སྟོད་སྨད་ཕྱེད་ལ་སོར་མོ་རིང་།། ནུ་མ་ཆུང་ཞིང་མཁྲང་བ་སྟེ།། ་དྲི་ཡང་པདྨོའི་དྲི་རུ་བྲོ།། མགུལ་པ་ལེགས་ལ་རིང་ཟུང་རན།། དཔའ་མོ་དམར་ལ་མཁུར་ཚོས་ལེགས།། སྤྱན་ཡངས་ཟླུམ་ལ་འོག་ནས་ལྷ།། ཤ་མདོག་སེར་ལ་ནུ་མ་ཟླུམ།། རྐེད་པ་ཕྲ་ལ་རོ་སྨད་ཟླུམ།། གང་བའི་སོར་མོ ་ནང་དུ་སྦྱོར།། ལུས་ཀྱང་ལེགས་ལ་ཆེ་ཆུང་སྙོམས།། ཚེམས་ཀྱང་དཀར་ལ་ཚགས་ཀྱང་དམ།། སོར་མོ་རྣམས་ཀྱང་ཕྲ་ལ་རིང་།། དྲི་ཡང་ཙན་དན་དྲི་རུ་བྲོ།། ཡན་ལག་ལྕུག་མ་བཞིན་དུ་མཉན།། པདྨ་སེར་ལ་ཕྲ་ལ་རིང་།། ་སྤྱན་ཡང་ཕྲ་ལ་ཟུར་དུ་གཟིགས།། ཤ་མདོག་གནག་ལ་སྨེ་བ་གནག། ཤ་ཡང་གནག་ལ་རྩུབ་པ་སྟེ།། སྐད་གདངས་མི་སྙེན་རད་རང་པོ།། རྨོངས་པ་མི་ཤེས་སུབ་སྲབ་མོ།། ནུ་རྡོག་ཆེ་ལ་ནུ་ཤད་རིང་།། རྐང་པ་སྦོམ་ལ ་སོར་མོ་ཐུང་།། གདོང་ཡང་ལེབ་ལ་སྨེ་བ་འཐུག། སྨིན་མ་ཐུང་ལ་མིག་མི་སྡུག། ལུས་པོ་སྦོམ་ཐུང་བྱིན་པ་ཟུང་།། པདྨ་གནག་ལ་ཡངས་པ་སྟེ།། བ་ལང་ཅང་གི་རིགས་བྱའོ།། གཟུངས་མ་མཚན་དང་ལྡན་པ་སྩལ་བའི ་དོན་ནི། རང་དབང་ཐོབ་པ་པ་ལོ་ཡང་།། བཅོས་སུ་བཏུབ་ལ་ལུང་ཉན་པ།། སྐད་གསལ་ལྟ་བས་ཟག་ཆོད་པ། སྤྱོད་པས་ལ་དོར་རྟོག་པ་ཆོམས།། ཡིད་གཞུངས་བློ་རྣོ་དབང་པོ་གསལ།། སེམས་དག་གཞུང་བཟང ་ཞལ་རྟག་ལ།། དམ་ཚིག་ཕྱོགས་ལས་མི་འདའ་བ།། ཚིག་ལ་རྫུན་གྱི་གྲོན་ཐབས་མེད།། དད་པ་སྐྱོ་དང་དུབ་པ་མེད།། སྤྱོད་པ་དྲང་ཞིང་དོར་བ་མེད།། བརྩོན་འགྲུས་ཐང་དང་ལྷོད་པ་མེད།། ངོ་ཚ་ཤེས་དང་ཁྲེལ་ཡོད ་པ།། གོམ་པ་དལ་ལ་སྤྱོད་པ་གཟོབ།། མིག་འབྲུ་ཚུགས་སུ་མི་ལྟ་ཞིང་།། འོག་དང་ཟུར་གྱིས་རྟོགས་པར་ལྟ།། དབུ་ལོ་འཇམ་ལ་ལྕང་ལོ་འཁྱིལ།། སྨིན་བཀྲ་ཕྲ་ལ་དཀྱུས་རིང་བ།། སྣ་ཟུར་ཟོང་ལས་རྒྱུད་མ ་ཆད།། ཡ་ཡོ་ཉན་དང་ཆད་པ་མེད།། སོ་དཀར་སུམ་ཅུ་ཐགས་བཟང་བ།། ཨོས་ཀོ་སོག་བུ་ཡུ་བཟུང་འདྲ།། མདོག་སྡུག་དཀར་དམར་མདངས་ཕྱེད་པ།། རྐེད་ཕྲན་ཆགས་གང་ཟླུམ་པ་དང་།། མགུལ་པ་ཟླུམ་ལ་ཕྲ་ལ ་རིང་།། ངང་མོ་བྱ་ཡི་ཚུལ་དང་འདྲ།། སྣ་ཟླུམ་ལྟ་མཛེས་ཆུང་བ་དང་།། ཕྱག་གི་སོར་མོ་ཕྲ་ལ་རིང་།། རྣ་བ་གྲོ་ག་གཅུས་པ་འདྲ།། ལྕེ་ནི་དར་ལྟ་བས་ཁུག་པ་བཞིན།། དབུགས་རྒྱུ་ཕྱི་ནང་མེད་པ་འདྲ།། གཉིད་ཆུང་ཤ ་ཡང་བསྡུར་བ་མེད། ཁ་སྣརུམས་མེད་ལ་དྲི་ཞིམ་པ།། སྣ་ཚོགས་སྤོས་དྲི་ལུས་ལ་བྲོ།། བསྐྱོད་པར་མཁས་ཤིང་ལས་ལ་དཔའ།། སྦྱོར་དྲོད་རིག་དང་ཏིང་འཛིན་རིག། པདྨ་དམ་པ་སྤྱོད་ན་དོག། ནུ་མ་དག་ནི་ཆུང་ལ་སྲ།། ་ཁ་མཆུ་སྲབ་ལ་བཟང་བའོ།། ལྷའི་སྦྱོར་བ་ཅོག་དུ་མའི་གན་རྒྱལ།། ཡི་དགས་ཟུར་གྱིས་བྱོལ་སོང་ཁ་སྦྱོར་རོ།། གཟུངས་མ་མཚན་དང་ལྡན་པ་རྣམས་ལ།། ཞག་ཟླའི་ཚད་བཟུང་སྟེ་དམ་དུ་བཅས་ནས།། མཆོད་དུས་མི ་ཆག་པར་ཕྱི་ནང་མི་བསྲེ། དམ་བཅས་པ་ལ་མ་རྟོགས་པ་གཞན་ཡང་སྦྱོར་བ་མི་བྱའོ།། གཞན་དུ་སྦྱོར་བ་བྱས་ནས་དམ་ལས་འདས་ཏེ། མངལ་གྱི་སྲིན་བུ་ཁང་དམར་དུ་སྐྱེའོ།། དམ་ལས་འདས་བཀའ་བཞིན་དུ་བསྲུང ་ནས། སངས་རྒྱས་དང་བྱ་ཆུབ་སེམས་དཔའི་སྲས་སུ་སྐྱེའོ།། གཟུངས་མ་འདི་དག་དང་བཀའ་མཐུན་པར་བསྒྲུབས་ན། འགྲུབ་པར་འགྱུར་བར་ཐེ་ཙོམ་མེད་དོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས ་སོ།། ཧེ་རུ་ཀ་རོལ་པ་ལས་གསང་བའི་ལྷ་མོ་མཆོད་པའི་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། རུ་ལུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། བཞུགས་ནས ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། རུ་ལུ་ཆོས་ཉིད་དུ་ཤེས་པ་ནི། ཨོཾ་དཔལ་ཆེན་པོ་ཡབ་ལྔ་ལ་ཡུམ་ཁྲག་འཐུང་རྒྱལ་མོ་ལྔ་ཡང་སྐུ་ལ་རྫོགས་སོ།། དེ་ཉིད་ལྟ་བས་སྲིན་པོར་སོང་གིས་དོགས ་ནས་ཡེ་ཤེས་ལྔར་བསྟན་ཏོ།། ཨ་ལྷར་སྣང་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། སྣ་རུ་སོ་སོར་རྟོག་པའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། ཨ་ལ་ཧོས་བཏགས་པར་བྱ་བ་ནན་ཏན་གྱི་ཡེ ་ཤེས། ཡབ་ཡུམ་རྣམས་ཀྱང་དེ་བཞིན་སྦྱར། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་བསྟན་ཏོ།། རུ་ལུ་དཀྱིལ་འཁོར་དུ་ཤེས་པ་ནི་ཕུང་པོ་ལྔ་རིགས་ལྔ་འབྱུང་བ་ལྔ་ཡུམ་ལྔ་ཁམས་དང་སྐྱེ་མཆེད ་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་སྤྲུལ་པ་ལྕམ་དྲལ། ཕུང་པོ་ལྔ་ཧེ་རུ་ཀ་ལྔ། འབྱུང་བ་ལྔ་ཁྲག་འཐུང་རྒྱལ་མོ་ལྔ། ཁམས་དང་སྐྱེ་མཆེད་ཕྲ་མེན་མ་བཅུ་དྲུག། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བ་སྤུ་ཉག ་། རེ་སྤྲུལ་པའི་ཕྲ་མེན་དང་། ཕོ་ཉ་ཡན་ལག་སྒོ་མ་བཞི་སྤྲུལ་པ་ཐུགས་ཀྱི་རྒྱན་ཏེ། གསང་སྔགས་མ་ཧཱ་ཡོ་གའོ།། དཀྱིལ་འཁོར་ལ་ཡང་ཕྱོགས་དང་གྲལ་མ་ནོར་བར་དགོད་དོ།། སྒོ་སྐྱོང་ཡན་ཆད་རིམ ་བཞིན་དུ་དགོད། རུ་ལུ་ལྟར་ཤེས་པའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། བྱང་ཆུབ་སེམས་དཔའ་ཡི་དོན་རྟོགས་ན་སངས་རྒྱས་ཡིན་པར་ཤེས་པར་བྱའོ།། རུ་ལུ་མཆོད་པར་ཤེས་པ་ནི།། བཅོམ་ལྡན ་འདས་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། བདག་བྱང་ཆུབ་སེམས་ཀྱི་མཆོད་པས་འཕགས་པའི་ཚོགས་མཉེས་པ་སྟེ། འགྲངས་ཤིང་ཚིམ་པར་གྱུར། དངོས་གྲུབ་ཐོབ་པར་འགྱུར་རོ།། རུ་ལུ་མ་བསྙེན་པར་ཤེས་པ་ནི།། ་བསྙེན་པ་ནི་དཔལ་ཆེན་པོའི་སྐུའོ།། ཉེ་བའི་བསྙེན་པ་ནི་ཡུམ་ཀྲོ་ཏི་ཤོ་རིའོ།། སྤྲུལ་པའི་ཕྲ་མེན་མ་བཅུ་དྲུག། སྒྲུབ་པ་ཆེན་པོ་ནི་འདི་ལྟར་བསྒྲུབས་པས་འབྲས་བུ་དོན་རྣམ་པ་གསུམ་དང་སྦྱར་རོ།། འོད་ཀྱི་དོན་ནི ་བདག་དང་སྒྲུབ་པ་བྱེད་པའི་དུས་སུ་བདག་གི་ལུས་ལ་འོད་བྱུང་བ་ནི་དྲོད་དང་པོ་སྦྱོར་རོ།། འདོན་པའི་དྲོད་ནི་བདག་སྒྲུབ་པར་བྱེད་པའི་དུས། བདག་གི་ལུས་བལ་འདབ་གཡེངས་པ་ལྟར་བྱེད་ན་དྲོད་འབྲིང་པོ་དང ་སྦྱོར་རོ།། དྲོད་ཀྱི་དྲོད་ནི་བདག་གི་སེམས་ཏག་ཏག་རང་རང་ནམ་མཁར་འཕུར་སྙམ་བྱེད་ན། ཐ་མ་དག་སྦྱར་རོ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། དོན་དམ་པར་བསྙེན་པ་ནི་བྱང་སེམས ་ཀུན་ཏུ་བཟང་པོའོ།། ཉེ་བའི་བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་མོའོ།། དེ་གཉིས་སུ་མེད་པ་ནི་སྒྲུབ་པ། རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དབྱིངས་ལས་མ་གཡོས་ལ། འབྲས་བུ་ཀུན་རྫོབ་བྱང་ཆུབ་ཀྱི ་སེམས་ཕྱག་རྒྱ་སྣ་ཚོགས་ཅིར་སྣང་ཡང་། སྒྱུ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་དུ་སྣང་། སྣང་ཙམ་ཉིད་ན་རྒྱུ་དང་འབྲས་བུ་གཉིས་ཀ་སྟེ། རྒྱུ་འབྲས་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ཤེས་བྱ་སྟེ། ཐིག་ལེ་ཆེན་པོའི་ངང་དུ་ཡེ་ནས་མ ་བཅོས་པར་ལྷུན་གྱིས་གྲུབ་པའི་སར་གནས་པ་ནི། ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཅེས་བྱ་སྟེ། སྒྲུབ་པ་ཆེན་པོའོ།། རུ་ལུའི་སྒྲར་ཤེས་པའི་བྱི་ཁུང་ན་བུང་བ་ཆེན་པོའི་སྐད་ཙམ་རང་གི་རྣ་བས་ཐོས་པ་ལས ་མ་གཏོགས་པ་གཞན་གྱིས་ཚོར་བར་མི་བྱའོ།། རུ་ལུ་དབྱངས་སུ་ཤེས་པ་ནི། ཚངས་པའི་དབྱངས་ཀྱི་འདྲེན་སྟངས་ཀྱིས།། རྒྱལ་བ་རྒྱ་མཚོ་ཐུགས་དམ་བསྐུལ།། རྡོ་རྗེ་སྲིན་པོ་འུར་སྒྲ་ཡིས། ཁམས་གསུམ་མ་ལུས ་དབང་དུ་སྡུད།། འཁུན་ཞིང་གདུང་བའི་དབྱངས་ནི་མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ། ཁོང་ཀུན་འདྲེན་པའི་གདུང་དབྱངས་ཀྱིས།། ཀེའུ་རི་བརྒྱད་ཀྱི་ཐུགས་དམ་བསྐུལ།། འཁུར་བ་དབུགས་ཀྱི་རླུང་བྱིན་གྱིས།། ་སེང་གདོང་ལ་སོགས་ཐུགས་དམ་བསྐང་།། སྔགས་ཀྱི་ཡིག་འབྲུ་བཟླས་པ་ཡིས།། རྡོ་རྗེའི་ཚིག་ལ་སྐད་གདངས་མེད། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་བཟླས་པ་འདི་གསུངས་སོ།། དམ་ཚིག་ཡེ་ཤེས་དཔལ ་། འབར་མ།། ཨ་ནི་སྐུ་གསུང་ཐུགས་ཀྱི་དམ་པ་དང་།། དྲ་ནི་གཟི་བརྗོད་འཕྲུལ་མ་ཆེ།། ཝ་ནི་སུམ་ཆེན་དཔལ་འབར་མ།། བྷྲཱུཾ་ནི་མ་གྲང་རྒྱ་མཚོའི་ཚོགས།། རུ་ལུ་གསེར་ཟུང་རྒྱ་མཚོཐོ།། པར་ཟློས་པས ་སྒྲ་ལ་ཐིམ།། སླར་བསྡུས་པས་ནཾ་ཐུགས་ལ་བིམ།། ཨོཾ་རུ་ཝ་རུ་ཝརྠ་ཛྙཱ་ཐཱ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ།། བཾ་ལས་པདྨར་གྱུར་པའི་དགྲ།། མ་ལུས་ཅི་མའི་དཀྱིལ་འཁོར་བསམ།། ཤད་པ་ལ་སོགས་པ་ཡིས།། བསྒྲལ་བ་དང ་ཚུལ་བཞིན་དུ།། བསྙེན་པ་དང་ནི་ཅེ་བསྙེན་པའོ།། སྒྲུབ་པ་དང་ནི་སྒྲུབ་ཆེན་པོ།། སུམ་ནི་པདྨའི་དཀྱིལ་འཁོར་བློ།། སངས་རྒྱས་སྤྲིན་ཚོགས་མ་ལུས་པ།། དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ།། སྟོང་གསུམ་ཐ ་གི་འཇིག་རྟེན་ན།། སྠཱ་ཡཾ་སྤྲུལ་པ་བསམ་མི་ཁྱབ།། དེ་ཡང་དཔལ་ཆེན་ཉིད་ཀྱི་སྐུ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། གསུང་གི་སྤྲུལ་པ་བསམ་མི་ཁྱབ།། དེ་ཡང་དཔལ་ཆེན་ཉིད་ཀྱི་གསུང་།། མོང་གསུམ་སྟོང་གི་འཇིག ་རྟེན་ན།། ཐུགས་ཀྱི་སྤྲུལ་པ་བསམ་མི་ཐབ།། དེ་ཡང་དཔལ་ཆེན་ཉིད་ཀྱི་ཐུགས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཤར་རྫོགས་སྙིང་གི་འཇིག་རྟེན་ན།། ཀུན་ཀྱང་བཛྲ་ཧེ་རུ་བྱིན་བརླབས་ནས། བཛྲ་ཧེ་ཚྭའི་དངས་གྲུས ་དུས་འདིར་གྲོལ།། ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། ཀུན་ཀྱང་རཉྫ་ཧེ་རུ་བྱིན་བརླབས་ནས།། རཏྣ་ཧེ་རུའི་དངོས་གྲུབ་དུས་འདིར་སྩོལ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན།། ཀུན་ཀྱང་པདྨ་ཙརྦ ་བྱིན་བརླབས་ནས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། པདྨ་ཧེ་རུ་ཀའི་དངོས་གྲུབ་དུས་འདིར་སྩོལ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། བྱང་ཕྱོགས་སྟོང་གི་འཇིག་རྟེན་ན།། ཀུན་ཀྱང་ཀར་མ་ཧེ་རུར་བྱིན ་བརླབས་ནས།། ཀར་མ་ཧེ་རུའི་དངོས་གྲུབ་དུས་འདིར་སྩོལ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། གནས་པར་གནས་ནི་བསམ་མི་ཁྱབ།། དུར་ཁྲོད་ཆེན་པོ་གནས་ཀྱི་མཆོག། བདེ་བ་ཆེན་པོ་གནས་ཀྱི་མཆོག། ཡུམ་གྱི་མཁའ ་དབྱིངས་གནས་ཀྱི་མཆོག། དེ་ཡང་དཔལ་ཆེན་ཉིད་ཀྱི་གནས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཟས་པ་ཟས་ནི་བསམ་མི་ཁྱབ།། རྡོ་རྗེ་དྲི་ཆུ་ཟས་ཀྱི་མཆོག། རྡོ་རྗེ་དྲི་ཆེན་ཟས་ཀྱི་མཆོག། རྡོ་རྗེ་ག་བུར་ཟས་ཀྱི་མཆོག། ་བདུད་རྩི་རྣམ་ལྔ་ཟས་ཀྱི་མཆོག། དེ་ཡང་དཔལ་ཆེན་ཉིད་ཀྱི་ཟས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། སྐོམ་རབ་སྐོམ་ནི་བསམ་མི་ཁྱབ།། རག་ཏ་དྲི་ཆུ་སྐོམ་གྱི་མཆོག། དེ་ཡང་དཔལ་ཆེན་ཉིད་ཀྱི་སྐོམ།། སྟོང་གསུམ་སྟོང་གི་འཇིག ་རྟེན་ན།། སྒྱོགས་རབ་སྒྱོགས་ནི་བསམ་མི་ཁྱབ།། བན་དྷ་གསར་རྙིང་སྒྱོགས་ཀྱི་མཆོག། དེ་ཡང་དཔལ་ཆེན་ཉིད་ཀྱི་སྒྱོགས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཡབ་རབ་ཡབ་ནི་བསམ་མི་ཁྱབ།། ཡུམ་རབ་ཡུམ་ནི་བསམ ་མི་ཁྱབ།། ཀུན་ཏུ་བཟང་མོ་ཡུམ་གྱི་མཆོག། དེ་ཡང་དཔལ་ཆེན་ཉིད་ཀྱི་ཡུམ།། ཨོཾ་རུ་ལུ་འདི་ནི་སྐུ་ཡི་སྐུ།། རུ་ལུ་འདི་ནི་སྐུ་ཡི་གསུང་།། རུ་ལུ་འདི་ནི་སྐུ་ཡི་ཐུགས།། རུ་ལུ་འདི་ནི་གསུང་གི་སྐུ།། རུ་ལུ་འདི་ནི་གསུང་གི ་གསུང་།། རུ་ལུ་འདི་ནི་གསུང་གི་ཐུགས།། རུ་ལུ་འདི་ནི་ཐུགས་ཀྱི་སྐུ།། རུ་ལུ་འདི་ནི་ཐུགས་ཀྱི་གསུང་།། རུ་ལུ་འདི་ནི་ཐུགས་ཀྱི་ཐུགས།། སྐུར་གསལ་གསུང་གསལ་ཐུགས་ཀྱང་གསལ།། སྐུ་དོན་གསུང ་དོན་ཐུགས་ཀྱི་དོན།། རུ་ལུར་མ་གྱུར་གང་ཡང་མེད།། སྟོང་ཁམས་ཐམས་ཅད་རུ་ལུས་བཀང་།། རུ་ལུའི་དངོས་གྲུབ་དུས་འདིར་གསོལ།། རུ་ལུ་དངོས་གྲུབ་སྣང་བའི་སྐུ།། དེ་ཉིད་མ་བྱུང་མ་སྐྱེས་པ་ནི་གསུང་།། སྣང ་བ་དང་མ་བྱུང་བ་གཉིས་སུ་མེད་པ་ནི་ཐུགས་སོ།། རུ་ལུ་སྐུ་གསུམ་གསུང་གསུམ་ཐུགས་གསུམ་དགུ་ཕྲུགས་ཀྱི་དོན་ཏོ།། ཨཱ~ཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ནི་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་མོ།། རུ་ལུ་གོང་མ་བརྒྱད་ནི་ཀེ་རི ་བརྒྱད། རུ་ལུ་འོག་མ་བརྒྱད་ནི་སེང་ཧ་བརྒྱད། ཧཱུཾ་ནི་སྒོ་བ་ཡབ་ཡུམ་བརྒྱད།། བྷྱོ་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཧཱུཾ་ནི་སྡུག་པ་བྱང་ཆུབ་སེམས།། ལྷ་རག་དེ་ལ་སྙིང་པོ་གྲངས་བརྒྱ་རྩ་བརྒྱད་རྩ་བརྒྱད་འབུལ་ལོ། ཁྲོ ་བོཔོ་རྣམས་ཀྲོ་ཏ་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་ཏིང་ངེ་འཛིན་དུ་བཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་གཉེར་སྙིང་རྗེ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨཱིཾ་བཛྲ་བའི་སཱུ་ནི་མ་ཧཱ་ཀྲོ་ཏི་མ་ཧཱ་ཀྲོ་ད་མ། ཧ་ན་ཧ་ན། གྷྲི་ན་གྣི་ན། མ་ར་མ་ར། བན་ཛ་བན་ཛ། ད་ཧ་ད་ཧ། པ་ཙ་པ་ཙ། ཧཱུཾ་དྲུང་བྲི་བྲི། པྲ་མ་ཡ། བྱི་ད་ན་སརྦ་བ་ར་ན་སརྦ་དུསྟན། ་མ་ཏ་མ་ཏ། མཻ་ཏ་མ་ཏ། ཧྲཱ་པྲ་ཐཱཿ། ཊརྦ་ཧཱཿ།། ། དེ་ནས་བཅོམ་ལྡན་འདས་ཁྲོ་བ་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་རྣམས་པར་བཞུགས་སོ།། བཅོམ་ལྡན་འདས་ཀྱི་སྐུ་དང་གསང ་དང་ཐུགས་རྡོ་རྗེ་ཐུགས་ཀ་ནས་ཕྱུང་ངོ་།། པདྨ་ཛ་ལ་མ་ཧཱ་ཀྲོ་ཏ་པདྨ་ས་མུ་ཀ་ཁ་ཁ། སརྦ་དུསྟན་ཁའི་ཁའི། སརྦ་དུ་སྟན་དུ་སྟན་མ་དམ། བཛྲ་ཤོ་ད་ཀ་ཏ་མ་ཐ་མ་ཐ་ཀྲོ་ད་ཀྲོ་ད་བཛྲ་ཁ་ར་ཛ། པ་ལ་དུ་རུ་གེ་བེ་ག། ཧྲ་ས ་ཡ་ཏྲ་ས་མ་ཧཱ་བཛྲ་པ་ཏ་བུ་མུ་ད་ཀ། པྲ་མ་པྲ་མ་ཧཱུཾ་ཕཊ་དྷི་ཧ་ཧ་ཏི་ཧ་ཧི། ཙ་དུར་མ་ཀ་པ་ཏྲ་ན་ཤ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧྲི་ཧ། རྡོ་རྗེ་ཆེན་པོ་འཇིགས་བྱེད་ཅེས་བྱ་བའི་ཁྲོ་བོ་ཆེན་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ ་ཤེས་ཀྱི་སྙིང་ཀ་ནས་ཕྱུང་ངོ་།། ཨོཾ་བཛྲ་བེ་གེ་མ་ཧཱ་ཀྲོ་ཏ་སརྦ་དུ་སྟན་ས་མ་ཡ་བཀྵ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཛ་ཡཀྵ་ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཐམས་ཅད་སྤྲུལ་ནས། མཆེ་བ་ཆེན་པོ་འཁྱིལ ་ཅིང་ཞལ་མི་སྡུག་པ་སྤྱན་སྟོང་ལ་ཉི་མ་ཆེན་པོ་མངོན་སྟོང་གི་གཟི་བརྗིད་ཅན་རབ་ཏུ་ཟ་བར་བྱེད་པའི་སྐུ། རི་ཁྲོད་ཆེན་པོ་དཔལ་ཆེན་གྱི་ཕྱག་ཆ་མའི་ཀེང་རུས་ཁྲག་དང་ཤ་དང་ལུད་པ་དང་རྐང་དང་ཚིལ་རྣམས་ཟས་གསོལ ་བ་མིའི་ལྤགས་པ་རྣམས་གཡོགས་ཏེ་བསྡམས་པ་མི་མགོ་འཕྲེང་བ་དབུ་ལ་འཛིན་པ། སེང་གེ་དང་ཀླུ་པོ་དང་བོང་བུ་དང་། རྔ་མོ་དང་མ་ཧེ་དང་། ཕག་དང་ལྕེ་སྤྱང་དང་། ཁྱི་དང་ར་དང་འུག་པ་དང་། བྱ་རོག་དང་བཞད ་། དང་། བྱི་ལ་དང་གཟིགས་དང་། རྟ་ལ་སོགས་པ་ཁྲོ་བོ་བྱོལ་སོང་གི་གདོང་ལ་སོགས་པ་བརྒྱ་སྟོང་མང་པོ་རང་གི་བ་སྤུའི་བུ་ག་ནས་བྱུང་སྟོང་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཤར་ཕྱོགས་འཇིག་བྱེད ་འདུལ་བ་ཞལ་རྣམ་པར་གཉེར་བ། འཇིགས་པ་ལྟ་བུའི་སྤྱན་དང་། ཞལ་རྡོ་རྗེའི་མཆེ་བ་བརྩིགས་པ་འཇིགས་པར་བྱེད་པའི་ཁྲོ་བོ་ཆེན་པོ་བརྒྱ་སྟོང་གི་གཡོག་དང་ཤར་ཕྱོགས་དཀྱིལ་འཁོར་དུ་འཁྱིལ་བར་གྱུར་ཏེ ་གནས་སོ།། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཁྲོ་གཉེར་ཅན་མང་པོ་བརྒྱ་སྟོང་གཡོག་དང་བཅས་པར་གནས་སོ།། ནུབ་ཕྱོགས་སུ་ཡང་རྟ་སྡོང་ཁྲོ་བོ་བརྒྱ་སྟོང་མང་པོ་གཡོག་དང་བཅས་ཏེ་གནས་སོ།། བྱང་དུ ་ཡང་འུར་འུར་ཆེན་པོ་ཁྲོ་བོ་བརྒྱ་སྟོང་མང་པོ་གཡོག་དང་བཅས་ཏེ་གནས་སོ།། བཅོམ་ལྡན་འདས་ཤིན་ཏུ་ཁྲོ་བོའི་ཚོགས་བརྒྱ་སྟོང་མང་པོས་བསྐོར་ནས་དབུས་ཀྱི་དཀྱིལ་འཁོར་ན་ཞུགས་ཏེ། ཧེ་རུ་ཀའི་ཁྲོ་བོ་ཆེན་པོ ་ཚོགས་དེ་དག་དང་ཁྲོ་བོ་ཆེན་པོ་བརྒྱ་སྟོང་མང་པོའི་རི་རབ་ཀྱི་རྡུལ་ཕྲན་དང་མཉམ་པ་སྙེད་བྱུང་ནས། ནམ་མཁའི་དབྱིངས་རབ་འབྱམས་ཐམས་ཅད་སྣང་བར་བྱས་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དག ་ཐམས་ཅད་གང་བར་བྱས་སོ།། ཤིན་ཏུ་དགེས་པའི་ཁྲོ་བོ་ཆེན་པོ་རྣམས་ལ་བཀའ་སྩལ་པ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿཙན་ཌ་བཛྲ་པ་ན་ཡེ། མ་ཧཱ་ཡག་ཀྵ་སེ་ན་པ་ཏ་ཡེ། ཏདྱཱ་ཐཱ། ཨོ་བྷོ་བོ་མ་ཧ་བེ་ར་བ་ད་ར་བ། མ ་ཧ་ཧྲི་ཧ་ར་ཧ་ར། འགྲི་ན་འགྲི་ན། མ་ར་མ་ར། བན་ད་བན་ད། ཀྵི་ཀྲན་མ་ཧཱ་བཛྲ་ཙཏྟ་དྷ། སརྦ་དུཥྚ་ར་ན་ཏུ་ཀུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ་ཧཱུཾ་ཕཊ། འདི་གསུངས་མ་ཐག་ཏུ། འཇིགས་བྱེད་ཆེན་པོ ་འདུལ་བར་བྱེད་པས། རང་གི་སྐུ་ནམ་མཁའི་དབྱིངས་ཀྱི་ཚུལ་དུ་བྱེད་དོ།། ཁྲོ་བོ་བརྒྱ་སྟོང་པོ་ཞལ་གནམ་སར་གདངས་པ་མཆེ་བ་གཙིགས་པ། འཁྱིལ་ཅིང་བསྐུར་བ། ཕྱག་རྒྱ་སྟོང་པ་ལ་མཚོན་ཆ་སྣ་ཚོགས་བསྣམས ་པ། ཞལ་བརྒྱ་སྟོང་མང་པོ་མེ་ལྕེ་བཞིན་དུ་འབར་བའི་སྐུ། ཨོཾ་མ་ཧཱ་བཛྲ་ཨད། ཧ་ས་ཧ་ས། ཧ་ཧ་ཧ་ཧཱུཾ་ཧ། ཨ་ཏི་ཨོཾ་མ་ཧཱ་བེ་ར་བ་བེ་ཤིང་ཤིང་། ཏྲ་ཏྲ་ཏྲཾ་ཏྲཾ། ཧ་ཧ་ཏ་ཨི་ཏི། དེ་ནས་འཇིགས་བྱེད་ཆེན་པོ་འདུལ་བར་བྱེད ་པའི་ཁྲོ་བོ་དེས། ཧེ་རུ་ཀའི་ང་རོ་འབྱིན་ཞིང་། མགོ་བོ་ནས་མནན་ཏོ།། རྡོ་རྗེ་ཧེ་རུ་ཀ་རོལ་པའི་བདག་ཉིད་ཀྱི་མཐུ་ཆེན་པོས་འཇིགས་བྱེད་ཆེན་པོ་ང་རོ་འབྱིན་ཅིང་སྒྱུ་མའི་སྦུ་གུ་དྲངས་ནས། ཁྲག་དང་རུས་པ་དང་། ་རྐང་རྣམས་ཟ་ཞིང་ཆེམ་ཆེམ་མཛད་པས། དེའི་འཁོར་ལ་རབ་ཏུ་སྟོན་པར་མཛད། མ་མོའི་ཚོགས་ཐམས་ཅད་ཀྱང་སྒྲེན་མོར་བྱས་ཏེ། སྨ་ཕབས་ནས་ཧེ་རུ་ཀའི་ཚོགས་ཆེན་པོའི་མཐུ་དང་གཟི།། བརྗིད་སྐྱེས་ནས་འཁོར ་ཐམས་ཅད་ཀྱང་འཐུལ་སྐྱབས་འོག་ཏུ་ཡང་ཚུད་ནས།། དམ་ཚིག་ལ་གནས་ཏེ་ཡང་དག་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་དྲུག་པོའི་བཞད་པས་བཞད་ཅིང་། ཨོཾ་བཛྲ་བྷི་ཀུ་ཏི་ཧ་ན་ཧ་ན། གྲི་ན་གྲི་ན། ་མ་ཏ་མ་ཏ། ཀི་ན་ཙི་ར་ཡ། སི་སུ་རུ་མ་ཧ་ས། པྲ་ཏི་རེ་ཀེ་པ་རུ་ཛ་ལ་ན་ལ་རི་ཚ་པྲ་ཏི་ཛ་ལི་ཏ། མ་སུ་ར་ཏ། ཨ་གད་ཏ་ཡ་ཨ་གད་ཏ་ཡ། ཨ་ཕྱིའི་བཱ་ཝ། ཨ་ཕྱིའི་བཱ་ཝ། ཀྲི་སྣ་ཙཀྲ་བེ་ར་བ་དྷི་ད་ཡ་ན་ཧཱུཾ་བྲི། ་དེ་ནས་ཁྲག་འཐུང་གི་སྔགས། ཨོཾ་བཛྲ་སུརྱ་བྲི་ཀུ་ཏི། ཁྲོ་ཏ་མ་ཧ་ཀྲི་ཏི། ད་ར་པ་ད་ར་པ། སུ་ར་དུ་ར་ཏི། མཾ་ས་མེད་མན་ཙེ་ན། ཨོཾ་པྲ་བྲ་བི་བང་བ། དེ་ནས་རྟ་གདོང་གི་ཁྲོ་བོ་ཆེན་པོའི་སྔགས་ནི། ཨོཾ་མ་ཧཱ་བཛྲ་པ་ད ་བ་མུ་ཀ་ཁ་ཁ་ཁའི་ཁའི་ཙ་དུ་ར་མུ་གང་། བི་བ་བི་བ། ཨོཾ་རུ་ཏི་རཾ་མ་ཀརྱ་དྷི་ད་ཡང་། དྲ་ན་དམ་དེའུ། བཛྲ་བ་མུ་ཀ་ཧི་ཧི། ཤ་ཧི་ཤ་མ་ཧ་ཤེ་ཤ་ཧི་ཧི། དེ་ནས་རྡོ་རྗེ་ཆེན་པོ་མཛད་ཅིང་གནས་སོ།། བཅོམ་ལྡན ་འདས་ཁྲོ་བོ་ཆེན་པོ་ཁྲོས་པ་དང་བཅས་པའི་ལྟ་བས་གཟིགས་ཏེ། ཨོཾ་གུ་ལུ་གུ་ལུ་བཛྲ་མ་ཧ་ཀྲོ་ད། ཨ་ཀར་ཤ་ཡ་ཨ་ཀར་ཤ་ཡ་ཤ་ཀྲི་ཧྲི་ད་ཡ་ན་མ་ཧཱ་བཛྲ་དང་སྟ་ཡ། ཧཱུཾ་བཀྵ་ཡ་བཀྵ་ཡ་ཤིང་། དེ་ནས་བཅོམ་ལྡན ་འདས་ཁྲོ་བོ་ཆེན་པོ་རྣལ་འབྱོར་པ་རྣམས་དང་རོལ་ཅིང་། རང་གི་ཤིན་ཏུ་དགེས་པ་ཀུན་ཏུ་ལོངས་སྤྱོད་པའི་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་འདུ་བར་མཛད་ནས། བཅོམ་ལྡན་འདས་ལ་བསྐུལ་བ་མཛད་དོ།། ཨོཾ་མ་ཧཱ་སུ་ར་ཏ། བཛྲ་མ་ཧཱ་ཀྲོ་ཏ་པ་སང་ཧ་ར་པ་སང་ཧ་ར། སརྦ་ཀྲོ་ཏ་མ་ཤ་མ་ཤ། པྲ་ཤ་མ་པྲ་ཤ་མ། སརྦ་ཀྲོ་ཏ་སྤ་བ་ས་མ་ཡ། མ་ཧཱ་མ་དྲེ་ལེ་ལྟ ་བ་ཡ་སརྦ་དུ་སྟན། ཀྲོ་ཏ་མ་པ་ཡ། ཛ་ལ་ཡ་ཤ་ཕྲ་བ་དམ?། བི་ཤ་ར་མ་ཡེ། ཤ་ར་མ་ཧཱ་བྷ་ག་བྷ་ན། སུ་ཏི་སེ་ཏ་ཀྲོ་ཏ་སརྦ་ཏ་ཐཱ་ག་ཏ་ས་ད་ན། ས་མ་ཡེ་ན་ཙེ་ཧོ། སུ་ར་ཏ་ས་མ་ཨི་ཏི། དེ་ནས་བཅོམ་ལྡན་འདས་ཁྲོ་བོ ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨཽ་ཛ་ཧཱུཾ་བཾ་ཧོ། ཏ་ཀ་ཧཱུཾ་ཛ། ཧཱཾ་ཏ་ཀྲི་ཧཱུཾ་ཏ་ཀྲི་ཧཱུཾ། ཨོཾ་ག་ཏ་ཤ་ཧཱུཾ་ཛ། ཨ་ཀར་ཤ་ཡ་པྲ་བེ་ཤ་ཡ། བན་ད་ཡ་བི་ཤ་ཀུ་རུ། སརྦ་ཀྲོ་ཏ་ས་མ་ཡ། ཛ་ཧཱུཾ་བཾ་ཧོ། ་། ཏ་ཀྱི་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་འདི་ཕྱུང་ངོ་།། ཨོཾ་སུམ་བ་ནི་སུམ་བ་ནི། མ་ཧཱ་ཀྲོ་ཏ་ཤ་ཧཱུཾ་ཕཊ། བདུད་རྩི་ཁྲོ་མོ་དབང་མོ་འདི་ཕྱུང་ངོ་།། ཨོཾ་བཛྲ་ཨ་པྲ་ཏི་མ་ཧཱ་ཀྲོ་ཏི་ཤ་རི། ཨུ་ཙ་བཛྲ་ཨ་མྲི་ཏ་ཧཱུཾ ་ཨ། དེ་ཤེས་ནས་བཅོམ་ལྡན་འདས་མ་བདུད་རྩི་ཆེན་མོ་འདི་ཀུན་ཏུ་ཁྲོས་ཏེ། རུ་ལུ་རུ་ལུ་ཞེས་བྱ་བ་འབྱིན་ཅིང་། རང་གི་པདྨོ་ལ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཅུག་ནས། བདུད་རྩི་ཡང་དག་པར་སྒྲུབ་པའི་རིག ་པ་ཕུང་ངོ་།། ཨོཾ་ཨ་མྲི་ཏ་ས་མན་ཙི་པ་ནི་ཨ་མྲྀ་ཏ་སུ་མུ་ཏེ་པྲ་བ་ཤ་ཡ། སརྦ་ན་བཛྲ་པདྨ་མང་ས་ཡོ་ག་ནི་ར་མ་ཧ་བོ་དེ་ཙི། བི་ཏ་བི་ཏ། ར་མུ་ར་ཏི་ཡ། རྡོ་རྗེ་ཁྲོ་བོ་དབང་མོ་ཞེས་བྱ་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ ་། ལས་ཕྱུང་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧ་ཤྲཱི་རི་སརྦ་དུ་སྟན། སུ་ཏ་ནི་མ་ཧཱ་པྲ་ལ་ཡ་ན། སྨ་ཤི་ན་བི་ཤ་ཙེ་མ་ཧཱ། བཛྲ་ཀྲོ་ཏ་དང་སྟ་ཀ་ར་ལེ། བི་ཀི་ཏ། བི་ད་ན་སརྦ་ཤ་དུ་པྲ་མ་ནི། ཧཱུཾ་ཧཱུཾ་ཧཱུཾ་མ་ཧཱ་ཀྲོ་ཏི་ཤ་རི་ཧཱུཾ་ཕཊ། ཁྲོ་བོ ་།། འདི་རྣམས་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ་ཞལ་གསུམ་པ།། མདོག་ཨན་དྲ་ནི་ལའི་འོད་འདྲ་བ། རྡོ་རྗེ་དང་ཐོད་པའི་ཁང་པ་དང་ཐོད་པ་དང་མདུང་དང་། དགྲ་སྟ་དང་། རྩེ་གསུམ་པ་དང་། བེ ་ཅོན་དང་། མུ་སུ་དང་། འཁོར་ལོ་དང་། ཀ་ན་ཡ་དང་། ཏོ་མ་དང་། མདའ་དང་། ཤག་གཞུ་དང་། ཤག་ཏི་དང་། གྲི་རྣམས་ཕྱག་ན་འཛིན་པ། ཐོད་པའི་ཕྲེང་བས་དབུ་ལ་རྒྱན་དུ་བྱས་པ་ཉི་མ་བརྒྱད་མེའི་འོད་འདྲ ་བའོ།། དེའི་དབུས་མདུན་དུ་རྡོ་རྗེ་ཁྲག་འཐུང་ཆེན་མོ། དེ་དང་འདྲ་བའི་གཟུགས་དང་། ཆ་ལུགས་འཛིན་པའི་རིག་པ་འདིས་བཞག་པར་བྱའོ།། ཨོཾ་བཛྲ་མ་ཧཱ་ད་ར། མ་ཧཱ་ཀྲོ་ཏི་ཤ་རི་མ་ཧཱ་སྨད་ཤ་ཤ་ནི། བ་ཤ་ན་ཛ་ལ ་ཡ། ས་ཧཱ་ས་པྲ་པྲ་ཛ་ལ་སྟེ། མུ་ཏི་ད་ར་ཀ་པ་ལ། བུ་ཤི་དྷ་མ་ཀུ་ཏེ། མ་རུ་མ་ཏི། ར་ཏྲ་ར་པ། ཙི་པུ་རི་ཏ། ཀ་པ་ལ་ཧ་ས་སྟ། ཁ་སྟང་ཁ་བཛྲ། ཏྲི་ཤུ་ལ་གནས་དྷ། མ་ཧ་ཁྱོད་དོ།། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་རུ་ཏ་པྲ་ཡེ་ཧཱུཾ་ཕཊ། ་དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་གཟི་བརྗིད་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། རྡོ་རྗེ་ཉི་མ་ཉིད་ཀྱི་ཁྲོ་བོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་ཧཱུཾ་ཏྲཾ་ཨ། སུ ་བཛྲ་ཀྲོ་ཏི་ཤོ་རི་ད་མ་ད་མ། གྲ་ས་གྲ་ས་ཨཊྚ་མ་ཧཱུཾ་ཕཊ། ཨོཾ་ཨོཾ་ཙྪ་ཏྲ་ཏྲ་ཏྲཾ། ཁྲོ་བོ་ཆེན་མོ་འདི་ལྷོ་ཕྱོགས་སུ་བཞག་པར་བྱ་སྟེ།། གཟི་བརྗིད་ཆེན་རབ་གཞིར་ཞིང་།། ཤིན་ཏུ་འཇིགས་པ་མེད་བཞིན་འབར།། དཔུང་པ ་བཅུ་དྲུག་རྣོ་བ་ཆེ།། དབུ་རྒྱན་ཐོགས་པ་བརྩིག་པ་བྱས།། སྤྱན་ནི་རབ་དམར་སྔོ་བསངས་མདོག། མཚོན་ཆ་སྣ་ཚོགས་བསྣམས་པར་བརྩོན།། རྡུག་པ་ཐམས་ཅད་འཆི་བྱེད་ཅིང་།། ཡི་དགས་ཆེན་པོ་སྟག་ལ་ཞོན།། རང ་གི་གཡོག་གིས་མདུན་དུ་བསྐོར།། དེ་ནས་བཅོམ་ལྡན་འདས་པདྨོའི་འོད་ཟེར་འཕྲོ་བའི་འོད་ཟེར་གྱི་ཕྲེང་བ་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པདྨོའི་ཁྲོ་མོ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་ཧྲི་བཛྲ་པདྨ་པ་མུ་ཀེ། ཁ་ཁ་ཁ་ཧི་ཁ་ཧི། མ་ཧཱ་མ་ཧཱ་ད་རི། བི་གོ་བེ་ཧཱུཾ། ཧེ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧྲི་ཧ། ཤ་ཏི་ཤ། མ་ཐ་བ། བཛྲ་བ་ད་བ་ན་ལ་མ་ཧོ། ཏེ་ཏོ་ཧཱུཾ་ཧཱུཾ། ཧི་ཧི་ཨོཾ། དཀྱིལ་འཁོར་གྱིས་ནི ་དབུས་ཉིད་དུ།། འདི་ནི་རྒྱབ་ཏུ་བཞག་པར་བྱ།། རྣོ་བ་ཆེན་པོ་ཞལ་གསུམ་པ།། རྟ་གདོང་གྱེན་དུ་སྟོན་པ་སྟེ། ཁྲོ་བོ་ཆེན་པོ་དབུ་བཅུ་དྲུག། རྣམ་པར་སྦྱར་བའི་མི་སྡུག་གདོང་།། མི་ལྟོ་བསྟན་པ་ཡང་དག་ཞོན། ཁྲག་མང་པོ་ལ ་འཐུང་བྱེད་པ།། མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། ཁྲོས་པའི་དབུ་རྒྱན་ཐོད་པ་བརྩམས།། འོད་ཟེར་རྣོན་པོ་གཏོང་བྱེད་ཅིང་།། གཡོག་བཅས་དཀྱིལ་འཁོར་རྒྱན་དུ་བཞུགས།། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ ་ཤེས་གདོན་མི་ཟ་བའི་རྡོ་རྗེ་ཁྲོ་བོ་གཉིས་སུ་མེད་པ་འདུལ་བའི་ཐབས་ཤེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོས་པའི་དབང་མོ་འདི་ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་སརྦ་ཨ་མོ་ཧ་ཀ ་། མ་ཧ་བྱི་ཤི་ཤྭ་རི། ཧཱ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། མ་གྲོ་ཏི་གྲ་མ་ཁྱ་ཧཱ་བྱི་ཤྭ་རུ་པ་ད་རི་ན། སརྦ་དུ་ཏྲན་པྲ་ས་ཤ་མི་ནི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ཉིད་ཀྱིས་ནི་ཅི་རིགས་པར།། རྡོ་རྗེ་མི་བཟད་དཀྱིལ་འཁོར་དུ།། གཡོག་དང ་བཅས་པ་རྣམ་པ་བཞི།། སྣ་ཚོགས་དམ་ཚིག་བཞག་བྱ་སྟེ།། སྣ་ཚོགས་གཟུགས་དང་ཁྱད་པར་ལྡན།། ཀུན་ཏུ་ཡོངས་སུ་བསྐོར་ནས་གནས།། གཉེར་བ་དང་ནི་བཙུམ་པའི་གདོང་།། རབ་ཏུ་དྲག་པའི་རོ་བྱང་ཞིང་།། ་གདོང་གཉེར་ཐོད་པས་རྩེ་མོ་བྱབས།། དཔུང་པ་བཅུ་དྲུག་གིས་བརྒྱན་པའི། ཁྲོ་མོ་ཆེན་མོ་གདོང་གསུམ་མ།། ཟ་བྱེད་མེ་བཞིན་ལྟ་བ་ཡི།། དེ་ཡི་རོ་འོ་ཐམས་ཅད་ཀྱིས།། གཡོག་ནི་རྣམ་པ་བཞི་རྣམས་ཀྱང་།། རང ་གི་ཕྱག་དང་མཚན་མར་ལྡན།། དཔུང་པ་རྒྱད་དང་ལྡན་པ་ཡི།། དེ་ནི་ཆོ་ག་ཇི་བཞིན་དུ།། འབྱུང་མོ་ཕྱག་རྒྱ་ཡང་དག་ཞོན།། དུར་ཁྲོད་བཞིན་དུ་འཇིགས་བྱེད་པ།། ཕྱི་ཡི་རྣལ་འབྱོར་མ་ཚོགས་རྣམས།། དེ་དག་ཀུན་ཏུ ་། ཡོངས་སུ་བསྐུར།། བཞག་གམ་བྲི་བར་བྱ་ཡང་རུང་།། དེ་ནི་དེ་ཡི་སྟན་ལ་གནས།། བཞིན་མི་སྡུག་པ་དཔུང་གཞི་མོ།། བདུག་པའི་ཁྲོ་མོ་རྣམས་རྒྱུར་བཅད།། དེ་ལ་སོགས་པ་རིམ་པར་ལྡན།། མཁས་པས་དཀྱིལ ་འཁོར་བྲི་བར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་སྔགས་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་སར་བ་བཛྲ་ད་ར་ཨ་ནུ་ར་གི་ནི་མ་ཧཱ་ཀྲོ་ཏི་ཤ་རི་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ར་ཨ་ར ་ཀར་ན་ཤ་ནི། མ་ཧཱ་ཀྲོ་ཏི་ཤ་རི་ཧཱུཾ་ཛ་ཛ་ཛནྣརྠཱ་ནཱཾ། ཨོཾ་བཛྲ་ད་ར་ཀུ་ལ་མ་ན་རུ་གི་ནི། རྩ་ཧེ་བཛྲ་ཀྲོ་ཏི་ཧཱཾ་ཧེ་ཧེ་ཧོ་ཕཊ། ཨོཾ་སརྦ་བཛྲ་ད་རོ་གྲ་མ་ཧ། ཀྵ་ཏི་ཧྭཱ་ས་ས་ཧཱུཾ་ཕཊ། ཨོཾ་ས་ཧཱུཾ་ས་བཛྲ་ད་ར་མ་ཧེ་ཧེ་ཙ་ཨ་བ ་ཤ་ཀྲེ་ཧཱུཾ་ཧཱ་ཧཱུཾ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་སུ་ཏི་པྲ་ཏ~ཾ་ཀ་ར་དྲ་ཐ་ཏ་ཐ། ཨཱ~ཾ་སརྦ་བཛྲ་ད་ར་མ་ཧཱ་བཛྲ་ཧེ་རུ་ཀ་མཧཱ་ཀྲོ་ཏི་ཤྲི་རི། མ་ཧ་བི་ཙ་ཡོ་ཚ་པ་ཡེ། ཧཱུཾ་ཧཱུཾ་ཧཱུཾ་དྲྀ་ཏྲྀ་ཏྲྀ་པྲ། ཨོཾ་སརྦ་བཛྲ་ད་ར་མ་ཀྲོ་ཏི་ཧ་ཨཾ་ཏ་ཏ་སི་ནི། ཧཱུཾཧྣཱ ་དྲིདྲང་དྲིང་། ཏྲྀ་ཏ་ཡ་ཏྲོ་ཏ་ཡ། ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ད་ར་མཧཱ་བཛྲ་ད་ར་མ་ཧཱ་བཛྲ་ད་ར་མ་ཀྲོ་ཏ། རཀྵ་ནི་ཧཱུཾ་ཧཱུཾ་ཧཱུཾ། པཀྵ་ཡ་པཀྵ་ཡ་ཧཱུཾ་ཧྲི། ཧཱུཾ་ཨཱ~ཾ་སརྦ་བཛྲ་མཧཱ་བཛྲ་ད་ར་བཛྲ་ཏིང་སྣ་ཀྲོ་ཏི་ཤ་རི་ཤ་རི་ཚིནྡ་ཚིནྡ་ཧཱུཾ་བཛྲ ་དིདག་སྣ་ཧསྟེ། ཚེ་ད་ཡ་ཚེ་ད་ཡ། ཧཱུཾ་ཧཱུཾ་མ་ཐཱ་མ་ཐཱ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་བཛྲ་ཀྲོ་ཏ་རི་ནི། མ་ཧཱ་གྲ་དུ་མེ་བ་ཥི་ནི། ཧཱུཾ་ཧཱུཾ། པ་ཏ་ཡ་པ་ཏ་ཡ། མ་ཧཱ་བཛྲ་ཏ་ཙ་ཀྲོ་ཏ་ན་ཙུརྣ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་ཀེ་པྲ་བ་ཙ་ནི།། ་@ཏམཱཿ།། མ་ས་ཨ་ར་མ་བཾ་བས་པ། སརྦ་བསམ་ད་པ་ས་ཧཱ་། དང་གང་། ། སནི་བཛྲ་དཱ་ར་མ་5། ཤཱ་བ་བརྙན ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་བའི་བའི་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ད་མ་ཧཱ་བཛྲ་པ་ནི་མ་ཧཱ་ཀྲོ་དེ་བྷན་དྷ་ཡ་བྷན་དྷ་ཡ། བི་ད་ཡ་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་ད་ནི་མ་ཧཱ་ད་ནི་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་ད་ར་ཁྲོ་ད་མ ་ལ་ནི། ཧཱུཾ་ཧཱཾ། གྲུ་གླུ་གླུ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་བཛྲ་གྲོ་ད་ནག་དགས་ནི་ཧྭཱ་ཧཱཾ་གཱུ་གྲཱ་གླུ། ཨོཾ་སརྦ་བཛྲ་དི་ར་མ་ཧཱ་གྲྀ་ཏི་ཤི་ར་མ་ཧཱ་ཧོ། ཀ་ལ་ད་ར་ནི་ཏི་པ་ཡ། ཙང་ཅིང་། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་ཀྲོ་ཏི་ཤྭ ་མ་ཧཱ་ལ་སེ་ཧཱུཾ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་ཀྲོ་ཏི་ཤོ་རི་མ་ལེ་ད་ར་ནི་ཧཱུཾ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་ཀྲོ་ཏི་ཀ་ཏ་ནི། ཧཱུཾ་ཧ་ཧཱཾ་ཧེ་ཧི། ཨོཾ་སརྦ་བཛྲ་ད་ར་མཧཱ་ཀྲོ་ཏི་ཤོ་རི་ནི་རི་ཏེ་ཀེ་ཧཱུཾ། ཨོཾ་སརྦ་བཛྲ་ར་མ་ཧཱ་ཀྲོ་ད་མ་ཧཱ་ཀ་ར་ཤི་ན། ་ཛ་ཛ་ཨ་ཧཱུཾ་ཧཱུ~ཾ་ཛ། ཨོཾ་སརྦ་བཛྲ་ད་ར་མ་ཧཱ་བཛྲ་པ་ཤི་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དེ་པེ་ན་དེ་པན་དེ། བྷན་ད་ཡ་བྷན་ད་ཡ་ཧཱུཾ་བཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ད་ར་མ་ཧཱ་ཀྲོ་དེ་བེ་ཤ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨོཾ་སརྦ་ཨོཾ་ཧྲི ་ཏཾ་ཧྲི་ཧ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་ལ་འགྲོ་བ་ཐམས་ཅད་ཀྱི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུཾ་བཛྲ་ད་ར། ཨོཾ་བཛྲ་ཀྲོ་ད་གྲི་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ད ་ཏ་ཤི་ནི། མ་ཧཱ་ཏེ་མ་པ་ཏི་པ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀ་ནི་དྲ་ཤྲ་མཱ་ར་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀྲི་ནི། མ་ཧཱ་བཛྲ་ཏ་མུ་སྟི་ནི། བི་ད་ཡ་བི་ད་ཡ། སུམ་པ་ནི་སུམ་པ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏི་ཀྲི་ནི་མ་བཛྲ་ཀྲོ་ད་ར་ལི་ཧཱུཾ་ཕཊ། ཨོཾ ་བཛྲ་ཏ་ཀྲི་ནི་མ་བཛྲ་ཀྲོ་ད་ཙཀྲ་ནི་ཚིན་ད་ཚིན་ད་ཧཱུཾ་ཕཊ། ཨོཾ་བཛྲ་དྷ་ཀི་ན་མི་ཧ་མི་ཧ་ཐོད་པའི་ཏ་ཀི་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་སེ་མྱ་ཀྲོ་ཏི་ཤི་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ད་ནི། མ་ཧཱ་བཛྲ་ད་ན་ཏེ་ཧཱུཾ་ཕཊ། ཨོཾ་བཛྲ་ད་རི་ནི། ་མ་ཧཱ་བཛྲ་ད་ད་ཏ་ཀི་ནི་མ་ཧཱ་ཨ་མྲི་ཏ་ཀ་པཱ་ལ་ཧི་སྟེ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀྲི་ནི་མ་ཧཱ་སེའུ་མེ་ད་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་མྲི་ཏ་བ་དན་ད་རི་ཧཱུཾ་ཕཊ། ཨོཾ་བཛྲ་པི་ག་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་པི་པ་པི་པ་རུ་མི ་མ་ཧཱ་བཛྲ་པ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མ་ཧཱ་བཛྲ་པ་ཤ་བ་བ་ཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མ་ཧཱ་བཛྲ་ཤི་ནི་པི་ཤི་ཕེ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མ་ཧཱ་བཛྲ་པི་ཤེ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་ཨ་ན་ཨ་ན་ཡ་ཧཱུཾ་ཕཊ། ཨོཾ་བཛྲ ་ཏ་ཀི་ནི་གུ་གུ་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏི་ཀི་ནི་བཛྲ་ཛ་ལ་ཡང་། བ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀི་ནི་མ་ཧཱ་བཛྲ་མི་ཀ་ཏེ་ཧཱུཾ་ཕཊ། ཨོཾ་བཛྲ་ཏི་གི་ན་མ་ཧཱ་བཛྲ་ཧེ་སྟེ་ཧཱུཾ་ཕཊ། ཨོཾ་བཛྲ་ཀི་ལི་པྲ་བེ་ཤ་ཧཱུཾ་ཕཊ། ཨོཾ་བཛྲ་ཏི་གི་ནི་བཛྲ ་མཧཱ་སུ་མང་ས་ཤ་ནི་མ་ཧཱ་ས་ཤི་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མཧཱ་ཀ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མ་ཧཱ་ཀ་ར་ཤ་ནི་མི་ཏ་ཀ་ལ་མུ་ཀི་ཧཱུཾ་ཛ་ཛ་ཧཱུཾ་ཛ་ཛ། ཨོཾ་བཛྲ་ཏ་ཀི་ནི་ཨ་བ་ཤ་ནི་ཧཱུཾ་ཕཊ། ཁྲོ་བོ་སྤྱིའི་གཉེན་པའི་སྙིང་པོ ་འདི་གསུངས་སོ།། ཨོཾ་བ་ཧཱུཾ་བི་ལ་ལྀ་ཏ་རོ་དྲི་སྲན་ཏི་ཏེ། ཨོཾ་ཤེ་ཤེ་ཤེ་ནི་ཤེ་ཤེ། སརྦ་སརྦ་བི་ད་ནི་ཡ། སརྦ་ཏ་ཐ་ག་ཏ། ཛ་ལེ་ཛ་ལེ། པྲ་པྲ་ཛ་ལ་པྲ་ཛ་ལེ། གར་བི་གུར་བ་གུར་བུ་བི་རྒུ་བུ་བི་རྒུ་བ་ད་བིཀྵ། སརྦ་མ་བ ་ར་ནི། བྷྱོ་ཧཱུཾ་ཧཱུཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བསྙེན་པའི་གྲངས་བརྒྱད་དང་སྟོང་དང་འབུམ་མོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་གསང་བའི་ཁྲོ་བོའི་བསྙེན་པའི་ལེའུ་སྟེ་བཞི་པའོ།། ་། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཁྲོ་བོ་རྡོ་རྗེ་མགྱོགས་པའི་དབུ་ལྔ་བཅུ་རྩ་གཅིག་པའོ།། ་། ཕྱག་བརྒྱ་རྩ་གཉིས་པ་ཕྱུང་སྟེ། ཨོཾ་བཛྲ་ཏྲོ་ཀི་མ་ཧཱ་བན་ཏེ་བི་བི་ཕཊ། ཨོཾ་བཛྲ་ཏ་ཀི་ནི་མ་ཧཱ་དོ་ཤ་ནི་ས་མ་ཡེ་ཧཱུཾ་ཕཊ། ཨ་ཨ་ཨཱ~ཾ་བཛྲ་མ་ཧ་ཧ་རཀྵ། ས་མང་ས་རུ་ཏི། མ་ཏི་ད་པྲི་ཡ། མ་ཧཱ་ཀུ་མ་པ་ཀུ་རུ་ན། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ་ཧཱུཾ། ཀྵ་ཨོཾ་བཛྲ་མ་ཧ་རཀྵ། ཨོཾ་གད་ཏ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་སརྦ་བཛྲ་ག་ལ། བ་ཤི་ན་བན་ད། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་རཀྵ་བྷནྡྷ་ཡ། བན་ད་ཡ། བི་ཤ་ཡ་བི་ཤ་ཡ། བི་བི་ཤ་ན་སརྦ་ན། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ར ་ཤ་ས། བན་ད་ཡ་བན་ད་ཡ། སརྦ་མ་ཧཱ་བ་ཀྲི་ཏ་ན་ན། དྷ་ཤ་གྲི་བ་ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཧེ་རུ་ཀའི་སྤྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས ་ང་།། ཨ་མྦྷས། 8། ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཞལ་རེ་རེ་ནས ་ཧཱུཾ་དང་ཕཊ་ཀྱི་སྒྲ་མང་པོ་ཕྱུང་བས། ཁྲོ་བོ་འབུམ་དུས་གཅིག་དུ་ཕྱུང་སྟེ།། ཧཱུཾ་དང་ཕཊ་ཀྱི་སྒྲ་མང་པོ་འབྱིན་ཅིང་།། འཇིག་རྟེན་གྱི་ཁམས་དུས་གཅིག་ཏུ་གང་བར་གྱུར་ཏེ། དྲེགས་པ་ཐམས་ཅད་བརྒྱལ་བར་གྱུར་ཏོ།། དེ ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་མ་དང་།། མཁའ་འགྲོ་མ་རྣམས་ཀྱི་ཏིང་ངེ་འཛིན་དུ་བཞུགས་ཏེ།། མ་དང་མཁའ་འགྲོ་མ་འབུམ་ཆོས་ཀྱི་དབྱིངས་ནས་བཞེངས་ཏེ།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ ་ལས་བྱུང་ངོ་།། མ་མོ་འབུམ་གྱི་རྒྱལ་མོ་དབྱིངས་ནས་བཞེངས། ཁྱོད་ནི་ཡེ་ཤེས་ལྷ་མོ་འབུམ་གྱི་གཙོ།། ཞིང་ལྤགས་རློན་པས་ས་གཞི་འགེངས་མཛད་མ།། ཞིང་ཆེན་རློན་པ་གཡང་གཞིར་རལ་པ་ཅན།། གཟིགས་སྦགས ་། རློན་པ་སྟོང་གིས་སྐུ་སྨད་ཀླུབས།། སྦྲུལ་ནག་འབུམ་གྱིས་ཡན་ལག་རྒྱན་དུ་བསྒྲིལ།། ཐོད་རློན་ཐོད་སྐམ་ཐོད་ཚལ་མགུར་ཆུན་དཔུང་རྒྱན་སེ་རལ་ཁ། ཁྱོད་ཀྱི་རྡོ་རྗེ་ཐེའུ་གཤོག་པ་གཡས་པ་ལ།། ཡེ་ཤེས་ལྷ་མོའི་ཚོགས ་ནི་བརྒྱ་ཡང་འཚེར། ཁྱོད་ཀྱི་རྡོ་རྗེ་ཐེའུ་གཤོག་པ་གཡོན་པ་ལ།། ལས་བྱེད་ལྷ་མོ་བརྒྱ་བཅུ་གནས།། ཉིན་བཞིན་རྒྱ་མཚོ་གཏིང་ནས་བཞུགས་པའི་ཚེ།། ཀླུ་རྒྱན་འབུམ་གྱིས་བཀྲ་ཤིས་མཆོད་པ་འབུལ།། མཚན་ཞིང་རི་རབ ་། རྩེ་ལ་བཞུགས་པའི་ཚེ།། གནོད་སྦྱིན་ཕོ་མོ་ཁྱོད་ཀྱི་ཕོ་ཉར་གཏོང་།། བདུད་ཀྱི་བུ་མོ་འཁོལ་ཞིང་ང་རྒྱལ་དྲག་ཏུ་གནོན།། གཤེད་མ་དོན་དུ་གཉེར་ཞིང་དགྲ་སྙིང་ཚལ་པར་ཁྱེམས།། གསུར་ཆེན་དུད་པས་འཇིག་རྟེན་མ ་།། ལུས་འགེངས།། ཤ་ཆེན་རོ་ལ་རྔམ་ཞིང་དཔལ་ཆེན་ཞལ་དུ་སྟོབ།། རང་ཡང་ཟ་ཞིང་རོགས་ལ་སྟེར་བར་བྱེད།། མ་དང་མཁའ་འགྲོ་དབྱིངས་ནས་བསྐུལ་བསྟོད་པ།། ལ་ལས་འཁྲིལ་ཞིང་ཆོས་ཀྱི་མཁའ ་འགྲོ་ཟ་བྱེད་མགྱོགས་མ་གཤོག་པ་ཅན།། མཁའ་འགྲོ་འཇུག་བྱེད་ཡིད་འཕྲོག་ནུ་མ་ཅན།། མཁའ་འགྲོ་རྔམ་མ་ཞལ་གདང་མཆེ་བ་ཅན།། མཁའ་འགྲོ་འབྱུང་བས་འཛིན་པའི་སྡེར་མོ་ཅན།། མཁའ་འགྲོ་ཁམས ་གསུམ་རྔུབ་པའི་མཆུ་རིང་མ།། མཁའ་འགྲོ་དུག་གསུམ་ཟ་བྱེད་འབར་བའི་སྐུ།། ལས་ཀྱི་མཁའ་འགྲོ་བ་ཡི་ཤུགས་ཅན་མ།། མཁའ་འགྲོ་དོན་གྱིས་མཁའ་ལ་འགྲོ་བའི་ཡེ་ཤེས་ཡུམ།། དེ་ནས་མཁའ་འགྲོ་མ་བརྒྱད ་དཔལ་ཆེན་པོའི་ཏིང་ངེ་འཛིན་གྱི་ལས་བྱེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀའི་རོལ་པ་མ་དང་མཁའ་འགྲོ་མ་དེ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བ་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་མངོན་དུ་མཛད ་དོ།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་སྐྱེས་པའི་བདུད་བག་ཆགས་ཀྱི་མཚམས་སྦྱོར་ཏེ། བདུད་རུ་ཏྲ་ནག་པོ་སེམས་ཅན་དང་རྣལ་འབྱོར་པ་ལ་འཚེ་ཞིང་གནོད་པར་བྱེད་པ་ཟ་བར་བྱེད་པ་དེ་ལ། བཅོམ་ལྡན ་འདས་ཧེ་རུ་ཀའི་རོལ་པས་ཕོ་ཉའི་ཏིང་ངེ་འཛིན་དུ་ཞུགས་ཏེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཏིལ་མར་སྣ་ཚོགས་ཀྱིས་ལུས་པོ་བསྐུས་པའི་རྡོ་རྗེའི་མཆེ་བ་ཅན་དང་།། ནག་མོ་མི་ཐོད་ཐོགས ་པའི་རྡོ་རྗེའི་ཕྲེང་བ་ཅན་དང་། རྣལ་འབྱོར་ཡེ་ཤེས་རྡོ་རྗེ་དམ་ཚིག་མ་དང་། མགོ་བོ་ཅོད་ཅན་ལེགས་སྤྲས་རྡོ་རྗེ་ཁྲག་འཐུང་དང་། ལག་ན་མཚོན་ཐོགས་པའི་རྡོ་རྗེ་ཕྲེང་མ་དང་། དགྲ་བགེགས་དབང་དུ་སྡུད ་པའི་རྡོ་རྗེའི་འཁྲིག་གཡུལ་ཟློག་མ་དང་། སྦྲུལ་གྱི་སྐ་རགས་འཆིང་ཞིང་ལག་ན་མདུང་ཐུང་རལ་གྲི་ཐོགས་མ་དང་། ཞིང་ལྤགས་རྐེད་པར་དཀྲིས་ཤིང་ཁྲག་གིས་མྱོས་མ་དང་། མིག་རྩ་དམར་པོར་གྱུར་པའི་རྡོ་རྗེ ་འཁྲུགས་མ་དང་། མཚན་མོ་དུར་ཁྲོད་དུ་རྒྱུ་བའི་འབྱུང་མོ་སྒྲོལ་མ། ཀོ་རློན་སྨད་དཀྲིས་ཐོད་པ་སེ་རལ་ཁར་ཐོགས་མ་དང་། མི་རོ་རྒྱུ་མ་ཚེམས་ཀྱིས་འདྲེན་པའི་རྡོ་རྗེ་ཟ་བ་མོ་དང་། ཁྲག་གི་ཐིག་ལེས ་བརྒྱན་པའི་རྡོ་རྗེ་དྲི་ཚོར་མ་དང་། མ་མོ་ཆེན་མོ་ཞིང་ཆུང་འཛིན་པའི་རྡོ་རྗེ་འཁྲུག་མ་དང་། རྡོ་རྗེ་ཞག་གི་ཚོམ་བུ་ཅན་ཚོན་དང་། རྡོ་རྗེ་མྱ་ར་ཤ་ལ་ཆེམ་ཆེམ་ཟ་བའི་རྡོ་རྗེ་མཆེ་བ་འཛིན་མ་དང་། དྲག་པོ་འདུལ་བའི་རྡོ་རྗེ ་དྲག་མོ་ཆེན་མོ་དང་། མ་མོ་སྐྲག་པར་བྱེད་པའི་ཁམས་གསུམ་དབང་དུ་སྡུད་མ་དང་། ཞིང་ལ་སྐམ་པར་བྱེད་པའི་རྡོ་རྗེ་ཁ་གདོང་ཁ་དང་། ནག་མོ་ལུས་མདོག་གནག་པའི་རྡོ་རྗེ་མེ་སྟག་འཕྲོ་བ་མོ་དང་། ཟས་སུ་ཁྲག ་ཚིལ་ཟ་བའི་རྡོ་རྗེ་སྲིན་མོ་དང་ཀུན་ལ་དབང་མཛད་རྡོ་རྗེ་པདྨ་འཛིན་པ་དང་། ཟས་སུ་ཤ་རློན་ཟ་བའི་རྡོ་རྗེ་མ་མོ་དང་། ཨོཾ་མ་མ་ཚོགས་རྡོ་རྗེ་ཟ་བྱེད་མ་དང་། དཔལ་ལྡན་ཆེན་མོ་རྡོ་རྗེ་ལྕང་ལོ་ཅན་མ་དང་། ཁ་ནས་རྡོ ་རྗེ་མེ་འབར་རྒྱ་མཚོ་སྐེམས་མ་དང་། ལག་ན་བདུད་རྩི་རྡོ་རྗེ་འཛིན་མ་དང་། ནག་མོ་མིག་གཅིག་རྡོ་རྗེ་ལྕགས་ཀྱུ་འཛིན་མ་དང་། སྦྲུལ་གྱི་ཞགས་པ་ཐོགས་པའི་རྡོ་རྗེ་གཤོག་པ་ཅན་དང་། ལྕགས་ཀྱི་བྱ་ཁྲ ་ཁྱུང་གི་གཡུ་མིག་ཅན་དང་། ཐལ་བའི་མཚན་མས་རྡོ་རྗེ་རལ་གྲི་ཅིག་ཆེན་མོ་ཟ་བྱེད་མ་དང་། རྡོ་རྗེ་ཀྲི་ཤུ་ལ་ཐོགས་པའམ་ཞག་གི་ཚོམ་བུ་ཅན་དང་། འཚམ་དམ་དྲག་ཤུལ་སྤྱོད་པའི་རྡོ་རྗེ་སྒྲོལ་མ་དང་། འཇིགས་པའི ་གཟུགས་ཅན་རྡོ་རྗེ་བདུད་འདུལ་མོ་དང་། རྣམ་པར་བསྒྱུར་བའི་རྡོ་རྗེ་གཟུགས་ཅན་མ་དང་། ཅིར་ཡང་འགྱུར་བ་རྡོ་རྗེ་རྫུ་འཕྲུལ་ཅན་དང་། ཁྲོ་གཉེར་ཅན་དགྲ་རྣལ་འབྱོར་སྔོ་ནག་ཆེན་མོ་དང་། མཆེ་བ་བརྩེགས་པའི ་རལ་པ་འཁྱིལ་མ་དང་། ཐོད་པ་རློན་པའི་རྡོ་རྗེ་མུན་ཚལ་དང་། དབུ་གསུམ་ཕྱག་དྲུག་རྡོ་རྗེ་མི་ལྤགས་གཡང་གཞི་གསོལ་བ་དང་། སྟི་ར་ཆུང་ངུ་མང་པོ་བརྒྱན་ནས་བརྒྱན་པ་སྟེ་རྡོ་རྗེ་བརྗིད་མ་དང་། འཚམ་ངམ་རྐང ་བསྐུམ་རྡོ་རྗེ་འཇིག་རྟེན་སྒེག་མ་དང་། བདུད་བཞི་གནོན་པའི་རྡོ་རྗེ་བན་དར་ལྡན་པ་དང་། གཏོར་ཆེན་བློ་སྙིང་འདྲེན་པའི་རྡོ་རྗེ་ཁྲག་འཐུང་མ་དང་། འཇིགས་སུ་རུང་བའི་དབུགས་པའི་རྡེའུ་ཆུང་ཐོགས ་པའི་རྡོ་རྗེ་རྐན་སྒྲ་ཅན་དང་། ལོག་པར་ལྟ་བའི་རྡོ་རྗེ་བདུད་རྣམས་འདུལ་བ་དང་། རོ་ལ་རྔམ་པའི་རྡོ་རྗེ་ཟ་བ་མོ་དང་། གསོད་ཅིང་སྦྱོར་བའི་རྣལ་འབྱོར་སྔོ་ནག་མ་དང་། ཁྲོ་གཉེར་སྤྱན་དགྲར་དུར་ཁྲོད་བདག་རྡོ་རྗེ ་མཆེ་བརྩེགས་མ་དང་། ཚམ་ངམ་ཆེན་པོ་མཛད་པའི་ཏྲི་ཤུལ་མདའ་འཕེན་རྡོ་རྗེ་འགེངས་མ་དང་། དགྱེས་པར་བྱེད་པའི་རྡོ་རྗེ་སེ་གོལ་རྡེབས་དང་། འགུགས་པར་བྱེད་པའི་རྡོ་རྗེ་རྣལ་འབྱོར་དམར་ནག་འཇིགས ་པའི་སྐུ་དང་། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡུམ་ཆེན་མོ་དང་། རྣལ་འབྱོར་ཆེན་མོ་དང་། འཚམ་ངམ་གར་མཁན་ཆེན་མོ་རྡོ་རྗེ་སྟབས་ཚུལ་ཅན་དང་། རྣལ་འབྱོར་མཐིང་ནག་རྡོ་རྗེ་སྟན་ཟ་བ་མོ་དང་། བདུད་བཞི་འཇོམས ་པའི་རྡོ་རྗེ་སྒྲ་རྡོབས་མ་དང་། འཆིང་ཞིང་སྡོམ་པའི་རྣལ་འབྱོར་སེར་ནག་དང་། གཏུམ་མོ་ཞེ་སྡང་སྡིང་ཆེན་ཟ་བ་མོ་དང་། ཞིང་ཆེན་ནང་གྲོལ་འབྱོན་ཅིང་རྡོ་རྗེ་འཚམས་དག་ཅན་དང་། རྡོ་རྗེ་གདུག་པ་ཀླད་འགེམས་མ ་དང་། གསོད་པའི་ལས་ལ་དགེས་པའི་ཁྲོ་མོ་རྡོ་རྗེ་ལྟུང་ནས་མ་དང་། ཁྲོ་གཉེར་འཇིགས་པའི་དབུ་གཅིག་ཕྱག་དྲུག་མ་དང་། རྡོ་རྗེ་ཏྲི་ཤུལ་རྡེའུ་འཛིན་པའི་རྡོ་རྗེ་རྐན་སྒྲ་རྡེབས་མ་དང་། འཆིང་ཞིང་སྡོམ་པའི་རྣལ་འབྱོར ་སེར་ནག་དང་། གཏུམ་མོ་ཞེ་སྡང་སྡིང་ཆེན་ཟ་བ་མོ་དང་། ཞིང་ཆེན་ནང་གྲོལ་འབྱོན་ཅིང་རྡོ་རྗེ་འཚམས་ངམ་དང་། སྒྲོལ་བར་བྱེད་པའི་རྡོ་རྗེ་མཐིང་ནག་དང་། སྤྱན་བགྲང་མཆེ་གཙིགས་རྡོ་རྗེ་ཆེན་མོ་དང་། སྟི་ར ་འདྲེན་པའི་རྡོ་རྗེ་ཁྲག་འཐུང་ཞལ་དུ་སྟོབས་མ་དང་། སྤུ་གྲི་འདེབས་པའི་རྡོ་རྗེ་བན་དར་ལྡན་མ་དང་། ཟངས་གྲིས་འདེབས་ཤིང་ཁ་ཏང་འཕེན་པའི་རྡོ་རྗེ་ཤ་ཟ་མོ་དང་། རོ་ལ་སྐམ་པའི་རྡོ་རྗེ་ཟ་སྟངས་ཆེན་པོ་དང་། ་། རྡོ་རྗེ་སེར་ནག་སེང་གེ་མགོ་ཅན་དང་། མཆེ་གཙིགས་སྤྱན་གསུམ་འཇིགས་པའི་རྡོ་རྗེ་སྡང་མིག་ཅན་དང་། མཚོ་ཚོགས་མང་པོས་བསྐོར་བའི་རྡོ་རྗེ་ཞེ་སྡང་འཇོམས་མ་དང་། མཐིང་ནག་རྡོ་རྗེ་སེང་གེ་རལ ་པ་ཅན་དང་། རྡོ་རྗེ་སེང་གེ་ཡེ་ཤེས་སྐུའི་ཆ་ལུགས་འཆང་མ་དང་། མི་འཇིགས་སྟི་རའི་གཡང་གཞི་གསོལ་མ་དང་། སྲོག་ཆགས་མང་པོའི་སྙིང་འབྱིན་རྡོ་རྗེ་ཀླད་འགེམས་མ་དང་། དམར་མོ་ཆེན་མོ་སྟི་རི་མགོ་ཅན་དང་། ་ཡེ་ཤེས་ལྔའི་རྡོ་རྗེ་ཆ་ལུགས་འཆང་མ་དང་། མི་འཇིགས་པ་བཞིའི་གཡང་གཞི་སེ་རལ་ཁར་ཐོགས་མ་དང་། བཀའ་ལས་མི་འདའ་ཐུགས་དམ་སྐོང་ཞིང་ལས་མཛད་མ་དང་། བན་ད་རག་ཏས་བཀང་ནས་གཙོ་བོ ་ལ་སྟོབས་ཤིང་དགྲ་སྡང་ཀླད་འགེམས་མ་དང་། གསོ་བྱེད་སྔོ་ནག་དུད་མགོ་ཅན་དང་། མཆེ་ཚོགས་འཁོར་དུ་བསྐོར་ཞིང་འདོད་ཆགས་འཇོམས་པའི་རྡོ་རྗེ་ཟ་བ་མོ་དང་། ཐལ་ཆེན་རག་ཏས་རྡོ་རྗེ་སྐུ་ལ་བརྒྱན་མ་དང་། ་སྤུ་གྲི་མགོ་གཅོད་པན་ད་འཐུང་ཞིང་གསོད་ལ་དགའ་བ་མོ་དང་། རྡོ་རྗེ་ཞགས་པ་འཆིང་ཞིང་ཁྲག་འཐུང་ཞལ་དུ་སྟོབ་མ་དང་། མཐིང་ག་འགྱིང་སྟོབས་རྡོ་རྗེ་ཤ་ན་ཁྱི་མགོ་ཅན་དང་། གློ་སྙིང་འདྲེན་པའི་རྡོ་རྗེ་ལྕགས་ཀྱུ ་འཛིན་མ་དང་། ཕྲག་དོག་འཇོམས་པར་བྱེད་པའི་རྡོ་རྗེ་ཟ་བ་མོ་དང་། དམར་ནག་འགྱིང་པའི་བྱ་རྒོད་མགོ་ཅན་དང་། ཞིང་ཆེན་རྒྱུ་འདྲེན་གཏི་མུག་འཇོམས་པར་བྱེད་མ་དང་། གཤོག་ཚོགས་མང་པོས་བསྐོར་བའི ་ཟོད་རློན་འཛིན་མ་དང་། སེར་ནག་འགྱིང་པའི་ཕོ་རོག་མགོ་ཅན་དང་། ཀླུ་རྣམས་འདུལ་བར་བྱེད་པའི་སྔགས་དང་ཕྱག་རྒྱ་འཆང་མ་དང་། མཐིང་ནག་འགྱིང་བ་བྱ་རོག་མགོ་ཅན་དང་། སེར་ནག་དགོད་པར་བྱེད་པའི ་མགོ་ཅན་དང་། ཤ་ཁྲག་ཟ་བའི་མཁའ་འགྲོ་དབུ་གསུམ་མ་དང་། ལྕགས་ཀྱུས་འདྲེན་པ་མི་འཇིགས་སྦྱོར་བ་དང་། རྡོ་རྗེ་བཀའི་ཕོ་ཉ་སྤྱན་གསུམ་མཆེ་བ་ཅན་དང་། རྡོ་རྗེ་བྲན་མོ་གཏུམ་པགས་ཅན་དང་། འཇིགས ་པའི་གཟུགས་ཅན་ཁྲག་འཐུང་མ་དང་། རྡོ་རྗེ་གཡག་གི་མགོ་ཅན་དང་། རྡོ་རྗེ་སྦྲུལ་གྱི་མགོ་ཅན་དང་། རྡོ་རྗེ་གཟིག་གི་མགོ་ཅན་དང་། རྡོ་རྗེ་བྱའི་མགོ་ཅན་དང་། རྡོ་རྗེ་ཕ་ཝང་མགོ་ཅན་དང་། རྡོ་རྗེ་དྲེད་ཀྱི་མགོ་ཅན ་དང་། རྡོ་རྗེ་དོམ་གྱི་མགོ་ཅན་དང་། རྡོ་རྗེ་ཝའི་མགོ་ཅན་དང་། རྡོ་རྗེ་སྟག་གི་མགོ་ཅན་དང་། རྡོ་རྗེ་རྟའི་མགོ་ཅན་དང་། རྡོ་རྗེ་སྦྲང་ཁུའི་མགོ་ཅན་དང་། རྡོ་རྗེ་པུ་ཤུད་ཀྱི་མགོ་ཅན་དང་། རྡོ་རྗེ་ཤ་བའི་མགོ་ཅན་དང་། ་རྡོ་རྗེ་སྤྲིན་གྱི་མགོ་ཅན་དང་། རྡོ་རྗེ་ཕག་གི་འགོ་ཅན་དང་། རྡོ་རྗེ་བྱ་རོག་གི་མགོ་ཅན་དང་། རྡོ་རྗེ་སྦྲང་ཏའི་མགོ་ཅན་དང་། རྡོ་རྗེ་སྒྲ་ཀའི་མགོ་ཅན་དང་། རྡོ་རྗེ་ཁྭའི་མགོ་ཅན་དང་། རྡོ་རྗེ་སྤྲེའུའི་མགོ་ཅན་དང་། ་རྡོ་རྗེ་ཁུ་བྱུག་མགོ་ཅན་དང་། རྡོ་རྗེ་སེང་གེའི་མགོ་ཅན་དང་། རྡོ་རྗེ་ཕ་ཝང་གི་མགོ་ཅན་དང་། རྡོ་རྗེ་ཤ་བའི་མགོ་ཅན་དང་། རྡོ་རྗེ་སྲིན་བྱའི་མགོ་ཅན་དང་། རྡོ་རྗེ་བྲེ་མོའི་མགོ་ཅན་དང་། རྡོ་རྗེ་ཟེར་མོའི་མགོ་ཅན་དང་། ་རྡོ་རྗེ་མག་པ་ཟང་འགོག་གི་མགོ་ཅན་དང་། རྡོ་རྗེ་ཉི་མའི་ཞགས་པ་ཅན་དང་། རྡོ་རྗེ་མེ་ལྕེ་གློག་ཕྲེང་འཛིན་དང་། རྡོ་རྗེ་སྲིན་མོ་མདུང་ཐུང་ཕྲེང་བ་དང་།། རྡོ་རྗེ་རལ་གྲི་འབྱིན་མ་དང་། རྡོ་རྗེ་ཀླུ་མོ་ཐོག ་འབེབས་མོ་དང་། རྡོ་རྗེ་འཇིགས་བྱེད་པ་ལང་གི་སྣ་དང་། རྡོ་རྗེ་མདོག་སྦྱིན་མ་དང་། རྡོ་རྗེ་ལག་ན་ཁྲག་ཐོགས་མ་དང་། རྡོ་རྗེ་ཟླ་བ་སྐར་མདའ་ལྟར་སྟོང་མ་དང་། རྡོ་རྗེ་དམ་ཚིག་སྲུང་མ་དཔལ་ཕྲེང་མ་དང་། རྡོ་རྗེ ་ལག་ན་ཕུར་བུ་འདྲིལ་མ་དང་། རྡོ་རྗེ་རི་རབ་སྙིལ་པའི་རྔམ་སྟེགས་ཅན་དང་། རྡོ་རྗེ་དམར་མོ་སྤྱན་གསུམ་ཤིན་ཏུ་མི་སྲུན་མ་དང་། རྡོ་རྗེ་ཅིར་ཡང་འགྱུར་བའི་རྫུ་འཕྲུལ་ཅན་ཆེན་མོ་དང་། རྡོ་རྗེ་མཁའ་འགྲོ་མའི ་མགྱོགས་མ་དང་། རྡོ་རྗེ་སྨུག་ནག་གཏིགས་པའི་དཔལ་ཅན་དང་། རྡོ་རྗེ་ཀེང་རུས་འཆར་བའི་ཚེམས་རྣོན་པ་དང་། རྡོ་རྗེ་བཞག་མའི་ཤིན་ཏུ་གང་རྒྱ་མཚོ་ཆེན་མོ་དང་། རྡོ་རྗེ་ནང་གྲོལ་འདྲེན་མ་ཀང་ཀའི་མགོ་ཅན་དང ་རྡོ་རྗེ་སྒྲ་འབྱིན་འབུམ་འབྲུག་སྒྲོགས་མ་དང་། རྡོ་རྗེ་བདུད་རྩི་རིན་ཆེན་འབེབས་མ་དང་། རྡོ་རྗེ་ཤུགས་དབང་མེ་རྡོ་རྗེ་སྟེར་མོའི་ཚོགས་དང་། རྡོ་རྗེ་ཤན་པ་སྐྲ་གྲི་རྣོན་པོའི་སོ་ཅན་དང་། རྡོ་རྗེ་སྤྲིན་ཚོགས་མང་པོ་སྡུད ་པར་བྱེད་པ་དང་། རྡོ་རྗེ་འུར་འུར་ཤིག་ཤིག་གཡོ་བར་བྱེད་པ་དང་། རྡོ་རྗེ་རྐན་སྒྲ་རྡེབས་པའི་དྲག་ཤུལ་ཅན་མོ་དང་། རྡོ་རྗེ་སྤྲིན་ཟ་བར་བྱེད་པའི་ཕཊ་ཕཊ་སྒྲོགས་པ་དང་། རྡོ་རྗེ་བརྐྱང་བསྐུམ་གཤིན་རྗེ་གནོན་མ་དང་། ་རྡོ་རྗེ་ཞིང་ཆེན་ཁྲག་ཐོད་རློན་སྐུ་ལ་བརྒྱན་པ་དང་། རྡོ་རྗེ་དྲག་པོའི་ང་རོ་འབྱིན་པའི་གདོང་གསུམ་མ་དང་། རྡོ་རྗེ་ཡུལ་ཙམ་འདུལ་ཕྱོགས་བཅུར་འཕྲོ་མ་དང་། རྡོ་རྗེ་སེང་གེ་སྟབས་སུ་མཆོད་པའི་ང་རྒྱལ་ཅན་དང་། ་རྡོ་རྗེ་སྤྲུལ་པ་མང་པོ་འགྱེད་པའི་བྱ་ཁྲག་ཁྲག་གི་སྐྱིགས་ཅན་དང་། རྡོ་རྗེ་རུ་ཏྲ་སྒྲོལ་བའི་བྱ་ཁྲག་སྒྲིགས་ཅན་དང་། རྡོ་རྗེ་སྟི་ར་གནས་ཉུལ་བྱ་ཁྲག་ཁྱི་སྒྲིགས་ཅན་དང་། རྡོ་རྗེ་དམ་ཚིག་གི་ཚོགས་ཉུལ་མ་བྱ་ཁྲག་ཁྱི ་སྡིགས་ཅན་དང་། རྡོ་རྗེ་ཕྱི་ནང་འཚམས་ཉལ་མ་བྱ་ཁྲག་ཁྱི་སྒྲིགས་ཅན་དང་། རྡོ་རྗེ་དམ་ཚིགས་ཀྱི་རྗེས་གཅོད་མ་བྱ་ཁྲ་ཁྱི་སྒྲིགས་ཅན། རྡོ་རྗེ་དེ་བྱའི་སྦྱོར་ཉུལ་མ་བྱ་ཁྲག་ཁྱི་སྡིག་ཅན་དང་། རྡོ་རྗེ་འདོད་ཆགས་མ་བྱ ་ཁྲག་གི་ཁྱི་སྒྲིགས་དང་། རྡོ་རྗེ་དུར་ཁྲོད་རོ་ཟ་འབུལ་བའི་བྱ་ཁྲག་ཁྱི་སྐྱིགས་ཅན་དང་། རྡོ་རྗེ་དམར་མོ་བཀྲ་གསལ་དབང་སྡུད་མ་དང་། རྡོ་རྗེ་སེར་མོ་སྦྲུལ་གྱི་སྐེ་རགས་ཅན་དང་། རྡོ་རྗེ་གནམ་ལྕགས་འུར་མོ་ཐོག ་འབེབས་པ་དང་། རྡོ་རྗེ་རྒྱལ་བྱེད་སྔགས་པར་བྱེད་མ་དང་། རྡོ་རྗེ་རྔམ་པས་སྲིན་མོ་བརྒྱལ་བར་བྱེད་པ་དང་། རྡོ་རྗེ་ཁ་ནས་མི་ཁྲག་རྟ་ཁྲག་འཛག་མ་དང་། རྡོ་རྗེ་དབུ་སྟོང་པ་སྤྱན་སྟོང་བདུད་ཀྱི་དཔུང་རྣམས་འདུལ ་བར་བྱེད་མ་དང་། འབུམ་ཕྲག་ལངས་པའི་མཁའ་འགྲོ་ཆེན་མོ་དང་། རྡོ་རྗེ་རལ་པ་སྤྱིར་གཙུག་འཁྱིལ་མ་དང་། རྡོ་རྗེ་སྐུ་ཡིས་རོལ་མོ་པའི་མཁའ་འགྲོ་འབར་མ་དང་། རྡོ་རྗེ་གསུང་གི་སྤྲུལ་པ་ཕྱོགས་བཅུར་འགྱེད་མ ་། དང་། རྡོ་རྗེ་ཐུགས་ཀྱི་སྒྱུ་འཕྲུལ་རྔམ་ཆེན་མོ་དང་། རྡོ་རྗེ་ཐུགས་ཀྱི་སྒྱུ་འཕྲུལ་དབང་ཕྱུག་མོ་དང་། རྡོ་རྗེ་རིན་ཆེན་སྐུའི་དབང་ཕྱུག་མ་དང་། རྡོ་རྗེ་པདྨོ་དབང་ཕྱུག་མ་དང་། རྡོ་རྗེ། དབྱིངས་ལ་སྦྱོར་ཞིང་སྟན ་བྱེད་མ་དང་། རྡོ་རྗེ་མགྱོགས་མ་དབུ་དགུ་མ་དང་། རྡོ་རྗེ་སྒྲ་འབྱིན་མ་དང་། རྡོ་རྗེ་ཚོར་མ་དང་། རྡོ་རྗེ་མྱོང་མ་དང་། རྡོ་རྗེ་བྱེད་རེག་བྱེད་ཀུན་ལ་ཁྱབ་མ་དང་། རྡོ་རྗེ་དམར་ནག་དབུ་གསུམ་དང་། རྡོ་རྗེ་སྔོན་ནག ་རལ་པ་ཅན་ཆེན་མོ་དང་། རྡོ་རྗེ་ལྗང་ནག་དབུ་རྒྱན་མ་དང་། རྡོ་རྗེ་ལྗང་སྔོ་བན་ལང་གི་མགོ་ཅན་མ་དང་། རྡོ་རྗེ་སེར་ནག་དབུ་བཅོམ་ལྔ་མ་དང་། རྡོ་རྗེ་སྨུག་ནག་དབུ་རྒྱན་མ་དང་། རྡོ་རྗེ་ལྗང་སེར་ཁྲོ་གཏུམ་དབུ་དགུ ་མ་དང་། རྡོ་རྗེ་སེར་མོ་དབུ་ཅིག་མ་དང་། རྡོ་རྗེ་དཀའ་མོ་དབུ་ལྔ་མ་དང་། རྡོ་རྗེ་དཀར་ནག་མོ་དབུ་གསུམ་མ་དང་། རྡོ་རྗེ་སྙེམས་མ་བྱ་ཁྲ་ཁྱི་སྒྲིགས་ཅན་དང་། རྡོ་རྗེ་དུར་ཁྲོད་ཀྱི་བདག་མོ་བྱ་ཁྲ་སྐྱི་སྡིག་ཅན་དང་། རྡོ ་རྗེ་ལ་གཏུན་ཁུང་མ་བྱ་ཁྲ་ཀྱི་སྐྱིགས་ཅན་དང་། རྡོ་རྗེ་མདའ་སྙན་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་སྐུལ་བྱེད་མ་བྱ་ཁྲ་ཁྱི་སྨྲིག་ཅན་དང་། རྡོ་རྗེ་རླུང་འབྱིན་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་གཅོད་བྱེད་མ་བྱ་ཁྲ་ཁྱི་སྡིག ་ཅན་དང་། རྡོ་རྗེ་འཇིགས་བྱེད་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་བདུད་རྩི་སྦྱོར་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་འཕྲོག་མ་བརླག་བྱེད་མ་བྱ་ཁྲ་ཁྱི་སྨྲིག་ཅན་དང་། རྡོ་རྗེ་རྨོངས་བྱེད་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ ་ཁྲག་འཇོམས་མ་བྱ་ཁྲག་ཁྱི་སྡིག་ཅན་དང་། རྡོ་རྗེ་ཚེ་འཇོམས་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་རྨུག་བྱེད་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་སྲིན་མོ་སྙིང་ཟན་མོ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་སྦྲུལ་མ་བྱ་ཁྲག་ཁྲི་སྡིག ་ཅན་དང་། རྡོ་རྗེ་འབེབས་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་དཔལ་བདག་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་རྐན་འཇིབ་འཇབ་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་གནས་མ་མགྱོགས་བྱེད་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ ་རྗེ་སྒྲུབ་ཅན་དང་། རྡོ་རྗེ་སྒྲུབ་པ་ཚེ་འཛིན་མ་བྱ་ཁྲ་ཁྱི་སྡིག་ཅན་དང་། རྡོ་རྗེ་ཐོད་རློན་དང་སྦྲུལ་ནག་འཁྱིལ་པ་ཅན་དང་། རྡོ་རྗེ་ཞིང་ཆེན་སྟོད་གཡོག་ཆུ་སྲིན་སྨད་གཡོག་ཅན་དང་། རྡོ་རྗེ་ཟ་བྱེད་ཁ་འབར་མ་དང་། རྡོ ་རྗེ་ནམ་མཁའ་ལྡིང་དང་། རྡོ་རྗེ་ཁྲ་དང་འུག་པ་དང་། རྡོ་རྗེ་ཀའི་ལུས་ལ་ཆུ་སྲིན་གྱི་མགོ་ཅན་དང་། རྡོ་རྗེ་གཞོག་པ་གདམས་པ་དང་། རྡོ་རྗེ་སྡེར་མོ་ལྕགས་ཀྱུ་མ་དང་། རྡོ་རྗེ་མཆུ་རྩེ་གཅིག་མའི་གཟོང་ཅན་མ་དང་། རྡོ ་རྗེ་དྲིས་ཅན་དང་། རྡོ་རྗེ་ཁ་གདང་མ་དང་། རྡོ་རྗེ་ཀར་མ་མུད་བདུ་ཀ་ར་དང་། རྡོ་རྗེ་འཇིགས་པར་བྱེད་པའི་གཟུགས་ཅན་དང་། རྡོ་རྗེ་སྨིགས་བུའི་མགོ་ཅན་དང་། རྡོ་རྗེ་ཁའི་མགོ་ཅན་དང་། རྡོ་རྗེ་ཡིད་ལས་བྱུང་བའི ་བདུད་པ་མོ་དང་། རྡོ་རྗེ་མོས་པ་མོ་དང་། རྡོ་རྗེ་དྲག་པ་མོ་དང་། རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་འབྱེད་པ་དང་། རྡོ་རྗེ་དང་པ་མོ་དང་། རྡོ་རྗེ་ཁ་སྤུ་ཅན་དང་། རྡོ་རྗེ་རལ་གྲི་སྤུ་གཅོད་དང་།། རྡོ་རྗེ་ལྕགས་ཀྱི་ལྤགས ་། ཅན་དང་། རྡོ་རྗེ་ཟངས་ཀྱི་ཁ་སྤུ་ཅན་དང་། རྡོ་རྗེ་ཀ་ལ་པིང་ཀའི་དབྱངས་ཅན་དང་། རྡོ་རྗེ་དབང་སྦྱིན་མའི་ཚོགས་དང་། རྡོ་རྗེ་དགྱེས་པ་ཆེན་མོའི་ཚོགས་དང་། རྡོ་རྗེ་སྒྱུ་འཕྲུལ་གྱི་ཚོགས་དང་། རྡོ་རྗེ་ཏིང ་ངེ་འཛིན་གྱི་ཚོགས་དང་། རྡོ་རྗེ་སྣོམས་པར་འཛིན་པའི་ཚོགས་དང་། རྡོ་རྗེ་ཆེད་དུ་འཛིན་པའི་ཚོགས་དང་། རྡོ་རྗེ་བྱིན་གྱིས་རློབ་པའི་ཚོགས་དང་། རྡོ་རྗེ་རབ་ཏུ་གཏོགས་པའི་ཚོགས་དང་། རྡོ་རྗེ་ཚོགས་པའི་དཀྱིལ ་འཁོར་གྱི་ཚོགས་དང་། རྡོ་རྗེ་གཟུགས་ཀྱི་ཚོགས་དང་། རྡོ་རྗེ་སྒྲ་ཡི་ཚོགས་དང་། རྡོ་རྗེ་དྲི་ཡི་ཚོགས་དང་། རྡོ་རྗེ་རོ་ཡི་ཚོགས་དང་། རྡོ་རྗེ་རེག་གི་ཚོགས་དང་། རྡོ་རྗེ་ཁྲོ་མོའི་ཚོགས་དང་། རྡོ་རྗེ་གོས་གྱོན་པའི་ཚོགས ་དང་། རྡོ་རྗེ་བཟའ་བཏུང་གི་ཚོགས་དང་། རྡོ་རྗེ་གར་གྱི་ཚོགས་དང་། རྡོ་རྗེ་ངོ་མཚར་གྱི་ཚོགས་དང་། རྡོ་རྗེ་ལྷ་མོའི་ཚོགས་དང་། རྡོ་རྗེ་ཀླུ་མོའི་ཚོགས་དང་། རྡོ་རྗེ་དབྱེ་བར་བྱེད་པའི་ཚོགས་དང་། རྡོ་རྗེ་པདྨོ་ཕྲེང་མའི ་ཚོགས་དང་། རྡོ་རྗེ་བདེ་བ་ཆེན་མོའི་ཚོགས་དང་། རྡོ་རྗེ་སྤྲིན་སྡུད་མའི་ཚོགས་དང་། རྡོ་རྗེ་དགྱེས་པ་མོའི་ཚོགས་དང་། རྡོ་རྗེ་མཉམ་པའི་ཚོགས་དང་། རྡོ་རྗེ་ཉི་ཟླའི་འོད་ཀྱི་ཚོགས་དང་། རྡོ་རྗེ་མཁའ་འགྲོ་མའི་ཚོགས ་དང་། རྡོ་རྗེ་ཡིད་བཞིན་གྱི་ཚོགས་དང་། རྡོ་རྗེ་མཆོག་འཕྲན་འཛིན་པའི་ཚོགས་དང་། རྡོ་རྗེ་ཞིང་འཛིན་མའི་ཚོགས་དང་། རྡོ་རྗེ་ང་རྒྱལ་ཅན་གྱི་ཚོགས་དང་། རྡོ་རྗེ་ཐིམ་པར་བྱེད་པའི་ཚོགས་དང་། རྡོ་རྗེ་ངོ་མཚར་ཆེན ་པོའི་ཚོགས་དང་། རྡོ་རྗེ་འཁོར་ལོའི་ཚོགས་དང་། རྡོ་རྗེ་པདྨའི་ཚོགས་དང་། རྡོ་རྗེ་ཁྲོའི་ཚོགས་དང་། རྡོ་རྗེ་མཉམ་པར་རྫོགས་པའི་ཚོགས་དང་། རྡོ་རྗེ་བཀའ་ཉན་སྤྲུལ་པའི་ཚོགས་དང་། རྡོ་རྗེ་དངོས་གྲུབ་ལས་ཀྱི ་ཚོགས་དང་། རྡོ་རྗེ་སྤྱོད་པས་ཅི་ལས་ཐོགས་པ་མེད་པའི་ཚོགས་དང་། རྡོ་རྗེ་རུགས་སུ་ཐབས་མཁས་པའི་ཚོགས་དང་། རྡོ་རྗེ་འོད་འཕྲོ་འབར་བའི་ཚོགས་དང་། རྡོ་རྗེ་ཆགས་པ་མེད་པའི་ཚུལ་དུ་གནས་པའི་ཚོགས ་དང་། རྡོ་རྗེ་སྡུག་བསྔལ་སེལ་བར་བྱེད་པའི་ཚོགས་དང་། རྡོ་རྗེ་རིགས་སུ་སྐྱེས་པའི་ཚོགས་དང་། རྡོ་རྗེ་མེ་སྟག་ཕྲ་མོའི་ཚོགས་དང་། རྡོ་རྗེ་སེམས་མ་ཡེ་ཤེས་སུ་སྣང་བའི་ཚོགས་དང་། རྡོ་རྗེ་མེད་པའི་ཚོགས་དང་། ་རྡོ་རྗེ་སྙོམས་ལས་མེད་པའི་ཚོགས་དང་། རྡོ་རྗེ་སྒྱིད་ལུགས་མེད་པའི་ཚོགས་དང་། རྡོ་རྗེ་ཐེ་ཙོམ་མེད་པའི་སྒྲུབ་པའི་ཚོགས་དང་། རྡོ་རྗེ་གསང་བའི་མ་ཚོགས་དང་། རྡོ་རྗེ་རབ་ཏུ་དགྱེས་མོའི་ཚོགས་དང་། ་རྡོ་རྗེ་རོལ་མོའི་ཚོགས་དང་། རྡོ་རྗེ་རྣམ་པར་སྤྲོས་པའི་ཚོགས་དང་། རྡོ་རྗེ་རྒྱན་བཀོད་མོའི་ཚོགས་དང་། རྡོ་རྗེ་བརྟན་མོའི་ཚོགས་དང་། རྡོ་རྗེ་ནམ་མཁའ་ལ་རྒྱུབ་མོའི་ཚོགས་དང་། རྡོ་རྗེ་སྐྱོན་དག་པ་མོའི་ཚོགས་དང་། ་རྡོ་རྗེ་ཕྱོགས་འཛིན་པ་མོའི་ཚོགས་དང་། རྡོ་རྗེ་གདུལ་བ་ལ་དགོངས་པའི་ཚོགས་དང་། རྡོ་རྗེ་བརྟེན་པའི་མོ་ཚོགས་དང་། རྡོ་རྗེ་ཚིགས་མཚོན་པ་མོའི་ཚོགས་དང་། རྡོ་རྗེ་གབ་པ་མོའི་ཚོགས་དང་། རྡོ་རྗེ་སྦས་པ་མོའི ་ཚོགས་དང་། རྡོ་རྗེ་ཐུགས་འཛིན་པ་མོའི་ཚོགས་དང་། རྡོ་རྗེ་འབྱུང་བ་མོའི་ཚོགས་དང་། རྡོ་རྗེ་ཤེས་རབ་འཛིན་པ་མོའི་ཚོགས་དང་། རྡོ་རྗེ་བདེ་བའི་ཚོགས་དང་། རྡོ་རྗེ་རོལ་མོའི་ཚོགས་དང་། རྡོ་རྗེ་ཐུགས་ཀྱི ་ཡེ་ཤེས་འཛིན་པའི་ཚོགས་དང་། རྡོ་རྗེ་རང་སྣང་མོའི་ཚོགས་དང་། རྡོ་རྗེ་རང་འབྱུང་མོའི་ཚོགས་དང་། རྡོ་རྗེ་ཀུན་ཏུ་མང་པོའི་ཚོགས་དང་། རྡོ་རྗེ་ཤེས་རབ་ཀྱི་ཕ་མིག་དང་ལྡན་པའི་ཚོགས་དང་། རྡོ་རྗེ་ཀུན་བཟང ་ལོངས་སྤྱོད་གནས་པའི་ཚོགས་དང་། རྡོ་རྗེ་རྨོངས་པར་བྱེད་པ་མོའི་ཚོགས་དང་། རྡོ་རྗེ་ཤ་ཟ་མོའི་ཚོགས་དང་། རྡོ་རྗེ་ཁྲག་ཟ་མོའི་ཚོགས་དང་། རྡོ་རྗེ་ཚིལ་ཟ་བའི་ཚོགས་དང་། རྡོ་རྗེ་རྐང་ཟ་བའི་ཚོགས་དང་། རྡོ་རྗེ ་བསོད་ནམས་གཏེར་འཆང་བའི་ཚོགས་དང་། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་དང་ལྡན་པའི་ཚོགས་དང་། རྡོ་རྗེ་སྒྲ་མཐའ་ཡས་པའི་ཚོགས་དང་། རྡོ་རྗེ་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་དང་། རྡོ་རྗེ་ལྷུན་གྱིས་གྲུབ་པའི ་ཚོགས་དང་། རྡོ་རྗེ་སྤྲུལ་པ་མོའི་ཚོགས་དང་། རྡོ་རྗེ་ཆུ་ལས་འབྱུང་བའི་ཚོགས་དང་། རྡོ་རྗེ་རྟུན་བགས་ཅན་དང་། རྡོ་རྗེ་གདུག་པ་གཏོང་བ་སྦྲུལ་གྱི་ཆུན་པོ་ཅན་དང་། རྡོ་རྗེ་འཇིགས་པའི་མགོ་བརྒྱད་པ་དང་། རྡོ་རྗེ ་མགོ་སྣ་ཚོགས་པར་སྤྲུལ་པའི་ཚོགས་དང་། རྡོ་རྗེ་ལུས་སྟོང་ལ་མགོ་བཅུ་པ་དང་། རྡོ་རྗེ་ལུས་བརྒྱ་ལ་མགོ་གཅིག་པའི་ཚོགས་དང་། རྡོ་རྗེ་ལུས་སྣ་ཚོགས་དང་། རྡོ་རྗེ་ཡན་ལག་འབུམ་ཡོད་པ་དང་། རྡོ་རྗེ་དྲུག་པའི ་ལག་ཆ་སྣ་ཚོགས་ཐོགས་པ་དང་། རྡོ་རྗེ་ལུས་བརྒྱ་ལ་མགོ་སྟོང་ཡོད་པ་དང་། རྡོ་རྗེ་ལུས་ལྔ་བརྒྱ་ལ་མགོ་བརྒྱ་པ་དང་། རྡོ་རྗེ་ལུས་བཅུ་ལ་མགོ་གཅིག་པ་དང་། མགོ་བརྒྱད་པ་ལ་རྐང་པ་བརྒྱད་པ་དང་། མགོ་དགུ་པ ་ལ་རྐང་པ་གཅིག་པ་དང་། དེའི་འཁོར་གྱི་ཡང་སྦྲུལ་གྱི་ཕོ་ཉ་ནི། ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པོ་དང་ལོང་བརྒྱ་པ་སྦྲེལ་བ་དང་། ནག་པོ་མགོ་དགུ་པ་དང་། ཤར་གྱི་དཀར་མོ་སྤྱན་དུང་གི་ཁྱིལ་མོ་ཆེན་དང་། ལྷོའི་ནག ་མོ་སྦྲུལ་གྱི་ཞགས་པ་ཅན་དང་། ནུབ་ཀྱི་དམར་མོ་ཟངས་ཀྱི་མཆེ་བ་ཅན་དང་། བྱང་གི་སེར་མོ་དྲིལ་བུ་ཅན་དང་། འདི་རྣམས་ཀྱི་ཕོ་ཉ་མོ་ནི། ཤར་གྱི་རྡོ་རྗེ་སྡེར་མོ་དང་། ལྷོའི་ནག་མོ་དུང་གདུག་མ་དང་། ནུབ་ཀྱི ་དམར་སེར་མགོ་ཅན་དང་། བྱང་གི་སེར་མོ་ལས་ཀྱི་བདག་མོ་དང་། རྡོ་རྗེ་རུས་ཆེན་ཕྲེང་བ་ཅན་དང་། རྡོ་རྗེ་ཟངས་ཀྱི་ཕྲེང་བ་ཅན་དང་། རྡོ་རྗེ་ལྕགས་ཀྱི་ཕྲེང་བ་ཅན་དང་། རྡོ་རྗེ་རལ་གྲི་སོ་ཅན་དང་། རྡོ་རྗེ་ནམ ་མཁའི་གུང་གཅོད་མ་དང་། རྡོ་རྗེ་ཉི་མའི་ཟེར་ཞོན་མ་དང་། རྡོ་རྗེ་ཆུ་བོའི་གཞུང་འདྲལ་མ་དང་། རྡོ་རྗེ་རྒྱ་མཚོའི་གཏིང་སྐྲག་མ་དང་། འདི་རྣམས་ཀྱི་སྐུ་མདོག་ནི་སྣ་ཚོགས་པའོ།། ཕྱག་ན་མཚོན་ཆ་སྣ་ཚོགས་པའོ།། ་དྲག་བྱེད་བདག་པོས་སྒྲོལ་བར་བྱེད་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕོ་ཉའི་ལས་འདི་གསུངས་སོ།། ཨོཾ་ཧཱུཾ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡུད་ཙམ་གྱིས་ནི་ཀུན ་། འདུལ་ཞིང་།། ཡུད་ཙམ་གྱིས་ནི་ཕྱོགས་བཅུར་འཕྲོ།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་།། བསྐལ་པའི་འབྲུག་སྒྲ་ཆེན་པོ་ལྡིར།། མགོ་གསུམ་པ་ལ་ལྕགས་སྡེར་ཅན།། མི་ཤ་ཟ་ཞིང་བདུད་དཔུང་འཇོམས།། ་བལྟས་པས་བདུད་རྣམས་ཚིག་བྱེད་ཅིང་།། ཀླུ་ཡི་ཁྱིམ་རྣམས་རབ་ཏུ་འཇོམས།། རབ་ཏུ་མི་སྲུན་དག་དང་ནི།། འདི་ཡང་དཔལ་གྱི་ཕོ་ཉ་སྟེ།། ལས་རྣམས་ཐམས་ཅད་གྲུབ་པར་གྱིས། མཚན་དང་དཔེ་བྱད་གཉིས་ལས ་འཕྲོ།། མགྱོགས་པ་མགྱོགས་མའི་ཕོ་ཉར་ལྡན།། གློག་སྒྱུ་མ་དང་འདྲ་བར་གྲགས།། ཆོས་ཉིད་ཁྱབ་པས་མཚན་མ་དབྱིངས་སུ་སྡུད།། ཡེ་ཤེས་ཐུགས་རྗེ་འབྲེལ་བས་ཀུན་ལ་ཁྱབ། ཕྲིན་ལས་དྲ་བས་འགྲོ་བ་རླབས་ཀྱིས ་གྲོལ།། དེ་ཕྱིར་ལྷ་མོ་རིན་ཆེན་དྲི་བ་མ།། ཨོཾ་ཛ་ལ་བཛྲ་ཧཱུཾ། ཡེ་ཤེས་གློག་འགྲུས་མཚན་མ་དབྱིངས་སུ་གཅོད།། སྐད་ཅིག་ཐུགས་རྗེས་འཁོར་བ་དབྱེ་བསལ་བྱེད།། ཕྲིན་ལས་གློག་འགྱུར་འགྲོ་བ་ཡུད་ཀྱིས་སྒྲོལ།། དྲ ་བས་སྡུད་ལ་གློག་འགྱུ་མ་ཡིས་འདྲེན། བཛྲ་ཨ་མ་ཀ་ཧཱུཾ། འོད་ཟེར་དུད་ཀ་འཕྲོ་བ་ནི།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་།། སྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན།། ཀུན་ཀྱང་མགྱོགས་པར་རླུང་དང་མཚུངས།། མིག་གསུམ་པ ་ལ་ལྕགས་སྡེར་ཅན།། མགོ་གསུམ་པོ་ལ་རྐང་གསུམ་པ།། མང་དུ་ཟ་ཞིང་བདུད་ཁྱིམ་འཇོམས།། བལྟས་པས་བདུད་རྣམས་ཚིག་བྱེད་ཅིང་།། ཀླུ་ཡི་གནས་ཀྱང་ངེས་པར་འཇོམས།། འདི་རྣམས་ཁྲོ་བོའི་ཕོ་ཉ་སྟེ།། ཧ ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་།། གང་གིས་རླུང་ཕྱོགས་སོང་བ་ཡི། ཁྲོ་བོ་ཐམས་ཅད་ངེས་པར་འཇིགས།། ན་མོ་བྱི་ཙིར་བྱི། ཧ་ཧ་རུ་ལུ་ལུ་བྷྱོ། མགོ་བརྒྱད་པོ་ལ་རྐང་བརྒྱད་པོ།། ལག་པ་བརྒྱད་ལ་མིག་ཀྱང་བརྒྱད།། ལག ་པ་བརྒྱད་ནི་རྡོ་རྗེ་འཛིན།། རྟ་མགྲིན་གནས་ཀྱང་ངེས་པར་འཇོམས།། མགོ་དྲུག་པོ་ལ་རྐང་དྲུག་པོ།། ལག་པ་དྲུག་ནི་རྒྱ་དྲུག་གཅོད།། རྐང་པ་གསུམ་ནི་ཕུར་བུ་འདྲིལ།། གཡོན་པ་གསུམ་ནི་གཏོར་མ་སྦྱིན།། གང་ནས ་གང་དུ་འགྲོ་བའི་ཚེ།། རྐང་པ་ལྕགས་ཕུར་རབ་ཏུ་དྲུག། འོད་ཟེར་དུད་ཀས་རེག་པི་ནི།། ཚངས་པའི་གནས་ཀྱང་རབ་ཏུ་འཇིག། ལག་པ་གཡོན་པས་བསྐྱོད་པ་ནི།། ཕྲ་མེན་འཁོར་བཅས་རལ་པ་འབར།། ལྕགས་ཀྱུ ་དགྲ་སྟ་རབ་ཐོགས་ཤིང་།། ཞིང་ཆེན་ཡན་ལག་འཛིན་ཕྲ་འཕྲོ།། བྱང་གི་ཕྱོགས་ནས་འབྱུང་བ་ནི།། ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པོ།། ལྕགས་ཀྱི་ལུས་ལ་ཉི་མའི་མིག། སྤུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ།། བང་ནི་གློག ་བས་ངེས་པར་མགྱོགས།། སྐད་ནི་འབྲུག་པས་ཤིན་ཏུ་ཆེ།། རབ་ཏུ་མི་སྲུན་འདི་དག་ནི།། ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག། མགོ་དགུ་པོ་ལ་རྐང་གཅིག་པོ།། ལུས་ཀྱང་གནག་ལ་འོད་ཕྱུང་གནག། ཡན་ལག་གནག ་ལ་སྦྲུལ་གྱིས་བརྒྱན།། རལ་པ་གནག་ཅིང་མཆེ་བ་གནག། མིག་ཀྱང་གནག་ལ་ལག་གནག་པོ།། མགྱོགས་ཀྱང་རླུང་གིས་བསྐྱོད་དུ་མེད།། འདི་དག་ཕོ་ཉའི་མཆོག་ཡིན་པས།། ལས་རྣམས་ཐམས་ཅད་གྲུབ་པར་གྱིས།། ་ལོང་བ་བརྒྱ་བསྒྲིལ་ཕྱི་མ་ན།། ནད་མང་ཟ་ཞིང་རུ་ལུ་སྒྲོག། མིག་ཀྱང་མེད་ལ་ཅང་མི་སྨྲ།། ཡང་ན་ལག་པ་སྦྲེལ་ཏེ་འགྲོ། འདི་ཡང་ཁྲོ་བོའི་ཕོ་ཉ་སྟེ།། ལས་རྣམས་ཐམས་ཅད་འགྲུབ་པར་བྱེད།། ་ཤར་གྱི་ཕྱོགས་ནས་འགུགས་པ་ན།། དུང་གི་ཁྱི་མོ་ཆེན་མོ་ལ།། དུང་གི་བན་ལང་སྣ་ཁྲིད་ཅན།། དུང་གི་མི་མོ་ཆེན་མོས་ཞོན།། ལག་ན་ལྕགས་ཀྱུ་འབར་བ་ཟོགས།། ལྷོ་ཡི་ཕྱོགས་ནས་འགུགས་པ་ནི།། ་། ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པ།། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ།། ལྕགས་ཀྱི་མི་མོ་ཆེན་མོས་ཞོན།། ལག་ན་ཞགས་པ་སྒྲིལ་མ་ཐོགས།། ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི།། ཟངས་ཀྱི་ཁྱི་མོ་ཆེན་མོ་ལ།། ཟངས་ཀྱི ་། མི་མོ་ཆེན་མོས་ཞོན།། ལག་ན་ལྕགས་སྒྲོག་སྒྲིལ་ལ་ཐོགས།། བྱང་གི་ཕྱོགས་ནས་འགུགས་པ་ནི།། གསེར་གྱི་ཁྱི་མོ་ཆེན་པོ་ལ།། གསེར་གྱི་མི་མོ་ཆེན་མོས་ཞོན།། ལག་ན་རྡོ་རྗེ་ཕུར་བུ་འདྲིལ།། འདི་ཡང་དཔལ་གྱི་ཕོ ་ཉ་སྟེ།། ལས་རྣམས་ཐམས་ཅད་འགྲུབ་པར་གྱིས།། །། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཕོ་ཧ་སྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དབུས་སུ་འཁོར་ལོ་རྩིབས ་བཞི་པའི།། དབུས་སུ་བཅོམ་ལྡན་འདས་ཧེ་རུ་ཀའི།། རོལ་པ་སྐུ་མདོག་མཐིང་ནག་ལ།། དབུ་གསུམ་ཕྱག་དྲུག་པ་ཞིག་དགོད།། ཤར་དུ་རྡོ་རྗེ་ཏིལ་དམར་དགོད། ལྷོ་རུ་སྟག་གི་མགོ་ཅན་དགོད།། ནུབ་ཏུ་གཡག་གི་མགོ ་ཅན་དགོད། བྱང་དུ་སྦྲུལ་གྱི་མགོ་ཅན་དགོད།། དེའི་ཕྱི་རིམ་པདྨ་བརྒྱད་རིམ་པ་གསུམ་ལ། ཕོ་ཉ་སུམ་ཅུ་དགོད། འདབ་མ་གསུམ་ལ། ཕོ་ཉ་ཉི་ཤུ་རྩ་བཞི་དགོད། དེའི་ཕྱི་རིམ་སྣམ་བུ་ལ་ཕོ་ཉ་ལྔ་བཅུ་རྩ་བརྒྱད་དགོད ་དོ།། དེའི་ཕྱི་རིམ་སྣམ་བུ་ལ། ཡང་སྦྲུལ་གྱི་ཕོ་ཉ་གསུམ་དགོད་དོ།། དེའི་ཕྱི་རིམ་སྒོ་བཞིར། ཕོ་ཉ་ལས་བྱེད་བཞི་དགོད་དོ།། ཅི་བགྱི་དང་། བཀའི་ཕོ་ཉ་མ་དང་། བཀའི་ཕོ་ཉ་དང་། སྤྲུལ་པ་དང་། ཡང་སྤྲུལ་པ་དང་། ་འདི་རྣམས་ཡང་དག་པའི་དོན་དུ་ངེས་པར་བྱའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་གསང་བ་ཧེ་རུ་ཀའི་རོལ་པ་ལས་རྡོ་རྗེ་ཕོ་ཉའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལས་ཧེ་རུ་ཀའི་ལས་ཀྱི་བཟླས་པ་འདི་གསུངས་ཤིང་ཕྱུང་ངོ་།། བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་པ་སྤངས།། ཐུགས་རྗེས་སྤྲུལ་པས་འགྲོ་བ་མ་ལུས་སྒྲོལ།། ཡུལ་མེད་མ་སྐྱེས་བྱམས ་པའི་ཆོས་དབྱིངས་ལ།། འཛིན་པ་མི་རྟོག་སྙིང་རྗེ་ཞེན་ཆགས་ཁྲོ།། གཉིས་མེད་དགའ་ལས་ཕྲིན་ལས་སྙིང་རྗེ་སྙོམས།། དཔལ་ཆེན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་ལོ།། རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་བ་འདུལ།། ་བརྡ་ཅན་ཡང་དག་ལེན་པའི་དོན་གོ་ལ།། ལྷ་རྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ།། བཀའ་དོན་གཏན་ཚིགས་བརྗོད་པར་འོས་ཞེས་བྱ་བའི་དོན་ཏོ།། ལུས་གསུམ་ངག་གསུམ་སྦྱིན་དོན་གསུམ།། ལུང་གི་སྤྱི ་གཅོག་མན་ངག་རྡང་དུ་བྱ།། སྤྱི་ཁོག་བཅུ་བཞིས་དོན་གྱི་ཁོག་ཕུབ་ལ།། བཞི་བཅོམ་དྲུག་ལྡན་རྩིས་བགོས་ས་བཅད་དེ། ཁྲོ་བོ་རྟོག་པ་མཚན་མའི་གཉེར་གྱིས་གཤད། འདི་ནི་ཁྲག་འཐུང་ངམ་བརྗོད་རྒྱལ ་པོའི་ལུང་། ཞེས་ཚིག་ཉུང་ཞིང་མདོར་བསྡུས་ལ། དོན་མང་པོར་འབྱུང་བས་མདོ་སྡེ་ཞེས་བྱའོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། ལུང་གསུམ་གྱིས་སྣ་དྲངས་ཏེ་རྡེང་བྱའོ།། མན་ངག ་གསུམ་གྱིས་མཇུག་བསྡུས་ཏེ་བློ་ལ་བཞག་པའི་དོན་ཏོ།། སྤྱི་དོན་གསུམ་གྱིས་ལུང་ཐམས་ཅད་སྤྱི་གཅོད་དོ།། སྤྱི་ཁོག་བཅུ་བཞིས་དོན་གྱི་ཁོག་དབུབ་བོ། བདུད་བཞི་བཅོམ་པས་ཡོན་ཏན་ཀུན་ལ་སྣང་བའི་ཆེ་བ་སྒོམ ་མོ།། རྩིས་མགོ་དྲུག་གིས་གཅོད་དོ།། ཁྲོ་བོ་རྟོགས་པ་མཚན་མའི་གཉེར་གྱིས་བཤད་པས་ནི། གོལ་ས་དང་ནི་སྒྲིབ་པ་སྤང་ངོ་།། ཡོན་ཏན་ཀུན་རྔམ་པས་བརྗིད་པ་གཞན་ལ་སྣང་ཕྱིར་རྔམ་བརྗིད་ཆེན་པོ་སུམ་ཅུ་རྩ་དྲུག ་བསྟན་པའོ།། རྒྱལ་པོ་ཡིན་པའི་རྟགས་ནི། རིན་པོ་ཆེ་སྣ་བདུན་གྱིས་རྒྱལ་པོས་མི་མངའ་གསོལ་ལོ།། ལུང་གིས་སྤྱི་འདྲིལ་ཏེ་བཤད་དོ།། དེ་ལྟར་རྣམ་པར་བཅུར་ངེས་ནས།། ད་ནི་ཕྱི་བྱང་ངོ་བསྣན་ཏེ། གསེས་ནས ་བཤད་པ། དེ་ལ་ལུང་གསུམ་ནི།། ཞིག་གནས་མི་རྟོགས་དངོས་པོ་མཁས་ཁྱབ་འདྲ།། ལྷག་མཐོང་མ་རྨོངས་གཟའ་སྐར་མཁའ་ལ་བཀྲམ།། ཡུལ་གདོད་བཅས་དོན་དང་བསྟུན་ཏེ་འཚམ་པར་བཤད། ཏིང་ངེ་འཛིན ་ཤེས་རབ་བཀའ་ལུང་གསུམ་དུ་ངེས། དེ་ལ་མན་ངག་གསུམ་ན་བདག་ཏུ་མི་རྟོག་སྤྲུལ་པ་མཛོད་ནས་ཟོད། ཡུལ་དུ་མ་གྲུབ་གཞོན་མེད་མཛོད་དུ་གཤེགས།། ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག། ཉན ་ཐོས་རང་རྒྱལ་སེམས་ཙམ་སྤོང་མན་ངག་དེ་ལ་སྤྱི་དོན་སུམ་ནི། མེད་རྒྱུ་བདག་ཅག་སྒྲུབ་འགྲུབ་ལྟས་པར་སྣང་།། སྤྱོད་མཐུན་ཁྲོ་དྲག་བདུག་པའི་དཔལ་སོས་འདུལ།། རྟོག་འཇོམས་སྨན་རྫས་དངོས་ལེན ་དངོས་གྲུབ་རྒྱུ།། འདི་ནི་ཁྲོ་བོ་སྤྱི་ཡི་དོན་དུ་བཤད།། དེ་ལ་སྤྱི་ཁོག་བཅུ་བཞི་ནི།། གང་ཁྲོ་གང་ལ་ཅི་ཕྱིར་གང་གིས་ཁྲོ།། གང་ཁྲོ་རྣམ་པ་བཞིར་ནི་ཤེས་བྱ་སྟེ།། ངང་ཁྲོ་ཞུགས་ཁྲོ་ཁྲོ་བར་བཅས་དང་བཅོས།། རྟོགས ་པ་ཐུགས་རྗེ་རང་བཞིན་འདུལ་བའི་དབང་།། གང་ལ་སྙིང་རྗེས་ཁྲོས་ཏེ་ཡུལ་དང་གནས།། ལས་དང་འབྲས་བུ་སེམས་ཅན་སྒྲུབ་པ་པོ།། ལས་བཞི་སྒྲོལ་མཛད་འབྲས་བུ་སྐུ་གསུང་ཐུགས།། ཅི་ཕྱིར་རྒྱུ་དང་འབྲས་བུ ་གཉིས་ལ་ནི།། དུག་གསུམ་མི་སྤོང་ཤ་རུས་ཁྲག་ལ་རོལ།། གང་གི་རྒྱུ་ནི་ཧཱུཾ་དང་ཧེ་ཧེ་ཕཊ།། གནས་ན་ལྟ་འོག་མཁའ་སྟེ་ཡེ་ཤེས་ཐུགས།། སྐྱེད་ཐབས་ཆོ་འཕྲུལ་གསུམ་པོ་ཁྲོ་བོའི་སྐུ།། འབྲས་བུ་དཔལ་ཆེན་ཕྲ་མེན ་ཚོགས་ཀྱིས་སྐོར།། ཕྲ་མེན་ལས་དྲ་འགྲོ་བ་ཅིས་འདུལ་མཛད།། དེ་ལ་བདུད་བཞི་གཞོམ་པ་ནི་མཚམས་ལྔ་དྲུག་པོས་ལྷ་ཆེན་འདར་འགྱེལ་བརྫེས། བརྟུལ་ཤུགས་རོལ་པས་གདོངས་བཅས་ཕུང་པོ་བཤིག། དུག ་གསུམ་བརླག་ཕྱིར་ཤ་རུས་ཁྲག་ལ་ཟ།། རྣམ་ཤེས་འཆི་མེད་རྒྱལ་བའི་གནས་སུ་སྟོབ།། རྩིས་མགོ་དྲུག་ནི་དབང་དང་རབ་ཏུ་ལྡན་པ་དང་།། དཔལ་དང་གཟུགས་དང་དྲེགས་པ་དང་།། ཡེ་ཤེས་དང་ནི ་ནན་ཏན་དང་།། དྲུག་དང་ཡང་དག་ལྡན་ཕྱིར་རོ།། དེ་ལ་དང་པོ་ནི། ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི།། གཉིས་སྟོབས་ཡུམ་དང་འཇིགས་ཚུལ་སྐུའི་སྤྲུལ།། དྲན་མེད་ཐོད་པ་ཁམ་པོར་ཡང་དག་ལྡན་ཕྱིར་རོ།། ་བཞི་ནི། ཁ་ཏང་རྒྱལ་མཚན་ཆེ་དང་ལྷ་ཆེན་གནོན། དེ་ལ་དཔལ་དྲུག་ནི་བྱམས་པས་ཁྱབ་ལ་ཐུགས་དམིགས་ཀྱིས་བསྒྲལ། ཐུགས་རྗེས་འགྲོ་བ་ཐམས་ཅད་བུ་ལྟར་དགོངས།། སྨོན་ལམ་དབང་གིས་འཁོར་བར ་ཇི་སྲིད་བཞུགས།། གཞན་དོན་མཛད་པས་བདག་དོན་ལྷུན་གྱིས་གྲུབ།། ཡོངས་སུ་རྫོགས་པ་བདེ་བ་ཆེན་པོའི་དཔལ། ཁྲོ་རྒྱལ་ཁྲག་འཐུང་དཔལ་ཏེ། རྣམ་དྲུག་ཡིན་དེ་ལ་དཔལ་ཡོངས་སུ་རྫོགས་པ་བདེ་བ་ཆེན་པོའི ་དཔལ་ནི་བསམ་གྱིས་མི་ཁྱབ་པ་བཞི་སྟེ། དེ་ཡང་གང་ཞེ་ན། སྐུ་གསུམ་ས་གསུམ་སེམས་དཔའ་རྟོགས་དཀའ་བ། བཀའ་ཁྱབ་སྤྲིན་བདལ་ཆར་འབབ་པ་ཆུ་བོའི་རྒྱུན། ཏིང་འཛིན་བསམ་ཡས་པོ་དེས་ཐོགས་པ་དེ། ་བསམ་ཡས་བསམ་ཁྱབ་མཁའ་ལ་གཟའ་སྐར་གསལ་ལ། ཀླུ་མཐུ་གདུལ་ཕྱིར་ཀླུ་ལྔས་སྐུ་བརྒྱན་པ། མང་ཆེ་གསུམ་དབྱངས་དང་ཕོ་ཉའི་དབང་། དུག་ལྔ་གདོས་བྱ་ཅད་འདུ་བྱེད་རྒྱན་བྱས་པ། ཁྲག་སྦྲུལ་གཡང་བཞི ་ཁ་ཏར་དྲེགས་པ་འཇོམས། དེ་ལ་གཟུགས་རྣམ་པ་གཉིས་ནི། མི་མཐུན་ནུབ་པོའི་གཟུངས་འདྲ་ལ། ཨ་གོན་ལ་ནི་རྐང་ལག་གདབས། དྲང་སྲོང་ཁྲོས་པའི་ཆ་བྱད་ལ། ཤིན་ཏུ་འཁྲུང་ཞིང་སྐེམས་བག་བྲི། ་གནོད་སྦྱིན་སྙིང་བགས་མི་ཐུན་གཟུགས་དང་ནི། འདུལ་དབང་ཡི་དྭགས་སྲིན་པོ་དྲང་སྲོང་འདྲ། དེ་ལ་གྲེགས་པ་ནི། འབུ་ཏ་པོ་དེས་བསྟོད་དམ་སྲས་སྤུན་དགོངས། གཏི་མུག་གཡེངས་བསྟོད་ང་རྒྱལ་གནོན ་པར་གྲགས། དེ་ལ་ཡེ་ཤེས་ནི་རྣམ་དག་དབྱིངས་མཁྱེན་འཁོར་བའི་སྐྱོན་དང་བྲལ། འགྲོ་བའི་རྒྱུད་མཁྱེན་འཁོར་བའི་མཐའ་ལས་འདས། གཉིས་སུ་མེད་པར་མཁྱེན་པས་དབུ་མའི་ངང་།། མདོར་ན་ཐམས་ཅད ་། མཁྱེན་པའི་ཡེ་ཤེས་ཡིན།། དེ་ལ་ནན་ཏན་ནི་ནན་ཏན་སྙིང་པོ་ཟག་བཅས་འདུ། ཡོན་ཏན་འཕྲིན་ལས་འགྲོ་བ་གནས་ནས་འདོན། མ། བསམ་ཡས་ནན་ཏན་འགྲོ་བ་ཆུང་མི་གསོན།། ནན་ཏན་མཆོག་ཏུ་ཤེས་པར་བྱ།། ་ད་ནི་ལུང་རྣམས་པ་གསུམ་སྤྱིར་དྲིལ་ཏེ་བཤད་དོ།། དེ་ཡང་མི་འདའ་བ་རྒྱན་གྱི་ལུང་དང་། ཆེ་མཆོག་ཡོན་ཏན་གྱི་ལུང་དང་། ཡན་ལག་རྟོགས་ཀྱི་ལུང་གིས་བཤད་དོ།། དེ་ལ་མི་འདའ་བ་རྒྱན་གྱི་ལུང་ནི། གླང་ཆེན་འདུལ ་སྟོབས་ཐེག་པའི་རྒྱན་ཞེས་པ།། བདུད་འཇོམས་སྨན་རྫས་གྲུབ་དང་ལྟ་བའི་གཞུང་།། སྟག་ནི་དཔའ་བརྟུམ་ཟ་བྱེད་བརྒྱན་ཞེས་བྱ་བ། ཡེ་ཤེས་ཐུགས་རྗེའི་ཕྲིན་ལས་ངང་དུ་བསྟན། ལ་ནི་མཉེན་ལྕགས་ཕྲིན་ལས་རྒྱན ་། ཞེས་པ། འཇིགས་ཚུལ་གདུག་པ་གནོན་པ་འཁྱིལ་བའི་ཡུམ་གྱི་རྒྱན། ཐོད་ཕྲེང་དབང་སྒྲོལ་འཆད་པའི་རྒྱན་ཞེས་པའི། སྐུ་གསུམ་ཐེག་གསུམ་དུས་གསུམ་དབང་འཆད་སྒྲོལ།། གཡང་གཞི་ཚུལ་ཁྲིམས ་གོས་ཀྱིས་རྒྱན་ཞེས་པ།། བྱང་ཆུབ་སེམས་ཚུལ་དམ་ཁྲིམས་གོས་ཤེས་བྱ།། རག་ཏ་ཐུགས་རྗེ་བ་ཡི་རྒྱན་ཞེས་པ།། མི་རྟོག་དབྱིངས་ནས་ཐུགས་རྗེ་སྤྱན།། གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན་ཞེས་པ།། བཅུད་ཀྱི་ཐིག་ལེ ་དོན་དམ་ཀུན་ཏུ་འོད།། ཐལ་བའི་འདུལ་བྱེད་ཕྲིན་ལས་ཆགས་བརྒྱན་ཞེས་པ། ཡི་གེ་འཁོར་ལོས་མཚན་མ་ཐལ་བར་ཀློག། མེ་ནི་འབར་འཕྲོ་འདུ་སྲེག་ཀློང་དཀྱིལ་ཞེས། ཡེ་ཤེས་ཐུགས་རྗེ་དབྱིངས་འདུལ་འཕྲིན་ལས ་ཏེ།། ཟད་པར་བྱེད་པའི་མཐའ་ལས་འདས་དཀྱིལ་འཁོར་ཞེས་བྱ། མེ་སྒྲ་སྒྲ་ཆེན་ཐ་དད་སྒྲ་ཞེས་པ།། ཆོས་སྐུས་ཁྱབ་དང་ཏིང་ངེ་འཛིན་སྣ་ཚོགས་པ། རལ་པ་ཁམས་ནག་སྙིང་ནི་ཕྱེ་མ་ནི།། དེ་ནས་ཆོས་ཉིད ་དབང་དྲག་སྤྲུལ་པ་འཕྲོ།། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན་ཞེས་པ།། འདུལ་དབང་མཐའ་མེད་ཡོན་ཏན་དགོངས་པ་གཏིང་མི་དཔག་ཅེས་བྱའོ།། དེ་ལ་ཁྲག་འཐུང་ཞེས་བྱ་བའི་སྒྲ་ནི།། གོང་དུ་བཤད་པར་བྱ ་ཟད་དོ།། དེ་ལ་དཔལ་ཧེ་རུ་ཀའི་སྐུ་མདོག་དང་ཕྱག་མཚན་ཅིར་ཡང་མ་ངེས་པར་འབྱུང་སྟེ་གང་ལྟར་སྦྱར་ཡང་འགྲུབ་བོ་ཞེས་བཤད་དོ།། དེ་ཡང་མཚན་ཉིད་མེད་པའི་ཕྱག་རྒྱ་དང་། དེ་ལས་ངོས་བྱུང་ཕྱག་རྒྱ་རྣམས།། ་ངེས་པ་མེད་པས་དཔའ་བོས་བཤད།། མཁས་པས་བསྒོམས་ན་ཅི་དགར་འགྲུབ་ཅེས་འབྱུང་ངོ་།། འོ་ན་ཡང་འདི་ཡི་གནས་སྐབས་སུ། ཧེ་རུ་ཀ་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྐྲད་ཏེ། དེ་ཡང་ཡན ་ལག་རྟགས་ཀྱི་ལུང་གིས་བཤད་ན། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། མཛད་པ་རྟགས་ཀྱི་ཕྱག་རྒྱ་དང་གཉིས་སོ།། དེ་ལ་གྲུབ་པ་རྟགས་ཀྱི་ཕྱག་རྒྱ་ནི། དབུ་གསུམ་དུག་གསུམ་སྐུ་གསུམ་ཐུགས་ལྷུན་གྲུབ། ལྷ་སྤྱོད་རྣམ ་གསུམ་གྲུབ་པའི་རྟགས།། སྤྱན་དགུ་ས་གསུམ་སྐུ་གསུམ་ཡེ་ཤེས་གསུམ་སྟེ་དགུ། བསྐྱོད་མེད་ཐོབ་མེད་དམིགས་པ་ལས་འདས་པ།། རྟགས་ཆད་སྤྱན་གཉིས་མཐའ་སྤངས་དབུ་མའི་སྤྱན།། ཤངས་གསུམ་སྲོག་ལ ་མའ་མཛད་ཏིང་འཛིན་གསུམ།། དེ་བཞིན་ཉིད་དང་ཀུན་ཏུ་སྣང་ཞེས་བྱ།། སྐྲ་ཆེན་ཐ་དད་སྒྲ་སྟེ་ཆོས་སྐུ་ཏིང་འཛིན་སྙམ།། ཞལ་གསུམ་རྣམ་ཐར་སྒོ་གསུམ་ལྷན་གྱིས་གྲུབ།། ལྗགས་གསུམ་ཐེག་གསུམ་མཐར་ཕྱིན ་ཤེས་བྱའི་རྟགས།། མཆེ་བཞི་ཕྲིན་ལས་མཐར་ཕྱིན་ཞི་བའི་ཚུལ།། ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག་དྲུག་སྟེ།། ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་མཚན་དྲུག། ཞབས་བཞི་ལམ་བཞི་བགྲོད་པ་མེད་ཐོབ་པ།། དེ་ལ ་མཛད་པ་རྟགས་ཤེས་བྱ་བ་ནི། སྤྱན་དགུ་དུལ་བའི་བྱེ་བྲག་གཟིགས།། སྤྱན་གསུམ་སྲིད་གསུམ་འགྲོ་རྒྱུད་སོ་སོར་མཁྱེན།། ཤངས་གསུམ་ནས་བྱུང་སྤྲུལ་པས་སྟོང་གསུམ་འགྱེངས།། སྙན་དྲུག་འགྲོ་དྲུག་གནས་ནས་ཅི། ་། གསོལ་གསན།། དབུ་གསུམ་སྤྱན་གསུམ་མགོན་མཛད་སྐུ་གསུང་ཐུགས།། ཞལ་གསུམ་དབྱིངས་སུ་དུག་གསུམ་ཟད་པར་རྔུབ།། ལྗགས་གསུམ་ཐེག་གསུམ་བསྟན་པའི་གདངས་ངར་སྒྲོགས།། ཁམས་གསུམ ་ཉུག་བྱེད་རྡོ་རྗེ་སྲིན་མོ་ལྕེ།། མཆེ་བཞི་སྐྱེ་བཞི་རྩད་ནས་གཅོད་པར་མཛད།། ཕྱག་དྲུག་རྒྱུད་དྲུག་འཁོར་བ་གཏིང་ནས་འདོན།། ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད།། ཞབས་བཞིས་ཕྲིན་ལས་རྣམ་བཞིས ་གྲངས་མེད་སྒྲོལ།། ཡན་ལག་རྟགས་ཀྱི་ལུང་གིས་འདི་ལྟར་ཡང་བཤད་དེ།། རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི།། རང་བཞིན་མི་འགྱུར་ལས་ནི་འཇིགས་ཤིང་འཇོམས།། ཆོས་སྐུ་རྡོ་རྗེ་རྟོག་དང་བག་ཆགས་སྲེག། ཡེ ་ཤེས་ཡིན་ཕྱིར་དེ་ལ་དེ་སྐད་བྱ།། བན་དྷ་བཟོད་པའི་ཕ་རོལ་ཕྱིན་པ་ནི།། ཆོས་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན།། ཡེ་ཤེས་དབྱིངས་རྟོགས་ཞེ་སྡང་ཁྲག་འཐུང་ཐུགས་རྗེ་སྐྱེ།། མཐའ་གཉིས་སྐྱོན་ལ་མི་སྔགས ་བཟོད་པའི་མཆོག་ཁ་སྡང་སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི།། དུག་གསུམ་དགའ་བྱེད་གྲགས་པའི་ལྷ་བདུད་འཇོམས།། སྟོང་གསུམ་སྲིད་པ་སྤ་འདུལ་རྒྱལ་པོའི་རྟགས།། ཀུན་ལ་མངའ་མཛད་འཁོར་རྣམས་དབང་དུ་སྡུད།། ་ཞིང་ཆེན་སྨོན་ལམ་ཕ་རོལ་ཕྱིན་པ་ནི།། འབོད་པའི་གཡབ་མོས་འཁོར་རྣམས་དབང་དུ་སྡུད།། སྨིན་པ་ནི་ཟ་བས་མཁའ་འགྲོ་ཚིམ་པར་མཛད།། རྡེག་པའི་དབྱུག་ཏོས་གདོན་བཅས་ཕུང་པོ་བཤིག། རྟོག་པ་ཆོས ་ཉིད་དྲན་མེད་ཡེ་ཤེས་ལྔ་བཟུང་བ།། ཇི་ལྟར་སྨོན་ཅིང་འགྲུབ་པས་དེ་སྐད་བྱ།། ཟོང་གཤོལ་ཐབས་ཀྱི་ཕ་རོལ་ཕྱིན་པ་ནི།། ཉོན་མོངས་ཐེག་པ་ཐུགས་རྗེས་ཟློག་མཛད་ཅིང་།། ཡེ་ཤེས་ཆོས་དབྱིངས་མཐའ་དང་བྲལ ་བའི་རྟགས།། ཐབས་ཀྱིས་སྐུ་གསུམ་ལྷུན་གྲུབ་སྤྲུལ་པ་པོ།། རྔ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ།། ཡུལ་མེད་མ་སྐྱེས་ཆོས་སྐུ་རྔ་ཀོ་ལ།། འཛིན་པ་བདག་མེད་རིག་པའི་དབྱུག་གུས་བརྡུངས།། གསུང་རབ་རྔ ་བསྒྲགས་འགྲོ་ལ་ཤེས་རབ་སྐྱེད།། འཁོར་ལོ་བསམ་གཏན་ལྷག་པ་གསུམ་གྱི་མཚན།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་དང་ལྡན།། པདྨ་འདབ་སྐྱེས་མ་ཆགས་ཐུགས་རྗེས་སྤྱོད།། ཚུལ་ཁྲིམས་ཕ་རོལ་ཕྱིན ་པའི་ངང་དུ་བསྟན།། མི་ཟད་པར་ལྡན་སྦྱིན་པས་ཕ་རོལ་ཕྱིན།། རལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད།། རྩེ་གཅིག་ཏིང་འཛིན་གཉིས་ལས་བརྩོན་འགྲུས་མཛད།། དགྲ་སྟ་ཞགས་པ་ལ་སོགས་ཕྱག་མཚན ་རྣམས།། རང་གཉེར་ལས་ཀྱི་གདའ་ཙམ་ཆོས་སྒྲ་རྟོགས་པར་བསྟན།། དེ་ལ་འདི་མན་ཆད་ཆེ་མཆོག་ཡོན་ཏན་གྱི་ལུང་གིས་སྤྱིར་དྲིལ་ཏེ་བཤད་པ་ནི། ཡོན་ཏན་གྱི་བརྗིད་ལ། ཕྲིན་ལས་ཀྱི་རྔམ་སུམ་ཅུ་རྩ་དྲུག་བསྟན ་པ་ནི། དེ་ལ་སྐུའི་རྔམ་པ་བཞི་ལ། ནམ་མཁའི་རི་མོ་ཕྱག་རྒྱར་མཛད། ཟིལ་གྱིས་ཅིར་ཡང་འགྱུར་བཞི་བཞུགས་ཚུལ་རྔོམ། ཟིལ་གྱིས་གནོན་པའི་གདན་རྔོམ། ཚམ་ངམ་ཆེན་པོའི་སྟབས་རྔོམ་པ་དང་བཞིའོ།། དེ་ཡང ་ཀུན་རྫོབ་རང་བཞིན་མེད་པ་ལ། ནམ་མཁའ་སྤྲིན་གཞིའི་ཚུལ་དང་། ལྷ་དང་འཕགས་པ་དང་ཚངས་པ་དང་། སྨོན་ལམ་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང་། སྲིད་པའི་འཁོར་ལོ་ཟིལ་གྱིས ་གནོན་པ་དྲི་མེད་པདྨ་ཉི་ཟླ་འོད་ཡོན་ཏན་རྟོགས་ཏེ་གདན་ཁྲིའི་ཚུལ་དང་། སྟབས་ཆེན་བཅུའི་ཚུལ་དང་། རྣམ་པ་ནི་འོག་ནས་འཆད་དོ།། གསུང་གི་རྔམ་བཞི་ལ། རོ་ལྔ་འབྲེལ་བར་འབྱུང་བའི་ཞལ་རྔོམ། ཟླ་གམ་ཅིར ་ཡང་འགྱུར་བའི་ལྗགས་རྔོམ། སྐྱེ་ཤི་རྩ་བ་གཅོད་པའི་ཚེམ་རྔོམ། གསུང་སྒྲ་འབྲུག་ལྟར་སྒྲོགས་པའི་དབྱངས་རྔོམ་པའོ།། དེ་ཡང་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པ་ལྔའི་སྲེག་ཁང་དུ། རོ་རྣམ་པ་ལྔ་ཡིས་ཚིམ་ཞིང་མཆོད ་པས་འབྲེལ་པ་ལྔའི་ཚུལ་དང་། གསུང་དབྱངས་ཚུལ་འདུས་བྱས་དང་རང་བཞིན་ཟུང་མ་འདྲེས་པར་སྟོན་པའི་ཚུལ་དང་། མཆེ་བ་བཞིའི་ཡེ་ཤེས་བཞིའི་འཕྲོ་འདུས་དུག་བཞིས་གཅོད་པའི་ཚུལ་དང་། འབྲུག་ལྟར ་སྒྲོགས་པའི་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་བསྙེད་པའི་མདོ་སྡེས་གོ་བར་སྒྲོགས་ཤིང་ཟིལ་གྱིས་གནོན་པའི་ཚུལ་དང་རྣམ་པར་བཤད་དོ།། ཐུགས་ཀྱི་རྔོམ་པ་བཞི་ལ་ཏིང་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས ་ལྟར་རྔོམ། ཕྲིན་ལས་རྒྱ་མཚོ་རྒྱན་གྱི་རྦ་རླབས་ལྟར་རྔོམ། ཡོན་ཏན་རྒྱ་མཚོ་རྒྱན་གྱི་རྩི་ཤིང་ལྟར་རྔོམ། མཛད་པ་རོལ་མོ་རྒྱན་གྱི་གར་ཐབས་ལྟར་རྔོམ་པའོ།། དེ་ཡང་རྒྱན་ཆེན་པོ་བཞིའི་རང་བཞིན་དང་། ལྷག་མཐོང ་གི་རང་བཞིན་ལས་ལྷག་མཐོང་སྟེ། རྒྱན་མ་གཡོས་པར་སྣང་བའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་ལ་ཞི་གནས་ཀྱི་རྒྱུན་ཁྱབ་པར་འབྱུང་བའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་བཟོད་པ་ལས། ལྷག་མཐོང་གི ་རྒྱན་གྱིས་ཕན་འདོགས་པའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་མི་བཟད་མཐོང་གིས་ལས། ལྷག་མཐོང་གི་རྒྱན་གྱིས་ཅིར་ཡང་འགྱུར་བའི་དགའ་བ་སྐྱེད་པའི་ཚུལ་ལོ།། མཐུའི་རྔོམ་པ་བཞི་ལ་རུ་ཏྲ་བཅོམ་པའི ་གནས་རྔོམ། ལྷ་ཆེན་གནོན་པའི་གདན་རྔོམ། ཁམས་གསུམ་སྒྲོལ་བའི་ཞིང་རྔོམ། རྟོག་འཇོམས་སྤྱོད་པའི་བརྟུལ་ཤུགས་རྔོམ། དེ་ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཅིས་ཀྱང་མི་ཚུགས་པའི་ཚུལ་དང་། གནས་ཁྱད ་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཚུལ་དང་། ཞིང་ཁྱད་པར་ཅན་ཁམས་ཀྱི་སྒྲོལ་བའི་ཚུལ་དང་། སྤྱོད་པའི་ཁྱད་པར་ཅན་སྲིད་པའི་རྟོག་པ་དུས་གཅིག་ཏུ་བཅོམ་པའི་ཚུལ་ལོ།། རྔོམ་ཚུལ་སུམ་ཅུ་རྩ་གཅིག ་བཤད་དོ།། དེ་ལ་བརྗིད་ཆེན་པོ་ལ་སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚེམས་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོ་བར་བརྗིད་ཆེ། ཁྱད་བཞུགས་ཡིད་དང་འཐད་པས་བརྗིད་ཆེ་བ ་སྟེ། བཞིའོ།། དེ་ཡང་ཆོས་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས། ཐུགས་རྗེ་དང་མཉམ་པར་འབྱུང་བའི་སྒོ་ནས། སྦྲུལ་རབས། སེམས་འདུ་བྱེད་དང་མཉམ་པའི་སྒོ་ནས་གྲལ་པ་གྲངས་མང་ཡང་། སྨོན་ལམ་གྱི ་། སྒོ་ནས་རིགས་དང་མཐུན་པའི་སྐྱེད་དུ་འཚམ། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་ནང་ནས་གཙོ་བོར་མཐོང་། རང་བཞིན་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད ་དང་འཐད། གསུང་གི་བརྗིད་བཞི་ལ། གང་ཚེ་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་ཆེ། བདག་ལ་ཆེར་སྟོན་སྙམ་པས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་ཆེ། དེ་ཡང ་ཆོས་སྐུས་ཁྱབ་པའི་སྒོ་ནས་སྒྲ་ཆེ། སྐྲ་ཐ་དད་ཀྱི་སྒོ་ནས་སྟོང་གསུམ་གང་། སྐྲ་དབྱིངས་སྒོ་ནས་ཀུན་གྱིས་གོ་བས་མྱུར། ཉེ་བར་སྒྱུར་བའི་ཐེ་ཚོམ་གཅོད། བྱམས་པའི་སྒོ་ནས་བདག་ལ་གཟིགས། ཐུགས་རྗེའི་སྒོ་ནས ་ཉེ་ཆར་སྟོན། ཤེས་པའི་བྱེ་བྲག་གི་སྒོ་ནས་ཁྱད་ཞུགས། ཚིག་གི་ཡོན་ཏན་གྱི་སྒོ་ནས་ཀུན་འདུལ། ཐུགས་ཀྱི་བརྗིད་བཞི་ལ། ཡངས་པ་རེ་དོགས་མེད་པ་བརྗིད་ཆེ། གསལ་བས་མཐའ་གཉིས་སྤངས་པ་བརྗིད་ཆེ།། ་ཐུགས་རྗེ་ཐུགས་དམ་མཐར་ཕྱིན་པས་བརྗིད་ཆེ། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད་ཆེའོ།། དེ་ཡང་གཉིས་སུ་མེད་པའི་སྒོ་ནས་ཡངས། སྤང་བླང་མེད་པའི་སྒོ་ནས་རེ་དོགས་མེད། ལྷག་མཐོང་གི་སྒོ་ནས་དབུ ་མར་གསལ། ཞི་གནས་ཀྱི་སྒོ་ནས་མི་འགྱུར་བས་མཐའ་གཉིས་སྤངས། མཛད་པ་རྒྱུན་མི་འཆད་པའི་སྒོ་ནས་ཐུགས་རྗེ་ཆེ། འཁོར་བ་ཇི་སྲིད་བཞུགས་པའི་སྒོ་ནས་ཐུགས་དམ་མཐར་འབྱིན། ཤེས་རབ་ཀྱི་སྒོ་ནས ་རྨོངས་པ་སེལ། ཏིང་ངེ་འཛིན་གྱི་སྒོ་ནས་ཐབས་ཀྱིས་འདུལ། ཡོན་ཏན་གྱི་བརྗིད་བཞི་ལ། མེད་པ་ཟད་མི་ཤེས་པས་བརྗིད་ཆེ། གཅིག་འདོད་པ་དགུར་སྟོན་པས་བརྗིད་ཆེ། གནོད་སྦྱིན་ཕན་པར་འདོད་པས་བརྗིད ་ཆེཚེ། ཐབས་མཁས་སྐྱོན་གྱིས་མི་གོས་བརྗིད་ཆེའོ།། དེ་ཡང་བདག་ཏུ་མི་འཛིན་པའི་སྒོ་ནས་མེད། གཅིག་འདོད་པ་མེད་པའི་སྒོ་ནས་ཟད་མི་ཤེས། ཡེ་ཤེས་ཀྱི་སྒོ་ནས་གཅིག། སེམས་ཀྱི་སྒོ་ནས་གཅིག། སེམས་ཀྱི་སྒོ ་ནས་འདོད་མགུར་སྟོན། སེམས་ཅན་གྱི་སྒོ་ནས་གནོད་པར་སྤྱོད། འགྲུབ་པར་རྒྱུ་བའི་སྒོ་ནས་ཕན་པར་བརྗོད། ཤེས་བྱའི་སྒོ་ནས་ཐབས་མཁས། ཤེས་བྱའི་སྒོ་ནས་སྐྱོན་གྱིས་མ་གོས། ཕྲིན་ལས་ཀྱི་བརྗིད་བཞི་ལས། ་མི་མཉེལ་ཉམ་ཟག་རོལ་པས་བརྗིད་ཆེ། འཁོར་བར་ཡུན་རིང་མི་མཉམ་བརྗིད་ཆེ། མགོན་སྐྱབས་རྒྱུན་དུ་མཛེས་པས་བརྗིད་ཆེ། དགོངས་པའི་དོན་རྣམས་མཛད་པས་བརྗིད་ཆེའོ།། དེ་ཡང་མར་གྱུར་པའི་སྒོ་ནས་མི ་གཉེ། རང་བཞིན་གཅིག་པའི་སྒོ་ནས་ཕག་ཏུ་རོལ། དོན་མཛད་པའི་སྒོ་ནས་འཁོར་བར་ཡུན་རིང་པོར་བཞུགས། བྱ་བ་མེད་པའི་སྒོ་ནས་མི་མཉེལ། མཐུའི་སྒོ་ནས་མགོན་སྐྱབས་ཆེ། དམ་བཅས་པའི་སྒོ་ནས་འགྲོ ་དོན་རྒྱན་དུ་མཛད། རྩེ་གཅིག་གི་སྒོ་ནས་མཐའ་གཉིས་ཀྱི་སྐྱོན་དགོངས། ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ། བརྗིད་ཉི་ཤུ་དང་བཞི་བཅུ་སྟེ། སྤྱིར་དྲུག་ཅུའོ།། །། དེ་ལ་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེའི ་། དབང་བཅུས་སྐྱེ་བ་བཞི་ལ་དབང་བསྐུར་རོ།། བཙུན་མོ་རིན་པོ་ཆེས་ནི་ཡུམ་གྱི་རྒྱལ་པོ་མཉེས་པར་འབུལ་ལོ།། དམག་མི་རིན་པོ་ཆེས་ཚུལ་དབུས་ཕ་རོལ་གྱི་དཔུང་འཇོམས་སོ།། ཁྱིམ་བདག་རིན་པོ་ཆེས ་ནི་ཚད་མེད་པ་བཞིས་རྒྱལ་བའི་ཆབ་འཛིན་ཏོ།། གླང་པོ་རིན་པོ་ཆེས་སྟོབས་བཅུས་ཕ་རོལ་བདག་དང་གཞན་གྱི་དོན་བྱེད་དོ།། རྟ་རིན་པོ་ཆེ་མྱུར་མགྱོགས་རྫུ་འཕྲུལ་གྱི་རྐང་པ་བཞིས་བགྲོད་པའི་གནས་སུ་སླེབ་པར ་བྱེད་དོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་རེ་འདོད་སྐོང་ངོ་།། ལུང་རྣམ་པ་གསུམ་ནི་མི་འདའ་བ་རྒྱན་གྱི་ལུང་ལ་སོགས་པ་གོང་དུ་རྩིས་འགྲོ་ཕྱིར་སྦྱར་བར་ཟད། དེ་ནས ་འཁོར་ལོ་རིན་པོ་ཆེའི་དབང་བཅུ་ནི། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་གྲོལ་མཛད་པ།། ལྷ་མི་སྡིག་སྦྲུལ་མཆེ་བ་བཞི་རུ་སྟོན།། ཡོ་བྱད་སྲིད་པའི་འདོད་ཡོན་ལྔ་དང་ནི།། ཇི་ལྟར་མོས་བཞིན་ཚུལ་དགུའི་གཟུགས་སྟོན་པ།། ་གར་དབང་འཐད་དགའི་ཚུལ་དུ་རོལ་པ་མཛད།། རྫུ་འཕྲུལ་སྐུའི་དབྱིངས་ནས་འཕྲ་མེན་འཕྲོ།། ལུས་ནི་ཅི་རྫུ་སེམས་ནི་ཆོ་འཕྲུལ་སྟོན།། གད་རྒྱངས་གདངས་དང་སྒྲོགས་པ་སྣ་ཚོགས་ཀྱིས།། མཆེ་བ་ཟིལ་གནོན་ཐ ་ད་ཆོས་རྣམས་སྟོན།། ཤེས་རབ་ཐབས་ལྡན་སྤྱན་གཉིས་དབུ་མའི་ངང་།། དབྱིངས་ལས་མ་གཡོས་ཅིར་ཡང་ས་ལེ་མཁྱེན།། སེམས་ཀྱི་བྱེ་བྲག་ཏིང་འཛིན་ཐ་དད་འཕྲོ།། བསམ་གྱིས་མི་ཁྱབ་བཅུ་ལ་རོལ་པ་མཛད།། ་རྡོ་རྗེ་སྡེར་ལྤགས་པ་སྤུ་ཕྲེང་བ་བརྒྱན།། འཁོར་བ་ཇི་སྲིད་བཞུགས་པའི་ཚེ་ལ་དབང་།། ལྟ་བ་རྣམ་བཞི་སྤྱན་ཟུར་གྱིས་སྐུལ་བས།། ཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད།། སྨོན་ལམ་གྱིས་དྲངས་དྲག་པོའི ་སྐུར་སྟོན་པ།། དུས་མཐའི་བསྐལ་པ་གཞོན་དུ་གཞོལ་དུ་མེད།། དེ་ལ་བཙུན་མོ་རིན་པོ་ཆེའི་དབང་ནི།། མ་ཆགས་རྡོ་རྗེ་གཟུགས་ཀྱི་ཡུམ་གྱིས་འཁྱུད།། ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར།། ཐོགས་མེད ་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱོད།། ལྷག་མཐོང་ཡེ་ཤེས་ཡུམ་གྱིས་གཉིས་བྱ་འབེབས།། འབྱུང་བ་བཞི་པོ་རྡོ་རྗེ་ལྷ་མོ་སྟེ།། བདེ་བ་ཆེན་པོའི་སྐུ་ལ་མཉེས་པར་འབུལ།། དམག་མི་རིན་པོ་ཆེའི་ཚུལ་དགུ་ནི།། ་དྲེགས་པས་འགྲོ་བ་ཤེས་རབ་སྐྱེད་པའི་ཡུལ།། ཉམ་པ་མེད་པའི་མཛད་སྤྱོད་དཔའ་བོའི་ཚུལ།། གདུག་རྩུབ་གདོས་བཅས་བརྒྱན་པས་འཇིགས་པའི་ཚུལ།། ལོག་པར་ལྟ་བ་ཞེ་གཅོད་གཤེ་བའི་ཚུལ།། རྨད་དུ་བྱུང ་བའི་ཆོས་སྒྲོག་བཤད་པའི་ཚུལ།། ཤིན་ཏུ་གདུལ་དཀའ་ལ་ཁྲོ་སྙིང་རྗེའི་ཚུལ།། སྨོན་ལམ་དབང་གིས་མི་ཤོལ་རྔམ་པའི་ཚུལ།། ཉོན་མོངས་གྲུབ་པའི་རྒྱུར་མཛད་ངོ་མཚར་ཚུལ། ཁྲོ་དྲུག་གཡངས་ནས་མི་གཡོ་ཞི་བའི ་ཚུལ།། དེ་ལ་ཁྱབ་བདག་རིན་པོ་ཆེའི་ཚད་མེད་པ་བཞི་ནི། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་།། བསོད་ཆེན་སྙིང་རྗེ་བདག་ཉིད་ཆེ།། བསྒྲལ་ཞི་སྟབས་པ་དག་གི་མཆོག། ཡལ་བར་མི་འདོར་བཏང་སྙོམས་སོ།། དེ ་ལ་གླང་པོ་རིན་ཆེན་སྟོབས་བཅུ་ནི།། ཐུགས་རྗེའི་སྟོབས་བཅུ་གྲགས་ཆེན་སྙེངས་ཕྱིར་གནོན།། ཆོས་ཉིད་སྟོབས་ནི་མི་འཇིགས་ནམ་མཁའི་མདོག། མི་འབྱེད་སྟོབས་ནི་དངོས་གྲུབ་བདུད་རྩིའི་རྒྱུན།། མ ་སྤངས་སྟོབས་ནི་འདོད་ཅིས་སྐུ་ལ་བརྒྱན།། མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱན།། སྨོན་ལམ་སྟོབས་ནི་སྐལ་པར་ཡོ་སྒྲོལ་མཛད།། སྤྲུལ་པའི་སྟོབས་ནི་མགོ་བརྙན་ཕྲ་མེན་འཕྲོ།། ཕྲག་དོག་ལོག་ལྟ་འཁོར ་བར་གཅིག་མི་གཏོང་།། འདོད་ཆགས་ཡུད་ཙམ་འཕྲལ་འདོད་སྤྱོད་ཟློག་དམར།། རྟ་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཆོས་དབྱིངས་མེད་བཞིན་ཅིར་སྣང་བ།། མཁའ་ལ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲ། ་ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་རྟོགས་པ།། མཁའ་ལ་ཉི་ཤར་བཞིན་དུ་གསལ་ལ་སྟོང་།། ཚོགས་གཉིས་ཆོ་འཕྲུལ་བྱེ་བྲག་ནི།། མཁའ་དང་མཉམ་པའི་སྤྲིན་ཕུང་བཞིན་དུ་བདལ།། སྤྲུལ་པའི་བྱེ་བྲག་འཕྲོ་བ་ཡི།། ་རོ་ལ་ཅིག་ཅར་འབབ་པ་སྣོད་ཀྱི་བྱེ་བྲག་ཕྱེ།། དེ་ལ་ནོར་བུ་རིན་པོ་ཆེའི་རང་བཞིན་ནི།། གྲོགས་རྣམས་ཇི་ལྟར་འདོད་སྐོང་མི་ཟད་བདག་ཉིད་གཏེར་ཆེན་ནམ་མཁའི་མདོག། སྲིད་གསུམ་མུན་ནག་སེལ་བའི་ཡེ་ཤེས ་སྒྲོན།། དུས་གསུམ་རྒྱུན་མི་འཆད་པའི་རིན་ཆེན་ཕྲེང་།། ལུང་གསུམ་ནི་རྩིས་འགྲོ་སྤྲིན་སྦྱར་བ་ཡིན། ད་ནི་ལྷ་རྒྱུད་ཀྱི་རྟོགས་པ་སོ་སོར་བཤད་པ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ།། ཤེས་རབ ་ནམ་མཁའི་སྐལ་པས་གར་དགུར་སྟོན།། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ།། གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ། ཡེ་ཤེས་རྡོ་རྗེས་ཉོན་མོངས་རྡོ་རྗེ་འཇོམས།། ཐབས་འཛིན་མཚོན་ཆའི་སྐལ་བས་དངོས་པོ ་བཤིག། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ།། ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ། རིན་ཆེན་དབྱིག་ལྟར་རེ་བ་ཀུན་སྐོང་ཞིང་།། བདག་མེད་ཞི་གནས་ཆུ་ཡི་སྐལ་པས་འཁྲུ།། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད ་པ།། ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ། འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུངས་ཤིང་།། ལྷག་མཐོང་མེ་ཆེན་འབར་བས་ཐམས་ཅད་སྲེག། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ།། འདོད་ཆགས་རྡོ་རྗེ ་པདྨ་ཧེ་རུ་ཀ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་།། ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ།། ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ། སྐུ་ཡི་ལོངས་སྤྱོད ་སྣ་ཚོགས་མི་དམིགས་ཤིང་།། ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག། ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་ཅིང་།། ཆོས་དབྱིངས་ནམ་མཁའི་དབང་སྐུར་ཁྲོ་མོའི་རྒྱལ།། ཐུགས་ཀྱི་ལོངས་སྤྱོད་སྣ ་ཚོགས་མི་དམིགས་ཤིང་།། བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག། རྟོག་པ་རེག་བྱའི་མཆོད་པས་མཉེས་མཛད་ཅིང་།། སྲ་བརྟན་རྡོ་རྗེ་དབང་སྐུར་ཁྲོ་མོ་རྒྱལ།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས ་ཤིང་།། ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག། གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་ཅིང་།། ལྷག་མཐོང་ཡེ་ཤེས་དབང་སྐུར་ཁྲོ་མོ་རྒྱལ། ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས ་ཤིང་།། སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག། ངར་འཛིན་བྲོ་མཆོག་འཆོས་པས་མཉེས་མཛོད་ཅིག། བདག་མེད་ཞི་གནས་དབང་སྐུར་ཁྲོ་མོ་རྒྱལ།། ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། བཟོད ་པས་མཐར་ཕྱིན་ཕྲག་དོག་རྣམ་པར་དག། ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་ཅིང་།། ཐོགས་མེད་ལས་ལ་དབང་སྐུར་ཁྲོ་མོ་རྒྱལ།། ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས།། འགུགས་མཛད ་ཡེ་ཤེས་ལྔ་ཡི་དབྱུག་ཏོ་ཅན།། དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས།། སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་ཀེ་རི་མ།། སྐུ་ཡི་ཡོན་ཏན་ཚོགས་སྡུད་ཀུན་མོའི་ཚོགས།། མཐུ་འཕྲོག་ཞི་གནས་ལྷག་མཐོང ་ཟུང་དུ་འབྲེལ།། བདེན་གཉིས་ལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས།། དམ་ཚིག་དབྱིངས་མཆོག་སྤྲུལ་བྱེད་ཙེའུ་རི་མ། གསུང་གི་ཐམས་ཅད་ཟིལ་གནོན་རྨོངས་མའི་ཚོགས།། དབང་མཛད་མཐའ་གཉིས་མི་སྤོང་ཆུ་སྲིན ་ཅན།། མི་གནས་རྒྱལ་མཚན་འཛིན་ཅིང་མོས་པ་ལྟར།། སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧ།། ཐལ་བར་བྱེད་པས་ཐལ་བྱེད་མ་ཡི་ཚོགས།། ཀུན་གྱི་དངོས་གྲུབ་རྡོ་རྗེ་རྩེ་དགུ་འཛིན།། ས་དགུ་རྟོགས་འཇོམས ་ཤི་བ་སློང་བར་གཟིགས།། འཇིག་རྟེན་ཐལ་བྱེད་རྔ་ཐོགས་བེ་ཏ་ལི།། འབྱེད་མེད་ཤེས་རབ་མི་རྟོགས་ལྦོས་མའི་ཚོགས།། འཁོར་བའི་རྒྱུད་འཛིན་འཆིང་ཞིང་དབང་འདྲེན་ལས། ཁྱོད་ཀྱིས་གར་གཟིགས་ཆུ་རྒྱུན ་ཐུགས་རྗེས་སྒྲོལ།། བདེ་མཆོག་དབྱིངས་སུ་འདྲེན་མཛད་པུ་ཀ་སི།། ཞེ་སྡང་ཚུལ་གྱིས་དོན་མཛད་གཏུམ་མོའི་ཚོགས།། མོས་མཛད་དབྱིངས་དང་ཡེ་ཤེས་གཉིས་མེད་པའི།། ཐུགས་རྗེས་དཀྲུག་ཅིང་རོ་ཟའི་ཚུལ་དུ ་གཟིགས།། སྣོད་བཅུད་དཀྲུགས་ནས་སྐོངས་མཛད་གྷསྨ་རི།། ཆགས་པའི་ཚུལ་གྱིས་དོན་མཛད་སྨེ་ཤ་ཅན།། མ་ནིང་རྒྱུད་འཛིན་གཟུང་འཛིན་བྲལ་བའི་རྟགས།། མཐའ་གཉིས་སྤངས་པས་རྣམ་པར་གཡེངས་ཚུལ ་གཟིགས།། འབར་མ་སྟོང་གསུམ་སྟོབས་བྱེད་ཙན་ད་ལི།། ཐམས་ཅད་འབྱུང་བའི་ལྷུན་འགྱུར་མ་ཚོགས་མ།། ཀུན་གྱི་ལས་མཛད་ཆོས་སྐུ་སྙིང་པོ་འཛིན།། ཀུན་ལ་རོལ་པས་གཟིགས་ཚུལ་ཀུན་དང་ལྡན།། ཐུགས ་རྗེས་འཇིག་རྟེན་སྒྲོལ་མཛད་སྨེ་ཤ་ནི།། འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ།། གཉེན་པོ་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན།། ཤེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོན།། སྡུག་བསྔལ་ཞེ ་སྡང་གསོད་བྱེད་སིང་ངམ།། དཔའ་རྟུལ་ཟ་བྱེད་ཡེ་ཤེས་ཐུགས་རྗེ་ལས།། བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་དུ།། ཐུགས་རྗེ་ཡེ་ཤེས་རྩེ་གཅིག་སོ་སོར་གཟིགས།། ང་རྒྱལ་འཆི་བདག་འཇོམས་མཛད་བྱ ་ཁྱིམ།། མཛེས་བྱེད་དམ་ཚིག་རྣམ་དག་གསུམ་གྱི་ཡུམ།། ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད།། དོན་གྱི་ཆོས་སྐུ་ཏིང་འཛིན་ལྕགས་ལ་གཏར།། འདོད་ཆགས་དུར་ཁྲོད་འཇོམས་མཛད ་སྲི་ཀ་མ།། མི་བྱེད་སྤྱོད་པས་མཆོག་གྲུབ་རིགས་ཀྱི་ཡུམ།། གཡེར་བའི་འཕྲིན་ལས་འགྲོ་ལ་ཐུགས་རྗེས་བཟུང་།། ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས།། ཕྲག་དོག་ལས་གྲུབ་ཟ་བྱེད་ཤོ་ན་མ།། ཡིད་ཀྱི་ཡེ་ཤེས ་སོ་སོ་ཀུན་ལ་རྟོགས།། རྣམ་ཤེས་ཀྱིས་བསད་གོད་འབྲང་ཚུལ་ཁྲིམས་བསྲུང་།། འཁོར་བའི་རྒྱུན་གཅོད་རྒྱུད་འཛིན་མ།། མགྱོགས་མས་སྙགས་བྱེད་ཁྲག་འཐུང་ཤོ་ན་མ།། རྣམ་ཤེས་མཉམ་ཉིད་ཡིད་འགྲོགས་མཚན ་མ་འཇོམས།། གསད་པའི་གོད་རྣམས་སྦྱིན་པའི་ཕ་རོལ་ཕྱིན།། མཐའ་འདས་ཆོས་སྐུ་གཟུགས་འཛིན་སྤང་ཚུལ་བཟུང་།། འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀྲི་ཏ་མ།། བསླད་པས་མི་འགྱུར་བཀྲུས་པ་མེད་དག་ཅིང་།། ་མི་མཐུན་གཉེན་པོས་མི་ཤིགས་བཟོད་པའི་མཆོག། ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ནས་ཐོགས།། ཡོན་ཏན་ཡིད་བཞིན་བདག་ཉིད་ཀང་ཀ་མ།། དབྱིངས་ལ་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས།། གཉིས་ལ་མི ་གནས་ཤེས་རབ་ཕ་རོལ་ཕྱིན།། དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས།། མཐའ་གཉིས་སྤངས་པའི་རྔམ་ཚུལ་ཧུ་ལུ་ཀ། བཅུ་དྲུག་ཞག་གིས་ཟླ་བའི་དཀྱིལ་འཁོར་རྫོགས།། དཔལ་ཆེན་བཅུ་དྲུག་ས་ལ་ལྷུན ་གྱིས་གྲུབ།། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་སྐུ།། ཐོག་མ་མེད་ཅིང་ཡོན་ཏན་ཟླ་བ་མེད།། སྦྱིན་པས་རིག་པའི་ཀློང་དུ་མཚོ་དྲང་ལྟར།། འཁོར་བས་འཇིགས་ནས་ཐུགས་རྗེས་ལྕགས་ཀྱུས་འདྲེན།། ་དཔའ་བར་འགྲོ་བའི་ཏིང་འཛིན་དོན་མཛད་པ།། ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ།། དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད།། བྱམས་པའི་ཞགས་པས་འཁོར་བ་རྒྱུད་འཛིན་ཅིང་།། རིན་ཆེན ་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང་།། ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ།། གཞན་གྱི་དོན་དུ་སྤྱོད་པས་བདག་གི་དོན།། ཤེས་རབ་སྒྲོན་མས་མུན་པའི་སྡུག་བསྔལ་སེལ།། དོན་ཉིད་མི་འདའ་ལྷུན་གྲུབ ་དགའ་བའི་མཆོག། ཀུན་མཉེས་མ་རིག་ནུབ་མཛད་ཉི་ཟླའི་སྤྱན།། སྙན་པར་སྨྲ་བས་ཀུན་ཀྱང་དེ་བཞིན་བྱེད།། བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་དུ།། ཕབ་ནས་རྣམ་ཤེས་ཐལ་བའི་གཟུགས་ཀྱང ་འཇོ།། ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་འཁྲོལ་མ།། ད་ནི་སྲིན་མོའི་རྒྱུད་བཤད་དེ།། བཅོ་བརྒྱད་སྤྱན་གྱིས་བཅོ་བརྒྱད་ཁམས་ལ་གཟིགས།། བཅོ་བརྒྱད་ཤངས་ནས་བཅོ་བརྒྱད་སྤྲུལ་པ་འབྱུང་།། བཅོ་བརྒྱད ་ཁམས་ལ་བཅོ་བརྒྱད་སྐུར་སྟོན་ཅིང་།། བཅོ་བརྒྱད་ཐུགས་ཀྱིས་བཅོ་བརྒྱད་འདུལ་ཐབས་མང་།། བཅོ་བརྒྱད་སྙན་གྱིས་བཅོ་བརྒྱད་ཁམས་གསན་ཅིང་།། བཅོ་བརྒྱད་ལྗགས་ཀྱིས་གསུང་རབ་བཅོ་བརྒྱད་འཆད།། རྐུ ་།། མཚོ་བརྒྱད་ཀྱིས་དགོངས་པ་བསམ་མི་ཁྱབ།། ས་དགུར་ཐུགས་རྗེས་དོན་མཛད་དབུ་དགུ་ལྡན།། བརྗིད་གཞོན་ཞབས་བརྒྱད་ཕྱོགས་བརྒྱད་ལྷ་བརྒྱད་གནོན།། ཇི་ལྟར་རོལ་ཡང་སྤྱན་དགུར་དབྱིབས་མི ་གཡོ།། འདུལ་བའི་དབང་བསྐུར་བ་ཡི་ཚུལ་སྟོན་ཅིང་།། རྡོ་རྗེ་སྲིན་པོས་ཅི་འདུལ་ཡིད་བཞིན་རྫོགས།། རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་།། སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས།། རལ ་བསིགས་སྤྲུལ་པས་འགྲོ་དོན་རྩེ་གཅིག་རོལ།། བཅོ་བརྒྱད་སྟོང་ལས་མཉེས་མཛད་ཙ་ཏ་མ།། བརྗིད་པའི་སྟབས་ཀྱིས་ཀླུ་རྣམས་ཟིལ་གནོན་ཅིང་།། ཕྲ་མའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ།། འབད་པ་མེད་པའི ་བརྩོན་འགྲུས་ཤུགས་དང་ལྡན།། ཆོས་ལ་དབང་མཛད་ཧ་ཡ་གྲྀ་བ་དཔལ།། འཇོ་ཚུལ་སྟབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་།། ལོག་ལྷའི་ཉེས་སྤངས་ཡང་དག་ལྷ་དང་ལྡན།། ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད ་པས་ཆེ།། སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན།། ཤུགས་འཆང་སྟབས་ཀྱིས་རླུང་ལྷ་ཚར་གཅོད་ཅིང་།། འཁྱལ་པའི་སྤྱོད་སྤངས་ངག་གི་དབང་ཕྱུག་ཆེ།། འདོད་པ་ཀུན་ལ་སྦྱིན་མཛད་རྒྱལ་པོའི་ཚུལ།། སེམས ་ལ་དབང་མཛད་འདོད་པའི་ཁྲོ་བོ་རྒྱལ།། འཚིར་བའི་སྟབས་ཀྱིས་གནོད་སྦྱིན་ཞབས་ཀྱིས་མནན།། ངག་རྩུབ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ།། སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྫི།། ལས་ལ་དབང ་མཛད་བདུད་རྩི་ཀུན་ད་ལི།། གནོན་པའི་སྟབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང་།། གནོད་སེམས་ཉེས་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ།། གཉེན་པོ་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་།། རྫུ་འཕྲུལ་དབང་མཛད ་འཇིགས་བྱེད་སྟོབས་པོ་ཆེ།། རྡེག་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅད་ཅིང་།། བདེན་དང་བྲལ་བའི་རྫུན་སྤངས་སྐྱོན་སེལ་བའི།། མཚན་མའི་ཐབས་ཀྱིས་མཚན་མ་འདུལ་མཛད་པ།། ཡེ་ཤེས་དབང་མཛད་དབྱུག་པ ་སྔོན་པོ་ཅན།། འདེབས་པའི་སྟབས་ཀྱིས་ས་བདག་ཚར་གཅོད་ཅིང་།། རྣག་སེལ་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ།། བཟོད་པའི་ས་གཞི་ལྟ་བུའི་གཞིར་འགྱུར་པ།། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུན་ད་ལི།། ་ཟློག་པའི་སྟོབས་ཀྱིས་བདུད་རྣམས་ཚར་གཅོད་ཅིང་།། འདོད་ཆགས་སྤྱོད་སྤང་སྐུ་ལ་དབང་ཕྱུག་ཆེ།། ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ།། སྐྱེ་བཞི་མོས་པས་དབང་མཛད་ཧཱུཾ་ཀ་ར།། རོལ་པའི་སྟོབས ་ཀྱིས་ལྷ་རྣམས་ཚར་གཅོད་ཅིང་།། མ་བྱིན་ལེན་པའི་སྐྱོན་རྣམས་བདག་ཉིད་ཆེ།། རབ་ཏུ་ཤེས་པའི་ཤེས་རབ་མཐར་འབྱིན་པ།། ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ།། འཇིགས་བྱེད་སྟབས་ཀྱིས་འཆི་བདག ་ཟིལ་གནོན་ཅིང་།། སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ།། གཟུང་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས།། ཚེ་ལ་དབང་མཛད་འཇིགས་བྱེད་གཤིན་རྗེ་གཤེད།། ཡེ་ཤེས་ཐུགས་རྗེས་ཟིན་པས་མཐར ་མི་འཆིང་།། ཐུགས་རྗེས་ཟིན་པའི་སྲིད་ལས་རྣམ་པར་གྲོལ།། གཉིས་ལ་མི་གནས་མཐའ་བྲལ་དབུ་མར་སྙིམས།། འདོད་པའི་རྒྱལ་པོ་མཉེས་མཛད་ལ་སེ་ཀྱེ།། རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད ་འཛིན།། ཐུགས་རྗེའི་ལྕགས་ཀྱུས་འཁོར་བ་མི་གཏོང་ཞིང་།། ཤེས་རབ་ཐབས་ཀྱི་ལྕགས་ཀྱུས་མཐའ་གཉིས་འཛིན། གཙོ་བོ་དབྱུག་སྔོན་མཉེས་མཛད་དྲ་ཏི་རུ།། ཡེ་ཤེས་མཚན་སྡུད་ཐུགས་རྗེ་ཁྲོད་འབྱུང་ཞིང་།། སྦྲུལ ་པས་འགྲོ་བསྒྲལ་སྐུ་དང་ཡེ་ཤེས་འཕྲོ།། ཤེས་སྙིང་མ་སྐྱེས་དབུ་མའི་རིག་པ་སྟེ།། སྟི་ན་བ་ཏིས་འཁྲོ་རྒྱལ་གཤིན་རྗེ་མཉེས།། དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུངས།། ཐུགས་རྗེས་སེམས་ཅན་ཕྲིན་ལས ་མཚན་མ་འཇོམས།། དབུ་མར་ཡེ་ཤེས་སྙིང་རྗེ་མི་རྟོག་དང་།། མི་གཡོ་མགོན་པོ་མཉེས་མཛད་མ་ཧ་ལ།། རྡོ་རྗེ་གཏུམ་མོ་མཚན་མའི་དངོས་པོ་བཅོམ།། ཐུགས་རྗེ་རྔམ་ཚུལ་སྲིད་པ་ཐལ་བར་རླག། གཉིས་ལ་མི ་གནས་མཐའ་བྲལ་དབུ་མར་བརྡེགས།། ཧ་ཡ་གྲི་བ་མཉེས་མཛད་ཙ་ཏ་རི།། ཕྲ་མོར་འབིགས་པའི་ཡེ་ཤེས་དབྱིངས་སུ་འབྲེན།། འབིགས་པའི་ཡེ་ཤེས་གནད་དུ་ཐུགས་རྗེས་རྡེག། མ་འགྱོགས་ཨུ་མ་ཆེན་མོའི་ལམ ་སྟོན་པ།། གཞན་གྱིས་མི་ཐུབ་མཉེས་མཛད་ཤ་ཡ་ཏི།། མཚན་མ་མེད་པའི་དབྱིངས་ཐོབ་རིག་པའི་སྒྲ།། དབྱིངས་ཉིད་ཡེ་ཤེས་དབྱངས་སྙན་པ་ཡི་སྒྲ།། དེ་ལ་བསྟེན་པ་གསུང་གི་སྒྲ་འབྱིན་པ།། བདུད་རྩི་འཁྱིལ་བའི ་ཤ་ཡ་ཏི་པ་མཉེས།། བདག་རྟོག་ལྟ་བའི་མཚན་མ་ཀུན་བཅོམ་ཞིང་།། ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་བཅད་དེ།། སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པ།། པདྨོ་འཁྱིལ་པ་མཉེས་བྱེད་མ་ར་ན།། ཐུགས་དམ་དབང་གིས ་རྣམ་དག་དབྱིངས་ནས་བསྐུལ།། ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན།། གཉིས་མེད་མཆོད་སྐུལ་དབུ་མའི་དགྱེས་པའི་སྟོབས།། མ་ཧ་པ་ལ་མཉེས་མཛད་ཙུན་ད་མ།། སྐྱོད་པའི་ཡེ་ཤེས་ས་རྣམས་དུས ་གཅིག་གཅོད།། ཐུགས་རྗེ་ཤུགས་ཀྱིས་འགྲོ་རྣམས་གནས་ནས་སྦོར།། ཐབས་དང་ཤེས་རབ་བསྐྱོད་པས་མཐའ་གཉིས་སྤོང་།། བ་ཡ་བ་ཏི་མཉེས་མཛད་ཁམས་གསུམ་ཧཱུཾ་མཛད་མཉེས།། སྡུག་བསྔལ་ཐུགས་རྗེས་མི ་བཟོད་ཕྲིན་ལས་དང་།། ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་རྟུན།། གདོད་ནས་དོན་མཛད་འཁོར་བ་མཐར་ཟུག་སྒྲོལ།། དེ་ཕྱིར་དཔའ་རྡུམ་ཟ་བྱེད་བྱ་ཁ་མ།། སྡང་མིག་མི་འགྱུར་ཐུགས་རྗེས་ཞེ་ལ་གནོན།། ་མཐུ་རྩལ་རྔམ་བརྗིད་མི་འགྱུར་བདུད་དཔུང་ཟློག། ཚམ་ངན་རལ་བསིགས་གདངས་ངར་འཇིག་རྟེན་འགེངས།། དེ་ཕྱིར་འགྱུར་མེན་ཙ་ས་ར།། རྟོག་པའི་དགྲ་སྤངས་དྲན་པའི་དགོན་པར་གནས།། འཁྲུ་སྐྱོན་དྲི་མེད ་ཤེས་བཞིན་རྫི་མཚོ་སྤོང་།། འགྲོ་དོན་དུས་ལ་བབ་ན་ཐུགས་རྗེས་འཇུག། དེ་ཕྱིར་འཇུག་པར་བྱེད་པའི་ཧ་རི་ན།། ཆོས་ཉིད་གནས་མལ་རྟོག་པའི་སྐྱོན་སེལ་ཞིང་།། ཐུགས་རྗེ་སྒྲ་དྲིས་སྤྲུལ་པ་བསམ་མི་ཁྱབ།། དུག ་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོལ།། སེལ་བྱེད་སྤྲུལ་པས་དོན་མཛད་ར་ཡ་མ།། ཡང་དག་ཟོན་ཆགས་འགྲོ་དོན་མཁས་དང་ལྡན།། མི་འདུལ་ཟིད་ཐུབ་བཏང་སྙོམས་ཆེན་པོར་ཞུགས།། དུས་ལ ་བབ་པས་བརྩོན་འགྲུས་ཤུགས་དང་ལྡན།། དེ་ཕྱིར་མཁས་བརྩོན་མཛད་པའི་བ་ཙ་ལ།། ཡེ་ཤེས་དབྱངས་ལ་འཇུག་པ་ཤེས་བྱ་ཟ།། དབྱིངས་ཉིད་ཤེས་ལ་འཇུག་པ་ཉོན་མོངས་ཟད།། གཉིས་མེད་ཡེ་ཤེས་ཕྲིན་ལས ་འཁོར་བ་ཟ།། དེ་ཕྱིར་ཟ་བྱེད་པུ་ཀ་མུ་ཀ་མ།། རིགས་བཙུན་གཉེན་པོར་འགྱུར་བས་ཐམས་ཅད་འདུལ།། ཕྲིན་ལས་རྩལ་གྱིས་བདུད་དཔུང་ཐམས་ཅད་འཇོམས།། ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་ཀྱིས་རོལ།། ་དེ་ཕྱིར་སྟོང་ཉིད་སྐྲ་ཡིས་མུ་སྟེགས་ཝ་ཚོགས་འཇིག། དེ་ཕྱིར་འཇོམས་བྱེད་རྩ་མཆོག་སིང་ཧ་མ།། དབྱིངས་ལས་ཡེ་ཤེས་རོལ་ཞིང་ཐུགས་སྨིན་མཛད།། མཐིང་ནག་ཆེན་མོ་དྲག་པོ་སྐུར་སྟོན་པ།། ཐུགས་མཆོག་རྣམ ་དག་ཆོས་ཉིད་དབྱིངས་སུ་མཁྱེན།། དེ་ཕྱིར་སྨིན་བྱེད་འཕྲ་མེན་རིག་ཀྵ་མ།། ཡེ་ཤེས་ཐུགས་རྗེ་སྟོབས་ཀྱིས་མཐའ་གཉིས་གནོན།། ཚམ་ངམ་རལ་བསིགས་སྤྲུལ་པས་བདུད་དཔུང་འཇོམས།། ལས་སུ་ཅི་མཛད་བརྩོན ་འགྲུས་སྟོབས་ཀྱིས་རོལ།། དེ་ཕྱིར་སྟོབས་ལྡན་ཕྲ་མེན་རག་ཀྵ་མ། ལྷག་མཐོང་ཆོས་དབྱིངས་ཞི་གནས་རླན་གྱིས་བརྒྱན།། ཐུགས་རྗེ་འཁོར་བས་སྨོན་ལམ་སྟོབས་ཀྱིས་མྱོས།། རྟག་འཇོམས་རྫས་ལ་གཙང་སྨེ་མེད ་པར་རོལ།། དེ་ཕྱིར་ཕྲ་མེན་མོས་བྱེད་ཨུ་ཀ་ར།། ཡིད་གཡོ་ལས་ཅན་སེམས་པར་གྱུར་པ་ནི།། ཡེ་ཤེས་དབང་གིས་ཐུགས་རྗེས་འགྲོ་ལ་གཡོ།། དོན་མཛད་གོད་འབྲང་ཡེ་ཤེས་དབྱིངས་སུ་མཁྱེན།། དེ་ཕྱིར་ཚུལ ་ཁྲིམས་ཆེན་པོ་ཀྲི་ཀྱ་མ།། བསམ་པའི་དངོས་པོ་འདོད་ལ་འདུན་པ་ནི།། དབྱིངས་ཉིད་མཉམ་ཉིད་ཡེ་ཤེས་མཁྱེན་པས་ཟ།། ཐུགས་རྗེ་འདུན་པས་འཁོར་བ་བག་ཆགས་སྦྱོང་།། དེ་ཕྱིར་ཕྲ་མེན་ཟ་བྱེད་དོན་ཀ་མ།། ་དབྱིངས་ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར།། ཡེ་ཤེས་དབྱིངས་རྟོགས་འགྲངས་པ་ཉིན་མོ་ཉལ།། འགྲོ་འདོགས་རྨོངས་པ་ཡེ་ཤེས་མཚན་མོ་ལྡང་།། ཡེ་ཤེས་ཐུགས་རྗེས་ལྡན་པ་ཨུ་ལུ་ཀ། རྟོགས་པའི་དངོས་ལ ་རྩེ་གཅིག་ཏིང་འཛིན་འགྱུར།། མཉམ་ཉིད་མཐའ་བྲལ་དབྱིངས་ལས་མི་གཡོ་བ།། རྟོག་གིས་སྤྱོད་ཡུལ་བྱིས་པས་མི་མཐོང་བ།། དེ་ཕྱིར་སྦས་བྱེད་ཕྲ་མེན་པ་ཡ་ཏ།། ལས་འབྲས་བདེན་པ་ཡིད་ཆེས་དད་གྱུར་ཏེ།། ་མཉམ་ཉིད་དབྱིངས་སུ་ཡེ་ཤེས་ཐུགས་ཀྱིས་མགྱོགས།། ཞི་གནས་སྤྱན་རྫི་ལྷག་མཐོང་བ།། དེ་ཕྱིར་བགྲོད་ཚེགས་ཆུང་།། དེ་ཕྱིར་འཕྲ་མེན་མགྱོགས་བྱེད་ལྷག་ཤ་ཏི།། ངེས་པའི་དངོས་པོ་འཛིན་པའི་མོས་པར་འགྱུར།། ་ལྷག་མཐོང་ཡེ་ཤེས་དབྱིངས་ཉིད་མཉམ་འགྱུར་འཛིན།། ཞི་གནས་གཅེས་པར་འཛིན་པ་མི་འཕྲོག་པ།། དེ་ཕྱིར་ཕྲ་མེན་འཛིན་མ་ཙི་ཏ་མ།། འདྲིས་པའི་དངོས་པོ་མ་བརྗེད་དྲན་པར་འགྱུར།། དབྱིངས་དང་ཡེ ་ཤེས་གཉིས་མེད་དྲན་པར་འགྱུར།། ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ།། གཉིས་ལ་མ་རྨོངས་ཟིན་མ་ཏི་ཏི་ལ།། ཆོས་རྣམས་འབྱེད་པར་བྱེད་པར་གྱུར་པ་ནི།། མཉམ་ཉིད་ངང་དུ་ལོག་ལྷ ་སེལ་བྱེད་ཅིང་།། རིག་པ་སྐྱེད་པས་སོམ་ཉི་ཐེ་ཙོམ་གཅོད།། དེ་ཕྱིར་འཕྲ་མེན་གསོད་བྱེད་མ་ཀུན་ལ།། འཇུག་པར་དབང་མེད་པ་ཡི་གཉིས་གྱུར་པ།། བསྟན་པའི་ཆོས་སྒྲོགས་ལོག་ལྷ་མོས་བྱེད་ཅིང་།། མཉམ་དང་མི ་མཐུན་ལོག་ལྷ་མོས་བྱེད་ཅིང་།། ཐམས་ཅད་མོས་བྱེད་ཕྲ་མེན་ཀེའུ་ཤི་ཀ། གསུམ་འདུས་གཅོད་པའི་རེག་པར་གྱུར་པ་ནི།། ཕྲིན་ལས་བྱེ་བྲལ་མང་པོ་ཅི་མཛད་ཅིང་།། ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་འགྲོགས།། ་དེ་ཕྱིར་ཕྲ་མེན་འབྲོས་བྱེད་ཀ་སི་ཀ། འཁོར་བའི་རྡོ་རྗེ་བརྗོད་པ་མྱ་ངན་འདས།། ཆོས་སྐུ་རྡོ་རྗེ་བརྗོད་པས་མཐའ་གཉིས།། རྗོད་བྱེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ།། དེ་ཕྱིར་རྗོད་བྱེད་བརྗོད་པ་ཤཱ་ན་མ།། ཆོས ་ཉིད་རྡོ་རྗེ་བརྗོད་པས་མཚན་མའི་དངོས་པོ་བཤིག། ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་སྲེག། ཕྱག་མཚན་རྡོ་རྗེ་དྲེགས་པའི་ལྷ་བདུད་བཅོམ།། དེ་ཕྱིར་འཇོམས་བྱེད་བཛྲ་བེ་ར་བེ།། འཆི་མེད་བདུད་རྩི་ཡུལ་སེམས ་སྐྱེ་འགག་མེད།། གྲུབ་པའི་བདུད་རྩི་བསམ་པའི་འབྲས་བུ་ཐོབ།། ཐུགས་རྗེས་འགྲོ་འདུལ་རྩི་གཏོང་བློ་མེད་སྒྲུབ།། རྩི་མཆོག་ཡེ་ཤེས་བཛྲ་ཨ་མྲི་ཏམ།། ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་སྒྲུབ།། ཐུགས་རྗེས ་འཕྲོག་བྱེད་འཇིག་རྟེན་དབང་དུ་སྡུད།། ཡེ་ཤེས་ཐུགས་རྗེས་གཉིས་མེད་དབང་དུ་སྡུད།། དེ་ཕྱིར་དེ་ཕྱིར་བརླག་བྱེད་རྫ་མ་རན།། ད་ནི་པདྨ་དབང་ཆེན་དང་། དབང་ཕྱུག་མ་ལྷ་རྒྱུད་བརྗོད་པར་བྱའོ།། བཅོ་ལྔ་སྤྱན ་གྱིས་རྒྱུད་ལྔ་མི་དགེ་བཅུ།། ཡེ་ཤེས་ལྔ་དང་སོ་སོ་ཅིས་འདུལ་མཁྱེན།། སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་གསན།། ཤངས་ལྔ་ནས་བྱུང་རིགས་ལྔའི་སྦྲུལ་འཕྲོས་པས།། རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ ་དབུ་ལྔ།། དུག་ལྔ་ཞལ་དུ་ཤར་རེ་རྔུབ་མཛད་ཅིང་།། ལྕགས་ལྔ་ཐེ་ཚོམ་གཅོད་ཕྱིར་ཐེག་ལྔ་འཆད།། སྐྱེ་གཞི་ལས་བཞིས་སྒྲོལ་མཛད་གཤོགས་གཞིས་སྐྱོད།། བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན།། ་ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་གནས་ནས་བཅོམ།། རིགས་བཞི་སྣོད་བཅུད་ཉི་ཟླ་འོད་དང་བརྫིས།། ཕྱོགས་བཞི་རྩལ་དྲུག་དབང་ཕྱུག་ཡང་ཆེས་མནན།། ཆེ་བའི་ཆེ་བ་ཡང་ཆེ་བླ་ན་མེད།། བཅུ་དྲུག་ཞག ་གིས་ཟླ་དཀྱིལ་རྫོགས་པ་ལྟར།། ཚོགས་གཉིས་རྫོགས་པས་བཅུ་དྲུག་ས་ལ་ཞུགས།། ཕྱོགས་བཞི་དབུས་ལྔར་འབར་ལྟ་རིགས་ལྔའི་དབུ།། མཁྱེན་པའི་ཡེ་ཤེས་ཐུགས་རྗེས་གཟིགས་པར་མཛད།། ཚོགས་ཆེན་ཡོངས ་སུ་རྫོགས་པའི་དཀྱིལ་འཁོར་དང་།། དབང་ཆེན་ཡོངས་སུ་འདུལ་བའི་དཀྱིལ་འཁོར་དང་།། ཚོགས་ཆེན་གཉིས་རྫོགས་ཡེ་ཤེས་ལྷུན་གྲུབ་པ།། དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་རྒྱལ་སྐུ།། ཐུགས་རྗེ་འདམ ་། སྐྱེས་སྤྱོད་པ་སྒྲོན་མི་གོས།། མཐའ་གཉིས་དབང་མཛད་པདྨ་ཧེ་རུ་ཀ། རྔམ་པའི་ཚུལ་གྱིས་སྲིན་མོ་གཟུགས་འཛིན་ཅིང་།། ཟོད་རུས་རྔུབ་པ་འབྲུ་མར་ཟས་སུ་ཟ། སྲིད་པའི་སེམས་ཅན་ཆགས་པའི་སྙིང་ཁྲག ་གསོལ།། དབང་དྲུག་ལས་མཛད་མ་ནུ་རཀྵ་སྲི།། སྡུག་བསྔལ་མྱ་ངན་འདས་རྟོག་ཚངས་པའི་གཟུགས།། ཚད་མེད་བཞི་རྫོགས་རྟགས་ཀྱི་དབུ་བཞིར་ལྡན།། ཞབས་བཞི་སྦྲང་འདོན་གླིང་བཞིར་བཀྲ་ཤིས་བརྗོད།། ་གཏི་མུག་ཡིད་བཞིན་རིན་ཆེན་པྲ་མ་ཏི།། ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ།། རིག་དུག་སུམ་འཇོམས་ཕུར་པ་རྩེ་སྣམས།། བུད་མེད་ཆགས་ཚུལ་དབང་མཛད་སྐུ་ལ་ཟློག། ཆགས་པའི་སྐྱོན་བྲལ་ལྷ། ་ཆེན་རེ་ཏྲི་མ།། ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ།། མ་རིག་དུག་སུམ་འཇོམས་པ་རྩེ་གསུམ་སྣམས།། ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ།། འབྲེལ་བའི་ཐུགས་སེམས་ཅན་ཀུན་ལ་རྟོགས།། ་འཕྲིན་ལས་རྒྱ་མཚོས་སྒྲོལ་བའི་བཞེད་ཆེན་ཅན།། འཁོར་བའི་རྒྱུད་རྩོད་དྲག་མོ་བོ་རྣམ་པ།། འདུ་བྱེད་མི་རྟག་དྲིལ་བུ་སྒྲ་ལྟར་མཁྱེན།། རྟག་པར་གཞོན་ཚུལ་འཁོར་བར་ཇི་སྲིད་བཞུགས།། ཉོན་མོངས་ཟ་བ ་འབིབས་པ་མདུང་ཐུང་འཕེན།། གཞོན་ཚུལ་ཆགས་པས་དབང་མཛད་ཀེའུ་མ་རི།། རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད།། ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་བཞིན།། མཆོད་སྦྱིན་རྒྱ་མཛད་མི་དམིགས་སྐུ་དཀར ་མདོག། གསོད་བྱེད་རྡོ་རྗེ་འབེབས་བྱེད་ཨིན་ཏྲ་མ།། བྱམས་དང་ཐུགས་རྗེས་དབང་མཛད་སྐུ་མདོག་དམར།། བན་དྷ་སྣོད་ཡངས་བཅུད་ཀྱི་ཁྲག་མཚོ་ལ།། རྔམ་པའི་བཞིན་དུ་དུག་གསུམ་ཟ་བྱེད་མ།། སྡུག་བསྔལ ་དབྱིངས་སུ་སྐྱོངས་མཛད་བིང་ཀ་ལམ།། སེམས་ཅན་གདུལ་ཐབས་ཁྲོ་བོ་མཆོག་ཏུ་མཁྱེན།། མུན་སེལ་སྒྲོན་འབར་བདུད་ཀྱི་ནད་གསོད་མཛད།། འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང་།། ཆགས་པའི ་། སྐྱོན་བྲལ་དབང་མཛད་ཨ་མྲི་ཏ།། ཞི་བའི་ལས་ནི་གསོད་པ་མཆོག་ཏུ་མཁྱེན།། ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ།། གདུང་བའི་ནད་སེལ་འཇིག་རྟེན་སྒྲོན་མཛད་ཅིང་།། བདེན་མཆོག་ཐམས་ཅད་སྟོབས་བྱེད ་སེའུ་མྱ་མ།། དབྱུག་པ་མཆོག་འདྲ་གཞན་མེད་མཁྱེན།། ཐབས་ཀྱིས་མ་རྨོངས་ཕྲིན་ལས་ལྗང་ཁུའི་མདོག། ནན་དབང་དྲག་ཤུལ་མཆོག་མ་དབྱུག་ཏོ་བསྣམས།། དྲེགས་བྱེད་སྦྱིན་ནས་འཇོམས་མཛད་ད་ན་ཧ།། ལོག། ་པར་ལྟ་བ་འཇིགས་བྱེད་སྤྱན་གྱི་མཆོག། སྐྱེ་བ་འཕྲོག་བྱེད་སྐྱེ་རྒྱུན་ཁྲག་མཚོ་གསོལ།། ལས་མཛད་ཆས་པ་གསེར་གྱི་རྐྱེན་ཞིང་ཅན།། དྲག་མོ་རྔམ་ཚུལ་གློག་འགྱུར་རག་ཀཱ་སི།། ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ ་མཛེས།། སྙིང་རྗེ་རྒྱུན་སྐར་བ་སུ་ཞགས་པ་ཡིས།། ཆགས་མེད་ཞིང་དུ་ཁམས་གསུམ་ཀུན་འདྲེན་མ།། རྒྱུན་གྱི་ཐུགས་སྒྲོལ་མཛད་པ་བག་ཀྵ་སི།། མཆོག་པ་དབྱུག་པ་འཆང་བའི་མཆོག་ཏུ་མཁྱེན།། གཏུམ་པས་གདུག ་པ་མ་ལུས་འཇོམས་མཛད་པ།། ཡོན་ཏན་མི་བཟད་ནོར་གྱི་གཏེར་འཛིན་མ།། སྟོང་གསུམ་ནོར་གྱིས་རྒྱས་མཛད་རལ་གྲི་མ།། ར་རོ་འདྲ་བར་དཔའ་བོ་གཞན་མི་མཁྱེན།། ཆོས་རྣམས་གཉིས་མེད་དོན ་རྟོག་རྟག་ཏུ་མོས།། ཉོན་མོངས་ཐ་བ་ཟློག་པའི་གཤོལ་རྣམས་ཤིང་།། དགེ་བའི་ལོ་ཏོག་སྐྱེད་མཛད་རུ་ཏྲི་མར་ཏང་།། རྟེན་པ་ཙམ་གྱིས་གཞན་ཕམ་དཔའ་བོ་མཆོག། མ་ལུས་གསོད་བྱེད་ལས་ལ་འཇུག་མཛད་ཅིང་།། ་བསྙེངས་པ་མི་མངའ་འགྲོ་དོན་གཅིག་པུ་སྤྱོད།། གསོད་བྱེད་མཛད་པ་ཨེ་ཀ་ར་ཙ་མ།། བུད་མེད་ཆགས་པས་འགྲོ་བ་དབང་དུ་བྱེད།། ཐམས་ཅད་མ་ལུས་འགུགས་བྱེད་དགེ་བའི་ལས།། འདོད་ལྷའི་མདའ་འཕེན་སྲིད ་གསུམ་ཡིད་འཕྲོག་མ།། ཐུགས་རྗེས་ཞེན་པའི་མ་ནོར་ཧ་ར་མ།། ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང་།། གདོན་རྣམས་སྒྱུར་བའི་ལས་མཛད་རྦོད་གཏོང་ཅན།། མི་བཟད་ནོར་གྱི་རྟེན་ལྡན་བུམ་པ་འཛིན།། ་སྡུག་བསྔལ་རེ་སྐོང་ཟག་ཐུག་སི་ཏི་ཀ། རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག། སྲིད་གསུམ་དབྱིངས་ཀྱི་སྲོག་འབྱིན་ཚེ་འཕེལ་མ།། བདེར་གཤེགས་སངས་རྒྱས་སེམས་ཅན་སྒྲོལ་མཛད་ཅིང་། ཁམས་གསུམ ་གནས་ནས་སྐྱོད་མཛད་པ་ཡ་བེ། སྙིགས་མ་སྔ་ལྡན་ལྔ་བརྒྱའི་ཐ་མ་ལ། སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ།། གསང་བ་ཉིད་ལས་ཀྱིས་འདུལ་བར་མཛད།། སྡུག་བསྔལ་དབྱིངས་སུ་གསོལ་མཛད ་མ་ར་ན།། གཟི་བརྗིད་ཅན་དེ་མི་ཡི་ཁམས་ཏེ་མཆོག། འབར་བ་མཆོག་གིས་མ་ལུས་གདུག་པ་མ་ལུས་སྲོག། ཟ་བྱེད་སྐལ་པ་དུས་མཐའི་ཚུལ་སྟོན་པ།། ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨ་ནི་ཡེ།། མཆེ་བ་དག་པ་སྐྱེ ་བཞི་རྩད་གཅོད་བཞུགས།། ཉོན་མོངས་ཐ་བ་ཟློག་མཛད་ཕག་གི་དབུ།། འོག་གི་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྦྱོར།། སྐྱེ་བཞི་རྩད་གཅོད་ཟ་བྱེད་པ་ར་ཧི།། འཆི་བདག་ཐམས་ཅད་གནས་ནས་མ་འཕོགས ་མཁྱེན།། ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་འཛིན།། དམ་ཚིག་བསྲུང་བའི་འཆི་བདག་ཟློག་མཛད་ཅིང་།། ལུང་གི་དུར་ཁྲོད་དབང་མཛད་ཛ་མུན་ཏི།། འཇིགས་ལྷག་པའི་བགྲགས་ནི་གཞན་མེད་མཁྱེན།། ་སྟོང་ཕྲག་བརྒྱ་ཅུའི་བགེགས་ལ་མངའ་མཛད་ཅིང་།། སྣ་ཆེན་གླང་སྣ་བདུད་རྩིའི་འགེའུའང་མཐོར།། སྡུག་བསྔལ་ནད་གསོ་མཛད་པའི་ཏ་མ་ལ།། ཆུ་ལྷས་ལྷག་པའི་ནོར་ནི་གནན་མེད་མཁྱེན།། ནོར་གྱི་གས་རྣམས ་མ་ལུས་འཕྲོག་མཛད་ཅིང་།། གདུག་པ་འདུལ་ཕྱིར་དུག་རྟོང་སྦྲུལ་ཞགས་རྣམས།། ཞི་གནས་ཏིང་འཛིན་དབང་སྡད་མི་འགྱུར་སྐུ་མདོག་གནག། སྲིད་གསུམ་འཇོམས་མཛད་ཏེ་ཤུལ་གཏིངས་པོ་རྣམས།། ཐུགས་རྗེ ་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་རྣམས།། འཁོར་བར་ཐུགས་རྗེ་ཤར་བའི་ཀ་མ་ལ།། ཆགས་པའི་ཐུགས་རྗེས་དོན་མཛད་ར་མགོ་ཅན།། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་མཛད་ཅིང་།། གང་ལ་ཅིས་འདུལ ་དེ་ལ་དེ་སྟོན་པ།། ཡོན་ཏན་ཚོགས་ཀྱི་རེ་སྐོང་ཀ་མ་ལ།། སྟོན་པའི་བཀའ་དང་རང་གི་དམ་ཆོས་གཉིས། མི་འདའ་མ་གྲུབ་བར་དུ་བརྟན་པར་བཞུགས།། དམ་ཚིག་སྒྲོལ་གྱིས་སེམས་ཅན་འདུལ་མཛད ་ཅིང་།། མ་རིག་མུན་འཇོམས་ཀུན་པ་ཀ་མ་ལ།། སྐུ་གསུམ་ཡོན་ཏན་ཕྲིན་ལས་མཐའ་ཀླས་པ།། སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབས།། སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་པ།། བག་ཆགས་བྱང་མཛོད་ལམ ་པོ་ད་ར་མ།། དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པའི་རྒྱུད་ལས་བཟླས་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་བཅོམ་ལྡན་འདས་དཔའ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། ཐབས་དང ་ཤེས་རབ་ཀྱི་བྱང་ཆུབ་ཀྱི་དབང་འདི་བཀའ་སྩལ་ཏོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དབུས་སུ་པད་མ་འདབ་མ་བརྒྱད།། པདྨའི་ལྟེ་བ་ལས་རག་ཏའི་དལ་བྱས་ཏེ།། དབུས་སུ་བཛྲ་ཧེ་རུ་ཀ། ཤར་དུ་བུདྡྷ་ཧེ་རུ ་ཀལྷོ་རུ་རད་ན་ཧེ་རུ་ཀ། ནུབ་ཏུ་པདྨ་ཧེ་རུ་ཀ། བྱང་དུ་ཀརྨ་ཧེ་རུ་ཀ། མཚམས་བཞིར་ཁྲོ་མོ་དབང་ཕྱུག་མ་བཞི། ཕྱི་རིམ་སྣམ་བུ་ལ། ཀེའུ་རིམ་བརྒྱད་དེའི་ཕྱི་རིམ་ལ་སི་ང་མ་བརྒྱད། སྒོ་བཞི་དང་། སྒོ་ཁྱུད་དང ་བཅས་པ། ཞིང་གི་རྒྱལ་མཚན། རས་ཆེན་གྱི་ཕན་གདུགས། ཙི་ཏའི་ཏོག་མཾ་སའི་བླ་རེ། དེ་ནས་བཅོམ་ལྡན་འདས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམས་ཏེ། ཡུམ་ཀུན ་ཏུ་བཟང་མོས་རང་གི་མཁའ་ལ་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་དབང་སྐུར་རོ།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། བྱང་ཆུབ ་སེམས་ཉིད་སྒོམ་པའི་དབང་།། དབྱིངས་ཀྱི་དཀྱིལ་འཁོར་འདིར། སེམས་ཉིད་རྟོགས་པའི་ཐིག་བཏབ་སྟེ།། དེ་རུ་སློབ་མ་བསྐུར་བར་བྱ།། ཆོས་རྣམས་ཐམས་ཅད་རྟག་པར་དཀའ།། བརྗོད་པའི་ཐ་སྙད་ཀུན ་ལས་འདས།། དེ་ལྟར་ས་གསུམ་ནོན་པ་ནི།། སེམས་ཅན་ནང་ན་མ་ཡིན་ཏེ།། སངས་རྒྱས་མིས་ནི་སྒྲུབ་ཟག་ཉེ།། བྱང་ཆུབ་སེམས་དེའི་དོན་རྟོགས་ན།། འབྲས་བུ་ཡང་དག་མངོན་དུ་འཆར།། དེ་ལས་ཀྱང་ནི་མ ་གཏོགས་པ།། དེ་ལས་སངས་རྒྱས་གཞན་ན་མེད།། སེམས་ཅན་ནང་ཉིད་དངོས་པོ་དེ་ལས་མེད།། བསྟན་ཅིང་ཡང་ནི་རྟོགས་པར་དཀའ།། བསྒོམ་པའི་དངོས་གཞི་དེ་ལས་མེད།། སེམས་ཀྱིས་བརྟག་པར་དཀའ་ན ་ཡང་།། ཚིག་གིས་འདི་ཡིན་བསྟན་དཀའ་ཞེས། སངས་རྒྱས་བྱང་ཆུབ་སེམས་ཉིད་འདི།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། བོ་དེ་ཙི་ཏ་ཧཱུཾ། ཕྱི་ཡི་ཚུལ་དུ་རྟོགས་འགྱུར་ན།། སེམས་ལ་སྲིད་པ་ཐམས་ཅད་ཆུབ་པར ་འགྱུར།། ནང་གི་ཚུལ་དུ་རྟོགས་འགྱུར་ན།། སེམས་ལ་སྐུ་གསུང་ཐུགས་ཀྱང་ཕྲུགས་པར་གནས།། གསང་བའི་ཚུལ་དུ་སྣང་བ་ཐམས་ཅད་ནི།། ཡུམ་ཆེན་ཀུན་ཏུ་བཟང་མོ་ཞེས་ཀྱང་དེ་ལ་བྱ།། སེམས་ནི་སྣང་བ་ཤར ་བའི་ཡེ་ཤེས་ཡིན།། གཉིས་མེད་རྟོགས་ན་ཆོས་ཀྱི་སྐུ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། བཛྲ་ཏི་ཏ་ཧཱུཾ། མངོན་པའི་སངས་རྒྱས་ཆེ་བའི་ཡུམ་ཆེན་ཀུན་ཏུ་བཟང་མོ་ནི།། བདག་ཉིད་ཆེན ་པོ་སངས་རྒྱས་ཀུན་ཏུ་བཟང་པོ་ནི།། ཡབ་ཡུམ་གཉིས་སུ་མེད་པར་གྱུར་པ་ལས།། བྱང་ཆུབ་སེམས་ཉིད་བདེ་བ་ཆེན་པོ་ཡིན།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་བདེ་བ་ཆེན་པོ་ནི།། ཡུལ་དང་སེམས་ཉིད་གཉིས་སུ ་མེད་པ་ཡིན།། རྡོ་རྗེ་སེམས་ནི་ཡེ་ནས་མི་འགྱུར་ཏེ།། སྐྱེ་འགག་མེད་པའི་སེམས་ཉིད་དོན་ཡིན་ཏེ།། དེ་སེམས་དཔའ་ཉིད་དོན་ཡིན་ནོ།། བདུད་བཞི་མེད་པའི་དོན་ཀུན་ཏུ་ཁྱབ་ཅིང་བདལ་བས་དཔག་ཏུ་མེད། ཐམས ་ཅད་མན་ངག་ལ་ནི། ཐམས་ཅད་སངས་རྒྱས་པའི་ཆེ་བར་འདུས།། ཕྱི་ནི་སྣོད་ཀྱི་འཇིག་རྟེན་རྟོགས་གྱུར་ན།། འབྱུང་བ་ལྔ་ལས་སངས་རྒྱས་གཞན་ན་མེད།། ནང་ནི་བཅུད་ཀྱི་འཇིག་རྟེན་རྟོགས་གྱུར་ན།། སེམས་ཅན ་མ་གཏོགས་སངས་རྒྱས་གཞན་ན་མེད།། བྱང་ཆུབ་སེམས་ཀྱིས་དེང་དིར་དབང་བསྐུར་རོ།། བསྡུ་བའི་གནས་སུ་ངེས་པ་མེད་ཅེས་བྱ།། རང་འབྱུང་ཡེ་ཤེས་དེ་ནི་མཐའ་ལས་འདས།། སེམས་ལ་དངོས་པོ་མེད་ཅིང ་བཟུང་དུ་མེད།། གནས་ནི་ཡུམ་གྱི་བ་ག་ཡ་ཏི་སྟེ།། རྣམ་པར་མི་རྟོག་ཆོས་ཉིད་སྟོང་པར་གནས།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། རིག་པ་རྙེད་པ་དག་ལ་ཤིན་ཏུ་གསལ།། བྱང་ཆུབ་སེམས་ཀྱི ་དངོས་གཞི་མ་གཏོགས་པ།། སངས་རྒྱས་གཞན་ན་མེད་ཅེས་འབྱུང་བ་ཡང་།། མི་རྟོག་པའི་ལྟ་བ་མི་སྲིད་པའི་ཡེ་ཤེས་ཏེ།། མི་གཏོང་བའི་སྤྱོད་པར་མི་འགྱུར་བའི་སེམས་ཉིད་ཡིན།། མི་འདའ་བའི་དམ་ཚིག་མི ་འབྲལ་བའི་གཟུངས།། མི་གཡོ་བའི་ཆོས་ཉིད་དབྱིངས་དག་པས།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེ།། མཐོ་རིས་སྲིན་མོ་ན་རག་དམྱལ་བ་ཀུན།། ་མཉམ་པའི་དོན་དང་རིག་པ་གཉིས་མེད་པའི།། མཉམ་པའི་དོན་དུ་བསྒོམ་པར་བྱ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། མཛད་གསུམ་སྟོན་པ་སངས་རྒྱས་ཀུན་གྱི་རྗེ།། ཕྱི་མའི་ཚུལ་དུ་སྲིད་པའི ་གནས་འགྲོལ་བས།། ནང་གི་ཚུལ་དུ་གནས་ནི་རྟོགས་འགྱུར་ནས།། སྐུ་གསུང་ལུས་ངག་ཡིད་གསུམ་གནས་འགྱུར་ན།། དེ་ཡང་གསང་བའི་གནས་སུ་རྟོགས་པར་བྱ།། ཀུན་གཞི་ཡིད་དང་རྣམ་ཤེས་ཡིད་དང་གསུམ།། ་གསང་བའི་མཛོད་གསུམ་ཡིན་པས་བསྐུར་བར་བྱ།། དེ་ལ་སེམས་ཀྱི་གཟུགས་ནི་ཅི་འདྲ་བ།། ཙི་ཏའི་དབྱིངས་ན་འོད་ནི་ཚོན་གང་འཕྲོ།། དཀར་སེར་སྣམ་ལ་འདྲིལ་བའི་གཅིག་ཏུ་གནས།། ལས་འཕྲོ་ལེན་པས ་གནས་ནི་ལེན་པའི་ཚེ།། སེམས་ཀྱི་ཏ་ནི་དགུགས་ཉིད་རྒྱུ་བ་འདུས།། མི་ཆགས་མི་འཁོར་བའི་དོན་དེ་ནི།། འོད་དང་བཅས་པ་མཚོན་གང་གསལ་བར་བསྒོམ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་སྐུར་རོ།། རྟག ་པ་ཆེན་པོ་རྣམ་སྣང་མཛད།། མི་བསྐྱོད་པ་ནི་སེམས་ཀྱི་མཆོག། བདག་གི་ལུས་ནི་བརྟག་པ་སྟེ།། བདག་གི་གསུང་ནི་འགྱུར་བ་ཡིན།། བདག་གི་སེམས་ནི་མི་བསྐྱོད་པ།། སེམས་ཉིད་དུས་གསུམ་འགྱུར་བ ་མེད་པར་གསུངས།། བྱང་ཆུབ་སེམས་ཀྱི་དེང་འདིར་དབང་བསྐུར་རོ།། ཐིག་ལེ་ཆེན་པོ་དགུ་ཡི་ལུང་བསྟན་པ།། མན་ངག་གཏེར་ཆེན་རྣམ་ཤེས་ཚོགས་སྐུ་སྟེ།། ཡིད་ཀྱིས་རྣམ་ཤེས་ལས་འཕྲོ་ལེན་པའི་དོན།། རྣམ ་པར་ཤེས་པའི་བྱང་ཆུབ་སེམས་ཉིད་འདི།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་སྐུར་རོ།། མེད་པའི་ཕྱལ་པ་དང་ནི་གཅིག་པུ་ལྷུན་གྱིས་རྫོགས།། སངས་རྒྱས་ཀུན་གྱི་བརྩེ་བ་ཅན་སྐལ་བར་མི་ནཉམ་རྡུལ་ཙམ ་མེད། རེག་པའི་རྒྱལ་པོ་རྡོ་རྗེ་རང་དབང་ལས།། གཞན་ནས་སངས་རྒྱས་བཙལ་དུ་མེད་གྱུར་ཀྱང་།། བཙལ་ཀྱང་རྒྱལ་བས་མི་རྙེད་དོ།། ཐམས་ཅད་འགྱུར་མེད་བྱང་ཆུབ་སེམས་དཔའ་ལས།། མ་གཏོགས་གཞན་མེད ་ཅེས་བྱ་བར་གསུངས། བྱང་ཆུབ་སེམས་ཉིད་མཉམ་པར་ཁྱབ་བདལ་ཏེ།། བདག་དང་གཞན་དུ་མེད་པར་རྟོགས་པ་ལས།། དེ་ལྟར་སུས་རྟོགས་སྐྱེས་བུ་གཅིག་པུ་ཡིན།། ལྷུན་གྱིས་རྫོགས་པ་ཞེས་ཀྱང་དེ་ལ་བྱ།། བྱང ་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། དྲན་པའི་སེམས་ཅན་སེམས་ཀྱི་རང་བཞིན་ནོ།། དཀར་འཚེར་སྣུམ་ལ་འདྲིལ་བྱས་བྱང་ཆུབ་སེམས། འཛངས་པ་ཟིན་པོ་སེམས་ཞེས་དེ་ལ་བྱ།། བླུན་པོ་བྱོལ་སོང ་སེམས་ནི་ན་བུན་དུད་པས་འདྲེས།། སེམས་གནས་ཕུང་པོ་ཙི་ཏ་དབྱིངས་ཀྱི་དལ།། འོད་ཀྱི་ཐིག་ལེ་དཀར་འཚེར་གནས་པ་ནི།། ང་དང་བདག་ཏུ་འཛིན་པའི་སེམས་དེ་ནི།། ཏི་དང་ར་དང་ནས་བཏགས་ཞབསས་ཀྱུ ་རྣམས།། གི་གུ་ཟླ་ཚེས་དག་ཏུ་གནས་གྱུར་ཏེ།། མི་ལས་སངས་རྒྱས་དག་ཏུ་གནས་གྱུར་ནས།། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ས་བོན་འདི།། བདག་གིས་མ་ཡེངས་བརྗོད་བྲལ་མེད་པར་འདི་སྒོམ་ན།། ་སངས་རྒྱས་འབྲས་བུ་ཡང་དག་བྱང་ཆུབ་སེམས།། བདེ་བ་ཆེན་པོ་མན་ངག་སེམས་ཀྱི་དོན། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། ཉམས་པའི་ཆད་པ་བྱུང་བ་ལ།། འགྲོ་ན་འཆུད་དེ་ལས་གཞན་ན་མེད ་དོ།། རྣལ་འབྱོར་དམ་ཚིག་ཉམ་པ་གཞཉ་གྱིས་མི་སྐྱོངས་ཀྱི།། བདག་གི་སེམས་ཉིད་ཀུན་ཏུ་བཟང་པོ་དད་གྱུར་ན།། བྱ་ཆ་དང་ནི་བྲལ་ཞིང་འདས་པ་ཡིན།། འཁོར་བ་དང་ནི་མྱ་ངན་འདས་པ་ཡང་།། ང་དང་བདག་ཏུ ་དབྱེར་མེད་མཉམ་པ་ཆེན་པོའི་ངང་།། དེ་ལས་སངས་རྒྱས་གང་ནས་ཀྱང་།། བཙལ་ཀྱང་རྒྱལ་བས་མ་སྙེད་པར་གསུངས་སོ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་སྐུར་རོ།། གླང་པོ་དཔལ་གྱི་ཐུགས་ཀ་ནས།། ་ལྕགས་ཀྱི་སེར་ཆེན་བཞི་འཕྲོས་ཏེ།། གླང་པོ་དཔལ་ཆེན་ཧེ་རུ་ཀའི།། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས།། འོད་ཟེར་དགུ་འཕྲོས་གདུག་པ་མ་ལུས་བཅོམ།། འགྲོ་བ་མཐའ་དག་རྣམས་ཀྱི ་དོན་བྱས་ཏེ།། བདག་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་།། ཀུན་གཞི་སྙིང་ལ་འདུས་པའི་ཧེ་རུ་ཀ། དེ་ལྟར་ལགས་པས་རྟོགས་ན་བྱང་ཆུབ་སེམས།། གང་ནས་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ།། ་བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། བདག་མེད་ཁམས་ཀྱི་སྣོད་གང་དུ།། རྒྱ་ཆེན་གསལ་བའི་ཁམས་བཀང་སྟེ།། རེ་དོགས་མེད་པར་ཕུལ་འགྲོ་ཡང་།། ཉམས་ང་མེད་པར་ལམ་གྱི་མཆོག། གཟའ ་གཏད་མེད་པས་དོན་དུ་བདེ།། དེ་བས་རང་སེམས་བཀོད་པ་ཡི།། བྱང་ཆུབ་སེམས་ནི་ཡངས་ཤིང་རྒྱ་ཆེ་སྟེ།། དེ་བས་བདག་ཉིད་ལུས་རྟོགས་ན།། སྣོད་བཅུད་ལ་སོགས་པའི་སྐྱེས་མཆོག་རྣམས།། ཤེས་གསལ་བློ ་ལྡན་རྣམས་ལ་ཡེ་ནས་རྙེད་པ་གསལ།། བླ་མའི་རྒྱུད་མཆོག་དེ་ལ་ཡོད་ཅེས་གསུངས་ཏེ་རྫོགས།། རྫོགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ།། བསྒོམས་པས་རྙེད་པར་མི་འགྱུར་མ་སྒོམ་སྟོང་བྲལ་མེད།། ་ཐུགས་ནས་ཞལ་དུ་བྱུང་བ་འགྲོ་བའི་དོན་དུ་གསུང་།། རྣ་རྒྱུད་སྟོང་པས་ཐུགས་རྟོལ་ཏེ།། ལུས་དང་སེམས་ལས་མ་རྟོགས་བསྒོམ་དུ་མེད།། བསྒོམས་ནས་སེམས་ཉིད་གཞན་ནས་བཙལ་ཀྱང་རྙེད་པར་མ་གསུངས་སོ།། ་དུས་གསུམ་རྒྱལ་བས་ཡེ་ནས་མ་བཅོས་ཏེ།། རང་སེམས་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ།། ཆོས་ཉིད་སྒོམ་པར་བྱ་བ་གང་ཡང་མེད།། མན་ངག་ཤེས་རབ་སྦྱིན་ཆེན་དེ་གསུངས་པས།། ལུས་སེམས་ཉིད་ནི་བདར ་ཤ་ཆོད་རྟོགས་ན།། བདག་གི་སྐུ་གསུང་ཐུགས་ལ་ཚང་བར་གནས།། གལ་ཏེ་བརྗོད་པའི་མཐའ་བཞི་ཡོད་ན་ནི།། དོན་རྫོགས་སྒོམ་པ་པོ་ཡང་ཡོད་པར་འགྱུར།། ལུས་སེམས་སྐྱེ་བ་མེད་པ་བདེན་པས།། བསྒོམ་དུ ་མེད་པས་འཇོག་པ་གང་།། དོན་ཀུན་རྫོགས་ཤིང་ཆུབ་པར་དེར་གནས་སོ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། ཟླ་གསལ་དཀར་དམར་རླུང་ཀར་ལྕི།། ཟླ་བ་ཤེས་རབ་གསལ་བ་ཐབས་ཆེན་ཏེ།། ་ཐིག་ལེ་བྱང་ཆུབ་སེམས་ཉིད་དཀར་བར་རབ་འཆར་བའི། དམར་བ་ཡུམ་གྱི་རག་ཏ་བྱང་ཆུབ་སེམས།། རླུང་ལ་ཤོར་དུ་མེ་རྩལ་ཐིག་ལེ་སྒྲོམ་བུ་སྦ།། དེ་ལས་མ་གཏོགས་སངས་རྒྱས་གཞན་ལས་མེད།། མན་ངག་ཚུལ ་དུ་ཟླ་བའི་གཟུགས་ཡིན་ཏེ།། གསལ་བའི་ཚུལ་དུ་ཡིད་ཀྱི་རྣམ་ཤེས་ཉིད་ཀྱང་ཟླ་བ་ཡིན།། ཐིག་ལེ་སེམས་ཀྱི་རང་བཞིན་སྣུམ་ལ་འདྲིལ།། མན་ངག་ལེན་པར་བྱེད་པས་སེམས་ཀྱིས་ཐིག་ལེ་ཡིན།། སེམས་ལས་མ ་གཏོགས་སངས་རྒྱས་གཞན་ན་མེད།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། རང་བྱུང་ཆེ་བའི་ཡེ་ཤེས་མི་འགྱུར་ལ།། ཆོས་ཉིད་རང་གིས་གནས་པའི་རང་བཞིན་ལ།། དམིགས་བྲལ་ཏིང་འཛིན་རྒྱ་མཚོ ་རབ་སྤྲུལ་ཏེ།། ཡིད་ནི་འཕགས་པའི་ལམ་ལ་གནས་པ་ནི།། ཕྲ་ཞིང་ཟག་པ་བརྟག་དཀར་རྒྱལ་བའི་སྐུ།། དྲན་པ་བྱེད་པའི་རྩོལ་དང་སྲོག་ཆགས་གསུམ།། ཀུན་གཞི་པདྨའི་ཡིག་འབྲུ་གསལ་བར་བྱེད།། བྱང་ཆུབ་སེམས ་ཀྱིས་དེང་འདིར་དབང་བསྐུར་རོ།། རྒྱུ་ནི་སྐྱེ་བ་མེད་པས་རྣམ་པར་དག། འབྲས་བུ་འགག་པ་མེད་པ་བྱང་ཆུབ་སེམས།། བྱང་ཆུབ་སེམས་ཏེ་སྐྱེ་མེད་ཡེ་ཤེས་དབྱིངས།། སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཡེ་ཤེས ་དབྱིངས།། སྐྱེ་མེད་མི་འགྱུར་མི་ཤིགས་རྡོ་རྗེ་སེམས་དཔར་རབ་ཏུ་བསྒོམ།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་སྐུར་རོ།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ནམ་མཁའ་རྡོ་རྗེ་སྣང་བ་སྟོན་པའི་སངས་རྒྱས་སོ།། ་ས་རྡོ་རྗེ་ཆོས་ཉིད་ཡེ་ནས་གནས་པའི་སངས་རྒྱས་སོ།། མེ་རྡོ་རྗེ་ཆོས་ཉིད་རིན་པོ་ཆེའི་སངས་རྒྱས་སོ།། ཆུ་རྡོ་རྗེ་སྙིང་པོ་ཆེན་པོས་རླན་པའི་སངས་རྒྱས་སོ།། རླུང་རྡོ་རྗེ་འདོད་པ་སྒྲོལ་བའི་སངས་རྒྱས་སོ།། འབྱུང་བ ་ཅོམ་ལྡན་འདས་ཀྱིས་དབང་སྐུར་རོ།། དངོས་གྲུབ་རྩོལ་བ་རྣམ་གཉིས་ཏེ།། ངེས་པའི་ལུང་དང་རང་བཞིན་ནོ།། ཆོས་ཀྱི་དབྱིངས་ལ་མངའ་བརྙེས་ནས།། གང་ལྟར་སྒྲུབ་ཀྱང་དབྱིངས་ཀྱི་དོན།། ཆོས་ཀྱི་དབྱིངས་ལ ་འཆར་བ་དང་།། དབང་ཆེན་མངའ་བསྐུར་འཆིང་བ་མེད།། དེ་ཉིད་སྤྲུལ་པ་ཀུན་ཏུ་བཟང་པོ་ཉིད།། སྒྲིབ་དང་འཆི་བ་མི་འགྱུར་རོ།། བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ།། ལྷུན་གྱིས་གྲུབ་པའི་དབང་ཆེན་དེ་ཡང་ས ་གསེར་ཟླ་བ་མེ།། གསེར་དང་འདྲ་བ་བྱང་ཆུབ་སེམས།། ཟླ་བ་མེ་དང་འདྲ་བ་ཡི།། བྱང་ཆུབ་སེམས་ཉིད་ཀུན་ཏུ་བཟང་།། གསལ་ཞིང་དྲོད་ལ་ཉོན་མོངས་སྲེག། བྱང་ཆུབ་སེམས་ཀྱིས་དབང་སྐུར་རོ།། ལྷུན་གྱིས་གྲུབ ་པའི་དབང་ཆེན་ནི།། ཡབ་ཡུམ་གཉིས་མེད་རོལ་པ་ཡི།། རག་ཏ་བྱང་ཆུབ་སེམས་ཀྱི་ལམ།། མ་སྐྱེས་རྫོགས་པའི་ཧེ་རུ་ཀ། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཡོན་ཏན་ཕྲིན་ལས་རྫོགས་མཛད་པའི།། གསང་བའི ་དོན་གྱིས་དབང་བསྐུར་རོ།། གསང་བ་ཡུམ་ཆེན་ཀུན་ཏུ་བཟང་།། རག་ཏ་བྱང་ཆུབ་སེམས་དཀྱིལ་ན།། མ་ཧི་སུ་ཀའི་དཀྱིལ་འཁོར་དབྱིངས།། སེམས་ཀྱི་ཐིག་ལེས་ཐིག་བཏབ་སྟེ།། དཀྱིལ་འཁོར་ཟླུམ་པོ་འཁྱིལ་བ ་ལ།། ཆོས་ཀྱི་དབྱིངས་ལས་སྤྲོས་མེད་པའི།། ཐུགས་ཀྱི་དོན་གྱི་དབྱིངས་ནས་ལྷ་མོ་དགོད།། ངེས་པའི་དོན་གྱིས་དབང་སྐུར་ཏེ།། ང་དང་རང་བཞིན་བདག་ཉིད་ཆེན་པོ་སྟེ།། ལྷུན་གྱིས་གྲུབ་དང་སྤྲོས་པ་མེད་པ་ཡི།། ་ཐུགས་ཀྱི་དཀྱིལ་ནས་འབྱུང་བ་ཐུགས་ཀྱི་སྲས།། ཀུན་ཏུ་བཟང་པོ་ཡུམ་གྱི་དོན་དང་ཐབས་ཆེན་ལས།། མན་ངག་གདེང་དང་བཅས་པ་ཡེ་ཤེས་སྙིང་པོའི་དོན།། བཅོམ་ལྡན་གསང་བ་མཆོག་གི་དཀྱིལ་འཁོར་ན།། ་དཔལ་ཆེན་ཀུན་ཏུ་བཟང་པོ་ཡེ་ཤེས་ཏེ།། གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ།། དཀྱིལ་འཁོར་མ་ཧ་སུ་ཀའི་གནས།། མ་ཧཱ་སུ་ཀའི་དབྱིངས་ཉིད་ན།། བྱང་ཆུབ་སེམས་ཉིད་དེ་ཁོ་ན།། ཡེ་ཤེས་ཆེན་པོ ་ལྷུན་གྱིས་གྲུབ་ནས་གནས།། མ་ཧ་སུ་ཀ་གསང་བ་ཆེན་པོ་མཉམ་པ་འདི།། དོན་དང་ལྡན་ཏེ་ཀུན་ཏུ་བཟང་པོ་ཡིན།། ངང་ལས་མ་གཡོས་ཀུན་ཏུ་བཟང་པོ་ནི།། གཉིས་སུ་མེད་པར་རྣམ་པར་དག་པའི་ཕྱིར།། གསང ་པ་བྱང་ཆུབ་སེམས་ཀྱིས་དབང་སྐུར་རོ།། ཡུམ་གྱི་ནགས་ཚལ་ཆེན་པོ་འདུ་འབྲལ་མེད་པ་རུ།། བརྟག་པ་ཉིད་ཀྱི་ངང་དུ་བཞུགས།། ངང་ནི་དུས་གསུམ་བཞུགས་ཤིང་རང་བཞིན་འགྱུར་བ་མེད་པ་ཡིན།། ་བདག་ཉིད་འདུས་མ་བྱས་སྐྱེ་བ་མེད་པ་ལྷུན་གྱིས་གྲུབ།། གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ།། སྲིད་པ་བྱང་ཆུབ་སེམས་སུ་མ་བཅོས་ཐིག་ལེ་ཟླུམ།། སྔར་འདས་པ་དང་ད་ལྟར་བཞུགས་དང་ཕྱིས ་འབྱུང་བ་ཡི།། སེམས་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས།། ཉོན་མོངས་དྲི་མ་ཡེ་ནས་མེད་པ་དང་།། ཡེ་ནས་སངས་རྒྱས་མ་སྐྱེས་ལྷུན་གྱིས་གྲུབ།། བྱང་ཆུབ་སེམས་ཉིད་གསང་བའི་དབང་བསྐུར་རོ།། ་དཔལ་ཆེན་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་དོན།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས་སྤྲུལ་པ་མང་པོ་འཕྲོ།། ལྷག་པའི་ཡེ་ཤེས་བྱེ་བྲག་གཅིག་པུའོ།། ཕྱག་རྒྱ་འགྱུར་བ་མེད་པ་བརྒྱན་གྱི་ཕྱག་རྒྱའོ།། སྐུ་ནི་ཐམས ་ཅད་ཆོས་ཀྱི་སྐུ་རུ་འདུས།། ལམ་ནི་ཐམས་ཅད་རོལ་པས་ཆུབ་པའོ།། ཡུམ་གྱི་དབྱིངས་ཆེན་རང་བཞིན་རྣམ་པར་དག། ཟས་ནི་ཐམས་ཅད་བདུད་རྩི་ལྔ་ཡི་དོན།། སྤྱོད་པ་བྱ་བ་མེད་པ་ཆེན་པོའོ།། སྒྲ་ནི་ཐམས་ཅད ་གསུང་དུ་གྱུར་པའོ།། ཐུགས་ནི་རྟོག་པ་མི་མངའ་ས་ལེ་པའོ།། ལྡེམ་དགོངས་དོན་དམ་བྱང་ཆུབ་སེམས་ཀྱི་དོན།། བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ།། རྣར་རྒྱུད་སྟོན་པས་ཐུགས་རྟོལ་ཏེ།། ངེས་པའི ་ལུང་དང་དོན་ཡང་སངས་རྒྱས་ཡིན།། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ་བ་ཞེས།། བྱང་ཆུབ་སེམས་ནི་ཀུན་ཏུ་དག་པའི་དོན།། རྫོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད།། དབང་མཆོག་འདིས་ནི་དབང་སྐུར་རོ།། ་སྐུ་རྒྱན་འཁོར་ལོ་ལུང་ཆེན་ཟབ་མོ་ནང་ནས་གསལ།། ལྔ་བཞི་ནང་དུ་འཁོར་བ་ཡང་།། ཡེ་ཤེས་སངས་རྒྱས་དེ་ལས་མེད།། ལྟ་བ་འདི་ལ་གནས་ཤིང་རྣལ་འབྱོར་སྐལ་བ་བཟང་།། བདེར་གཤེགས་ཀུན་གྱི་ཐུགས་དེ ་བྱང་ཆུབ་སེམས་ཀྱི་དོན།། དོན་དམ་དབང་མཆོག་འདིས་དབང་སྐུར་རོ།། དབྱིངས་ནས་གསལ་ཤར་བརྡལ་བ་ལ།། ཐུགས་ཀྱི་དཀྱིལ་འཁོར་འབྱམ་རེ་ཡས།། རྫོགས་པའི་དཀྱིལ་འཁོར་ཡིད་ལ་ཐིམ།། འགྲོ་ལོག ་སྤྱི་ཚུགས་གར་གྱུར་ཡང་།། གང་ལྟར་བྱས་པ་བྱང་ཆུབ་སེམས་ཀྱི་དོན།། ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ།། མུན་ནག་ལངས་ཀྱང་ཁམས་གསུམ་གསལ།། ཡེ་ཤེས་ཁྲུས་ཀྱི་རྫིང་བུ་རུ།། དྲི་མ་དག་པས་རྡུལ་མི་འགྲོ། ་དབང་མཆོག་འདིས་ནི་དབང་བསྐུར་རོ།། དེ་ནས་བཅོམ་ལྡན་འདས་ཉིད་ལས་མི་གཞན་པའི་འཁོར་རིགས་བཞིས་འཁོར་བའི་ཕྲ་མེན་མ་དང་། ཁྲོ་བོ་རྡོ་རྗེ་བཀའི་ཕོ་ཉ་རྣམས་ལ་བཀའ་སྩལ་ཏོ།། སངས་རྒྱས་ཀུན ་གྱི་རྡོ་རྗེ་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་རྣམས་སུ་འགྲུབ་བྱའི་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་།། ཤེས་རབ་ཐབས་ཀྱིས་ཕྱག་རྒྱ་འཛིན།། རྣམ་གྲོལ་དག་པས་གསུང་སྐད་སྒྲགས།། དྲིལ་བུ ་འདི་ནི་སྒྲ་སྙན་གྱིས།། ཕྱོགས་བཅུ་ཀུན་ཏུ་སྒྲོག་པར་བྱེད།། དབང་མཆོག་འདིས་ནི་དབང་སྐུར་རོ།། དེ་ནས་དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ།། རག་ཏའི་ཡི་ནི་དྲིས་བྱུགས་ལ།། དེ་རུ་དཔལ་ཆེན་དགོད ་པར་བྱ།། འཕྲ་མེན་འཁོར་དང་ཕོ་ཉས་སྒོར།། དེ་རུ་སློབ་མ་གཞུག་པར་བྱ།། དེ་ནས་རིགས་ཀྱི་བུ་མཆོག་དེས།། རྒྱལ་སྲིད་དང་ནི་རང་གི་ལུས།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་འཐད་དབུལ།། ་དབང་ཕྱུག་ལོངས་སྤྱོད་སྔས་མཆོད་ན།། དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གསང་བ་གསུམ་གྱི་དབང་བཀའ་སྩལ་ཏོ།། ཕྱིའི་དབང་རིན་པོ་ཆེ་སྣ་བདུན་ལ་སོགས ་ཏེ། དབང་རྫས་ལྔ་བཅུ་རྩ་ལྔས་དབང་བསྐུར་རོ།། ནང་དབང་དཔལ་ཆེན་པོ་ཡབ་ཡུམ་དང་། ཁྲོ་བོ་ཕྲ་མེན་རྣམས་ཀྱི་ཕྱག་མཚན་གྱིས་དབང་སྐུར་རོ།། གསང་དབང་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱིས་དབང ་བསྐུར་རོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོ་ལས། དབང་གི་ལེའུ་སྟེ་བདུན་པའོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱིས་ཀྱང་། མཁྱེན་པའི་ཡེ་ཤེས་ལ་སྐུ་གསུང་ཐུགས་མངའ་བའི་རྟགས་སུ་དང་པོ་ཕྱག་རྒྱ་ཆེན་པོ་དྲུག་དང་ལྡན་པར་སྒོམ་མོ།། དེ་ནས ་ཀུན་མཁྱེན་ཡེ་ཤེས་ཀྱི་ཐབས་མཁས་པའི་ཐུགས་རྗེས་སྒོ་ཤག་གིས་ཕྱེ་ལ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དུ་སྒོམ་མོ།། དེ་ནས་རྒྱུའི་ཏིང་ངེ་འཛིན་དུ་ཡེ་གི་ཧཱུཾ་མཐིང་ནག་ལས་སྐུ་སྨུག་ནག་འཇིགས་པའི་སྐུ། གསུང་གི ་དྲག་ཤུལ་སྤྱོད་པའི་སྔགས། ཐུགས་ཏིང་ངེ་འཛིན་ཧཱུཾ་མཐིང་ནག་ལས་འཕགས་པའི་སྐུར་སྒོམ་མོ།། དེ་ནས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི ་ཏིང་ངེ་འཛིན་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། འཁྱིལ་པའི་ཏིང་ངེ་འཛིན་དང་། མཉེས་པ་ཆེན་པོའི་ཏིང་ངེ་འཛིན་དང་། གྲུབ་པ་རྫས་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ཚོགས་ཀྱི་ཏིང་ངེ་འཛིན་དང་། རྡོ་རྗེ་ཟ ་བའི་ཏིང་ངེ་འཛིན་དང་། བདུད་རྩི་བཏུང་བའི་ཏིང་ངེ་འཛིན་དང་།། ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དང་། རྫོགས་པའི་ཆེན་པོའི་ཏིང་ངེ་འཛིན་དང་། དོན་ཡོད་རྡོ་རྗེ་གསལ ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་དང་། བླ་ན་མེད་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་གསང་བའི་ཏིང་ངེ་འཛིན་དང་། དགྱེས་པ་ཆེན་པོའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་ཏིང་ངེ་འཛིན ་དང་། ཉོན་མོངས་པ་དང་བྲལ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་འདུས་པའི་ཏིང་ངེ་འཛིན་དང་། རྟོག་པ་འཇོམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཆེན་པོའི་ཏིང་ངེ་འཛིན་དང་། དབུ་མ་ཆེན་པོའི་ཏིང་ངེ ་། འཛིན་དང་། བདེན་པ་གཉིས་ཀྱི་ཏིང་ངེ་འཛིན་དང་། སྒྲ་སྒྲོག་པའི་ཏིང་ངེ་འཛིན་དང་། དམ་ཚིག་གི་ཏིང་ངེ་འཛིན་དང་། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་། ་འབར་བ་ཆེན་པོའི་ཏིང་ངེ་འཛིན་དང་། གཏུམ་པོ་རྔམ་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཏིང་ངེ་འཛིན་དང་།། རྡོ་རྗེ་འགུག་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལས་ཀྱི ་ཏིང་ངེ་འཛིན་དང་། ཁྲག་འཐུང་ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྦོས་པའི་ཏིང་ངེ་འཛིན་དང་། གསེར་མདོག་ཆེན་མོའི་ཏིང་ངེ་འཛིན་དང་། གཞད་གཏོང་ཆེན་མོའི་ཏིང་ངེ་འཛིན་དང་། རྡོ་རྗེ་མཚོན་ཆའི་ཏིང ་དེངེ་འཛིན་དང་། རྡོ་རྗེ་དུར་ཁྲོད་ཀྱི་ཏིང་ངེ་འཛིན་དང་། དྲེགས་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྡོ་རྗེ་ངོ་མཚར་གྱི་ཏིང་ངེ་འཛིན་དང་། བསྙེན་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་གཤེགས་པའི་ཏིང་ངེ་འཛིན་དང་། ་མཐར་པའི་ཏིང་ངེ་འཛིན་དང་། རྒྱལ་བའི་ཏིང་ངེ་འཛིན་དང་། རྔམ་པར་བྱེད་པའི་ཏིང་ངེ་འཛིན་དང་། གློ་སྙིང་ནང་གྲོལ་འདྲེན་ཅིང་ཟ་བའི་ཏིང་ངེ་འཛིན་དང་། སྤྲུལ་པའི་ཏིང་ངེ་འཛིན་དང་། ཆོ་འཕྲུལ་གྱི་ཏིང་ངེ ་འཛིན་དང་། རྫུ་འཕྲུལ་གྱི་ཏིང་ངེ་འཛིན་དང་། བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་དང་། མཆོད་པའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་ཏན་ཏྲ་གསང་བ་ཟབ ་མོ་ལས། ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་མཉེས་པ་ཆེན་པོའི་རོལ་པ་འདི།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། དེ་ལ་མཆོད་པ་དམ་པ་ནི། ་ཐོག་མར་རྟོགས་སྒོམས་དམ་ཚིག་བསྒྲལ།། དེ་ནས་གཉིས་མེད་བློ་ཡིས་ནི།། བློ་ངན་འཇིག་རྟེན་སྙིང་རེ་རྗེ།། གཉིས་སུ་མེད་པར་སྒྲལ་བར་བྱ།། འཁྲིལ་བའི་མཆོད་རྟེན་མཉམ་སྦྱོར་བས།། བདག་ཉིད་མཉེས་པས ་མཆོད་པར་བྱ།། མཉམ་པའི་གྲུབ་རྫས་ཆེན་པོ་དག། བདག་དང་མཉམ་པའི་ཚོགས་ལ་འབུལ།། བཟའ་དང་བཏུང་དང་བཅའ་དང་བགོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི།། དཀྱིལ་འཁོར་ལ་ནི་དབུལ་བར་བྱ།། ་མཉེས་པའི་མཆོད་པ་ཆེན་པོ་རབ་ཏུ་མཆོད།། ཤ་ཆེན་དང་དྲི་ཆེན་དང་།། ག་པུར་རག་ཏ་དྲི་ཆུ་དང་།། མ་ཧེ་རྟ་དང་ཁྱི་ཤ་དང་།། ན་ག་གེ་རྒྱས་གཤོག་པ་ཅན།། འདི་དག་འཕགས་པའི་ཚོགས་ལ་འབུལ།། པདྨ་ཅན ་དང་དུང་ཅན་དང་།། བ་གླང་ཅན་དང་རིན་པོ་ཆེ།། འདི་དག་མཉེས་པའི་མཆོད་པ་འབུལ།། ཞིང་གི་རྒྱལ་མཚན་ཤ་ཆེན་ཏོག། རས་ཆེན་དག་གི་བླ་རེ་དང་།། ཞིང་གི་དབྱུག་པ་ཙི་ཏའི་ཏོག། ཏིལ་མར་དག་ཏུ་བཅས ་པ་རྣམས།། འདི་དག་མཆོད་པར་འབུལ་བར་བྱ།། མཉེས་པའི་མཆོད་པས་རབ་མཆོད་ན།། ཐམས་ཅད་མ་ལུས་མངོན་སངས་རྒྱས།། ཕྱིའི་མཆོད་པ་དང་ནང་གི་མཆོད་པའོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས།། ་། མཆོད་པ་གསང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། བླ་མ་མི་སྤང་བ་དང་། བླ་མར་སྐུར་བ་དང་། སྔགས ་དང་ཕྱག་རྒྱ་རྒྱུན་མི་ཆད་པ་དང་། ཡང་དག་པའི་ལམ་ལ་ཞུགས་པ་དང་། གསང་བའི་དོན་དུ་མི་སྨྲ་བ་དང་། རྩ་བ་དང་ཡན་ལག་སྒྲུབ་པ་དང་། སྲུང་བ་དང་། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ་རྒྱལ་དང་ཕྲག་དོག་དག་མི་སྤོང་ངོ་། དཀར་རྩི་བ་ཡིད་དེ་རིགས་ཤ་ཆེན། དག་པའི་སྣོད་བཅུད་མི་འདོར་རོ།། ཡན་ལག་བཅུ་ཡི་དམ་ཚིག་ཏེ།། ཡེ་ནས་དམ་ཉམ་རྟོགས་པས་སྤྱད།། སྲུང་ཞིང་སྒྲུབ་པའི་དམ་ཚིག་ནི།། ་རྩ་བ་ཡིན་ཏེ་རིགས་མེད་འགྱུར།། མི་སྤོང་མི་འདོར་ལྔ་གཉིས་ནི།། ཡན་ལག་དམ་ཚིག་འདའ་དཀའ་བོའོ།། མཉམ་ལ་མཉམ་པར་སྦྱོར་བ་ནི།། མཉམ་པའི་དམ་ཚིག་ལ་གནས་ན།། མཉམ་རྫོགས་ཆེན་པོ་ཐོབ ་འགྱུར་ནས།། འདས་ན་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམ་པའི་ཕྱལ་བ་དང་།། གསོལ་ལ་ཉེ་བར་མི་བརྩོན་དང་།། སྐད་ཅིག་ཡུད་ཙམ་སྨྲར་མི་བྱེད།། ཉམས་གྱུར་ཉེས་པ་བརྗོད་མི་ལང་།། རྩ་བའི་དམ་ཚིག་ཉམ ་གྱུར་ན།། སྒྲུབ་པ་ཐམས་ཅད་ཉམ་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདོད་བཞིན་དུ་འདུ།། ཡན་ལག་དམ་ཚིག་ཉམ་གྱུར་ན།། འབྲས་བུ་མེད་ཅིང་ངན་འགྲོར་ལྷུང་།། དམ་ཚིག་རྣམས་ནི་རྡོ ་རྗེ་སྟེ།། སངས་རྒྱས་རྣམས་ཀྱི་བདག་ཉིད་ཡིན།། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལ་གཉིས་དང་། ཡན་ལག་དམ་ཚིག་ལྔ་གཉིས་གཅིག་ལ་བཅུ་ཕྲག་གཉིས་སུ་མེད། སྲུང་བར་བྱ་བ་དང་མི་སྤང་བ་བརྒྱ་ཉི་ཤུ།། ་དང་དུ་བླང་བ་བརྒྱ་ཉི་ཤུ། སྤྱད་པར་བྱ་བ་བརྒྱ་ཉི་ཤུ། སྤྱིར་སུམ་བརྒྱ་དྲུག་ཅུའོ།། དམ་ཚིག་འདི་རྣམས་མཉམ་ནས་སངས་རྒྱས་སོ།། ཉམས་ན་དམྱལ་བ་ཡིན་ནོ་ཤེས་པར་བྱའོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། བླང་བར་བྱ་བའི་སྣོད་ནི་གང་། སྤང་བར་བྱ ་བ་ཇི་ལྟ་བུ། མཚན་ཉིད་རྣམ་པ་དུ་ཞིག་མཆིས།། སྨད་པར་བྱ་བ་དུ་ཞིག་མཆིས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཧེ་རུ་ཀ་རོལ་བའི་དོན་བཀའ་སྩལ་པ། དུམ་བུ་གཅིག་དང་དུམ་བུ་གཉིས།། གསུམ་དང་བཞི་དང་ལྔ ་པ་དང་།། དྲུག་པ་དང་ནི་བདུན་པ་དང་།། དུམ་བུ་བརྒྱད་པ་རབ་ཏུ་གྲགས།། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་།། དམངས་རིགས་བུད་མེད་རིགས་མ་དེས།། དཀར་དང་དམར་དང་དཀར་སྔོ་དང་།། དེ་བཞིན ་སེར་པོ་སེ་སྐྱ་སྟེ།། ཐལ་བའི་མདོག་དང་མདོག་མི་སྡུག་ཁ་དོག་དྲུག་ཏུ་རབ་ཏུ་གྲགས།། ཉི་རིང་དང་ནི་བླང་པོའི་རྒྱབ།། འཁོར་ལོ་དེ་བཞིན་བྱ་རོག་རྗེས།། དུང་སྔོ་གཅིག་དང་རུས་གཉིས་དང་།། ཆགས་པ་དང་ནི ་མཚམས་གྱེས་པ།། འདི་དག་ཐམས་ཅད་རབ་བརྟགས་ཏེ།། རབ་ཏུ་བཏགས་ཏེ་སྤྱད་པར་བྱ།། ཤིན་ཏུ་མཉམ་པའི་ས་ཕྱོགས་སམ།། རྙིང་ངམ་ཡང་ན་རུལ་བའི་སར།། སྔགས་ཀྱིས་བཏང་སྟེ་མནན ་དུ་བསྒྱུར།། ལྷུང་བའི་མཚན་ཉིད་འདི་རིག་བྱ།། ལྷོ་ཕྱོགས་ཁ་བལྟས་བྲམ་ཟེ་མེད།། སྲིན་པོ་ཕྱོགས་བལྟས་གླང་པོ་སྙོལ།། ནུབ་ཀྱི་ཕྱོགས་བལྟས་རིགས་ངན་ཏེ།། རླུང་གི་ཕྱོགས་བལྟས་གསང་མི་ཐུབ།། བྱང་གི ་ཕྱོགས་ལྟས་ཕྱུག་པོར་འགྱུར།། དབང་ལྡན་ཕྱོགས་ལྟས་སྔགས་གྲུབ་སྟེར།། ཤར་དུ་ལྟས་ན་བདག་ཉིད་སོད།། མེ་ཡི་ཕྱོགས་བལྟས་ཤིའུ་ཤིང་མིང་།། འོག་ཏུ་ལྟས་ན་རྐུན་པོར་སྤྱོད།། སྟེང་དུ་ལྟས་ན་བུད་མེད་སོད།། ་གློག་ལྟར་དེ་ནི་རིགས་ངན་ཏེ།། སྣོད་ཀྱི་མཚན་ཉིད་འདི་རྣམས་སོ།། དེ་ནས་གཞན་ཡང་བཤད་བྱ་སྟེ།། དགེ་བ་སྤྲུལ་པའི་སྣོད་དག་ནི།། དུམ་བུ་གཅིག་པས་དབང་།། གཉིས་པ་དེ་ནས་ཕྱལ་ཕྲན་འགྱུར།། གསུམ་པ ་དེ་ཡང་ནོར་ལ་དབང་།། བཞི་པ་དེ་ཡང་སྔགས་སྒྲུབ་འགྱུར།། ལྔ་པ་དེ་ཡང་ཆོས་ཀྱང་འགྲུབ།། དྲུག་པ་དེ་ནི་སློང་བ་ཡིན།། བདུན་པ་དེ་ནི་བརྟུལ་ཞུགས་སོ།། བརྒྱད་པ་ཡོངས་སུ་སྤང་བར་བྱ།། དུམ་བུ་གཅིག་པ ་བྲམ་ཟེའི་རིགས།། གཉིས་པ་དེ་ནི་རྒྱལ་པོའི་རིགས།། གསུམ་པ་དེ་ནི་རྒྱལ་པོ་རིགས།། གསུམ་པ་རྗེ་རིགས་ཡིན་པ་སྟེ།། བཞི་པ་དེ་ནི་དམངས་རིགས་སོ།། བུ་ག་མེད་དང་མང་བ་ནི།། མཁས་པས་ཤིན་ཏུ་སྤང་བར ་བྱ།། བོང་ཆུང་བ་དང་སྲབ་པ་དང་།། གང་དག་སེར་པོ་གྱུར་པ་ནི།། བུད་མེད་ཡིན་པར་ཤེས་པར་བྱ།། བུད་མེད་རབ་ཏུ་སྨད་པས་ན།། དེ་དག་རབ་ཏུ་སྤང་བར་བྱ།། སེར་སྐྱ་དང་ནི་དཀར་བ་དང་། ཁ་དོག་སྣ་ཚོགས ་སྤང་བར་བྱ།། དུང་མེད་པ་དང་དུང་གཉིས་དག། ལྷ་མོ་སྤྲུལ་པས་མི་བློང་ངོ་།། དུང་སྔོ་བ་དག་སྡུག་བསྔལ་ཏེ།། བྱ་རོག་རྗེས་ནི་མཐའ་རྩལ་འགྱུར།། ཉི་རིམ་བྱིས་ཀྱིས་གསོད་པར་འགྱུར།། ཀློང་པོ་རྒྱབ་ནི་ནང་དུ ་འགྱུར།། འདི་ལས་གཞན་ཡང་བཤད་བྱ་སྟེ།། གསང་བ་སྒྲུབ་ཐོབ་མཚན་ཉིད་ནི།། ཡན་ལག་ཆེ་ཕྲ་མང་པོའི་བདག། དཔག་བསམ་ཤིང་ནི་ཡོད་འགྱུར་ན།། འདོད་པའི་འབྲས་བུ་ཐོབ་འགྱུར་ཏེ།། སྔགས་པས་དེ་ལ ་ཐེཟེ་ཙོམ་མེད།། དབུས་ནག་ཤོང་བུ་བཞི་ཡོད་ན།། འདི་ནི་འདོད་འཛོའི་བ་ཞེས་བྱ།། མདུན་ན་གཤོང་བུ་གཉིས་ཡོད་ན།། ཡིད་བཞིན་ནོར་བུ་ཞེས་པའོ།། དེ་ཡི་མཚན་ཉིད་ལྡན་པའི་སྣོད།། སུ་དག་རྟག་ཏུ་འཆང་བ ་ནི།། ལོངས་སྤྱོད་ཐར་པ་ཐོབ་འགྱུར་ཏེ།། དེ་ལ་ལྷ་མོ་ཐེ་ཚོམ་མེད།། དེ་ནས་རིགས་ནི་རྣམ་བཤད་དེ།། སྣོད་རྣམས་ཀྱི་ནི་བྱེ་བྲག་དང་།། དུང་དུང་ཀུན་ཟླ་འདྲ་བའི་མདོག། སྣུམ་ལ་མཉམ་དུ་སྡུག་པ་ནི།། སྔགས ་རྣམས་ཐམས་ཅད་འགྲུབ་སྟེར་ཡིན།། དབང་ཕྱུག་ཆེན་པོར་ཤེས་བྱའོ།། ཐལ་བའི་མདོག་ལ་བོང་ཡང་ཆེ།། པདྨའི་དབྱིངས་སུ་འདབ་མར་བརྒྱན།། ཚངས་པའི་སྐུད་པ་གསལ་བ་ཡོད།། འདི་དང་ཚངས་པར་རིགས ་@། པར་བྱ།། སྦྲང་རྩི་སེར་སྐྱའི་མདོག་འདྲ་བའི།། ཞི་བའི་ཐིག་ལེས་རྣམ་པར་བརྒྱད། ཁྱབ་འཇུག་པ་མི་སྣོད་ཡིན་ཏེ།། ཟུག་རྔུ་དགྲ་རྣམས་འཇོམས་པར་བྱེད། ཁ་དོག་དམར་ཞིང་སྔོ་བ་ལ།། པད་མ ་དམར་བས་བརྒྱན་པ་དང་།། ཟླུམ་པ་ཤིན་ཏུ་རྣམ་པ་སྟེ།། སྣོད་འདི་གཞོན་ནུ་མ་ཞེས་བྱ།། ཅུང་ཟད་སེར་ཞིང་ཟླུམ་ལ་ཟབ།། གང་དང་རྡོ་རྗེ་ཚན་ཡོད་པའི།། དེའི་མཚན་ལྡན་གང་ཡིན་ལ།། དབང་ཕྱུག་ཆེན་མོ་རིགས ་ཆེན་ཡིན།། ཕག་མོ་གདོང་དབྱིབས་དྲ་བ་ལ།། རབ་ཏུ་མཁྲིགས་ཤིང་མུ་ཏིག་འབྲེང་།། ཤའི་དྲི་དག་མཉམ་པ་ནི།། སྣོད་ནི་ཕག་གདོང་མ་ཞེས་བྱ།། ཐལ་བའི་མདོག་ལ་བོང་ཡང་ཚེ།། ཐིག་ལེ་ཆེན་པོས་རྣམ་པར ་བརྒྱད། ཁྲག་འཛག་པ་ཡི་དྲི་མནམ་པ།། འཇིགས་བྱེད་མ་ཡི་སྣོད་ཅེས་བྱ།། སྣོད་ཀྱི་ཁྱད་པར་ཤེས་བྱས་ནས།། སྔགས་པ་འདི་དག་རྟག་འཚལ་ན།། བདག་གི་བཀས་ནི་བཞིན་བཟངས་མ།། དེ་ལ་བགྱེགས་ཀྱིས ་ཚུཆུགས་མི་འགྱུར།། དེ་ལས་གཞན་ཡང་བཤད་པར་བྱ།། སྣོད་ཀྱི་དངོས་པོ་ཁྱབ་པར་ནི།། ཚངས་མའི་བྲམ་ཟེ་བཅས་པར་བྱ།། རྟག་ཏུ་དངོས་གྲུབ་སྦྱིན་པར་བྱ།། སྒྲུབ་པ་ཆེན་པོའི་དུས་དག་ཏུ། ཁྱབ་འཇུག་དང་ནི ་འབྱོར་ཀུན་ལ།། རྟག་ཏུ་ལས་རྣམས་འགྲུབ་པར་བྱེད།། རྒྱལ་བའི་རིགས་ནི་གཞོན་ནུ་མ།། ཕ་རོལ་ཡུལ་ནི་རྣམ་པར་འཇོམས།། རྗེའུ་རིགས་ཀྱི་ནི་དབང་ཕྱུག་གོ། བློ་དང་ལྡན་པས་ཟློག་ཕྱིར་བཤད།། གསད་དང ་བསྒྲལ་དང་སྒྲུབ་པའི་ཕྱིར།། དམངས་ཀྱི་རིགས་ནི་ཕག་གདོང་ཅན།། ལས་དང་རིགས་རྣམས་ཐམས་ཅད་དང་།། འཇིགས་བྱེད་མ་ལས་དངོས་གྲུབ་སྟེར།། རེ་བ་མེད་པའི་བདག་ཉིད་པས།། གྲུབ་པའི་ཁྱད་པར་འདི ་ཤེས་པས།། འདུ་བ་མེད་པས་བདག་བསམས་ཏེ།། བདག་ཏུ་འདི་དག་སྤྱད་ཅིང་བཅངས།། བདག་གི་དངོས་གྲུབ་སྐྱེ་བ་ཡི།། སྔགས་པས་དེ་ནས་བཤད་པར་བྱ། ཨོཾ་ན་མོ་བ་བ་ཏོ་བ་ཏུ་བ་ཡང་སྨ་ཤ་ན། བི་སི་ནི་ཨི ་ཏང་ཀྱ་པ་ལ། ཨེ་བེ་ཤ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཐལ་བ་དང་། མེ་ཏོག་དང་། ཆུ་ལ་ལན་བརྒྱ་རྩ་བརྒྱད། སྣོད་ལ་བཏབ་སྟེ་བླང་བར་བྱེད།། རི་མོ་རྡོ་རྗེ་འཁོར་ལོ་དང་།། མཆོད་རྟེན་དང་ནི་རིན་པོ་ཆེ།། པདྨ་དང་ནི་ལྗོན་ཤིང ་དང་།། དབུས་ན་བུ་ག་གཉིས་ཡོད་པ།། མདུན་ན་བུ་གཤོག་བུ་གསུམ་དང་གཉིས།། གང་དག་རྡོ་རྗེ་མཚན་ཡོད་པ།། དཔལ་དང་ལྡན་པའི་སྣོད་གནས་སོ།། སྲུབས་གཅིག་པ་དང་སྲུབས་གཉིས་པ།། སྲུབས ་གསུམ་པ་དང་སྲུབས་བཞི་པ།། ལྔ་དང་དྲུག་དང་བདུན་དང་བརྒྱད།། དགུ་དང་བཅུ་དང་བཅུ་གསུམ་པ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། བཅུ་དྲུག་པ་དང་ཉི་ཤུ་དྲུག། འདི་དག་རབ་ཏུ་སྤང་བར་བྱ།། བཅོམ ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས། ཀུན་ཏུ་བཟང་པོ་ཧེ་རུ་ཀ་རོལ་པ་སྟན་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་དབང་ཕྱུག་ཆེན་པོ་བསྒྲལ་བའི་ཐབས་འདི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང ་།། པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། མ་ཧཱ་རུ་ཏྲའི་རྒྱུད། དུར་ཁྲོད་མ་དང་རུ་ཏའི་རྒྱུད།། དབང་དུ་བསྡུ་བའི་མཆོག། ཕྱི་རོལ་ས་ཕྱོགས་གར་བདེ་བའི་སར་ཞིང་ཆེན་སྟན་གར་འོས་པ་ཞིག་ཏུ ་མ་ད་ན་བྱུགས་ཏེ། གནས་ཆེན་པོ་དུར་ཁྲོད་ཀྱི་བདག་པོ་ཆེན་པོའི་ཆ་ལུགས་ཇི་ལྟར་ཉལ། ཚིག་བཤད་ལས་བྱུང་བ་བཞིན་མཚོན་གྱིས་བྲིས། ཡང་ན་ཐལ་རིས་དང་ཡིད་ཀྱིས་བཀོད་ཀྱང་རུང་། སྟ་ནའི་དཀྱིལ་འཁོར ་བཤམ་དེའི་དབུས་སུ་ཧོམ་ཁུང་གྲུ་གསུམ་ཞིག་བཀོད། རྡོ་རྗེ་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་ཏེ། མཉམ་པ་ཉིད་བསྒོམ་པའི་སྔགས་ལ། ཨ་ས་མ་ཧ་ཙ་ལ་དར་མ་དར་དུ་རྩ་བ་ཨད་མ་ཀོ་ཧཾ། ཞེས ་ཅུང་ཟད་བསྒོམ་པའི་རྗེས་ལ། མི་གཡོ་ཕྱག་རྒྱ་ཆེན་པོ་དང་།། ཆོས་ཀྱི་སྐུ་ལས་བཞེངས་པ་ཡི།། གཉིས་མེད་ཕྱག་རྒྱ་རོལ་བ་ཡིས།། དུས་ལ་བབ་བོ་ས་མ་ཡ།། ཞེས་བརྗོད་ནས། རྣལ་འབྱོར་གཞན་གྱི ་འདི་ལྟར་བྱིན་གྱིས་བརླབས་ནས། མཁས་པ་གཅིག་གིས་ལས་འདི་བགྱི། དབང་གི་གཏམ་རྒྱུད་བཤད། རྒྱུད་ཀྱི་རྩ་ལག་ཆེན་པོ་དང་། བདེན་པའི་ཚིག་གིས་བསྒྲགས་ནས་འཕགས་པ་ཐམས་ཅད་བདག་ལ་གསོན།། ་འབྱུང་པོ་མང་པོ་ཀུན་ཉོན་ཅིག། ཐུགས་རྗེ་དང་དང་ཤེས་རབ་དང་།། ཐབས་ལ་མཁས་པའི་བྱིན་རླབས་ཀྱིས།། འགྲོ་བ་ཐམས་ཅད་སྦྱོར་བར་མཛད།། འགྲོ་བའི་བདག་པོ་ཆེ་དང་སྲོག། གསོལ་བ་བདེ་བའི་བར ་གཅོད་པར།། བདུད་དང་གཤིན་རྗེ་འཁོར་བཅས་ཀུན།། བཅོམ་ཞིང་གསོད་པའི་གཉེན་པོ་ནི།། འཇམ་དཔལ་འཕྲུལ་གྱི་ཁྲོ་བོ་དེས།། སྲིད་གསུམ་མཐར་བྱེད་རྔམ་པ་དང་།། ཟོད་དབྱུག་དྲག་པོ་མི་བཟད་པ།། ་གཤེན་རྗེ་བཅོམ་སྟེ་གསང་ནས་ཀྱང་།། རོ་ཡང་ལྷོ་ཡི་འཛམ་གླིང་དུ།། བོར་ནས་ས་གཞི་དུར་ཁྲོད་ཀྱི།། བདག་པོ་གདོལ་པ་དྲག་པོ་ཡིས།། རོ་ཡི་ཉལ་ཐབས་གན་རྐྱལ་ཏེ།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང ་པ་བྱང་ཤར་མཚམས་སུ་བསྟན།། དེ་ཡང་ཅུང་ཟད་བསྣོལ་བའོ།། ལག་པ་གཡས་གཡོན་མཁྲིག་མ་ལ། ཁྱི་གཉིས་དང་ནི་བྱ་རྒོད་དོ།། ཐལ་བའི་གདོང་ལ་སྐུ་བསྒྲེང་བ།། དེ་ཡི་ལུས་སྙིང་ཡན་ལག་ནི།། མ་མོ ་ཆེན་མོ་རྣམས་ཀྱི་གནས། དུར་ཁྲོད་ཆེན་པོ་འདི་དག་གོ། དེ་ཡི་སྙིང་ནི་མ་ག་ཏའི།། དུར་ཁྲོད་ཆེན་པོ་བསིལ་ཚལ་ན།། མ་མོ་ཆེན་མོ་ཀེའུ་རི་མ།། མཁས་པ་སྙིང་སྟོབས་ཆེ་བ་ཡི།། དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི།། སིང ་ག་ལ་ཡི་གླིང་ཕྲན་ན།། མ་མོ་ཆེན་མོ་ཙོ་རི་མ།། མཐོང་ཟོས་རྔམ་པའི་རྫུ་འཕྲུལ་མངའ།། ལག་པ་གཡས་ནི་ཤར་ལྷོ་མཚམས།། བལ་ཡུལ་ན་ནི་པྲ་ཀ་སི།། འཁོར་དང་ལོངས་སྤྱོད་སྣ་ཚོགས་ལྡན།། ལྷག་པར ་ཟས་ཀྱིས་འབྱོར་པ་ཆེ།། ལག་པ་གཡོན་པ་ལྷོ་ནུབ་མཚམས།། ས་ཡི་འཚལ་ཏེ་བེ་ཏ་ལའི།། ཕྱག་རྒྱ་རྡོ་རྗེ་དབང་གི་གནས།། དེ་ནས་མཐུ་དང་དབང་ཡང་ཆེ།། རྐང་པ་གཡས་པ་བྱང་ཤར་མཚམས།། ལི་ཡུལ་ན་ནི ་།། ཙན་ད་ལི།། ཤང་ཀ་ན་ཞེས་གྲགས་པ་དེ།། དེ་ཡང་འཁོར་དང་ལོངས་སྤྱོད་ལྡན།། རྐང་པ་གཡོན་པ་ནུབ་བྱང་མཚམས།། སྐ་ནི་སྐ་ན་མཐུན་པས་ནི།། མ་མོ་ཆེན་པོ་པྲ་མོ་ཧ།། བདེ་སྐྱིད་ལྡན་པའི་ས་ལ ་གནས།། ཕོ་མཚན་སྟེང་གི་བྱང་ཕྱོགས་ན།། ཨུ་རྒྱན་ཡུལ་ན་ཀས་མ་རི།། སྦྱོར་ལས་ལོངས་སྤྱོད་འཇུག་པས་ན།། དངོས་གྲུབ་ཅན་ཡང་དེ་ན་མང་།། དེ་ལྟར་བསྟན་པའི་དཀྱིལ་འཁོར་འདི།། བྲིས་ཏེ་བསམ་ནས ་དགོས་པ་ནི།། དུར་ཁྲོད་བདག་པོས་འདུལ་བ་དང་།། དབང་དུ་སྡུད་པའི་ལས་ཙམ་གྱིས།། སངས་རྒྱས་ཀུན་གྱི་བྱིན་རླབས་ཞེས་བརྗོད་དོ།། དེ་ནས་འགྲེང་མ་རྡོ་རྗེ་ཁུ་ཚུར་གཡས་སུ་བཞག་ཅིང་།། མིག ་གིས་ཕྱོགས་བཅུར་བལྟས་ཏེ།། འཛམ་བུ་གླིང་གི་འཇིག་རྟེན་འདི།། སྐྱེ་ཤིའི་གནས་ནི་དུར་ཁྲོད་ཀྱི།། རང་བཞིན་ཡིན་ནོ་རྣམ་གཟིགས་ནས།། ས་གཞི་དུར་ཁྲོད་གནས་སུ་བསྟན།། བདག་གིས་ཡིད་ཆེས་པར་བྱ། ་ཞིང་སྟ་ནའི་དཀྱིལ་འཁོར་བསམས་ལ། གར་བྲིས་པའི་སར་བལྟས་ཏེ། དེའི་བདག་པོ་ལ་བསྡིག་པའི་ཕྱིར། ལྡན་པ་གཡས་བྱོ་ཞིང་། སྡང་མིག་དྲག་ཏུ་བགྲད། མིག་གི་འབྲས་བུ་དེ་ལ་ཡ། སརྦ་པ་པ་ཀ་ར་ཧེ་རུ་ཀ ་བྱི་སྟ་ན་མ་ཏང་ཀ་རུ་ཀ་ཏྲ། ཧཱུཾ་ཕཊ། རིགས་ལྔ་འཁོར་དང་བཅས་པ་ཡ་ཁྲོ་བའི་ངང་དུ་གྱུར་ཏེ། བདག་དང་འདྲ་བར་བསམས་ལ། དེ་ནས་འགྱིང་ཞིང་རྔམ་པ་ལས།། རལ་བསིགས་ལག་པ་གཡས་པ་བསྒྲེང་།། སོར ་མོ་གྱེ་གཅིག་ཏུ་བགྲད་ལ།། བ་ཡ་ཀྱེ་ཤི་ཙི་ཏ་ཛ་ལ་ཧཱུཾ་ཕཊ་ཅེས་བརྗོད་ནས། ལག་པ་གཡས་པ་སྟ་ཟུར་དུ་བཞག་ཅིང་། ལག་པ་གཡོན་པ་རྔམ་པ་བཞིན་དུ་སྒྲ་གྱེན་དུ་བཏེག་ལ། པྲད་ཉ་ཀེ་ཤི་ཙི་ཏི་ཛ་ཧཱུཾ་ཕཊ། ་ཅེས་རྗོད་ལ་རྔམ་པའི་ང་རོ་བགྱི། མཆེ་བ་བདར། རྐན་སྒྲ་དྲག་ཏུ་གཏོགས་ལ། རྔམ་བརྗིད་ཆེན་པོའི་ཚུལ་དང་ལྡན་པར་བསལ་ལ། ཨོཾ་པྲད་ཉ་སུ་པ་ན་པ་ར་ཧཱུཾ་ཕཊ། རྐང་པ་གཡས་པ་བསྐུམ། ཨོཾ་བཛྲ་ཀྲོ་ཏ་ཨེ་ཤ་ཧཱུཾ། ་དེ་ནས་སླར་གོ་ཆའི་ཕྱག་རྒྱ་སྙིང་ཀར་བཅིངས་ལ་བཏང་སྟེ། ཨོཾ་བཛྲ་ཀ་བེ་རྩེ། ཞེས་པ་བརྗོད་ནས། གོ་བ་གོ་བར་བསམས་ཏེ། གནས་ལྔར་སྲུང་ཞིང་། ཨོཾ་མ་དུ་པ་པི། སྤྱི་བོར་ཐལ་མོ་སྦྱར་ཏེ་སརྦ་བུ་དྲ་མུ་དྲ་སང་ཧ་ར ་ན། ཨ་བྱི་ཤི་ད་ཙ་ཧཱུཾ་ཕཊ། ཅེས་བརྗོད་པས། སྐུ་ཅིར་ཡང་འགྱུར་བའི་ཕྱག་རྒྱ་བཅོས་ཏེ། རྐང་ལག་བཞིའི་ཚིགས་བསྐུམ། མགོ་མགྲིན་བསྒྲིལ་ཅིང་བསྒྲིལ་ལ་ཧཱུཾ། ཞེས་ཚིག་འབྲུ་དྲག་པོས་གཡས་གཡོན་དུ་ལྟ ་བའི་ཚུལ་དྲག་པོ་རེ་རེ་བགྱི། སུམ་པ་ནི་སུམ་པ་ནི་ཧཱུཾ་ཞེས་དྲག་ཏུ་བརྗོད། རྡོ་རྗེ་དྲིལ་བུ་བསིལ་ཏེ། ཆུང་བསྐུམ་དུ་བསྒྲེང་ལ། བགྱིངས་ཤིང་དཀྱིལ་འཁོར་ཕྱོགས་སུ་འཆོངས་ལ། ཁམས་གསུམ་ནས་བྱུང་། སེམས ་ཅན་རྣམས་རྡོ་རྗེ་སྐུའི་ཁྱབ་པར་གྱིས། འོད་ཟེར་ཆུང་ངུ་བསྡུས་ནས་ཀྱང་།། དེ་དག་བདག་གིས་ལུས་ལ་བཟོད།། སྤྲོ་བར་རྡོ་རྗེ་ཐམས་ཅད་ཀྱི།། སྐུ་དང་ཡེ་ཤེས་མཆོག་གིས་བྱ།། ཐར་བའི་བླ་མེད་དཀྱིལ་འཁོར་འདིར།། ་། བྲོད་པ་ཅན་རྣམས་དར་བ་ལྟར།། སྐལ་དང་ལྡན་པའི་རིགས་ཀྱི་བུ།། བདེ་བར་འོངས་པ་ལེགས་པར་འོངས།། རྩེ་རྒྱལ་བསྟན་པའི་གནས་ཆེན་འདིར།། ཟ་ཛཱ་རྩ་ཏེ་དབྱིངས་ཉིད་དུ། ཁམས་སུ ་མ་འཁོར་བ་ཀུན་སྡུའོ།། ཆོས་ཉིད་སྐྱེ་འགག་མེད་པ་ལས།། དབྱིངས་སུ་ཐིམ་པས་གཉིས་སུ་མེད།། ཀུན་གྱི་ངོ་བོ་མཉམ་ཉིད་དེ།། ཐམས་ཅད་སྙིང་པོ་བྱང་ཆུབ་ལས།། མ་སྐྱེས་པས་ན་འགག་པ་འཇིག། བདག་ཉིད ་མེད་པས་མཉམ་པའི་སྐུ།། ཐུགས་རྗེ་ཆེན་པོ་ཅིར་མི་མཛད།། སེམས་ཅན་མ་རིག་རྨོངས་པའི་བློས།། བདག་དང་བདག་གི་སོ་སོར་ཕྱེ།། ལོག་ར་ཏོག་ཕྱིན་ཅི་ལོག་བཞིས་བཅིངས།། འཁོར་བ་རྒྱུད་ལྔའི་ཁྲ་བྲིབས་པས།། ་མྱ་ངན་མི་འདའ་ཡུན་རིངས་ཏེ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་བཀྱེ།། གསུང་གིས་མཐའ་ཡས་སེམས་ཅན་སྒྲོལ།། ཐུགས་ནི་ཚད་མེད་བཞི་དང་ལྡན།། སྐུ་གསུང་འགྲོ ་བའི་ཚུལ་སྟོན་པས།། དུས་ལ་བབ་པའི་སེམས་ཅན་དག། ལས་ལ་བབ་པའི་རྣལ་འབྱོར་པས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། ཐུགས་རྗེ་ལྕགས་ཀྱུས་བཀུག་ནས་ནི།། ཡང་དག་ཉིད་ལ་ཡང་དག་གྲོལ།། ཡང ་དག་སྒྲོལ་ནས་བདེ་ཆེན་ཐོབ།། མི་ལྡོག་ས་ལ་ངེས་པར་ཕྱིན།། ཕྱིན་པ་ཙམ་གྱིས་དབང་ཐོབ་ནས།། རྒྱལ་བའི་ཁམས་སུ་དབྱིངས་ཉིད་མཐོང་།། རྒྱུད་དྲུག་གནས་སུ་མི་སྐྱེ་ཕྱིར།། དཔའ་བོ་འབྲུ་ལྔས་ལམ་ལྔ་དག། ་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། འཁྲུལ་པའི་བག་ཆགས་བག་ལ་ཉལ།། བདེ་འགྲོ་ལམ་ལ་སྒྲིབ་པ་རྣམས།། ཡེ་ཤེས་འབར་བའི་མེས་བསྲེགས་ཏེ།། མཚན་ཉིད་མེད་པར་སྟོང་པར་འགྱུར།། སྦྱོར ་བའི་ལྷུམས་སུ་ཕཊ་ཀྱིས་འཕང་།། གསང་བའི་དབྱིངས་སུ་ཧཱུཾ་གིས་སྡུད།། སྐུར་སྐྱེད་ཡེ་ཤེས་རྒྱུར་སྡུས་པས།། འོག་མིན་གནས་མཆོག་དམ་པ་རུ།། ཆོས་ཀྱི་འཁོར་ལོ་སྐོར་ཞིང་གཤེགས།། ས་བཅུའི་བྱང་ཆུབ་སེམས ་དཔའ་དང་།། འཇིག་རྟེན་འདས་པའི་མཆོད་པས་མཆོད།། དེ་ནས་འགྱིང་ཞིང་དཀྱིལ་འཁོར་ཕྱོགས་སུ་མཆོངས་ལ།། མ་གཏང་གི་གནས་དང་།། ལུང་གི་ཚུལ་དུ་སྨོས་པ་བཞིན་གསལ་བར་སྒོམས་ཏེ། དེའི་འཁོར ་འབྱུང་པོ་མང་པོ་ཡང་མངོན་དུ་བཀུག་པར་བསམ་སྟེ། རྐང་པ་གཉིས་བསྣོལ་བའི་དྲུང་དུ་ཕྱིན་ནས།། བྱང་ཤར་མཚམས་སུ་ཁ་བལྟས་ཏེ།། བདག་ཉིད་བརྐྱང་སྐུམ་གྱི་ཚུལ་དུ་བསྒྲེངས་ལ།། འཛུབ་མོ ་། གཉིས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ།། གནས་ཀྱི་སྒོ་འདི་སུ་ཡིས་བཅད།། སེམས་ཀྱི་བདག་པོས་བཅད་དམ་ཅི།། གཟུང་འཛིན་རྐང་ལག་བསྣོལ་བའི་སྒོ།། ཡུལ་ལས་འདས་པའི་ཞབས་ཀྱི་ཕྱེ།། དེ་ནས་ཧཱུཾ ་ཕཊ་པྲ་པེ་ཤ་ཧཱུཾ་ཕཊ། དེ་ནས་ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བྱ། ཡོན་པའི་འཛུབ་མོ་སྙིང་ཀར་སྒྲེང་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུ་སྟ་ན། ས་མཱ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧཱུཾ་ཕཊ་སྭཱ་ཧཱ། ཟུང་མཐར་བྱེད ་། ཀྱིས་ཟུང་། ལས་མཐར་བྱེད་གང་གིས་མནན་ནས། ཁ་ལྷོ་ཕྱོགས་སུ་བལྟས་ཏེ། བརྐྱང་བསྐུམ་དུ་བསྒྲེང་ལ། ཨ་ཨཱ་ཞེས་བརྗོད། ལྕགས་ཀྱུས་སྙིང་ཀར་སྒོ་ཕྱེ་བར་བསམ། གཡས་ནས་རྒྱབ་ཏུ་བསྐོར་ཏེ་ལུས ་ཀྱི་ནང་དུ་ཞུགས་མ་ཐག་ཏུ། རྐང་པ་གཞིབས་ཏེ་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཞེས་སྒོ་ཕྱེ་བར་བསམ། གཡས་རྒྱབ་ཀྱིས་སྐོར་བས་འབོད་པར་བྱ། ཨེ་ཧི་ཧི་མ་ཧཱ་ཀ་རུ་ཤ་ཏྲཾ་ཀར་མ་བཛྲ་ཧཱུཾ་ཕཊ། མ་ཧེ་དེ་བ ་མ་ཏང་རུ་ཏྲ་ཛཱ། ཞེས་རྡོ་རྗེ་གར་གྱིས་གོམ་པ་འདོར་ཞིང་ལྟེ་བའི་ཕྱོགས་སུ་སོང་ལ། ཤིན་ཏུ་དམར་པོ་བཞི་ལྟེ་བའི་ཕྱོགས་བཞིར་བཀོད་དོ།། ཡི་གེ་ཧཱུཾ་མཆོག་ཏུ་བརྗོད་ཅིང་གཡས་གཡོན་དུ་ལན་གཅིག་ཏུ་གར་གྱིས ་བསྐོར་བར་བྱའོ།། དེ་ནས་སྙིང་པོ་འདི་བརྗོད་པར་བྱའོ།། ཏོ་ཙ་ཕྱང་ཏོ་ཙ་ཕྱང་མ་ནུ་དར་མ། ཨ་མ་དར་མ། ཤྲི་མ་ཧ་ཀ་པ་ལ། ཏོ་ཙ་ཕྱང་། པད་མ་རག་ཏ་རང་། བཛྲ་ད་རང་། བཛྲ་མ་ཧ་མདས་རང་ཞེས་བརྗོད་དོ།། ་དེ་ནས་གར་གྱི་ཚུལ་དུ་སྙིང་ཀའི་ཕྱོགས་སུ་སོང་ལ།། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས།། ཇི་ལྟར་བདེ་བ་རྟོར་མ་བྱིན་མཁྱེན་པ་ནི།། ཤེས་རབ་མཁའ་དབྱིངས་དང་།། མ་ཏང་གི་ལུས་སུ་དབྱེར་མེད་པར་གཞལ་ཡས ་ཁང་འབར་བའི་ནང་དུ་ཁྲོ་བོ་ཧེ་རུ་ཀ། ཕྱིའི་མཐའ་ཕྲ་མེན་ལ་སོགས་པ་འཁོར་དང་བཅས་པ་བཀོད་དེ། སྤྱན་དྲངས་པའི་ཕྱིར་ཐབས་དང་ཤེས་རབ་ཀྱི་དབྱིངས་ནས་ཡི་གེ་ཛ་ལས་ལྕགས་ཀྱུ་གསལ་ཕྱོགས་བཅུར ་འཕྲོས་ཏེ།། ཕྱིའི་རྣལ་འབྱོར་དགུག་ཅིང་སྤྱན་དྲངས་པའི་ཕྱག་གསལ་བས་འཁོར་དང་བཅས་སྤྱན་དྲང་ངོ་།། མི་གསད་པའི་གསད་པ་ཆེན་པོའི་ཆོས་ཉིད་ཀྱིས་སྒྲོལ་བ་དང་། སྐུ་གསུང་ཐུགས་ཆེ་བའི་ཡོན ་ཏན་གྱིས་སྒྲོལ་བ་དང་། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པས་སྒྲོལ་ལོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོའི་དོན།། བདུད་བཏུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཧེ་རུ་ཀའི་ལས་ཀྱི་བཟླས་པ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། འདས་པའི་དུས་ན་སྔོན་བྱུང་བ།། དེ་བཞིན་གཤེགས་པའི་གསུང་རབས་ལས།། འགྲོ་བའི་ཚུལ་དུ་སྔོན་འབྱུང་སྟེ།། དེ་ཚེ་སེམས ་ཅན་ཐམས་ཅད་ཀུན།། ཤིན་ཏུ་ཁྲོ་ཞིང་གདུག་པར་འགྱུར།། ཤིན་ཏུ་ཁྲོ་བོ་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད།། སངས་རྒྱས་ཐུགས་རྗེས ་ཁྲོས་པའི་ས།། ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དམ་ཚིག་ལྔ་སྣང་རྣམ་སྦྱར་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ།། ཧཱུཾ་བཞིས་ཧེ་རུ་ཀར་སྒོམ་ལ།། ཧ་ས་ཀེ་རུ ་ལ་སོགས་པ་བསྒོམ་ལ། ཧ་ས་ཧེ་རུ་རི་ལ་སོགས་པ་བསྒོམ།། ཧེ་སིང་ཧ་ལ་སོགས་པ་སྒོམ། ཧཱུཾ་ཧ་ཧེ་ཕཊ་ཀྱིས་ཏིང་ངེ་འཛིན་བཟླས། སྔགས་འདིས་སྤྱན་དྲང་ངོ་།། སརྦ་དུ་སྟན་ས་མ་ཡ་མུ་པྲ་བ་ན་ཙཀྲ་ཧཱུཾ་ཕཊ། ཨེ་ཧེ་ཧཱུཾ ་བག་བན། ཛ་ཧཱུཾ་བཾ་ཧོ། རུ་ལུ་རུ་ལུ། བཛྲ་ཨེ་ཧེ་ཧྱེ་ཤ་ཧོ་ས་མ་ཡ་ཧོ།། ཨེ་ཧྱེ་ཧི་ཨ་ར་ལི་དྷིང་དྷིང་དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ། ཆོས་སྐུ་ཞི་བའི་ངང་ལས་ཀྱང་།། ་གཟུགས་སྐུའི་ཚུལ་ནི་བསྟན་དུ་གསོལ།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ།། ་ཡེ་ཤེས་རྟོགས་པའི་ཁྱད་པར་ལས།། སྤྲུལ་པ་མང་པོའི་ཚོགས་དང་གཤེགས།། ཨོཾ་ཤྲི་ཧེ་རུ་ཀ་མ་ཧ་བཛྲ། སརྦ་དུསྠཱན་ས་མ་ཡ་མུ་ཏ་པྲ་བེ་ཤ་ཡ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུསྠཱན་ས་མ ་ཡ་མུ་ཏྲ་བ་ན་ཙཀྲ་ཧཱུཾ་ཕཊ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར།། འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར།། དོན་གྱིས་དབང་དུ་དགོངས་ནས་ཀྱང་།། འཁོར་བཅས་རབ་འབར་གཤེགས་སུ་གསོལ།། ཨོཾ་ཤྲི་ཧེ་རུ་ཀ། ་མ་ཧཱ་བཛྲ་ས་མ་ཡ་ཧེ་སརྦ་དུ་སྟན་ཀ་ཡ་བ་ཀ་ཙིཏྟ། བཛྲ་ཧཱུཾ་ཕཊ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་སྐྱེད་ཅིང་། ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་སུས་ཀྱང་། མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས།། ་བདག་ཅག་རྩལ་ཅིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུ་སྟན་ས་མ་ཡ་མུ་ཏྲ་ཨ་བ་ཏམ་པ་ཀ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཤི་ས་མ་ཡ་སྟྭཾ། གུ་ཧྱ་ཧྲི་ཤ་ས་མ་ཧོ། ཨོཾ་བཛྲ་གྷུ་ཧྱ་ཏྲི་ཤ་མ་ཡ་ཧཱུཾ། དམ ་ཚིག་ས་ལ་བཞེངས་པ་ཡི།། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས།། དམ་ཚིག་ཚུལ་བཞིན་མ་གཤེགས་སམ།། གྲུབ་པ་མཆོག་དང་མ་རྩལ་ན།། སྐུ་གསུང་ཐུགས་དང་འགལ་བར་རོ།། ཛ་ཧཱུཾ་བཾ་ཤྲི་ཧེ་རུ་ཀ་མ་ཧཱ ་བཛྲ་དུ་སྠཱན་ས་མ་ཡ་མུ་ཏྲ་པྲ་བ་ན་ཙཀྲ་བྷ་ག་ཤ་ཡ་བི་ཏོ་ག་ས་ཡ། ཧེ་བ་ག་བ་ན་ཏུ་ཏཀྵེ་ཏྲཾ་ཏི་སྟཾ་པ་ག་ཧཱུཾ་ཕཊ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས།། ཕོ་བྲང་དཀྱིལ་འཁོར་རང་ལས་སྦྲུལ།། ང་ནི་བདུད་ཀྱི་བདུད ་བདག་སྟེ།། མཁའ་འགྲོའི་ཚོགས་བཅས་འདུས་པའོ།། ཨོཾ་ཤྲི་བཛྲ་ཀ་ར་མུ་ཀ་ཤར་ཡ་ནམ།། ཨོཾ་བཛྲ་ར་ག་ན་མ།། ཨོཾ་ཤྲི་བཛྲ་ཁ་ཏྲང་ཁ་པྲ་མ་ཡ་ན་མ། ཨོཾ་ཤྲི་ག་ན་དེ་ཛ་ཡ་ན་མ། ཨ་ཏི་པའུ་ཧེ། པྲ་ཏི་པུ་ཧོ། ཏ་ཐ་བན ་ད་ན་ཀ་རོ་ཡེ་མི་མ་ཧ་ཡོ་ཤི་ནི། ཨ་ཏི་པུ་ཧོ་པྲ་ཏི་པུ་ཧེ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་།། བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་།། གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི།། ་འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་།། འདོད་དགུར་སྦྱར་བའི་གཟུགས་ཅན་འཕྲུལ་མོ་ཆེ།། མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ།། ཕྱི་ནང་མཁའ ་འགྲོ་ཚོགས་ལ་ཕྱག་འཚལ་ལོ།། ཛ་ཧཱུཾ་བེ་ཧོ་ཤྲི་ཧེ་རུ་ཀ་མ་ཧཱ་ཨི་དན་བུ་སྤ་དི་བུ་ལིན་ད་པྲ་ཏི་ཛ་ཧོ། ཤྲི་བན་ཁ་ཁ་ཁ་ཧི་ཁ་ཧི་བཛྲ་ཧཱུཾ་བཾ་ཧོ་ཤྲི་ཧེ་རུ་ཀ་མ་ཧ་བཛྲ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཤྲི་བན་ཁ་ཁ་ཧི་ཁ ་། ཧི་ཛ་ཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧ་བཛྲ། ཨ་བེ་ཤ་ཡ་ཧཱུཾ་ཁ་ཧི། ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པོ་གནས་བརྒྱད་ནས།། དཔལ་ཆེན་འཁོར་གྱི་གནས་འདིར་སྤྱན་དྲངས་ཏེ།། དུར་ཁྲོད་མཆོག་གི ་གནས་འདི་རུ།། ཞིང་ཆེན་གསར་རྙིང་སྟི་ར་བཅས།། དམར་གྱི་ཨརྒཾ་རྒྱ་མཚོ་སྐྱིལ། མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས།། མ་ལུས་གཤེགས་ཤིང་བཞུགས་སུ་གསོལ།། ཛ་ཧཱུཾ་བཾ་ཧོཿཧེ་རུ་ཀ་མ་ཧཱ་བཛྲ ་སརྦ་དུ་སྟན་ས་མ་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཁ་ཁ་ཁ་ཧི་ཁ་ཧི་ཧྲི་ཏ་ཡ་ན་བི་བ་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་སུ་མ་ལུས་བསྒྲལ་བར་བྱ།། གདུལ་དཀའ་མ་ལུས་འདུལ་བའི་ཕྱིར།། ཤ་རུས་ལ་སོགས་བཟའ ་བར་བྱ།། ཛ་ཧཱུཾ་བཾ་ཧོ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུ་སྟན་ས་མ་ཡ། མ་ཧཱ་མཾ་ས། མ་ཧཱ་རག་ཏ། མ་ཧཱ་ཙི་ཏ་ཏ། མ་ཧཱ་བ་སུ་ཏ། མ་ཧཱ་པན་ཙ་ཨ་མྲི་ཏ་ཁ་ཁ་ལེ་ཧཱུཾ་བྷྱོ་ཧཱུཾ། རང་བྱུང་གདོན་ནས་དག་པ་ཡི།། རྩ་བརྒྱད་སྟོང ་ལས་སྦྱར་བའི་སྨན།། རིགས་ལྔ་དམ་ཚིག་ལྔ་ཡི་དངོས།། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས།། རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི།། དུག་ལྔ་སེལ་བའི་བདུད་རྩི་སྟེ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས།། ཐུགས་དམ་དབྱིངས་ཉིད་སྐུལ་བ་མཆོག། སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི།། བདག་ཅག་དད་པས་འབུལ་ལགས་ན།། བཞེས་ཏེ་ཀུན་ཏུ་རྒྱས་མཛོད་ལ།། འཕྲུལ་གྱི ་དངོས་གྲུབ་བདག་ལ་རྩོལ།། ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨརྒ་མ་པྲ་ཏི་ཙ་ཧོ། དཔལ་ཆེན་ཤྲི་ཧེ་རུ་དང་།། ཡུམ་ཆེན་ཀྲོ་ཏི་ཤྭ་རི་ལ།། དམ་ཚིག་མཆོག་གི་མཆོད་པ་འབུལ།། བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ།། འཕྲུལ ་གྱི་དངོས་གྲུབ་བདག་ལ་སྩོལ།། ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧ་ཨརྒ་མ་པྲ་ཏི་ཙ་ཧོ།། དཔལ་ཆེན་བཛྲ་ཧེ་ར་ཀ་དང་། བཛྲ་ཀྲོ་ཏི་ཤྭ་རི་ལ།། དམ་ཚིག་མཆོག་གི་མཆོད་པ་འབུལ།། དཔལ་ཆེན་རད་ན་ཧེ་རུ་དང་།། རད་ན་ཀྲོ་ཏི ་ཤཱཤྭ་རི་ལ།། དམ་མཆོག་གི་མཆོད་པ་འབུལ།། དཔལ་ཆེན་པདྨ་ཧེ་རུ་དང་།། པདྨ་ཀྲོ་ཏ་ཛ་རི་ལ།། དམ་ཚིག་མཆོག་གི་མཆོད་པ་འབུལ།། དཔལ་ཆེན་ཀརྨ་ཧེ་རུ་དང་།། ཀརྨ་ཀྲོ་ཏི་ཤྭ་རི་ལ།། དམ་ཚིག་མཆོག་གི་མཆོད ་པ་འབུལ།། ཨོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨརྒ་མ་པྲ་ཏི་ཙ་ཧོ།། དཔལ་ཆེན་མི་ཕམ་རྡོ་རྗེ་དང་།། མ་ཚོགས་དབང་ཕྱུག་འཁོར་གྱི་རྒྱན།། ཀེའུ་རི་ལ་སོགས་བརྒྱད་རྣམས།། སིང་ཧ་ལ་སོགས་བརྒྱད་རྣམས་དང་།། དམ་ཚིག ་མཆོག་གི་མཆོད་པ་འབུལ།། མ་མོ་ཆེན་མོ་བདུན་རྣམས་དང་།། སྲིང་མོ་ཆེན་མོ་བཞི་རྣམས་དང་།། མཁའ་འགྲོ་འཁོར་བཅས་ཐམས་ཅད་ལ།། དམ་ཚིག་མཆོག་གི་མཆོད་པ་འབུལ།། བཞེས་ཏེ་ཀུན་ཏུ་རྒྱས་མཛོད ་ལ།། འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒ་མ་པྲ་ཏི་ཙ་ཧོ།། ཤི་བན་ཁེ་ཧི་དཔལ་ཆེན་སེམས་དཔའ་འཁོར་རྒྱ་མཚོ་དང་བཅས་པ་དང་། དཔལ་ཆེན་པོ་ཤྲི་ཧེ་རུ་ཀ། བཛྲ་ཏ་ཀི་ནི་འཁོར ་། རྒྱ་མཚོ་དང་གཞན་ཡང་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མཆེད་དང་ལྕམ་དྲལ་འཁོར་རྒྱ་མཚོ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ་ལོ།། དི་རིང་གནས་མཆོག་དམ་པ་འདིར།། འཕགས་པ ་ཐམས་ཅད་མཆོད་པ་དང་།། རྡོ་རྗེ་མཆེད་དང་ལྕམ་བྲལ་ཕྱོགས་བཅུ་ན་བཞུགས་པ་དང་། ད་ལྟར་བཞུགས་པའི་ཐུགས་དམ་བསྐང་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གནས་སུ་སྒུལ་བའི་ཕྱིར། རྒྱུ ་མཆོད་རྐང་བཞི་པ་ཞིག་ཡོན་དུ་འབུལ་ཞིང་མ་ཞེས་ན། ཐུགས་རྗེས་བསྒྲལ་དུ་གསོལ་ལོ།། རྒྱུ་མཆོད་འདི་ཐུགས་རྗེས་བཟུང་ནས་མ་བསྒྲལ་ན། འདི་ལ་སྤྱོད་པ་ཞིག་མཆིས་ཏེ། རྣལ་འབྱོར་གྱི་ཐེག་པའི་གཞུང་ལས ་ཀྱང་། ཚུལ་བཞིན་དུ་མ་བགྱིས་ཏེ། དེ་བཞིན་གཤེགས་པའི་བཀའ་ཚད་མ་ཁྱད་དུ་བསད་པ་དང་། རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་ལ། ངན་སེམས་དང་དཔྱ་སེམས་སྐྱེད་པ་དང་། མཆེད་ལྕམ་ལ་འཁུས ་པ་དང་། དེ་ལས་འདས་པ་དང་། སྦ་ལོ་དང་རྒྱུ་གསོག་བཅུན་དང་། ཁ་གསག་གི་ཕྱི་ཚུལ་དང་། རྒྱབ་ཉན་བགྱིས་ནས་རྡོ་རྗེ་སློབ་དཔོན་སྙིང་ནས་སྨོད་ཅིང་། བླ་མ་ལ་དབང་ཟོས་པ་དང་མཉམ་པའི་སྤྱོད་ཡུལ་སུན ་ཕྱུང་སྟེ། སྦྱོར་སྒྲོལ་སྒོ་བཀག་པ་དང་། དད་པ་ཅན་གྱི་ཚོགས་བཅག་སྟེ། གདུང་སེམས་ཀྱི་རྒྱུ་བཅད་པས་ཕྲག་དོག་དབང་གི་སྐུ་གསུང་ཐུགས་ཀྱི་རྡུང་འཚོབ་པའི་བར་ཆད་ཀྱིས་ད་ལྟར་ངན་སོང་གི་གནས་འཁྱམ་ཞིང ་རྟོག་པའི་དྲ་བས་ནི་བཅིངས། འཁོར་བའི་རྙིས་ནི་ཟིན་ནས་དམྱལ་ཁམས་ཀྱི་གཏིང་བརྒྱུད་པར་ངེས་ཏེ། ཞིང་བཅུ་དང་ལྡན་པ་འདི་དམ་ཚིག་ཚུལ་བཞིན་དུ་དྲལ་བས། འདིའི་རྣམ་པར་ཤེས་པ་བླ་ན་མེད་པའི་གནས ་སུ་བསྒྲལ་བ་དང་། གནས་སྟོབ་པར་བྱིན་གྱིས་རླབ་ཏུ་གསོལ། ལྔ་ཕུང་གི་ཡན་ལག་ནི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དགྱེས་པའི་ངང་དུ་ཐིམ་པར ་སྨོན་ཏོ།། སྨོན་ལམ་བརྗོད་དེ་བསྒྲལ་བར་བྱའོ་སྤྱི་གཙུག་ཏུ་ཨཱ~ཾ། ལག་པ་གཡས་པར་སྭ་གཡོན་པ་ལ་ཧ། སྙིང་ཀར་ཧཱུཾ། ལུས་ལ་ཨ་ཨོཾ་མ་ཧཱ་སུ་ར་ཏེ་སྟོམ། ཛ་ཧཱུཾ་བཾ་ཧོ་ས་མ་ཡ་སྟོམ། ཨོཾ་བཛྲ་ཀྲོ་ཏ་ཤྲི་ཧེ་རུ་ཀ། ཨ་ཨ་ཧཱུཾ ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡཀྵ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏི་ནི་ལ་དན་ཏྲ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་བྷན་དྷ་བྷན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཏིཔྟ་ཏིཔྟ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་ཏ་ཀུན་དྷ་ལི་ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བྱི་ཛ་ཡ་བིན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་སྥོ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ ་ཏ་རུ་ལུ་རུ་ལུ་ཧཱུཾ་ཕཊ། མ་མ་མ་མ། བྷྱོ་བྷྱོ་བྷྱོ་བྷྱོ། ཛཱ་ཛཱ་ཛཱ། མི་འགྱུར་ནམ་མཁའི་རང་བཞིན་ལ།། གཟུགས་སྣང་རྟོག་པ་རྣམ་པར་སྒྲིབ།། བག་ཆག་མ་ལུས་སྦྱོང་བའི་ཕྱིར། ཁམས་གསུམ་མ་ལུས་སྒྲལ་བར་བྱ།། ང ་ནི་ཟ་བྱེད་ཆེན་པོ་སྟེ།། སེམས་ཅན་ཐམས་ཅད་བསད་པར་བྱ།། མ་སྐྱེས་ཕྱིར་ཡང་གསད་པར་བྱ།། རྣམ་ཤེས་ཧཱུཾ་གིས་སྡུས་ནས་ཀྱང་།། ཤ་རུས་ལ་སོགས་བཟའ་བར་བྱ།། ང་ནི་ཁྲག་འཐུང་ཆེན་པོ་སྟེ།། ་འཁོར་བའི་དྲ་བས་ཆགས་པ་སྟེ།། དམར་ཆེན་ཁྲག་གི་རྒྱ་མཚོ་ལ།། འཁོར་ནི་མཁའ་འགྲོའི་ཚོགས་དང་རོལ།། མ་རུང་གདུག་པས་མ་ཆགས་ཤིང་།། དམ་ཚིག་ལ་སྡང་སྒྲ་ཆེན་རྣམས།། ཐུགས་རྗེས་བྱམས་པ་ལྡན་པ ་ཡིས།། ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ།། པྲ་བེ་ཤ་ཕཊ། ཙི་ཏ་བྷྲཱུཾ་སུམ་བྷ་ནི་སུམ་བྷ་ནི། གྷྲི་ཧ་ན་གྷྲི་ཧ་ན་ཧཱུཾ། འགྲི་ཧ་ན་པ་ཡ་འགྲི་ཧ་ན་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་ཝན་བྱི་དྱ་ར་ཙ་ཡ་ཧཱུཾ། ཨ་ན་ཡ་ཧོ།། བཛྲ་ཏ་གི ་ཏིཏེ། ཨ་ཡང་སྥ་ར་ན་ཕཊ། བཛྲ་ཡུ་ཏི་ཛ། དྲག་པོ་ལས་ཀྱིས་བསྒྲལ་བ་རྣམས། འཁོར་བའི་ལམ་ལྔ་སྒོ་བཅད་དེ།། རྣམ་ཤེས་ཧཱུཾ་གིས་བསྡུས་རྔུབས་ནས། འོག་མིན་བླ་ན་མེད་མཆོད་འདིར། གཙོ་བོ་ལྔ་དང་གཙོ་མོ་ལྔ། ་སེམས་པ་དང་ནི་སེམས་མ་དང་། ཁྲོ་བོ་དང་ནི་ཁྲོ་མོ་ཡི།། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་།། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། སྐད་ཅིག་ཡུད་ལ་བརླག་མཛད་དེ།། ་བརླག་པར་མ་གྱུར་གང་ཡང་མེད།། འདོད་ཆགས་རྡོ་རྗེ་འཁོར་བཅས་རྣམས།། འཇིག་རྟེན་ཁམས་ནི་རབ་འབྱམ་ས་ཀུན།། ཡུད་ཙམ་གྱིས་ནི་དབང་མཛད་དེ།། དབང་དུ་མ་གྱུར་གང་ཡང་མེད།། ང་རྒྱལ་རྡོ་རྗེ་འཁོར ་བཅས་རྣམས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། དཔལ་དང་གཟི་བརྗིད་ཆེན་པོ་རྣམས།། ཡུད་ཙམ་གྱིས་ནི་རྒྱས་པར་མཛོད།། གཏི་མུག་རྡོ་རྗེ་འཁོར་བཅས་རྣམས།། འཇིག་རྟེན་ཁམས་ནི་རབ་འབྱམས ་ཀུན།། ཡུད་ཙམ་གྱིས་ནི་ཞི་མཛད་དེ།། ཞི་བར་གྱུར་པས་དབྱིངས་ལ་རོལ།། བདག་ཅག་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ལ་དབང་ཟོས་པ་དང་ཕྲག་དོག་དབང་གིས་མཆེད་དང་ལྕམ་དྲལ་ལ་ངན ་སེསམ་དང་འཕྱ་སེམས་བགྱིས་པ་དང་། གཉིད་དབང་གིས་ལེ་ལོར་གྱུར་པ་སེམས་གཡེང་བའི་སྔགས་དང་ཕྱག་རྒྱ་ཟུར་ཆག་པ་དང་། གཉིད་དབང་གིས་ལེ་ལོར་གྱུར་པ་དང་། སེམས་གཡེང་བས་སྔགས་དང་ཕྱག་རྒྱ ་ཟུར་ཆག་པ་དང་། དམ་ཚིག་དང་དུ་ལེན་རྔོམ་ཐོགས་པས། སྨད་པའི་དམ་ཚིག་ཉམས་སོ།། ཐམས་ཅད་མཐོལ་ཞིང་བཤགས་སོ།། རྒྱུ་མཆོག་རྐང་བཞི་པ་འདི་ཕྲིན་ལས་རྣམ་བཞིས་བསྒྲལ་བ་ཡང་ག་ན་སྟོབས་པར ་སྨོན་ཏོ།། བདག་ཅག་མཆེད་དང་ལྕམ་དྲལ་འདིར་ཚོགས་པ་རྣམས་ཀྱིས། འདི་ལ་རྟག་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག། ཤྲི་ཧེ་རུ་ཀ་བྱ་ཤ་ན། བཛྲ་བ་ར་ན་ཤ། ཀ་རུ་ཛ་ལི་ཏ། ཨུར་ཏ་ཀེ་ཤ་པྲ་ལ་ཡ་ན། ཤ་ཏ་ཤ ་པྲ་དྲ་ཤ་མ་ལ་བི་ཧ་ཧ་ཧ་ཧཱཾ། ཀརྨ་བཛྲ་ཀ་ར་བཾ་བཛྲ་ཀ་ར་ན་ཏ་ཏྲི་ཤུ་ལ་ཨ་གྷུ་ཤ། པ་ར་ཤ་ར་སུ་ཤོ་མ་མ་པྲ་ཡོ་མ་ཧཱ་ཙན་ད་སུ་ར་པ་རུ་ན་ཀུ་བེ་ར་ན། ནི་ར་པ་དྲི་ཙི་ཏི་མ་ཧཱ་ཀ་རུ་ནན། ཤྲི་ཧེ་རུ་ཀ་ན་ཏ་ན་ཏི་ལ་ལ་ལ ་གན་དུ་ས་ཏ་མ་ཧང་ཡང་ཀུར་ཡ་ཀུར་ཀ་ཏེ། ཀུ་ཤེ་ལ་ལི་མོ་ཏ་པ་ར་མོ། བན་ད་གན་ད། ཀ་ཏང་ཀ་གང་པོ་ཛ་ལ་ནི། པ་པུར་ཏིར་པ་ར་ཏ། ཀོ་ཤྭ་བི་ཤྭ་ལ་ཨི་ས་ན་པདྨ་ཀ་མ་ཀུན་ད་རོ་ཙི་ག་ཏ་ཙི་ཏ་སྟི། ཛ ་བིསྠ་བན་དྷ་ཧེ་རུ་ཀ་བཛྲ་མ་རང་ས་ན་ས་ར་པ་མུན་ཀ་མུན་ཀ་ན་ཏིག་སྣ། ཏྲང་སྟང་ཀ་ཡང་ཛ་ཡ་བ་གེ་དོང་བི་ཀ་ར་བེ་ར་མ་ར་མ་ཧ་ཙི་ཏི་ཡ་སང་ས་ར་མ་ཧཱ་རུ་ན་ཛ་ལ་པ་ནི་ཧོ་ཧོ་རོ་ན་རོ་ཧཱུཾ་ཧཱུཾ། རེ་ན་རོ་དྷེ་ན། ཧེ་ཧེ་ར ་ན་རོ་བཞི་ལ་བསྟོད། ཐ་མེད་ཏད་པ་ཏིང་། བ་བ་ཏི་ཀ་པ་ར་མན་ཛུ་གྲི་ན་ཛ་ལ་པ་ར་ཧོ། ཧི་ཧེ་རེ་ན་རོ། ཨཱིཾ་ཕུར་བུ་སྭ་ཏི་སྭ་ཏོ། ཨཱིཾ་ཕུར་བུ་བབྟ་ཤཾ་ཀ་ཕུར་ཕུབ་ཏི་ཏོ་ཕུར་བུ་བ་སྭ་སར་ཏང་། བྱིན་གྱིས་བརླབས་པ་ཨཱིཾ ་ཨ་ཤ་ཧཱུཾ་ས་མ་ཡ་བག་ཀྵ་ཧཱུཾ་བི་ཤ་ཧཱུཾ། ས་མ་ཡ་བག་ཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཁ་རམ་པྲ་ཏི་ཙ་ཧོ།། མཆོད་པ་འབུལ་བཤགས་པ་བྱ་སྨོན་ལམ་གདབ་ཕྱོགས་བཅུ་མཐའ་ཀླས་མུ་མེད་པའི་སངས་རྒྱས་བཅོམ་ལྡན ་འདས་ཡེ་ཤེས་སེམས་དཔའ་འཁོར་རྒྱ་མཚོ་དང་བཅས་པ་དང་། དཔལ་ཆེན་པོ་ཤྲི་ཧེ་རུ་ཀ་བཛྲ་ཏ་ཀ་ནི་ཕྱོགས་ཀྱི་དམ་ཚིག་གི་ས་ལ་བཞེས་པའི་ནང་གི་རྣལ་འབྱོར་དང་ཕྱིའི་གྲུབ་པ་ལ་སོགས་ཏེ། ཕྲ་མེན་གྱི་འཁོར ་ཚོགས་བསམ་གྱིས་མི་ཁྱབ་པ་ལ་སོགས་ཏེ། རྡོ་རྗེ་ཐེག་པ་སྲུང་བར་ཞལ་འཆེས་པའི་འཕགས་པ་ཐམས་ཅད་དང་། རིག་འཛིན་རྩལ་འཆང་དུ་གྱུར་པའི་མི་ལ་སོགས་ཏེ། སྤྲུལ་པའི་སྣ་ཚོགས་སུ་སྐུ་བཞེས་ནས་སློབ ་དཔོན་གྱི་ས་ལ་བཞེས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ། བདག་ཅག་མཆེད་དང་ལྕམ་དྲལ་འདིར་ཚོགས་པ་རྣམས་ཀྱིས་མཆོད་པའི་ཞལ་ཟས་འདི་དག་ཚུལ་བཞིན་དུ་བྱིན་གྱི་བརླབས་ནས་འབུལ་བས། མཐའ ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ཤེས་བླ་མའི་ས་ནོན། དམ་ཚིག་ཉམ་པ་ཐམས་ཅད་བསྐང་བར་གྱུར་ནས་སོ་སོའི་ཐུགས་དམ་བསྐང་བར་སྨོན་ནོ།། རྣལ་འབྱོལ་སྔ་རབས་སྐུ་ཚེ་འདས་པ་རྣམས་ཀྱང་། སྒྲིབ་པ ་རྣམས་གཉིས་ནི་བྱང་། ཚོགས་གཉིས་ནི་རྫོགས། བདག་ཅག་གི་སྟོངས་སུ་གྱུར་ཅིག། བདག་ཅག་གིས་སྔ་སླད་དམ་རྫས་སྒྲལ་བ་དང་། སེམས་ཅན་གྱི་སྲོག་ཀུ་མོ་འཚལ་ཐམས་ཅད་ཀྱང་ཡེ་ཤེས་ངང་གིས་སྒྲོལ་ཞིང ་རྣལ་འབྱོར་གྱི་སྐལ་བ་ཅན་དུ་གྱུར་ཅིག། བདག་ཅག་རྣམས་ཀྱི་ཚེ་སྔ་མ་ནས་ད་ལྟར་གྱི་དཔོན་དུ་གྱུར་ཅིག་པ་དང་། རྒྱུད་གཅིག་ཡི་དམ་གཅིག་པའི་ཐུགས་དམ་ལ་ཉེས་པ་ཕོག་པ་དང་། བདག་གི་སྙིང་རྗེ་ཆུང་བའི ་རྐྱེན་གྱིས་འཕགས། ཐུགས་དམ་སྐུལ་བའི་རྩལ་འཕང་དམ་པ་དམག་ནག་པའི་དབང་ལས་འཕམ་པར་འགྱུར་བ་དང་། གཏི་མུག་མ་ཚོར་བའི་རྐྱེན་གྱིས་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་མ་བཟོད་དེ། ལུས་ངག་ཡིད ་གསུམ་གྱིས་སེམས་དཀྲུགས་ནས། མ་ཡིན་པའི་ཆོས་ཐམས་ཅད་དང་། སྤྱོད་ལམ་མི་མཁས་པའི་རྐྱེན་གྱིས་དམ་ཚིག་གི་ལྷ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་དང་རྡོ་རྗེ་མཆེད་དང་ལྕམ་དྲལ་གྱི་ཐུགས་དམ ་གཡེལ་བར་བཞག་ནས། དངོས་གྲུབ་ཐམས་ཅད་འཕྲེངས་པར་གྱུར་པ་དང་། མཁྱེན་གསལ་གོང་མ་རྣམས་དང་བྲལ་བའི་རྐྱེན་གྱིས་མཆོད་པའི་ཡོ་བྱད་རྒྱུན་མི་མཆད་པ་དང་། མཆོད་པ་ཡིན་པའི་གྲོགས ་པོ་ལ་བརྟེན་ནས་རྒྱུད་མི་གཅིག་པ་དང་བསོད་ནམས་འདྲེས་པས་རྩལ་ཚད་མར་མ་གྱུར་ཏེ། ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་གྱུར་ནས། ཐུགས་རྗེའི་གནས་སུ་མ་གྱུར་ཏེ། ཡེ་ཤེས་ལྷ་དང་སྲུང་མ་རྣམས་འཕང ་པར་གྱུར་པ་དང་། རྒྱང་འཕེན་གྱི་ཆོས་ཀྱིས་གདུངས་ནས་བདེ་བའི་ཡོ་བྱད་དང་བྲལ་ཏེ་ཉེས་པ་བསགས་པའི་ཆ་ཤས་དང་། མཆོད་སྦྱིན་ཐམས་ཅད་མི་ཆུད་པའི་སྒྲིབ་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་བསྐྱེད་པ ་ལས་ཕྱིར་མི་ལྡོག་པའི་སྲ་ཆུང་བས་ཐེ་ཚོམ་གཅོད་པའི་བསམ་པ་མ་ཡིན་པ་བྱུང་བ་དང་། ཤིན་ཏུ་སྡུག་བསྔལ་བར་གྱུར་པ་རྣམས་རྗེས་སུ་དྲན་ཞིང་གནོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ།། བཤགས་སྦྱང ་འདི་ནི་བརྗོད་པ་ཙམ་གྱིས་ཚོར་བ་དང་ཚོར་བའི་སྒྲིབ་པ་དང་། བག་ཆགས་བྱང་བར་སྨོན་ཏོ།། གནས་ཐོབ་པ་དང་རྒྱུད་བྱང་བས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ།། ལྷ་དང་སློབ་དཔོན་གྱི་དབང་དང་སྔོན་ཇི་ལྟར ་དཀྱིལ་འཁོར་གནང་བ་དང་། མི་སྐྱོལ་ཞིང་དངོས་གྲུབ་རྣམ་བཞི་ཡང་ཐོབ་པར་གྱུར་ཅིག། སྐྱོན་མ་བརྗོད་པ་ཐམས་ཅད་དང་བླ་ཞིང་དགེ་བའི་རྩ་བ་བསགས་པ་རྣམས། ཡོན་ཏན་ཚད་མ་རྣམས་བཞིན་ཐོབ་པར་གྱུར ་ཅིག། དེ་ནས་ཚོགས་ཀྱི་གཏོར་མ་བཏང་། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་ཏ་གི་ནི་ནན། བཛྲ་ཀེའུ་རི་ཧ་བཛྲ་ཙིའུ་རི་ཧ་བཛྲ་པྲ་མོ་ཧ་བཛྲ་བེ་ཏ་ལི་བཛྲ་པུ་ཀ་སི་བཛྲ་ཀ་ས་མ་ཧྲི། བཛྲ་ཙན་ད་ལི་བཛྲ་སྨ་ཤ་ན་བཛྲ་ཧེ་རུ་ཀ་ས་མ ་ཡོ་གི་ཤ་རི། སརྦ་ཏ་གི་ནན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དབྱུགས་པ་བརྡ་ཡིས་མཚོན་ནས་ཀྱང་།། མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས།། དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ།། ཐ་མལ་བརྡའ་ཡིས་མཚོན་ནས་ཀྱང་།། ་མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས།། དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ།། གླུ་ཡི་བརྡའ་ཡིས་མཚོན་ནས་ཀྱང་།། མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས།། དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ།། ་བསྐལ་པ་མེ་ལྟར་འབར་བའི་འོད་ཟེར་འཕྲོ་བའི་ཀློང་དཀྱིལ་ན།། སྐུ་ནི་དུད་ཀ་ཆེན་པོ་ལ།། ཞལ་གསུམ་པོ་ལ་ཕྱག་དྲུག་སྟེ།། གནག་དང་མཐིང་ཀ་དམར་བའི་དབུ།། གཡས་ཀྱི་གསུམ་ན་ཐོགས་པ་ནི།། རྡོ་རྗེ་དཀྲུག ་ཅིང་ཞལ་དུ་གསོལ། ཁྱུང་གི་ཁྲ་ཆེན་འཕྱར་བའོ།། གཡོན་པ་གསུམ་ན་ཐོགས་པ་ནི།། སྟི་རིའི་རྒྱུ་མའི་ཞགས་པ་དང་།། ཟོད་རློན་དམར་གྱིས་བཀང་བ་དང་།། སྟི་ར་ཕྲ་མོ་གསུས་པ་ནས།། གློ་སྙིང་ནང་གྲོལ་འབྱིན ་ཅིང་ཟ།། གླང་ཆེན་ཀོ་རློན་གོས་སུ་གྱོན།། ཞིང་ལྤགས་གཡང་གཞིའི་ཤམ་ཐབས་དང་།། ཐོད་རློན་འཕྲེང་བས་རྒྱན་དུ་བྱས།། མ་ལུས་པ་དག་མན་པས་གསོལ།། རྒྱུ་ལས་བྱུང་བས་དེ་བཞིན་གཤེགས།། སྟོན ་ཅིང་མ་ནོར་དོན་མཛད་པ།། མངག་པའི་གནས་ནས་ཡུད་ཙམ་གྱིས།། ཐམས་ཅད་ཁོ་ནར་དབང་མཛོད་ཅིག། སྲུངས་ཤིགས་མྱུར་དུ་རྣམ་རྒྱལ་དཔལ།། ཐལ་བ་བཞིན་དུ་རབ་ཏུ་ལྷོགས།། རོལ་ཅིག་དེ ་བཞིན་གཤེགས་མ་ར་ན།། ཏ་ཐ་འབྱུང་པོའི་ཤ་ནི་ཟན་པས་ཞིམ།། འབྱུང་པོ་ཁྲག་ནི་ཆང་པས་ཞིམ།། འབྱུང་པོ་རུས་པ་མར་ཞིམ་ཏེ།། ཐམས་ཅད་གསོལ་ཏེ་དགྱེས་པར་མཛོད།། དཔལ་ཆེན་རྡོ་རྗེ་ཧེ་རུ་ཀ། མཁའ ་འགྲོ་ཡི་ནི་ཚོགས་ཆེན་པོ།། ཤིན་ཏུ་མི་བཟད་འཇིགས་པའི་གཟུགས།། ནམ་མཁའི་ཁམས་ཀུན་ཁྱབ་པར་སྤྲུལ།། མཐིང་ནག་གཅེར་བུ་རལ་པ་ཅན།། མི་ལྤགས་རློན་པ་གོས་སུ་གོན།། ཐལ་བའི་མཚན་མས་བྱུགས ་པ་སྟེ། ཁྲག་དང་ཞག་གི་ཐིག་ལེས་བརྒྱན།། ཕྲེང་བ་མང་པོས་རྒྱན་དུ་བྱས།། ལག་ན་ཏྲི་ཤུ་ཐོད་པ་ཐོགས།། དུས་གསུམ་གཤེགས་པར་དམ་བཅས་པའི།། རྡོ་རྗེ་མེ་དཔུང་འཁྲུག་པའི་ཐུགས།། རེ་བ་ཐམས་ཅད་སྐོང ་མཛད་པའི། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཐེག་ཆེན་རྣལ་འབྱོར་སྤྱོད་པ་ཡི།། གནོད་པའི་དགྲ་བགེགས་གཏན་ནས་ཕྱུང་།། ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་།། རྡུལ་ཕྲན་བཞིན་དུ་རློག་པ་དང་།། སེམས ་ཉིད་ཐེག་པ་ཆེན་པོ་ཡི།། རྣམ་ཐར་ལ་ནི་དགོད་པར་མཛོད།། རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ།། དམ་ཚིག་དག་ལ་འཇུག་ཏུ་གསོལ།། ཉོན་མོངས་ཀུན་ལས་རྒྱལ་བར་མཛོད།། མ་ལུས་པ་དག་གནང་དུ་གསོལ།། ་རྣམ་པ་སྣ་ཚོགས་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྦྲུལ་རྣམ་པར་སྤྲུལ། ཏེ་ན་ཏེ་ཐེ་ཧཱུཾ། རྣམ ་པ་སྣ་ཚོགས་དག་པའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་བདེ་མཆོག་ཐམས་ཅད་རབ་སྦྲུལ་རྣམ་པར་སྤྲུལ། ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་སྣ་ཚོགས ་འགྲོ་བའི་རྒྱུན་གྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྦྲུལ་རྣམ་པར་སྤྲུལ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་སྣ་ཚོགས་གཅིག་གི ་རྒྱུད་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྦྲུལ་རྣམ་པར་སྤྲུལ། ཧཱུཾ་ཨེ་ཤ་ཧཱུཾ་བེ་ཤ་ཧཱུཾ་ན་མོ་རད་ན་ཏྲ་ཡ་ཡ། ན་མ་ཙན ་དྷ་བཛྲ་པ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ་ཨེ་ཧྱེ་ཧི། ས་མ་ཡ་ཨ་ན་ཡ་བཛྲ་ཤན་ཏིང་བཛྲ་ཀྲོ་ཏ་ནིང་བཛྲ་ཀྲོ་ཏི་བཛྲ་ནན་ཏཾ། བཛྲ་མུ་སྟིང་བཛྲ་ཏི་བ་ཏ་བཛྲ་ག་ན་ཏིང་། བཛྲ་གན་དྷ་བཛྲ་ཨ་ཀྲིང་བཛྲ་རག་ཀྵ། ་བཛྲ་དང་སྟྭཾ་བཛྲ་ཤྲ་ཏིང་བཛྲ་ཨེ་ཀ་ཙ་ར་མ། བཛྲ་ན་མོ་ཧ་ར་མ། བཛྲ་དུ་ཏིང་། བཛྲ་ན་ལམ། བཛྲ་ཀྲི་ཏ་བཛྲ་མུ་ཏྲིང་བཛྲ་ཀ་ལིང་། བཛྲ་ཨུ་ཙུ་ས་མ་མ་བཛྲ་མ་ཀ་རང་། ལྕག་བཛྲ་བྱི་རྒྱ་ཙ་ར་ནི་ཁ་ཁ་ནུ་ཁ་ཏུ་ཏ་ཁ་སརྦ ་ཨཿ། ཤྭ་ས་ཁ་སརྦ་མ་ཨ་ཀ་ར་ཤ་ཡེ་པྲ་བེ་ཤ། ཡེ་བན་ད་ཡ་བན་ཏ་ཡ། དོ་ཤ་ཡ་དོ་ཤ་ཡ། སརྦ་ཏ་གི་ནི་ནན་ཨེ་ཨ་ར་ལི་མ་ནུ་སྥ་ར་ཡ་ཕཊ། མཾ་ཡཾ་སྲིན་མོ་ཚངས་མ་དང་། ཁྲོ་མོ་དང་ནི་འཇུག་སྲེད་མོ།། ་གཞོན་ནུ་མ་དང་དབང་མོ་དང་།། རྡོ་རྗེ་དམར་མོ་བདུད་རྩི་མོ།། ཞི་བ་མོ་དང་ཙན་པ་མོ།། སྲིན་མོ་དང་ནི་ཟ་བ་མོ།། རྡོ་རྗེ་དགའ་བ་མོ་དང་ནི།། ཤིན་ཏུ་ཁྲག་འཐུང་མོ་གཅིག་པུ།། མོ་སྤྱོད་པ་དང་ཡིད་འཕྲོག་མོ།། ་གྲུབ་མོ་དང་ནི་རླུང་མོ་དང་།། རྡོ་རྗེ་ཡང་ནི་གསོད་ཆེན་མོ།། མེ་མོ་ཕག་མོ་རྒན་བྱད་མོ།། སྣ་ཆེན་མོ་དང་ལྷ་མོ་དང་།། རྡོ་རྗེ་ནག་མོ་དང་། རྡོ་རྗེ་ར་སྟེ་དམར་སེར་མོ། རྡོ་རྗེ་སྔོན་ནག་བུམ་སྣའོ།། རྡོ་རྗེ་དམར་སེར་དྲིལ ་འཁྲོལ་མ།། མ་མོ་ཆེན་མོ་ཁྱེད་རྣམས་ཀྱིས།། ཇི་ལྟར་ཁས་བླངས་དམ་བཅས་པའི།། འཇིག་རྟེན་དང་ནི་འཇིག་རྟེན་པའི།། ཡེ་ཤེས་ཐོབ་པར་བྱ་བ་དང་།། སྒྲུབ་པ་རྣམས་ཀྱི་ལས་བྱ་ཞེས།། རྡོ་རྗེ་བྱིན་ནས་མིང་བཏགས ་ཏེ།། དམ་བཅས་བཞིན་དུ་ཧེ་རུ་ཀའི།། ད་ལྟར་ཁྱོད་ཀྱིས་གཟུགས་མཆོག་རྣམས།། མངོན་པར་སྟོན་པ་སྒྲུབ་པ་ཕུལ།། ཅི་སྙེད་གྲུབ་མཆོག་མ་ལུས་ཤིང་། ཁྱེད་རྣམས་མངོན་དུ་མ་གྱུར་ན།། རབ་ཏུ་སྟ་ནི་དཀྱིལ་འཁོར ་འདིར། འདུག་པ་ལས་རྣམས་ཀུན་གྱིས་ཤིག། ཨོཾ་པདྨ་བ་ད་མ་མུ་ཀ་ཨ་ར་ཤ་ཡ་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་ད་ཡ་བན་ད་ཡེ། དོ་ཤ་ཡ་དོ་ཤ་ཡ། བཛྲ་ཏ་ཀྲི་ནི་ཧྲི་ད་ཡ་ན། ཨཽ་ཨཿཧཱཾ། གཏོར་མ་དཀྱིལ་འཁོར་གྱི ་ཕྱི་རོལ་ཏུ་སྦྱར་ནས། བ་དན་རྟ་དང་རས་ཆེན་གྱིས་བཅད་ལ་རྟ་མགྲིན་དབང་གི་ཕྱག་རྒྱ་བྱས་ལ་མཆོད་དོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་ཁྲོ་བོ་བསྐྱེད་རྫོགས་ལས་ཀྱི་བཟླས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ་དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་།། ཞི་བའི་མཆོག་གཏན་སྤོང་བའི་འཕྲིན་ལས་སྡུས་པ་ཚད་མེད་པའི་གཞི་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ ་དག་ནི་སྔོན་དུ་འགྲོ་བའི་ལམ་མཆོག་སྟེ། སྒྲུབ་པ་པོས་ནི་ནན་ཏན་བྱ། ཁྲག་འཐུང་ཐུགས་སུ་གནས་པ་ནི།། ཐུགས་སུ་རྩེ་མོ་མཆོག་ཉིད་དེ།། གསུམ་པ་ལ་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ་བསྟན།། དེ་ནི ་གཟུགས་དང་བྱིན་རླབས་དང་།། བཟླས་བརྗོད་དང་ནི་ཕྲིན་ལས་སོ།། དུས་དང་བདག་དང་གནས་ཉིད་དག། ཕུན་སུམ་ཚོགས་པ་བདུན་པོ་སྟེ།། བཏབ་ན་ཅི་འདོད་སྦྱིན་ནོ་ཞེས།། དམ་ཚིག་བདུན་པོ་རབ་ཏུ་གསུངས།། ་འདས་ན་ལྷ་ཡང་བརླག་པའི་ཕྱིར།། རང་གི་བཀའ་ལས་རང་མི་འདའ།། གཟུགས་ནི་ཐུགས་ཀྱི་ཕྱག་རྒྱ་དབྱིགས་ལ་སྟེ།། ལྕགས་དང་ལྕགས་ལྔ་སེང་ལྡེང་ལ་སོགས་པ།། ཚེར་མ་ཅན་གྱི་ཤིང་ལས་སོར་བརྒྱད་དམ ་བཅུ་གཉིས་པར་བྱས་ལ། མགོ་མཇུག་མ་ནོར་བར་ཤིང་རྩ་བ་ཕྱོགས་སུ་མགོ་བྱས་ལ། སོར་བརྒྱད་ལ་སོར་གཅིག་ལ་རྒྱ་མདུད་སྐྱེད་པར་སོར་གཅིག་ལ་རྒྱ་མདུད་སྟོང་ཟུར་བརྒྱད། སྨད་ཟུར་གསུམ་དུ་བྱས་ལ། རི ་རབ་ལྟར་བརྗིད་པར་འདུག་པ་ནི་གཟུགས་སོ།། བྱིན་རླབས་ནི་ཐོག་མ་ཉིད་དུ་སྐུ་གསུམ་དུ་བྱིན་བརླབས་པར་བྱ་སྟེ། དེའི་འོག་ཏུ་རྒྱ་མདུད་གཞལ་མེད་ཁང་དུ་དམིགས་ཏེ་ཕྱོགས་བཅུར་དབུས་དང་ལྡན།། ་ཧཱུཾ་སྒྲིལ་མ་ལྔ་བཞག་སྟེ། དབུས་སུ་ཧེ་རུ་ཀ། ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད་ནུབ་ན་རྟ་འགྲིན་བྱང་དུ་སྟོབས་པོ་ཆེ། འདི་རྣམས་སོ་སོའི་སྙིང་པོ་དྲན་པ་ཙམ་གྱིས་བསྐུལ་ཏེ། ཕྱི་ནང་གི ་མཆོད་པ་ཅི་འབྱོར་པ་ཕུལ། དམ་ཚིག་རྗེས་སུ་ཀུན་གཉིས་སུ་མེད་པའི་རྒྱན་རྫོགས་པར་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས་སོ།། དེ་ནས་སྲས་ཕུར་བུའི་ཁྲོ་བོ་སྐྱེད་པ་ནི། ཨོཾ་བཛྲ་ཀི་ལི་ཀི་ལ ་ཡ་མ་ར་ན་ཕཊ། ཅེས་བརྗོད་པས། ལྟེ་བ་ཡན་ཆད་མཐིང་ནག་ལ། དབུས་སུ་ཁང་པ་ཟུར་གསུམ་པའི་ཐབས་སུ་བསྒྲེང་ལ། བྲང་གིས་འགྲོ་ཆེན་པོ་དང་། ཐོད་རློན་གྱིས་བཅིངས་ཤིང་བཤམས་ལ། བྲང་གི་སུམ་སྡང ་མིག་དུ་བགྲེད་དེ། ཕྱག་གཡོན་པའི་ཕུར་བུ་ལ་གཟུགས་མཆེ་བ་རྩིགས་པས་རབ་ཏུ་རྔམ་པ་དུར་ཁྲོད་ཀྱི་མེ་ཕུང་གི་ནང་དུ་ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་ཨེའི་ནང་དུ་སུམ་ཆ་ཙམ་ནུབ་པ་ལ། ཕྱག ་བཞི་པ་གཡས་ཀྱི་གོ་མ་སྟ་རེ་ཁ་ཡར་བསྟན་ཏེ་བརྡེག་པར་བྱ་སྟེ། གཡོན་པ་རི་རབ་ཀྱིས་གནོན་པའི་སྟོབས་སུ་འཛིན་པ། གཡོན་དང་པོས་རྡོ་རྗེ་ཁ་དོག་ཁ་ཁྲོལ་ཞིང་། བདུད་ཀྱི་ཁམས་གསུམ་འཇིགས་པ། འོག་མ ་ཕུར་པ་ཟུར་གསུམ་འདེབས། འདེབས་པའི་སྟབས་སུ་གཟུས་ཤིང་། ངན་སོང་གསུམ་དུ་འཇིགས་པ་སྟོབས་དང་མཐུ་ལ་སོགས་པ་ཁྲོ་བོ་ཐམས་ཅད་འདུས་པས་ཀྱང་མཆེ་བ་ཅིག་ཕྱུང་སྟེ། རྟག་པ་ཆེན་པོ་ཞུགས་པར ་བསྟན་པ་ནི་སྤྲུལ་པའི་སྐུར་བྱིན་གྱི་བརླབས་སོ།། དེ་ལ་རིགས་ལྟར་བྱིན་གྱི་བརླབ་པར་བྱ་སྟེ། འབྲུ་ལྔར་རྣམ་ལྔས་བྱིན་གྱི་བརླབ་པོ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་གཙུག་ཏུ་ཨོཾ་རྐྱེད་པར་དྷའི་རྩེ ་མོ་ཕཊ་བསམ་མོ།། དེའི་འོག་ཏུ་ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པར་བྱ་སྟེ། དེའི་འོག་ཟུར་གསུམ་དུ་ཕཊ་གསུམ། ངོས་གསུམ་དུ་ཧཱུཾ་བཞག་གོ། དེ་ནས་སྐུ་བལྟས་པ་དང་རིགས་སོ་སོའི་ཁྲོ་བོ་ཐམས་ཅད་ཀྱིས་དབང ་བསྐུར་བར་བྱ་སྟེ། ཁྲོ་བོ་དཀྱིལ་འཁོར་དེ་དག་ཉིད་ཕྱོགས་བཅུར་འཕྲོས་པ་སླར་འདུས་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་སྒྲ་འབྱིན་ཅིང་དེའི་སྐུ་ལ་བསྟིམས་ཏེ། དབང་དང་བྱིན་གྱི་རླབས་ཐམས་ཅད་བརྟན་པར་བྱའོ།། དེ་ནས ་འགྲོ་བའི་དོན་ལ་གཤེགས་ནས་ཕྱོགས་བཅུར་བདེ་བར་གཤེགས་པ་ཐམས་ཅད་དང་། སྔོན་ཐུགས་དམ་དུ་ཞལ་དུ་བཞེས་པ་ལགས་པས། དེས་སྟོང་གྲོགས་མཛད་ཅིང་སྐུལ་བ་ལ་བཞུགས་པ་དང་། བདག་ཉིད་ཀྱང ་བདག་ཉིད་ཆེན་པོ་ཡིན་པས། ཕུར་པ་ཡང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ལག་པ་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཧཱུཾ། གཡོན་པའི་སྟེང་དུ་ཨ་ལས ་།། ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་བསམ་མོ།། གུང་མོ་ལ་ཨོཾ། མཐེ་བོང་ལ་ཧཱུཾ། འཛུབ་ལ་ཏྲཾ། སྲིན་ལག་ལ་ཧྲི། ཟེའུ་ཆུང་ལ་ཧ། འདི་རྣམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་གྱུར་པ། སུ་ར ་ཏ་སྟམ་ཞེས་བརྗོད་པས། ཐལ་མོ་མཉམ་པར་སྦྱོར་ལ།། ཨོཾ་བཛྲ་ཨ་ཛ་ལ་ཧཱུཾ་ཞེས་བརྗོད་པས། སོར་མོ་ཅུང་ཟད་བསྣོལ་ལོ།། ཨོཾ་བཛྲ་བན་དྷ་ཧཱུཾ་ཞེས་བརྗོད་པས། སོར་མོ་རྒྱབ་ཏུ་བསྣོལ་ལ་སྔམ་མོ།། ས་མ་ཡ་སྟམ ་ཞེས་བརྗོད་པས་ཕུར་པ་བླངས་ཏེ་ཚངས་པའི་ནང་དུ་བཅུག་ལ། ལག་པ་ཆང་བ་མེད་ལ་མཐེ་བོ་དང་སྲིན་ལག་དང་ཐེ་ཆུང་དང་གཉིས་ཀྱི་བར་དུ་ཡང་གཞུག། ཐེ་བོས་ཅུང་ཟད་སྐུལ་ཞིང་དྲུད་དོ།། ཨོཾ་བཛྲ་ཨ་ཨ་ཞེས ་བརྗོད་པས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཡུང་འབྲུ་ཙམ་པར་མཚམས་མེད་པར་ཕུར་པ་ལ་བསྡུ་ཞིང་བསྟིམ་མོ།། སྐུ་གསུམ་ཐུགས་ཀྱི ་བདག་པོ་ཆེན་པོ་ཉིད་དུ་རྫོགས་པའི་བྱིན་གྱིས་བརླབ་ཅིང་དབང་སྐུར་བར་བྱ་སྟེ། སོར་མོ་རྒྱབ་ཏུ་སྣོལ་ལ་གུང་མོ་བཞིབས་ཏེ་སྒྲེང་བའི་བར་དུ་ཕུར་བ་བཅུག་ལ། ཨོཾ་བཛྲ་ས་ཏ་ར་ཙ་ཧཱུཾ་ཕཊ། ཞེས་བརྗོད་པས་བཟླས ་སོ་དེ་ནས་སོར་མོ་པུག་ཕུག་པོར་བྱས་སོ།། ལག་པའི་རྟིང་པས་ཕུར་པ་བཟུང་སྟེ་ཨཱ~ཾ་ཧཱུཾ་ཧྲི། ཕུར་བུ་ཕཊ་ཞེས་བརྗོད་པས། དེ་ནས་སོ་རྒྱབ་ཏུ་བསྣོལ་ལ། མཐེ་བོ་གཉིས་བཤིབས་པའི་ཆང་པར་བཅུག་ནས། ཨོཾ་ཚིན་དྷ ་ཚིན་དྷ། ཧ་ན་ཧ་ན། ཏི་པ་ཏ་ཙཀྲ་ཧཱུཾ་ཕཊ། ཞེས་བརྗོད་པས་དྲིལ་ཏེ། བདག་ཉིད་ཆེན་པོ་ཐམས་ཅད་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་གཟི་བྱིན་ཐམས་ཅད་ཕྲར་པའི་སྐུལ་སྙིམས་པས། སྟོང་ཁམས་གང་བར་མེ ་སྟག་འཕྲོ་ཞིང་། དམིགས་པ་ཐམས་ཅད་ཕུར་པའི་འབྱིན་པ་དང་། དབང་དང་ལྡན་པར་འགྱུར་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་པར་གསོལ་བས། ཡུངས་ཀར་གྱི་རྒྱལ་པོས་གདབ་ཅིང་གུ་གུལ་སྦྱར་མས ་བདུགས་ལ་ཕྱི་ནང་གི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ།། དེ་ནས་ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ་ཏེ་དེའི་བྱིན་རླབས་སོ།། བཟླས་བརྗོད་ནི་བདག་ཉིད་ལས་ཀྱི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ལ་སྙིང ་ཀར་ཉི་མའི་དཀྱིལ་འཁོར་ལ་སྙིང་ཧཱུཾ། མཐིང་ནག་པོ་གཅིག་བསམས་ལ། ཨོཾ་བཛྲ་ཀྲོ་ན་ཀྲོ་ཏ་ཀི་ལི་ཀི་ལ་ཡ་མ་ར་ཡ་ཕཊ་ཞེས་བརྗོད་པས་ཕུར་བུའི་ཁྲོ་བོ་ཅི་འདྲ་བ་ཞིག་དེ་ལས་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་དུ ་སེམས་ཅན་གྱི་དོན་བྱས་ནས་ཕུར་བུ་ལ་བསྟིམ་མོ། འདི་འདྲ་བ་འབུམ་མམ། བདུན་འབུམ་མམ། ས་ཡ་བྱེ་བ་སྙེད་བྱ་སྟེ། བསྙེན་པ་རྟོང་པ་འདོད་ན་ཕུར་བུ་ཉིད་སྙིང་ཀ་ལ་སྡུ་ཏེ། འདི་ནི་བཟླས་བརྗོད་དོ།། ཕྲིན་ལས ་ནི་ཐོག་མ་ཉིད་དུ་བརྟག་པའི་སྙེན་ནས་བསྐྲད་པའི་དང་མཚམས་གཅོད་པ་ལ་སོགས་པ་བྱས་ནས། སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཁྲོ་བོའི་སྡང་མིག་དང་། མཚོན་ཆའི་ཆར་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པས ་སྐད་ནས་ཕུར་བུ་བཅུ་ཁྲོ་བོ་བཅུར་བྱིན་གྱི་བརླབས་ཏེ་ཕྱོགས་བཅུར་བཏབ་ནས། ཅི་ཙམ་འདོད་པ་ཐམས་ཅད་མཚམས་གཅོད་དོ།། རིགས་ལྔའི་ལྷ་མཉེས་པར་བྱ་སྟེ། དེ་ནས་ལས་ཀྱི་ལྷ་མཉེས་པར་བྱས ་ནས། དེ་ནས་ཏིང་ངེ་འཛིན་གོང་མས་འབྱུང་བ་དང་། བསྙེན་པ་ཚང་ནས། གནས་ཆེན་པོར་དཀྱིལ་འཁོར་གྲུ་གསུམ་ལ་རྩེ་མོ་ལྷོ་ཕྱོགས་སུ་བསྟན་ཏེ། ཞིང་ཆེན་གྱི་ཐལ་བ་དང་སྐྱེ་ཙེ་དང་ཞིང་ཆེན་གྱི་རག་ཏ་སྲུང་མའི ་ལོ་མ་དང་། ཁྲེང་དང་ཛུ་ཙེ་དང་སུམ་མ་དང་། གྲོག་ཁར་གྱིས་དང་བུང་བུའི་བདུད་རྩི་ལ་སྦྲུས་ཏེ། ཞིང་ཆེན་གྱི་ཐལ་བ་མ་རྙེད་ན་ཏིལ་ནག་པོ་ལས་གཞི་བླངས་གཟུགས་བྱས་ཀྱང་རུང་། མི་མོ་བྱས་ལ་མདོག་སྨུག་ནག ་ཏུ་བགྱིས་ལ། ཤུག་པ་ལ་སོགས་པ་ལ་ཞིང་ཆེན་གྱི་རག་ཏས་ཧཱུཾ་ཆེ་གེ་མ་ར་ཡ་ཕཊ་ཅེས་བྲིས་ཏེ་སྙིང་ཁར་བླན་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གན་རྐྱལ་དུ་བཞག་སྟེ་མགོ་བོ་ལྷོ་ཕྱོགས་ལོགས་སུ་བསྟན་ཏེ། གདོན་དེ་ཉིད ་དགུག་པ་ནི་མངག་གཞུག་གམ་ཁྲོ་བོ་གསུམ་པ་ནི་སྦྱོར་བ་ཡང་རུང་སྟེ། གསང་བའི་ཐུགས་ཀ་མ་སྙིང་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དམར་པོ་ཞིག་བཞག་ལ་ཛ་ཧཱུཾ་བཾ་ཧོ། བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཞིག་ཧཱུཾ་ཞེས ་བརྗོད་ནས། ཁྲོ་བོ་ལྕགས་ཀྱུ་ཅན་གྲངས་མེད་པ་རྒྱུད་མ་ཤེས་པ་དག་བྱུང་བས། བགེགས་ཀྱི་སྙིང་ཀ་ནས་བཟུང་སྟེ་དེར་འོངས་པ་དང་། ཛ་ཧཱུཾ་བཾ་ཧོ། ཆེ་གེ་མོ་མ་ར་ཤ་པྲ་བེ་ཤ་ཕཊ། རན་ཙམ་དུ་བརྗོད་ལ་གཟུགས ་སམ་རི་མོ་ལ་ཕབ་ལ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་གི་ཕྱག་རྒྱ་བཅིང་བ་དང་བསྡམ་པ་དང་། དེའི་སེམས་དཀྲུགས་པ་དགའ་བར་བྱས་ནས། ཨེའི་འོག་རྩེ་མོ་འོག་ཏུ་སོང་བར་བསམ། དེ་ནས་ཕུར་བ ་བླངས་ཏེ་ལས་ཀྱི་ལྷ་མོ་སྙིང་པོ་དང་བཅས་པས་དྲག་ཏུ་ཅུང་ཟད་བསྐུལ་ལ། ཐལ་མོ་སྦྱར་ཕུར་བུ་ཐབས་ཀྱིས་གསོར་ལ། རྡོ་རྗེ་སྡེར་མོའི་སྔགས་བཟླས་ནས་ཏིང་ངེ་འཛིན་གསལ་བར་མ་ཁུགས་ཀྱི་བར་དུ་དྲིལ་ལ་ཏིང ་ངེ་འཛིན་ཁུགས་པ་དང་། བ་དན་གྱི་སྟེང་དུ་རྩེ་མོ་ནས་གང་ཙམ་མ་རིག་པར་གཟས་ལ། ཁྲོ་བོའི་སྐྱེ་བའམ་སྐྱེད་པ་ནས་ལག་པ་གཡོན་པས་བཟུང་སྟེ། རྡོ་རྗེ་ཐོ་བའི་སྟ་རེ་ལྷག་པས་རྡེག་ཅིང་། རྡོ་རྗེ་སྡེར་མོའི་སྔགས ་ལན་གསུམ་དང་བདུན་གསུམ་ཉི་ཤུ་རྩ་གཅིག་གདབ་ཅིང་བཟླས་ཏེ། སེང་སྡེང་གི་ཕུར་པ་སོར་བརྒྱད་པ་ཞིག་སྙིང་ཀར་གདབ། དཔྲལ་བར་གཅིག་གདབ། དཔུང་མགོ་གཉིས་དང་བརླའི་ནང་རོལ་གཉིས་སུ་ཡང ་གདབ། ལྟེ་ཁུང་དུ་ཡང་གདབ། སྡེར་མོའི་སྔགས་ན་མཿས་མན་བ་ཀ་ཙི་ཏ་བཛྲ་ནན། ཨོཾ་ག་ག་ནན་ཏ་ཡ། སརྦ་དུསྟན་མ་ར་ཡ་ཕཊ། ཀི་ལི་ཀི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀི་ལི་ཀི་ལ་ཡ་བཛྲད་རོད་ཨད་\ུ྅པ ་ཡ་ཏི་ཀ་ཡ་བག་ཙི་ཏ་བཛྲ་ཀི་ལ་ཡ་ཧཱུཾ་ཕཊ་དྲག་ཏུ་བརྗོད། ཕུར་པ་དེ་དག་པ་ཟིན་ནས་དེའི་སྟེང་དུ་ལག་གི་ལྷ་ཕྱག་རྒྱ་སྔགས་ཀྱིས་མནན་ཏེ། ལག་པ་གཉིས་སོར་མོ་བསྣོལ་བ་མཐེ་བོ་མཐེའུ་ཆུང་རྩེ་སྦྱར་རྐང་ནས། ་། བཞིན་དྲང་པོར་རྒྱབ་ཏུ་བསྒྲེང་སྟེ། དེའི་སྔགས་ཨོཾ་བཛྲ་ཀ་ར་ཀྲོ་ཏ་ཧཱུཾ་ཕཊ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། གཡས་ཕྱོགས་སུ་བསྐོར་ཏེ། ཀི་ལ་ཡའི་མགོ་ལ་ལན་གསུམ་གཏུག་གོ། དེ་ནས་ཕུར་པ་སླར་མི ་དབྱུང་བ་དང་། སུས་ཀྱང་མ་ཕྱིན་པ་དང་། ལྷག་པར་ཡང་ཟུག་ཅིང་ཐལ་ཕྱིན་པར་བསམ་མོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། སོར་མོ་རྣམས་རྒྱབ་ཏུ་བསྣོལ་ལ་བཅངས་ནས། གུང་མོ་གཉིས་རྒྱབ་སྦྱར་རྩེ་མོ ་རྣོན་པོར་སྒྲེང་ལ། ཕུར་པའི་ཀླད་དུ་མནན། ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་འདི་ལས་མ་འདའ་ཞིག་པར་བསྒོམ་ཞིང་སྔགས་འདིས་ལན་བདུན་བཟླས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཧཱུཾ་ཕཊ་ཅེས ་སོ།། འདི་ནི་སེམས་མ་དམ་ཚིག་གི་སྔགས་དང་ཕྱག་རྒྱ་སྟེ། བསྒོམ་པ་ཐམས་ཅད་ཉན་པར་བསམ། སོར་མོ་གཉིས་ནང་དུ་བསྣོལ་ཏེ། མཐེ་བོང་དང་ཟེའུ་ཆུང་གཉིས་ངོ་སྦྱར་ལ་སྒྲེང་། ཁུ་ཚུར་མི་བཅང་བར་སོར་མོ ་རྣམས་ཕྱིར་བཀྱེད་དེ་ཕུར་པའི་སྟེང་དུ་གནན་ཅིང་སྔགས་འདི་བརྗོད་དོ།། ཨོཾ་བཛྲ་ཀྲོ་ཏ་ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ། བན་ད་བན་ད། ཚིན་ད་ཚིན་ད། རྦ་ན་རྦ་ན་ཕཊ། ཉི་ཤུ་རྩ་གཅིག་བཟླས་སོ།། སྟོབས་པོ་ཆེའི ་སྔགས་དང་ཕྱག་རྒྱ་སྟེ། གོང་དུ་བཀའ་ཉན་པས་བདག་གི་དབང་དུ་གྱུར་ནས། ཅི་བསྒོ་བ་ཐམས་ཅད་བྲན་བཞིན་ལས་བྱེད་པར་འགྱུར་རོ།། ཡུངས་དཀར་གྱི་རྒྱལ་པོས་བརྡེག། གུག་གུལ་སྦྱར་མས་བདུགས་ལ ་བཞག་གོ། དེ་ནས་ལག་པ་གཉིས་ལ་སྦྱར་ལ་ཟེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད། འཛུབ་མོ་གཉིས་སྦྱར་ཏེ་མཐེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད། མཛུབ་མོ་གཉིས་ཁ་འགྲམ་ལ་གཡས་གཡོན་དུ་སྒྲེང་། ་ཡིད་དགུག་པར་བྱ་བ་ལྷག་མ་རྣམས་ནང་དུ་བཅངས་ལ། འཛུབ་མོ་གཉིས་མཆེ་བར་བསམས་ཏེ། རྐང་པ་གཡོན་པ་བགེགས་ཀྱི་སྙིང་ཀར་མནན་ཏེ་ལན་བདུན་བཟླས། ཨོཾ་བཛྲ་ཀྲོ་ཏ་ཡཀྵ་ཁ་ཁ། ཁ་ཧི་ཁ་ཧི་ཧཱུཾ་ཧཱུཾ། ་ཕཊ་ཕཊ་ཅེས་བརྗོད་དོ།། དེ་ནས་རྡོ་རྗེ་བེ་ཅོན་གྱི་སྔགས་དང་ཕྱག་རྒྱ་སྟེ། ལག་པ་གཉིས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ལ། མཐེ་བོང་གཡོན་པའི་སྟེང་དུ་བཞག། མཛུབ་མོ་གཉིས་ངོ་སྦྱར་ཏེ་བསྒྲེངས་ནས་སྡང་མིག་ཏུ ་བགྲད་དེ་བརྡེག་ཅིང་། སྔགས་འདི་ལན་བདུན་གསུམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བཟླས་སོ།། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བྱི་དཱ་ན་ས་ཡ་ཙ་ཏི་མ་ལ་བོ་ད་ར་ཨུ་ཙུས་མ་ཀྲོ་ཏ་ཧཱུཾ་ཕཊ། ཅེས་བརྗོད་དོ།། ་དེ་ནས་ཉུངས་དཀར་གྱི་རྒྱལ་པོ་རྡེག་ཅིང་ལས་འདི་གྲུབ་ཅིང་ཤིན་ཏུ་བརྟན་པར་འགྱུར་བར་བཅོལ་ལོ།། རྡོ་རྗེ་བརྗིད་གནོན་གྱི་ཕྱག་རྒྱས་བསམ་གཏན་གྱིས་མནན་པར་བྱའོ།། ཁྲོ་བོ་རྣམས་ཀྱི་སྤྱི་བོ་ནས་འདུས་པའི ་སྟེང་དུ་ཧཱུ~ཾ་མཐིང་ནག་ལ་རྡོ་རྗེ་ལྕགས་ཀྱུའི་རྒྱ་གྲམ་མེ་ལྕེའི་ཕྲེང་བས་བསྐོར་བའི་རྒྱ་གྲམ་གྱི་དཀྱིལ་འཁོར་གྱི་ཡི་གེ་གསུམ་གསེར་བཙོ་མའི་མདོག་འདྲ་བ་ཞིག་ཏུ་གནས་པ་ལས། ཨོཾ་བཛྲ་སུ་མེ་རྟ་ཧཱུཾ་སྭ་ཡ་ཏ་ཞེས ་བརྗོད་པ་ལས། གསེར་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་ཞིག་ཏུ་གྱུར་ལ། དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་དབུ་གསུམ་ཕྱག་དྲུག་པ། ཕྱག་གཡས་དང་པོ་རྡོ་རྗེ་འབར ་བ་ཕྱར་ཏེ་བསྣམས། གཡོན་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བརྟན། འཁོར་དཔག་ཏུ་མེད་པའི་ཕོ་བྲང་བཏབ་པས་ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཅིང་མི་གཡོ་བ་དང་ལས་མ་གྲུབ་ན་སྐལ་པ་མཐར་ཐུག་ན་ཡང ་གནས་པར་བསམ། ཕྲིན་ལས་ཀྱང་དེ་བཞིན་དུ་བཅོལ་ཏེ་བཞག་གོ། ཡོ་བྱད་ཐམས་ཅད་ཀྱང་ནག་པོར་བསམ། གཏོར་མ་ནག་པོ་ཆ་ཅིག་བཤམ་སྟེ་དམ་ཚིག་ཅན་འཁོར་དང་བཅས་པ་དང་། འཇིག་རྟེན་ཐམས་ཅད ་ལ་བསྔོ་ཞིང་འབུལ་ལོ།། དྲག་པོའི་གཏོར་མ་ཆ་ཅིག་གནོད་བྱེད་དེ་ཉིད་བཀུག་ཏེ་ཟར་བཞུགས་གོ། ཕྲིན་ལས་དེའི་དུས་སུ་ཕྲ་མེན་མ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་ཀྱང་སྤྱན་དྲངས། གཏོར་མ་དབུལ་ལོ།། ་ཛ་ཧཱུཾ་བཾ་ཧོ། ཨེ་ཧེ་ཧི་བ་ག་བན་བྱ་ད་ཡཀྵ་ཛ། བྷྱོ་རུ་ལུ་རུ་ལུ་ཧཱཾ། ཞེས་ལན་གསུམ་བརྗོད་དེ་སྤྱན་དྲངས། པྲ་ཏི་ཏ་ཧོ་ཞེས་བརྗོད་ལ་གཏོར། ཨཱིཾ་ས་མ་ཡ་ཨརྒེ་པྲ་ཏི་ཙ་ཧཱཾ། སྭཱ་ཧཱ་ཞེས་ལན་གསུམ་བརྗོད་ལ། ཨ་མྲྀ་ཏ ་ཕུལ་ལ་ལས་བཅོལ་ལོ།། དུས་ནི་ཚེས་བཅུ་བདུན་ནམ་མར་གྱི་ངོ་ལ་ཉིན་མཚན་གྱི་གུང་དུ་བཟའ་དང་སྦྱར་བ་དང་། བསྙེན་པ་ཚང་བ་དང་། རྟགས་བྱུང་བ་ལ་སོགས་ཏེ་འདི་ནི་དུས་སོ།། གནས་ནི་ཤིང་རྐང་པ་དང ་གནོད་པར་ངེས་པ་དེ་འདི་ནི་གནས་སོ།། བདག་ཉིད་བྱང་ཆུབ་ལ་སེམས་གཞོལ་ཞིང་མང་དུ་ཟོས་པ་དང་། ལས་ལ་མཁས་པ་དང་། ལྷ་ཉེ་བར་གྱུར་པ་དང་མི་བྱེད་པའི་དད་པ་ཐོབ་པ་དང་། དྲན་ཅིང་ལྟོས་པ་མེད ་པའི་སེམས་དང་། ལྡན་པ་དང་ཕྲག་དོག་མེད་པ་དང་། གཞན་ལ་རེ་བ་མེད་པ་དང་། དམ་ཚིག་མཉམ་པའོ།། འདི་ནི་བདག་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་ལས་འདི་ཕྱུང ་ངོ་།། ཞི་རྒྱས་དབང་དང་མངོན་སྤྱོད་དང་གནན་ཟློག་དྲུག་ཏུ་བཀའ་སྩལ་ཏོ།། ཞི་བའི་ཞི་བ་ཆེན་པོ་ནི་དཀྱིལ་འཁོར་འདོམ་གང་ཟབ་ཁུང་གྲུ་བཞི་ཚང་། གང་ཟབ་ཀྱི་དཀྱིལ་དུ་འཁོར་ལོ་རྩིབས་བཞི་མཐོ་གང་ཟླུམ་པོ ་དཔང་སོར་གཅིག་འབྱིམ་པའི་མ་བུང་བ་ལ་འབུར་དུ་བརྐོས་ཏེ་བཞག། ཐབ་ཀྱི་ཁ་ཁྱེར་རྡོ་རྗེ་ར་བས་བསྐོར། དེའི་ཕྱི་རིམ་ཟླུམ་པོ་ལ་པདྨ་འདབ་མ་བརྒྱད་བྲི་བཀྲ་ཤིས་ཀྱི་ལྷ་མོ་དང་། མཆོད་པའི་ལྷ་མོ་དགོད། སྲེག ་པའི་རྫས་ཤུ་གུ་ཤུ་དག་མར་དཀར་སྦྲང་རྩི་འབྲས་ཅན་འབྲས་ཟུག་འབྲས་ཡོས་ཏིལ། ཞོའི་ཐུག་པ་ནས་ཐུག་ནས་སོ་བ། འབྲས་སོ་བ། དྲོ་སོ་བ་སྲན་མ་ཤ་ཉུངས་ཀར་འབྲས་ཀྱི་ལག་པ་ན། གཏོར་མ་དཀར་པོ་འབྲས ་ལ་བརྩེ། ཨོཾ་བྱེད་ཐམས་ཅད་དཀར་པོས་ཐོས། ཆོས་གོས་གོས་གསུམ་དཀར་པོ། ཝའི་སྒྲ་མདོག་ཀྱང་དཀར་པོ་གྲངས་དང་སྦྱར་ནས་མཆོད་པར་བྱའོ།། རྒྱས་པའི་དཀྱིལ་འཁོར་འདོམ་གང་གྲཝ་བཞི་ལྔ་ནི་སྔ་མའི་སྟེ ་། དུ་གནོད་སྦྱིན་མོ་བརྒྱད་ཀྱིས་མནན། ཕོ་ཉ་ཡ་འབྱུང་པོ་ཡོ་བྱད་ཐམས་ཅད་ཀྱང་སེར་པོ། ཆོས་གོས་ཀྱང་སེར་པོ། གདང་གཟར་ཀྱང་སེར་པོ་ཕྲུགས་སུ་བཅས་པ། གྲངས་བཞིན་དུ་དབུལ་ལོ།། དབང་གི ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དཀྱིལ་འཁོར་གྱི་སྟེང་དུ་ཟླ་གམ་ཕྱེད་མར་བཅད་པའི་ཚུལ་དུ་བྱ། ལས་ཀྱི་ལྷ་གར་གྱི་དབང་ཕྱུག་དགོད། སྲེག་རྫས་དམར་མོའི་གྲངས་བཞིན་དུ་དབུལ། དྲག་པོའི་དཀྱིལ་འཁོར ་འདོམས་གང་གྲུ་བཞི་དབུས་སུ་གྲུ་གསུམ། ཟབས་སུ་ཁྲུ་ཕྱེད་གྲ་གསུམ་དུ་མདའ་གསུམ། མིའི་ཐོད་པ་གསར་རྙིང་གིས་བསྐོར། དཔལ་ཆེན་པོ་དང་ཁྲོ་བཅུ་དགོད། ཡོ་བྱད་ཐམས་ཅད་ནག་པོ། སྲེག་རྫས་ནག་པོ།། ་དཀྱིལ་འཁོར་ཡང་ནག་པོ་གཏོར་མ་ཡང་ནག་པོ། ལས་ཀྱི་ཁྲོ་བོ་བཅུ་དང་། ཕྲ་མེན་མ་ཆོས་གོས་ནག་པོ་སྦྱིན་སྲེག་ལྷའི་གྲངས་བཞིན་དུ་དབུལ་ལོ།། ཨོཾ་ཤན་ཏིང་གྷན་ཏིང་ཏི་ཀ་ར་པྲ་ཤ་མ་ནི་ར་ཙ་ཏ། ཨ་པ་བ་སྭ་བ ་བ། ཨ་མུ་ཀ་སི་ས་སྟི་ཤྲི་བཾ་ཀུ་རུ་སྭཱ་ཧཱ། ཞི་བའོ།། བ་ཤང་ཀུ་རུ་པུ་ཤང་མ་ན་ཧོ་པུ་ཏིང་ཀུ་རུ་སྭཱ་ཧཱ། སུམ་བ་ནི་སུམ་བ་ནི་ཧཱཾ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་རོལ་པ་ལས་ཁྲོ་བོ་མནན་ཟློག་གི་ལེའུ ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཐུགས་གསང་བའི་དཀྱིལ་འཁོར་ནས་འདི་ཕྱུང་ངོ་།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་རྡེགས་པས་རུ་ཆ་དགུ། དབུས་སུ་ཟླ་བ་ཕྱེད་མར ་བཅས་པའི་ཚུལ་དུ་བྱ། དེའི་ཕྱི་རིམ་ཕྲ་མེན་མ་བཅུ་དྲུག། སྒོ་བཞི་ན་ཁམ་ཕོར་རི་མོ་བྲིས་པ་དགུར་སྣང་བའི་འོད་དང་བཅས་པའི་ཚུལ་དགྲམ། ཚིལ་ཆེན་དང་ནི་ཙི་ཏའི་ཏོག། རས་ཆེན་འཕན་གདུགས་ལ་སོགས་པ ་དཀྱིལ་འཁོར་རྒྱན་དུ་བྲི་བར་བྱ། པ་ན་དེའི་གནས་ཡོལ། ཞིང་གི་རྒྱལ་མཚན་ཐོད་པའི་ཕྲེང་བ་ལ་སོགས་པ་དགོད། རག་ཏ་དྲི་ཆེན་གྱི་མན་ད་ལ་བྱ། ཡོ་བྱད་ཐམས་ཅད་ཚང་བར་བསགས་ལ་འཕགས་པ་མཆོད་ཅིང ་བདག་ཀྱང་བཟའོ།། ངག་མ་འདྲེས་ཤིང་མི་གཅིག་ལ་སྤྱོད་ལམ་ཡན་ཆད་ཚུལ་ཅིའི་སྒོ་ནས་སྒྲུབ་པའི་ཞལ་ཟས་དང་སྣ་ཚོགས་རྣམས་ཕྱི་རོལ་ཏུ་བྱུང་ངོ་།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོ་ཉིད་ཏིང་ངེ ་འཛིན་གཉིད་དབང་དུ་མི་བཏང་སྤྱོད་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་དངོས་གྲུབ་དབྱིག་སྒྲུབ་པ་དང་། སྲིད་པ་གསུམ་གྱི་སེམས་ཅན་རྒྱུའི་སྡུག་བསྔལ་གྱིས་འདུལ་བ་རྣམས་གྲོལ་བར་མཛད་པའི་ཕྱིར་ཚུལ ་མཁས་པ་དང་། སྤྱོད་པ་གཟོབ་པས་རྣལ་འབྱོར་པ་ལ་འཇུག་པར་བྱའོ།། དེ་ལ་དང་པོ་སྒྲུབ་པ་ལ་བགེགས་མི་འཇུག་པར་བྱའོ།། ཕྱིར་མཚམས་བཅད་དོ།། ཏིང་ངེ་འཛིན་དང་ལྟ་བ་དང་། སྔགས་དང་ཕྱག་རྒྱ་དང་། ་ཕྱག་མཚན་རྫས་འདི་དག་གིས་རབ་ཏུ་གཏད་པར་བྱའོ།། བསྙེན་པ་ཉེ་བསྙེན་དབང་ཡང་རྫོགས་ནས། དངོས་གྲུབ་བླང་བར་བྱའོ།། ལྷའི་གྲངས་བཞིན་བསྙེན་པ་འབུལ་བར་བྱ། སྙིང་པོ་ནི་ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ་ཞེས་དྲང་ངོ་།། དེ་ནས་བསྙེན་ལེགས་པ་དང་། ཡོ་བྱད་རྣམས་ཕྱི་རོལ་ཏུ་མི་འབྱུང་གནས་སུ་མི་སྐྱེལ་ལྷ་དང་བདག་མཆོད་ལེགས་པའི་རྗེས་སུ་ལྷག་མ་དཀྱིལ་འཁོར་སའི་འོག་ཏུ་རིན་པོ་ཆེས་ཁ་བཅད་ལ ་སྦ་བར་བྱའོ།། དོན་དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྲས་སུ་སྐྱེའོ།། དེ་ལྟར་མ་བྱས་ན་དམྱལ་བར་ལྟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲ་མེན་མའི་སྒྲུབ་པ་འདི་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཀེའུ་རི། དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ། ཤར་ལྟ་སྟག་གི་མགོ་ཅན། ལྷོར་གཡག་གི་མགོ་ཅན། ནུབ་ཏུ་སེང་གེའི ་མགོ་ཅན། བྱང་དུ་གཟིག་གི་མགོ་ཅན། ཤར་ལྷོར་ཕ་ཝཾ་གི་མགོ་ཅན། ལྷོ་ནུབ་ཏུ་པུ་ཤུད་ཀྱི་མགོ་ཅན། ནུབ་བྱང་དུ་སྲིན་བྱའི་མགོ་ཅན། བྱ་ཤར་དུ་སྐྱ་གའི་མགོ་ཅན། སྒོ་བཞི་དགོད།། དཀྱིལ་འཁོར་འདོམ་གང་གྲུ ་བཞི་ལ། དབུས་སུ་ཙེའུ་རི་དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ། ཤར་དུ་རྨིགས་པའི་མགོ་ཅན། ལྷོར་བྱ་རྒོད་ཀྱི་མགོ་ཅན། ནུབ་ཏུ་ཤ་བའི་མགོ་ཅན། བྱང་དུ་ཁུ་བྱུག་གི་མགོ་ཅན། མཚམས་བཞིན་པ་ཝཾ་གི་མགོ་ཅན། ་། ཁྭའི་མགོ་ཅན་དང་བྱན་ལག་གི་མགོ་ཅན། ཕོ་རོག་གི་མགོ་ཅན་རྣམས་སྒོ་བཞིར་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་པྲ་མོ་ཧ། དེའི་ཕྱིར་འཁོར་ལོ་རྩིབས་བཞི་ལ་ཤར་དུ་འུག་པའི་མགོ་བོ ་ཅན། ལྷོར་སྦྲང་ཀིའི་མགོ་ཅན། ནུབ་ཏུ་སྦྲུལ་གྱི་མགོ་ཅན། བྱང་དུ་གཟིག་གི་མགོ་བོ་ཅན། མཚམས་བཞིར་སྲེ་མོའི་མགོ་བོ་ཅན་དྲེད་མགོ་ཅན་དང་སྡིག་པའི་མགོ་ཅན་དང་། ཝའི་མགོ་ཅན་རྣམས་སོ་སྒོ་བ་བཞི་དགོད ་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པེ་ཏ་ལི་པད་མ་འདབ་མ་བཅོ་བརྒྱད་དྲུག་ལ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་དྲུག་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་པུ་ཀ་སི་དེའི་ཕྱི་རིམ་པདྨ ་འདབ་མ་བཞི་ལ་ཤར་དུ་རྟའི་མགོ་ཅན། ལྷོར་ནམ་མཁའ་ལྡིང་གི་མགོ་ཅན། ནུབ་ཏུ་ཁྱིའི་མགོ་ཅན། བྱང་དུ་སྤང་ཏིའི་མགོ་ཅན། མཚམས་བཞིར་ཡང་སྤྲུལ་པ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ ་དབུས་སུ་ཀས་མ་རི་དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་དབྱིངས་ཕྱུག་མ། ལྷོར་རིན་ཆེན་དབྱིངས་ཕྱུག་མ། ནུབ་ཏུ་པདྨ་དབྱིངས་ཕྱུག་མ། མཚམས་བཞིར་ཕག་མགོ་ཅན་ལ་བྱི་ལའི་མགོ་ཅན་རྣམས་སྒོ་བ ་བཞི་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་སྨེ་ཤ་ནི་དེའི་ཕྱིར་རིམ་པདྨ་འདབ་མ་བརྒྱད་ལ། ཤར་དུ་སྟི་རའི་གནས་ཉུལ་མ། ནུབ་ཏུ་མཆོད་པའི་ཚོགས་ཉུལ་མ། བྱང་དུ་དེ་བྱིའི་སྦྱོར་ཉུལ་མ། ཤར ་ལྷོ་དམ་ཚིག་རྗེས་གཅོད་དོ།། ལྷོ་ནུབ་ཏུ་ཕྱི་ནང་མཚམས་ཉུལ་མ། ནུབ་བྱང་དུ་དབང་ཕྱུག་མ་དེའི་ཕྱི་མཚམས་བཞིར་རྡོ་རྗེ་སྒྲོལ་ཉུལ་མ་བསྙེན་པའི་མཚམས་ཉུལ་མ་དགོངས་པའི་དྲོད་ཉུལ་མ་དུར་ཁྲོད་གནས་ཉུལ་མ ་། དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཙན་དྷཱ་ལི། པདྨ་འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་སྡེར་མོ། ལྷོ་རུ་རྡོ་རྗེ་གཏུམ་མོ།། ནུབ་ཏུ་དུར་ཁྲོད་བདག་མོ། བྱང་དུ་རྡོ་རྗེ་སྒྲོལ་མ་དེའི་མཚམས ་བཞིར་རྡོ་རྗེ་ཏིབ་ཏིབ་དང་། རྡོ་རྗེ་ཏེག་ཏེག་མ་དང་རྡོ་རྗེ་འཛིན་མ་དང་རྡོ་རྗེ་ཡིད་གཡོ་མ་དང་། སྒོ་བཞི་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་སེང་ཧ་མུ་ཀ་པདྨ་འདབ་མ་བརྒྱད་ལ་ཆུ་སྲིན་གྱི་ལུས ་ལ་སེང་གེའི་མགོ་ཅན་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་བྱ་ཁྲི་མུ་ཁ་པདྨ་འདབ་བརྒྱད་ལ་ཀང་ཀའི་ལུས་ལ་སྟག་གི་མགོ་ཅན་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད།། ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སྲི་ཀ་མུ་ཀ་པདྨ་འདབ་མ་བརྒྱད་ལ་སེང་གེའི་ལུས་ལ་ཝའི་མགོ་ཅན་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཤོ་ན་མུ་ཀ ་པདྨ་འདབ་བརྒྱད་ལ་ཕོ་རོག་གི་ལུས་ལ་ཁྱི་མགོ་ཅན་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད་དོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀྲི་ཁྱ་མུ་ཀ་པདྨ་འདབ་མ་བརྒྱད་ལ་ཀང་ཀའི་ལུས་ལ་བྱ་རྒོད་ཀྱི་མགོ་ཅན ་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀང་ཀ་མུ་ཀ་པདྨ་འདབ་མ་བརྒྱད་ལ་སྦྲང་ཀིའི་མགོ་ཅན་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ ་དབུས་སུ་ཀ་ཀ་མུ་ཀ་པདྨ་འདབ་མ་བརྒྱད་ལ་འུག་པའི་ལུས་ལ་ཕོ་རོག་གི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར་བ་སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཨུ་ལུ་མུ་ཀ་པདྨ་འདབ་མ་བརྒྱད་ལ་ཕོ ་རོག་གི་ལུས་ལ་འུག་པའི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར་སྒོ་བཞི་དགོད། དེ་ནས་བཅོམ་ལྡན་འདས་ཕྲ་མེན་མའི་ཏིང་ངེ་འཛིན་དུ་བཞུགས་ནས་འགྲོ་བ་རྣམས་ཀྱིས་དོན་མཛད་དོ།། བཅོམ་ལྡན་འདས་དཔལ ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་ཕྲ་མེན་མ་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང་གསུང་དང་ཐུགས་དངོས་གྲུབ་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། སྐུ་དང་གསུང་དང་ཐུགས་ལས་ཧེ་རུ་ཀ། ཆོས་དབྱིངས་དོན་དམ་རིག་པའི་དབྱིངས་ན་བཞུགས།། ཕྱག་རྒྱ་ཡུམ་གྱི་མཁའ་ལ་བཞུགས་ནས་ཀྱང་།། སྐུ་དང ་གསུང་དང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ།། ཡེ་ཤེས་ཁྲོ་རྒྱལ་མང་པོ་འཕྲོ།། ཕྱག་མཚན་སྣ་ཚོགས་འགྲོ་དོན་མཛད།། ལས་བྱེད་མཁའ་འགྲོ་ཆོས་དབྱིངས་སྐུ་ལ་འཁྲིལ།། ཡེ་ནས་ཁྲོ་རྒྱལ་དངོས་གྲུབ་བདག་ལ ་སྩོལ།། ཕྲ་མེན་ཟ་བྱེད་མཆེ་གཤོག་འཕར་མའི་ཚོགས།། དབང་ཕྱུག་འཇུག་སྲེད་ཡིད་འཕྲོག་ནུ་མ་ཅན།། རྡོ་རྗེ་མཆུ་ཅན་སྡེར་ཆེན་གཤོག་པ་ཅན།། ཕྲ་མེན་ཟ་བྱེད་མ་མོ་དངོས་གྲུབ་བདག་ལ་སྩོལ།། རྡོ་རྗེ་ཡང་སྤྲུལ ་། ཆེན་མོ་ཆོས་དབྱིངས་མཁའ་ལས་ཤར།། མཚོན་ཐོགས་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད།། རྟག་ཏུ་དོན་མཛད་ཐུགས་རྗེ་ལས་བྱུང་ཕྲ་མེན་ཡང་སྦྲུལ་ཆེན་མོ་དངོས་གྲུབ་སྩོལ།། སྨོན་ལམ་གྲུབ་པ ་འགགས་པ་མེད་པའི་ཆོས་ཉིད་ཅན།། འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ།། སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ།། ཡེ་ཤེས་ཆོས་དབྱིངས་སྐར་ཚོགས་ཟླ་ཉིའི་ཞལ།། ལས ་མཛད་ཡེ་ཤེས་ནན་ཏན་དོན་ལ་བཞུགས།། རྒྱུ་འབྲས་གཉིས་ཀྱིས་འགྲོ་བའི་དོན་མཛད་པ།། སྒོ་བ་ཡབ་ཡུམ་དངོས་གྲུབ་སྩལ་དུ་གསོལ།། རྡོ་རྗེ་མཁའ་འགྲོ་དབྱིངས་ཀྱི་ཡེ་ཤེས་ཡུམ།། ལས་བྱེད་མ་མོ་ཀུན་ལ་དབང ་མཛད་མ།། ཕྱག་རྒྱ་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད།། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བདག་ལ་སྩོལ།། རྡོ་རྗེ་གཤོག་མ་ཐོགས་པ་ཡིད་འཕྲོག་མ།། རྡོ་རྗེ་སྡེར་མོ་ཕྱོགས་བཅུར་སྤྲུལ་པ་འཕྲོ།། རྡོ་རྗེ་ལས་བྱེད་མ་མོ ་། རྒྱུརྒྱ་ཡང་འབྱེད།། དབང་ཕྱུག་ཕོ་ཉའི་དངོས་གྲུབ་བདག་ལ་སྩོལ།། མི་མཉམ་པ་ཡི་ལྷ་ཁྱོད་རྟག་ཏུ་ནི།། ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་འགྲོ་བའི་དཔལ།། བླ་མེད་བྱང་ཆུབ་ཐོབ་པར་དམ་བཅས་པ།། བདག་ལས ་སྩོལ་བའི་འབྲས་བུ་མཆིས་པར་མཛོད།། དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་འདུས་ནས་གསོལ་པ། སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ།། དེའི་འཁོར་དུ་རྟོགས་པའི་ལྷ་དང་མཁའ་འགྲོ་མ།། རྩེ་གཅིག་བསྙེན་ཀྱང ་ཕྲ་མེན་ཁྱེད་སྙེན་སྙེན།། བསྙེན་པའི་དུས་ན་རྒྱང་མ་རིང་།། སྒྲུབ་པའི་དུས་ན་མཐུ་མ་ཆུང་།། ཡང་བསྙེན་ནི་ཡང་བསྙེན་ན། དཔལ་ཆེན་ཕྲ་མེན་མ་ལྟར་མ་ལགས་ཀྱི།། ལང་ཀ་ཚོགས་ཀྱི་སྲིན་མོ་ཡང་།། ཕ་བས་བྱམས ་ཤིང་ཁུ་བས་གདུང་།། ཡང་སྦུབས་ནི་ཡང་སྒྲུབ་ན།། ལང་ཀ་ཚོགས་ཀྱི་སྲིན་མོ་ཡང་མ་བས་བྱམས་ཤིན་སྲིང་བས་གདུང་།། གདུང་བས་མ་ཚིམ་ཚུལ་དེ་སྐུ།། ཡེ་ཤེས་ལྷ་ཡི་ཐུགས་ཀྱིས་བཟོད་ལགས་སོ།། དངོས་གྲུབ ་རྩལ་དང་སྩོལ་བར་མི་དམིགས་ཀྱང་།། སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་མཆོད་རྣམས་ལ་སྩལ་ཏོ།། འཁོར ་རྣམས་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་དངོས་གྲུབ་སྩལ་ལོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས ་བཀའ་དམ་པའི་དོན་གྱི་གསང་བ་ཟབ་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས། སྤྲུལ་པ་ལྕམ་དྲལ་འདི་མགོ་མཇུག་གི་དོན་རྒྱུ་དང་འབྲས་བུ་གཉིས། དབྱིངས་དང་ཡེ་ཤེས་གཉིས་ཐབས་དང ་ཤེས་རབ་གཉིས་ཀུན་རྫོབ་དང་དོན་དམ་གཉིས་མདོར་བསྡུས་ཏེ་དོན་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་སུ་བསྡུའོ།། རྒྱུད་ནི་འགོ་མཇུག་གི་དོན། རྒྱུད་ནི་འགྲོ་འཇུག་གི་དོན་དཔལ་ཀུན་ཏུ་བཟང་པོ་འདུས་སོ།། ་།། ཀུན་ཏུ་བཟང་པོ་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དང་གསུང་མི་ཟད་རྒྱན་གྱི་འཁོར་ལོ་དང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་དང་སྐུ་གསུང་ཐུགས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ཀྱང་བྱང་ཆུབ་ཀྱི ་སེམས་ཀྱང་འདུས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོར་འདུས་པའི་དོན་འདི། བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་རྡོ་རྗེ་ཆོས་ལ་གཏད་དོ།། སྐུ་གསུང་ཐུགས་ཀྱི་དོན་གཟིགས་པ་འདི་ནི།། ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཆོས་རྡོ་རྗེ་ཆོས་ཀྱི་སྡུད་པ་པོས། ལུས་ངག་ཡིད་གསུམ་རྗེས་སུ་ཡི་རང་སྐྱེས་ཏེ་བཅོམ་ལྡན་འདས་ལ་བསྟོད་པ། ཀུན་གཞི་རྣལ་འབྱོར་རྫོགས་པའི ་དཀྱིལ་འཁོར་ནས།། ཟབ་ཅིང་གཏིང་དཔག་དཀའ་བ་སྒྱུ་མའི་སྐུ་བཞུགས་པ།། སྤྲུལ་པ་མང་པོས་འགྲོ་དོན་རྫོགས་པར་མཛད།། དཔལ་ཆེན་ཀུན་བཟང་ཁྱོད་ལ་ཕྱག་འཚལ་ལོ།། ཡེ་ཤེས་ཁྲོ་བོའི་ཆོས་ཉིད་དབྱིངས ་ན་བཞུགས།། སྤྲུལ་པའི་ཁྲོ་བོ་ས་ལས་རྣམས་རྫོགས་པར་མཛད།། ཕྲ་མེན་ཡང་སྦྲུལ་ཡེ་ཤེས་དབྱིངས་སུ་འཁྲིལ།། ཁྲོ་བོ་ཁྲོ་མོའི་ཚོགས་ལ་ཕྱག་འཚལ་ལོ།། སྐུ་གསུང་དངོས་གྲུབ་ཡ་མཚན་ཆོ་འཕྲུལ་ཅན།། སྐུ ་གསུང་ཐུགས་ལ་སྤྲུལ་པ་མང་པོ་འཕྲོ།། མཁའ་འགྲོ་ཟ་བྱེད་ཕྲ་མེན་ཕོ་ཉ་མ།། མགྱོགས་པ་མགྱོགས་མའི་ཚོགས་ལ་ཕྱག་འཚལ་ལོ།། ལས་རྣམས་དྲག་ཤུལ་མཛད་པའི་ཁྲོ་རྒྱལ་སྐུ།། དེ་བཞིན་གཤེགས་པའི་མན་ངག ་གསང་ཆེན་རྣམས།། ཀློང་ནས་གྲོལ་བར་མཛད་པ་ཡེ་ཤེས་ཡུམ།། སྒོ་བ་སྒོ་མའི་ཚོགས་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་རྗེས་སུ་ཡི་རང་སྟེ།། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ་བཀའ་དམ་པ་གསང་བའི་ཟབ་མོའི་ཏན་ཏྲ་འདི་སྡུད་པོ་རྡོ་རྗེ་ཆོས་ལ་གཏད་དོ།། དེ་ནས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས ་ཀྱི་བཤགས་པ་ཕུལ་ལོ།། འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར་པ་ན།། ལུས་ངག་སེམས་ཀྱིས་སྡིག་བགྱིས་མཐོལ་ཞིང་བཤགས།། རང་སེམས་དམན་པའི་དབང་དུ་གྱུར་པས་ན།། ཐབས་ཆེན་སྤྱད་དང་མ ་སྤྱད་མཐོལ་ཞིང་བཤགས།། མ་རིག་ལོག་པའི་དབང་དུ་གྱུར་པ་ན།། ཡང་དག་དོན་མ་རྟོགས་པ་མཐོལ་ཞིང་བཤགས།། འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར་པས་ན།། ལུས་དང་ངག་ཡིད་སེམས་ཀྱིས་མཐོལ ་ཞིང་བཤགས།། ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པས་ན།། སྒོམ་དང་སྒྲུབ་ལ་གཡེལ་བ་མཐོལ་ཞིང་བཤགས།། སེར་སྣ་འཇུར་འགེགས་དབང་དུ་གྱུར་པས་ན།། མཆོད་པ་ལོ་ཟླ་འདས་པ་མཐོལ་ཞིང་བཤགས།། ་རྒྱལ་ཁེང་སེམས་དབང་དུ་གྱུར་པས་ན།། སློབ་དཔོན་སྲུང་མ་མ་མཉེས་མཐོལ་ཞིང་གཤེགས།། བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ན།། གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ལོ་བཤགས།། ཟླ་གྲོགས་ངན ་པའི་དབང་དུ་གྱུར་པས་ན།། ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས།། ཕུད་དང་ལྷག་མཉམ་པའི་སྐྱོན་དབང་གིས།། ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས།། མ་དང་མཁའ ་འགྲོའི་བཀའ་ཆད་གནས་སུ་གྱུར་པ་མཐོལ་ཞིང་བཤགས།། སྒྲོལ་བའི་དུས་སུ་སྙིང་རྗེ་ཆུང་བ་ཡིས།། སེམས་ཅན་གནས་མ་གཏུབས་པ་མཐོལ་ཞིང་བཤགས།། ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས།། ་ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ཞིང་བཤགས།། སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས།། གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིས།། ཆགས་ཤིང་འཁོར་བའི་གནས་སུ་སྐྱེ་བ་མཐོལ་ཞིང་བཤགས།། ་བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། དེ་སྐད་ཅེས་བཟོད་པ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པ་གནང་སྟེ། བཀའ་དམ་འདིས་ཡང་ནས་ཡང་དུ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ།། དེ ་ནས་རྡོ་རྗེ་ཆོས་ཀྱི་བཀའ་དམ་པ་འདི་མ་ཆགས་པའི་དབང་གིས་བཀའ་བཞིན་བྱས་སོ།། དེ་ནས་འཁོར་དེ་དག་ཐལ་མོ་སྦྱར་ནས་རྗེས་སུ་ཡི་རང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད ་དོ།། བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དུ་བཅས་པའི་འཇིགས་རྟེན ་ཡིད་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།། གསང་བའི་སྙིང་པོ་ཟབ་མོ་མཆོག་དཔལ་སྙིང་རྗེའི་རོལ་པའི་རྒྱུད་རྫོགས་སོ།། །། བཀྲ་ཤིས་པར་གྱུར་ཅིག། དགེའོ།། ཞུ་དག ་ལེགས་སོ།། ། ་