CLOSE WINDOW

Gpb054.026: 'phags pa rtogs pa'i rgyal po/ sgyu 'phrul dra ba le'u stong phrag brgya pa las/ mtshan nyid dang rgyud thams cad lung gis dpyad pa/ de bzhin gshegs pa thams cad kyi gsang ba/ gsang ba'i snying po de kho na nyid nges pa'i le'u las/ sgyu 'phrul le lag ces bya ba
Wyliee-texts produced with BDRC’s OCR application

། རྒྱ་གར་སྐད་དུ། ཨཱརྱ་བ་ཀ་ཝ་ར་ཛ། མ་ཡཱ་ལ་སརྒ་ཤ་ཏ་ས་ཧ་སྲི་ཀ་ལཀྵ་ཎ་སརྦ་ཏནྟ་ཨཱ་ག་མ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་གུ་ཧྱ་གརྦྷ་ཡཱ་ཧི་ནེད་ཚ་པ་ལ་ནཱ་མ་ཙཀྲ་ཙིཏྟ་ཕ་ལ་ན་མ། བོད་སྐད་དུ། འཕགས་པ ་རྟོགས་པའི་རྒྱལ་པོ། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ལུང་གིས་དཔྱད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ ་ལས། སྒྱུ་འཕྲུལ་ལེ་ལག་ཅེས་བྱ་བ། བམ་པོ་དང་པོའོ།། །། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དགྱེས་པ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་དགྱེས་པ ་ཆེན་པོས། མཉམ་པའི་དཀྱིལ་འཁོར་ལ་བཞུགས་ནས། ཉིད་ཀྱི་སྐུ་ལ་ཐམས་ཅད་མ་ལུས་པར་འདུས་པར་བསྟན་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། འདས་དང་ད་ལྟར་མ་འོངས་དང་།། འབྱུང་བར་མ་ངེས་དུས ་འདི་དག། སྔ་ཕྱི་མེད་པར་མཉམ་ཡིན་པར།། ངེས་པ་མེད་པར་ཡང་དག་གསུངས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། རང་དང་སྤྱི་རུ་བསྟན་པ་དང་།། ཇི་སྙེད་བརྟན་གཡོ་ལ་སོགས་པ།། སྒྱུ་མ་མིག་ཡོར་ཚུལ ་ཡིན་ཏེ།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་།། སེམས་ཅན་ཀུན་གྱི་ཞིང་གྱུར་པས།། དེ་དག་གཉིས་མེད་དབྱིངས་སུ་སྦྱོར།། ཐམས་ཅད་ཐབས་ཀྱིས་མཚན་ཉིད་དོ།། ཐབས་དང་ཐབས་ནི ་རྣམ་པར་སྤྱོད།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། དེ་ནི་བྱང་ཆུབ་རྡོ་རྗེ་མཆོག། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་།། ཡང་དག་དོན་གྱི་སྙིང་པོ་ནི།། གང་ནས་བཙལ་ཡང་མི་རྙེད་དོ།། རང་རིག་སྒྲིབ་མེད་དག་པ ་ཡིན།། དེ་ལ་རྟག་འགྲུབ་གོམས་པ་ནི།། བསྙེན་པའི་དམ་པ་དེ་ཡིན་ཏེ།། དེ་ནི་མ་ནོར་ལམ་ཡིན་པར།། ཨ་ཡིས་པོ་དེ་རབ་ཏུ་བསྡུས།། དེ་ནི་ཉིད་ཀྱིས་དབྱིངས་ཉིད་ནི།། ་གཅིག་ཅེས་འདི་ཞེས་བརྗོད་དུ་མེད།། གཉིས་མེད་དབྱིངས་ཀྱི་ངང་དུ་མེད།། གསུམ་དུ་སྣ་ཚོགས་འབྱུང་ཞིང་སྤྲོ།། བྱིན་རླབ་བསམ་ཡས་མཐའ་ཡས་མཆོག། དོན་བསྡུས་གསུང་རབ་བཞི་བཅུ་གཉིས།། དེ་ལས་ལྷག ་པའི་དོན་སྨྲ་བ།། དེ་ནི་རྣམ་དག་ལམ་མིན་ཏེ།། རང་བློ་བསམ་པའི་འཁྲུལ་པ་ཡིན།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། དེ་ནི་ལུང་གི་ཚད་མར་བཤད།། ཚད་བཞི་ཕབ་པའི་དོན་ཡིན་ཏེ།། དག་པ་རྣམ་གསུམ ་ཚུལ་སྒོམ་ཞིང་།། འབྲུ་ལྔར་འདུས་པ་ཐབས་ཆེ་སྟེ།། འགྲོ་བ་ཀུན་ལ་རང་བཞིན་གནས།། བྱ་བ་མེད་ལ་བྱས་པ་མེད།། ཟད་པའི་དུས་མེད་ཡིད་བཞིན་ཏེ།། བུམ་པ་བཟང་དང་ཡིད་བཞིན་མཛོད།། ཟ་མ་ཏོག་དང་རིན ་ཆེན་རྒྱལ།། གཞན་ནས་ཡོང་འོངས་མ་ཡིན་ཏེ།། རང་སེམས་བསོད་ནམས་བསྟན་པ་ཡིན།། ལྷ་སྲིན་ལ་སོགས་ཡོད་པ་ཡི།། ནོར་འདྲ་རིན་ཆེན་མ་ཡིན་ཏེ།། བོ་དེ་བཀོར་ནི་རིན་པོ་ཆེ།། སྐུ་གསུང་མི་ཟད་པར་ལྡན ་པའི།། རྒྱན་གྱི་འཁོར་ལོ་བསམ་མི་ཁྱབ།། དངོས་གྲུབ་མཆོག་གི་སྙིང་པོ་ནི།། དང་པོར་དོན་རྟོགས་མཐའ་མི་གཏོང་།། ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ།། སྤྱོད་ཡུལ་ཀུན་ཏུ་ཚེ་དཔག་མེད།། ཞེས་གསུངས་སོ།། སྒྱུ་འཕྲུལ ་དྲ་བ་ལས། ཕྱོགས་བཅུ་དུས་བཞིའི་སྣོད་བཅུད་བདག་ལ་འདུས་པ་དང་། ལོངས་སྤྱོད་དང་སྐུ་གསུང་ཐུགས་ཀྱི་མི་ཟད་པའི་རྒྱན་གྱིས་འཁོར་ལོ་བསྐོར་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་དེ་བཞིན་གཤེགས ་པས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས་ཆོས་ཐམས་ཅད་ནམ་མཁའི་མཁའ་དང་། ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་པ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཡང་དག་དོན་གྱི་གསང་མཆོག་ནི།། བདེ་བའི ་ཐུགས་ཀྱི་དཀྱིལ་འཁོར་ལ།། ངེས་པའི་དོན་ཆེན་བཞི་བཅུ་གཉིས།། ཡིད་བཞིན་རིན་ཆེན་གསལ་འབར་ཐིམ།། ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས།། སྐུ་ལྔའི་འོད་ཟེར་མང་པོ་ཀུན།། ཐམས་ཅད་ཡུམ་གྱུར། ་དབྱིངས་སུ་ཐིམ།། གསལ་འབར་སྤྲིན་གྱི་བདག་པོར་འགྱུར།། བྱང་ཆུབ་སེམས་ཀྱི་ཐེག་པ་ནི།། ཀུན་ལ་ཁྱབ་ཅིང་མི་གནས་པ། ཁ་དོག་གནས་དང་དབྱིབས་མ་ཡིན།། ཡོན་ཏན་མཆོག་གིས་སྙིང་པོ་ནི།། རྟོག་གེའི ་སྤྱོད་ཡུལ་ཡང་མ་ཡིན།། ཟབ་ཅིང་རྒྱ་ཆེན་རབ་སྦྱངས་པའི།། གསང་ལྡན་བསྟན་པའི་སྤྱོད་ཡུལ་དེ།། གཞན་ནས་བཙལ་ཞིང་བརྟག་ཏུ་མེད།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། སྣ་ཚོགས་འཇིག་རྟེན་ཁམས ་གཡོ་དང་།། རྒྱལ་བ་མངོན་འབྱུང་ཐམས་ཅད་ཀུན།། ནམ་མཁའ་ཁམས་གསུམ་གྱུར་པ་ལ།། དུས་བཞི་ཕྱོགས་བཅུ་ན་ཡང་མེད།། དུས་གསུམ་བདེ་གཤེགས་ཉིད་མི་མངའ།། སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི།། ་ནམ་མཁའི་ངང་དུ་ཐམས་ཅད་ཐིམ།། ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ།། དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར།། ཤེས་རབ་དབྱིངས་ཉིད་སྦྱོར་བ་ཡི།། བྱང་ཆུབ་རྡོ་རྗེའི་ཐིག་ལེ་ཡིན།། ་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་།། རྒྱུ་དང་བྲལ་བའི་གཞལ་ཡས་ཀྱིས།། ཀུན་ལ་ཁྱབ་ཅིང་མི་གནས་པ།། ཡོན་ཏན་མཆོག་གིས་གནས་ཡིན་ཏེ།། མ་བཅོས་རྒྱན་གྱི་སྐད་ཅིག་མ།། དེ་ཡིས་མ་བྱས་གང་ཡང ་མེད།། རང་གི་རྣམ་རྟོག་མ་ཡིན་པ།། ཡང་དག་གཤེགས་དང་ལོག་རྟོག་དང་།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱི།། དེ་ལ་གསད་ཅིང་བཟུང་དུ་མེད། ཁ་དོག་དབྱིབས་དང ་གནས་མ་ཡིན།། སྐྱེས་བུ་དམ་པ་མཆོག་འདོད་པས།། དེ་ལ་རྟགས་འགྲུབ་གསལ་བར་བགྱི།། དེ་ཡི་འབྲས་བུ་མཐར་ཕྱིན་ནི།། རྒྱུ་འབྲས་མེད་པའི་དུས་ཅིག་སྟེ།། ཐམས་ཅད་མིང་གི་མཚན་ཉིད་དུ།། ཡི་གེ་འབྲུ ་གསུམ་རྫོགས་པར་འགྱུར།། མི་ཟད་རྒྱན་གྱི་འཁོར་ལོར་བསྡུས།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། སྐྱེ་འཆི་མེད་པའི་དབྱིངས་ལ་བཞུགས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། མཐའ་ཡས་དཀྱིལ ་འཁོར་བསམ་ཡས་ཀུན།། རྒྱལ་བ[:]ཡུམ་གྱི་དབྱིངས་སུ་ཐིམ།། ཐམས་ཅད་མ་ལུས་ཆོས་སྐུར་འདུས་སོ།། ཆོས་ཐམས་ཅད་མིང་གི་མཚན་ཉིད་དེ། ཡུམ་གྱི་དབྱིངས་སུ་འདུས་པ་ཤིན་ཏུ་གསང་བའི་ལེའུ་སྟེ ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང་།། འབྲུ་ལྔར་གནས་པའི་བྱང་ཆུབ ་སྟེ།། དང་མུཾ་དུ་འབྲེལ་བ་ཡིན།། བྱང་ཆུབ་རྡོ་རྗེ་དྲིལ་ལས་བྱུང་།། ཅིར་ནི་བརྗོད་པ་ཐམས་ཅད་ཀྱང་།། ཀུན་ཀྱང་མིང་ཙམ་ཡི་གེ་ཨ།། སྐྱེ་འཇིག་ཉིད་ན་ཡི་གེ་ལྔ།། དེ་ནི་བྱང་ཆུབ་སེམས་ཡིན་ཏེ།། གཉིས་སུ་བྱང་ཆུབ ་མཆོག་འབྱུང་བ།། གསུམ་ཤར་ལྔ་འབར་བཅུ་འབྱོར་བ།། ཟད་མེད་རིན་ཆེན་གཏེར་ཡིན་ཏེ།། མངོན་ཤེས་དྲུག་ལྡན་མཚན་བརྗོད་སྔགས།། ཨེ་ལས་འཕྲོ་ཞིང་ཨར་འདུས་པ།། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། ་ནམ་མཁའི་དབྱིངས་ནས་སྤྲིན་འབྱུང་བ།། ཀུན་ལ་ཁྱབ་ཅིང་སྣ་ཚོགས་སྨིན།། བཞི་བཅུ་རྩ་ལྔའི་ཁོང་ནས་བསམ་མི་ཁྱབ།། བྱིན་རླབ་ཡ་མཚན་རྨད་པོ་ཆེས།། ཡོན་ཏན་མི་ཟད་གཏེར་འགྱུར་རོ།། ཧོ། ཡེ་ནས་མཉམ ་ཉིད་གསལ་བའི་དཀྱིལ་འཁོར་དབྱིངས།། དབྱིངས་ལ་མེད་བཞིན་ཡེ་ཤེས་ཐིག་ལེའི་ངང་།། ཡེ་ཤེས་དབྱིངས་ཉིད་སྒྱུ་མའི་ཚུལ།། སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས།། ཡེ་ཤེས་འཕྲུལ་ཆེན་བཞི་བཅུ་རྩ་ལྔའི ་དོན།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཀྱིས།། ཐབས་དང་ཤེས་རབ་གཉིས་མེད་མཉམ་པར་གནས།། དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམས་བྱས་ཤིང་།། མཉམ་པ་རྣམ་བཞིའི་དོན་རྟོགས་མཆོག་གི ་། གནས།། རྒྱུ་འབྲས་ལྷུན་གྲུབ་ཚོགས་བཞིར་འདུས།། ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་ཀྱིས་བསྡུསས།། ཆགས་མེད་བཞི་ཡི་ལམ་ནས་ཐིག་ལེ་འཇུག། ཡེ་ཤེས་ལྔ་རྫོགས་སྤྱོད་ཡུལ་མཎྜ་ལ།། མ་ཆགས ་འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན།། ཐམས་ཅད་མ་ལུས་རང་རིག་རྒྱལ་པོ་ཡི།། དཀྱིལ་འཁོར་དག་མཉམ་ཁྲོ་བོ་ཁྲོ་མོར་སྦྱོར།། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་།། ནང་དང་ནང་གི་ཕྱི་རོལ་གྱི།། རྣམ ་། རྟོག་སྣ་ཚོགས་འཛིན་པ་དང་།། དངོས་པོ་མེད་དབྱིངས་སྐད་ཅིག་མ།། དེ་ཉིད་རྣམ་པར་དག་པའི་ལམ།། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ།། མ་རིག་པ་ནི་ཡེ་ཤེས་གསལ།། ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག། ་ཐམས་ཅད་ཡོན་ཏན་མཆོག་གི་གནས།། ཨ་ཧོ། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན།། ངེས་པའི་དོན་བཀྲོལ་བཞི་བཅུ་རྩ་ལྔར་བསྡུས།། ལྔ་པོའི་དོན་ཉིད་བཅུ་གསུམ་ནང་དུ་བསྡུ།། གསུམ་པོ་དེ་ཉིད་ཡི ་གེ་ཨར་བསྡུས་ཏེ། ཨ་ཉིད་མ་སྐྱེས་མཉམ་རྫོགས་དབྱིངས་སུ་ཐིམ།། ཨ་ཧོ། མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་མི་ལང་།། མི་གནས་དེ་བཞིན་ཉིད་ཀྱང་བསམ་མི་ཁྱབ།། མ་སྐྱེས་ཆོས་ཀྱི་དབྱིངས་ཀྱང ་ཀུན་ཏུ་ཁྱབ།། མ་འགག་བྱང་ཆུབ་སེམས་ནི་སྐྱེ་འཇིག་མེད།། འགྲོ་མེད་འོང་མེད་མི་གནས་པའི།། ཐུགས་རྗེའི་བྱིན་རླབ་རྣམ་པར་འགྲོ།། ཞེས་ཉིད་ལ་ཉིད་གསུངས་སོ།། དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱ ་གསལ།། ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ།། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་འབྱོར་པས་ན།། བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་།། ཨ་ཧོ། དེ་བཞིན་གཤེགས་པའི་དཀྱིལ ་འཁོར་ངེས་པའི་དོན་མ་ལུས་པར། མཚན་ཉིད་མེད་པའི་ཕྱག་རྒྱར་ཐིམ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། འགྲོ་བ་ཐམས་ཅད་ལ་རང ་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུ་དྲུག་ཏུ་ཡང་བཤད། དེ་ལ་ཆོས་ཉིད་ཀྱི་རིགས་ཐམས་ཅད་ཀུན་ལ་ཡོད་དོ།། ནམ་མཁའང་ཐམས་ཅད་ཀུན་ལ་ཁྱབ་པར་གནས་སོ།། དེ་ལྟར་ཆོས་ཀྱི ་དབྱིངས་དང་ནམ་མཁའ་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་པའི་དོན་མ་རྟོགས་ན། མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ།། ཞེས་གསུངས་ནས། ཡང་འདི་སྐད ་ཅེས། རྡོ་རྗེ་འཆང་གིས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། རྒྱལ་མཚོ་ཆེན་པོར་ཆུ་ཀླུ་ཀུན་འབབ་ལྟར།། བླ་མེད་དོན་གྱི་ཐེག་ཆེན་འདི་དག་ཏུ།། རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས།། ཨ་ཧོ།། ་བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི།། ས་བཅུ་རིམ་གྱིས་བསྒོམ་པའི་རྣལ་འབྱོར་པ།། སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ།། བདེན་པ་གཉིས་ཀྱི་ས་རབ་ཐོབ་པར་འགྱུར།། ཕྱི་ནང་རྟེན ་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི།། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག། དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས།། བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག། བདེན་བཞི ་དོན་རྟོགས་རབ་ཏུ་སྤོངས་བྱེད་པའི།། ཡེ་ཤེས་བཅུ་དྲུག་ཆ་སྦྱང་རབ་ཞི་བའི།། རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི།། ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ།། ཐེག་པ་གང་དུ་བསྟན་པ་བསམ་ངེས་པའི།། ་ཡང་ན་ངེས་མེད་འདི་ཞེས་རྟག་ཏུ་མེད།། འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས།། དགེ་བཅུ་སྤྱོད་ཅིང་མི་དགེ་སློང་བྱེད་པ།། འདོད་ཁམས་ལྷ་དང་མིར་ནི་སྐྱེ་བའི་རྒྱུ།། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པའི།། ་ཚངས་གནས་ལ་སོགས་སྐྱེས་པའི་རྒྱུ་ཡིན་ཏེ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ་གྱུར་ཀྱང་།། རང་གིས་རྟོགས་པའི་སྐལ་དང་མི་ལྡན་ན།། ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན།། འདི་ནི་སྐལ་མེད་རིགས ་ཆད་ས་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས།། བྱེ་བྲག་ཐེག་པ་བསམ་ཡས་གསུངས་པ་ཡང་།། སོ་སོའི་རང་རིག་བློ་ལ་སྣང་བར་ཟད།། ངན་སོང་འགྲོ་དྲུག་ཚོགས་རྣམས་རྒྱུ་བ་ཡང་།། འཁྲུལ ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ།། དེ་བཞིན་ཉིད་ཀྱི་དབྱིངས་ལས་འགྱུར་བ་མེད།། མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག། ལོག་རྟོག་བདག་དང་བདག་གིར་འཛིན་འགྱུར་ན།། དངོས་མེད་མི་སྡུག ་སྣ་ཚོགས་སྣང་བར་འགྱུར།། ཡང་དག་ཤེས་པའི་རང་རིག་བློ་མེད་ན།། བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་།། ཐེག་ཆེན་མཉམ་པའི་དོན་ཉིད་རྟོགས་པ་ནི།། ངན་སོང་གནས་ཉིད་འོག་མིན་དགའ་ལྡན། ་གནས།། ནམ་མཁའི་དབྱིངས་ནི་བསམ་ཡས་པར།། ཉི་ཟླ་གཟའ་སྐར་མཚན་མོ་གློག་འགྱུར་དང་།། འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུག་གྱུར་ཀྱང་།། ནམ་མཁའི་དབྱིངས་ལ་འགྱུར་ཅིང་ཉམས་པ་མེད།། མི ་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར།། སྐུ་གསུང་ཡོན་ཏན་ཕྲིན་ལས་རྨད་བྱུང་དང་།། འཇིག་རྟེན་གཙོ་མཆོག་སྣ་ཚོགས་ཐམས་ཅད་དང་།། འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་།། དེ་བཞིན ་ཉིད་ལ་ཞུམ་ཞིང་བྲི་བ་མེད།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས་ཆད་པ་དང་། རིགས་བརྒྱད་པོ་སོ་སོར་ཕྱེ་བའི་མདོ་བཤད་པའི་ལེའུ་སྟེ་བཞི་པའོ།། ། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་ཏུ་བཟང་པོ་དགྱེས་པས་ཕྱོགས་བཅུ་དུས་བཞི་མ ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་མེད་དཔག་ཏུ་མེད་པ་རྒྱས་པ། མཐའ་དབུས་མེད་པར་ཁྱབ་ཅིང་། འོད་ཟེར་སྒྲིབ་པ་མེད་པར་རང་བྱུང་བ ་ལ་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་ཚད་དཔག་མེད།། ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི།། སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ།། ་མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་།། དབང་སྐུར་ཤིན་ཏུ་རྣམ་པར་དག་པ་ཡི།། དེ་བཞིན་གཤེགས་པ་འོག་མིན་གནས་བཞུགས་ནས།། གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་།། འཇིག་རྟེན ་འཁོར་གྱིས་གཅེས་བཀུར་དབང་ཕྱུག་དང་།། གཞན་ཡང་འཇིག་རྟེན་ཕྱོགས་བཅུ་ཁམས་གནས་པ།། བདུད་རྩི་རོ་ཡིས་དགའ་བས་བདེ་ཆེན་འགྲུབ།། དུས་གསུམ་དྲི་བྲལ་བདུད་སྡེ་ཚར་གཅད་པའི།། འདས་དང་མ ་འདས་དེ་བཞིན་ཉིད་དུ་སྦྱོར།། ཤེས་རབ་ཐབས་ལྡན་ངེས་པའི་དོན་འབྱུང་བ།། རིག་པའི་ཐབས་ཆེན་དབང་ཕྱུག་ཉིད་དུ་བསྒོམ།། སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་བ།། ཟད་མེད་བསོད་ནམས་ཚོགས ་ཀྱིས་བརྒྱན་པར་འགྱུར།། རང་བྱུང་ཉི་ཟླ་པདྨ་རིན་ཆེན་རྒྱས་ལ་བཞུགས།། རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པ་ཡིས།། མཉམ་རྫོགས་ཆེན་པོ་ལྷུན་ལ་རོལ་པར་མཛད།། བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད ་གནས་པ།། དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འབས།། ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པའི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ལས་བྱུང་།། སྤྱོད་ཡུལ་འཕྲོག་མེད་བརྗོད་ཀྱིས་མི་ལང་པའི།། ་དུས་བཞི་མཉམ་ཉིད་ངེས་པའི་དོན་ཉིད་ཉོན།། ཐུགས་རྗེའི་དབང་གིས་འགྲོ་དྲུག་དུས་གནས་བཞུགས།། ང་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པའི།། མཉམ་པའི་དོན་གྲུབ་རྡོ་རྗེ་ཅན་ཞེས་བྱ།། རྣམ་པར ་རྟོག་མེད་བྱང་ཆུབ་རྡོ་རྗེའི་སྐུ།། ཤེས་རབ་མཆོག་གིས་མ་ལུས་ཡོངས་བསྡུས་པ།། བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན།། ཐབས་ཆེན་མ་འདྲེས་རྣམ་པར་དག་པའི་ཡིད།། དམིགས་མེད་བདེ་ཆེན་ས་ཉིད ་དབྱིངས་སུ་ཐུགས་ཆུད་པའི།། ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག། ཕྱོགས་བཅུ་དུས་བཞི་དབྱིངས་ནས་མཐའ་གཏུགས་པ།། རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར།། ཉིད་ལ་ཉིད་བརྗོད་རྡོ་རྗེ ་གསང་བའི་ཚིག་ཏུའོ།། གཞལ་ཡས་ཁང་དབུབ་པ་ཐབས་དྲ་བའི་ལེའུ་སྟེ་ལྔ་པའོ།། །། ཤེས་རབ་མཆོག་ལྡན་གསང་བའི་ངང་འཆང་པའི།། ཐུགས་རྗེའི་བྱིན་རླབས་སྣ་ཚོགས་འཕྲོ་བ་ཡི།། བདེ་གཤེགས་མ ་ལུས་འབྱུང་བའི་གནས།། ཡིད་བཞིན་རིན་ཆེན་མི་ཟད་ལྡན་པར་འཕྲོ།། གཞལ་ཡས་ཁང་དེ་ལྟར་ཡང་དབུབ་བོ།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས། ཐུགས་རྗེ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ནམ་མཁའི་དཀྱིལ་འཁོར་དྭངས་པ་ཡི།། ཡིད་བཞིན་སྤྲིན་ཚོགས་རྣམ་འབྱུང་བ།། སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར།། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ།། ཡིད ་། ཀྱི་ཡེ་ཤེས་མེ་རུ་འབར།། ཧཾ། དབང་པོ་དངས་མའི་དཀྱིལ་འཁོར་དུ།། སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི།། ལྷན་ནེ་ལྷང་ངེ་འོད་དུ་ཞུ།། ཨ། ཞི་འབྱུང་དབྱིངས་ནས་ཕྱག་རྒྱས་འབར།། ཐུགས་རྗེའི་བྱིན ་རླབ་རྨད་པོ་ཆེ།། ཧཱུཾ། འགྲོ་བ་སྣ་ཚོགས་དོན་བྱེད་པ།། འདི་ནི་བྱང་ཆུབ་མཆོག་ཏུ་གསུངས།། ཧོ། བཞི་པོ་འཇོམས་ཤིང་ངན་སོང་སྦྱོང་།། ཏྲ། ཏ་སྨན་བཅུད་ལེན་གྱིས་དུག་སྦྱོང་བཞིན།། ཕྱི་དང་ནང་གི་དྲི་མ་དག། ་བདག་མེད་གཉིས་ཀྱིས་དག་པར་བྱེད།། ཧི། གསལ་ཞིང་བཞག་པར་བྱ་བ་མེད།། ཉི་མ་ཤར་བའི་འོད་བཞིན་དུ།། སྣང་དང་མི་སྣང་གཉིས་ཀ་མེད།། དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱི།། ཐམས་ཅད་རྒྱལ་བའི་ཞིང་དུ ་སྦྱོར།། ཨོཾ། རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས།། ཐམས་ཅད་མི་དམིགས་དབྱིངས་སུ་བསྟིམས།། ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར།། རྟོག་པ་རྣམ་བཞི་མི་དམིགས ་དབྱིངས་འགྱུར་བ།། ཤེས་རབ་ཡུམ་གྱི་མཚན་ཉིད་དབྱིངས་སུ་ཐིམ།། ཐབས་དང་ཤེས་རབ་གཉིས་མིན་དབྱིངས་གྱུར་པས།། ཆོས་རྣམས་ཐམས་ཅད་དབྱིངས་ཀྱི་ཁྲོ་མོར་འགྱུར།། ཆོས་ཐམས་ཅད་ཁྲོ་བོ་དང་ཁྲོ་མོ ་རང་བཞིན་དུ་གྱུར་པ། རང་རིག་པའི་ཡེ་ཤེས་ཀྱི་མེའི་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོས། སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཁྲོ་བོ་རྔམ་པའི་ཚོགས་སུ་སྤྲོས་ནས། ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། བྱང་ཆུབ་མཆོག་གི་སྙིང་པོ་ནི།། མཚན་མས་བཙལ་བ་མ་ཡིན་ཏེ།། དག་པ་རྣམ་གསུམ་མ་ནོར་ཞིང་།། རང་རིག་རྒྱལ་པོ་གོམས་པ་ཡིས།། བྱང་ཆུབ་མཆོག་འདི་རྙེད་པར་འགྱུར།། ་དྲག་པོ་གཏུམ་པོ་སྒྲུབ་པ་ནི།། བྷ་ག་ལ་ནི་ལིངྒ་བཞག། མཚན་མ་མིང་དུ་བཅས་པར་བྱ།། ཁྲོ་བོའི་ཞལ་ནི་གང་ཡང་རུང་།། ལན་གསུམ་ལན་བདུན་རྟགས་བསྒོམས་ཤིང་།། མངོན་དུ་འབྱུང་བའི་ཞལ་འབར་ཏེ།། ་བདག་ཉིད་དཀྱིལ་འཁོར་ལྷར་གྱུར་ནས།། ལིང་ག་ཡང་དང་ཡང་བསྡུས་ཏེ།། དབྱིངས་ཀྱི་དཀྱིལ་དུ་བསྟིམ་པར་བྱ།། ཧཱུཾ་གིས་བསྡུས་ཤིང་ཕཊ་ཀྱི་འཕང་།། ཞལ་གྱི་རང་སྔགས་ཁྲི་འབུམ་དུ།། རྣམ་གསུམ་ཚུལ ་གྱིས་བཟླས་ནས་སུ།། ཡང་ནས་ཡང་དུ་གསལ་བར་བྱེད།། འགྲོ་ལྔའི་སེམས་ཅན་ཐམས་ཅད་ཀུན།། དབང་མེད་ཞལ་དུ་ཐིམ་པར་འགྱུར།། ཡ་མ་ཡ་ཡང་ལྷག་པར་འཇེབས།། སྐུ་མདོག་དུད་ཁ་ལ་སོགས་དང་།། མཆེ ་གཙིགས་ཁྲོ་གཉེར་གཅིག་པ་དང་།། ཞལ་བགྲད་ཕྱག་རྒྱ་འབར་བ་དང་།། གང་ལ་གོམས་པར་བསྒོམ་པར་བྱ།། བདག་ཉིད་འཛིན་པ་ཕྱག་རྒྱ་སྟེ།། མཚན་མ་གཟུང་ནས་རང་སྔགས་གདོན།། མངོན་པར་དབང་པོས ་ལྟར་ཡོད་པར།། རིལ་བུར་བསྡུས་ནས་དབྱིངས་སུ་མཆོད།། ཐེ་ཚོམ་མེད་པར་འགྲུབ་པར་ངེས།། དམ་པའི་ཆོས་འཇིགས་མ་རུང་པ།། དཔའ་བོས་གོས་པ་ཡོད་པའི་ཕྱིར།། ཀུན་ལ་ཕན་པ་དེ་གྱིས་ཤིག། ཧཱུཾ་དང་ཛཿ ་དང་སྤྲོ་ལ་སོགས།། འདྲེན་པའི་མཆོག་ཏུ་དེ་གསུངས་སོ།། མཚན་མ་མིང་དུ་བསྡུས་པ་ཡང་།། ཇི་ལྟར་སྔོན་གྱི་དེ་བཞིན་དུ།། སྨོན་པའི་བྱང་ཆུབ་ལམ་དུ་བཞུགས།། མཚན་མ་བག་ཆགས་མེད་པར་བྱ།། ་དབྱིངས་ནས་སྤྲོ་ཞིང་ཨ་ལ་སྟིམ།། ཨ་ཧོ་ཐུགས་ལ་ཐུགས་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཁྲོ་བོ་ཉེ་བར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་མ་ལུས་པ ་ཐམས་ཅད་ཀྱི་རྒྱལ་པོ་འབར་བའི་ཐུགས་རྗེ་གཏུམ་འཁྲུག་གིས་ཆེན་པོར་བསྒྱུར་ནས། ཐམས་ཅད་འོད་ཕུང་འཕྲོ་ཞིང་འབར་བ་བསྟན་པ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། རྒྱུ་འཕྲུལ་དྲ་བ་བསྟན་པ་ཡིས།། ་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར།། བྷྲཱུཾ་དང་ཙཀྲའི་འཁོར་ལོ་སྤྲུལ།། འོད་འཕྲོ་འབར་བའི་ཚོགས་ཆེན་ཧཱུཾ།། གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། ཧཱུཾ། ཉི་མ་ཐོད་སྦྲུལ་མང་པོའི་གཟི།། ཁྲོ་གཉེར་གློག་སྟོང་འགྱུར། ་བ་བཞིན།། རྔམ་པའི་པ་རོ་འབྲུག་སྟོང་ལྡིར།། ཕཊ། ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར།། ཌྷ། ཁྲོས་པའི་མེ་དཔུང་རྡོ་རྗེ་འབར།། རྡོ་རྗེ་འཁོར་ལོ་རྩིག་པ་འབར།། ཙཀྲ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར།། ་གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས།། ཧྲ་ཧྲེ། སླས་དང་བྱི་མོ་བྲན་མོའི་ཚོགས།། གོང་གི་སྟན་དང་ལག་ཆ་དང་།། ཅི་བགྱིས་ཞེས་ཏེ་ཆས་ཏེ་གནས།། ཏི་ར་རྒྱུ་མའི་ཞགས་པ་དང་།། ནརྀ་ཡི་ཙིཏྟ་ཟ་ཞིང་རྒྱུ།། ཤིན་ཏུ་རྔམ ་པའི་གཟུགས་སུ་གནས།། རལ་པ་མུཉྫ་ཅོད་པན་འབར།། ཕྱོགས་བཅུར་ཁེབས་པའི་གཤོག་པ་གདེངས།། རྡོ་རྗེ་བརྟེན་ནས་བྲག་རི་འབར།། ཧཾ། སོ་སོའི་རང་སྔགས་སྐད་གདངས་དང་།། སྒྲ་སྐད་ང་རོ་དྲག་ཏུ་འདོན།། ་ཧཱུཾ། ཧ་ཧེ་ཕཊ་དང་བྷྱོ་རུ་ལུ། ཁྲོ་བོ་ཆེན་པོ་ཚོགས་པ་ཡིས།། དཀྱིལ་འཁོར་ཆེན་པོ་ཞལ་འབར་ལ།། བདག་ཉིད་གཉིས་སུ་མེད་པར་བསྒོམ།། སོ་སོའི་རང་སྔགས་བཟླས་ནས་སུ།། རྒྱུ་དྲུག་སེམས་ཅན་ཐམས་ཅད ་དང་།། མ་རུང་གདུག་པ་ཐམས་ཅད་ཀུན།། ཛཿཧཱུཾ་བཾ་ཧོས་བཀུག་ནས་སུ།། ལན་གསུམ་ལན་བདུན་ཞལ་དུ་བསྟིམ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཧོ་གཞན་ཡང་མཆོད་པའི་ཞལ་ཟས་ནི།། འབྱོར་པ་སྣ་ཚོགས ་ཀུན་གྱིས་མཆོད།། ནཱིའི་ཚིལ་དང་ཚ་བའི་མར།། དམར་གྱི་ཨརྒྷཾ་རྒྱུན་དུ་འབུལ།། ཨ་ཧོ་ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད།། སྟོང་དང་འབུམ་དུ་འབུལ་བར་གྱི།། ནག་པོ་ཚེར་མ་ཅན་དང་དུག་གིས་ཤིང་།། གཞན་ཡང ་བསྲེག་རྫས་དུག་གསུམ་དང་།། གནས་པའི་ཆོ་ག་ཀུན་གྱིས་བྱ།། སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེ་རོལ་པའི་དཀྱིལ་འཁོར་བསྟན་པའོ།། ཧོ་ཨོཾ་ཧཱུཾ་ཏྲཾ་ཧྲི་ཨཱ། ཧ~ཾ་ཐམས་ཅད་མ་ལུས་པར་འདིར་འདུས་པའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་དེ་བཞིན་གཤེགས་པའི་ཁྲོ་བོའི་རྒྱལ་པོས། ཐམས་ཅད་རྡོ་རྗེ་བསྡུས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། དག་པ་རྣམ་གསུམ་ཚུལ་སྒོམ་ཞིང་།། སྒྱུ་འཕྲུལ་དྲ་བར་བརྟན་པར་གནས།། ་། ཐམས་ཅད་ཧཱུཾ་དུ་བསྡུས་ནས་ནི།། དཀྱིལ་འཁོར་གྲུ་གསུམ་འབར་བར་སྒོམ།། མེ་དཔུང་འབར་བའི་ཚོགས་ཆེན་དུ།། མེ་ལ་ཨགྣེ་རྫས་བཀུག་ནས།། རཾ་ཞེས་བྱ་བའི་མེ་སྦར་ཏེ། ཁྲོ་བོའི་དཀྱིལ་འཁོར་མ ་ལུས་ཀུན།། ཞེ་སྡང་རྡོ་རྗེ་བསྒོམ་པར་བྱ།། ཧཱུཾ་གཏུམ་པོའི་ཚོགས་ཆེན་རབ་ཏུ་འབར།། དུད་ཀ་ནག་པོའི་མདོག་འདྲ་ལས།། འབར་བའི་འོད་ཟེར་མང་པོ་འཁྲུག། ཉི་མ་ཐོད་སྦྲུལ་མང་པོས་བརྒྱན།། སེང་གེ་གླང་ཆེན ་སྟག་རྔམས་དང་།། ཕྱག་རྒྱ་སྣ་ཚོགས་འབར་བ་གདམས།། ཧཱུཾ་དང་ཕཊ་དང་ཧཱུཾ་ཧ་ལའི་སྒྲ།། སྐད་དྲག་ཕྱོགས་བཅུའི་ནམ་མཁའི་འཁྲུག། ཕཊ་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱི་བསྐོར།། ཡུལ་དང་གནས་ཀྱི་ཕྱག་རྒྱ་མཛེས།། ཧེ ་ཧེ་སླས་དང་བྱི་མོ་བྲན་མོ་དང་།། བྷྱོ་ཅི་བགྱིད་ལ་སོགས་ཚོགས་ཀྱིས་བསྐོར།། ཡེ་ཤེས་སྟན་དང་ལག་ཆ་དང་།། རྔམ་པའི་ང་རོ་རང་སྔགས་དང་།། མི་གདུག་གཏུམ་པའི་གཟུགས་ཅན་དང་།། ཤིན་དུ་ཁྲོ་བར་བསྒོམ ་པར་བྱ།། བདག་ཉིད་ཕཊ་ཀྱི་ངང་ཉིད་དུ།། གསལ་འདྲིས་བློ་གོམས་རྟག་ཏུ་བསྒོམ།། ཛཿཧཱུཾ་བཾ་ཧོས་བསྡུས་ནས་ནི།། རྒྱུ་དྲུག་སེམས་ཅན་ཀུན་བཀུག་ནས། ཁྲོ་བོའི་ཚོགས་ལ་དབུལ་བར་བྱ།། ལྷ་ཡང་རུང་སྟེ་བརླག ་པར་འགྱུར།། ཡོ་བྱད་གཞན་གྱིས་སྤྱི་དང་མཐུན།། གཟིར་བའི་ཐབས་ཀྱང་གོང་མ་བཞིན།། མཆོད་པའི་གྲངས་ཀྱང་སྤྱི་དང་མཐུན།། ཨ། གཞན་ཡང་དཀྱིལ་འཁོར་བསམ་ཡས་ཀྱི།། ཞལ་གདངས་སྤྱན་བགྲད་ཁྲོ ་ཞལ་སྒོམ།། རྡོ་རྗེ་གཏམས་པ་གདེངས་པ་དང་།། ཐོད་པ་ལྕགས་ཀྱུ་རྣམས་ཀྱིས་བསྐོར།། ཧཱུཾ་སྒྲ་དྲག་པོ་ཚོགས་ཀྱི་འབར།། འཛིན་པའི་ཕྱག་རྒྱ་བཀུག་ནས་སུ།། ཞལ་དུ་བསྟིམས་ན་ལྷག་པར་འགྲུབ།། རྡུལ་ཆ་ཙམ ་ཡང་མེད་པར་བྱེད།། འཁོར་གྱི་ཚོགས་ཀྱང་སྔ་མ་བཞིན།། སྟོང་པའི་ཚུལ་དུ་རྦོད་གཏོང་བྱ།། ཧཱུཾ།། གཏུམ་པོ་དམར་སྨུག་མཆེ་རིང་པ།། འབར་བ་རྡོ་རྗེ་ཕྲེང་བས་བསྐོར།། འོད་ཆེན་འབར་བ་འཕྲོ་བ་ཡི།། འཇིག་རྟེན ་། ཁམས་གསུམ་དུས་གཅིག་རྔུབ།། ཁྲོ་བོའི་ཚོགས་ཀྱི་སྔགས་རྣམས་དང་།། གནས་དང་ཡུལ་གྱི་ཕྱག་རྒྱ་དང་།། སླས་དང་བྱི་མོ་བྲན་མོའི་ཚོགས།། སོ་སོའི་རང་སྔགས་རྫོགས་པར་གདོན།། ཧ་ཧེ་བྷྱོ། གཞན་ཡང་བསྟོད ་ཚིག་འདི་དག་གིས།། ཧཱུཾ།། རྡོ་རྗེ་ཐུགས་རྗེའི་བྱིན་རླབ་ཀྱིས།། འཇིག་རྟེན་ཁམས་ནི་ཀུན་བཀང་སྟེ།། གཏུམ་འཁྲུག་མ་ལུས་ཐམས་ཅད་ཀུན།། རྡོ་རྗེ་མཐུ་ཡིས་བཀུག་ནས་ནི།། གཏུམ་པར་མི་འགྱུར་གང་ཡང་མེད།། ་ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་བརླག་མཛད་དེ།། བརླགས་པར་མ་གྱུར་གང་ཡང་མེད།། ཧཱུཾ་སྒྱུ་འཕྲུལ་དྲ་བ་ལས། དྲག་པོའི་ཧོམ་གྱི་ལེའུ་སྟེ་དགུ ་པའོ།། །། དེ་ནས་དེ་བཞིན་གཤེགས་པའི་ཁྲོ་བོ་ཆེན་པོ་པདྨ་བསྡུས་པ་ཞེས་བྱ་བས། འགྲོ་བ་མང་པོའི་དོན་གྱི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤེས་རབ་ཐབས་སུ་སྦྱོར་བ་ཡིས།། ཐམས་ཅད་མ་ལུས ་དབྱིངས་སུ་སྦྱོར།། ཧི། དཀྱིལ་འཁོར་ཟླ་གམ་གདེངས་པ་ལ།། འོད་ཟེར་མང་པོ་འབར་བ་དང་།། རྡོ་རྗེ་ལྕགས་སྒྲོག་བསྡམས་པས་བསྐོར།། གཞན་ཡང་རྒྱན་གྱི་དམ་པ་མཆོག། ཀུན་གྱི་དེ་ལ་རྒྱན་ཅིང ་། སྐོར།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། པདྨ་རིགས་ཀྱི་ཁྲོ་བོ་བསྒོམ།། དམར་སྨུག་དྲག་པོའི་མདོག་དང་ནི།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཞི་མཚམས་བཞི ་སྟེང་འོག་སྐོར།། རྔམ་པའི་རང་སྔགས་དྲག་ཏུ་སྒྲོག། ཧྲི། བདག་ཉིད་མ་ཆགས་རྡོ་རྗེ་སྟེ།། དཀྱིལ་འཁོར་གོང་མ་གསལ་བསྒོམས་ནས།། ཕྱོགས་བཅུའི་འགྲོ་བ་ཐམས་ཅད་དང་།། གདུག་པའི་ཡིད་ཅན་མ་ལུས་ཀུན།། ་ཛཿཧཱུཾ་སྥོ་ཊས་བཀུག་ནས་སུ།། དཀྱིལ་འཁོར་ལ་ནི་དབུལ་བར་བྱ།། དགོངས་པ་འགྲུབ་ཅིང་ངན་སོང་སྦྱོང་།། ཧྲི་གཞན་ཡང་དཀྱིལ་འཁོར་མང་པོའི་ཚོགས།། དཀྱིལ་འཁོར་པདྨའི་ཞལ་འདྲ་ལ།། ཐ་མ་པདྨ་ལྗོན་ཤིང ་དང་།། པདྨ་རྡོ་རྗེ་འོད་འབར་སྐོར།། གཞན་ཡང་རྒྱན་མཆོག་མཛེས་པ་ཡིས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་བརྒྱན།། བདག་ཉིད་པདྨའི་ལྷར་གྱུར་པར།། མཆོད་པ་ལྷ་རྫས་སྣ་ཚོགས་དང་།། ཞལ་ཟས་བཟའ ་བཏུང་ཚོགས་རྣམས་དང་།། དམར་པོ་ཤིང་དང་དྲི་ཞིམ་པ།། ལན་གྲངས་གོང་དུ་སྨོས་པ་བཞིན།། རྟག་ཏུ་མཆོད་པ་བྱས་ནས་ནི།། འཇིག་རྟེན་འདི་དང་འདས་པ་ཡི།། ཅི་འདོད་ལས་དེ་གྲུབ་པར་འགྱུར།། སྔགས་ནི ་ཡི་གེ་ར་དང་ཧྲི།། མདོག་ནི་དམར་སྨུག་འོད་པོ་ཆེ།། ཕྱོགས་བཅུ་ཁྱབ་ཅིང་ཧི་ལ་སྡུས།། དགྱེས་པའི་གླུ་དང་གར་གྱིས་མཆོད།། ཧྲཾ། རྡོ་རྗེ་པདྨ་འབར་བ་ཡིས།། ཕྱོགས་བཅུ་མཐའ་ཡས་རབ་འབྱམས་ཀུན།། དཔལ ་དང་གཟི་བརྗིད་ཆེ་ལ་སོགས།། པདྨ་འབར་བས་བདེ་བསྡུས་ནས།། སངས་རྒྱས་སྐུ་དང་མཉམ་པ་དང་།། དཀྱིལ། གཞན་ཡང་ལོངས་སྤྱོད་མཆོག་ལ་སོགས།། ཅི་འདོད་ལས་རྣམས་དབང་དུ་འགྱུར།། ལྷ་སྲིན་ལ ་སོགས་སྨོས་ཅི་དགོས།། ཧྲི། འདོད་ཆགས་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་དབང་དུ་བསྡུ།། དབང་དུ་མ་གྱུར་གང་ཡང་མེད།། ཧྲི་སྒྱུ་འཕྲུལ་དྲ་བ་ལས། ཐམས ་ཅད་མ་ལུས་པར་དབང་དུ་བསྡུ་སྟེ། དབང་གི་ཧོམ་གྱི་ལེའུ་སྟེ་བཅུ་ཟམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་རྣམ་པར་འཕྲོ་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་དག་ཉིད་ཀྱིས་དབྱིངས་ནས ་བྱུང་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། བདེ་བ་ཆེན་པོ་དཀྱིལ་འཁོར་འབར།། འོད་ཟེར་འཕྲོ་བ་མང་པོ་འཁྲུགས།། བསོད་ནམས་ཞིང་གྱུར་མཆོག་ཏུ་འབར།། རྒྱལ་བའི་ཡོན་ཏན་མཁའ་དང་མཉམ།། ཏྲཾ་ཡེ་ཤེས ་ཕྱོགས་བཞི་དབུས་འོད་འབར།། དཀྱིལ་འཁོར་ཞགས་པ་རིན་ཆེན་བསྐོར།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་དང་། ཁྲོ་བོ་ཀུན་ཡང་དག་འཕྲོ་སྟེ།། འོད་ཆེན་དཀར་པོ་འབར་བ་དང་།། ཕྱག་རྒྱ་@#།། སྣ་ཚོགས ་ཅིར་ཡང་བསྒྱུར།། ལྷ་དང་ལྷ་མོ་འཁོར་གྱིས་བསྐོར།། མཆོད་པའི་ཡོ་བྱད་སྣ་ཚོགས་དང་།། དཀར་ལ་དྲི་ཞིམ་ཤིང་རྣམས་དང་།། གཞན་ཡང་མཆོད་ཡོན་ཐམས་ཅད་ཀྱི།། དཀྱིལ་འཁོར་ལ་ནི་རྒྱས་པར ་འབུལ།། བདག་ཉིད་རིན་ཆེན་རབ་འབར་ནས།། ཏྲམ་དཀར་ཡི་གེ་འོད་དུ་འབར། ཁྲོ་བོ་ཀུན་ཀྱང་དེ་བཞིན་ཏེ།། མངོན་གྱུར་པ་ཡི་དཀྱིལ་འཁོར་དུ།། པཱ་ཤ་ཧོ་དང་ཛཿཧཱུཾ་གིས།། ཕྱོགས་བཅུ་ལམ་ལྔ་ཀུན་བཀུག་སྟེ།། ་དབྱིངས་སུ་ཐིམ་པར་འོད་འཕྲོ་སྒོམ།། ཐམས་ཅད་སངས་རྒྱས་ཞིང་དང་མཉམ།། གཞན་ནས་ཡོད་འོང་མ་ཡིན་ཏེ།། སྒྱུ་མའི་ཡེ་ཤེས་བསྟན་པ་ཡིན།། གཞན་ཡང་དཀྱིལ་འཁོར་བསམ་ཡས་ནི།། རིན་ཆེན་དབྱིངས ་ལ་རྡོ་རྗེ་འབར།། དཀྱིལ་འཁོར་རྒྱན་གྱིས་འཁོར་བར་བསྐོར།། གཞན་ཡང་ལྷ་དང་ལྷ་མོ་ཡིས།། ཕྱོགས་བཅུར་ཁྱབ་པར་མཆོད་ཅིང་འབུལ།། ཡོན་ཏན་རྒྱལ་བའི་ཞིང་དང་མཉམ།། ཏྲམ། གླུ་དང་གར་གྱིས་མཆོད ་པར་བྱ།། སངས་རྒྱས་ཞིང་ཁམས་མ་ལུས་ཀུན།། མཆོད་ཡོན་རིན་ཆེན་དཔལ་འཕེལ་གྱིས།། ཕྱོགས་བཅུ་གང་བར་རྒྱལ་ཕུལ་ནས།། ཐུགས་རྗེའི་དབྱིངས་ཀྱིས་རྒྱས་པར་རོལ།། ཧྲེཾ་ཧཱ་ཧྲེཾ་ཏྲི། ང་རྒྱལ་རྡོ་རྗེ་འཁོར ་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་རྒྱས་མཛད་དེ།། རྒྱས་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས། རྒྱལ་པོའི་རྒྱས་མཛད་ཀྱིས་རྒྱས་པའི་ཧོ་གྱི་ལེའུ་སྟེ་བཅུ་གཅིག ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་སྣང་མཛད་ཁྲོ་བོ་ཆེན་པོས། ཐམས་ཅད་དཀྱིལ་འཁོར་འབར་བ་ཆེན་པོར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཡེ་ཤེས་དཀྱིལ་འཁོར་མཐའ་དབུས་མེད།། ་བསམ་ཡས་ལྷུན་གྱིས་གྲུབ་པ་ཡིས།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན།། བདེ་གཤེགས་ཉིད་ལས་མི་གཞན་ཤར།། ཨོཾ། དཀྱིལ་འཁོར་ཟླུམ་པོར་འབར་བ་ལ།། འཁོར་ལོ་འབར་བས་རབ་སྐོར་ཞིང་།། འོད ་ནི་སེར་པོ་རབ་ཏུ་འབར།། རྨད་དུ་འབྱུང་བའི་སྐུ་ལ་སོགས།། བདག་ཉིད་ཆེན་པོས་བསྒོམ་པར་བྱ།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ས་བོན་ཡི་གེ་ཨོཾ་སེར་པོ།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན། ཁྲོ་བོའི ་དཀྱིལ་འཁོར་མ་ལུས་ཀུན།། ཀུན་ཀྱང་གཏི་མུག་རྡོ་རྗེ་སྟེ།། འོད་ཟེར་སྣ་ཚོགས་འཕྲོ་བ་དང་།། འཁོར་ལོ་ཕྱག་རྒྱ་འབར་བ་དང་།། ལྷ་དང་ལྷ་མོའི་ཚོགས་ཀྱིས་བརྒྱན།། གདན་དང་གནས་ཀྱང་དབྱིངས་ཉིད་དེ།། ་རྒྱལ་པོའི་དཀྱིལ་འཁོར་དེ་དག་ཏུ།། ཕྱོགས་བཅུ་གནས་པ་ཐམས་ཅད་ཀུན།། ཙཀྲའི་ལྕགས་ཀྱུས་བཀུག་ནས་སུ།། དཀྱིལ་འཁོར་དབྱིངས་སུ་བསྟིམས་བྱས་ནས།། གཏུམ་འཁྲུག་གདུག་པ་མ་རུང་བ།། ལྷན་ནེ་ལྷང ་དེ་ཞི་བར་འགྱུར།། ཨོཾ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ཏེ།། དཀྱིལ་འཁོར་འཁོར་ལོ་འབར་བ་ཡིས།། ཨོཾ་དང་ཡེ་ཤེས་མགོ་བསྐོར་ཏེ།། བརྒྱན་པའི་རྡོ་རྗེ་ཕྱག་རྒྱ་ཀུན།། རྫོགས་ལྡན་ཞི་བས་བསྐོར་བར་བྱ།། ་། རྒྱལ་བའི་ལུས་མཛེས་འཁོར་ལོ་འབར།། རྒྱན་རྣམས་ཞི་ལ་དཀར་བ་དང་།། བྱང་ཆུབ་མཆོག་འབར་ལེན་པར་བསྒོམ།། མཁའ་ལ་རྒྱུ་དང་བར་སྣང་འཕྲོ།། གཞན་ཡང་འགྲོ་དྲུག་མ་ལུས་ཀུན།། ཞི་འགྱུར ་འདི་ལ་ཐེ་ཚོམ་མེད།། གར་དང་གླུ་ཡིས་མཆོད་བྱས་ཏེ།། ཕྱོགས་བཅུའི་གདུག་པ་མ་རུང་པ།། གདུག་པའི་ཡིད་ནི་རབ་བོར་ནས།། ལྷན་ནེ་དཀར་པོར་འོད་དུ་གྱུར།། བདེ་ལྷན་བྱང་ཆུབ་འོད་འཕྲོ་འབར།། དྲོ་ཨོཾ།། ་གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་ཞི་མཛད་དེ།། ཞི་བར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས་ཐམས་ཅད་མ་ལུས་པར་ཞི་བར་གྱུར་ནས་ཞི་བའི ་ཧཾཧོ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པས་རྒྱལ་བའི་ཚེ་མཐའ་ཡས་སུ་སྤྲུལ་པས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་བསྟན་བསྡུས་ཏེ།། བྷྲཱུཾ་དང་བི་ཤྭའི་དཀྱིལ་འཁོར ་དུ།། མ་དང་ཨ་ཡི་དཀྱིལ་འཁོར་ལ།། རྡོ་རྗེ་འཁོར་ལོ་རབ་བསྐོར་ནས།། བཞི་བཅུ་རྩ་ལྔ་དོན་བསྒོམས་ཏེ།། དེ་ཡི་ཕྱོགས་བཅུ་གང་བར་གནས།། བྷྲཱུཾ་ཛཿཧཱུཾ་དང་བཾ་ཧོས་དགུག། སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག ་ལུས་ངག་སེམས་ལ་བསྟིམ་པར་བྱ།། ནི་ཉིད་དངོས་པོ་ཡིད་བཞིན་མཛོད།། བུམ་པའི་མཆོག་ནི་བཟང་པོ་ཡིས།། ཆོ་གཞན་གནས་ནི་དེ་ཡིན་ཏེ།། ཡང་ནས་ཡང་དུ་བཀུག་བྱས་ཏེ།། མངོན་དུ་སྨིན་པར་འགྱུར་བ ་དང་།། དབྱིངས་སུ་ཡང་ནི་བསྡུ་བར་བྱ།། རྡོ་རྗེ་གོ་ཆས་བསྲུངས་པ་ཡིས།། རྟེན་ཞིང་འཁོར་ལོ་གདབ་པར་བྱ།། སྙིང་པོ་འབྲུ་ལྔའི་ནང་དུ་སྟིམ།། སངས་རྒྱས་མ་ལུས་ཐམས་ཅད་ཀུན།། རྒྱལ་པོ་ཚེ་དཔག་མེད་པར ་བསྒོམ།། སྐུ་མདོག་གངས་རི་འཚེར་བ་ལ།། རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན།། ཡིད་བཞིན་རིན་ཆེན་ཕྲེང་བ་དང་།། ཡིད་བཞིན་རིན་ཆེན་ཟ་མ་ཏོག། རིན་ཆེན་རྒྱན་དང་བུམ་པ་བཟང་།། གཞན་ཡང་འགྲོ་བའི ་དོན་བྱ་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། བགེགས་ཀྱིས་ནརྀ་རྣམས་མི་སྟེར་ན།། ཚེ་དཔག་མེད་ཀྱང་ཁྲོས་གྱུར་ཏེ།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། སྒྲ་སྐད་དྲག་པོ་སྟོན་ནས་ནི།། ཐམས་ཅད ་མ་ལུས་ཐུལ་བར་བྱ།། དབང་དུ་ཚེ་དཔག་མེད་པ་སྒྲུབ།། ཨ། ཚེ་བསྙེན་དང་ནི་བསྙེན་པ་དང་།། ཚེ་སྒྲུབ་དང་ནི་གྲུབ་པ་ཡིས།། ཐབས་དང་ཤེས་རབ་འབྱོར་པ་ཡིས།། ཅི་འདོད་ལས་རྣམས་འགྲུབ་པར་འགྱུར།། ་ཚེ་ཡི་དབང་མོ་རྒྱུད་འཕེལ་མ།། དཀར་མོའི་མདོག་ལ་འོད་འཕྲོ་འབར།། ཕྱག་ན་རིན་ཆེན་གང་བ་ཡི།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། གནས་པའི་འགྲོ་དྲུག་མ་ལུས་ཀུན།། ་ཕན་པའི་ཚེ་དབང་འདི་སྦྱིན་ཏེ།། དེ་ལས་ལྷག་པའི་རྒྱུད་འཕེལ་མེད།། དེ་ཡི་བཟླས་པ་འཕྲུལ་ཆེན་ནི།། རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར།། སྔགས་བཟླས་ཆོ་ག་བར་མཆོད།། འདྲིས་གསལ་བརྟན་པ་མཆོག ་། གོས་བྱ།། མ་མ་མ་མ་མ། ཙཱནྣ་ཧཱ་སཱཧཱ། རྦ་པྲ་ཐ་ས་རྦ། ཨ་ཨ་མ་མ་ཡ། 6\ུ0f7f། བྷཱུབྷཱུ་བྷཱུ་བྷཱུབྷཱ། བ་བ་བ་བ་བ། བཛྲ་བརྡ་བརྡ་བཛྲ་བཿ། ས་ས་ས་ས། སུ་ས?་ས?་ས?་ས?། ནན་ཤ་ཤ ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ་ཨ་ཨ། ཨོཾ། ཚེ་རྣམས་དབང་དུ་མ་གྲུབ་ན།། བདེ་གཤེགས་ལྔ་ཡང་ཚེ་དཔག་མེད།། སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། ཕྱག་རྒྱ་མཚོན་ཆ་སྣ ་ཚོགས་ཀྱིས།། འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས།། འགྲོ་བ་ལྔ་ཡི་ཚེ་རྣམས་དབང་དུ་བསྡུས།། ཕྱག་རྒྱ་གཤོལ་ལ་སོགས་པ་ཡི།། འོག་གི་འཇིག་རྟེན་ཁམས་དཀྲུག་ནས།། གཤིན་རྗེའི ་གནས་ནས་ཚེ་བཀུག་སྟེ།། སྙིང་པོ་ལྔ་ལ་བསྟིམ་པར་བྱ།། ཕྱག་རྒྱ་འཁྲུ་ལོ་ཆེན་པོ་ཡིས།། སྟེང་གི་འཇིག་རྟེན་ཁམས་སྐོར་ཏེ།། དབང་ཕྱུག་ལྷན་ནེ་ལ་སོགས་དང་།། བར་སྣང་བགེགས་རྣམས་རྒྱུ་བ་ལས།། ནི་ཚེ་རབ ་ཏུ་དགུག་པར་བྱ།། འཁོར་ལོའི་འབྲུ་ལ་བསྟིམས་ནས་ནི།། དེ་ནས་ཡི་གེ་འབྲུ་ལྔ་སྟེ།། ནི་ཡི་གནས་ལྔར་བསྟིམ་པར་བྱ།། ཨོཾ་ཨོཾ་བཛྲ་ཀ་བ་རཀ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བཛྲ་ཨདྷི་ཏིཥྛ་སྭཱཧཱ། ཕྱག་རྒྱས་བསྲུང་བའི་ཆོ ་ག་སྟེ།། འབྲུ་ལྔ་སྤོས་ལྔ་ཡུང་ཀར་བཅས།། འབྲུ་ལྔ་དམིགས་མེད་དབྱིངས་སུ་ཐིམ།། ཨ་ཡིད་བཞིན་བུམ་པ་རིན་པོ་ཆེ།། རྒྱན་དང་རིན་ཆེན་ཕྲེང་བས་རྒྱན།། རིན་ཆེན་ལྔ་དང་སྨན་ལྔ་དང་།། འབྲུ་ལྔ་སྤོས་ལྔ་ཉུངས ་ཀར་བཅས།། སྔགས་མཁན་རབ་ལྡན་བློ་བརྟན་པས།། ཡན་ལག་མ་ཉམས་སྔགས་བཟླས་སྒོམ།། རྒྱན་ཆས་ལྔ་དང་ལྡན་བྱས་ནས།། དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར།། དེ་ནས་རིགས་ཀྱི་བུ་དེ་ཡིས།། ཡོ་བྱད་མ ་ལུས་ལྡན་བྱས་ནས།། མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱི།། མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། སྒྱུ་འཕྲུལ་དྲ་བ་ལས། ཚེའི་ཆོ་ག་དབང་དམ་པ་ཤིན་ཏུ་གསང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་དེ་བཞིན ་གཤེགས་པ་རྡོ་རྗེ་སྡུད་པ་པོས། འགྲོ་བ་ལྔ་རང་དབང་མེད་པར་སྨྲ་བ་ཞེས་བྱ་བར་བསྡུས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་བའི་དཀྱིལ་འཁོར་ཉིད་ཀྱིས་དབྱིངས།། ཀུན་ཏུ་བཟང་པོའི་ཐུགས་རྗེ་དང་།། ་སྐུ་གསུང་ཐུགས་ལྡན་ཡོན་ཏན་རྫོགས།། མཉམ་པའི་ཞིང་དུ་སྦྱར་བར་བྱ།། རྡོ་རྗེ་རབ་ཏུ་གསང་བའི་ས།། རྡོ་རྗེ་ཁམས་ཀུན་སྦྱིན་ཞིང་སྦྱར་ཏེ།། ཨོཾ་དང་མུཾ་དུ་འབྱོར་པར་བསྒོམ།། ཐམས་ཅད་དབྱིངས་སུ་ཐིམ་པར་བྱ།། ་གསང་བའི་དཀྱིལ་འཁོར་དམ་པ་དང་།། ཐིག་ལེ་མནྟ་དེ་དག་ཏུ།། ནི་ཐལ་མན་ཏྲ་བཟང་པོ་ཐིག། རྟ་བབས་སྒོ་ཁྱུད་བཟང་པོ་དང་།། རྡོ་རྗེ་རྩེ་གཅིག་འོད་འབར་བར།། དགུག་པའི་ལྕགས་ཀྱུ་དམ་པ་ཡིས།། རྡོ་རྗེ་རྩེག ་ཅིག་རྩེ་གསུམ་བྲི།། དཀྱིལ་འཁོར་རྒྱུ་དང་ལྡན་པར་བྱ།། མཆོད་ཡོན་སྣ་ཚོགས་མཆོད་པར་བྱ།། ཡ་མ་དུད་ཁ་ཡེ་ཤེས་འོད་འཕྲོ་ནས།། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ།། ཛ་ལས་ལྕགས་ཀྱུ་གྲངས་མེད་པས།། ་། དེ་ཡི་སྙིང་དུ་ཞུགས་པར་བྱ།། མ་ལུས་ཉི་མའི་དཀྱིལ་འཁོར་དུ།། ཛ་ལས་ལྕགས་ཀྱུ་མང་པོ་ཡིས།། གང་དགུག་དེ་ཡི་སྙིང་ཀ་ནས།། དྲངས་ཏེ་དེ་ཡི་ཁར་གཞུག་པ།། སྔགས་འདི་རབ་ཏུ་བརྗོད་པར་བྱ།། ་ཨོཾ་ཛཿཧཱུཾ་བཾ་ཧོ། ཨ་ནརི་སུ་ཏི་ཏྲི་དུ་མེ་པྲ་བེ་ཤ་ཡ། ཅི་འདོད་ལས་དེ་བཟླས་པར་བྱས།། ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། ཁུ་ཚུར་དམ་དུ་བཅིང་ནས་ནི།། སྲིན་ལག་མཐེའུ་ཆུང་མཐེ་བོང་གཉིས།། བར་དུ་མཐེ་བོང ་དེ་གྲངས་ཏེ།། ཨོཾ་མིང་ཨཱ་བེ་ཤ་ཨ་ཨ། ཐལ་བ་ཉུངས་ཀ་ར་དྲག་ཏུ་རྡེག། མི་དེའི་ཁོང་དུ་བཞུགས་པར་བྱ།། བབས་ན་རྡོ་རྗེ་ལྕགས་སྒྲོགས་བཅིངས།། གང་ཡིན་དེ་ཞེས་དྲིས་ནས་ནི།། ལྷ་འདྲེ་ལ་སོགས་གང་ཡིན་པ།། ་ལྷ་ཞིག་ན་ནི་མཆོད་པར་བྱ།། གདོན་ཞིག་ན་ནི་ཙན་དན་གུར་གུམ་བསྲེས་ནས་ནི།། དེ་བླུད་སྔགས་འདི་བརྗོད་པར་བྱ།། ཨོཾ་བཛྲ་དྷ་ཀ་ཀྲོ་དྷ་ས་མ་ཡ་ཧཱུཾ་ཕཊ། གལ་ཏེ་སྒྲ་རྐུ་མི་གཏུབ་ན།། ལག་གཉིས་སོར་མོ ་ཕྱིར་བསྣོལ་ཏེ། ཁུ་ཚུར་བཅས་ནང་མཐེབ་གཉིས་ཟུར་སྤྲད།། གྱེན་སྒྲེང་དབབ་པའི་ཁ་རུ་ལྡུག་པར་བྱ།། སྔགས་ཨོཾ་བཛྲ་བྷ་ཤ་ཛ་ཧ་པྲ་བེ་ཤ། ཧཱུཾ་ཧཱུཾ་ཞེས་མང་དུ་བཟླས། ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ།། བདེན ་པའི་ཚིག་ཏེ་ཞུགས་པར་བསམ།། ལྕེ་ཡིས་འཐོར་གཏོར་ཨ་དཀར་པོ།། ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ།། ཨོཾ་དྷི་དམར་པོ་བསྒོམས་བྱས་ནས།། གདོན་མི་ཟ་བར་སྨྲ་བར་འགྱུར།། བདག་ཉིད་ཊ་ཀི་ཧཱུཾ་བསྒོམས་ལ།། ཨ ་དང་རྨི་ལ་སོགས་པ་ཡི།། ལམ་ལྔའི་སེམས་ཅན་གང་ཡང་རུང་།། ཊ་ཀི་ཧཱུཾ་དང་སྔགས་ཀྱིས།། ལན་གསུམ་བཟླས་ཤིང་དགུག་པར་བྱ།། པྲ་བེ་ཤ་ཡང་བཟླས་པར་བྱ།། གཞན་ཡང་ཛཿཧཱུཾ་བཾ་ཧོ་སྟེ།། བཞག་ཅིང་དབབ ་པའི་ས་དེ་ནི།། བྱིས་པ་ལོ་གྲངས་བཅུ་གཉིས་པ།། གཅིག་དང་ལྔ་ལ་དབབ་པར་བྱ།། ཐིག་ལེ་བུམ་པ་མེ་ལོང་བོར།། གཞན་ཡང་གནས་རྣམས་ཐམས་ཅད་ལ།། སྨྲ་བའི་ཆོ་ག་ཕུན་སུམ་ཚོགས།། ཕྱག་རྒྱ་རྡོ་རྗེ་སྦར་མ་སྟེ།། ་དགུག་པའི་ཕྱག་རྒྱ་ཀུན་གྱིས་དགུག། ཛ་ཧཱུཾ་དབང་ཕྱུག་ལྷ་ཆེན་ལ་སོགས་བསྡུ།། བཅོལ་ཅིང་བྱ་བ་དེ་བཞིན་ནོ།། ཊ་ཀི་ཧཱུཾ་ཛས་མི་བཏུབ་ན།། ཧྱ་གྲྀ་དང་གནས་དང་ཡུལ།། ཟུར་ཕྱིན་མགོ་འཇུག་བསྣམས་ནས་ནི།། དྲག ་ཏུ་བཟླས་ཤིང་ལྕགས་ཀྱུས་དགུག། སྲོག་གི་སྙིང་པོ་མ་ནོར་བར།། གཟིར་ཞིང་དྲག་ཏུ་དྲངས་པར་བྱས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། དགུག་པའི་ཐབས་ཡོད་ཅི་ཡང་རུང་།། ནེམ་ནུར་མེད་པ་དགུག་པར ་བྱེད།། བྱ་བ་སྣ་ཚོགས་ལས་ཟིན་ནས།། སྔར་བྱས་བུམ་པ་ལྔ་པོ་ལ།། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ།། རིགས་ཀྱི་ཡུམ་དང་བདུད་རྩི་འཁྱིལ།། ཅི་འདོད་ལས་རྣམས་ཐམས་ཅད་དང་།། གཞན་ཡང་དགོངས་པ་ཅི་ཡང་རུང་།། ་། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ། ཨ་ཨ་ཨ། ཨོཾ་བཛྲ་ཨ་མྲྀ་ཏ་ཕཊ་ཛ། ཡཱ་གཙྪ་ཞེས་ཀྱང་བརྗོད་དོ།། ཨོཾ་བུདྡྷ་ལོ་ཙ་ན་སྭཱ་ཧཱ། ཞེས་ཀྱང་བཟླས། གསང་བའི་དཀྱིལ་འཁོར་དམ་པ་སྟེ།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག། སྔོན་གོམས་བློ ་བརྟན་འདྲིས་པ་ཡིས།། ཡང་ནས་ཡང་དུ་སྔོན་གསལ་དུ།། བྱང་ཆུབ་མཆོག་གིས་རྟག་བསྒོམས་ཤིང་།། དེ་ལྟར་བྱས་པའི་དངོས་གྲུབ་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྡ་ཕྲད་སྐད་ཀྱི ་དངོས་གྲུབ་ཐོབ།། ཅེས་གསང་བའི་ཚིག་ཏུའོ།། འགྲོ་བའི་དོན་གྱིས་ཕྱིར་ཆེད་དུ་བརྗོད་དོ།། པྲ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དང་པོར་དེ་བཞིན་གཤེགས་པ་ཉིད་གསལ་ཞིང་འདྲིས་པར་བསྒོམ། དེ ་ནས་བདག་གི་སྙིང་ཁར། ཨ་དཀར་ཞིང་འཚེར་བ་ཞིག་བསྒོམ། ཨ་དེ་ཤིན་ཏུ་གསལ་བར་གྱུར་པ་དང་། ཕྱོགས་བཅུར་འོད་འཕྲོ་བར་བསྒོམ། འོད་དེ་ཨ་ལ་སླར་བསྡུ་ཞིང་བསྟིམ། མ་དང་ཨ་ལས་ཉི་མ་དང་། ཟླ་བའི ་དཀྱིལ་འཁོར་བསྟིམ་ཞིང་འཚེར་བ་གསལ་བར་བསྒོམ། ཧྲི་ལས་པདྨའི་དཀྱིལ་འཁོར་གསལ་བར་བསྒོམ། ཧཱུཾ་ཤིན་ཏུ་བདེ་བ་གསལ་བར་བསྒོམ། སྙིང་གི་དཀྱིལ་དུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་ཕྱག་རྒྱ་དང ་ལྡན་པར་བསྒོམ། བཞི་བཅུ་རྩ་གཉིས་ཀྱི་སྔགས་དང་ཡིག་འབྲུ་དང་ཕྱག་རྒྱ་ཡང་གསལ་བར་བཟླས། འབྲུ་གསུམ་དང་འབྲུ་ལྔ་ཡང་བཟླས། འདུག་ནས་འབྲུ་བཞི་མཚམས་ཟ་བཅད། རྟག་ཏུ་ཧཽ་བྱ། ཚོགས་དང་མཆོད ་པ་བྱ། མང་པོ་མི་ནུས་པའི་དོན་དུའོ།། ཕྱག་རྒྱ་རྣམ་པ་བདུན་ལས། ཕྱག་རྒྱ་ཆེན་པོ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཐམས་ཅད་ཐབས་དང་ཤེས་རབ་འབྱོར་པའི ་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་མཉམ་པ་ཉིད་ལ་བཞུགས་ནས། ལྷག་པའི ་ཏིང་ངེ་འཛིན་གྱིས། དངོས་གྲུབ་མྱུར་བར་ལེན་པའི་ཐབས་འདི་དག་གསུངས་སོ།། དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར།། དམ་པའི་དོན་གྱིས་བསྒོམ་པར་བྱ།། བྱང་ཆུབ་མཆོག་ལ་བཟུང་བར་གནས།། མཆོག་ཏུ་བདེ ་བའི་ཞིང་གནས་ལ།། མཉམ་རྫོགས་ཆེན་པོར་ལྷུན་བསྒོམ་ཞིང་།། བྱང་ཆུབ་སེམས་སུ་བརྟན་པར་བཟུང་།། བྱ་བ་བྱེད་ལ་བྱ་མེད་བྱ།། མི་གནས་གནས་ལ་གནས་པར་བསྒོམ།། བྷ་གའི་དཀྱིལ་དུ་ལིང་ག་ཨ།། ་ཤིན་དུ་འཚེར་ཞིང་གསལ་བསྒོམས་ནས།། འོད་འཕྲོ་འབར་བས་ཐམས་ཅད་ཁྱབ།། དུག་གསུམ་ངན་སོང་གནས་བསྲེག་ནས།། བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ།། ཟིམ་འགྱུར་དབྱིངས་ནས་ཕྱག་རྒྱ་འབར།། ཨ་མ ་ལས་ནི་ཉི་ཟླ་འབར།། ཕྱོགས་བཅུར་འདོམ་པའི་མུན་སེལ་ཞིང་།། ཉོན་མོངས་སྡུག་བསྔལ་བསིལ་བའི་སྨན།། ཐུགས་རྗེའི་བྱིན་རླབས་བསམ་མི་ཁྱབ།། རོལ་པའི་ཕྱག་རྒྱ་བསམ་མི་ཁྱབ།། ་མཁའ་ལ་འཇའ་མཚོན་སྤྲིན་མང་ཡང་།། ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས།། ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་།། ཆོས་ཀྱི་དབྱིངས་སུ་ཐམས་ཅད་པ་སྡུས།། ཐམས་ཅད་ཡི་གེ་ཧཱུཾ་དུ་འགྱུར།། ཧཱུཾ ་། ཉིད་གསང་བའི་ཐུགས་ཀྱི་དཀྱིལ།། འོད་ཟེར་འཕྲོ་བས་འབྲུ་གསུམ་སྟེ།། ཡང་ན་ཡི་གེ་འབྲུ་ལྔའོ།། ལྔ་པོའི་དོན་འཕྲོ་བཞི་བཅུ་གཉིས།། གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག། མ་བཅོས་དང ་གཉིས་གནས་པ་ལ།། ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ།། སེན་ཟླུམ་ཟླ་བ་གང་བ་ཡིས།། ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ།། ཉི་མའི་དཀྱིལ་འཁོར་གང་བ་ཡིས།། གཞན་ཡང་འོད་ཟེར་འབར་བ་དང་།། ་པདྨའི་གདན་དང་རིན་པོ་ཆེ།། དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ།། ཤིན་ཏུ་ཕྲ་ཞིང་ཡུངས་འབྲུ་འབར།། གནས་གཅིག་དང་ནི་གནས་གསུམ་དང་།། གནས་ལྔ་དག་ཏུ་རབ་ཏུ་བསྒོམ།། ཤེས་རབ་ཅན་ལ་འདྲིས་པ་དང་།། ་ནི་ཡིག་མིག་གིས་བལྟར་ཡོད་པར།། ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ།། ཤིན་ཏུ་བློ་གསལ་འདྲིས་གྱུར་ནས།། ཕྱོགས་བཅུ་སྟོང་ཁམས་རྫུ་འཕྲུལ་སྙེད།། ཐུགས་རྗེའི་བྱིན་རླབས་བསམ་ཡས་སྤྲོ།། སྤྲོས་ཀྱང་ཧཱུཾ་ལ ་ཉམས་པ་མེད།། བསྡུས་ཀྱང་ཕྱོགས་བཅུར་བྲི་བ་མེད།། སྤྲོས་མེད་བསྡུས་མེད་དེ་ནི་ལས།། ཡི་གེ་མུཾ་དུ་ཐིམ་པར་འགྱུར།། དབྱིངས་ནས་ཕྱག་རྒྱ་འབར།། ཤིན་ཏུ་གསལ་ཞིང་འདྲིས་པ་དང་།། ཕྱག་རྒྱ་སྐུ་ཉིད་གསལ ་བར་བསྒོམ།། སྐུ་དེ་ཚོན་གང་འོད་འབར་ནས།། ཐབས་དང་ཤེས་རབ་ལྡན་པའི་རྒྱ།། འོད་འཕྲོ་འབར་ཞིང་དོན་བྱེད་བསྒོམ།། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ།། བདག་ཉིད་ཞལ་གཅིག་ཕྱག་གཉིས་སམ།། ཞལ་གསུམ ་ཕྱག་དྲུག་དག་ཏུ་སྒོམ།། གཞལ་ཡས་ཁང་དེ་གདན་ཁྲི་རྣམས།། འཕྲོ་བའི་ཚུལ་ཏེ་སྔ་མ་བཞིན།། མཚན་དང་དཔེ་བྱད་ཐམས་ཅད་ལྡན།། དབུ་རྒྱན་ཡི་གེ་ལྔ་དང་ལྡན།། རྡོ་རྗེ་འཁོར་ལོ་རལ་གྲི་འབར།། རིན་ཆེན་པདྨ ་དྲིལ་བུ་འབར།། ཕྱག་རྒྱ་ཆེན་པོ་དེ་དག་ལས།། ཕྱོགས་བཅུ་མ་ལུས་མི་ལུས་གཞལ་ཡས་ཁང་།། ཉི་ཟླ་གཟའ་སྐར་དཀྱིལ་འཁོར་གདན་དང་ལྡན།། བདེ་གཤེགས་དཀྱིལ་འཁོར་མ་ལུས་སྒོམ།། ཐུགས་རྗེའི་བྱིན ་རླབས་འགྲོ་དོན་མཛད།། ཞི་བ་ཕྱོགས་གཅིག་ཤེས་བྱ་སྦྱོང་།། ས་བཅུ་མཉམ་པར་སྦྱོང་བྱེད་ཅིང་།། བདེ་གཤེགས་འཁོར་ཡང་དག་པར་བྱེད།། འདི་ལྟར་སྒྲུབ་པའི་རིགས་མཆོག་དེ།། འབྲས་བུ་སྔོན་དུ་མ་གྱུར་ཀྱང་།། ་སྡུག་བསྔལ་ཐམས་ཅད་ཡོངས་མི་འགྱུར།། ལྷ་མི་མཚན་རྫོགས་ཡོངས་སུ་འགྲུབ།། ཐེག་པ་དམན་པར་ཡོངས་མི་སྐྱེས།། བདེ་གཤེགས་འབྱུང་དང་བཀོལ་མི་འགྱུར།། བྱང་ཆུབ་གཟུང་ལ་ཞུགས་པ་ཡིན།། ཞེས་ཉིད ་ལ་ཉིད་གསུངས་སོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེས་འགྲོ་བ་བདུད་རྩི་འབྱུང་བ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཧོ་ཡེ་ནས་དག་པ་ཡི་ཆོས་ལས།། ལོག་རྟོག་རྣམ་པ་གཉིས་སུ་གྲུབ།། ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས།། ཀུན་ཀྱང་གཙང ་ཞིང་འདྲ་མེད་ལས།། རྣམ་རྟོག་མི་མཐུན་སོ་སོར་འགྱུར།། ལ་ལའི་སྨན་ལ་ལ་ལའི་དུག། སྨན་དུ་མི་འགྱུར་གང་ཡང་མེད།། དུག་ཏུ་མ་གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་རྒྱུ་གཅིག་ལས།། མི ་མཐུན་ཁྱད་པར་སོ་སོར་སྣང་།། སུས་ཀྱང་མ་བྱས་སུ་བྱེད་ཡོད།། རྣམ་རྟོག་ཞགས་པས་སོ་སོར་བཅིངས།། ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་།། སྡུག་བསྔལ་འཁྲུལ་འཁོར་མ་ལུས་དང་། ཁམས་གསུམ་ཕྱིན་ཅི ་ལོག་བཞི་དང་།། དུས་གསུམ་འགྲོ་ལྔ་ཐམས་ཅད་དང་།། ཉོན་མོངས་སྡུག་བསྔལ་ཐམས་ཅད་སྦྱོང་།། རྣམ་པར་ཐར་པ་ལྔ་རྫོགས་བྱེད།། ས་བཅུ་རྫོགས་ཤིང་སངས་རྒྱས་ས་ཡང་རྫོགས།། དེ་ཕྱིར་སྨན་འདི་རབ་ཏུ ་བསྒྲུབ་པར་བྱ།། ཀུན་ལ་ཕན་པའི་སྨན་ཡིན་པས།། དེ་ཕྱིར་ང་དང་བདག་མ་འཛིན།། གཙང་དང་དམེ་བའི་ལོག་རྟོག་བོར།། ཐམས་ཅད་མཉམ་པ་ཉིད་དུ་སྤྱོད།། རྩ་བ་བྱང་ཆུབ་སེམས་ཉིད་རྟོགས།། ཐབས་ཀྱི་ཕ ་རོལ་ཕྱིན་པ་སྤྱོད།། སྙིང་རྗེས་ཆུད་མ་ཟོས་པར་ཟུངས།། བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས།། བདུད་རྩིའི་དོན་ནི་སྐྱེ་ཤི་མེད།། བདུད་རྩིའི་གནས་ནི་བྱང་ཆུབ་སེམས།། བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་།། ་བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད།། སྨན་གྱི་བྱིན་རླབས་བསམ་མི་ཁྱབ།། ངན་སོང་སྦྱོང་ཞིང་མཐོ་རིས་འགྲུབ།། གསེར་སྦྱར་སྨན་དང་མུན་སེལ་ཞིང་།། གཞན་ཡང་དགོས་པ་སྣ་ཚོགས་སྒྲུབ།། རྐྱེན ་ལས་འབྱུང་བའི་དུག་རྣམས་དང་།། རྩ་བའི་དུག་དང་སྦྱོར་བའི་དུག། ཀླུ་དུག་སྦོད་གཏོང་དུག་ལ་སོགས།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། དུག་རྣམས་ཐམས་ཅད་གདུལ་བ་འདི།། ་དཀྱིལ་འཁོར་མ་ལུས་ཚངས་པར་སྒོམ།། གནས་ལྔ་དག་ཏུ་འབྲུ་ལྔས་སྟིམ།། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་ལ་སོགས།། ཡང་ན་ཡི་གེ་ཨོཾ་གྱི་བྱ།། ཡང་ན་ཡི་གེ་ཧྲི་ཡི་གཏང་།། དུག་རྣམས་བདུད་རྩིར་བསྒྱུར་བར་བྱ།། མཉམ་པའི ་དབྱིངས་སུ་ཐིམ་པར་བྱ།། ཨ་ཧོ་གསང་བའི་ཚིག་ཏུའོ།། ཧཱུཾ་བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ།། ཐུགས་རྗེས་བདག་རྟོག་འདུལ་བར་བྱེད།། ང་དང་བདག་མེད་དབྱིངས་སྦྱོར་ཞིང་།། བྱམས་པའི་ཐུགས་དང་ལྡན་པའོ།། ཨོཾ ་བདག་ཉིད་གཏི་མུག་ཆོས་སྐུ་སྟེ།། རྨོངས་པའི་ནད་རྣམས་སེལ་བར་བྱེད།། ཡེ་ཤེས་འོད་ཟེར་གསལ་བའི་ངང་།། ཐམས་ཅད་འབྱུང་བའི་འཁོར་ལོའོ།། ཏྲཾ་བདག་ཉིད་ང་རྒྱལ་ཡོན་ཏན་ཏེ།། སྙིང་རྗེས་འགྲོ་དོན་འཕེལ ་པབར་བྱེད།། ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར།། ཡོན་ཏན་རྒྱ་མཚོ་དཔག་མེད་པའོ།། ཧྲི་བདག་ཉིད་འདོད་ཆགས་གསུམ་མཆོག་སྟེ།། ཉོན་མོངས་ལས་རྣམས་དག་པར་བྱེད།། ཉོན་མོངས་སྡུག་བསྔལ་རྣམ་པར་དག ་ཆགས་མེད་སེམས་ནི་བྱང་ཆུབ་པའོ།། ཨ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ།། དོན་རྣམས་མ་ལུས་གྲུབ་པར་བྱེད།། ལོག་རྟོག་མ་ལུས་འདུལ་བའི་མཆོག། ཕྱོགས་བཅུ་དུས་བཞིར་འཕྲོ་བའོ།། མུཾ་བདག་ཉིད ་། ཤེས་རབ་འོད་གསལ་ཏེ།། ལེ་ལོ་གཡེང་བ་སེལ་བར་བྱེད།། ཐུགས་རྗེ་མྱུར་བ་ལས་བྱུང་བ།། རྒྱལ་བ་ཀུན་ཏུ་ཐུགས་རྗེ་བསྐྱེད་པའོ།། ཡེ་ཤེས་དྲུག་གིས་ཉོན་མོངས་སྦྱངས།། དབུགས་ཆེན་དག་ཀྱང་འབྱིན ་པར་བྱེད།། དུག་གསུམ་སྦྱོང་བ་སྐུ་གསུམ་སྟེ།། ལམ་ལྔ་སྦྱོང་བ་ཡེ་ཤེས་ལྔ།། འཁོར་བའི་རྩད་གཅོད་ཤེས་རབ་མཚོན།། ཧཱུཾ་དུ་བསྡུས་ཤིང་ཧོ་ཡིས་གཡེང་།། རཾ་གྱིས་སྲེག་ཅིང་ཕཊ་ཀྱིས་འཕང་།། ཐབས་དང་ཤེས་རབ ་འབྲེལ་བ་ཡིས།། ཐིག་ལེའི་དབྱིངས་སུ་ཐིམ་པར་བྱ།། དེ་ནས་གཉིས་མེད་དབྱིངས་གྱུར་ནས།། ཡེ་ཤེས་སེམས་དཔའ་སྐུ་རུ་སྒོམ།། འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་སྒོམ།། བཞི་བཅུ་རྩ་གཉིས་མ་ལུས་དང་།། སངས ་རྒྱས་དཀྱིལ་འཁོར་འཁོར་ཚངས་པར་སྒོམ།། ང་མེད་བདག་མེད་ཕྱག་རྒྱ་གསལ།། དེ་ནས་ལོངས་སྤྱོད་ལྔ་ཀུན་ལ།། ཡེ་ཤེས་ལྔ་དང་རིགས་ལྔ་དང་།། ལྷ་མོ་ལྔ་དང་སྨན་ལྔ་སྒོམ།། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡ ་ལི། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་དྷརྨཱ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་བརྗོད་པས། ཐམས་ཅད་དག་པར་གྱུར་ཏེ། དབྱིངས་སུ་ཐིམ་བདུད་རྩིར་གྱུར་ཏོ།། ས་ཆུ་མེ་རླུང་ནམ་མཁའ་རྣམས།། རང་བཞིན ་མེད་པར་གཞིག་པའི་ཕྱིར།། གཅིག་ལ་ལྔ་པར་དབྱེར་བྱ་ཞིང་།། མུཾ་གྱིས་དབྱིངས་སུ་ཐིམ་པར་བྱ།། འབྱུང་བ་ཆེ་རྣམས་དེ་དག་ལ།། ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ།། རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ།། དེ་བཞིན ་གཤེགས་པ་ལྔར་སྒོམ་ཞིང་།། འབྱུང་བ་སོ་སོར་མཚན་འཛིན་ཏེ།། ཡུམ་ལྔ་དག་ཏུ་བསྒོམ་པར་བྱ།། དེ་རིགས་ཡེ་ཤེས་ལྔ་ཉིད་དོ།། རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། ་དེ་བཞིན་ཉིད་ཀྱི་དབྱིངས་འདུལ་ན།། དེ་ལ་གྱུར་ཅིང་སྐྱེས་པ་ཀུན།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཨ་ཧོ། ཀྱེ་མའོ་ལྷག་པའི་བྱིན་རླབས་ཀྱི།། བདག་ལ་ལྷ་རྣམས་བསྡུས་པ་བསྒོམ།། དེ་ནས་ལྷ་དང་གཉིས་མེད ་ནས།། བདག་ཉིད་ཡི་གེ་ཨོཾ་དང་མུཾ།། གཉིས་དང་བདག་དང་དབྱིངས་སུ་ཐིམས།། བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ།། སྐུ་མདོག་གངས་རི་ཉི་ཤར་འདྲ།། ཟླ་བ་པདྨ་གདན་ཁྲི་ལ།། ཉི་མ་སྟོང་གི་གདན་ཁྲིར ་ལྷན།། ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། དབུས་སུ་བདུད་རྩི་འཁྱིལ་པ་སྟེ།། ཤར་གྱི་རྩེ་ལ་རྡོ་རྗེ་ཉིད།། ལྷོ་ཡི་རྩེ་ལ་རིན་པོ་ཆེ།། ནུབ་ཀྱི ་རྩེ་ལ་སྣང་མཐའ་ཡས།། བྱང་གི་རྩེ་ལ་དོན་ཡོད་གྲུབ།། ཐབས་དང་ཤེས་རབ་ལྡན་པར་སྒོམ།། ཕྱག་རྒྱ་རྣམས་ཀྱང་གསལ་བར་སྒོམ།། སྙིང་པོ་འབྲུ་ཚིག་གསལ་བར་བཟླས།། དེ་ལ་བདུད་རྩིའི་ཕྱག་རྒྱ་ནི།། བུམ་པ ་། གང་བ་ཡིད་བཞིན་འབར།། རེ་བ་ཡིད་བཞིན་བསྐང་བར་བྱེད།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། འདོད་ལྔ་ཡོན་ཏན་ལྡན་པར་བྱེད།། དངོས་གྲུབ་ཆེན་པོ་ལམ་མེ་བའོ།། བདུད་རྩི་ཆར་བཞིན་འབེབས་པར ་བྱེད།། སྒོ་བཞི་ཕྱག་རྒྱ་དག་དང་ལྡན།། ཨ་མྲྀ་ཏ་ཡི་རྒྱུ་ཉིད་ནི།། བྱང་ཆུབ་སེམས་དང་ཤ་ཆེན་དང་།། དྲི་ཆུ་དྲི་ཆེན་མཾ་ས་བཅས།། པདྨ་རཀྟ་ལ་སོགས་དང་།། གཞན་ཡང་འདོད་ཡོན་སྣ་ཚོགས་རྣམས།། ་དབྱེ་བའམ་ཡང་ན་མི་དབྱེ་བར།། བདུད་རྩི་ཉིད་དུ་བྱིན་གྱིས་བརླབས།། རྟོགས་པའི་བག་ཆགས་སྦྱངས་པའི་ཕྱིར།། གཙང་དམེ་མེད་པར་བཟའ་བར་བྱ།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ།། ཕྱག་རྒྱ་འོད་ཟེར་འབར ་བར་བསྒོམ།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་།། དུག་གསུམ་སྡུག་བསྔལ་མེད་པར་བྱེད།། སྐལ་བ་ཡུན་རིང་གནས་པ་དང་།། དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ།། ཚོགས་གཉིས་རྫོགས་པར་ཡང་གསུངས་པར།། ་བདག་ཉིད་ཡི་གེ་ཧཱུཾ་གྱུར་ནས།། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ།། ཨོཾ་ཨཱ་ཧཱུཾ་དུ་གྱུར་པར་བསྒོམ།། འོད་འཕྲོ་འབར་ཞིང་ཕྱོགས་བཅུར་སྤྲོས།། སླར་འདུས་འོད་འཕྲོས་བདུད་རྩི་འབར།། ཤིན་ཏུ་གསལ་ཞིང་རྩེ ་གཅིག་བསྒོམ།། གཞན་ཡང་ཡི་གེ་ཚོགས་པས་གདབ།། འཐུང་ན་ངན་སོང་སྒྲིབ་པ་སྦྱོང་།། རྟག་ཏུ་བརྟེན་ན་དངོས་གྲུབ་མཆོག་ཀྱང་འགྲུབ།། ལུས་ཀྱི་ནད་རྣམས་ཐམས་ཅད་འབྱང་།། ལྷ་ལ་རྟག་ཏུ་མཆོད་བྱས་ན།། ་བདག་དང་གཉིས་སུ་མེད་པར་འགྱུར།། མི་མཐུན་ཕྱོགས་གཏོར་བྱས་གྱུར་ན།། དྲག་པོ་གཏུམ་པོའང་ལྡན་པར་འགྱུར།། གཞན་ཡང་དངོས་གྲུབ་ཐམས་ཅད་ཀྱི།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སངས་རྒྱས ་གོ་འཕང་འཐོབ་འགྱུར་ན།། ལྷ་ལ་སོགས་པར་སྨོས་ཅི་དགོས།། ཐེ་ཚོམ་མེད་པར་སྒྲུབས་པར་གྱིས།། རྟག་ཏུ་སྤྱོད་ཅིང་དབྱིངས་སུ་ཐིམས།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྨན་སྒྲུབ་པའི་ལེའུ་སྟེ་བཅུ་བདུན ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། རང་བཞིན་གྱི་དཀྱིལ་འཁོར་ལས། ལྷག་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་གྱིས། སྔགས་འཆང་རྣམས་ལྷར་གསལ་བའི་དཀྱིལ་འཁོར ་འདི་དོན་ཡོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཧོ། ཡེ་ནས་རྣམ་པར་དག་པ་ཡིས།། ཐབས་དང་ཤེས་རབ་ལྡན་པར་གནས།། བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར།། དེ་ཉིད་བཞུགས་གནས་ཡིན ་པར་གསུངས།། ཆོས་རྣམས་ཐམས་ཅད་གཉིས་མེད་པའི།། དབྱིངས་སུ་ཐིམ་པའི་འོད་ཟེར་གསལ།། གཅིག་དང་སྤྲོས་པ་ཐམས་ཅད་མེད།། དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ།། ཡེ་ནས་མྱ་ངན་འདས་པའི་ཆོས།། ་ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་སྐོར།། ཐུགས་རྗེའི་བྱིན་རླབས་འཕྲོས་པ་ཡིས།། ཡེ་ཤེས་བཞི་ཡི་དཀྱིལ་འཁོར་འཕྲོས།། ཡེ་ཤེས་ལྔ་དང་སྐུ ་གསུང་ཐུགས།། བྱིན་རླབས་ཡ་མཚན་བསམ་མི་ཁྱབ།། རབ་ཏུ་སྣང་བའི་ཐབས་ལས་བྱུང་།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི།། ཐུགས་རྗེ་རྒྱལ་ལྔའི་གཞལ་ཡས་ཁང་།། མཐའ་དབུས་མེད་པ་རྒྱས་པར ་གནས།། སྟོང་སྨོན་མཚན་མེད་འོད་གསལ་འཇུག། དེ་ཕྱིར་ཡེ་ཤེས་སྒོ་བཞི་ཤར།། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན།། རང་བཞིན་ཡེ་ནས་འོད་གསལ་ཕྱིར།། ཉི་ཟླ་བརྩེགས་པའི་གདན་ཁྲི་འབར།། ་ཡེ་ནས་རྣམ་པར་དག་པའི་ཕྱིར།། མ་ཆགས་པདྨ་འབར་བའི་གདན།། ཟག་མེད་ཡེ་ཤེས་གཏེར་གྱུར་པས།། ཡིད་བཞིན་རིན་ཆེན་འབར་བའི་གནས།། ཡེ་ནས་མཉམ་ཉིད་མི་འདའི་ཕྱིར།། ཏ་ལའི་ལྗོན་ཤིང ་རང་བཞིན་གནས།། རེ་བ་ཡིད་བཞིན་བཀང་བའི་ཕྱིར།། དཔག་བསམ་ཤིང་གི་རིན་ཆེན་འབར།། ཡིད་བཞིན་རིན་ཆེན་རྒྱལ་གྱིས་བསྐོར།། ཐམས་ཅད་ལ་ནི་དབང་བསྐུར་ཕྱིར།། འཇིག་རྟེན་ལྷ་ཆེན་རྣམས་ཀྱིས ་བསྐོར།། གསང་བ་དེ་ཉིད་ངེས་པ་ལས།། འཕྲུལ་ཆེན་བཞི་བཅུ་རྩ་གཉིས་ཀྱིས།། ཐམས་ཅད་ལྷ་ཉིད་རྟག་ཏུ་བསྒོམ།། ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག། འདིས་ནི་རང་བཞིན་དཀྱིལ་འཁོར་དང་།། གཟུགས ་བརྙན་ལྷག་པའི་དཀྱིལ་འཁོར་གསུམ།། ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག། བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན།། ཞེས་ཉིད་ལ་ཉིད་བཤད། ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས། གཟུགས ་བརྙན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་བྱིན་རླབས་ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ་དབང་པོ་ཡུལ་དུས་རིག་པ་རྣམས།། ཐབས་དང་ཤེས་རབ་ལྡན་འགྱུར་ཞིང་།། མཉམ་པའི་ངང་ཉིད་རྟོགས་གསལ་ནས།། ཐམས་ཅད་བདེ་བ་ཆེན་པོ་རྒྱ།། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། ཁྲོ་བོའི་ཁྲོ་མོ ་ཐམས་ཅད་ཀུན།། གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན།། བསྐུལ་སྐྱོད་ཐམས་ཅད་ཕྱག་རྒྱ་ཡིས།། བླ་མེད་ཆེན་པོས་དེ་སྐད་གསུངས།། ཡན་ལག་སྙིང་པོས་རྩེ་གཅིག་དང་།། རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ།། ལས ་རྣམས་སོ་སོ་རབ་ཏུ་བསྒོམ།། ཐབས་དང་ཤེས་རབ་ལྡན་པའི་ཞབས།། རྟག་ཏུ་རྡོ་རྗེ་འབར་བར་འགྱུར།། ཐབས་ཆེན་རེ་རེ་བསྐྱོད་ནས་ནི།། པདྨ་ཆགས་མེད་རེ་རེ་འབྱུང་།། རྡོ་རྗེ་པདྨ་དེ་འབྱོར་ན།། སེམས་ཅན ་ཐམས་ཅད་བླ་ན་མེད།། བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར།། རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། ཁྲོ་བོའི་དཀྱིལ་འཁོར་བསྒོམས་བྱས་ཏེ།། དབུས་ཀྱི་དཀྱིལ་འཁོར་བསྐུལ་བསྐྱོད་ན།། སངས་རྒྱས་དཀྱིལ ་འཁོར་ཐམས་ཅད་གཡོ།། ལག་གིས་འདུ་བྱེད་བསྐྱེད་བྱས་ན།། རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ།། རྐྱང་པའི་སྟབས་ཆེན་མནན་འཚེང་ན།། སྡུག་བསྔལ་མི་ཟད་ཐམས་ཅད་དང་།། བདུད་དང་ལོག་འདྲེན ་ཐམས་ཅད་མནན།། ཡན་ལག་ཐམས་ཅད་བསྐུལ་བསིགས་ན།། བ་སྦུ་བུ་ག་ཐམས་ཅད་ནས། ཁྲོ་བོ་གྲངས་མེད་རྡུལ་སྙེད་འཕྲོ།། དེ་དག་སྤྲུལ་པ་གྲངས་མེད་ཀྱིས།། ཕྱོགས་བཅུ་ཁམས་མང་རྡུལ་སྙེད་དུ། ཁྲོ་བོའི ་དོན་རྣམས་རྡུལ་ཕྲན་སྙེད།། ཐུགས་རྗེས་འདུལ་ཞིང་དབྱིངས་སུ་ཐིམ།། ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་། ཁྲོ་མོའི་དཀྱིལ་འཁོར་རབ་ཏུ་འདུས།། ཐམས་ཅད་རྡོ་རྗེ་བྲག་སྟེང་ན།། མེ་རིའི་དཀྱིལ ་འཁོར་རབ་ཏུ་འབར།། འདི་ནི་སྤྱི་ཡི་ཕྱག་རྒྱ་ཆེན་པོ་ཡིན།། སྟེང་གི་བགེགས་རྣམས་འདུལ་བའི་ཕྱིར།། རྡོ་རྗེ་འཁོར་ལོ་ནི་མགོ་གདེངས།། འོག་གི་འཇིག་རྟེན་ཁམས་འདུལ་བ།། རྡོ་རྗེ་ཐོང་གཤོལ་ནི་སྦར་དང་།། རྡོ ་རྗེ་གཏུན་ཆེན་དྲིལ་བའོ།། ཤར་གྱི་བགེགས་རྣམས་འདུལ་བ་ནི།། རྡོ་རྗེ་རབ་ཏུ་འབར་མ་དང་།། སྟི་ར་ཆེན་པོའི་དབྱུག་པའོ།། ལྷོ་ཡི་བགེགས་རྣམས་འདུལ་བ་ནི།། རིན་ཆེན་ནི་མགོའི་དབྱུག་པ་དང་།། གཤིན་རྗེ་ཆེན ་པོའི་རྐང་གཟུངས་པ།། ནུབ་ཀྱི་བགེགས་རྣམས་འདུལ་བ་ནི།། སྦྲུལ་དང་སྟི་ར་ཉ་དབྱུག་དང་། ཁྱུང་ཆེན་གཤོག་པ་རབ་ཏུ་བསྡེབས།། རྒྱ་མཚོ་ཆེ་རྣམས་རྐེད་པར་གཏུབ།། བྱང་གི་བགེགས་རྣམས་འདུལ་བ་ནི།། ་ནི་མགོ་གསུམ་པའི་དབྱུག་པ་དང་།། རིན་ཆེན་རྩེ་ཡི་དབྱུག་ཏོ་ཅན།། གནོད་སྦྱིན་གདོན་རྣམས་ཚར་གཅོད་པའོ།། མཚམས་བཞི་བགེགས་རྣམས་འདུལ་བ་ནི།། ཕྱོགས་བཞི་དག་གིས་འདུལ་བར་འགྱུར།། ་གལ་ཏེ་དེ་ཡིས་མ་འདུལ་ན།། བྱང་ཤར་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་རྩེ་གསུམ་ནི་མགོ་གདེངས།། ཨི་ཤ་ཉིད་ཀྱང་ཕྱག་རྒྱར་བསྣམས།། འབྱུང་པོ་དེ་ཀུན་རབ་ཏུ་བཏུལ།། ཤར་ལྷོའི་མཚམས་ཀྱི་བགེགས ་འདུལ་བ།། རྡོ་རྗེ་ཡེ་ཤེས་མེ་ཆེན་འབར།། མེ་ཉིད་ཀྱང་ནི་འཚིག་པར་བྱེད།། དྲང་སྲོང་ཉིད་ཀྱང་ཕྱག་རྒྱར་བསྣམས།། ལྷོ་ཡི་གདོན་འཁོར་དབང་དུ་བསྡུས།། ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་སྲིན་པོའི ་མགོ་ཅན་ཏེ།། རབ་ཏུ་རྣོ་བའི་རལ་གྲི་འབར།། རྟེན་འབྲེལ་ཉིད་ཀྱང་ཕྱག་ན་བསྣམས།། སྲིན་པོའི་ཚོགས་རྣམས་རབ་ཏུ་བསྡུས།། བྱང་ནུབ་མཚམས་ཀྱི་བགེགས་འདུལ་བ།། རླུང་གི་བ་དན་ནི་མགོ་གདེངས།། ཤིན་ཏུ ་དྲག་པོའི་གླང་པོ་བརྗིད།། ཚིག་སྲུང་ཉིད་ཀྱང་ཕྱག་ན་བསྣམས།། གཡེང་བ་ཐམས་ཅད་རབ་ཏུ་བསྡུས།། འོག་ཏུ་འཇིག་རྟེན་བགེགས་འདུལ་བ།། ཕྱག་རྒྱ་རི་རབ་ཆེན་པོ་སྟེ།། ཕག་ཆེན་པོ་ནི་ཕྱག་ན་བསྣམས།། ་འོག་གི་བགེགས་རྣམས་འདུལ་བའོ།། གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས།། ཚ་དང་གྲང་བའི་སྡུག་བསྔལ་སེལ།། མེ་ཡིས་དཀྱིལ་འཁོར་ཆེན་པོ་ཡི།། ཐམས་ཅད་མ་ལུས་བསྲེག་པར་བྱེད།། ཆུ་ཡི་དཀྱིལ་འཁོར ་ཆེན་པོ་ཡི།། ཐམས་ཅད་མ་ལུས་འཁྲུག་པར་བྱེད།། རླུང་གི་དཀྱིལ་འཁོར་ཆེན་པོ་ཡི།། ཐམས་ཅད་མ་ལུས་གཏོར་བར་བྱེད།། རྡོ་རྗེ་རལ་གྲི་འཁོར་ལོ་བཅས།། འདའ་གཞུ་ཟོ་ཆེན་གྲི་ཆེན་དང་།། རྡོ་རྗེ་དུང་ཆེན ་དགྲ་སྟར་བཅས།། མཆེ་གཙིགས་སྤུ་གྲིའི་སོ་དང་ནི།། རྔ་དང་དུང་མདུང་སྟ་རེ་དང་།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་དང་།། དབུས་ཀྱི་ཧེ་རུའི་ཕྱག་རྒྱ་ནི།། སྟི་ར་དབྱུག་ཏོ་ཆེན་པོ་དང་།། འཁོར་ལོ་ཆེན་པོ་རབ་ཏུ ་འབར།། དྲང་ཟད་དམར་གྱིས་གང་བ་ལ།། རྡོ་རྗེས་དཀྲུག་ཅིང་རབ་ཏུ་གསལ།། ཤར་གྱི་ཟླ་བའི་ཕྱག་རྒྱ་ནི།། རྩེར་ཆེན་པའི་དབྱུག་པ་དང་།། རྡོ་རྗེ་དུང་ཆེན་རབ་ཏུ་འབར།། རྗེ་མག་དམར་ཆེན་གང ་གསོལ།། ཨོཾ་མ་ཁྲོ་བོ་ཕྱག་རྒྱ་ནི།། སྟེ་ར་ཆེན་པོའི་དབུག་པ་དང་།། ཡིད་བཞིན་ནོར་བུའི་གཞལ་ཡས་ས།། སྨན་གྱི་ཡན་རབ་ཏུ་གསོལ།། ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི།། བྷཻ་ར་ཆེན་པོ་དབྱུག་པ་དང་།། པདྨ་ཆགས་མེད ་རབ་ཏུ་འབར།། དུང་ཆེན་དམར་གྱི་བཀང་བ་གསལ།། བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི།། སྟིར་ཆེན་པོའི་དབྱུག་པ་དང་།། རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར།། དུང་ཆེན་དམར་གྱིས་བཀང་བ་གསོལ། ཁྲོ་མོ་རྣམས་ཀྱང་ཁྲོ་དང ་མཐུན།། གནས་དང་ཕྲལ་གྱི་དྲུག་དྷཱ་ནི།། རྒྱུད་གཞན་དག་དང་མཐུན་པར་བཤད།། མ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། འཇིག་རྟེན་འདས་མདོ་ཆེ་ལས་བཤད། སྒྲའཕྲུལ་དྲ་བ་ལས། ཕྱག་རྒྱ་སྨོས་པའི་ལེའུ་རྩེ་བ ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་དཔལ་གྲི་ཧེ་རུ་ཀས། ཝམ་ཀྲོ་དྷི་ཤ་རེ་དང་གཉིས་སུ་མེད་པར་འདུ་མཛད་ནས། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལས། ཁྲོ་བོའི་ལྷ་མང་བ་སྔོས་ནས ་འཇིག་རྟེན་པའི་དབང་མོ་དང་། བདག་པོ་དང་། རྒྱལ་པོའི་ཡང་རྒྱལ་པོ་དང་། བློན་པོ་དང་། སྡེ་དཔོན་དང་འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ནས། ་འཇིགས་བྱེད་ཆེན་པོས་ལྷ་ཆེན་པོ་རྣམས་དང་ད་ལྟར་དང་། དུས་ཕྱི་མའི་དུས་སུ། ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས། ལ་ལ་ནི་ལོངས་སྤྱོད་འཕེལ་བར་བསྐོས། ལ་ལ་ནི་འབྱུང་བ་ཆེན་པོ་ལ་ཐོགས་པ་མེད་པར ་འགྲོ་བར་བསྐོས། ལ་ལ་ནི་གཟུགས་མི་སྣང་བར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་སྣ་ཚོགས་ཅིར་ཡང་འགྱུར་བར་བསྐོས། ལ་ལ་ནི་མི་མཐུན་པའི་ཕྱོགས་དབང་དུ་བསྡུས་པར་བསྐོས། ལ་ལ་ནི་ཉམས་ཤིང ་། རྨོངས་པར་བསྐོས། ལ་ལ་ནི་སྐབས་ཤིང་འཕྲོས་པར་བསྐོས། གཞན་ཡང་བྱ་བ་སྣ་ཚོགས་ཅི་འདོད་པར་བསྐོས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། མཉམ་ཞིང་རིག་པའི་རྡོ་རྗེ་ཡིས།། འཇིག་རྟེན་གཙོ་མཆོག ་དབང་དུ་བསྡུས།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི།། འགྲོ་བའི་དོན་རྣམས་སྣ་ཚོགས་སྟོན།། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། འདི་ནི་རང་བྱུང་ལྷ་ཡི་ལྷ།། བྱམས་དང ་སྙིང་རྗེ་ལྡན་པར་རོལ།། ཐུགས་རྗེ་ཆེན་པོ་ཐམས་མཁས་པས།། ཐམས་ཅད་ཀུན་ལ་སྤྱོད་འགྱུར་ཡང་།། བག་ཆགས་སོགས་པར་མི་འགྱུར་ཏེ།། བསོད་ནམས་ཡེ་ཤེས་ཚོགས་འགྱུར་རྫོགས།། ཐབས་མཁས་སྤྱོད་པ ་མ་གཏོགས་པར།། གཟུང་འཛིན་འཁྲུལ་རྟོགས་རྡུལ་ཙམ་མེད།། དེ་བཞིན་ཉིད་དང་དབྱེར་མེད་ཕྱིར།། རྟག་ཏུ་རང་བཞིན་འོད་ལ་གནས།། དེ་ནས་བདག་ཉིད་དུ་དོན་གོང་ནས་འབྱུང་བའི་ལྷ་ཁྲོ་བོ་དང་ཞི་བ་གང་ལ ་། གོམས་པ་དེ་གསལ་བར་བསྒོམས་ནས། ཏིང་ངེ་འཛིན་ལས་སུ་རུང་ཞིང་། ལྷ་གསལ་བར་གྱུར་པ་དང་། རང་གི་ལྷའི་བཟླས་པ་འབུམ་འབུམ་གདོན་ཏེ། ལྷ་ཆེན་པོ་ནི་དགུག་པའི་ཕྱིར། ལྕགས་ཀྱུས ་ཞགས་པ་སྥོ་ཊ་བཾ། མ་ཧཱ་དེ་ཝ་ཧཱུཾ་ཛ་ཛཿཧཱུཾ་བཾ་ཧོ། ལྷ་ཡི་དབང་པོ་སྙིང་ཁ་ནས།། ཡང་ནས་ཡང་དུ་རྣམ་པར་དྲངས།། མ་མ་ཏྲག་རཀྵ་མ་ཧཱ་དེ་ཝ་གྲིཧྞ་ཧཱུཾ་ཧཱུཾ་ཧཱུཾ། ལྷ་ཡི་གཟུགས་ནི་འཚེར་ལ་དཀར།། ལུས་ནི་རིན་ཆེན་ཀུན ་གྱིས་རྒྱན།། གཙུག་ནས་ཡིད་བཞིན་རིན་ཆེན་འབར།། ལག་པ་གཡས་ན་ཐོགས་པ་ནི།། ཡིད་བཞིན་བདུད་རྩི་བུམ་ཆུ་གསོལ།། གཡོན་ན་རིན་ཆེན་སྣ་ལྔ་སྟེ།། ལྷ་རྣམས་ཀུན་གྱིས་རེ་བ་སྐོང་།། བཙུན་མོ་ཨུ་མ་ཏ་དང ་གནས།། རྟག་ཏུ་འདོད་ཡོན་ལྔ་དང་ལྡན།། བདག་ཉིད་སྣང་མཛད་གཞལ་ཡས་ཁང་།། ལྷ་ཡི་གཟུགས་ནི་སྔ་མའི་ཚུལ།། ལྷ་ཡི་ས་བོན་འབུམ་ཕྲག་ཏུ།། སྲོག་དང་ལྡན་པར་བཟླས་པར་བྱ།། མདུན་ནས་ཛ་ཧཱུཾ་བཾ་ཧོས ་དྲངས།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། ཇེ་ཉེ་ཇེ་ཉེ་གཉིས་མེད་པར།། ལྷན་སྐྱེས་པོ་ནི་གསལ་འགྱུར་ནས།། ཅི་འདོད་ལས་དེ་བྱེད་དུ་གཞུག། ལྷན་སྐྱེས་འཁོར་རྣམས་ཐམས་ཅད་ཀྱང་།། དེ ་གྲུབ་དབང་མེད་འདུ་བར་འགྱུར།། གང་འདོད་ལས་རྣམས་བྱེད་པར་འགྱུར།། དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞིའི་སྒྲུབ་པ་འདི་གསུངས་སོ།། བྱང་ཆུབ་སེམས་མཆོག་ཏིང་ངེ་འཛིན་གྱིས།། ཕྱོགས་བཞི་མ་ལུས་ཐམས ་ཅད་ཀུན།། རིག་སྔགས་འཆང་གི་དོན་གྲུབ་ཏུ།། རྒྱལ་ཆེན་བཞི་ཡང་དབང་དུ་བསྡུས།། བདག་ཉིད་རིགས་བཞི་ཧེ་རུ་ཀ། གོང་དོན་འབྱུང་བ་བཞིན་དུ་སྒོམ།། ལྷ་ཉིད་རྟག་ཏུ་གསལ་འགྱུར་ཞིང་།། ལྷ་ཡི་གཟུགས་ཚུལ ་གསལ་བར་སྒོམ།། བདག་ཉིད་ལྷ་དང་གཉིས་མེད་པར།། ཡང་དག་དོན་དང་ལྡན་པར་སྒོམ།། དེ་ནས་རྒྱལ་པོ་ཡུལ་འཁོར་བསྲུངས།། གཟུགས་ནི་གངས་རི་ཉི་ཤར་འདྲ།། མཆོད་སྦྱིན་འོད་ཟེར་རྒྱ་དང་ལྡན།། ལག ་གཡས་རྡོ་རྗེ་ཏྲི་ཤུ་ལ།། ལག་གཡོན་བདུད་རྩི་བུམ་པ་གསོལ། ཨིནྡྲ་ཡེ་སྭཱ་ཧ། ཛ་ཧཱུཾ་བཾ་ཧོ། ཨ་མྲྀ་ཏ་ཧཱུཾ་ཧཱུཾ་ཧཱུཾ་སུ་ར་ཏ་ཝཀྟ་ཛྫ་ཧཱུཾ་ཧཱུཾ།། ཞེས་ལན་འབུམ་བཟླས། བདག་ཉིད་རྡོ་རྗེ་ཧེ་རུ་ཀ། འདྲེན་པའི་ཕྱག་རྒྱ་དེ་དག་གིས།། ་ལྷ་ཡི་དབང་པོས་སྙིང་ནས་དྲངས།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། དེ་ཡི་ལྷ་ཉིད་དབང་གྱུར་ནས།། ལས་ནི་གང་འདོད་བྱེད་པར་བཞུགས།། ཐམས་ཅད་ཐམས་ཅད་གྲུབ་པར་བྱེད།། ཀུན་ལའང་འབྱིན་ཞིང་ཀུན ་ལ་ཟ།། ལྷ་ཡི་འཁོར་རྣམས་ཐམས་ཅད་ཀུན།། མ་ལུས་པར་ནི་ཡང་དག་འདུས།། བྲན་བཞིན་དུ་ནི་ཕྱི་བཞིན་འབྲང་།། རྒྱལ་ཆེན་འཕགས་སྐྱེས་བསྒྲུབ་པ་ནི།། བདག་ཉིད་རིན་ཆེན་ཧེ་རུ་ཀ། སྐུ་མདོག་རྒྱུད་ནས ་འབྱུང་བ་བཞིན།། ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ།། འོད་ཀྱི་འདུ་འཕྲོའི་བྱིན་རླབས་ཀྱི།། འཕགས་སྐྱེས་པོ་ནི་དབང་དུ་བསྡུས།། དྲྀ་ཏ་རཥྚ་ཡ་སྭཱ་ཧ། ཛ་ཧཱུཾ་བཾ་ཧོ། གིཧྣ་གིཧྣ། དུ་ར་བྱིན་ཧ་ཏ། ཧ་ད་ཧ་ཧ་ད་རཏྣ། ཛ་ཧཱུཾ ་བཾ་ཧོ། སྙིང་པོ་ལན་འབུམ་དུ་བཟླས་ཏེ། སྲོག་དང་ལྡན་ཞིང་ཏིང་ངེ་འཛིན།། བདག་ཉིད་རཏྣ་ཧེ་རུ་ཀ། འཕགས་སྐྱེས་པོ་ཡི་སྙིང་ཁ་ནས།། ཛཿཡིས་རབ་ཏུ་བཟུང་ནས་ནི།། བདག་གིས་མདུན་དུ་དག་པར ་བྱ།། རྒྱབ་ནས་ནི་རྡོ་རྗེ་ཅན་གྱིས་ཕུལ།། དེ་ནས་མངོན་དུ་གྱུར་པ་དང་།། གང་འདོད་ལས་ནི་བྱེད་དུ་བཞུགས།། མདོག་ནི་གསེར་གྱི་མདོག་ཏུ་འབར།། འཁོར་རྣམས་ཐམས་ཅད་བདག་ལ་བསྡུས།། ཡིད་བཞིན་རིན ་ཆེན་གཞལ་ཡས་འགྲུབ།། རྒྱལ་པོ་མིག་བཟང་སྒྲུབ་པ་ནི།། བདག་ཉིད་པདྨ་ཧེ་རུ་ཀ། སྐུ་མདོག་ཕྱག་མཚན་སྔ་མ་བཞིན།། ཕྱག་རྒྱའི་ཚུལ་ཡང་དེ་བཞིན་ཏེ།། སྙིང་པོ་འབུམ་ཕྲག་གསལ་བཟླས་ན།། ཏིང་འཛིན་ཕྱག ་རྒྱ་རྒྱུར་རུང་ཞིང་།། ལྷ་ཉིད་དུ་ནི་གསལ་གྱུར་ནས།། རྒྱལ་པོ་དེ་ཡི་གཟུགས་མདོག་ནི།། ཤིན་ཏུ་དམར་ཞིང་འཚེར་བ་སྟེ།། ལག་གཡས་བདུད་རྩི་བུམ་པ་གསོལ།། ལག་གཡོན་འདོད་ཡོན་ལྔ་ཡི་ཚུལ།། ནུབ་ཕྱོགས ་ཀླུ་རྣམས་རེ་སྐོང་བ།། གྲུལ་བུམ་མགོ་ཡི་གདེང་ཀ་ཅན།། དེ་ནི་རབ་ཏུ་བསྡུ་བའི་ཕྱིར།། བི་རུ་ཌྷ་ཀ་སཱ་ཧ། ཛཿཧཱུཾ་བཾ་ཧོ། ན་ག་ཤི་ནི་བ་བག། པཾ་པག་ཛཿཧཱཾ་བཾ་ཧོ།། འབུམ་ཕྲག་དུ་མ་བཟླས་ནས་ནི།། ་དེ་ནས་བདག་གིས་དབང་དུ་བསྡུས།། བདག་ཉིད་ལྷ་རུ་གསལ་བསྒོམས་ནས།། མིག་མི་བཟང་གི་སྙིང་ཁ་ནས།། ཛ་ཡི་རབ་ཏུ་བཟུང་ནས་དྲངས།། རྒྱབ་ནས་རྡོ་རྗེ་ཅན་གྱི་ཕུལ།། དེ་ནས་བདག་དང་གཉིས་མེད་པར།། ་དབྱེར་མེད་པར་ནི་གྱུར་པ་དང་།། ཅི་འདོད་ལས་དེ་བྱེད་དུ་གཞུག། མིག་བཟང་འཁོར་རྣམས་མ་ལུས་པར།། བདག་གིས་ལུས་རྣམས་རྫོགས་པར་བྱེད།། རྒྱལ་པོ་རྣམ་ཐོས་སྒྲུབ་པ་ནི།། བདག་ཉིད་ཁྲོ་བོ་བདུད་རྩི ་འཁྱིལ།། སྐུ་མདོག་ཕྱག་མཚན་སྔ་མ་བཞིན།། གསལ་ཞིང་འོད་འཕྲོ་འབར་སྒོམ་ཞིང་།། རང་སྔགས་སྙིང་པོ་འབུམ་ཕྲག་བཟླས།། ཏིང་འཛིན་སྦྱར་དུ་རུང་བ་དང་།། རྣམ་ཟོས་དག་ནི་རྟག་ཏུ་སྒྲུབ།། གཟུགས་ནི་རིན ་ཆེན་བཻ་ཌཱུརྱ།། ཡང་ན་མདོག་ནི་སྔོ་ཞིང་འཚེར།། ཕྱག་གཡས་རིན་ཆེན་དབྱུག་པ་བསྒོམ།། གཡོན་ན་འདོད་ཡོན་བུམ་པ་གསོལ།། དབུ་ལ་རིན་ཆེན་སྣ་ཚོགས་མཛེས།། བཻ་ཤྲ་མ་ན་ཡེ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོ། ཀུ་བེ་ར་བཾ་བཾ ་ཀ་ར་ཀ་ར་ཡང་ཡང་། ཛཿཧཱུཾ་བཾ་ཧོ། འབུམ་དུ་བཟླས་ཤིང་སྲོག་ཡོད་པར།། ཡང་དང་ཡང་དུ་བཟླས་པར་བྱ།། བདག་ཉིད་བདུད་རྩི་ཧེ་རུ་ཀ། ཛ་ཡིས་རྣམ་ཐོས་སྙིང་ནས་དྲངས།། དབང་དུ་ཡང་དག་བསྡུ་བར་བྱ།། ་རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། ཡིད་བཞིན་རིན་ཆེན་དབང་དུ་འགྱུར།། གནོད་སྦྱིན་འཁོར་རྣམས་བྲན་བཞིན་བསྡུ།། རིན་ཆེན་སྤྲོ་ཞིང་ལས་རྣམས་སྒྲུབ།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། སྒྱུ་འཕྲུལ་དྲ་བ ་ལས། ལྷ་ཆེན་པོ་སྒྲུབ་པ་དང་། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱིས ་དཀྱིལ་འཁོར་གྱིས། དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ།། ཡེ་ནས་མཉམ་ཉིད་དཀྱིལ་འཁོར་ལ།། ཐབས་དང་ཤེས་རབ་ལྡན་བྱས་ཏེ།། རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། ཐམས་ཅད་མ་ལུས ་མཎྜ་ལའི།། དེ་བཞིན་ཉིད་ཀྱིས་གཞལ་ཡས་ལ།། རིག་པ་རང་དབང་གྱུར་པ་ཡི།། མཉམ་ལམ་མཉམ་པར་མི་གནས་པའི།། ཆོས་སྐུའི་ཕྱག་རྒྱ་ཆེན་པོར་བསྒོམ།། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ།། རང་བཞིན ་དཀྱིལ་འཁོར་གནས་མེད་ཀྱང་།། གཟུགས་འཛིན་རྣམ་རྟོག་ཞགས་པ་ཡིས།། རང་གིས་སྒྲིབ་ཤིང་བདག་ཏུ་བཅིངས།། ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར།། དེ་བཞིན་སྐུ་ཡི་གཟུགས་བརྙན་རྟེན།། རྟོག་དང་མི་རྟོག ་རང་རིག་དང་།། ཡང་དག་ཐབས་ཆེན་རྫོགས་པའི་དོན།། རིན་ཆེན་སྣ་ཚོགས་ལ་སོགས་དང་།། འབྱུང་བ་བཞི་ལས་གྱུར་རྣམས་ཀུན།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ།། གཟུགས་སོགས་རི་མོར་བྲིས་པ་དང་།། ཡེ ་ཤེས་ཆེན་པོ་རབ་འབྱམས་ཀྱིས།། དོན་དུ་མི་འགྱུར་ཡོངས་མི་གསུངས།། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས།། ཐམས་ཅད་དབྱིངས་སུ་བསྡུས་ནས་ནི།། ཉིད་ཀྱི་ཐུགས་ལ་བསྟིམས་བྱས་ཏེ།། ཐམས་ཅད་སྐུ་ཡི ་། ཕྱག་རྒྱ་ཆེ།། དཀྱིལ་འཁོར་རྣམ་གསུམ་དག་བྱས་པས།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ།། རང་རིག་ཡེ་ཤེས་འཕྲོ་འདུ་ཡིས།། ཐམས་ཅད་ཆོས་སྐུ་ཕྱག་རྒྱ་ཆེ།། ཡང་དག་རྟོགས་པའི་ཁྱད་པར་གྱིས།། ཏིང ་འཛིན་དོན་རྣམས་གསལ་བསྒོམས་ནས།། མཱ་མ་ཀི་ནི་རྒྱུན་ཆགས་ལ།། ཡང་དག་ཆོས་སྐུ་ཕྱག་རྒྱ་ཆེ།། དེ་བཞིན་ཏིང་འཛིན་གསལ་བསྒོམས་ནས།། དོན་མཆོག་མ་ལུས་རྫོགས་བྱའི་ཕྱིར།། མཁས་ལ་འཚོ་བའི་དཀྱིལ ་འཁོར་དུ།། དྲི་མེད་ཆོས་སྐུ་ཕྱག་རྒྱར་གསལ།། དབྱིངས་དང་དེ་ནི་ཉིད་མེད་པར།། ཏིང་ངེ་འཛིན་གྱིས་དབང་སྐུར་ནས། ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར།། སྣ་ཚོགས་འཕྲིན་ལས་རྣམ་པར་རོལ།། དོན་གྱིས ་སྙིང་པོ་མཆོག་རྣམས་དང་།། བྱང་ཆུབ་ཕྱོགས་རྣམས་རབ་ཏུ་རྫོགས།། འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར།། ཨ་ཧོ། ཆོས་སྐུ་ཕྱག་རྒྱ་དེ་དག་ལས།། ལས་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབས།། ཏིང་ངེ་འཛིན ་གྱིས་དབང་བསྒྱུར་ན།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། དྲག་པོ་གཏུམ་པོ་གདུལ་བའི་ཕྱིར།། བདག་ཉིད་དྲག་པོར་བསྒྲུབས་ནས་ནི།། ཆོས་སྐུ་ནག་པོ་འོད་འབར་གྱིས།། བགེགས་ཀྱིས་ལིང་ག་གནན་པར་བྱ།། ་གཏུམ་པོ་གཏུམ་པོའང་བརླག་པར་འགྱུར།། མི་མཐུན་ཕྱོགས་ཀྱང་རྡུལ་དུ་རློགས།། འདི་དག་འགྲོ་བ་ཐམས་ཅད་དུ།། ཤིན་ཏུ་སྟོབས་དྲག་ཆེ་དང་ལྡན་འགྱུར་རོ།། ཐམས་ཅད་མ་ལུས་དབྱིངས་མེད་དབྱིངས་བསྡུ་ཕྱིར།། ་བདག་ཉིད་ཧྱ་གྲི་ཝར་བསྒོམ།། དམར་པོའི་ཆོས་སྐུ་གསལ་བསྒོམས་ཏེ།། མི་མཐུན་ཕྱོགས་རྣམས་གདན་དུ་བཏིང་།། ཏིང་འཛིན་གསལ་བར་བྱིན་བརླབས་ནས།། ཐམས་ཅད་མ་ལུས་དབང་དུ་བསྡུས།། མཐུ་ཆེན ་#།། དག་ཀྱང་ཕྱི་བཞིན་འབྲངས།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར།། བདག་ཉིད་རྒྱལ་བའི་ཁྱུང་ཆེན་ཏེ།། གསེར་གྱི་མདོག་འདྲ་ཕྱག་རྒྱར་བསྒོམ།། གང་འཕེལ ་ཆོས་སྐུའི་གདན་ལ་བཞུགས།། དེ་ལྟར་དག་པས་བྱིན་རླབས་ན།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཚེ་དང་ལོངས་སྤྱོད་འཕེལ་བ་དང་།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཐུགས་རྗེ་ཆེན་པོའི་བྱིན ་རླབས་ཀྱི།། གཏུམ་པོ་མ་ལུས་ཞི་བའི་ཕྱིར།། དཀར་ཞིང་འཚེར་བའི་ཆོས་སྐུ་སྒོམ།། གང་གིས་གཏུམ་ཁྲོ་ཞི་བའི་གདན།། དེ་ནི་ཏིང་འཛིན་བྱིན་བརླབས་ན།། གཏུམ་པོ་རྔམ་པོའང་ཞི་བར་འགྱུར།། གཞན་ཡང་ཇི་ལྟར ་དམིགས་པ་བཞིན།། ཞི་ཞིང་དུལ་བ་ཉིད་དུ་འགྱུར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། རྣམ་བཞི་དཀྱིལ་འཁོར་དབྱིངས་སུ་བསྡུས།། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད།། ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས ་རྫོགས།། ཨ་ཧོ།། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ནི།། དངོས་གྲུབ་གང་འདོད་སྦྱིན་པར་ངེས།། ཉེ་བའི་ལྷ་ནི་གང་སྒྲུབ་པ།། ཕྱག་རྒྱ་སྙིང་པོ་བྲིས་བཅུག་ན།། གང་སྒོམ་ཐེ་ཚོམ་མེད་པར་གྲུབ།། དེ་ནི་རྒྱལ་བ་ཀུན་དང་མཉམ ་པར་འགྱུར།། ཐེ་ཚོམ་མེད་དེ་ངེས་འགྲུབ་འགྱུར།། འཇིག་རྟེན་པ་ཡི་ལྷ་སྒྲུབ་ན།། ལྷ་ཡི་སྙིང་པོའི་གང་ཡང་རུང་།། བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན།། ལྷ་དེ་ཉེ་བར་འགྲུབ་པར་འགྱུར།། ཆོས་ཉིད་རྟེན་ཅིང་འབྲེལ ་བྲིས་ན།། ཆོས་ཀྱི་དོན་རྣམས་རྟོགས་འགྱུར་ཏེ།། རང་དང་སྤྱིའི་དོན་རྟོགས་ན།། སྐྱེས་རྒས་ན་འཆི་མེད་པར་རྟོགས།། ཕྱག་རྒྱ་ཆེན་པོ་དེ་དག་ལས།། ཉོན་མོངས་ལས་རྣམས་སྦྱོང་བྱེད་པའི།། ལྷ་ཡི་སྙིང་པོ་མ་ནོར་དོན ་བྲིས་ན།། ངན་སོང་སྡུག་བསྔལ་མེད་པར་འགྱུར།། གཞན་ཡང་དཀྱིལ་འཁོར་བསམ་ཡས་དང་།། དཔག་ཚད་མེད་པའི་ཕྱག་རྒྱ་ཆེ།། སྐུ་གསུང་ཐུགས་རྗེའི་རྒྱུན་མི་ཆད།། ཞིང་ཁམས་བྱེད་པ་རྡུལ་དང་མཉམ།། ཨ་ཧོ།། ་རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱི་དངོས་གྲུབ་ལེན་པའི་ཐབས་ཏེ། མཆོད་རྟེན་གདབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི ་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཕྱིར། གསང་སྔགས་ཀྱི་རྒྱུད་ཕྱི་བ་དང་། ནང་པ་ཐབས་ཀྱི་རྒྱུད་གཞན་ལས་ཁམས་བཅོ་བརྒྱད་དུ་བསྟན། གཙུག་ལག་ཐམས་ཅད་ལ་ཡང་ཁམས་བཅོ་བརྒྱད་དུ ་བསྟན་པ་ཡིན། ལུང་གི་སྤྱིའི་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་སྟོན་ཏེ། ལུང་གི་སྤྱིའི་ཡང་རྒྱུད་དང་གསུང་རབ་ཐམས་ཅད་འབྱུང་བའི་གནས་ཡིན། གསང་བའི་དབང་པོ་དང་གསང་བའི་ཡུལ ་གཉིས་ཀ་ཡང་སྐྱེ་མཆེད་དང་ཁམས་ཐམས་ཅད་འབྱུང་བ་ཡིན་པའི་ཕྱིར། ཤིན་ཏུ་གསང་བར་གསུངས་སོ།། དཀྱིལ་འཁོར་དེ་དག་ཤིན་ཏུ་གསང་བར་བསྟན་པའི་ཕྱིར། ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ་ཨེ་མའོ་ཡེ་ནས་གསང་བའི་ཆོས།། ཐམས་ཅད་ཀུན་ལ་རབ་ཏུ་གནས།། རང་གི་དག་མཉམ་མ་གཏོགས་པས།། ཀུན་ལ་ཡོད་ཅིང་རང་བཞིན་གསང་།། གཞན་དུ་མིན་ལ་ཤིན་ཏུ་གསང་། ་དོན་ཉིད་ཀྱིས་ནི་གསང་བའི་རྒྱུ།། མཉམ་པའི་རྡོ་རྗེ་ཅན་གྱིས་གསུངས།། འདི་ནི་བྱང་ཆུབ་སྙིང་པོ་མཆོག། ཨ་ཧོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། དབང་པོ་ཡུལ་དུས་གསང་བའི་རྣམས།། བྱང་ཆུབ་སེམས་དཔའི ་དཀྱིལ་འཁོར་ཉིད།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། རིགས་ལྔ་ཡབ་ཡུམ་བཅུ་རུ་སྦྱོར།། སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པའོ།། བྱང་ཆུབ་སེམས་དཔའ་སེམས་མ་ཉིད།། དཀྱིལ་འཁོར་ཉིད་ཀྱིས་དབྱིངས་ཡིན་ཏེ།། ་ཐམས་ཅད་འབྱུང་བ་རྡོ་རྗེ་གསང་བའི་དབང་།། དབང་པོ་ཡུལ་ཉིད་ཤེས་རབ་པདྨའི་དབྱིངས།། དབང་པོའི་ཐུགས་ནི་རྡོ་རྗེ་སེམས།། ཐམས་ཅད་བྱང་ཆུབ་སེམས་མ་ཡིན།། རྡོ་རྗེ་གསང་བའི་དབང་པོར་འདུས།། ་ཐམས་ཅད་འབྱུང་བའི་གཏེར་ཉིད་དང་།། ཐམས་ཅད་འགྲོ་བའི་གནས་ཉིད་དེ།། དེ་ཡིས་མ་བསྐྱེད་གང་ཡང་མེད།། འཁོར་དང་མྱ་ངན་འདས་པའི་རྒྱུ།། དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་།། ཀུན་གྱིས་ཕྱག་རྒྱའི་རྒྱུ ་ཡིན་ཏེ།། བདེ་བ་བྱང་ཆུབ་སྒྲུབ་པའི་རྫས།། དེ་ལས་སྐྱེས་ཅིང་དེ་ལས་འཕྲོ།། དངོས་གྲུབ་ཐམས་ཅད་གྲུབ་པའི་གནས།། དབང་པོ་རྡོ་རྗེ་པདྨར་ལྡན།། གཉིས་མེད་བྱང་ཆུབ་སེམས་ཉིད་འཕྲོ།། མི་དམིགས་བདེ་དང ་ལོངས་སྤྱོད་འཕྲོ།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། གསང་བའི་ལྷ་མོ་བཞི་རྣམས་དང་།། མཆོད་པའི་ལྷ་མོ་རྫོགས་ལྡན་བཞི།། འཇིག་དང་གནས་དང་ལྡན་དང་སྨན་པ་ཡིན།། གཡོ་དང་བསྐྱེད་དང་འཇུག་དང་བདེ ་གནས་པ།། གསང་བའི་དབང་པོ་པདྨོས་ཐོབ་པར་འགྱུར།། དེ་ཕྱིར་གསང་སྔགས་མཆོག་རྫོགས་པ།། བསོད་ནམས་ཡེ་ཤེས་ཚོགས་ཀྱང་རྫོགས།། དེ་བཞིན་ཉིད་ཀྱང་གསང་བ་ལས། ཁམས་ནི་ཉི་ཤུ་རྩ་གཅིག་བཤད།། ་རྡོ་རྗེ་གསང་བའི་དབང་པོ་དང་།། པདྨ་བདེ་གནས་འབྱུང་བ་དང་།། གསང་བ་མཆོག་གིས་འཕྲུལ་ཆེན་སྤྲོ།། འདི་ནི་རྩ་གཅིག་ཡིན་པར་གསུངས།། ཤིན་ཏུ་གསང་བ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བཤད ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། སྐབས་འདི་ན་མི་མཐུན་པ་འདི་སྐད་ཀྱང་འབྱུང་། འཇིག་རྟེན་གནས་དང་སྨོན་པའི་བྱང་ཆུབ་སེམས།། གཡོ་དང་བསྐྱེད་དང་ལྡན་དང་གནས།། དགུག་དང་འཛིན་དང་དེ ་བཞིན་ཏེ།། བསྡུས་དང་འཁྲིས་པའི་དོན་གྲུབ་ཕྱིར།། བསྡམས་དང་མི་གཏོར་དབང་འགྱུར་ཏེ།། བདེ་བ་སྒྲ་བརྙན་ཕྱོགས་བཅུར་སྒྲོག། ཤིན་ཏུ་སྒྲོག་པའི་གཟི་བརྗིད་འབར།། གཟུགས་མཛེས་བསྐྱེད་པས ་ཕྱོགས་བཅུར་གཡོས།། ཀུན་ཏུ་ཚིམ་བྱེད་བྲོས་གསུམ་ཐིམ།། ལྷ་མཛེས་རིན་ཆེན་ཕུང་པོ་འཕྲོ།། འོད་ལ་འཕྲོ་བས་ཀུན་ཏུ་འབར།། བདུད་ཀྱི་དྲོ་འཇམ་པ་ཡི་དབྱིངས།། ཨ་ལ་ལ་ཧོ། གསང་བའི་དབང་པོ་པདྨ་ལྡན ་གྱུར་ན།། ཆགས་པ་མེད་པའི་ཚུལ་གྱིས་ནི།། ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས།། ས་བཅུ་རིམ་གྱིས་བཀོད་མེད་རྫོགས།། ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས།། ཐབས་དང་ཤེས་རབ་བྱེད་པའང ་རྫོགས།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ།། ཨ་ཧོ། དེ་བཞིན་ཉིད་ཀྱི་གསང་མཆོག་ལས། ཁམས་ནི་ཉི་ཤུ་རྩ་གཅིག་སྟེ།། བཅོ་བརྒྱད་པོ་ནི་རྒྱུད་གཞན་བཞིན།། གསུམ་ནི་དེ་བཞིན་ཀུན་གྱིས ་དག། བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ།། བྱང་ཆུབ་འགྲུབ་པའི་ཞིང་ཡང་ཡིན།། བདེ་བ་སྦྱིན་པའི་རྒྱུད་ཡིན་ཏེ།། གསང་བའི་མཚན་ཉིད་བརྗོད་པ་ནི།། དབང་པོ་རྡོ་རྗེ་གསང་བའི་རྒྱལ།། ཡུམ་ནི་པདྨ་བདེ ་མཆོག་དབྱིངས།། སེམས་ནི་བྱང་ཆུབ་འབྱུང་བའི་གཏེར།། དབང་པོ་ཡུལ་སེམས་ལྡན་འགྱུར་ན།། གསང་བ་མཆོག་གིས་འཕྲུལ་ཆེ་སྤྲོ།། དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་།། ཕུན་སུམ་ཚོགས་པའི་ལྷུན་གྲུབ ་རྣམས།། གསང་དབང་མཆོག་གིས་སྦྱིན་པར་བྱེད།། འདི་ནི་རྩ་བ་ཡིན་པར་གསུངས།། གསང་བའི་མཆོག་དོན་འདི་དག་ནི།། ལྟ་བ་དམན་ལ་བཤད་བྱས་ན།། དུས་མིན་པར་ནི་སྲོག་ཟད་ནས།། མགོ་འགས་སྙིང་ཡང ་ཚིག་པར་འགྱུར། ཁབ་ལེན་གྱིས་ནི་ལྕགས་བསྡུ་ལྟར།། མི་འདོད་བཞིན་དུ་དབང་མེད་པར།། ངན་སོང་མི་ཁོམ་བསྐལ་པར་གནས་པར་འགྱུར།། དེ་བས་འདི་ནི་ཤིན་ཏུ་གསང་བའི་བྱ།། ཤེས་རབ་རྒྱ་ཆེན་བློ་ཟབ ་ཡངས་པ་ཡིས།། བློ་བརྟན་སྙིང་རྗེ་ཆེ་དང་ངང་ཚུལ་བཟང་ལ་བསྟེན།། གཞན་དུ་ནམ་ཡང་སྦྱིན་མི་བྱ།། ཞེས་ཉིད་ལ་ཉིད་བརྗོད་དོ།། ཤིན་ཏུ་ཟབ་པའི་ཕྱིར། རྒྱུད་གཞན་གྱི་ནང་དུ་མ་བཤད་དོ།། གསང་བའི་དཀྱིལ ་འཁོར་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྡུས་ནས། ཐམས་ཅད་མ་ལུས་པར་དབྱིངས་སུ་བསྡུས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་བཞིན་གཤེགས་པ་རྒྱུད་ཀྱིས་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཆོས་ཐམས་ཅད ་ཡིད་དང་ཆོས་སུ་འདུས་པར་བསྟན་པ་དང་། ཤེས་རབ་ཐམས་ཅད་ནི་ཡུལ་བཞིར་འདུས། ཡུམ་བཞི་ཡང་གཅིག་ཏུ་འདུས།། ཐབས་ཐམས་ཅད་ནི་རིགས་བཞིར་འདུས། རིགས་བཞི་ཡང་གཅིག་ཏུ་འདུས་ཏེ། ཐམས ་ཅད་དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་སུ་འདུས་པར་བསྟན་ནས། ཚིག་འགོ་མཇུག་གིས་དོན་བསྡུས་ནས་ཡང་འདི་སྐད་བརྗོད་དོ།། དོན་གྱི་རྩ་བ་མཆོག་ཡིན་ཏེ།། ཐམས་ཅད་མ་ལུས་མི་ལུས་དམིགས ་མ་ཆགས་མཚན་ཉིད།། དེ་བཞིན་ཉིད་དབྱིངས་སྣ་ཚོགས་མང་པོ་ཐབས་སུ་སྣང་།། ཐབས་ཉིད་སྒྱུ་མའི་མིག་ཡོར་ཆུ་ཟླ་གཟུགས་བརྙན་ཡིན།། དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་།། ཐབས་དང་ཤེས ་རབ་ལྡན་པས་མཆོག་གི་གནས་གྱུར་པས།། ཇི་ལྟར་བཅད་ཀྱང་གཉིས་མེད་ཟད་མེད་གཉིས་གྲིབ་སྒྲིབ་མི་འགྱུར།། ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རོལ་པ་ཡིན།། དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག ་སྟེ།། རྒྱུ་འབྲས་ཡེ་ཤེས་དབྱེར་མེད་སྔ་ཕྱི་མ་ཡིན་པས།། འབྲས་བུའི་ལམ་དུ་གྱུར་ནས་དུས་ཅིག་མཉམ་པར་སྦྱོར།། འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས།། ཐམས་ཅད་འདུས་པའི ་གཏེར་དང་ཡིད་བདག་གིས་མཛད་དེ།། གཉིས་བྲལ་མཉམ་དང་མི་མཉམ་ཐམས་ཅད་ཉིད་ཀྱི་དབྱིངས།། ང་དང་བདག་མེད་སྣ་ཚོགས་མཚན་མ་དབྱེར་མེད་པ།། སྟོང་དང་མི་སྟོང་མི་གནས་དེ་བཞིན་ཉིད་དུ་རྔུབས།། ་རང་བྱུང་དཀྱིལ་འཁོར་ཟད་མེད་གཏེར་ཆེན་འཕྲོ།། འདས་དང་མ་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་།། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དྲུག་རྫོགས་པ།། སྐྱེ་མེད་དབྱིངས་ཀྱི་རང་བྱུང་འོད་གསལ ་ཕྲེང་ལྡན་མཆོག། ཡེ་ནས་མ་བཅོས་མ་བྱས་རང་རིག་ངང་གིས་གསལ།། ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་ནང་དུ་བསྡུས།། ཕྱོགས་བཅུ་མ་ལུས་མི་ལུས་ཐམས་ཅད་ཀུན་འདུས་དང་།། ཞིང་ཁམས ་བསམ་ཡས་གཞལ་ཡས་བསམ་ཡས་རིན་ཆེན་མཆོག་ཆེན་ཀུན།། སྐྱེ་མེད་དབྱིངས་དང་རང་རིག་གཉིས་སུ་ཡང་དག་འུབ།། མོས་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་ཡང་སྦྱངས་མི་དམིགས་པ།། ཡེ་ནས་འོད་གསལ ་ཆགས་མེད་མ་ཆགས་དཀོན་མཆོག་གནས།། མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས།། ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་རྫོགས་པར་རྒྱུ་འབྲས་སྤྱོད།། མཉམ་ཉིད་རིག་པའི་རྡོ ་རྗེ་ཐབས་ཆེན་ཡང་དག་ལྡན།། འགྲོ་མེད་འོང་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད།། ཨ་ཧོ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཕ་རོལ་ཕྱིན་པ་བཅུ་དང་། ས་བཅུ་དང་། ས་གཉིས་དང་། ཐབས་ཀྱི ་མཆོག་དང་། སངས་རྒྱས་ཀྱི་ཞིང་མ་ལུས་པར་ཡིད་དང་ཆོས་སུ་འདུས་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མི་འཆི་བའི་རྡོ་རྗེ་སྒྲུབ་པ་འདི་གསུངས་སོ།། ་རྡོ་རྗེ་ཞིང་ཆེན་སྒྲུབ་འདོད་པས།། ཐམས་ཅད་སྐྱེ་ཤི་མེད་ཚུལ་དུ།། མཉམ་ཉིད་དག་པ་ཉིད་དུ་བསྒོམ། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས།། ཛཿཧཱུཾ་བཾ་ཧོས་དགུག་པར་བྱ།། བདག་དང་ཁྲོ་བོ་གཉིས་མེད་པར།། ཡང་ནས ་ཡང་དུ་བསྒོམ་པར་བྱ།། སྐུ་རྣམས་གསལ་བར་གྱུར་པ་དང་།། ཞིང་ཆེན་འོག་ཏུ་གཞུག་པར་བྱ།། དཀྱིལ་འཁོར་མ་ལུས་དེར་བཀོད་ནས། ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ།། མ་དག་ཕོ་ཉ་ཕྱོགས་བཅུར་བཏང་།། ཐམས ་ཅད་མ་ལུས་དབང་དུ་བསྡུས།། སྒྲུབ་པ་གཅིག་གམ་ཡང་ན་གཉིས།། གསུམ་དང་ལྔ་རུ་བསྒོམ་པར་བྱ།། ཕོ་ཉ་མང་པོས་ནརྀ་བཀུག་ནས།། ཞིང་ལ་ཡང་ནས་ཡང་དུ་གཞུག། དམར་དང་སེར་དང་མདོག་སྣུམ་འབྱུང་།། ་དེ་ནས་ཏིང་འཛིན་བདུད་རྩི་ཡིས།། ལན་གྲངས་འབུམ་ཕྲག་མང་པོར་བཟླས།། བཟླས་པའི་ཚུལ་ནི་རྣམ་གསུམ་དང་།། རྡོ་རྗེ་སྔགས་བཟློས་རྩེ་གསུམ་དང་།། དེ་ཡི་བར་ནས་བཟླས་པ་འབྱུང་།། འོད་ཟེར་ལྔ་དང་ལྡན ་པར་བྱ།། ཞིང་དེ་ལྟེམ་ལྡེམ་པོར་གྱུར་དང་།། བདུད་རྩི་ལྔ་ཡིས་བསྐུ་བར་བྱ།། དེ་ནས་ཡི་གེ་འབྲུ་ཡང་དགོད།། གསལ་ཞིང་འཚེར་བར་བསྒོམ་པར་བྱ།། དབང་པོ་ལྔ་ལ་དབང་པོ་ཚུལ།། ཡན་ལག་ལྔ་ལ ་རིགས་ལྔའི་ཚུལ།། རྡོ་རྗེ་ཏིང་འཛིན་དེ་ཡིས་བསྒོམ།། དེ་ནས་ཞིང་དེ་འགུལ་གྱུར་ནས།། ཤིན་ཏུ་ཞགས་པས་བསྡམ་པར་བྱ།། ཡན་ལག་རྣམས་ཀྱང་གཞུག་པར་བྱ།། ཕྱོགས་བཞི་དག་ཏུ་ཐོད་པ་བསྟན།། དེ་ནས་ཐོད ་པ་ནུབ་ཏུ་བསྟན།། ཧྱ་གྲྀ་ཝའི་སྐུར་བསྒོམ་ཞིང་།། སྔགས་ནི[:]འབུམ་ཕྲག་མང་དུ་བཟླས།། ཕྱོགས་བཅུར་སྤྲོ་ཞིང་ཞིང་ལ་བསྟིམ།། དེ་ནས་ཞིང་དེ་དྲག་འགུག་ནས།། རྡོ་རྗེ་ཏིང་འཛིན་དེ་ཡིན་ན།། ་བསྟན་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་སྦར་བར་བྱེད་པ་དང་།། ཨ་ནི་པྲེ་དུ་ཏྲི་གང་ཡིན།། རྡོ་རྗེ་དྲག་ཏུ་གདབ་ཅིང་དབབ།། ཐོད་པའི་ཁ་ནས་ཧྲི་འབྱུང་ན།། རྡོ་རྗེ་ཏིང་འཛིན་སོ་ཡི་བཅད།། རྡོ་རྗེ་སྔགས་ཟློས་ཁོང་དུ ་སྟིསྙིམ།། གཉིས་སུ་མེད་པར་བསྒོམ་པར་བྱ།། དེ་ནས་ཞིང་དེ་ལངས་པ་དང་།། རྡོ་རྗེ་བྱིན་ནས་དབང་ཡང་བསྐུར།། བདུད་རྩི་ཆུ་ཡང་བླུད་པར་བྱ།། ལས་རྣམས་ཐམས་ཅད་བྱེད་དུ་གཞུག། དེ་ལྟར་སྒྲུབ་པའི་རིག་མཆོག། ་གིས།། ཐལ་བ་ཐམས་ཅད་སོས་པར་འགྱུར།། སྒྲུབ་པའི་ས་ནི་དུར་ཁྲོད་དང་།། རི་རབ་གཉེན་པོ་བགེགས་ཡོད་པར།། ནགས་ཁྲོད་སྟོང་པའི་འཚེར་མ་ཅན།། གནོད་སྦྱིན་སྲིན་པོ་འབྱུང་བའི་གནས།། དེ་དག་ཏུ་ནི ་བསྒྲུབ་པར་བྱ།། དགུ་དང་བཅུ་གཉིས་བཅུ་གསུམ་དང་།། བཅུ་དྲུག་མན་ཆད་བསྒྲུབ་པར་བྱ།། ཕྱི་ནང་འཚོ་བའི་ཡོ་བྱད་རྣམས།། ལམ་ལྔའི་ཞིང་དང་སྨན་རྣམས་བཅས།། འབྲུ་རྣམས་ཚོགས་པར་བཅད་པར་བྱ།། ་རྟག་ཏུ་ཚོགས་ཆེན་མཆོད་པར་བྱ།། རྟག་པ་དག་ཏུ་མ་ལྡན་ན།། གསུམ་དང་ལྔ་རུ་བར་མ་བཅད། ཁ་ཟས་རྣམས་ཀྱང་ཐོད་པར་བཟའ།། གཏུང་བ་དག་ཀྱང་དེ་བཞིན་ཏེ།། མར་མེ་རྟག་ཏུ་གཏང་བར་བྱ།། རྒྱུ་ནི་མི་ཡི། ་མར་ལས་བྱ།། ཡན་ལག་བཀྲུ་བའང་དེ་བཞིན་ནོ།། སྡོང་བུ་པདྨའི་རྒྱུ་ལས་བྱ།། སྣོད་ནི་དུང་ཆེན་སྲུབ་མེད་པ།། ལྕང་ལོ་ཡོད་དང་མེད་པ་དང་།། དེ་བི་པུ་ཏྲ་མ་བྱུང་བ།། མདོག་ནི་བྲན་ཀླད་ཅན་ལ་ཡོང་།། རྡོ་རྗེ་སྒྲུབ ་པ་བར་གཅོད་ཕྱིར།། རྟག་ཏུ་མཚམས་ནི་གཅད་པར་བྱ།། ནི་ཡི་རྐང་པ་གཡས་གཡོན་ནས།། སྦོམ་པོ་མ་ཡིན་ཕྲ་བ་ཉིད།། དེ་ལ་ཀཱི་ལ་ཡ་བྱས་ལ།། ཕུར་བུ་སྔགས་དང་ཁྲོ་སྔགས་ཀྱི།། ལན་འབུམ་དུ་ནི་བཟླས་ནས ་ནི།། ལག་པ་གཡས་གཡོན་ཐལ་སོར་ལ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། འོད་འབར་གཟུགས་ཀྱི་སྐུ་རུ་སྒོམ།། དེ་ནས་གཉིས་མེད་སྦྱོར་ཚུལ་དུ།། སྒྲུབ་པ་རྡོ་རྗེ་བསྒོམ་པར་བྱ།། སྒྲུབ་པའི་དངོས་ལས་མ་རྟོགས་པ།། ་ཕྱོགས་རྣམས་རྣམས་སུ་མཚམས་ཀྱང་བཅད།། དངོས་གྲུབ་མ་ཐོབ་བར་དུ་ནི།། སྒོམ་དང་ཟླས་དང་ཕྱག་རྒྱ་གསུམ།། བག་ཡོད་མགོ་ལ་མེ་འབར་བཞིན།། བར་མཚམས་མེད་པར་བསྒྲུབ་པར་བྱ།། དེ་ལྟར་སྒྲུབ་པའི ་རིག་མཆོག་གིས།། ལྷ་མ་སྲིན་རྣམས་བྲན་བཞིན་བཀོལ།། འཇིག་རྟེན་དབང་ཕྱུག་དབང་དུ་སྡུད།། རྡོ་རྗེ་རིག་མཆོག་འཁོར་རྐྱེན་རྣམས།། ཡིད་བཞིན་དུ་ནི་འབྱུང་བར་འགྱུར།། རྫུ་འཕྲུལ་ཆེན་པོ་འདི ་དག་ནི།། ལུས་སྟེང་ནུབ་ནས་མངོན་དུ་འབྱུང་།། དེ་མ་ཡིན་པར་ཤིན་ཏུ་གསང་།། རོ་ལངས་སྒྲུབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཏིང་ངེ ་འཛིན་གྱིས་རིམ་པར་སྦྱོང་ཞིང་དངོས་གྲུབ་མྱུར་བར་ལེན་པའི་ཐབས་དྲ་བ་ལས། འདི་སྐད་ཅེས་གསུངས་སོ།། དཀྱིལ་འཁོར་བསམ་ཡས་དངོས་གྲུབ་པ།། མི་དམིགས་དབྱིངས་ནས་དོན་འབྱིན་ཏེ།། མ་བཅོས་ཇི ་བཞིན་དང་བཞག་དང་།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས།། ཏིང་ངེ་འཛིན་གྱིས་དབང་བསྐུར་ན།། ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ།། ཡོ་བྱད་ཐམས་ཅད་མཎྜ ་ལ།། ཡེ་ཤེས་དཀྱིལ་འཁོར་མཐར་བྱེད་བསྐྱོད།། ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་།། ཇི་ལྟར་འདོད་པ་སྨོན་ན་འགྲུབ།། ཡངས་ཤིང་རྒྱ་ཆེན་ལྷུན་འགྲུབ་ནི།། ཕྱི་ནང་སྣོད་བཅུད་ཡེ་ནས་དག། དག་རྟོག་ཉིད་ཀྱང ་དབྱིངས་ཉིད་ཡིན།། འདི་ནི་རྡོ་རྗེ་མཉམ་ཡིན་ཏེ།། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན།། ཤིན་ཏུ་ཕྲ་ཞིང་ཟབ་པར་སྒོམ།། བདག་དང་བདག་གི་གཞན་རྣམས་ནི།། ཤིན་ཏུ་མི་དམིགས་དབྱིངས་སུ་སྒོམ།། ཏིང་འཛིན ་དེ་བཞིན་གོམས་པ་དང་།། ཐམས་ཅད་སྒྲུབ་པ་མིག་ཡོར་དང་།། སྤྲུལ་པའི་ཚུལ་དུ་ཤེས་པར་བྱ།། དེ་བཞིན་ཡང་ནས་ཡང་གོམས་ནས།། དེ་ནས་ཕྲ་བའི་ཏིང་འཛིན་སྒོམ།། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུས།། གང་སྒྲུབ ་ཡི་གེ་སོ་སོ་སྟེ།། ཕྱི་ནི་གང་སྒོམ་ཀུན་ཏུ་འདྲ།། རྡོ་རྗེ་སེམས་པ་ཉིད་དུ་འདུ།། ཡན་ལག་ལྔ་དང་རྣམ་ཤེས་ཉིད།། ཡི་གེ་ཧཱུཾ་དུ་ཤིན་ཏུ་བསྡུས།། ནི་ཡི་མིག་གིས་ལྟར་ཡིད་པ།། ཡང་ནས་ཡང་དུ་འདྲིས་པ་དང་།། འོད ་ཟེར་མང་པོ་སྤྲོ་བར་བྱ།། ཕྱོགས་བཅུ་དུས་བཞི་གང་བ་དང་།། སླར་ཡང་ཧཱུཾ་ལ་བསྡུ་བར་བྱ།། ཧཱུཾ་ཉིད་མི་དམིགས་དབྱིངས་སུ་ཐིམ།། ཐིམ་འགྱུར་དབྱིངས་ནས་ཨ་དཀར་འབར།། ཤིན་དུ་འཚེར་བར་གསལ་སྒོམ་ལ།། ་ཐམས་ཅད་ཨ་རུ་གྱུར་པར་བསྒོམ།། དེ་བཞིན་དུ་ནི་འདྲིས་གྱུར་ནས།། ཨ་ལས་ཉི་མའི་དཀྱིལ་འཁོར་བསྒོམ།། ཨ་མ་གསལ་བར་འབྱོར་གྱུར་ནས།། ཉི་ཟླ་གང་བར་སྒྲིལ་མར་བསྒོམ།། ཧྲི་གསལ་པདྨ་ཆགས་མེད ་བསྒོམ།། དེ་བཞིན་འབར་བའི་གཞལ་ཡས་བསྒོམ།། ཉི་ཟླ་གནས་དང་གཞལ་ཡས་ཁང་།། ཐམས་ཅད་འདུས་ཤིང་ཕྲ་བར་བསྒོམ།། དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ།། མཐིང་ཁ་འཚེར་ལ་གསལ་བ་ཡི།། འོད་ཟེར་འཕྲོ ་བར་རྣམ་པར་བསྒོམ།། འོད་འཕྲོ་དབྱིངས་སུ་སླར་འདུས་ནས།། ཤིན་ཏུ་རྡོ་རྗེ་ཕྲ་བར་བསྒོམ།། རྡོ་རྗེ་འོད་འཕྲོ་གསལ་བར་གནས།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ།། དེ་ཉིད་སེམས་དཔའི་སྐུར་གྱུར་ནས།། ཤིན ་དུ་འཕྲོ་བའི་འདུས་པར་སྒོམ།། དེ་བཞིན་གཉིས་མེད་གསལ་གྱུར་ནས།། སྐུ་གཅིག་རྡོ་རྗེ་དྲིལ་བར་སྒོམ།། དེ་བཞིན་ཉིད་དུ་གྱུར་པ་དང་།། དབུ་གསུམ་ཕྱག་དྲག་ཉིད་དུ་སྒོམ།། གཞན་ཡང་ཁྲོ་དུལ་སྣ ་ཚོགས་སྒོམ།། བློ་ཡི་ཤེས་རབ་ཆེ་ཆུང་ལས།། རིམ་པ་བཞིན་དུ་བསྒོམ་པར་བྱ།། ཡང་ན་ཅིག་ཆར་བསྒོམ་པར་བྱ།། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ།། ཆུ་དཀྱིལ་ངང་པར་གསལ་འབར་བཞིན།། དེ་ལྟར་གོམ་རྟོགས ་རིགས་མཆོག་དེས།། ཇི་ལྟར་དབང་སྒྱུར་བཞིན་དུ་འགྲུབ།། མཁའ་ལ་འཕྱོ་དང་རིགས་ནི་གནས།། ཆུ་རྒྱུན་ཟློག་དང་རླུང་མ་འགྲུབ།། རི་བྲག་ལ་སོགས་ཐོགས་མེད་འཛུལ།། ཆུ་ལ་མི་འབྱིང་མེས་མི་འཚིག། དུག་དང ་མཚོན་དང་འཇིག་མི་འགྱུར།། མི་སྣང་བ་དང་མང་པོར་སྤྲུལ།། གཞན་ཡང་ཇི་ལྟར་འདོད་པ་བཞིན།། ལྷ་སྲིན་རྣམས་ལ་དབང་སྒྱུར་དང་།། ཚེ་དང་དུས་ལ་སྲིད་ལྟུང་དང་།། སྟོང་གསུམ་ཡུངས་འབྲུར་ཤོང་བ་དང་།། ་ཡུང་འབྲུ་སྟོང་གསུམ་བསྐྱོད་པ་དང་།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སྦྲུལ་དང་གཅན་གཟན་གདུག་པ་རྣམས། ཁྱི་བཞིན་ཕྱི་བཞིན་འབྲང་བར་འགྱུར།། བདུད་དང་གདུག་པ་ལ་སོགས་པས།། ་ཚུགས་པར་མི་འགྱུར་བྲན་བཞིན་འགྱུར།། ལུས་མ་སྤངས་པར་རིག་འཛིན་ས།། ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱི།། ཡི་གེ་འཁོར་ལོ་ཚོགས་མཆོག་མཉེས།། ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱི།། སོ་སོར་ཐར་པའི ་ལམ་ཡང་སྟོན།། འགྲོ་བ་མ་ལུས་དོན་ཡང་བྱེད།། ལས་རྣམས་མ་ལུས་ཀུན་བྱས་ནས།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན།། མཐར ་ཕྱིན་བྱས་པ་མེད་པར་འགྲུབ།། སྒྲུབ་མེད་སྤངས་མེད་ཆོས་ཀྱི་དབྱིངས།། འོང་མེད་འགྲོ་མེད་དེ་བཞིན་ཉིད།། འདི་ལྟར་སྒྲུབ་ཏེ་བསྒོམས་བྱས་ན།། འབྲས་བུ་མངོན་དུ་མ་གྱུར་ཀྱང་།། ཚེ་རབས་སྐྱེ་བ་ཐམས་ཅད་དུ།། ་ལས་ངན་ཀུན་ཏུ་སྐྱེ་མི་འགྱུར།། ཐེག་པ་དམན་པར་ཡང་མི་ལྟུང་།། རྡོ་རྗེ་རིག་མཆོག་འཛིན་པར་འགྱུར།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཤིན་ཏུ་གསང་བ་དངོས་གྲུབ་མྱུར་དུ་ཐོབ་པའི་ལེའུ་སྟེ་ཉེར་དྲུག ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་སྟེ། འདི་སྐད་གསུངས་སོ།། དེ་བཞིན་ཉིད་ཀྱིས་དབྱིངས་ལྡན་ལ།། རྒྱུ་དང་དྲ་བ་འབྲེལ་གྱུར ་ནས།། སྐུ་མཆོག་རྡོ་རྗེ་འོད་འཕྲོ་སྣང་།། མཐུན་པའི་རྡོ་རྗེ་རང་སྣང་བའོ།། ཆུ་དྲུག་འཁོར་བའི་ལུས་སྣང་བ།། རྣམ་རྟོག་མཐུན་པའི་ལས་སྣང་ངོ་།། དེ་བཞིན་སྐུ་མཆོག་དྲི་བྲལ་དང་།། དེ་གཤེགས་སྐུ་ལྟར་མདོར ་བསྡུས་ཏེ།། བཅོམ་ལྡན་འདས་དང་བྱང་ཆུབ་གཟུགས།། བླ་མེད་གཟུགས་དང་རྡོ་རྗེ་སྐུ།། དེ་ལ་སོགས་ཏེ་སྐུ་བསམ་ཡས།། ཕྱོགས་བཅུར་དུས་བཞི་ཀུན་སྟོན་པ།། ཐབས་ཀྱིས་འགྲོ་འདུལ་སྐུར་སྟོན་ཏེ།། བྱང་ཆུབ ་མཆོག་གིས་རྡོ་རྗེ་སྐུ།། ཆགས་མེད་ཞིང་དུ་སྐུ་སྟོན་ལ།། དབྱིངས་ལས་མ་བཅོས་བཞིན་དུ་སྣང་།། སྐུ་སྣང་དེ་བཞིན་ཉིད་ཀྱི་དབྱིངས།། རྣམ་དག་སྐུ་སྟོན་མ་ཡིན་ཏེ།། ལོག་འགྲོ་རྟོག་པ་ཐམས་ཅད་ལ།། སོ ་སོར་འདུལ་བའི་སྐུ་ཡང་སྟོན།། དེ་ཚེ་སྐྱེ་འཆི་མེད་པའི་སྐུ།། ལས་དང་མ་ཆགས་པདྨའི་སྐུ།། ཐར་དང་མཐར་སྣ་ཚོགས་ཀྱང་།། སྣ་ཚོགས་སྣང་ལ་གནས་པ་མེད།། སྣང་དང་མི་སྣང་གཉིས་ཀ་མིན།། དེ་ལྟར་རྟོགས ་པའི་རིགས་མཆོག་ནི།། བཛྲ་ཞེས་ནི་གདགས་པ་ཡིན།། ཇི་སྙེད་སྐུ་སྟོན་བསམ་ཡས་པ།། ཐམས་ཅད་མ་ལུས་རྡོ་རྗེར་བསྡུས།། འཁོར་ལོ་ཞེས་ཀྱང་བརྗོད་པ་ཡིན།། དེ་ལ་སོགས་ཏེ་བསྡུ་བསམ་ཡས།། བྱང་ཆུབ ་ཐུགས་རྗེ་དཀྱིལ་ནས་བྱུང་།། སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང་།། འཇའ་ཚོན་ཆུ་ཟླ་འདྲར་ཤེས་ན།། དབྱིངས་ཉིད་ལ་ནི་དབྱིངས་སྣང་ཟད།། ཐུགས་ཉིད་གསུང་གིས་དཀྱིལ་འཁོར་སྣང་།། གསུང་ཉིད་སྐུ་ཡི་དཀྱིལ ་འཁོར་ཏེ།། དབྱེར་མེད་བཞིན་དུ་ཡོངས་ཀྱིས་སོ།། དཀྱིལ་འཁོར་བཟང་པོ་སྒྲུབ་འདོད་པས།། རྟག་ཏུ་དུས་གནས་ཐམས་ཅད་དུ།། བདག་དང་བདག་གིར་དབྱེར་མེད་པར།། ཡེ་ནས་དཀྱིལ་འཁོར་ཡིན་པར་བརྟག། ་འདི་ནི་དངོས་གྲུབ་མཆོག་ཡིན་པ།། ཀུན་ཏུ་རྒྱལ་གྱིས་དེ་སྐད་གསུངས་སོ།། སྒྱུ་འཕྲུལ་དྲ་བ་ལས། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས ་པ་རྒྱུད་ཀྱི་རྒྱལ་པོ། སྒྱུ་འཕྲུལ་དྲ་བ་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་སུམ་བརྒྱ་རྩ་བ་མདོར་བསྡུ་ན། སྔགས་འཆང་རྣམས་ཀྱི་དོན་དུ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཕྱོགས་བཅུའི ་འཇིག་རྟེན་རྡུལ་སྙེད་དུ།། ལོག་རྟོག་མི་ཟད་རྡུལ་ཕྲན་སྙེད།། རྟོག་འདུལ་གཉེན་པོ་བསམ་མི་ཁྱབ།། འདུལ་བའི་སྡོམ་པ་བསམ་ཡས་དང་།། རྡོ་རྗེ་ཐེག་མཆོག་མང་པོ་ཀུན།། ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་།། ་རང་རིག་འཁྲུལ་པའི་རྟོགས་པ་ཡིས།། ལྟ་བ་མཐོ་དམན་བསམ་མི་ཁྱབ།། དེ་འདུལ་དོན་ཕྱིར་འཚམས་པར་སྟོན།། ཡང་དག་ཉིད་དང་ལོག་རྟོག་ཉིད།། ངོ་བོ་ཉིད་ཀྱིས་གནས་གྱུར་ན།། དེ་ལ་བཅོས་ཤིང་བསྒྱུར་དུ ་མེད།། ཡེ་ནས་ངོ་བོ་ཡོད་ཡིན་ལ།། ཉོན་མོངས་སྤངས་ཤིང་བྱ་སྒྲུབ་མེད།། ཐམས་ཅད་མ་ལུས་རོ་གཅིག་འགྱུར།། ཀུན་རྫོབ་ཆུ་ཟླ་ལྟར་མིན་པས།། ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ།། རྣལ་འབྱོར་དེ་ཉིད་རྟོགས ་པ་ཡིས།། དོན་དམ་སྐྱེ་འགག་མེད་པ་སྟེ།། ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ།། གནས་ངན་དུས་ན་ལོག་རྟོག་ཉིད།། གཟུང་འཛིན་བྲལ་བ་ཉིད་རྟོག་ན།། བདག་མེད་ཡེ་ཤེས་རང་རིག་ཉིད།། སྙིང་རྗེ་ཐབས་མཁས་ཏིང ་འཛིན་གྱི།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སོ་སོའི་རང་བཞིན་ངེས་ཤེས་ན།། ཡང་དག་ལམ་གྱིས་བཅོས་སུ་མེད།། དེ་བས་ཡང་དག་བློ་ཅན་གྱིས།། ཐམས་ཅད་དངོས་པོ་མེད་པར་བཤད།། དཔེར་ན་དུག ་གིས་རིག་ཤེས་པས།། དུག་གིས་མི་ཚུགས་བཞིན་དུ་སྣང་།། ཧ་ལ་ཧ་ལའི་དུག་རྣམས་དང་།། སྒྲུབ་ན་ར་ས་ཡ་ནའི་སྨན།། བདུད་རྩིར་འགྱུར་ཞིང་ཚེ་རིང་འགྲུབ།། ཉོན་མོངས་རང་དང་སྤྱི་བསྟན་པ།། ་མཚན་ཉིད་མ་ནོར་དོན་རྟོགས་ན།། རྣམ་པར་བྱང་བའི་ལམ་དུ་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་།། གང་ནའང་མེད་དེ་དེ་ཉིད་ཡིན།། ནང་གི་ཆེན་པོ་ལྔ་ཉིད་ཀྱང་།། རང་དང་སྤྱི་ཡི་དོན་རྟོགས་ན།། ་མཚན་མ་མེད་པ་རྣམ་པར་དག། སོ་སོའི་རྩལ་རྣམས་འཛིན་གྱུར་པས།། ཐབས་ཆེན་དུ་ནི་རྣམ་པར་འཕྲོ།། མཚན་རྣམས་རང་བཞིན་མི་གནས་པས།། ཤེས་རབ་དབྱིངས་སུ་རྣམ་པར་སྦྱོར།། གཏི་མུག་ཅེས་ནི་བརྗོད ་པར་ཡང་།། མ་རིག་མིང་གི་རྣམ་གྲངས་ཏེ།། གཉིས་མེད་དོན་གཅིག་ཡིན་པར་བཤད།། རང་གིས་མཚན་ཉིད་བརྗོད་པ་ནི།། ཆོས་དང་བདག་དང་དངོས་པོ་རྣམས།། ངོ་བོ་ཡོད་ལ་སོགས་པ་བྱ།། རྟོག་པའི་སྒྱུ་མའི ་རླུང་གྱུར་ཏེ།། ལོག་རྟོག་སྤྲོས་པའི་རྒྱུན་ཡིན་ལ།། ཐམས་ཅད་ཆོས་དབྱིངས་རོ་གཅིག་སྟེ།། བཟོད་པའི་ཆོས་ཉིད་ཅིག་ཅར་ཡིན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། མ་རིག་པ་ནི ་ཡང་དག་སྒྲུབ་ཏུ་མེད།། ཐམས་ཅད་དབྱིངས་སུ་རོ་ཅིག་ཐིམ།། སྒྱུ་མའི་དངོས་པོར་རྟོག་པ་ནི།། སྒྱུ་མར་རྟོག་ཉིད་མི་དམིགས་པས།། མི་དམིགས་དེ་ཉིད་སྣ་ཚོགས་སྣང་།། སྐྱེས་པ་ཉིད་ན་ཆོས་གཅིག་སྟེ།། དབྱིངས ་ཉིད་མི་དམིགས་དེ་བཞིན་ཉིད།། དེ་ཉིད་ཆོས་སྐུའི་ཕྱག་རྒྱ་ཆེ།། མི་དམིགས་སྒྱུ་མར་དངོས་པོ་ལ།། རྟོག་པའི་ཡུལ་གྱི་དངོས་ཉིད་ཀྱང་།། ཆོས་ཉིད་མི་དམིགས་ཡེ་ནས་དག། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། ཡོད ་མེད་གཉིས་སུ་དབྱེར་མེད་པས།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། ཆོས་ཉིད་དམིགས་སུ་མེད་པ་སྟེ།། མི་དམིགས་བཞིན་དུ་སྒྱུ་མར་སྤྲོ།། གདུལ་བྱའི་བྱ་བ་བསམ་མི་ཁྱབ།། ་གསུང་གི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་གཏི་མུག་སྤང་དུ་མེད།། རྣམ་པར་སྣང་མཛད་རྒྱ་ཆེན་ཡིན།། ཞེ་སྡང་རང་དང་ཅི་བསྟན་པ།། ཀུན་ནས་མནར་སེམས་རྟོགས་པ་ཡིས།། སྒྱུ་མའི་དངོས་པོ་ཐམས་ཅད་ལ།། འཇིག ་པར་མོས་པའི་རང་བཞིན་ཅན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཞེ་སྡང་སྙིང་རྗེ་སྤང་སྒྲུབ་མེད།། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར།། སྒྱུ་མའི་རང་བཞིན་མནར་སེམས་པ།། ་དངོས་པོ་ཐམས་ཅད་འཇིག་རྟོག་ན།། སྒྱུ་མར་སྣང་བ་ཐམས་ཅད་ཀྱང་།། ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ།། མི་དམིགས་པ་ཉིད་སྒྱུ་མར་སྐྱེས།། ཆོས་རྣམས་ཀྱི་རང་བཞིན་ཉིད།། བདག་དང་གསོ་བའི་རང་བཞིན ་མེད།། སྣང་བ་ཐམས་ཅད་བདག་མེད་ཆོས་ཀྱི་དབྱིངས།། མནར་སེམས་སྒྱུ་མ་ཆོས་ཉིད་རོ་ཅིག་སྟེ།། ཐམས་ཅད་མི་དམིགས་དེ་བཞིན་ཉིད་ཡིན་པས།། ཀུན་ཀྱང་དབྱེར་མེད་ཆོས་སྐུའི་ཕྱག་རྒྱ་ཡིན།། མི་དམིགས་སྐུ ་མ་ཀུན་ནས་མནར་སེམས་དང་།། རྟོག་པའི་ཡུལ་ལ་ཀུན་ནས་མནར་སེམས་ཏེ།། ཆོས་ཉིད་སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། དོན་དམ་ཀུན་རྫོབ་རོ་ཅིག་སྟེ།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན།། ་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་སྒྱུ་མ་ཀུན་ནས་མནར་སེམས་པ།། གདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། ཞེ་སྡང་སྤྱིའི་མཚན་ཉིད་ནི།། ཡང་དག་ཉིད་ཀྱི་རབ་བརྟགས་ན།། ་རྣམ་པར་བྱུང་བའི་མཚན་ཉིད་དོ།། ཆོས་ཉིད་མི་དམིགས་སྤང་དུ་མེད།། ང་རྒྱལ་མཚན་ཉིད་བཤད་པ་ནི། ཁོང་ནས་འགྱིང་ཞིང་སེམས་ཁེངས་པ།། ཕ་རོལ་ཟིལ་གྱི་གནོན་པར་བྱེད།། སྤྱིའི་མཚན་ཉིད་བཤད་པ་ནི།། ་། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ང་རྒྱལ་སྤང་ནས་ཞི་སྒྲུབ་མེད།། ཆོས་ཀྱི་དབྱིངས་སུ་རོ་ཅིག་པས།། ཀུན་རྫོབ་སྒྱུ་མར་ཁོང་བགྱིད་ཉིད།། དེ་བཞིན་ཉིད་ལས་མི་གཞན་ཏེ།། ཆོས་ཉིད་མི་དམིགས་སྒྱུ་མ་འགྱིང ་པར་སྐྱེས།། སྐྱེ་འགྱིང་ཉིད་ན་ཆོས་ཉིད་རོ་ཅིག་སྟོང་།། འགྱིང་པའི་རང་བཞིན་མི་དམིགས་ངང་གིས་དག། འགྱིང་དང་མི་འགྱིང་དབྱེར་མེད་ཕྱིར།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་པ་ཉིད་སྒྱུ་མའི་འགྱིང ་པར་སྐྱེས།། འགྱིང་པས་ཡུལ་གཞན་ཟིལ་གྱིས་ནོན་པ་ཉིད།། ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ།། སྒྱུ་མའི་ཆོས་ཉིད་དབྱེར་མེད་ཕྱིར།། དོན་དམ་ཀུན་རྫོབ་གཉིས་ཀ་གཅིག། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས།། ་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་སྒྱུ་མར་འགྱིང་པ་ནི།། ང་རྒྱལ་གདུལ་བྱ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། ང་རྒྱལ་སྤྱི་ཡི་མཚན་ཉིད་ནི།། སྲེད་པ་ཀུན་ལ་ཞེན་པ་ནི།། རྣམ་པར་བྱང་བའི ་མཚན་ཉིད་ནི།། སྲེག་པ་ཀུན་ལ་ཞེན་པ་སྟེ།། སྤྱི་ཡི་མཚན་ཉིད་བཤད་པ་ཡིན།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཆགས་སྤངས་མ་ཆགས་སྒྲུབ་ཏུ་མེད།། ཆོས་ཀྱི་དབྱིངས་སུ་རོ་ཅིག་ཕྱིར།། ཀུན་རྫོབ་སྒྱུ་མའི ་རང་བཞིན་དུ།། འདོད་ཅིང་ཆགས་པས་སྒྱུ་མར་སྲིད།། མི་དམིགས་པ་ལས་མི་གཞན་ཕྱིར།། མི་དམིགས་དེ་ཉིད་སྒྱུ་མར་སྐྱེ།། ཆོས་རྣམས་བདག་ལས་མི་གཞན་ཏེ།། སྤྱོད་པ་སྒྱུ་མ་རོ་ཅིག་ཕྱིར།། ཆོས་ཉིད་ཆེན་པོ ་དམིགས་སུ་མེད།། རྒྱལ་བ་ཀུན་དང་དབྱེར་མེད་པའི།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་སྒྱུ་མར་འདོད་ཅིང་ཆགས་རྟོག་པ།། ཡུལ་དང་འདོད་ཆགས་ཉིད་ཀྱང་མི་དམིགས་ཏེ།། སྒྱུ་མ་དང་ནི་མི ་དམིགས་དབྱེར་མེད་ཕྱིར།། བདེན་པ་གཉིས་གར་དབྱེར་མེད་རོ་ཅིག་པས།། ཏིང་ངེ་འཛིན་གྱིས་དབང་བསྐུར་ནས།། ཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་དབྱིངས་ཉིད་འདོད་ཆགས་སྒྱུ་མར་སྤྲོས་པ་ནི།། ་གདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། འདོད་ཆགས་མཚན་ཉིད་རྟོག་པ་ཉིད།། རྣམ་པར་བྱང་བ་ཡིན་པའི་ཕྱིར།། ཆགས་དང་མ་ཆགས་གཉིས་མེད་པས།། འདོད་ཆགས་མཚན་ཉིད ་དཔྱད་དུ་མེད།། ཕྲག་དོག་ཀུན་གྱི་མཚན་ཉིད་ནི།། གཞན་གྱིས་ཕུན་སུམ་ཚོགས་པ་ལ།། སེམས་ངོར་རྟོག་པའི་སྒྱུ་མ་གཞན།། ཐབས་ཀྱི་སྦྱོར་བའི་རང་བཞིན་ཅན།། ཕྲག་དོག་སྤྱི་ཡི་མཚན་ཉིད་ནི།། མི ་རྟག་སྡུག་བསྔལ་སྟོང་བདག་མེད།། འདོད་ཆགས་དོགས་པ་སྤངས་ཤིང་ཡང་སྒྲུབ་མེད།། ཆོས་ཉིད་དུ་ནི་རོ་ཅིག་ཕྱིར།། ཀུན་རྫོབ་སྤྱི་མའི་མཚན་ཉིད་ནི།། གཞན་གྱི་ཕུན་སུམ་ཚོགས་པ་ལ།། ཕྲག་དོག་པ་ཡི་སྒྱུ་མ ་ཉིད།། མི་དམིགས་པ་ལས་མི་གཞན་ཏེ།། མི་དམིགས་པ་ཉིད་སྒྱུ་མར་སྐྱེས།། ཕུན་སུམ་ཚོགས་པར་སྦྱོར་བ་ཡི།། ཐབས་ཀྱི་སྒྱུ་མ་ཆོས་ཉིད་དེ།། རྒྱལ་བ་ཀུན་དང་དབྱེར་མེད་པའི།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན།། ་མི་དམིགས་སྒྱུ་མ་གཞན་གྱི་ཕུན་སུམ་ཚོགས་པ་ལ།། ཕྲག་དོག་རྟོག་པར་འཛིན་པ་དང་།། རྟོག་དང་ཕྲག་དོག་མི་དམིགས་ཏེ།། སྒྱུ་མ་མི་དམིགས་དབྱེར་མེད་པའི།། བདེན་པ་གཉིས་ཀ་རོ་གཅིག་པས།། ཏིང་ངེ་འཛིན ་གྱིས་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་གཞན་གྱི་ཕུན་སུམ་ཚོགས་པ་ལ།། ཕྲག་དོག་རྣམས་སུ་སྤྲོས་པ་ནི།། གདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། ཕྲག་དོག ་མཚན་ཉིད་མི་རྟོག་པའོ།། རྣམ་པར་བྱང་བའི་མཚན་ཉིད་དེ།། དོགས་པ་སྤངས་མེད་སྤང་སྒྲུབ་མེད།། སེམས་ཅན་རྣམ་པ་མང་པོ་ཀུན།། ནང་གི་ཆེན་པོ་ལྔ་བསྟན་པ།། རང་སྤྱིའི་མཚན་ཉིད་བཤད་པར་བྱ།། ཐབས ་དང་ཤེས་རབ་མ་རྟོགས་པས།། མ་གྲོལ་ཁམས་གསུམ་འཁོར་བ་ལས།། མ་གྲོལ་ཁམས་གསུམ་འཁོར་བ་ཡིན།། དེ་ལྟར་ངེས་པ་ཅིས་མངོན་ན།། སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད།། ཀུན་ལ་གནོད་པར་བྱེད་མི ་ནུས།། ཐབས་དང་ཤེས་རབ་རྟོགས་པ་ཡི།། དུག་གསུམ་སྡུག་བསྔལ་གནོད་མི་འགྱུར།། ཐབས་ལ་མཁས་པས་མ་ཟིན་ན།། ལམ་གྱིས་དགེ་སྦྱོང་སྟེགས་བཅས་ཀྱང་།། མཐོ་རིས་མི་དང་ལྷ་རུ་སྐྱེས།། སྐྱེ་ཤི་མེད ་པའི་མི་ལུས་ཐོབ།། ཐབས་མཁས་སྙིང་རྗེས་ཟིན་པ་ནི།། མཚམས་མེད་སེམས་ཅན་མ་ལུས་ཀུན།། བྱང་ཆུབ་སྙིང་རྗེས་གསད་ན་ཡང་།། བསོད་ནམས་དཔག་ཏུ་མེད་པ་ཐོབ།། མ་བསད་སེམས་ཅན་ཡལ་བར་བོར།། ་སྙིང་རྗེ་མེད་དེ་སྡིག་ཡོད་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཆེན་པོ་དང་།། གང་ཕྱིར་བྱང་ཆུབ་སེམས་དེ་ནི།། རྡོ་རྗེ་དེ་བཞིན་གཤེགས་པར་གསལ།། ཉོན ་མོངས་པ་ནི་དེ་བཞིན་གཤེགས།། ངོ་བོ་ཡིན་པར་ཡང་དག་གསུངས།། ཆོས་སྐུ་རང་བཞིན་དག་པའི་ཕྱིར།། འཁོར་བ་ཡོངས་སུ་དག་པར་འགྱུར།། ཐབས་དང་ཤེས་རབ་ལྡན་པ་ལ།། ཉོན་མོངས་ཐམས་ཅད་བྱང་ཆུབ ་རྒྱུ།། འཁོར་བ་རང་བཞིན་བདག་མེད་པས།། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས།། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ།། འཁོར་བ་རང་བཞིན་མི་དམིགས་ཕྱིར།། མྱ་ངན ་འདས་པ་ཡོད་མ་ཡིན།། གསང་སྔགས་བླ་ན་མེད་པ་ནི།། ཐབས་ཀྱི་ཇི་ལྟར་ཟིན་བཞིན་འགྲུབ།། བསམ་གྱིས་མི་ཁྱབ་ངེས་པ་མེད།། དོན་དམ་ཅིར་ཡང་མ་གྲུབ་ལ།། སྒྱུ་མ་སྤྲུལ་པ་བསམ་མི་ཁྱབ།། ་ཐབས་ཆེན་དག་གིས་ཟིན་པ་ནི།། ཉོན་མོངས་ལམ་ཡང་རྣམ་པར་གྲོལ།། ཐབས་ཆེན་དག་གིས་མ་ཟིན་ན།། དགེ་བ་བཅད་ཀྱང་གྲོལ་མི་འགྱུར།། རྣལ་འབྱོར་དོན་དམ་ལྡན་པ་ཡི།། ཉོན་མོངས་འཆིང་བའི་ཆོས་སྤྱད ་ཀྱང་།། རྣམ་པར་གྲོལ་བར་འགྱུར་བ་ཡིན།། འཁོར་བ་དང་ནི་མྱ་ངན་འདས།། གཉི་ག་ཡོད་པ་མ་ཡིན་པས།། འཁོར་བ་སྟོང་པར་ཤེས་པ་ནི།། དེ་ནི་མྱ་ངན་འདས་པའི་མཐའ།། ཉོན་མོངས་ཕྱིན་ཅི་ལོག་རྣམས་དག། ་ཐབས་ལ་མཁས་པས་ཟིན་གྱུར་ཀྱང་།། གྲལ་ལས་ཐལ་བར་མི་འགྱུར་ན།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འདུལ་བའི་དབང་གིས་བྱ་བྱེད་ཀུན།། གདོན་དང་སྨད་འཚོང་སྟོན་པ་ལྟུང་།། ་བྱང་ཆུབ་སེམས་དཔའ་སྤྱོད་ཚུལ་བཟང་།། ཕལ་ལ་མེད་པས་མི་རུང་ན།། སྔགས་མཆོག་ཤིན་ཏུ་ཟབ་པ་ཡིས།། སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་།། བདུད་རྩི་དང་དུ་བླངས་པར་གསུངས།། མཉམ་དང་མི་མཉམ་དབྱེར ་མེད་ན།། སྐུ་གསུང་རྡོ་རྗེ་དབང་ཐོབ་འགྱུར།། གྲུབ་པའི་རྫས་སུ་དེ་ཕྱིར་གསུངས།། མཉམ་པའི་དོན་ཉིད་མ་རྟོགས་ན།། བྱོལ་སོང་ལ་ལ་ཆོས་དང་ལྡན་འགྱུར་ཀྱང་།། དྲང་སྲོང་ཚོ་དང་རྟགས་མཐུན་དང་།། ཇི་སྲིད ་འདོད་པ་སྤོང་བྱེད་པ།། དེ་དག་གྲོལ་བར་ངས་མ་བཤད།། ཆོས་རྣམས་ཡོངས་སུ་དག་པ་ཡིས།། རྣམ་བཞིའི་ཚུལ་གྱིས་དོན་རྟོགས་མངོན།། རྒྱུ་རྣམས་རབ་ཏུ་དག་པ་དང་།། འབྲས་བུ་ཡོངས་སུ་དག་འགྱུར་ཏེ།། དོན ་དམ་དམིགས་མེད་རང་བཞིན་དག། ཀུན་རྫོབ་སྒྱུ་མར་ཡེ་ནས་དག། རྒྱུ་ཡི་མཚན་ཉིད་དག་པ་ནི།། ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ།། སེམས་ཉིད་གཟུང་འཛིན་རྣམ་སྣང་བ།། གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ།། རྒྱུ་ཉིད ་རང་གིས་སེམས་ཡིན་པས།། འབྱུང་བ་ཆེན་པོ་རྒྱུ་ལས་དག། འབྲས་བུ་ཡོངས་སུ་དག་པ་ཡི།། སེམས་ཅན་ཀུན་གྱིས་རུས་པ་སྟེ།། རྡོ་རྗེ་བྱང་ཆུབ་སེམས་དཔའ་ཡིན།། ཤ་ནི་པདྨའི་རཀྟ་ཡིན།། དྲི་ཆེན་དྲི་ཆུ་གུར་གུམ ་ཆུ།། སོ་སོའི་ལུས་ལ་གནས་པས་དག། དོན་དམ་དམིགས་པ་མེད་པ་ནི།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་།། གང་གི་ངོ་བོའང་མ་ཡིན་ཏེ།། སྐྱེ་འགག་མེད་པར་ཡེ་ནས་དག། ཀུན་རྫོབ་ཡེ་ནས་དག་པ་ནི།། སྐུ ་མའི་རང་བཞིན་ཐམས་ཅད་སྣང་།། ཆུ་ཟླའི་ཚུལ་དུའང་མི་དམིགས་གནས།། མི་དམིགས་པ་ཉིད་སྣ་ཚོགས་སྣང་།། དེ་བཞིན་གཤེགས་པར་ཡེ་ནས་མཉམ།། དེ་བས་གཙང་སྦྲ་མེད་པར་སྤྱོད།། སེམས་ཅན་རྟོག་པ ་ཟློག་ཕྱིར་སྨན།། ཙ་རུ་དང་དུ་བླངས་པར་བྱ།། དེ་བས་སེམས་ཅན་ཕྱིན་ཅི་ལོག། ཆོས་རྣམས་དག་པར་མ་ཤེས་ཏེ།། ཐབས་དང་ཤེས་རབ་མ་རྟོགས་པས། ཁ་ཅིག་ཇི་སྲིད་འཚོའི་བར་དུ་ཟོས། ཁ་ཅིག་ཇི་སྲིད་བཞིན ་དུ་རྩ་ཆུ་ཟོས།། ཟོས་ཀྱང་མ་གྲུབ་དོན་མ་རྟོགས།། རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི།། རང་བཞིན་ཡོངས་ཀྱི་དག་པ་ཡིན།། མཉམ་པའི་དབྱིངས་སུ་ཡང་དག་རྟོག། ཐབས་དང་ཤེས་རབ་འབྲེལ་བ ་ཡིས།། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར།། དངོས་དང་དངོས་མེད་རྟོགས་པའང་མཚན།། གཙང་དང་མི་གཙང་རྟོགས་པའང་མཚན།། མཚན་མ་ཉིད་ཀྱང་རྣམ་སྤངས་ཏེ།། མཁྱེན་པས་དབུས་ལ་གནས་མི་གནས།། ་སྒྲུབ་པའི་རྫས་སུ་ཡང་དག་གསུངས།། བྱང་ཆུབ་སེམས་དང་ཤ་ཆེན་དང་།། དྲི་ཆེན་དྲི་ཆུ་རཀྟ་དང་།། སྒྲུབ་པ་པོས་ནི་རྟག་པར་བཟའ།། དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ།། ཚེ་དང་དབང་དང་རིག་པ་འཛིན།། ་མཁའ་ལ་འཚོ་དང་ཐོགས་མེད་འགྲུབ།། མཐའ་ནི་སྐྱེས་མེད་རྡོ་རྗེ་ཡིས།། གཞན་ཡང་ཇི་ལྟར་དམིགས་པ་བཞིན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། གསང་བའི་སྙིང་པོ་དོན་ཉིད་ཀྱིས།། ཡི་དམ་མི་སྤངས་རྟག ་སྒོམ་ཞིང་།། ཡི་དམ་ལྷ་ཡི་མཚན་ཉིད་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་གསུང་རྡོ་རྗེའི་བདག་པོ་ཡིས།། ལྷ་སྤངས་དགེ་སྦྱོང་དོན་མེད་འགྱུར།། ལྷ་ནི་མི་སྤངས་དོན་ཉིད་ནི།། ལྷུན་གྲུབ་ཡེ་ཤེས ་སེམས་འཁོར་བཅས་ཐམས་ཅད་ཀྱི།། བདག་དང་གཉིས་མེད་སོ་སོར་ཐ་དད་མ་ཡིན་པའི།། དུས་གསུམ་བདེ་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱང་རྡོ་རྗེ་བདག་པོ་སྟེ།། ཕྱག་རྒྱ་ཆེན་པོ ་ཡོངས་སུ་རྫོགས་པར་སྒོམ་པའི་དོན།། དཀོན་མཆོག་གསུམ་སྤངས་ཚངས་པར་སྦྱོང་བའི་དོན་མེད་འགྱུར།། བདག་ཉིད་ལྷ་དང་མཉམ་སྦྱོར་ན།། ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར།། ཡེ་ནས་མཉམ་ཉིད་སྦྱོར་བས ་སུ།། ལྷ་ཉིད་དུ་ནི་རྟག་ཏུ་སྒོམ།། བདེ་གཤེགས་ཀུན་དང་མཉམ་སྦྱོར་བས།། དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར།། བདེ་གཤེགས་ཀུན་དང་མཉམ་པའི་ཕྱིར།། སྐུ་གསུང་ཡེ་ཤེས་ལྔ་རྫོགས་འགྲུབ།། རྡོ་རྗེ་སློབ ་དཔོན་སྨད་མི་བྱ།། བྱང་ཆུབ་སྟོན་པའི་འདྲེན་པའོ།། ལོང་བའི་དམིགས་བུས་འདྲེན་པ་དང་།། ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན།། སློབ་དཔོན་དེ་ལ་སྨོད་པ་ནི།། དཔེར་ན་མུན་ཁུང་སྒྲོན་བསད་ན།། ་མཐོང་བའི་དོན་མི་རྟོག་པ་བཞིན།། སྡུག་བསྔལ་ཉམས་ཐག་ཡུན་རིང་སྟེ།། བསྐལ་པ་མང་པོར་མྱོང་བར་མངོན།། དེ་བས་རྟག་ཏུ་གུས་པ་བགྱིས།། ལུས་ལ་དབང་བའི་རྒྱལ་པོ་ལས།། ཤིན་ཏུ་གཙོ་བོར་བླང་བར་བྱ།། ་དྲིན་ཆགས་སྐྱེད་པའི་ཕ་མ་པས།། ཤིན་ཏུ་ལྷག་པའི་རི་མོར་བྱ།། རྡོ་རྗེའི་མཆེད་དམ་ལྕམ་དྲལ་ནི།། བླ་མེད་བྱང་ཆུབ་འགྲོ་བའི་སྤྱན།། ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས།། བྱང་ཆུབ་རིག་འཛིན་སར་ངེས་པས།། དེ ་ལ་ལྡོག་ཅིང་འཁུ་བ་ནི།། རང་ལ་རང་གིས་མཚོན་བཏབ་ནས།། རང་སྲོག་ཚེ་རབས་ལྔ་བརྒྱའི་བར།། རང་གིས་གཅོད་ཅིང་ཕུང་པར་འགྱུར།། ཚེ་འདིར་མི་དགེ་སྣ་ཚོགས་པ།། མི་འདོད་བཞིན་དུ་འབྱུང་བར་འགྱུར།། ་འཇིག་རྟེན་ཕ་རོལ་དག་ཏུ་ཡང་།། ངན་སོང་གསུམ་དང་མི་ཁོམ་པའི།། སྡུག་བསྔལ་ཁ་བརྒྱུད་མྱོང་བར་འགྱུར།། ཡུན་རིང་རྟག་ཏུ་མི་ཐར་པའི།། ཤིན་ཏུ་ཉམས་ཟག་མྱོང་བར་འགྱུར།། གྲུབ་པ་ཅིག་བཞིན ་ལྷན་ཅིག་སྤྱོད།། གཉིས་མེད་སྤྱོད་རྗེ་སྤྱོད་པ་མཐུན།། བདེ་གཤེགས་དཀྱིལ་འཁོར་བླ་མེད་ཡིན།། ཤེས་རབ་གསལ་བས་རྟག་ཏུ་གདུང་།། གསང་བ་གཞན་ལ་མི་སྒྲགས་ཤིང་།། སྐུ་གསུང་ཐུགས་ཀྱིས་དམ་ཚིག ་རྣམས།། རྣལ་འབྱོར་མཉམ་པ་རྣམ་གཉིས་ཀྱི།། ཐབས་དང་ཤེས་རབ་འབྲེལ་རྟོག་ན།། མཉམ་པའི་སྤྱོད་པ་ལ་འདོར་ཏེ།། ཕལ་དང་མི་འདྲ་ཡང་དག་རྟོགས།། མི་རྟོགས་པ་ཡི་ཕྱོགས་རྣམས་དང་།། སྐྱེ་བོ་ཀུན་ལའང ་རབ་ཏུ་གསང་།། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས།། ཐབས་ལ་མཁས་པས་བྱས་པ་ཡིན།། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ།། ཐུགས་རྗེ་ཆེན་པོ་ཐབས་མཁས་ཀྱིས།། སྣ་ཚོགས་པ་ཡི་བློ་རྟུལ་རྣམས།། ལས ་འཕྲོ་ངན་པའི་དོན་ཕྱིར་གསང་།། བརྒྱ་ལ་གང་གིས་གསང་དོན་འདི།། ལས་འཕྲོ་ངན་ལ་བསྒྲགས་གྱུར་ན།། དཔེར་ན་རྩུབ་ཤིང་མེས་བརྔུབས་ན།། རྩུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར།། གཞན་ཡང་ཚིག་པར་འགྱུར། ་བ་བཞིན།། དོན་བཟང་པོ་འདི་མེ་དང་འདྲ།། སྐལ་པ་ཆུང་ཞིང་ཤེས་རབ་དམན།། བློ་ངན་རྒྱུ་འབྲས་རྨོངས་པ་རྣམས།། མཉམ་པ་ཉིད་ལ་སྐུར་འདེབས་པས།། ངན་སོང་གསུམ་དུ་འཕང་བར་འགྱུར།། གསང་ཐོས་མ ་རྟོགས་སྡུག་བསྔལ་མྱོང་།། གསང་བ་འཕེལ་བར་བྱེད་པ་ལས།། སྒྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་།། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར།། དེ་ཕྱིར་སེམས་ཅན་དོན་ཕྱིར་གསང་།། རླུང་ཕྱོགས་ཙམ་དུ་བརྗོད་མི་བྱ།། སྔགས ་དང་ཕྱག་རྒྱ་རྒྱུན་མི་བཅད།། སྔགས་ཤེས་རབ་ཏུ་བསྒྲགས་པ་ནི།། དོན་དམ་ཀུན་རྫོབ་དབྱེར་མེད་པའི།། མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ།། སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོཾ།། དེ་ལ་སོགས་པ་བཞི་བཅུ་གཉིས།། ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། བདག་དང་དབྱེར་མེད་ཕྱག་རྒྱ་ཆེ།། གསལ་ལ་བརྩོན་པའི་ཡོན་ཏན་ལྡན།། ཡིད་བཞིན་མ་ཆགས་དབང ་བསྒྱུར་ཏེ།། གོམས་ཤིང་བསྟན་པར་བྱ་བ་ཡིན།། དེ་བས་རབས་ཆད་བརྩོན་མེད་པ།། དཔེར་ན་ས་བོན་ཚིག་པ་ལས།། འབྲས་བུ་འདོད་པ་དང་འདྲ་སྟེ།། སྒྲུབ་པའི་འབྲས་བུ་མེད་པར་འགྲུབ།། མི་ཁོམ་འཁོར་བར ་གནས་གྱུར་ཏེ།། རྣལ་འབྱོར་ཆེན་པོ་ལ་ཞུགས་པས།། ཕྱི་ནང་ཆོས་རྣམས་ཐམས་ཅད་ལ།། དམིགས་མེད་གཅིག་དང་དུ་མར་བྲལ།། མཐའ་དབུས་གང་ཡང་མ་ཡིན་པའི།། ངོ་བོ་ཉིད་མེད་མཚན་ཉིད་མེད།། མཉམ་པ ་ཆེན་པོ་ཕྱག་རྒྱ་ཡིས།། ཕྱོགས་བཞི་དུས་བཞི་ཐམས་ཅད་དང་།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད།། གང་གིས་ངོ་བོར་མ་གྲུབ་མཉམ།། ཀུན་རྫོབ་ཆོས་ཉིད་དབྱེར་མེད ་པའི།། མི་དམིགས་གང་གི་ངོ་བོ་མིན།། ཆུ་ཟླའི་ཚུལ་དུ་སྣ་ཚོགས་པར།། སྣང་ཞིང་བྱ་བ་བྱེད་ནུས་པའི།། ཕྱག་རྒྱ་ཆེན་པོའི་ཕྱོགས་བཅུ་དང་།། དུས་བཞི་ཁམས་གསུམ་ཐམས་ཅད་དང་།། འཇིག་རྟེན་པ ་དང་འཇིག་རྟེན་འདས།། ཡོན་ཏན་སྐྱོན་རྣམས་ཐམས་ཅད་ཀྱང་།། སྒྱུ་མར་མཉམ་པར་ཡེ་ནས་གནས།། སྔགས་འཆང་གསལ་བར་རྟོགས་བྱས་ནས།། བདག་ཉིད་ཆོས་ཉིད་སྐྱེ་འགག་མེད།། ངང་ལས་མ་གཡོས་པར ་གནས་ན།། ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་།། རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱིས།། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས།། ཐམས་ཅད་དབྱེར་མེད་ཡེ་ནས་མཉམ།། མ་འདྲེས་རྒྱ་ཡོངས་མ་ཆད་པའི།། ་གཞལ་ཡས་ཁང་དང་ཉི་ཟླ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་འགྲུབ་ནི།། སྐུ་གསུང་ཐུགས་ནི་བསམ་མི་ཁྱབ།། མཉམ་པའི་དབྱིངས་ཆེན་རྫོགས་པར་སྒོམ།། དེ་ལྟར་དམ་ཚིག་འདི་གསུངས་ཏེ།། དེ་ལ་གནས་ན ་འགྲུབ་པར་འགྱུར།། ཡན་ལག་མ་ཉམས་སྔགས་བཟླས་ཤིང་།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ།། ལུས་དང་ངག་སེམས་བརྟེན་གྱུར་ནས།། བྱང་ཆུབ་རབ་འབྱམས་ཐོབ་པར་འགྱུར།། དམ་ཚིག་ཆེན་པོས་ལས་འདས ་ནས།། ཉིན་ནི་ཤིན་ཏུ་ཆེ་བར་གསུངས།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། སྔགས་ཀྱི་སྤྱོད་པ་དོན་སྒྲུབ་པ།། རྨོངས་པས་གལ་ཏེ་འདས་བྱས་ན།། དེ་ཡི་སྲོག་ཀྱང་དེ་ཟད་འགྱུར།། དམ་ཚིག་བསྲུང་དང ་སྔགས་བཟླས་དང་།། ཕྱག་རྒྱ་རྒྱུན་མི་འཆད་པ་བཞིན།། བརྩོན་འགྲུས་ཆེ་ཞིང་བསྟན་པས་ཟུངས།། རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན།། མི་འགྲུབ་ཉེན་ཡང་ཆེ་བར་གསུངས།། ཇི་ལྟར་རལ་གྲིའི་སོ་ལ་ནན་ཏན ་དུ།། སྐྱེས་བུས་མྱུར་དུ་བཟུང་ན་ནི།། ལག་པ་ངེས་པར་ཆོད་པར་འགྱུར།། དེ་བཞིན་ནན་ཏན་བྱེད་པའི་གསང་སྔགས་པ།། འཆིའམ་ཡང་ན་འབྲས་བུ་མེད་པར་འགྱུར།། རྣལ་འབྱོར་དམ་ཚིག་རྣམས་ཀྱི་ནི།། སྔགས ་ཀྱི་ཡན་ལག་མ་ཉམས་གསལ།། དོན་ལྡན་མ་ཉམས་དག་བྱས་ཤིང་།། བརྩོན་འགྲུས་ཆེར་སྐྱེ་མྱུར་བར་འགྲུབ།། སྔགས་གོམས་མ་མཉམ་ཕྱག་རྒྱར་གསལ།། ཆོ་ག་ཡོ་བྱད་གཙོར་མ་གསུངས།། ཚོགས་ན་ཡང་ནི་ཉེས ་པ་མེད།། མ་ཚོགས་ཡང་ནི་འགྲུབ་པར་འགྱུར།། བདག་ཉིད་རང་གི་ལྷར་སྦྱོར་བས།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མཉམ་མཚན་ན།། འགྲུབ་པར་གྱུར་ཏེ་ཉེས་སྐྱོན་མེད།། ཅེས ་གསང་བའི་ཚིག་ཏུའོ།། དམ་ཚིག་སུམ་བརྒྱ་པ། རྩ་བ་བཅོ་ལྔ་མདོར་བཤད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། དམ་ཚིག་བཅོ་ལྔ་པ་འདི་ལྟར ་བཤད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། ཐམས་ཅད་མཉམ་པའི་ངང་ཉིད་དུ།། དབྱིངས་སུ་རོ་ཅིག་དེ་བསྡུས་ཏེ།། དོན་དུ་མི་འགྱུར་ཡོངས་མ་གསུངས།། ཡོན་ཏན་མཆོག་གིས་འདོད་པ་ནི།། སྣང་སྲིད་མ ་ལུས་ཐམས་ཅད་ཀུན།། མཉམ་པའི་ཞིང་དུ་སྦྱོར་བས་ནི།། ཆགས་པ་མེད་པའི་ཚུལ་དུ་སྤྱོད།། འདི་ནི་རྣམ་དག་ལེགས་པའི་ལམ།། བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས།། བདེ་མཆོག་མི་ཟད་རིན་ཆེན ་གཏེར།། ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ།། ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི།། ལུས་དང་ཟས་ཀྱི་སྒྲིབ་འགྱུར་ཏེ།། ཡི་དྭགས་སྡུག་བསྔལ་གནས་སུ་འགྲོ།། བསྒོམ་དང་བཀྲེས་པས་ཉོན་མོངས་འགྱུར།། དམག ་འཁྲུག་ངན་སྐྱུག་རྟག་མཐོང་ཡང་།། བདེ་ལ་སྤྱོད་པའི་དབང་ཡང་མེད།། རྩུབ་ཤིང་གདུག་པས་བསྲུང་བར་འགྱུར།། ཐུགས་རྗེ་ཆེན་པོའི་ཞེ་སྡང་ནི།། འཁོར་བའི་ལམ་ལྔ་སྒོ་བཅད་ཅིང་།། བདེ་གཤེགས་ལམ་དུ་འཛུད ་པར་བྱེད།། ཡང་དག་དོན་དང་ལྡན་པར་འགྱུར།། ཐུགས་རྗེའི་ཚུལ་གྱིས་ཁྲོ་སྟོན་ཅིང་།། ཤིན་ཏུ་མཉམ་པའི་ངང་དུ་འཇོག། རྡོ་རྗེ་སེམས་དཔའ་ཞི་བའི་ས།། ཡང་དག་མཆོག་གིས་བདེ་བ་འགྲུབ།། ཡེ་ཤེས་གསལ ་བའི་གཏི་མུག་ནི།། བདག་དང་བདག་གིར་དབྱེར་མེད་དེ།། རང་བཞིན་མེད་པའི་དབྱིངས་ལ་རོལ།། ཐམས་ཅད་བརྗོད་དུ་མེད་པའི་ངང་།། ཀུན་ཏུ་ཁྱབ་པའི་སྐུ་མངའ་བའི།། ཤིན་ཏུ་འོད་གསལ་རྣམ་དག་ལམ།། ་བྱང་ཆུབ་སེམས་དཔའ་སྒྲིབ་པ་སྦྱོང་།། སེམས་ཅན་ཉོན་མོངས་དུག་སེལ་འགྱུར།། ཐམས་ཅད་ཞིང་སྦྱོང་ང་རྒྱལ་ནི།། ཡོན་ཏན་སྐྱེས་པའི་མཛད་ཡིན་ཏེ།། ང་མེད་བདག་མེད་མི་དམིགས་ལ།། སུ་ཞིག་དེ་ལ་ང་རྒྱལ ་སྐྱེས།། དཔུང་བཞིའི་ཚོགས་ཀྱི་མི་ཐུབ་པའི།། ཤིན་ཏུ་རྒྱལ་བའི་ཁྱུ་མཆོག་འགྲུབ།། ལྷ་སྲིན་བདུད་སྡེ་ཚར་བཅད་པའི།། དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ།། ཕྲག་དོག་ཡངས་པའི་དོན་སྦྱོར་བ།། ང་དང་བདག ་མེད་དོན་རྟོག་ནི།། དོག་དང་ཡངས་པ་གཉིས་ཀ་མེད།། བདེ་མཆོག་དཀྱིལ་འཁོར་ཡངས་པ་འགྲུབ།། ཕྲག་དོག་དངོས་པོ་མི་ཤེས་ཤིང་།། ང་དང་བདག་ཏུ་འཛིན་འགྱུར་ན།། ལྷ་མ་ཡིན་གྱི་གནས་སུ་སྐྱེས།། དེ་ནས་ཡི། ་དྭགས་གནས་སུ་འགྲོ།། གལ་ཏེ་ཡུལ་ས་བརྙེས་གྱུར་ན།། ཤིན་ཏུ་མི་བདེ་དོགས་པར་འགྱུར།། གཞན་ཡང་ལོངས་སྤྱོད་ཐམས་ཅད་ལ།། དབང་བྱར་མེད་ཅིང་གཞན་དབང་འགྱུར།། མདོར་ན་ཉོན་མོངས་སྡུག་བསྔལ ་འགྲུབ།། ཕྲག་དོག་ཡང་དག་རྟོག་པ་ནི།། ང་དང་བདག་ཏུ་འཛིན་པ་དང་།། ཕྱིན་ཅི་ལོག་ལ་ཕྲག་དོག་སྟེ།། ཐམས་ཅད་གཉིས་སུ་མེད་པར་སྦྱོར།། བདེ་བ་མཆོག་ཀྱང་འགྲུབ་པར་འགྱུར།། གཉིས་མེད་དོན་རྟོགས ་མེད་པར་འགྲུབ།། ང་མེད་བདག་མེད་དབྱིངས་སུ་ཐིམ།། ལྷུན་གྲུབ་དོན་མཆོག་འགྲུབ་པར་འགྱུར།། ཡི་དམ་ལྷ་ནི་རྟག་བསྒོམས་ན།། རྒྱུ་འབྲས་ལྷུན་གྱིས་འགྲུབ་པ་ཡི།། བདག་གིས་ཀུན་ལ་དབང་བསྒྱུར་ཏེ།། རིག ་འཛིན་གནས་སུ་སྐྱེ་བར་འགྱུར།། རྡོ་རྗེ་སློབ་དཔོན་སྨད་མི་བྱ།། ཡོན་ཏན་རིན་ཆེན་གཏེར་ཆེན་པོ།། ཐམས་ཅད་མ་ལུས་སྟོན་པ་སྟེ།། ཉོན་མོངས་མ་ལུས་རྩད་གཅོད་པ།། བླ་མེད་འབྲས་བུ་ཐོབ་པར་བྱེད།། ལུས་ལ ་། དབང་བའི་རྒྱལ་པོ་བས།། ཤིན་ཏུ་ལྷག་པའི་བཀུར་སྟི་བྱ།། དྲིན་ཆགས་བསྐྱོད་པའི་ཕ་མ་པས།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།། ཕྱག་རྒྱ་ཆེན་པོ་རྟག་ཏུ་བཞག ་སྔགས་ནི་རྟག་ཏུ་བརྗོད་པར་བྱེད།། ཉིན་ཡང་ལན་གསུམ་མཚན་ཡང་ལན་གསུམ་དུ།། མཁས་པ་དག་ནི་རྒྱུན་དུ་བྱ།། བར་མ་ཆད་པར་སྒྲིམ་ཏེ་བཟླས།། གསང་བའི་མན་ངག་གཞན་ལ་སྤེལ་མི་བྱ།། རྡོ་རྗེ་ལྕེ་ཡི་ཚུལ ་ཡོད་ཀྱང་།། ཐེག་པ་དམན་དང་མ་འདྲེས་པ།། སྐྱེ་བོ་ཕལ་ལ་སྨྲ་མི་བྱ།། རྡོ་རྗེ་མཆེད་དང་ལྕམ་དྲལ་ལ།། རྔན་དང་དཔྱ་སེམས་སྨད་པ་དང་།། རྫི་ཕྱོགས་ཙམ་དུ་སྨྲ་མི་བྱ།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། བདུད་རྩི ་སྨན་རྣམས་རྟག་ཏུ་སྤྱད།། བླ་མེད་འགྲུབ་པའི་གསོས་ཡིན་པས།། གཙང་རྨེ་མེད་པར་བཟའ་བར་བྱ།། ཡིད་བཞིན་བདུད་རྩི་དབང་བྱེད་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཆེན་པོ་ནི།། ་སངས་རྒྱས་ལྔ་པོ་དེ་ཡིན་པས།། མི་སྤངས་རྟག་ཏུ་བསྒྲུབ་པར་བྱ།། དམ་ཚིག་དམ་ཚིག་ཅེས་བྱ་བ།། གུད་ན་ཡོད་པ་མ་ཡིན་ཏེ།། རང་གི་ལྟ་བ་དམ་ཚིག་ཡིན།། མི་བཏང་ཕྱིར་ཡང་དམ་ཞེས་བྱ།། གཟུགས་སུ་གྱུར་པ། ་དམ་ཞེས་བྱ།། རྡོ་རྗེ་མ་ནོར་ལམ་སྟོན་པས།། དེ་ལ་ཡང་ནི་ཚིག་ཅེས་བྱ།། ཡང་ན་དེ་བཞིན་བཀའ་བཅག་པས།། མི་ཁོམ་གནས་སུ་ཚིག་པར་འགྱུར།། དམ་ཚིག་ཅེས་ནི་དེ་ལ་བརྗོད།། ཨོཾ་ཨཽ། རྡོ་རྗེ་རིགས་ཀྱིས ་བསྒྲུབ་བྱ་བ།། སྒྲོལ་དང་སྦྱོར་བས་མཐར་ཕྱིན་འགྱུར།། སྦྱོར་བ་ཉིད་ནི་སྒྲོལ་བ་ཡིན།། རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་།། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་།། དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་།། ཐབས་ཆེན་དག་གི ་སྦྱོར་སྒྲོལ་དང་།། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ།། ཡང་ན་སྦྱོར་སྒྲོལ་བདག་ལ་རྫོགས།། ཤེས་རབ་དབྱིངས་དང་བདག་ཏུ་སྦྱོར།། ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ།། དབྱིངས་དང་དབྱིངས་སུ་ཐམས་ཅད་སྒྲོལ།། ་། རོལ་པའི་འཕྲིན་ལས་བསམ་མི་ཁྱབ།། དབྱིངས་དང་དབྱིངས་ལས་ཐམས་ཅད་སྒྲོལ།། སྦྱོར་སྒྲོལ་འཕྲིན་ལས་བདག་ལ་རྫོགས།། བྱང་ཆུབ་སེམས་སྦྲུལ་ཕྱོགས་བཅུར་འཕྲོ།། ངན་སོང་གནས་རྣམས་སྟོང་པར་བྱེད།། ་རིག་འཛིན་བདེ་ལྡན་ཐོབ་པར་བྱེད།། བླ་མེད་ཞིང་རྣམས་དག་པར་བྱེད།། སྐུ་གསུང་ལྷུན་གྲུབ་ཕྱོགས་བཅུར་འདུག། རྡོ་རྗེ་ཞེས་ཏེ་མཚན་བསྒྲགས་ཏེ།། ཐེག་དམན་རྣམས་ཀྱང་རྡོ་རྗེར་དགོད།། གྲངས་མི་ཤེས་ཀྱི ་གཏེར་ཡང་འགྲུབ།། རྡོ་རྗེ་རིག་པ་འཛིན་པའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ཐུགས་རྗེའི་སྤྲུལ་པ་དཔག་མེད་ཀྱིས།། འགྲོ་དྲུག་ཏུ་གནས་མ་ལུས་མཁྱེན།། འགྲོ་བ་ཉིད་ནི་ཉིད་ཀྱི་སྐུ།། ཉོན་མོངས་བྱང ་། ཆུབ་ལམ་དུ་མཁྱེན།། འཁོར་བ་ཉིད་ན་བདེ་གནས་སོ།། ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ།། དབྱེར་མེད་དུ་ཡང་ཉིད་དུའོ།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། དམ་ཚིག་རྣམ ་པར་སྤྲོས་པ་འདི། ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ།། སྤོང་བ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེ་ཐུགས་རྗེའི་ངང་།། དམྱལ་བའི་གནས་རྣམས་ཚར་གཅོད་པ།། བརྒྱད་བརྒྱད་བཅུ ་དྲུག་ཞིང་དུ་སྦྱོར།། ཚ་བ་རྣམས་ལ་བསིལ་བའི་སྨན།། གྲང་པ་རྣམས་ལ་དྲོ་བའི་སྨན།། བསིལ་དྲོ་འཇམ་རྩུབ་ཆ་སྙོམས་པ།། ཐུགས་རྗེའི་བྱིན་རླབ་དེ་ལྟར་སྟོན།། བྱིན་རླབ་ཡ་མཚན་རྨད་པོ་ཆེ།། ཆགས་པའི་ཡེ་ཤེས ་ཞེས་བྱ་བའི་དམ་ཚིག་ནི། ཆགས་པ་མེད་པའི་ཚུལ་གྱིས་ནི།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ།། ཇི་ལྟར་བདེ་བའི་རོ་མྱོང་ཞིང་།། མྱོང་ཚོར་ཉིད་ན་རང་བཞིན་མེད།། ཆགས་པ་མེད་པའི་ཡེ་ཤེས་ཀྱིས།། ཡི་དྭགས ་གནས་རྣམས་ཚར་གཅོད་ཅིང་།། ལུས་ལ་ཟས་ཀྱི་སྒྲིབ་པ་ཡི།། ཉོན་མོངས་གཉིས་ཀ་མེད་པར་སྟོན།། གཏི་མུག་ཅེས་བྱ་བའི་དམ་ཚིག་ནི། ང་དང་བདག་མེད་དབྱེར་མེད་པའི།། ཤེས་རབ་ཆེན་པོ་འོད་གསལ་གྱིས།། ་དྲན་སྨྲ་མེད་པའི་སྡུག་བསྔལ་བསལ།། རྨོངས་བྱེད་སྒྲིབ་པ་དག་པར་བྱས།། ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས།། བྱ་བྱེད་མེད་པར་ཉོན་མོངས་སྒྲོལ།། བྱོལ་སོང་གནས་ནི་སྟོང་བྱེད་ཅིང་།། ཐུགས་རྗེ་སྒྲོན་མ་དེ་ལྟར ་སྟོན།། ཕྲག་དོག་ཆེན་པོའི་དམ་ཚིག་ཅེས་བྱ་བ་ནི། ཡངས་པ་ཆེན་པོས་ཡེ་ཤེས་ཀྱིས།། ང་དང་བདག་འཛིན་རྣམས་ལ་ནི།། ཐུགས་རྗེས་གཉིས་མེད་མཉམ་སྦྱོར་ཞིང་།། དོག་དང་ཡངས་པ་གཉིས་ཀ་མེད།། རྒྱ་ཆེན ་ཡངས་པའི་བློ་ལྡན་པས།། འདི་ལ་མི་ཆུད་གང་ཡང་མེད།། ཐམས་ཅད་ཡངས་པ་ཉིད་དུ་སྦྱོར།། ལྷ་མ་ཡིན་རྣམས་སྟོང་པར་བྱེད།། ང་རྒྱལ་བདེ་མཆོག་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་ཆོས་ཉིད་མཉམ་པ་ལ།། ་དང་ཁྱོད་ཅེས་བྱ་བ་མེད།། ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ།། གཉིས་མེད་མཚན་ཉིད་བསྣན་དུ་མེད།། ཆེ་ཆུང་མེད་པའི་ངང་ཡིན་པས།། བྱ་བ་དག་ནི་མེད་པར་བསྣན།། ང་རྒྱལ་བདག་མེད་རྟོག་པ་ཡིས།། དྲེག ་པའི་གནས་རྣམས་སྟོང་པར་བྱེད།། རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདི་ནི་ཅི་ཡོད་པའི།། མིང་དང་ཐ་སྙད་འཛིན་པ་དག། སོ་སོའི་མཚན་ཉིད་བཤིག་བྱས་ནས།། རང་བཞིན ་མེད་དེ་ཡང་དག་ཉིད།། རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས།། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། མ་བཅོས་མ་བྱས་ངང་གིས་གསལ།། ཡེ་ནས་འོད་གསལ་སངས་རྒྱས་ཞིང་།། ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ ་ཚིག་ནི། རང་རིག་ཉིད་ལ་གནས་པ་ཡིན།། སུས་ཀྱང་མ་བྱས་རང་བྱུང་སྟེ།། ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར།། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ།། རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས།། མ་ལུས་དེ་བཞིན་ཉིད ་དུ་སྡུད།། སྡུད་དང་མི་སྡུག་གཉིས་ཀ་མིན།། ཡང་དག་ཁོ་ན་ཉིད་དུའོ།། བདེ་བའི་རང་བཞིན་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ལུས་རྣམ་པར་དག། ཉིད་ཀྱིས་དབྱིངས་ལས་མི་གཞན་ཕྱིར།། བདེ་དང་མི་བདེ ་གང་ཡང་མེད།། ཐམས་ཅད་དབྱིངས་སུ་རོ་ཅིག་སྟེ།། ཇི་བཞིན་ཉིད་ཀྱིས་ངང་བརྩན་པར།། ཡང་དག་ཉིད་ཀྱིས་དེ་སྐད་བཤད།། བཤད་དང་ཉན་དང་གཉིས་ཀ་མིན།། དེ་བཞིན་ཉིད་དུ་ཡང་དག་འདུ།། ་དུས་བཞིན་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། གོང་ན་མེད་པའི་ཡེ་ཤེས་མཆོག། ཐམས་ཅད་མཉམ་པ་ཉིད་དུ་སྦྱོར།། འདས་དང་མ་འདས་ཐམས་ཅད་ཀུན།། འབྱུང་དང་འབྱུང་བར་མ་ངེས་པའོ།། ཡེ་ཤེས་རྟོགས ་པའི་ཁྱད་པར་གྱིས།། དུས་བཞི་སྔ་ཕྱི་མེད་པ་ཡིས།། མཉམ་པ་ཉིད་དུ་ལྷན་ནེར་སྦྱོར།། ལྷུན་གྲུབ་ཡེ་ཤེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའོ།། ཐམས་ཅད་དབྱེར་མེད་བྱང་ཆུབ་སྟེ།། ཡེ ་ནས་རྣམ་པར་དག་པའི་ཆོས།། མ་བཅོས་ལྷུན་གྱིས་གྲུབ་པ་ཡིས།། བྱང་ཆུབ་ལམ་ཆེན་པོ་འདི་ཡིན་ཏེ།། ཐམས་ཅད་དབྱེར་མེད་ངང་དུ་འདུས།། བྱང་ཆུབ་དོན་གྲུབ་ཡེ་ནས་རྫོགས།། མཉམ་པའི་ཞིང་དུ་ཐམས་ཅད ་ཐིམ།། རྡོ་རྗེ་སྐྱེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་ཆེ་མཆོག་རིགས་སུ་ངེས།། རིགས་ཏེ་བྱང་ཆུབ་བརྟན་པར་གཟུང་།། ཐམས་ཅད་མཉམ་པའི་དབྱིངས་ཤེས་ན།། རིགས་མཆོག་ཀུན་གྱི་སྐྱེ་གནས་ཡིན།། ་སྐྱེས་པ་ཉིད་ན་སྐྱེ་བ་མེད།། ལས་དང་ལས་ཀྱིས་བག་ཆགས་མེད།། ཅིས་ཀྱང་མ་གོས་ཐམས་ཅད་འཇོམས།། སྐྱེ་ཤི་མེད་པའི་ས་ཡང་ཡིན།། བྱང་ཆུབ་ཀྱི་ཞིང་བཀོད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མཐའ ་ཡས་མུ་མེད་པའི།། སྣང་གྲགས་བསམ་གྱིས་མི་ཁྱབ་པའི།། ཕྱི་དང་ནང་གི་གནས་པ་དག། དེ་བཞིན་དབྱིངས་ཀྱི་ངང་དུ་ཐིམས།། མདོར་ན་ཞིང་ཁམས་མ་ལུས་པའི།། ཡོན་ཏན་རིན་ཆེན་བཀོད་པ་ཡི།། ཡེ་ཤེས་བརྒྱན ་གྱིས་སྤངས་པ་རྣམས།། ཞིང་དེ་ཡོན་ཏན་བསམ་མི་ཁྱབ།། ཡེ་ཤེས་བཞུགས་གནས་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། གསང་སྔགས་ཆེན་པོ་སྒྲུབ ་འདོད་པས།། གཟུང་འཛིན་བྲལ་བའི་དོན་ཉིད་རྟོགས།། ཆོས་ཀྱི་དབྱིངས་དང་སེམས་ཅན་ནི།། གཉིས་མེད་དེ་བཞིན་ཉིད་དུ་གཅིག། ཇི་ལྟར་རྟོགས་པའི་སྐྱེས་བུ་ནི།། རྡོ་རྗེ་བཞུགས་ནས་ཡིན་པར་བཤད།། ་མི་འཇིགས་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། རྣམ་པར་བྱང་དང་ཉོན་མོངས་གཉིས།། སོ་སོར་ཡོད་པ་མ་ཡིན་ཏེ།། ཉོན་མོངས་གཉེན་པོས་བཅོས་སུ་མེད།། ཐམས་ཅད་དབྱིངས་སུ་རོ་གཅིག་པས།། དེ་ལ ་འཇིགས་པའི་གཉེན་པོ་མེད།། ཅིས་ཀྱང་མི་ཚུགས་གོང་ན་མེད།། མཆོག་ཏུ་བདེ་བའི་ཞིང་ཡང་ཡིན།། ང་མེད་བདག་མེད་རྒྱལ་བའི་མཆོག། གཞལ་ཡས་ཁང་བསྟན་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི ་ཐམས་ཅད་ཀུན།། རྒྱལ་བའི་ཞིང་དུ་སྦྱོར་བས་སུ།། དོག་ཡངས་ཚད་ཀྱང་དཔག་ཏུ་མེད།། སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན།། ཡེ་ཤེས་རྒྱུ་ལས་གྲུབ་པའོ།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཟག་པ་ཟད་ལས ་གྲུབ་པ་ཡི།། ནམ་ཡང་འཇིག་མེད་ཆོས་ཀྱི་དབྱིངས།། སྣ་ཚོགས་ཀུན་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། བསྔོས་པ་ཅན་གྱི་ཆོས་མིན་པས།། ཇི་ལྟར་བསམ་པ་བཞིན་དུ་འགྲུབ།། རིག་པར་རང་དབང་གྱུར ་པས་ན།། སྟོང་པར་བྱ་འམ་མི་སྟོང་བྱ།། ཐམས་ཅད་དབྱེར་མེད་དང་ཡིན་པས། ཁ་དོག་དབྱིབས་དང་རིན་པོ་ཆེ།། ཐམས་ཅད་ཁྱབ་དང་ཡུངས་འབྲུའི་ཚུལ།། བསམ་ཡས་མཐའ་དབུས་མེད་པའོ།། འདྲེན་བྱེད་གནས ་སྟོབས་ཞེས་བྱ་བའི་དམ་ཚིག་ནི། མ་རིག་ལོག་རྟོག་བསམ་ཡས་ཀྱིས།། འཇིག་རྟེན་ཁམས་རྣམས་རྒྱུད་ཅིང་འཁོར།། འཁོར་བའི་རྒྱུ་དང་འབྲས་བུ་གཉིས།། གཞི་རྩ་མེད་དེ་སྐད་ཅིག་མ།། ཡང་དག་བྱང་ཆུབ ་སེམས་རིག་ནི།། མི་རིག་རྒྱུ་འབྲས་རྣམ་པར་དག། ཉོན་མོངས་པ་ཉིད་བྱང་ཆུབ་སྟེ།། ཐམས་ཅད་མ་ལུས་བདེ་གནས་སོ།། ལམ་ལ་སྟོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཏིང་འཛིན་རྣམ་གསུམ་བསྒོམས་བྱས་ཏེ།། ཉོན ་མོངས་ལམ་ལྔ་སྒོ་བཀག་ནས།། ལམ་ལྔར་སྣང་བ་རྣམ་རྟོག་ཡིན།། རྟོག་དང་མི་རྟོག་གཉིས་ཀ་མིན།། གཉིས་མེད་དེ་ཉིད་ཡང་དག་ལམ།། ཐབས་དང་ཤེས་རབ་དང་ཉིད་དུ།། ཤིན་ཏུ་མཉམ་བཞག་རྟོགས་བྱ་ཞིང་།། ་བླ་ན་མེད་པ་སྟོན་པར་བྱེད།། ཡང་དག་དོན་སྟོན་ཅེས་བྱ་བའི་དམ་ཚིག་ནི། ཐེག་པ་བསམ་ཡས་གསུངས་པ་ཡང་།། དེ་བཞིན་ཉིད་ཀྱིས་མ་བརྗོད་ཀྱང་།། སེམས་ཅན་བློ་ཡི་རིམ་པ་བཞིན།། སོ་སོར་མཚམས་པར ་ཀུན་ཏུ་གསལ།། འདི་ནི་རྡོ་རྗེ་ཐེག་མཆོག་སྟེ།། རྒྱ་མཚོའི་ཀློང་དུ་ཆུ་འབབ་བཞིན།། ཐམས་ཅད་ཆུ་ཡི་ངོ་བོ་ཉིད།། ཐེག་པ་ཐམས་ཅད་རྡོ་རྗེའི་ས།། རབ་ཏུ་རྟོགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་ཆེན ་རབ་ལྡན་པས།། དོན་དུ་མི་འགྱུར་ཡང་མ་གསུངས།། སྲིད་གསུམ་འགྲོ་བ་བསམ་ཡས་སུ།། ཐུགས་རྗེ་སྟོན་པ་བསམ་མི་ཁྱབ།། དོན་དང་མཐུན་པ་འབའ་ཞིག་སྟོན།། མི་མཐུན་ཞགས་པ་འཁོར་བ་གཅོད།། བདེ ་གཤེགས་ཞིང་རྣམས་དག་པར་བྱེད།། ཐམས་ཅད་དབྱིངས་སུ་རྟོགས་པར་འདུས།། སྒྱུར་བྱེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། རང་རིག་ཡེ་ཤེས་དབང་ཐོབ་པས།། དཀར་པོ་མཚན་གྱིས་མདོག་སྒྱུར་བཞིན།། དུག ་ཀྱང་སྨན་དུ་གྱུར་པ་དང་།། དེ་བཞིན་དུག་གསུམ་བྱང་ཆུབ་སྟེ།། འགྲོ་བ་ལྔ་བྱང་ཆུབ་ལམ་དུ་སྦྱོར།། ཉོན་མོངས་སྡུག་བསྔལ་ཐར་བར་བྱེད།། ཐར་དང་མཐར་གཉིས་ཀ་མེད།། ཐམས་ཅད་མ་ལུས་བྱང་ཆུབ་རྒྱུ།། ་མཉམ་རྫོགས་ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི།། ཡེ་ཤེས་སྒྱུ་མར་སྣང་བ་གཉིས།། སྒྱུ་མ་ཡིན་པས་རང་བཞིན་མཉམ།། མཉམ་པ་ཉིད་ལ་མི་གནས་པའི།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།། ཡེ་ཤེས ་གཉིས་ཀྱིས་དཀྱིལ་འཁོར་ལ།། ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས།། དཔེ་བྱད་མཚན་བཟང་དཔག་ཏུ་མེད།། ཐམས་ཅད་སྐུར་ཞེས་བྱ་བའི་དམ་ཚིག་ནི། ཤིན་ཏུ་རྟོག་པའི་ཁྱད་པར་གྱིས།། སྤྱོད་ཡུལ་ཐམས་ཅད་སྨོན ་ནས་མཁྱེན།། དེ་བཞིན་ཉིད་དང་ཀུན་རྟོག་ལ།། གཉིས་སུ་མེད་པར་དབང་བསྐུར་ཏེ།། མ་ལུས་ཐམས་ཅད་བདེ་ལྡན་ཞིང་།། ཐམས་ཅད་བྱང་ཆུབ་མཆོག་ཏུ་འགྱུར།། ཡེ་ནས་དངོས་པོ་མེད་པ་ལ།། ཇི ་ལྟར་དམིགས་པ་བཞིན་དུ་འགྲུབ།། རིག་འཛིན་གནས་སྟོབས་ཤེས་བྱའི་དམ་ཚིག་ནི།། ཤེས་རབ་རྣམ་གསུམ་གོམས་བྱས་ན།། ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ།། རྟག་ཏུ་ཡངས་པ་ཆེན་པོ་སྒོམ།། རྒྱུ་འབྲས་དུས ་གཅིག་རྫོགས་པ་ཡིས།། རང་རིག་ཉིད་ལ་དབང་ཐོབ་སྟེ།། ཚེ་ནི་བཅུ་དང་དྲུག་པ་ཡིན།། བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་ནས།། ལུས་མ་བོར་བར་སངས་རྒྱས་སོ།། ཟད་མེད་གཏེར་ལྡན་ཞེས་བྱའི་དམ་ཚིག་ནི།། ཤེས ་རབ་ཆེན་པོ་རྣམ་དག་པས།། སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར།། ཤེས་རབ་སྤྱོད་ཡུལ་གཉིས་སུ་མེད།། དེ་བཞིན་ཉིད་དུ་རོ་ཅིག་སྟེ།། ཐམས་ཅད་རྒྱལ་བའི་ཞིང་སྦྱོར་བས།། ཟད་མེད་རིན་ཆེན་གཏེར་དུ་འགྱུར།། ་མི་ཟད་པར་ལྡན་དམ་ཚིག་མཆོག། འོག་མིན་མཐའ་དབུས་བསམ་མི་ཁྱབ།། སྒྲུབ་མེད་མཉམ་རྫོགས་ཞེས་བྱའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ།། རང་བྱུང་ཡེ་ཤེས་འཕྱོ་བ་ནི།། དབྱིངས་དང ་རིག་པ་གཉིས་ཡིན་པ།། དེ་བཞིན་ཉིད་དུ་རྡོ་རྗེ་རིག། ཐམས་ཅད་གཉིས་སུ་མེད་པ་ལ།། སྒྲུབ་དང་སྒྲུབ་པ་ཡོད་མ་ཡིན།། ཡེ་ནས་ལྷུན་གྱིས་གྲུབ་པ་ལ།། དེ་ལ་ལམ་གྱིས་བཅོས་སུ་མེད།། ཐམས་ཅད་བྱིན་གྱིས ་བརློབ་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཡེ་ནས་དག་གྱུར་ཀྱང་།། ཕྱིན་ཅི་ལོག་གི་བློ་ལོག་ན།། ལོག་རྟོག་གནས་དང་ལོངས་སྤྱོད་དང་།། མ་རིག་འཁྲུལ་འཁོར་བསམ་མི་ཁྱབ།། འཁྲུལ་རྟོག་བློ་ངན་ཟློག་པའི ་ཕྱིར།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། ཉོན་མོངས་འདྲེན་ཅིང་མཐོ་རིས་གནས།། བྱང་ཆུབ་ལམ་ཆེན་རྟོག་པར་སྟོན།། གསུམ་མཆོག་མཐའ་ཡས་ཞེས་བྱའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ་མིང་དང་ཚིག་ཏུ་བཏགས་ནས་སྟོན།། ཇི་སྙེད་མང་པོ་དོན་བརྗོད་ཀྱང་།། རྡོ་རྗེ་གསུང་ལ་སྤྲོས་པ་མེད།། སྤྲོས་མེད་དེ་ཉིད་སྣ་ཚོགས་པའི།། ཀུན་ཏུ་བརྡ་མཇལ་ཡེ་ཤེས་གསུང་།། སྒྲ་དང་མིང་ཚིག་ཀུན་ལས་འདས།། ་ཐམས་ཅད་པདྨ་ཆགས་མེད་པའོ།། སྐུར་བཟང་མེད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དུ་དབང་བསྒྱུར་ཏེ།། ཐམས་ཅད་ཡེ་ཤེས ་དབྱིངས་སུ་སྟིམ།། ཟད་མེད་ཡེ་ཤེས་གཏེར་ལྡན་པས།། ཐུགས་རྗེའི་བྱིན་རླབས་བསམ་མི་ཁྱབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོའི་དོན་རྟོགས་རྣམ་པར་དག། ཐམས་ཅད་སྐད་འཇལ་ཞེས་བྱ་བའི ་དམ་ཚིག་ནི། ཐར་པའི་དཀྱིལ་འཁོར་འབུམ་ཕྲག་དང་།། འགྲོ་དྲུག་དུས་གནས་མ་ལུས་ལ།། གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང་།། སྔོན་གྱིས་ཐུགས་རྗེའི་བྱིན་རླབས་ཀྱིས།། ཐར་དང་མ་ཐར་གཉིས་ཀ་ལ།། སོ ་སོའི་ཇི་ལྟར་འདོད་པ་བཞིན།། ཆོས་ཀྱིས་གསུང་མཆོག་དམ་པ་ཡིས།། ཐར་པ་བསྐུལ་ཞིང་ངན་སོང་སྦྱོང་།། རང་རིག་དབང་བསྐུར་ཞེས་བྱའི་དམ་ཚིག་ནི།། ཕྱོགས་དུས་བསམ་གྱིས་མི་ཁྱབ་པ།། དེ་ནི་ཇི ་བསྙེད་ཡོད་པ་ཡིས།། མཚན་མ་སྣ་ཚོགས་བཏགས་པ་ཡང་།། རང་རིག་རྣམ་པར་རྟོག་པ་ཉིད།། སངས་རྒྱས་ཞིང་ཁམས་རབ་འབྱམས་ན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།། སྤྲུལ་པ་མཐའ་ཡས་འབྱུང ་བ་ཡང་།། ཡེ་ཤེས་རྣམ་པར་དག་པའི་ཡུལ།། ཡི་གེ་མེད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཡི་གེའི་ཚིག་དང་སྒྲ་སྤངས་པའི།། བརྗོད་མེད་ངང་དུ་གནས་པ་ནི།། གསུང་གཅིག་རང་བཞིན་མེད་པ་ཡི།། ཆོས་རྣམས ་ཐམས་ཅད་ཡེ་ནས་དག། ཐམས་ཅད་ཐུགས་སུ་གྱུར་པས་ན།། སྒྲ་དང་ཚིག་ལ་གནས་པ་མིན།། ཐུགས་ལ་ཐུགས་ནི་མི་གནས་པའོ།། བདུད་སྡེ་ཚར་བཅད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག། ་ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ།། སྐྱེ་བ་མེད་པའི་གཡུང་དྲུང་གནས།། བདུད་བཞི་བཅོམ་པའི་སྐྱེས་མཆོག་གིས།། དྲེག་པ་ཆེན་པོ་ཐམས་ཅད་བཅོམ།། མ་རིག་ལོག་འདྲེན ་འདུལ་མཛད་དེ།། ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཐིམས།། སྟོང་གསུམ་ཀུན་ཏུ་གྲགས་པ་ཞེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་རླབ་ཀྱིས།། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། འགྲོ་བའི་འཕྲིན ་ལས་བསམ་མི་ཁྱབ།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས།། ཐམས་ཅད་གདུལ་བྱ་ཆུད་མ་ཟོས།། ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་།། ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན།། ཡེ ་ཤེས་གསུང་མཆོག་ཅེས་བྱ་བའི་དམ་ཚིག་ནི། འདས་དང་མ་འདས་ཐམས་ཅད་ཀུན།། ཡང་དག་ཤེས་པས་རབ་བརྟགས་ན།། རང་བཞིན་མེད་པ་ཅིར་ཡང་སྣང་།། སྣང་བ་ཉིད་ནི་དབྱིངས་ཉིད་དེ།། དེ་ལྟར་རྟོག་པའི ་ཡེ་ཤེས་ནི།། ཀུན་ལ་དབང་བསྒྱུར་རང་དབང་ཅན།། ཐམས་ཅད་ཚིག་གི་སྒྲ་ལྟར་གནས།། འདི་ནི་ཡེ་ཤེས་གསུང་མཆོག་ཡིན།། བསམ་ཡས་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ ་སྟེ།། མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། ཁྱབ་དང་ཁྱབ་མེད་རྡོ་རྗེའི་སྐུ།། སྒྲ་སྐད་སྣ་ཚོགས་བསྒྲག་པ་དང་།། དངོས་པོ་མེད་ལ་དངོས་པོའི་སྒྲ།། ཇི་ལྟར་པི་ཝང་ལག་ཟུག་ན།། སྒྲ་ནི་སྣ་ཚོགས་འབྱུང་འགྱུར་ཡང་།། ་དངོས་པོ་མེད་པ་དེ་བཞིན་ཉིད།། ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མ་ལུས་ཐམས་ཅད་དང་།། དུས་བཞིར་འབྱུང་བ་མ་ལུས་ཀུན།། ཕྱོགས་དང་སྔ་ཕྱི་མེད་པ་ཡི།། ཐམས་ཅད་དེ་བཞིན ་ཉིད་ཀྱིས་དབྱིངས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོའི་སྣང་བ་ཐམས་ཅད་ཀུན།། རང་རིག་རྒྱལ་པོ་ཡང་དག་འདུས།། རང་རིག་དེ་བཞིན་ཐམས་ཅད་ཡིན།། འཇིགས་མེད་རྡོ་རྗེ་ཞེས་བྱ་བའི་དམ ་ཚིག་ནི།། འདུས་མ་བྱས་ཉིད་འདུས་བྱས་ཡིན།། འདུས་བྱས་སྣང་བ་རྡོ་རྗེ་ཉིད།། སྣང་དང་མི་སྣང་གཉི་ཀ་མིན།། ཡོད་མེད་པའང་དབྱེར་མེད་དེ།། རང་བཞིན་ཡེ་ནས་དག་པ་ཡི།། མ་བཅོས་མ་བྱས་དང ་གི་གསལ།། གཞིག་དང་གཤིག་པར་བྱ་བ་མིན།། ཅིས་ཀྱང་མི་ཚུགས་རྡོ་རྗེའི་བདག། དེ་བཞིན་སྐུ་ཉིད་ཅེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཞིང་ཁམས་བསམ་ཡས་དང་།། འགྲོ་བ་མ་ལུས་ཐམས་ཅད་ལ།། ཐར་པ ་རྣམས་ལ་དག་པའི་སྐུ།། རྟོག་པ་རྣམས་ལ་འཁོར་བའི་ལས།། སོ་སོར་མཚམས་པར་དོན་སྟོན་ཅིང་།། སྟོན་པ་ཉིད་ན་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ་ཀུན་ཏུ་སྣང་།། ཀུན་ལ་དེ་ལྟར་རྟོགས་པར་བྱོས།། ལྷུན་གྲུབ་དེ ་ནས་ཞེས་བྱའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བྱང་ཆུབ་སྙིང་པོ་ཡོད་པར་ལྟ།། རང་བཞིན་ཡེ་ནས་འོད་གསལ་བའི།། བྱང་ཆུབ་སྙིང་པོར་ཐམས་ཅད་འདུས།། ཕྱི་ནང་མ་ལུས་ཐམས་ཅད་ཀུན།། ་བདག་གིས་ངང་དུ་གནས་པ་ནི།། བདག་ལ་བདག་ནི་དབང་བསྐུར་ནས།། སྤྱོད་ཡུལ་ཐམས་ཅད་སྔོན་ནས་ཤེས།། ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ནི། རིག་པ་རང་དབང་གྱུར་པས་ནི།། ཐམས་ཅད་ཀུན་ལ ་དབང་བསྒྱུར་ཏེ།། གོང་ན་མེད་པའི་ས་གནོན་ནས།། ཐམས་ཅད་ཀུན་གྱི་གཙོ་བོ་ཡིན།། ཐམས་ཅད་མ་ལུས་གཉིས་མིན་པ།། སྒོམ་དང་སྒོམ་པར་བྱ་བ་མིན།། དེ་བཞིན་ཉིད་ལ་དབང་སྒྱུར་པས།། ཐམས་ཅད ་དབྱིངས་སུ་རོ་ཅིག་གོ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་བདག་རྣམས་ལ།། རང་བཞིན་དཀྱིལ་འཁོར་ཡེ་ནས་གནས།། ཆེན་པོའི་གཟུགས་སྣང་ཐམས་ཅད་ནི།། དེ་བཞིན་གཤེགས ་པའི་དཀྱིལ་འཁོར་ཉིད།། སྒྱུ་མ་རྩལ་རྣམས་འཛིན་གྱུར་པ།། དེ་བཞིན་ཡུལ་གྱི་དཀྱིལ་འཁོར་རོ།། རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ།། ཐམས་ཅད་ཀུན་ལ་འཁྱིལ་བར་གནས།། ཟད་མེད་གཏེར་ཆེན་ཞེས་བྱ་བའི ་དམ་ཚིག་ནི། ཟག་བཅས་གནོད་སྦྱིན་ནོར་འདྲ་བ།། སེམས་ཅན་འཕེལ་འགྲིབ་ཟད་འགྱུར་གྱིས།། དེ་བཞིན་གཤེགས་པའི་ཡོན་ཏན་ནི།། ཟད་མེད་འཕེལ་འགྲིབ་མེད་པ་ཡི།། མང་དུ་སྤྲོ་བས་ཕྲ་མི་འགྱུར།། ཉུང་ངུ ་བསྡུས་པས་སྦོམ་པོ་མིན།། ཟད་མེད་རིན་ཆེན་གཏེར་ཡིན་པས།། ཐམས་ཅད་ཀུན་ཏུ་ཁྱབ་པའོ།། རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ཡེ་ནས་རྣམ་པར་དག་པ་ལ།། ་རྣམ་རྟོག་སྐྱོན་གྱིས་གློ་བུར་དང་། ཁམས་གསུམ་འཁོར་བའི་བཙོན་ར་ནས།། རང་རིག་སྒྲིབ་མེད་དག་པ་ཡིས།། མྱ་ངན་འདས་དང་འཁོར་བ་གཉིས།། རང་བཞིན་མེད་པར་དོན་རྟོགས་ནས།། སངས་རྒྱས་ཞིང་དུ་རྣམ ་པར་དག། གཟུང་འཛིན་དྲལ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཕྱིན་ཅི་ལོག་ཏུ་རྣམ་དག་བརྟགས་པ་ཡི།། བདག་དང་བདག་གིར་སོ་སོར་སྣང་།། དེ་ལ་འཛིན་པ་གཉིས་ཞུགས་ནས།། རང་བཞིན་མེད་ཀྱང་སོ་སོར་སྣང་།། ་ཡང་དག་རྟོག་པས་རབ་བརྟགས་ན།། དངོས་པོ་ཐམས་ཅད་སྟོང་པ་ཡིན།། དངོས་དང་དངོས་ཉིད་མི་གནས་པ།། དེ་རྟོག་སྡུག་བསྔལ་བྲལ་བྱེད་ཅིང་།། ཡུམ་གྱུར་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི།། ་འབྱུང་བ་ལྔ་ལ་བརྟེན་གྱུར་ན།། ཐམས་ཅད་འབྱུང་ཞིང་མ་ལུས་གནས།། སྐྱེ་འཁྲུལ་མ་ལུས་ཞི་ཡང་ཡིན།། ཐམས་ཅད་ཀུན་གྱི་སྒྲ་ཡང་ཡིན།། དེ་བཞིན་ཤེས་རབ་རྣམ་གསུམ་གྱིས།། ལེ་ལོ་མེད་པའི་བརྩོན་འགྲུས ་འབོད།། དེ་བཞིན་དབྱིངས་ཉིད་རྟོགས་གྱུར་ན།། བླ་མེད་བྱང་ཆུབ་འབྱུང་བའི་གནས།། ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི། བླ་ན་མེད་པའི་དཀྱིལ་འཁོར་དང་།། ངན་སོང་གནས་རྣམས་མ་ལུས་ཀུན།། རྒྱུ ་ཉིད་རང་བཞིན་གཉིས་ཀ་དང་།། རང་བཞིན་ཡེ་ནས་དེ་བཞིན་ནོ།། འབྲས་བུ་རྣམ་པར་དག་པ་ནི།། འཇིག་རྟེན་བརྟན་གཡོ་ལ་སོགས་ལ།། སྣང་བ་ཉིད་ནི་ངོ་བོ་མེད།། དེ་བཞིན་ཆོས་སྐུ་ཆེན་པོ་ཡིན།། སེམས་ཅན ་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། བྱང་ཆུབ་སེམས་སུ་རྒྱུ་ཅིག་པས།། རྩ་བ་སྙིང་རྗེའི་ཆེན་པོ་འབྱུང་།། ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད།། ཉོན་མོངས་ལམ་ལས་འགྲོལ་བར་བྱེད།། ཉོན་མོངས་ཁམས་གསུམ་གནས་པ ་ཡང་།། ཕྱིན་ཅི་ལོག་ཉིད་སྣང་བ་ཡིན།། དེ་རྟོགས་མཐོ་རིས་ཐར་པའོ།། རྟོག་ནས་དོན་འཛིན་ཅེས་བྱ་བའི་དམ་ཚིག་ནི།། ཐམས་ཅད་ལྷུན་གྱིས་གྲུབ་པ་དང་།། སྒྱུ་མ་མིག་ཡོར་ཚུལ་ཤེས་པ།། གཉིས་ཀར་རང་རིག ་ཉིད་དུ་འདུས།། དེ་ཉིད་ཡང་དག་ཡིན་པར་བཤད།། སྒྲ་དང་ཚིག་ཏུ་བརྗོད་པ་ནི།། ཡང་དག་དོན་གྱི་སྙིང་པོ་བྱིན།། མིང་ཚིག་སྒྲ་ལ་མི་བརྟེན་པར།། བློ་ཡི་སྟེང་དུ་གོ་བར་བྱོས།། སེམས་ལ་གནས་བཅས་ཞེས་བྱ ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་ཆོས་སུ་ཅོག། སེམས་ཉིད་ལས་ནི་གཞན་ན་མེད།། སེམས་དང་ཆོས་སུ་དབྱེར་མེད་པས།། བྱང་ཆུབ་ལམ་དེ་རིང་བ་མིན།། བྱང་ཆུབ་སེམས་ཞེས་བརྗོད་པ་ནི།། གང་ན་མ་འོང ་གར་མི་འགྲོ།། རྟོག་མེད་རང་རིག་ཁོ་ན་ཙམ།། སངས་རྒྱས་སེམས་ཅན་སེམས་ལ་གནས།། བརྗོད་མེད་སྤྲོས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྣ་ཚོགས་ཇི་སྙེད་བརྗོད་པ ་ཡང་།། སོ་སོའི་མཚན་ཉིད་མ་གཏོགས་པ།། བ་སྤུའི་ཆ་ཙམ་བརྗོད་པ་མེད།། བསོད་ནམས་ཆེན་པོས་བཏངས་པ་ཡིས།། སངས་རྒྱས་ཞིང་ཉིད་དག་པ་འོ།། ལས་ངན་དག་གིས་ཁམས་གསུམ་གནས།། དེ་ཉིད ་དབྱིངས་ལས་སྤྲོས་པ་མེད།། མི་འགྱུར་རྡོ་རྗེ་གསུང་གི་དམ་ཚིག་ཅེས་བྱ་བ་ནི། རྣམ་དག་སྐུ་གསུམ་སྤྲུལ་པ་དང་།། ཆེ་མཆོག་སྣ་ཚོགས་བསྟན་པ་ཡང་།། བྱང་ཆུབ་སེམས་ལས་སྣང་གྱུར་ཏེ།། སྣང་བ་ཉིད་ནས་དབྱིངས ་སུ་དག། ཕྱིན་ཅི་ལོག་གཡོ་བསམ་ཡས་ཀྱིས། ཁམས་གསུམ་གནས་དང་ལམ་ལྔར་འཁོར།། དེ་ཉིད་ལོག་རྟོག་སྣ་ཚོགས་སྣང་།། དེ་ལ་མ་རྟོགས་གང་ཡང་མེད།། ཡེ་ནས་མ་བཅོས་ཞེས་བྱ་བའི་དམ་ཚིག་ནི། བླ་མེད ་བྱང་ཆུབ་སྨོས་ཅི་དགོས།། འགྲོ་ལྔ་མ་ལུས་ཐམས་ཅད་ཀུན།། ཡེ་ནས་བྱང་ཆུབ་སྙིང་པོར་གནས།། དེ་བཞིན་དབྱིངས་ཀྱི་ཀུན་ཏུ་ཁྱབ།། ཇི་ལྟ་བ་ཡི་ངང་གནས་ལ།། དེ་ལྟར་རྟོགས་པའི་བློ་འཇུག་པས།། ་གཉིས་སུ་མེད་པར་རྟོགས་འགྱུར་ན།། སུ་ཡིས་འཆོས་ཤིང་སུ་ཡིས་རྟོག། རང་བཞིན་འོད་གསལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རང་བཞིན་ཡེ་ནས་དག་པ་ཡིས།། སུས་ཀྱང་མ ་བྱས་ངང་གིས་གསལ།། མ་ཆགས་པདྨ་འདྲ་བ་ཡིས།། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཏེ།། ཀུན་དང་ཐུན་མོང་དེ་མ་ཡིན།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ།། སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས།། ཐམས་ཅད་དབྱིངས ་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། མི་ཟད་ཡོན་ཏན་གཏེར་གྱུར་པ།། ཟད་པའི་དུས་མེད་ཡིད་བཞིན་མཛོད།། བདག་དང་བདག་གིས་མེད་པ་ཡི།། ཤིན་ཏུ་ཟབ་པའི་བློ་ལས་འབྱུང་།། ཆོས་དབྱིངས་ཟབ་མོའི་དོན ་རྟོགས་ན།། སྐུ་དང་ཡེ་ཤེས་བསམ་མི་ཁྱབ།། རང་རིག་ཡེ་ཤེས་དོན་རྟོགས་ན།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོག། བྱང་ཆུབ་སྙོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི།། གཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས།། ཆགས ་མེད་དབྱིངས་ལ་མཉམ་བཞག་ན།། ཐམས་ཅད་དེ་བཞིན་ཉིད་ཀྱིས་ཞིང་།། ཉོན་མོངས་སྡུག་བསྔལ་འབྱུང་མི་འགྱུར།། ཆོས་ཀྱི་རང་བཞིན་ཇི་ལྟ་བུར།། བདག་གིས་ཡང་དག་རྟོགས་བྱས་ཏེ།། ཐེག་པ་དམན་དང་ཕྱིན ་ཅི་ལོག། ཐམས་ཅད་མཉམ་པའི་དབྱིངས་སུ་དག། ཕྱོགས་དུས་གཉིས་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱང་།། རྟོག་པའི་མཚན་མ་སོ་སོར་སྣང་།། སྣང་བ་ཉིན་ན་དབྱེར་མེད་ཉིད།། ་མཐའ་དབུས་མེད་དེ་ཟླུམ་པ་ཡིན།། དེ་བཞིན་རང་གི་རིག་པ་ཡང་།། མཐའ་དང་དབུས་མེད་དུ་མ་མིན།། གང་དུའང་མི་འགྲོ་ཀུན་ཏུ་ཁྱབ།། ཀུན་ལ་དེ་བཞིན་མི་གནས་པའོ།། ཐམས་ཅད་འབྱོར ་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་སོ་སོར་རྟོགས་བྱས་ཤིང་།། ཐམས་ཅད་གཉིས་མེད་དབྱིངས་ཤེས་ན།། མི་ཟད་པར་ལྡན་རྒྱན་ཐོབ་སྟེ།། ཀུན་ཏུ་ཟད་མེད་རིན་ཆེན་གཏེར།། དེ་བཞིན་ཉིད་ལ་གནས་བཅས ་ནས།། ཉོན་མོངས་སྡུག་བསྔལ་མི་འབྱུང་ཞིང་།། རྟག་ཏུ་བདེ་གནས་བྱང་ཆུབ་ཉིད།། མཚན་དང་དཔེ་བྱད་ཀུན་དང་མཉམ།། ཐབས་ཉིད་ཤེས་རབ་ཅེས་བྱ་བའི་དམ་ཚིག་ནི། འདི་ལྟར་སྣང་བ་ཐམས་ཅད་ཀུན།། ་ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ།། ཐབས་ལ་ཐབས་ནི་རྣམ་པར་སྤྱོད།། སྦྱོར་དང་སྦྱོར་བ་གཉིས་ཀ་མིན།། སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་།། སྣང་བ་ཉིད་ན་རང་བཞིན་མེད།། དེ་ཉིད་ཤེས་རབ་ཡིན་པར ་བཤད།། རྟག་ཏུ་ཐབས་ཉིད་མི་དམིགས་པའོ།། ཤེས་རབ་ཐབས་སུ་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།། རོལ་པ་སྣ་ཚོགས་ཅིར་ཡང་འབྱུང་།། འབྱུང་བ་ན་ཡང་རང་བཞིན་མེད།། ་མེད་པ་ཉིད་ན་སྣ་ཚོགས་སྣང་།། ཐམས་ཅད་ཤེས་རབ་དབྱིངས་ལས་བྱུང་།། མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས།། ཤེས་རབ་ཐབས་ཀྱི་དོན་རྟོགས་བྱོས།། ཀུན་ལ་དེ་ལྟར་འབྱོར་བར་གྱིས།། ་གཉིས་མེད་བྱང་ཆུབ་ཤེས་པའི་དམ་ཚིག་ནི།། ཐབས་དང་ཤེས་རབ་ལྡན་འགྱུར་ན།། གཉིས་མེད་བྱང་ཆུབ་སེམས་འཕྲོ་སྟེ།། ཀུན་གྱི་འབྱུང་གནས་བྱེད་པའོ།། དེ་ཡིས་མ་བྱས་གང་ཡང་མེད། ཁ་དོག་དབྱིངས ་དང་གང་ཡང་མིན།། ཤིན་ཏུ་བརྟག་དཀའ་སུས་མ་རིག། བདག་གིས་བདག་ཀྱང་མི་མཐོང་ན།། གཞན་གྱིས་རྟོགས་པར་ག་ལ་འགྱུར།། ཐམས་ཅད་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། ཡེ་ནས་ལྷ་མོ་ལྷ་མོ་ཡི།། དཀྱིལ ་འཁོར་ཡང་དག་སྦྱོར་བ་དང་།། དབང་པོ་ཡུལ་དུ་སྦྱོར་བའོ།། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། འབྱུང་བ་ལྔ་ཉིད་ཡུལ་དུ་སྦྱོར།། དུས་བཞི་ལྷ་མོ་ཉིད་དུ་སྦྱོར།། རྟག་ཆད་མུ་བཞི་ཁྲོ་མོའོ།། ཐམས་ཅད་མ ་ལུས་འབྱུང་བ་ཀུན།། མཉམ་པའི་དབྱིངས་དང་རིགས་པར་བྱའོ།། ཡང་ན་ཤེས་རབ་དབྱིངས་མ་ལ།། བདེ་གཤེགས་དཀྱིལ་འཁོར་ཀུན་བཀོད་ནས།། བདག་ཉིད་རིག་པའི་ལྷར་བསྒོམས་ཏེ།། གཉིས་སུ་མེད་པར ་། ལྡན་པར་བྱ།། རྡོ་རྗེ་དྲིལ་བུར་ལྡན་གྱུར་ན།། བྱང་ཆུབ་པདྨ་ཤིན་ཏུ་སྤྲོ།། ཕྱོགས་དུས་དཀྱིལ་འཁོར་མཉེས་པ་དང་།། འགྲོ་བ་མང་པོ་བདེ་ཐོབ་ནས།། སླར་ཡང་གཉིས་མེད་དབྱིངས་སུ་ཐིམ།། ཐིམ་འགྱུར་དབྱིངས ་ནས་ཕྱག་རྒྱར་འབར།། བདེ་གཤེགས་ཐབས་དང་ཤེས་རབ་རྫོགས།། ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས།། བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས།། ཐམས་ཅད་དབྱིངས་སུ་འབྱོར་བས་ན།། ངན་འགྲོར་མི ་ལྷུལྟུང་ཡང་དག་འགྲུབ།། འདི་ནི་སྒྲོལ་བ་ཆེན་པོ་ཡིན།། སྒྲོལ་བ་ཉིད་ན་སྦྱོར་བ་ཡིན།། སྦྱོར་བ་ཉིད་ནི་མ་ལུས་སྒྲོལ།། ཐམས་ཅད་མ་ལུས་གྲོལ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་ཇི་སྙེད་པ།། གནས་པའི ་སེམས་ཅན་ཐམས་ཅད་ཀུན།། བདག་ཉིད་ཆེན་པོ་རྟག་པ་ཡིན།། དབྱིངས་སུ་ཡང་ན་བསྒྲལ་བར་བྱ།། ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས།། ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར།། ཆོས་ཉིད་རྟོག་པའི་ཏིང་འཛིན་གྱིས།། གཉིས ་སུ་མེད་པ་ཐབས་ཀྱིས་སྒྲོལ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ལམ་ལྔའི་སེམས་ཅན་ཀུན་བཀུག་ནས།། ཐམས་ཅད་མ་ལུས་བསྒྲལ་བར་བྱ།། རི་རབ་ཆེན་པོ་གླིང་བཞི་ལ།། གནས་པའི་སེམས་ཅན་མ་ལུས ་ཀུན།། ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ།། ཡེ་ཤེས་མེ་ཆེན་བསྒོམས་བྱས་ནས།། ཐམས་ཅད་མ་ལུས་བསྲེག་པར་བྱ།། དབྱིངས་སུ་ཡང་ན་བསྟིམ་བྱ་སྟེ།། དེ་བཞིན་གཤེགས་པར་བྱིན་གྱིས་བརླབས།། རྒྱལ་བའི ་སྲས་སུ་དབང་ཡང་བསྐུར།། དེ་ལྟར་སྒྲོལ་བ་ཀུན་བྱས་ཀྱང་།། བསྒྲལ་བའི་དངོས་པོ་གང་ཡང་མེད།། ཕུང་པོ་ལྔ་པོ་གཞིག་པ་ལ།། བཤིགས་ནས་འབྱུང་བ་བག་ལ་ཞ།། མ་གཞིག་ན་ཡང་འབྱུང་བ་ཡིན།། རྣམ་ཤེས ་མེད་པས་གསད་བྱ་ནི།། གནས་པ་ཉིད་ན་དངོས་པོ་མེད།། སེམས་ཀྱི་རང་བཞིན་དེ་ལ་ནི།། དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་།། སུས་ཀྱང་ཟིན་ཅིང་སོང་བ་མེད།། འོང་ན་ཐུགས་རྗེས་གང ་བསྒྲལ་ན།། རྣམ་རྟོག་མཚན་མ་ཐམས་ཅད་ཀུན།། ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་།། ཤིན་ཏུ་གོམས་པས་དབང་བསྐུར་ཏེ།། བྱང་ཆུབ་ཞིང་ལ་དགོད་པར་བྱ།། དེ་ཙམ་ལ་ནི ་བསྒྲལ་ཞེས་གདགས།། སྦྱོར་བ་ཉིད་ན་སྦྱོར་བ་ཡོད།། ཉོན་མོངས་སྡུག་བསྔལ་རྩད་བཅད་ནས།། བྱང་ཆུབ་གནས་སུ་བསྒྲལ་བས་ན།། གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན།། མ་བྱིན་ལེན་པ་ཞེས་བྱ་བའི་དམ་ཚིག ་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བདག་དང་བདག་གིས་གཞན་ན་མིན།། རང་བཞིན་ངང་གིས་བདག་མེད་པའི།། ཀུན་ལ་ཐོགས་མེད་སྤྱོད་འགྱུར་ཡང་།། སྤྱོད ་དང་སྤྱོད་པར་གཉི་ག་མེད།། ཐམས་ཅད་ཡེ་ནས་སྟོང་པ་ལ།། གང་གིས་ལེན་ཅིང་གང་ལ་སྤྱོད།། སྣང་སྲིད་མ་ལུས་ཐམས་ཅད་དང་།། ཐོགས་པ་མེད་པར་སྤྱད་གྱུར་ཀྱང་།། འཆི་བར་མི་འགྱུར་བསོད་ནམས་ཚོགས།། ་ཆགས་མེད་ཡེ་ཤེས་ཆེན་པོ་ཡིན།། མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས།། དེ་ཉིད་རང་རིག་ཡིན་པར་བཤད།། གཉིས་སུ་མེད་པར་རྟོགས་གྱུར་ན།། བླངས་པ་ཉིད་ན་ཀུན་ཏུ་བཟང་།། རྫུན་དུ་སྨྲ་བ་ཞེས་བྱ་བའི་དམ ་ཚིག་ནི། ཆོས་རྣམས་མ་བྱས་ཐམས་ཅད་ཀུན།། ཡེ་ནས་དངོས་པོ་ཡོད་མ་ཡིན།། རང་བཞིན་ངང་གིས་འོད་གསལ་བ།། མིང་ཙམ་ཚིག་གིས་མཚོན་མོད་ཀྱིས།། མིང་དང་ཚིག་ལ་དངོས་པོ་མེད།། མ་རིག་པ་ཡི་འཁྲུལ ་། རྟོག་གིས།། ང་དང་བདག་ཏུ་མེད་པ་ལ།། སོ་སོའི་མཚན་མ་དངོས་པོར་བཟུང་།། འཛིན་པའི་དངོས་པོར་བཟུང་།། འཛིན་པའི་དངོས་པོ་ཡོངས་མེད་དེ།། ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ།། ཇི་སྙེད་མང་པོ ་བརྗོད་པ་ཡང་།། བརྗོད་པར་བྱེད་དང་བརྗོད་པ་མེད།། ཆོས་རྣམས་ཐམས་ཅད་རྫུན་དུ་སྣང་།། རྫུན་ཉིད་ལ་ནི་རྫུན་སྤྱོད་དོ།། རྫུན་ཞེས་རྟོགས་ཙར་ཡོད་མ་ཡིན།། ཐམས་ཅད་རྫུན་གྱི་ཚིག་བཞིན་ནོ།། ་རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཐོག་མ་མེད་ནས་ཕྱིན་ཅི་ལོག། ཐོག་དང་བདག་གིས་མེད་པ་ལ།། རྣམ་རྟོག་མཚན་མས་སོ་སོར་འཛིན།། འཛིན་པ་དངོས་པོ་ཡོད་མ་ཡིན།། མི་མཐུན་མཚན་མ་གཞོམ ་པའི་ཕྱིར།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བདག་རྟོགས་བག་ཆགས་ཀུན་བཅོམ་ནས།། རྡོ་རྗེ་དབྱིངས་སུ་ཐིམ་པར་བྱ།། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། ཁམས ་གསུམ་ཉོན་མོངས་འཁོར་བ་རྣམས།། གཞན་གྱིས་བཅིངས་ཏེ་འཁོར་བ་མིན།། འཛིན་རྟོགས་ཆགས་པ་ཉིད་ཀྱིས་འཁོར།། བློ་ཆེན་རབ་ཏུ་ལྡན་པ་ཡིས།། ཆོས་ཀྱི་དོན་པོ་མཆོག་ཉོན་ལ།། འཁོར་བ་སྤངས་མེད་སངས ་རྒྱས་ཞིང་།། ཐམས་ཅད་མ་ལུས་ཆོས་ཉིད་རྟོགས།། རིན་ཆེན་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། ནོར་གྱི་མཆོག་ནི་དཀར་བདུན་ཡིན།། འདོད་པས་བཙལ་བས་མི་རྙེད་དེ།། རང་རིག་དབྱིངས་ཀྱི་ཡེ་ཤེས ་དང་།། སྐུ་གསུང་ཐུགས་འདས་མི་དམིགས་པ།། ཆགས་པ་མེད་པའི་ཚུལ་གྱིས་ནི།། གཉིས་སུ་མེད་པར་སྦྱོང་བྱས་ནས།། ནོར་བདུན་ཆེན་པོ་འབྱུང་བར་འགྱུར།། མཚན་དང་དཔེ་བྱད་སྣ་ཚོགས་ལྡན།། པདྨ་ཆགས ་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བསྒོ་དང་བསྒོ་བར་བྱ་བ་མིན།། པདྨ་འདམ་ནས་སྐྱེས་པ་འདྲ།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། ་བདག་ལས་གཞན་དུ་གཅིག་ཀྱང་མེད།། བདག་ཉིད་ཤིན་ཏུ་མི་དམིགས་པས།། ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཤིང་།། དོན་རྣམས་གྲུབ་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་རིགས་ཀྱིས་ཐམས་ཅད་བཅོམ།། རིན་ཆེན ་རིགས་ཀྱིས་ཡོན་ཏན་འབྱིན།། པདྨའི་རིགས་ཀྱིས་བག་མེད་འབྱུང་།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། ཐམས་ཅད་དོན་རྣམས་རྫོགས་པར་བྱ།། གཟུང་དང་འཛིན་པ་རྣམས་སྤངས་ཏེ།། མཉམ་པའི་དབྱིངས་ལ ་སེམས་ཀྱིས་བལྟ།། སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ།། ནོར་བདུན་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་རྨད་བྱུང་ཀུན་གྲགས་པ།། གཞན་ཡང་ཡིད་འོང་མ་ཡིན་ཏེ།། རང ་བྱུང་ཡེ་ཤེས་གནས་མེད་ཡིན།། མཐོ་དམན་ཀུན་གྱི་གཟུགས་སྣང་དང་།། བླ་མེད་བྱང་ཆུབ་སྐུ་སྣང་བ།། མེ་ལོང་ལྟ་བུའི་ཚུལ་བཞིན་དུ།། སྣ་ཚོགས་ཁ་དོག་དབྱིངས་སུ་སྣང་།། དེ་བཞིན་གཤེགས་པའི་གསུང་རབ ་རྣམས།། སྒྲ་དང་མིང་ཚིག་ཀུན་ལས་འདས།། བརྗོད་མེད་རང་བཞིན་ཀུན་དག་གོ། ཉོན་མོངས་མེད་ཅིང་བླ་མེད་སྒྲ།། མ་བརྗོད་སྟོང་གསུམ་གྲགས་པ་ཡིན།། གསུང་བརྗོད་བསམ་གྱིས་མི་ཁྱབ་པ།། བརྗོད་པ་ཉིད་ན ་སྟོང་གསུམ་མེད།། དེ་ཉིད་སྣ་ཚོགས་བརྗོད་པའོ།། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ།། ཡང་དག་རྟོགས་པས་རབ་རྟོགས་ན།། གཞི་རྩ་མེད་དབྱིངས་སྐད་ཅིག་ལ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། དེ་ཉིད ་སྣ་ཚོགས་འབྱུང་བའི་རྒྱུ།། སུས་ཀྱང་མ་བཅོས་མ་བྱས་པ།། བདག་གིས་བདག་ཀྱང་དམིགས་མི་འགྱུར།། དངོས་མེད་ཀུན་ལ་དབང་བསྐུར་བ།། སྐུ་གསུང་ཡང་དག་ལྡན་གྱུར་ན།། ཡོན་ཏན་ནམ་མཁའི་མཐའ་དང ་ཉམམ།། མི་འགྱུར་སངས་རྒྱས་ཞིང་དུ་འུབ།། སྤྱོད་ཡུལ་མ་ལུས་ཐམས་ཅད་ལ།། ཇི་ལྟར་དམིགས་པ་བཞིན་དུ་འབྱུང་།། མི་ཟད་རིན་ཆེན་གཏེར་ཆེན་འགྲུབ།། གཞན་གྱིས་དབྲོག་ཏུ་མེད་པ་ཡི།། བོ་དེའི་དཀར་ནི ་རིན་པོ་ཆེ།། ཐུགས་རྗེ་ཆེན་པོའི་བྱིན་རླབ་ཀྱིས།། བྱ་བྱེད་མེད་པ་རྣམས་ཞི་མཛད།། མཛད་དང་མཛད་པར་བྱ་བ་མེད།། སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།། སྤྱོད་མེད་ངང་གིས་དཀྱིལ་འཁོར་ལ།། ཆགས་མེད་ཚུལ་དུ་རྣམ ་པར་རོལ།། བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་།། བྱེད་པ་ཉིད་ན་ཆུ་ཟླའི་ཚུལ།། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། རྩ་བ་ལྔ་ཞེས་བརྗོད་མོད་ཀྱིས།། བརྗོད་པའི་མཚན་ཉིད་ཡོངས་མེད་དེ།། མཚན་ཉིད ་མེད་པ་སྣ་ཚོགས་སྣང་།། དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན།། ཀུན་ལ་ཁྱབ་ཅིང་མི་གནས་པ།། དེ་ནི་རིག་པ་རང་དབང་འགྱུར།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། ནམ་མཁའི་སྣང་བྱེད་ཅེས་བྱ་བའི་དམ་ཚིག་ནི།། ་ས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱིས་ཀུན་ཏུ་ཁྱབ།། སྣོད་བཅུད་མ་ལུས་ཐམས་ཅད་ལ།། སྣང་བ་ཆེན་པོས་ཁྱབ་པར་འགྱུར།། ནམ་མཁའ་གཟུང་དུ་མེད་པ་ལྟར།། སྣང་སྲིད་ཐམས་ཅད་དེ་དང ་འདྲ།། ཆོས་རྣམས་ཐམས་ཅད་སེམས་ཡིན་ནོ།། སེམས་ནི་ནམ་མཁའི་རང་བཞིན་ནོ།། རྟེན་བྱེད་པ་ཞེས་བྱ་བའི་དམ་ཚིག་ནི། ཇི་ལྟར་ས་གཞི་ཆེན་པོ་ལ།། སེམས་ཀྱིས་ཟིན་དང་མ་ཟིན་པའི།། སྐྱེ་འཁྲུངས་མ་ལུས ་ཐམས་ཅད་འབྱུང་།། ཐམས་ཅད་ཀུན་གྱི་གནས་བརྟེན་ཏེ།། དེ་བཞིན་ཐེག་ཆེན་བླ་མེད་ལ།། བྱང་ཆུབ་སངས་རྒྱས་ཀུན་ཀྱང་གནས།། ཐེག་པ་མཐོ་དམན་ཐམས་ཅད་འབྱུང་།། ཐམས་ཅད་ཐེག་ཆེན་དབྱིངས་སུ ་འདུས།། སྲེག་བྱེད་ཡེ་ཤེས་མེ་ཞེས་བྱ་བའི་དམ་ཚིག་ནི།། བདག་མེད་རང་རིག་ཡེ་ཤེས་ཀྱིས།། དངོས་དང་དངོས་མིན་བག་ཆགས་བསྲེག། རང་དང་སྤྱི་ཡི་ཆོས་རྣམས་དང་།། སེམས་ཀྱི་རྣམ་རྟོག་ཐམས་ཅད་ཀུན།། ་དངོས་པོ་མེད་པར་རྟོགས་བྱས་ནས།། འཁོར་བ་མ་སྤངས་རྣམ་པར་དག། མྱ་ངན་མི་འདས་ཡེ་ནས་གནས།། འགྲོ་དང་གནས་པར་བྱ་བ་མིན།། རྟོག་པ་ཐམས་ཅད་ཡེ་ཤེས་ཚོགས།། ཐམས་ཅད་འཁྲུ་བྱེད་ཅེས་བྱ་བའི ་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ཀུན།། སྒྲིབ་གཉིས་དག་པས་འཁོར་བར་འགྱུར།། མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས།། བདེན་པ་ཉིད་ཀྱིས་རྟོགས་བྱས་ནས།། ཕ་རོལ་ཕྱིན་སོགས་ས་བཅུ ་འགྲུབ།། ས་གསུམ་ཡང་དག་རྫོགས་བྱས་ཏེ།། མཉམ་པའི་ཞིང་ལ་ཐམས་ཅད་བཀོད། ཁྲུས་ཀྱི་མཆོག་ནི་དེ་ཡིན་ནོ།། གཡེངས་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། སེམས་དང་རྡུལ་རྣམས་མེད་རྟོགས་པས།། ཡེ ་ཤེས་རླུང་གིས་བག་ཆགས་གཏོར།། ཆོས་རྣམས་ཡེ་ཤེས་རླུང་དང་འདྲ།། དེ་ལ་གཟུང་དུ་མེད་པ་ལྟར།། ཀུན་ལ་དེ་ལྟར་འབྱོར་བར་གྱིས།། མ་བཅོས་ཡེ་ནས་དེ་ལྟར་གནས།། ཐམས་ཅད་ཀུན་ལ་དབང་བསྒྱུར་ཞེས་བྱ། ་བའི་དམ་ཚིག་ནི། རང་རིག་ཕྱིན་ཅི་མ་ལོག་པའི།། གཟུང་འཛིན་གཉིས་མེད་རྟོག་པ་ཡིས།། ཐམས་ཅད་མཉམ་པའི་ངང་གྱུར་ན།། ཐམས་ཅད་མ་ལུས་བདག་ཡིན་པས།། ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ།། ཇི ་ལྟར་དམིགས་པ་བཞིན་དུ་འགྲུབ།། ཇི་ལྟར་སྤྱོད་ཀྱང་བསོད་ནམས་ཚོགས།། མཉམ་རིག་ཡེ་ཤེས་ཆེན་པོ་ཡིན།། ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པའི་དམ་ཚིག་ནི། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།། ་སྣང་བ་ཉིད་ན་འཇའ་ཚོན་བཞིན།། རང་བཞིན་མེད་པ་ཀུན་ཏུ་སྣང་།། དེ་ཉིད་ཆོས་སྐུ་ཡིན་པར་བཤད།། ཅིས་ཀྱང་མ་གོས་སྤངས་པའོ།། སོ་སོའི་སྣང་བཞིན་མཐུན་པའི་གཟུགས།། བདག་དང་བདག་ཏུ ་མ་རྟོག་པ།། དེ་ལྟ་བུ་ཡི་ངང་དུ་སྣང་།། ཆོས་རྣམས་སྒྲ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་།། དངོས་པོ་མེད་ལས་དངོས་པོའི་སྒྲ།། བརྗོད་དང་སྒྲ་ཡི་དངོས་པོ་མིན།། ཆོས་ཀྱི་སྒྲ་ལྟར ་ཤེས་པར་བྱོས།། ཐམས་ཅད་མ་ལུས་དོན་འབྱུང་བའི།། ཚིག་གིས་མཚོན་ལས་གུད་ན་མེད།། སྒྲ་ཉིད་དོན་གྱི་དངོས་པོ་མིན།། དོན་ཉིད་སྒྲ་ལས་གུད་ན་མེད།། ཆོས་རྣམས་དྲིའི་མཚན་ཉིད་དུ་ཤེས་པར་བྱ་བའི་དམ ་ཚིག་ནི། ཆོས་རྣམས་ཐམས་ཅད་དངོས་པོ་མེད།། སྣ་ཚོགས་འབྱུང་ཞིང་རྣམ་པར་འཕྲོ།། དེ་བཞིན་དྲི་ཡི་དངོས་པོ་ཡང་།། ཡོད་པ་མ་ཡིན་ཀུན་ཏུ་གནས།། ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས།། ཆོས་ཀུན་དེ་ལྟར ་ས་པར་གྱིས།། དྲི་ཡིས་རབ་ཏུ་ཚིམ་གྱུར་ཀྱང་།། དྲི་དང་གནོམ་པ་གཉིས་སུ་མེད།། ཆོས་རྣམས་རོ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། གཞི་རྩ་མེད་ལས་ཐམས་ཅད ་འབྱུང་།། དེ་བཞིན་དབང་པོ་དངོས་མེད་དང་།། རྫས་ཀྱིས་དངོས་པོ་མེད་པ་ཡིས།། རྣམ་ཤེས་དབང་པོ་ཡུལ་ཚོགས་ནི།། རོ་ཡི་དབང་པོ་ཐམས་ཅད་འགྲུབ།། རོ་དང་རོ་རུ་རྟོག་པ་ཡང་།། རང་བཞིན་མེད་པར་སྐད ་ཅིག་མ།། ཆོས་རྣམས་རེག་བྱ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི།། གཟུགས་ནི་དབུ་བ་རྡོས་པ་འདྲ།། ཚོར་བ་ཆུ་ཡི་ཆུ་བུར་བཞིན།། མཚན་འཛིན་སྨིག་རྒྱུ་བཞིན་དུ་གནས།། རྣམ་ཤེས་སྒྱུ་མས་དབང་བསྒྱུར་ན།། ་མཚན་མ་སྣ་ཚོགས་འབྱུང་བར་ངེས།། བདེ་བའི་རོ་མཆོག་ཀུན་ཀྱང་མྱོང་།། དེ་ཉིད་བསོད་ནམས་ཚོགས་ཆེན་ཏེ།། བདེ་བའི་བདེ་བ་ཆགས་མེད་ཡིན།། འདུས་བྱས་རྣམ་པར་དག་པ་ཞེས་བྱ་བའི་དམ་ཚིག་ནི། ཡང ་དག་ཉིད་ལ་གནས་བཅས་ནས།། ཕྱི་ནང་སྣོད་བཅུད་རྣམ་པར་དག། རིག་པར་སྣང་བ་དེ་བཞིན་གཤེགས།། སྒྱུ་མ་འཛིན་པ་ཡུམ་གྱི་དབྱིངས།། གཟུགས་ཀྱི་མཚན་མ་དངོས་པོ་མེད།། གཅིག་ལ་ལྔ་ལྔར་གཞིག་པ ་དང་།། ཐམས་ཅད་མཉམ་པའི་ངང་དུ་གནས།། ནམ་མཁའ་དེ་བཞིན་ཆོས་ཀྱི་དབྱིངས།། འདུས་མ་བྱས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། གཤེགས་སྐུ་སྒྱུ་མར་སྣང་བ་དང་།། ལོག་ལྟ་སྒྱུ་མར་སྣང་བ་གཉིས།། ་གཞི་རྩ་མེད་དེ་རང་བཞིན་སྟོང་།། རིགས་དང་རྒྱུ་དང་རྟག་པ་མེད།། རིགས་དང་ཁ་དོག་དབྱིབས་མེད་ལས།། ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་།། སྣང་བ་ཉིད་ན་ཆོས་ཀྱི་སྐུ།། ཅིར་ཡང་འགྱུར་ཞིང་ཐམས་ཅད ་འགྲུབ།། གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ཀུན།། རྣམ་རྟོག་འདུ་བྱེད་མང་པོས་གཡེངས།། ཇི་ལྟར་བྱིས་པ་ཤེད་མ་བྱེ།། བྱ་བྱེད་མང་པོས་གཡེངས་པར་གནས།། བྱ ་བྱེད་མང་པོས་བདག་མེད་པར།། ཏིང་ངེ་འཛིན་གྱི་དབང་གྱུར་ན།། མཚན་མ་མཉམ་པའི་དབྱིངས་སུ་གནན།། འདུ་བྱེད་སྣ་ཚོགས་མི་གཡོ་བརྟན།། དབང་ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས ་རྣམས་ཐམས་ཅད་སྐྱེ་མེད་པས།། ཤིན་ཏུ་བརྟན་པའི་དབང་ཐོབ་འགྱུར།། རང་རིག་ཡེ་ཤེས་འོད་གསལ་བར།། ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ།། ཆོས་རྣམས་ཐམས་ཅད་དབྱེར་མེད་པས།། ཀུན་ལ་སྤྱོད་པའི ་དབང་ཐོབ་སྟེ།། སྤྱོད་ཅིང་ཆགས་པ་མེད་པའི་ཚུལ།། ཀུན་ཀྱང་རང་བཞིན་ཡེ་ནས་མཉམ།། ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཞི་མཚམས་བཞི་སྟེང་འོག་ཏུ།། རང་བྱུང་ཆེན་པོས་ཀུན་ཏུ ་ཁྱབ།། རང་བྱུང་དེ་ཉིད་དངོས་མེད་པར།། ཀུན་གྱི་ཕྱག་རྒྱའི་རྒྱུད་ཡིན་ནོ།། ཆོས་དབྱིངས་དེ་ཉིད་ཟབ་པ་ཡི།། ཀུན་ལ་གནས་ཤིང་བརྟག་དཀའ་འོ།། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། ཡེ་ནས་བདེ་གནས ་ཞིང་དུའོ།། ཆོས་རྣམས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་དབྱིངས་སུ་རོ་གཅིག་པས།། དེ་ལས་ང་དང་བདག་མ་རྟོག། རང་བཞིན་རྣམ་པར་དག་པ་ལ།། གཙང་དང་དམེ་བའི་བློ་མ་བྱེད།། ཐམས་ཅད ་བདེ་གཤེགས་སྙིང་པོ་བས།། རྐྱེན་གྱི་རྡུལ་གྱིས་ག་ལ་འགྲོ། ཤེས་རབ་མཆོག་གིས་དེ་ལྟར་རྟོགས།། མ་ལུས་ཀུན་འདུས་དབྱིངས་ཤེས་བྱོས།། ཐམས་ཅད་འཇིག་རྟེན་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་རྩལ ་ལྡན་པ་ཡིས།། བདག་རྟོག་མཚན་མ་ཀུན་གཞིག་ནས།། མཚན་ཉིད་མེད་པའི་ཕྱག་རྒྱ་རུ།། ཐམས་ཅད་འདུས་པར་ཡང་དག་རྟོགས།། རྟོགས་པ་ཉིད་ན་དངོས་མེད་དོ།། དེ་ཉིད་སྣ་ཚོགས་པར་སྣང་བ།། སྣང་བ་ཉིད ་ན་བྱ་བྱེད་མེད།། དེ་ཉིད་འཇིགས་པའི་ཕྱག་རྒྱ་ཡིན།། གཡུང་དྲུང་ཚེ་འཕེལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་བདག་ཡིན་པས།། རང་རིག་ཡེ་ཤེས་འོད་གསལ་བས།། ཐམས་ཅད་མཁྱེན་པའི་དབང ་ཡང་ཐོབ།། ཆོས་རྣམས་ཐམས་ཅད་དབྱེར་མེད་པས།། ཀུན་ལ་སྤྱོད་པའི་དབང་ཡང་ཐོབ།། སྤྱོད་ཅིང་ཆགས་པ་མེད་པའི་ཚུལ།། ཀུན་ཀྱང་རང་རིག་ཡེ་ནས་ཟླུམ།། ཐམས་ཅད་སངས་རྒྱས་འདི་ཞེས་བྱ་བའི་དམ་ཚིག ་ནི། གང་དུ་འགྲོ་ཞིང་གང་དུ་སྐྱེས།། འཇིག་དང་སྐྱེས་པའི་དངོས་པོ་མེད།། དངོས་མེད་དེ་ལས་སུ་ཞིག་སོང་།། གང་གིས་གཉིས་སུ་འཛིན་པ་ལ།། སྐྱེས་དང་འཆི་བ་དེ་ལ་ཡོད།། ཡེ་ཤེས་སྤྱན་གྱིས་བརྟགས་པ་ན།། ་སྐྱེ་འཇིག་ཉིད་ན་དངོས་པོ་མེད།། ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི། མཆོག་གསུམ་རྫོགས་པ་མན་ཆད་ནས།། ངན་སོང་གནས་རྣམས་ཐམས་ཅད་དུ།། ཡང་དག་པར་ནི་དབྱེར་མེད་དེ།། གང་ཡང ་སྤངས་པར་བྱ་བ་མིན།། ཐེག་པ་མཐོ་དམན་བསམ་ཡས་པས།། དོན་དུ་མི་འགྱུར་ཡོངས་མ་གསུངས།། ངན་སོང་གནས་རྣམས་ཐམས་ཅད་ཀུན།། བླ་མེད་བྱང་ཆུབ་རྒྱུ་ཡོད་པའོ།། ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ ་ཚིག་ནི། ཐམས་ཅད་ཀུན་ཏུ་བཟང་པོ་ཡིས།། འདོད་པའི་ཡོན་ཏན་ལྔ་རྣམས་ལ།། ཐོགས་པ་མེད་པར་སྦྱོང་བྱས་ཏེ།། བསོད་ནམས་ཚོགས་ཆེན་ཡིན་པར་བརྟག། དེ་བཞིན་གཤེགས་པ་ལྔ་རུ་བརྟག། ་གཞན་ཡང་སྟོང་ཁམས་ཐམས་ཅད་ན།། ཤེས་རབ་དབྱིངས་དང་འདོད་ཡོན་རྣམས།། རབ་འབྲིང་ཐ་མ་ཐམས་ཅད་སྤྱད།། ཐམས་ཅད་མི་ཆུད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་མཉམ་པའི་དཀྱིལ་འཁོར་དུ།། ་རྡོ་རྗེ་རིགས་མཆོག་མ་རྟོགས་པ།། ཐེག་པ་དམན་དང་ལྟ་བ་དམན།། དེ་བཞིན་ཐེག་མཆོག་རྟོགས་མི་འགྱུར།། མཉམ་པའི་དབྱིངས་ཀྱིས་ཀུན་ཁྱབ་ཀྱང་།། ཉོན་མོངས་སྡུག་བསྔལ་ཉིད་ཀྱིས་སྒྲིབ།། དེ་ཡིས་ཡང་དག ་ཉིད་མི་མཐོང་།། མ་མཐོང་བ་ལ་མི་ཆུད་བྱ།། ཐམས་ཅད་བསྲུང་དུ་མེད་པར་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་སངས་རྒྱས་ལ།། སྒྲུབ་ཅིང་བསྲུང་བར་བྱ་བ་མེད།། དགེ་དང་མི་དགེ་གཉིས་ཀ་མེད།། ཉོན ་མོངས་སྤོང་ཞིང་བྱ་སྒྲུབ་མེད།། དེ་བཞིན་ཉིད་ཀྱིས་གླུད་གྱུར་ན།། བདེ་དང་མི་བདེ་དབྱེར་མེད་དེ།། ཡེ་ནས་དག་མཉམ་ཉིད་དུ་གནས།། དེ་ལ་བསྲུང་དུ་རྡུལ་ཙམ་མེད།། ཐམས་ཅད་བསྲུང་བ་ཞེས་བྱ་བའི་དམ་ཚིག ་ནི། སེམས་ཅན་ཁམས་གསུམ་འཁོར་བ་ཡིས།། ཐོག་མ་མེད་ནས་སེམས་ཡན་བཏང་།། ཕྱིན་ཅི་ལོག་ཀྱང་འཇོལ་ཏོག་སྤྱད།། གཟུང་འཛིན་དོན་ལ་ཤིན་ཏུ་ཆགས།། དེ་ནས་འཁོར་བར་རྟག་ཏུ་འཁྱམས།། དེ་བས་རང ་སེམས་རྟོགས་བྱས་ཏེ།། ལེ་ལོ་གཡེངས་པ་ཡོངས་སྤངས་ནས།། ང་མེད་བདག་མེད་མཉམ་པར་སྲུངས།། ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་སེས་དཔས་བཀས་བཅད་པའི།། སྡོམ་པའི་རྩ་བ ་ཐམས་ཅད་ཀུན།། དེ་བཞིན་དུ་ནི་མ་བསྲུང་ན།། ཡཀྵ་ཁྲོ་བོ་མེད་དཔལ་གྱིས།། སྙིང་ནས་དྲངས་ཏེ་ཁྲག་འཐུང་ན།། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ཡི་སྡུག་བསྔལ་བཟོད་བླག་ཆད།། དམ་ཚིག་འདི་ནི་རྡོ་རྗེ ་ཆེ།། དམ་རྫས་སོ་སོར་སྤྱད་པ་ཞེས་བྱ་བའི་དམ་ཚིག་ནི། རིགས་ལྔ་སོ་སོར་དབྱེ་བ་ཡིས།། རྡོ་རྗེ་སེམས་དཔའ་གླང་པོའི་ཤ། རིན་པོ་ཆེ་ནི་རྟ་ཡི་ཤ། པདྨ་ཉའི་ཤ་ཆེན་པོ་སྟེ།། དོན་ཡོད་ནམ་མཁའ་ལྡིང་གི་ཤ། དེ ་བཞིན་གཤེགས་པ་ཤ་ཆེན་ཏེ།། དབྱེ་འམ་ཡང་ན་མི་དབྱེ་བར།། ཡང་ན་ཐམས་ཅད་གཅིག་ཏུ་བསྡུས།། ཡང་ན་མཚན་ཉིད་མེད་པར་བརྟག། ཏིང་ངེ་འཛིན་གྱིས་དམ་ཚིག་ནི།། ཐམས་ཅད་མ་ལུས་ཆོས་སོ་ཅོག། དེ ་བཞིན་ཉིད་ཀྱིས་རྒྱས་བཏབས་པས།། གཉིས་སུ་དབྱེར་མེད་ཏིང་འཛིན་བརྟན།། དེ་ལྟར་སངས་རྒྱས་སེམས་ཅན་ནི།། རང་རིག་བྱང་ཆུབ་སེམས་ཡིན་པས།། དུས་གསུམ་ན་ནི་རྒྱལ་མི་བཞུགས།། སུས་ཀྱང་མ་བཅོས ་མ་བྱས་པའི།། བརྗོད་པའི་ཚིག་ལས་འདས་པ་དེ།། རྒྱལ་བ་ཡིན་ཞེས་རྒྱལ་བས་གསུངས།། དེ་ལྟར་ཤེས་པ་རྒྱལ་བ་བས།། ཐབས་མཁས་ཤེས་པའི་ཏིང་འཛིན་ཡིན།། ཕྱག་རྒྱའི་དམ་ཚིག་ནི། བདེ་གཤེགས་དཀྱིལ ་། འཁོར་མ་ལུས་ཀུན།། ཡེ་ནས་རང་བཞིན་འོད་གསལ་བ།། ཐམས་ཅད་ཀུན་ལ་ཡོད་པར་བཤད།། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཉིད།། བླ་ན་མེད་པའི་མཆོག་ཡིན་ནོ།། རྡོ་རྗེ་རིགས་མཆོག་ཐམས ་ཅད་ཀྱིས།། བར་མ་ཆད་པར་རྟག་ཏུ་བསྒྲུབ།། བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར།། བླ་མེད་བྱང་ཆུབ་མཆོག་ཀྱང་འགྲུབ།། སྐྱེ་ཤི་མེད་པའི་བདེ་འགྲུབ་སྟེ།། སེམས་ལ་དབང་ཡང་ཐོབ་པར་འགྱུར།། སྤྱོད་ཡུལ་ཐམས ་ཅད་སྨོན་ན་ཤེས།། གང་ཞིག་དཀྱིལ་འཁོར་འདི་སྤངས་ན།། ཉོན་མོངས་ངན་སོང་གནས་སུ་སྐྱེ།། བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར།། བླ་མེད་འགྲོ་བའི་རྒྱུར་ཡང་བཤད།། རིག་འཆང་ཉིད་དུ་གནས་པར་འགྱུར།། རྡོ ་རྗེ་སེམས་དཔའ་འགྲུབ་འདོད་པས།། རྟག་ཏུ་མཉམ་པའི་དོན་རྟོགས་ལ།། སྐུ་ནི་འཇའ་ཚོན་ཚུལ་འདྲ་བ།། སྣང་ལ་རང་བཞིན་མེད་པར་བསྒོམ།། འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པས།། གསལ་ལ་རང་བཞིན་མེད ་པར་བསྒོམ།། ལྷ་ཡི་སྐུ་རྣམས་གསལ་བསྒོམས་ནས།། བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར།། དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན།། ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར།། རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ།། ་ཡི་དམ་ལྷ་དེ་སྤངས་བྱས་ན།། ངན་སོང་མི་བདེ་རྟག་ཏུ་མྱོང་།། སྔགས་དང་ཕྱག་རྒྱ་རྒྱུན་མི་ཆད་པའི་དོན་ནི། སྔགས་དང་ཕྱག་རྒྱ་བར་མི་བཅད།། རྣལ་འབྱོར་སྒྲུབ་པའི་ལམ་ཡང་ཡིན།། མི་གཏོར་སྡོང་ཞིང་འདྲེན ་པའང་ཡིན།། དོན་མཆོག་རྫོགས་པའི་གནས་ཡིན་ཏེ།། རྟག་ཏུ་མཉམ་བཞག་ཕྱག་རྒྱ་ཡིན།། དུག་གསུམ་སྟོང་འབྱིན་སྔགས་ཡིན་ཏེ།། ཡང་དག་དོན་ཆེན་བླང་འདོད་པས།། དུས་མཚམས་མེད་པར་ཕྱག་རྒྱ་སྔགས།། ་ཡིད་བརྟན་དྲག་ཏུ་བཟླས་བརྗོད་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཕྱག་རྒྱ་བརྗོད་དང་ཡི་གེ་ཨོཾ།། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པས། བླ་མེད་དཀྱིལ་འཁོར་སྟོན་པའོ།། ཡོན་ཏན་ཟད་མེད ་སྦྱིན་པ་ཡིན།། བྱང་ཆུབ་ལམ་ཆེན་འདྲེན་མཛད་པའི།། ཆགས་མེད་ཞིང་དུ་དགོད་པ་ཡིན།། ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་།། འཁོར་བའི་ལམ་རྣམས་སྟོངས་པར་བྱེད།། མ་རིག་མུན་སེལ་སྒྲོན་མ་ཡིན།། ་ལོང་བ་རྣམས་ཀྱི་དམིགས་བུ་མཁན།། དེ་ལ་རྟག་ཏུ་མཆོད་བྱས་པས།། སངས་རྒྱས་བྱང་ཆུབ་ཐག་མི་རིང་།། རྡོ་རྗེ་མཆེད་དང་ལྕམ་དྲལ་གྱིས་མཚན་ཉིད་བསྟན་པ། རྡོ་རྗེ་རིགས་ཀྱི་སྤུན་ཡིན་ཏེ།། ཐོག་མ་མེད་ནས ་ལས་མཐུན་པས།། ལྷ་སྤྱོད་གཅིག་ཏུ་འདིར་སྐྱེས་ཏེ།། གཅིག་ལ་གཅིག་ནི་མིག་འདྲར་བྱ།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། མཆེད་ལ་རྔམ་སེམས་དཔའ་བས་ན།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར།། དེ་བས ་དམ་ཚིག་འདའ་མ་བྱེད།། གསང་བའི་མཚན་ཉིད་བསྟན་པ་ནི།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི།། སྲིད་གསུམ་མ་ལུས་ཀུན་ལ་ཁྱབ།། ཕྱིན་ཅི་ལོག་གིས་རང་སྒྲིབ་ནས།། དབུལ་མོའི་གཏེར་དང་གྱད་ཀྱི ་། ནོར་བུ་འདྲ།། དེ་བས་རྡོ་རྗེ་གསང་མཆོག་འདི།། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས།། ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ།། སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་།། ཐེག་པ་དམན་དང་ཕྱིན་ཅི་ལོག། དེ་ལ ་གསང་བ་བསྟན་འགྱུར་ན།། རང་བཞིན་གསང་དོན་མི་ཤེས་པར།། འཕྲལ་གྱི་སྤྱོད་ཡུལ་དེ་དག་ལས།། ཤིན་ཏུ་ངེས་པའི་དོན་བཟུང་ནས།། གསང་དོན་དེ་ཉིད་ལོག་པར་ཁྲིད།། མ་རྟོགས་དེ་ཉིད་དམྱལ་བར་འགྲོ།། དེ ་བས་རབ་ཏུ་གསང་བར་བྱ།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། ཐར་ལམ་ཀུན་ལ་མཁས་པར་བྱ།། ཤེས་རབ་མཆོག་དང་ལྡན་པས་ནི།། སེམས་ཅན་སྣོད་རིམ་དང་སྦྱོར་ཞིང་།། ཐེག་པ་མཐོ་དམན་དེ་ཉིད་ནི།། སོ ་སོར་འཚམས་པར་བསྟན་དགོས་སོ།། དང་དུ་བླང་དང་མི་སྤངས་དང་།། རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱོད།། ཆགས་པ་མེད་པར་འགྱུར་བ་དང་།། དངོས་གྲུབ་ཡ་མཚན་ཆེན་པོ་ནི།། དམ་ཚིག་མདོར་བཤད་ནང་ནས ་འབྱུང་།། མ་རྟོགས་པ་ཡིས་སྤྱད་གྱུར་ན།། ཡི་དྭགས་སྲིན་པོའི་གནས་སུ་སྐྱེས།། ཡང་ན་དམ་ཚིག་འདི་ལྟ་བུར།། བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར།། འགྲོ་དང་འདུག་དང་ཉལ་བ་ནི།། མཉམ་ཉིད་དེ་ཡི་དབྱིངས ་ན་གནས།། ཤེས་རབ་མཆོག་གིས་རྟག་ཏུ་གྱིས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བྱ་ལམ་ནམ་འཕང་གཅོད་པ་བཞིན།། འཛིན་ཆགས་མ་ལུས་ཐམས་ཅད་ཀུན།། ནམ་མཁའི་རླུང་ཆེན་འཕྱོ་བ་བཞིན།། ཡིད་ཀྱི ་རྟོགས་པ་མ་ལུས་པ།། ཆུ་ལ་ཉ་ཆེན་འཕྱོ་བ་ལྟར།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས།། དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས།། ཚིག་ཙམ་མ་ཡིན་བློ་གཏིང་སྤོས།། རྡོ་རྗེ་ཐེག་ཆེན་ཁས་འཆེ་ལ།། མཉམ་པའི་དོན་ཉིད་མི ་ཤེས་པར།། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་།། ཐུགས་ཐུབ་དག་ཏུ་སྤྱོད་བྱས་པ།། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར།། མཉམ་པའི་དོན་ཉིད་ཇི་ལྟ་བུར།། མཉམ་ཉིད་རང་བཞིན་གང་ཡང་མིན།། ་མཉམ་དང་རྟག་པ་གང་ཡང་མེད།། ཅི་ལའང་མི་གནས་ཀུན་ལ་སྤྱོད།། སྤྱོད་པར་བྱེད་པ་སྤྱོད་པ་མེད།། དེ་ལྟར་རྟོག་པའི་རིགས་མཆོག་ནི།། རྡོ་རྗེ་རིག་འཛིན་སྐྱེ་བ་ཡིན།། འཇིགས་མེད་ཀུན་ཏུ་བཟང་པོར་སྤྱོད།། ་། ཡོན་ཏན་མི་ཟད་གནས་ཀྱང་ཡིན།། མཉམ་པའི་དོན་ཉིད་མི་ཤེས་ཤིང་།། ཀུན་རྫོབ་དོན་དམ་གཉིས་མེད་ལ།། ཆོས་དང་གང་ཟག་བདག་མེད་ལ།། འདི་ནི་བྱང་ཆུབ་སེམས་དཔའ་ཡིན།། ལས་དང་ཉོན་མོངས ་ཐམས་ཅད་ལ།། མཉམ་པའི་དོན་དུ་མི་ཤེས་ཤིང་།། རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན།། འདི་ནི་རང་སངས་རྒྱས་ཀྱི་ས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་།། སྤོང་དང་མི ་སྤོང་བྱེད་འགྱུར་ལ།། འདི་ནི་ཉན་ཐོས་པ་ཡི་ས།། དགེ་བཅུ་དག་ལ་གཙོར་ལེན་ཅིང་།། དགེ་དང་མི་དགེ་མི་མཉམ་པས།། ལྷ་དང་མི་ཡི་སྐྱེ་གནས་ཏེ།། འདོད་ཁམས་དག་ཏུ་འཁོར་བའི་ས།། མཉམ་པའི་དོན་ཉིད་མི་རྟོགས ་ཤིང་།། ཚད་མེད་བཞི་དང་བསམ་གཏན་བཞི།། རིམ་པར་སོ་སོར་བདག་འཛིན་ཅིང་།། གཟུགས་སོགས་རྣམ་ལ་བདག་ཏུ་རྟོག། འདི་ནི་ཚངས་གནས་རིམ་པར་སྐྱེ།། མཉམ་གནས་གཟུགས་མེད་མ ་གཏོགས་ནས།། སྐྱེ་མཆེད་བཞི་ལ་གནས་གྱུར་པས།། སྲིད་པའི་རྩེ་མོའི་ས་རུ་སྐྱེས།། ཐམས་ཅད་མཉམ་པར་མ་སྐྱེས་ནས།། མ་ལུས་ཀུན་ལ་ཞེ་སྡང་ཞིང་།། སྙིང་རྗེ་ཡང་དག་མེད་གྱུར་ན།། འདི་ནི་མི་བཟོད་ཆེན་པོ ་ཡི།། དམྱལ་ཁམས་བཅུ་དྲུག་གནས་པ་ཡིན།། ཆགས་མེད་དངོས་པོ་མི་ཤེས་ནས།། ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་།། ལུས་ཀྱིས་སྒྲིབ་དང་ཟས་ཀྱིས་སྒྲིབ།། ཡི་དྭགས་ཆེན་པོའི་གནས་སུ་སྐྱེས།། ང་དང ་བདག་མེད་མི་ཤེས་ཤིང་།། ཆོས་རྣམས་ཀུན་ལ་རྨོངས་པས་ཤིང་།། ཤེས་རབ་གསལ་དོན་མེད་པས་ནི།། དགེ་སྡིག་གཉིས་ཀྱིས་དོན་མ་རྟོགས།། འདི་ནི་བྱོལ་སོང་གནས་སུ་སྐྱེས།། ཤིན་ཏུ་ང་རྒྱལ་ཆེར་སྐྱེས་ཤིང་།། ་ཐམས་ཅད་བདག་གིར་བཟུང་བ་ནས།། ཀུན་ལ་རྩོད་པའི་ལས་བྱེད་ཅིང་།། ལྷ་མ་ཡིན་གྱི་གནས་སུ་སྐྱེས།། ཐེག་མཆོག་མཐོ་དམན་ཐམས་ཅད་དང་།། འཇིག་རྟེན་ལྟ་བ་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོས་རབ ་བརྟགས་ན།། རང་བཞིན་མེད་ལ་ཅི་ཡང་འགྲུབ།། རང་བཞིན་དབྱིངས་ལས་ཉམས་པར་བྱེད།། ཤེས་རབ་ཆེན་པོས་མིག་ལྡན་པས།། མཐོ་དམན་གནས་དང་ལམ་དྲུག་གནས།། སོ་སོའི་དེ་བཞིན་འཁོར་བ ་གཟིགས།། སྔགས་མཆོག་བླ་ན་མེད་པས་ནི།། མཚན་མ་ཀུན་ཏུ་མི་བརྟག་པར།། མཉམ་པའི་ངང་དུ་ཐམས་ཅད་མེད།། ཀུན་ཀྱང་མཉམ་པ་ཉིད་ཡིན་པས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོའི་ལྟ་བ ་བརྗོད་མི་བྱ།། སྤྱིར་ནི་ལོག་རྟོག་བསམ་ཡས་པ།། ཡེ་ནས་ཡོད་པ་མ་ཡིན་ཏེ།། སོ་སོའི་རྣམ་རྟོག་བག་ཆགས་ཀྱིས།། གཟུང་འཛིན་དྲ་བས་སྒྲིབ་འགྱུར་ཏེ།། ཅི་ཡང་མེད་ལ་ཅིར་ཡང་སྣང་།། སྣང་བ་ཉིད་ན་རང་བཞིན ་མེད།། དེ་ལྟར་རྟོགས་ན་བདེ་འགྲོའི་གནས།། རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས།། རྣལ་འབྱོར་ཆེན་པོའི་ལྷ་སྤྱོད་ནི།། ཇི་ལྟར་སྤྱོད་ཀྱང་རང་བཞིན་མེད།། མཁའ་ལ་བྱ་ཆེན་ལྡིང་བ་བཞིན།། ཆུ་ལ་རྒྱལ་ཆེན་འཕྱོ་བ ་བཞིན།། རྣལ་འབྱོར་ལྟ་བ་དེ་ལྟར་བལྟའོ།། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།། བདེ་བའི་རོ་མཆོག་མྱོང་འགྱུར་ཏེ།། དེ་ལས་སུ་ཞིག་ཆགས་པར་བྱེད།། དབྱེར་མེད་བཞིན་ཆགས ་ཡེ་ཤེས་ཡིན།། བདེ་བའི་ཚོགས་ཉིད་བསོད་ནམས་ཚོགས།། དེ་ལྟ་བུ་ཡི་ངང་དུ་སྤྱོད།། འདི་ནི་སྤྱོད་པ་རླབས་ཆེན་ཡིན།། ལྷ་སྤྱོད་ཡ་མཚན་མ་གྱུར་པས།། སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། ཁ་ཅིག་ལྟ་བ་མཉམ ་གནས་ཀྱང་།། སྤྱོད་པ་དག་དང་ཡོད་མ་མཉམ། ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་།། མཉམ་པའི་ལྟ་བ་ཡོངས་མི་ཤེས། ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད།། ཡང་དག་སྐྱེས་མཆོག་དམ་པ་ཡིས།། དོན་དམ་ཀུན་རྫོབ ་དབྱེར་མེད་པར།། ཡང་དག་ཉིད་དུ་རབ་ཏུ་རྟོག། བླ་མེད་ཐེག་པའི་ནང་ནས་ནི།། དོན་དམ་དུ་ནི་དབྱེར་མེད་དེ།། ཀུན་རྫོབ་ཙམ་དུ་ཐམས་ཅད་ལ།། དག་དང་མ་དག་གཉིས་ཀར་འཛིན།། ཐབས་ཀྱི་ཐེག ་པ་ཆེན་པོ་ནི།། རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ།། ལྟ་བ་མཐོ་དམན་དེ་ཙམ་མོ།། ཐབས་ཀྱིས་ལྟ་སྤྱོད་ཆེན་པོ་ནི།། བླ་མེད་ཐེག་པ་ལས་འཕགས་པ།། དོན་དམ་དུ་ནི་ནོར་བདུན ་ནོ།། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ།། མཉམ་པ་ཉིད་ལས་མ་གཡོས་བཞིན།། ཐབས་ཀྱིས་ཕ་རོལ་ཕྱིན་པ་སྟོན།། ཐབས་དང་ཤེས་རབ་རྣམ་པར་དག། ཐམས་ཅད་དག་ཅེས་བྱ་བ་ཡང་།། དངོས་པོ་གསལ་དག་མ ་ཡིན་ཏེ།། སྣང་དཔྱོད་ཉིད་ན་རྣམ་པར་དག། དམ་ཚིག་ཆེན་པོའི་མོད་རྣམས་ལས།། རིགས་ལྔ་དག་ཏུ་བསྟན་པ་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རིན་ཆེན་དག་ཏུ་ཟད་པར་འདུས།། མ་ལུས་ཆོས་ཀུན ་དབྱེར་མི་དམིགས།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། མི་དམིགས་དབྱིངས་ནས་ཀུན་འབྱུང་བ།། ཡོན་ཏན་ཆེན་པོའི་གནས་ཡིན་ཏེ།། ཞིང་ཁམས་མི་ཟད་གནས་ཀྱང་ཡིན།། འདི་ནི་རིན་ཆེན་རིགས་སུ་གསུངས།། ་ཆོས་རྣམས་ཐམས་ཅད་དབྱེར་མེད་པས།། ཆགས་དང་ཆགས་པར་བྱ་བ་མེད།། དེ་བཞིན་ཉིད་དུ་དོན་གཅིག་སྟེ།། ཉོན་མོངས་ཉེས་པས་མི་གོས་པ།། ཐམས་ཅད་མ་ལུས་དབྱིངས་འདུས་པས།། འདི་ལ་བྱ་བ་རྡུལ ་ཙམ་མེད།། མ་བྱས་བཞིན་དུ་དོན་འགྲུབ་པ།། སྐྱོན་ཡོན་བྱང་ཆུབ་ཉིད་དུ་སྦྱོར།། འདི་ནི་ལས་རྣམས་གྲུབ་པ་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མཐའ་དང་དབུས་མེད་དུ་མ་བྲལ།། གང་ཡང་མ་ཡིན་དེ ་བཞིན་ཉིད།། དབྱེར་མེད་པ་ཡི་ཚུལ་རྟོགས་ཏེ།། འདི་ནི་དེ་བཞིན་གཤེགས་པའི་རིགས།། སྣང་སྲིད་མ་ལུས་ཐམས་ཅད་ལ།། གསལ་ཞིང་དྲོ་བའི་གནས་བྱེད་ཅིང་།། མཚན་མ་བག་ཆགས་སྲེག་བྱེད་པ།། འདི་ནི་མེ ་ཡི་རིགས་སུ་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དངོས་པོར་སྣང་བ་གཟུང་དུ་མེད།། ངང་གིས་ཡེ་ནས་འབྱོར་ལྡན་ཞིང་།། གཉེན་ཆགས་ཉིད་དུ་གནས་པ་ནི།། ཡང་དང་ཡང་དུ་རྒྱུན་མི་ཆད།། མི ་བདེ་དྲག་པས་ཆུ་ཆེན་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དངོས་སྣང་ཐམས་ཅད་གཟུང་དུ་མེད།། བསྐྱོད་ནས་ཐམས་ཅད་ཀུན་སྨྲ་སྟེ།། འདི་ནི་རླུང་ཆེན་ཡིན་པར་བཤད།། དམ་ཚིག་ཆེན་པོའི་མདོ་རྣམས ་ལས།། འབྱུང་བ་ལྔ་རྣམས་བཤད་པ་ནི།། ཐམས་ཅད་མ་ལུས་འབྱུང་བ་ཡིན།། ཐམས་ཅད་མ་ལུས་མཚོ་སྐྱེས་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། སྲ་ཞིང་བརྟན་པའི་གནས་ཡོད་པས།། དངོས་པོ་མེད་པའི ་ཚུལ་རྟོགས་ཏེ།། འདི་ནི་ཆེན་པོ་ཡིན་པར་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ནམ་མཁའི་ཆེན་པོ་ཡི།། ཕྱི་དང་ནང་གི་གོ་འབྱེད་པའོ།། ཐམས་ཅད་གསལ་བའི་ངང་ཡིན་ཏེ། འབྱུང་བ་བཞི་པོ ་ཐམས་ཅད་ཀྱང་།། ཐམས་ཅད་ནམ་མཁའི་ངང་དུ་ཐིམ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱིས་དབྱིངས་སུ་ནུབ།། ཉོན་མོངས་ལྔ་ཞེས་བྱ་བའི་དམ་ཚིག་ནི། མ་རིག་པ་ནི་རིག་པར་འགྱུར།། ཕྱིན ་ཅི་ལོག་ནི་ཡང་དག་སྟེ།། ཉོན་མོངས་ལྔ་པོ་དེ་བཞིན་གཤེགས།། དངོས་མེད་རྟོགས་ན་བྱང་ཆུབ་ལམ།། མ་རྟོགས་ངན་སོང་གསུམ་དུ་འགྲོ།། དེ་བས་ཟོས་བསམ་སྒོམ་པ་ཡི།། ཡང་དག་དོན་རྣམས་རྟོགས་བྱས་ཏེ།། ་ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། འདོད་ཆགས་རང་བཞིན་མེད་པས་ན།། ཡང་དག་དོན་ལ་ཆགས་བྱེད་དེ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། མ་ཆགས་པ་ལ་ཆགས་པ་ནི།། ཤིན་ཏུ་ཆགས་མཆོག་ཆེན་པོ ་ཡིན།། རྒྱལ་བའི་ཞིང་ཁམས་འབྱུང་འགྱུར་བ།། སྣང་མཐའ་ཡས་ཀྱི་ཞིང་དག་ཡིན།། ཐམས་ཅད་པདྨ་རྫུས་ལས་སྐྱེས།། རྡོ་རྗེ་འཛིན་གྱིས་ས་རུ་སྐྱེས།། ཞེ་སྡང་ཆེན་པོའི་མཚན་ཉིད་ནི།། ཕྱིན་ཅི་ལོག་ལ་ཞེ ་སྡང་ཞིང་།། ཞེ་སྡང་དངོས་པོ་མེད་སེམས་ན།། སྡང་དང་མི་སྡང་མཉམ་ཤེས་ཏེ།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། མཉམ་པ་ཆེན་པོའི་ངང་ཉིད་ནི།། ཐམས་ཅད་ཀུན་ཏུ་དབྱེར་མེད་དེ།། དེ་ལྟར་མ་རྟོགས་ཀུན་ལ་སྣང་།། ་དེ་བཞིན་ཕལ་གྱིས་མཉམ་མི་ཤེས།། དེ་ནི་ཞེ་སྡང་ཉིད་དུ་མཐོང་།། ཡང་དག་རྟོག་པས་རབ་བརྟགས་ན།། ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན།། མཉམ་པ་ཆེན་པོའི་ངང་ཉིད་ནི།། ཐམས་ཅད་ཀུན་ཏུ་དབྱེར་མེད་ལ།། གཏི ་མུག་རྨོངས་པ་ཞེས་བརྗོད་པ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དོན་དམ་དུ་ནི་དབྱེར་མེད་ལ།། ཀུན་རྫོབ་སྒྱུ་མ་མིག་ཡོར་ཚུལ།། སྣང་བ་ཉིད་ན་དངོས་མེད་པས།། དེ་ལས་སུ་ཞིག་བདག་ཏུ་འཛིན།། ཐམས ་ཅད་དབྱེར་མེད་མི་དམིགས་པ།། ཤེས་རབ་ཅན་གྱི་གཏི་མུག་ཡིན།། དེ་རྟོགས་དེ་བཞིན་གཤེགས་པའོ།། ང་རྒྱལ་མཚན་ཉིད་བསྟན་པ་ནི།། མཉམ་པ་ཉིད་ལ་གནས་བཅས་ནས།། ཕྱིན་ཅི་ལོག་དང་ཐེག་དམན་ལ།། ་ཤིན་ཏུ་ང་རྒྱལ་ཆེན་པོར་སྣང་།། ང་རྒྱལ་བཞི་པ་སོ་སོར་སྣང་།། རང་བཞིན་མེད་པས་དབྱིངས་སུ་འདུས།། འདི་ནི་ཡོན་ཏན་འབྱུང་གནས་ཏེ།། དེ་བཞིན་གཤེགས་པར་ཤེས་པར་བྱོས།། ཕྲག་དོག་མཚན་ཉིད་བརྗོད ་པ་ནི།། ང་དང་བདག་ཏུ་འཛིན་པ་སྟེ།། འཛིན་ཉིད་དངོས་པོ་ཡོད་མ་ཡིན།། མཉམ་ཉིད་ཤེས་ལ་ཕྲག་དོག་ཅིང་།། ཐམས་ཅད་མཉམ་པ་ཉིད་དུ་འདུས།། མི་མཉམ་པ་ལ་ཤིན་ཏུ་སྡོམ།། དེ་བས་ཕྲག་དོག་ཆེན་པོ་ཡིན།། ། ་ཕྱིན་ཅི་ལོག་ནི་བདག་ཏུ་འཆིངས།། གཟུང་དང་འཛིན་པས་ཤིན་ཏུ་དོག། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དོག་ཡངས་མེད་དེ་ཐམས་ཅད་མཉམ།། དེ་ཉིད་ཤེས་པས་ལས་རབ་འགྲུབ།། ཕུང་པོ་ལྔ་ཞེས་བྱ་བའི ་དམ་ཚིག་ནི།། ཕུང་པོ་ལྔ་པོར་སྣང་བ་ཡང་།། ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད།། བདེན་པའི་ཡུལ་དང་མི་བདེན་ཡུལ།། སོ་སོའི་ཡུལ་རྣམས་མྱོང་བྱེད་ཅིང་།། ལྔ་པོའི་མཚན་ཉིད་གཞིགས་བྱས་ན།། སོ་སོའི་མཚན་ཉིད ་དངོས་པོ་མེད།། གང་གིས་དེ་ལ་དངོས་བཟུང་ན།། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ལ་གཟུགས་ཀྱིས་མཚན་ཉིད་ནི།། སྣང་བ་ཉིད་ན་དངོས་མེད་དང་།། སྣང་མེད་དེ་ཉིད་སྣ་ཚོགས་སྟོན།། སྣང་བ ་མི་སྣང་གཉིས་སུ་མེད།། དེ་རྟོགས་རྣམ་པར་ཐར་པའི་ལམ།། གཟུགས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ།། ཚོར་བའི་མཚན་ཉིད་བརྗོད་པ་ནི།། ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱིས།། བདེ་དང་མི་བདེ་དངོས་པོ་མེད།། ་གཉིས་ཀ་མ་ཡིན་ལུང་མ་བསྟན།། སྣ་ཚོགས་ཚོར་བ་འབྱུང་འགྱུར་ཡང་།། ཚོར་དང་འབྱུང་བ་གཉིས་ཀ་སྟོང་།། སྟོང་ཉིད་དངོས་པོ་ཡོད་མ་ཡིན།། དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན།། འདུ་ཤེས་མཚན་ཉིད་བཤད་པ་ནི།། ་གསུམ་ཚོགས་མཚན་མར་འཛིན་པ་ཡིན།། སོ་སོའི་མཚན་ཉིད་བཤིག་པ་ནི།། དངོས་པོ་མེད་དེ་དེ་བཞིན་ཉིད།། དངོས་མེད་དེ་ཉིད་སྣ་ཚོགས་ལ།། བྱ་བྱེད་མེད་པར་ཀུན་ཏུ་འཇུག། ཁམས་གསུམ་མ་ལུས་ཐམས་ཅད ་ལ།། མཚན་ཉིད་ཆེ་ཆུང་བསམ་མི་ཁྱབ། ཁྱབ་མེད་དངོས་པོ་ཡང་མ་ཡིན།། དེ་ལྟར་རྟོགས་ན་སངས་རྒྱས་མཚན།། འདུ་བྱེད་མཚན་ཉིད་འདི་ལྟར་གནས།། རྩ་བ་བརྒྱད་པོས་ཀློང་གྱུར་ཏེ།། ལྔ་བཅུ་རྩ་གཉིས་ཀུན་ལ ་འཕྲོ།། དེ་རྟོགས་རྩ་བ་ཡོད་མ་ཡིན།། མེད་བཞིན་ལོག་ཡོ་རྣམ་པར་འབྱུང་།། དེ་ལ་དངོས་པོར་འཛིན་པ་ནི།། རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས། ཁམས་གསུམ་བཙོན་རར་རྒྱུན་དུ་འཁོར།། ཡང་དག་དོན་བཞིན ་རིམ་པས་ནི།། འཕྲོ་བའི་གཞི་རྩ་དེ་བཞིན་ཉིད།། དེ་ལས་རྣམ་རིག་འབྱུང་བ་ནི།། དངོས་པོ་མེད་དེ་སྐད་ཅིག་མ།། ཡེ་ཤེས་དབྱིངས་ལས་རོལ་པ་མཛད།། སྤྲུལ་པའི་ཚོགས་ཆེན་ཡིན་པ་བཤད།། ཀུན་གྱིས་འབྱུང ་གནས་རྣམ་ཤེས་ཏེ།། དེ་ཡི་དངོས་པོའི་རང་བཞིན་ནི། ཁ་དོག་དབྱིབས་དང་རིགས་རྒྱུད་མིན།། གང་ཡང་མ་ཡིན་ཉིད་མི་དམིགས།། དེ་ནི་ཀུན་ལ་དབང་བསྒྱུར་ཏེ།། མཐོ་རིས་འགྲོ་འམ་ངན་སོང་འགྲོ།། རྟོགས་དང ་མི་རྟོགས་ཁྱད་པར་རོ།། བཞི་པོ་མཉམ་པའི་ངང་ཤེས་ན།། དེ་ནི་ཡེ་ཤེས་ཆེན་པོ་ཡིན། ཁ་དོག་ལྔ་ཡི་དམ་ཚིག་ཆེན་པོ་ནི།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཡེ་ཤེས་ལྔ་ཡི་ཀུན་ཁྱབ་ཀྱང་།། རང་གི་རྣམ་རྟོག་སྒྲིབ ་། བྱས་ཏེ།། ཡེ་ཤེས་ལྔ་ཡི་དོན་མ་མཐོང་།། མ་མཐོང་རྨོངས་པ་ཐམས་ཅད་ལ།། ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར།། དཀར་དང་དམར་དང་སེར་བ་དང་།། ལྗང་ཁུ་ལ་སོགས་ནག་པོར་བསྟན།། ཆོས་རྣམས་བདག ་མེད་རྟོགས་བྱས་ནས།། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར།། ཤིན་ཏུ་མདོག་ནི་དཀར་བར་བསྟན།། དེ་རྟོགས་བྱ་ཕྱིར་དག་པའི་ཕྱིར།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། པདྨ་རཱ་ག་ཞེས་བརྗོད་དོ།། ཆགས་དང ་ཆགས་པར་བྱ་བྱེད་མེད།། ཆགས་མེད་ཕྱིར་ཡང་དམར་པོའོ།། ཡོན་ཏན་གཏེར་ཆེན་ཟད་མི་ཤེས།། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།། དེ་བཞིན་ཉིད་དབྱིངས་མ་ལུས་ལ།། ཟད་མེད་རིན་ཆེན་གཏེར་གྱུར་པ།། ་མདོག་ནི་གསེར་གྱི་ཁ་དོག་ལྟར།། ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། དབྱིངས་སུ་ཡང་དག་སྡུད་དགོངས་པས།། ལས་རྣམས་མ་ལུས་རྫོགས་བྱེད་དེ།། ཀུན་ཏུ ་ལས་ནི་ལྗང་ཁུ་མདོག། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ།། ཅིས་ཀྱང་མི་ཚུགས་བཅོས་སུ་མེད། ཁ་དོག་ནག་པོའི་དངོས་པོ་ལ།། ཚོན་གཞན་དག་གིས་སྦྱར་དུ་མེད།། དེ་བཞིན་ཀུན་ལ་ཤེས་པར་བྱོས།། ཕྱོགས་ལྔ ་ཞེས་བྱ་བའི་དམ་ཚིག་ནི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། དབྱེར་མེད་ངང་དུ་གནས་པ་ལ།། ཡེ་ཤེས་རྟོག་པའི་དོན་བྱའི་ཕྱིར།། ཕྱོགས་དང་དབུས་སུ་གནས་པར་བྱས།། སེམས་ཅན་མ་རིག་ལྡོངས་པ་ལ།། ་ཉོན་མོངས་མ་ལུས་བསལ་བྱའི་ཕྱིར།། ཡེ་ཤེས་སྒྲོན་མའི་འོད་འབར་བས།། མ་རིག་མུན་པ་སེལ་བར་བྱེད།། དེ་ཕྱིར་དེ་ལ་ཤར་ཞེས་བྱ།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཉོན་མོངས་སྡུག་བསྔལ་མི་གནས ་ཤིང་།། མ་རིག་མུན་པ་ནུབ་གྱུར་པས།། དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ།། སེམས་ཅན་ཀུན་གྱིས་ཉོན་མོངས་ཀུན།། ཡེ་ཤེས་ཆེན་པོ་བདག་མེད་པར།། སྡུག་བསྔལ་རབ་ཏུ་བྱང་བྱས་པས།། དེ་ལ་བྱང་གི་ཕྱོགས་ཞེས ་བརྗོད།། དེ་ལྟར་མ་ལུས་ཐམས་ཅད་ལ། ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ།། མ་རྟོགས་མཚན་ཉིད་འབྱུང་མི་འགྱུར།། དེ་ན་ཡོན་ཏན་ཆེན་པོ་རྫོགས།། དེ་ལྟར་ཆོས་རྣམས་མ་ལུས་ཀུན།། དེ་བཞིན་ཉིད་ཀྱི་དབྱིངས་སུ ་འདུས།། ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་མེད་ཟླུམ་པོའི་ཚུལ།། ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ།། མ་རིག་ཕྱིན་ཅི་ལོག་རྣམས་ཀྱིས།། ཕྱོགས་རྣམས་སོ་སོར་བཟུང་གྱུར་ན།། རྟག་ཏུ་ཉོན ་མོངས་འཁོར་ལོར་འགྱུར།། དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི།། ཡུལ་ལྔ་དག་ལ་དབང་བྱེད་པའི།། ཕྱིན་ཅི་ལོག་ནི་དངོས་པོར་འཛིན།། དངོས་པོར་གཟུང་བྱས་ཁམས་གསུམ་འཁོར།། གཟུགས་རྣམས་མ་ལུས ་ཐམས་ཅད་ལ།། སྣང་ཞིང་དངོས་པོ་མེད་པ་དང་།། ལྷ་དང་ལྷ་མོ་དངོས་པོར་བརྟག། བདག་དང་ལྷ་ཞེས་བྱ་བའི་དམ་ཚིག་ནི། བདག་དང་ལྷ་ཉིད་གཉིས་མེད་པའོ།། སྒྲ་རྣམས་སྣ་ཚོགས་གྲགས་པ་ཡང་།། སྒྲ་ཉིད ་དངོས་པོར་མེད་པར་ཤེས།། སྒྲ་བརྗོད་མ་ལུས་ཐམས་ཅད་ནི།། ཆོས་ཀྱི་སྒྲ་ཆེན་སྣ་ཚོགས་ཡིན།། དྲི་ཡི་དངོས་པོར་སྣང་བ་ཡང་།། དྲི་ཉིད་རང་བཞིན་གང་ཡང་མེད།། དྲི་སྣོམ་ཆོས་ཀྱི་དྲི་ཡིན་ཏེ།། ཤེས་རབ་ཆེན་པོས ་དེ་ལྟར་རྟོགས།། རོ་ཡི་དངོས་པོ་སྣང་བ་ཡང་།། རོའི་རང་བཞིན་ཡོད་མ་ཡིན།། རོ་ཉིད་དེ་བཞིན་ཉིད་ཀྱི་ཕྱིར།། བདེ་མེད་པ་ཡིས་ཚིམ་པར་བྱེད།། རེག་བྱ་སྣ་ཚོགས་སྣང་བ་ཡང་།། རེག་བྱའི་དངོས་པོ་ཡོད་མ་ཡིན།། ་རེག་བྱར་སྣང་ལ་ལོངས་སྤྱོད་ཡིན།། བདེ་བ་ཆེན་པོའི་ཆོས་ཀྱི་སྐུ།། མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས།། དབང་པོ་ཡུལ་ལ་ཆགས་གྱུར་ན།། རྟག་ཏུ་འདོད་དང་མི་བྲལ་ཞིང་།། ངན་སོང་གསུམ་དང་མི་ཁོམ་བརྒྱད།། རྩ ་དང་སོག་མ་མེ་བཞིན་དུ། ཁམས་གསུམ་དག་ཏུ་འཁོར་བར་འགྱུར།། དེ་བས་ཡེ་ཤེས་ཆགས་མེད་རྟོགས།། བྱས་པ་མི་སོགས་བསོད་ནམས་བྱོས།། ཀུན་ལ་དཔྱོད་ཅིང་མ་དགོས་པས།། ཡེ་ཤེས་ཆེན་པོ ་རྟག་ཏུ་བསྒོམ།། མཉམ་པ་རྣམ་ལྔ་ཞེས་བྱ་བའི་དམ་ཚིག་ནི། དོན་དམ་སྐྱེ་བ་མེད་པར་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་དང་།། དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པར་མཉམ་པ་དང་། ཆེན་པོ་ལྔ་དེ ་བཞིན་གཤེགས་པ་ལྔར་མཉམ་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ།། དེ་ལ་དོན་དམ་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དང་སྤྱོད་པའི་མཐའ།། ཡང་དག ་ཉིད་དང་ཆོས་ཀྱི་དབྱིངས།། མཚན་ཉིད་མེད་ཅིང་དམིགས་སུ་མེད།། གཟུང་དུ་མེད་ཅིང་སྨོན་པ་མེད།། ཡེ་ནས་མྱ་ངན་འདས་པ་ཡིན།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ་ཀུན་རྫོབ་སྒྱུ་མར་མཉམ་པ་ན།། འདུས་བྱས་དངོས་པོ་སྣ་ཚོགས་ནི།། སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་།། འཕྲུལ་སྣང་བྱམས་པ་ཀུན་ཀྱང་བྱེད།། རྟོག་པ་ཀུན་གྱིས་ཚད་མར་སྣང་།། འདི་དག་ཐམས་ཅད་གཟུགས ་བརྙན་ཏེ།། བྱ་བྱེད་སྣང་ཞིང་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས།། ཐམས་ཅད་སྣང་ལ་རང་བཞིན་མེད།། དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། གཞི་རྩ ་ལས་ནི་ཐམས་ཅད་བྱུང་།། མེད་དང་ཡོད་པ་གཉིས་ཀ་མིན།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། འདུས་མ་བྱས་ཉིད་འདུས་བྱས་ཡིན།། སྣང་བ་ཉིད་ན་དངོས་པོ་མེད།། དངོས་མེད་དེ་ཉིད་སྣ་ཚོགས་པ།། དེ་ཉིད་སྨྲ ་མའི་དམིགས་ཡོར་ཚུལ།། འབྱུང་བ་ཆེན་པོའི་ལྔ་དེ་བཞིན་གཤེགས་པ་ལྔ་མཉམ་པ་ནི། ས་ཆུ་མེ་རླུང་ནམ་མཁའ་ལས།། ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ།། གཞི་རྩ་ཡོད་པ་མ་ཡིན་ཏེ།། རང་བཞིན་ངང་གིས་དེ་ལྟར་བྱུང་།། སོ་སོར་རིགས ་ཚོགས་སྣང་བ་ནི།། ཐབས་ཆེན་དག་ཏུ་རྟག་ཏུ་མཉམ།། མཚན་འཛིན་སོ་སོར་གནས་པ་ནི།། ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ།། རྣམ་པར་ཤེས་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། རྣམ་རྟོག་ཀུན་གཞི་མ་ཡིན་པ།། རང ་བཞིན་མེད་པ་དོན་གྱིས་ཞིག། འདི་ནི་ཆོས་ཀྱིས་དབྱིངས་ཞེས་བྱ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ང་དང་བདག་ཏུ་མི་འཛིན་ཞིང་།། ཀུན་ཀྱང་དབྱེར་མེད་ཉིད་ཡིན་པས།། ་ཐམས་ཅད་མེ་ལོང་ལྟ་བུའི་ཚུལ།། ཐམས་ཅད་ཀུན་ལ་ཡུད་རྟོག་ཅིང་།། རྟོག་དང་རྟོག་པར་བྱ་བ་མེད།། དུས་གསུམ་དུ་ཡང་མི་དམིགས་པ།། འདི་ནི་མཉམ་ཉིད་ཡེ་ཤེས་ཡིན།། ལོག་རྟོག་དབང་པོའི་སྤྱོད་ཡུལ་སྤངས།། ་དབང་པོ་ཡུལ་རྣམས་དངོས་མེད་པར།། ཐམས་ཅད་དབྱེར་མེད་དེ་བཞིན་ཉིད།། སོ་སོར་རྟོག་པའི་ཡེ་ཤེས་ཡིན།། མཉམ་པ་རྣམ་ལྔ་དེ་ལྟར་བརྟག། ཆོས་རྣམས་མ་ལུས་ཐམས་ཅད་ལ།། ཡེ་ནས་རང་བཞིན་མེད་པ ་དང་།། ཐབས་ཤེས་ལྷུན་གྱིས་གྲུབ་པ་བརྟག། འདི་ནི་ཡང་དག་རྟོགས་པ་ཡིན།། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།། རང་རིག་མཐའ་དབུས་མེད ་པའི་དཀྱིལ།། ཡེ་ཤེས་ཞི་འཕྲོ་འཁོར་ལོའི་ཚུལ།། ཡང་ན་རྡོ་རྗེ་སེམས་དཔའ་ཉིད།། རིགས་བཞི་ལྷ་དང་ལྷ་མོ་དང་།། འཁོར་གྱིས་ཁྲོ་བོ་ཁྲོ་མོ་ཡིས།། ཡང་ན་འདས་པ་དཀྱིལ་ཉིད་དོ།། འཇིག་རྟེན་སྣ་ཚོགས་འཁོར ་ཡིན་ནོ།། ཚོགས་ཀྱིས་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་།། བྱང་ཆུབ་སེམས་དང་མ་ཆགས་པའི།། གཉིས་སུ་མེད་པར་ཐིམ་གྱུར་ནས།། ཚོགས་ཆེན་གཉིས་ཀྱང་རྫོགས་པར ་ལྡན།། འདོད་ཡོན་ལྔ་པོ་ཐམས་ཅད་དང་།། སྣ་ཚོགས་སྣང་བ་ཐམས་ཅད་ཀུན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།། གཟུགས་སམ་ལྷ་དང་ལྷ་མོར་བརྟག། ཐམས་ཅད་མ་ལུས་སྒྲ་རྣམས་ནི།། ཆོས་ཀྱི་སྒྲ ་ཆེན་ཡིན་པ་དང་།། ངན་སོང་སྦྱོང་ཞིང་ཐར་ལམ་སྟོན།། སྟོང་གསུམ་གྲགས་པའི་སྒྲ་ཆེན་དང་།། ཐམས་ཅད་འཇལ་བའི་སྒྲ་ཡང་ཡིན།། བདེ་བ་ཚིམ་བྱེད་བསོད་ནམས་ཚོགས།། བརྗོད་མེད་མི་གནས་ཡེ་ཤེས་ཡིན།། ་འདི་ནི་ཆགས་མེད་པདྨའི་གསུངས།། ཆོས་ཉིད་དངོས་པོ་མེད་པ་ལས།། དྲི་ཡིན་མཆོག་ཏུ་ཚིམ་བྱེད་པ།། བསོད་ནམས་ཚོགས་ཆེན་ཡིན་པར་བཤད།། ཆགས་མེད་ཡེ་ཤེས་ཚུལ་ཡིན་ཏེ།། དེ་བཞིན་དྲི་ཡིས་མཉེས ་མཆོད་ན།། རིག་འཛིན་ས་རྣམས་བསྐུལ་བར་འགྱུར།། ངན་སོང་གསུམ་དུ་ཆོས་ཀྱིས་དྲི།། ཀུན་ཏུ་བདེ་གནས་ཐོབ་པར་བྱེད།། བདེ་གཤེགས་དཀྱིལ་འཁོར་མ་ལུས་ལ།། བདེ་བའི་རོ་ཡིས་མཆོད་པར་འགྱུར།། ཚིམ ་བྱེད་བསོད་ནམས་ཚོགས་ཆེན་འགྱུར།། དངོས་པོར་མི་འཛིན་ཡེ་ཤེས་ཚོགས།། དེ་ལྟ་བུ་ཡི་རོ་མཆོག་གིས།། ཐམས་ཅད་ཀུན་ལ་ཚིམ་པར་འགྱུར།། ཡི་དྭགས་གནས་སུ་ལོངས་སྤྱོད་ལྡན།། དཀྱིལ་འཁོར་མ་ལུས ་མཆོད་པ་ཡིན།། བདེ་བ་ཆེན་པོ་ཡང་རྫོགས་པའོ།། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས།། རྣམ་པ་མང་པོས་བརྒྱན་པ་དང་།། འབྱོར་མཆོད་དག་གིས་ལོངས་སྤྱོད་ནི།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་འགྱུར།། ་བདེ་ཆེན་དཀྱིལ་འཁོར་འབར་འགྱུར་ན།། སྒྲིབ་པའི་མུན་ནག་སེལ་བར་བྱེད།། དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི།། མཐུ་ཆེན་དག་ཀྱང་འགྲུབ་པར་འགྱུར།། ཚོགས་ཀྱིས་འཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི།། ་བྱ་བྱེད་མེད་པའི་ཚུལ་གྱིས་ནི།། ཀུན་ལ་ཐོགས་པ་མེད་ལྟར་སྤྱད།། ཐམས་ཅད་མ་ལུས་འདུལ་བར་བྱེད།། མི་མཐུན་ཕྱོགས་རྣམས་དབང་དུ་སྤྱོད།། ཡོན་ཏན་ཆེན་པོ་འཕེལ་བར་བྱེད། ཁྲོ་བོ་གཏུམ་པོའང་ཞི་བར ་བྱེད།། ཐམས་ཅད་ཀུན་ལ་སྤྱད་བདེ་བ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། དབྱིངས་སུ་བསྡུས་པའི་དཀྱིལ་ཡིན་ཏེ།། འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར།། མཉམ་པ་ཆེན་པོའི་ངང་ཉིད་ནི།། དེ་ལྟ་བུ་ཡི ་ཚུལ་དུ་གནས།། འཁོར་ཕྲ་མེན་ཚིམ་བྱེད་ཅེས་བྱ་བའི་དམ་ཚིག་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ།། རྟག་ཏུ་མཉམ་མམ་ཁྲོ་བོའི་ཚུལ།། འཁོར་གྱིས་ཁྲོ་རྣམས་དེ་བཞིན་ཏེ།། མདོག་དང་ཕྱག་རྒྱ ་ཐམས་ཅད་དང་།། ནུབ་སྔགས་མཆོག་དམ་པ་མ་ལུས་གདོན།། དེ་ནས་ཕྲ་མེན་འཁོར་བསྡུས་ནས།། སོ་སོའི་ལས་དང་མཐུན་བྱས་ཏེ།། སོ་སོའི་གནས་སུ་བཞག་པར་བྱ།། དབང་དུ་བསྡུས་ནས་སྒོམ་པའི་ཐབས།། ཇི ་ལྟར་མཚམས་པ་བཞིན་དུ་བྱ།། མ་ལུས་ཐམས་ཅད་བྱོས་ཤིག་པར།། ལྷག་མ་བྱིན་ནས་དབང་ཡང་བསྐུར།། གཞན་ཡང་འགྲོ་བ་ཐམས་ཅད་ལ།། འདོད་ཡོན་ལྔ་ཡི་སྦྱིན་པ་བཏང་།། དེ་ནས་ལས་རྣམས་རྫོགས ་བྱས་ནས།། དབང་ཕྱུག་ཆེན་པོས་གནས་བསྟན་ནས།། རིགས་ལྔ་ཡེ་ཤེས་ལྔ་ལ་སོགས།། འཁོར་གྱིས་དཀྱིལ་འཁོར་མ་ལུས་པ།། བདག་ལ་ཐམས་ཅད་བསྡུ་པར་བྱ།། དེ་ལྟར་སྒྲུབ་པའི་ངང་འཆར་བ།། ཡེ་ཤེས ་ཚོགས་གཉིས་རིགས་བྱས་ནས།། རིག་པ་འཛིན་པའི་ས་ལ་གནས།། ཐེག་དམན་སྤྱོད་པར་ཡོང་མི་འགྱུར། མི་ཁོམ་གནས་སུ་སྐྱེ་མི་འགྱུར།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། སངས་རྒྱས་ཞིང་ཡང་སྦྱོང་བར་བྱེད།། ་ངན་སོང་གནས་རྣམས་སྟོངས་པར་བྱེད།། ཡང་དག་མཆོག་གིས་སྙིང་པོ་འགྲུབ།། ཨ་དམ་ཚིག་རྣམ་པར་བཤད་པའི་ལེའུ་སྟེ་ཉེར་དགུ་པའོ།། །། སྐུ་གསུང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་རྨད་བྱུང་ཀུན ་གྲགས་པ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།། རང་བྱུང་ཡེ་ཤེས་གནས་མེད་དེ།། མཐོ་དམན་ཀུན་གྱི་གཟུགས་བརྙན་དང་།། བླ་མེད་བྱང་ཆུབ་སྐུར་སྣང་བ།། མེ་ལོང་ལྟ་བུའི་ཚུལ་བཞིན་དུ།། སྣ་ཚོགས་ཁ་དོག ་དབྱིངས་སུ་སྣང་།། དེ་བཞིན་གཤེགས་པའི་གསུང་རྣམས་ནི།། སྒྲ་དང་མིང་ཚིག་ཀུན་ལས་འདས།། བརྗོད་མེད་རང་བཞིན་ཀུན་དུ་གོ། ཉོན་མོངས་མེད་པ་བླ་མེད་སྒྲ།། མ་བརྗོད་སྟོང་གསུམ་གྲགས་པ་ཡིས།། ་གསུམ་བརྗོད་བསམ་གྱིས་མི་ཁྱབ་པ།། བརྗོད་པ་ཉིད་དང་སྟོང་གསུམ་མེད།། དེ་ཉིད་སྣ་ཚོགས་བརྗོད་པའོ།། ཐམས་ཅད་མཁྱེན་པའི་ཐུགས་དང་ལྡན།། ཡང་དག་རྟོགས་ཡང་རབ་བརྟན་ན།། གཞི་རྩ་མེད་དབྱིངས ་སྐད་ཅིག་མ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ།། སུས་ཀྱང་མ་བཅོས་མ་བྱས་པ།། བདག་གིས་ཀྱང་ནི་དམིགས་མི་འགྱུར།། དངོས་མེད་ཀུན་ལ་དབང་བསྒྱུར་བ།། སྐུ་གསུམ ་ཡང་དག་ལྡན་གྱུར་ན།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། མི་འགྱུར་སངས་རྒྱས་ཞིང་དུ་འུབ།། སྤྱོད་ཡུལ་མ་ལུས་ཐམས་ཅད་ལ།། ཇི་ལྟར་དམིགས་པ་བཞིན་དུ་འབྱུང་།། མི་ཟད་རིན་ཆེན་གཏེར་ཆེན་འགྲུ།། ་གཞན་གྱི་དབྲོག་ཏུ་མེད་པ་ཡིས།། བོ་དེའི་དཀོར་ནི་རིན་པོ་ཆེ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། བྱ་བྱེད་མེད་པར་དཀྱིལ་འཁོར་མཛད།། མཛད་དང་མཛད་པར་བྱ་བ་མེད།། སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།། ་སྤྱོད་མེད་ངང་དུ་དཀྱིལ་འཁོར་ལ།། ཆགས་མེད་ཚུལ་དུ་རྣམ་པར་རོལ།། བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་།། བྱེད་པ་ཉིད་ན་ཆུ་ཟླའི་ཚུལ།། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། རྩ་བ་ལྔ་ཞེས་བརྗོད་མེད་ཀྱི།། ་བརྗོད་པའི་མཚན་ཉིད་ཡོད་མེད་དེ།། མཚན་ཉིད་མེད་པ་སྣ་ཚོགས་སྣང་།། དེ་ཉིད་ཐམས་ཅད་མཁྱེན་པ་ཡིན།། ཀུན་ལ་ཁྱབ་ཅིང་གནས་པ་ལ།། དེ་ནི་རིག་པ་རང་དབང་སྒྱུར།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། ་དབང་པོ་ཡུལ་དུ་སྣང་བ་ཀུན།། ཡུལ་རྣམས་ཡོད་པ་མ་ཡིན་ནོ།། ཀུན་གཞི་རྣམ་པར་ཤེས་པ་ཉིད།། དངོས་པོ་སྣ་ཚོགས་པར་སྣང་སྟེང་།། སྣང་བ་དངོས་པོ་རྣམ་གཞིག་ན།། སོ་སོའི་མཚན་ཉིད་རྣམ་བཤིག་ན།། བཤིག། ་ན་ནམ་མཁའི་ངང་དུ་ཞ།། ནམ་མཁའི་དེ་ཉིད་ལྔས་བཤིག་ན།། མཚན་ཉིད་མེད་པའི་དབྱིངས་སུ་ཐིམ།། ཐམས་ཅད་ཀུན་གྱིས་འབྱུང་བའོ།། གཞི་རྩ་མེད་པ་སྐད་ཅིག་མ།། སྣང་བ་མི་འགོག་ཐབས་ཡིན་ཏེ།། རང ་བཞིན་མེད་པ་ཤེས་རབ་ཉིད།། ཉོན་མོངས་རྣམ་པར་ཤེས་པ་ནི།། ཀུན་གཞི་ཉིད་སྣང་སྤྱོད་ཡུལ་ལ།། ང་དང་བདག་ཏུ་རྣམ་པར་རྟོག། བདེ་སྡུག་མཚན་མར་སོ་སོར་འཛིན།། ཀུན་གཞི་དངོས་པོ་མེད་པ་ལ།། བག ་ཆགས་སོགས་པའི་གནས་མེད་དོ།། སྣང་བ་དངོས་པོ་མེད་པ་ལ།། ཉོན་མོངས་བློ་ཡིས་བླང་དུ་མེད།། བསྒོ་དང་བསྒོ་བར་བྱ་བ་མེད།། དེ་ལྟར་སྒོ་བྱེད་དངོས་པོ་མེད།། མེད་བཞིན་སེམས་ཀྱི་བྱ་བ་མིན།། དེ་བཞིན ་སེམས་ཀྱིས་ལོག་བརྟགས་པས། ཁམས་གསུམ་བཙོན་རར་རྟག་པར་འཁོར།། ཡིད་ཀྱིས་རྣམ་པར་ཤེས་པ་ནི།། སྣང་དང་མི་སྣང་གཉིས་ཀ་ལ།། སྐད་ཅིག་ཡུད་ཙམ་རྟོག་པ་ཡིན།། རྟོག་པ་ཉིད་ཀྱང་མ་གྲུབ་ན།། ཡུལ ་གྱིས་དངོས་པོ་ག་ལ་འགྲུབ།། ཡིད་ཀྱི་དེ་བཞིན་རྒྱུད་ཉིད་ནི།། སྔ་མ་འདས་ཤིང་མི་དམིགས་པ།། ཕྱི་མ་མ་བྱུང་རྟག་ཏུ་མེད།། དེ་ལྟར་རང་བཞིན་དམིགས་སུ་མེད།། རྩཝ་ཤིང་ཁ་ན་རླུང་འཕྲོ་འདྲ།། རྒྱུན་ནི་ཡོངས་སུ་མ ་ཆད་པ།། འདི་ནི་ཀུན་ཏུ་འབྱུང་བ་ནི།། དེ་ལྟར་དོན་རྣམས་དངོས་པོ་མེད།། ཆུ་དང་རླུང་དང་རླབས་འདྲ་བ།། དེ་གསུམ་གཅིག་དང་སོ་སོར་མིན།། དེ་བཞིན་ཀུན་གཞི་ཉོན་མོངས་ཡིན།། གཅིག་པ་མ་ཡིན་སོ། ་སོར་མིན།། ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས།། ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་།། གཅིག་ཏུ་ཡང་ནི་བརྗོད་པ་མེད།། དེ་ལྟར་མ་རྟོགས་སེམས་ཅན་ཡིན།། རྟོགས་ནས་སངས་རྒྱས་གུད་ན་མེད།། བྱང ་ཆུབ་སེམས་ཀྱི་རང་བཞིན་ནི།། ཤིན་ཏུ་མི་དམིགས་བརྟག་དཀའ་བ།། ཡངས་ལ་རྒྱ་ཆེ་གཏིང་ཟབ་པ།། ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།། གང་ནས་མ་འོང་གར་མ་འགྲོ།། འོང་དང་འགྲོ་བར་བྱ་བ་མིན།། ཤིན ་ཏུ་བརྟག་དཀའ་མི་དམིགས་པ།། མཐའ་དང་དབུས་ཀྱང་བརྟག་ཏུ་མེད།། གཟུང་འཛིན་བྲལ་བའི་རང་རིག་ཉིད།། དམིགས་མེད་ཚུལ་དུ་དེ་ལྟར་སྣང་།། དབྱིངས་དང་དབྱིངས་ཀྱིས་ཡེ་ཤེས་ཀྱང་།། རང་རིག་ཁོ་ན་ཙམ ་དུ་ཟད།། སེམས་ཅན་མ་ལུས་ཐམས་ཅད་ཀྱིས།། དེ་ལྟར་ཁོང་དུ་ཆུད་པར་བྱོས།། ཉོན་མོངས་སྡུག་བསྔལ་མེད་པ་དང་།། བླ་མེད་འབྲས་བུ་ཐོབ་པར་འགྱུར།། སེམས་ཅན་མ་ལུས་ཐམས་ཅད་ལ།། སྙིང ་རྗེའི་ཟག་པ་མ་ཆད་པར།། ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་།། བྱམས་པ་དག་གིས་མཉེས་པར་གྱིས།། དེ་བཞིན་འཁོར་བའི་བཙོན་ར་ལ།། སྙིང་རྗེའི་ཞགས་པ་ཆེར་བརྒྱབ་ནས།། ཉོན་མོངས་འདམ་ནས་འདྲེན ་པར་བྱེད།། སྙིང་རྗེ་ཆེན་པོ་སྐྱོན་མ་བྱེད།། དེ་བཞིན་སྐྱེ་བོ་ཕལ་རྣམས་ལ།། ལས་ཀྱི་སྒྲིབ་པས་མི་གོས་ཤིང་།། ཐམས་ཅད་མངོན་པར་སངས་རྒྱས་པར།། དགའ་བ་དག་ལ་འགྱོད་མ་བྱེད།། སེམས་ཅན་ང་དང་བདག ་མེད་ལ།། ཐུགས་རྗེས་རྣམ་རྟོག་མི་བྱེད་དོ།། བུ་གཅིག་འདྲ་བར་བློ་བཞག་བྱ།། ཐམས་ཅད་དྲི་མ་མེད་པར་བྱ།། ཆོས་རྣམས་ཐམས་ཅད་སྟོང་པ་བས།། དེ་ལ་དངོས་དང་རྟོག་པ་མེད།། ནམ་མཁའི་ངང་དུ་གནས་པ་ལ།། ་དེ་ལ་བཅོས་ཤིང་སྒྱུར་དུ་མེད།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། སྣང་བ་ཐམས་ཅད་དངོས་མེད་པས།། ཡོད་དང་མེད་པ་ཐམས་ཅད་ཀུན།། རང་བཞིན་མེད་པས་མི་དམིགས་སོ།། འཇིག་རྟེན་འདས་དང ་འཇིག་རྟེན་པའི།། ཆོས་རྣམས་སྣ་ཚོགས་སྣང་བ་ཡང་།། བདག་ལས་གཞན་པ་མ་ཡིན་པས།། ཀུན་ལ་སྨོན་ཅིང་ཆགས་སུ་མེད།། བྱང་ཆུབ་སེམས་རྣམས་ཐམས་ཅད་ནི།། ཤིན་ཏུ་བརྟག་དཀའ་གཏིང་ཟབ་པས།། ་རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན།། མ་དམིགས་མི་དམིགས་དམིགས་སུ་མེད།། སེམས་ཉིད་དེ་ནི་ཇི་ལྟ་བུ།། བྱང་ཆུབ་དེ་ནི་སེམས་ཡིན་ནོ།། སེམས་དང་བྱང་ཆུབ་དབྱེར་མེད་པས།། སེམས་ཅན་མ་ལུས་ཐམས་ཅད ་དང་།། དུས་གསུམ་ཆོས་རྣམས་ཐམས་ཅད་ཀྱང་།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་དཔའ་བྱང་ཆུབ་ཉིད་དུ་འུབ།། བོ་དེ་ཆེན་པོས་དེ་སྐད་བཤད།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། ཅི་ལའང་ཐོགས་པ་མེད ་པར་སྤྱད།། སྤྱད་པ་ཉིད་ན་ཆགས་མེད་ཅིང་།། དུས་མཐའ་མེད་པར་མཉམ་གནས་པ།། འདི་ལྟར་སྣང་བ་ཐམས་ཅད་ལ།། མངོན་སུམ་ཚད་མས་རྟག་མཐོང་ཡང་།། སྣང་བ་ཉིད་ན་དངོས་པོ་མེད།། དེ་བཞིན་ཡང་དག ་ཉིད་དུ་རྟོགས།། གང་གིས་སྟོང་པའི་ཡོད་ཅེས་པ།། མེད་པའི་རང་བཞིན་རྟོགས་པ་སྟེ།། རི་བོང་རྭ་དང་མོ་ཤམ་བུ།། ཚིག་ཙམ་གདགས་སུ་རུང་མོད་ཀྱང་།། ཐམས་ཅད་མིང་ཙམ་སྟོང་ཉིད་ཡིན།། ཐམས་ཅད་མ་ལུས ་སྟོང་ཞེས་ཏེ།། དྲན་མེད་བརྗོད་པ་མ་ཡིན་པས།། རྟོག་མེད་རང་བཞིན་འོད་གསལ་ཞིང་།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། བསྔོས་པ་ཙམ་གྱིས་ཆོས་མེད་དེ། ཤེས་པ་འབའ་ཞིག་ཁོ་ནའོ།། ཐམས་ཅད་གཉིས ་མེད་རྟོགས་གྱུར་ན།། དེ་ཉིད་དོན་དམ་དབྱིངས་ཡིན་ཏེ།། གཞན་ནས་བཙལ་ཞིང་བཞག་ཏུ་མེད།། ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར།། མེད་ལས་བཙལ་ན་སྐུར་འདེབས་ཏེ།། ཡོད་མེད་གཉིས་པས་བཙལ་བྱས ་ནས།། དེ་ནི་ལུང་དུ་མ་བསྟན་འགྱུར།། རྣམ་པར་རྟོག་པ་མེད་མངའ་སྟེ།། དེ་ཡིས་མི་ཤེས་གཅིག་ཀྱང་མེད།། རྣལ་འབྱོར་ལྟ་བ་དེ་ལྟ་བུ།། ཚིག་གིས་སྔ་ཕྱི་ཡོད་མོད་ཀྱང་།། དོན་གྱི་ཅིག་ཅར་རྫོགས་པར ་སྒོམ།། དེ་ལྟ་བུ་ཡི་དོན་རྟོགས་པ་ནི།། འགྲོ་ཉལ་འདུག་ལྡོང་ལོངས་སྤྱོད་ཀྱང་།། ཐེག་ཆེན་བསྒོམས་ལས་ཉམས་པ་མེད།། གང་གིས་དོན་ལྟར་མ་རྟོགས་པའི།། བློ་ངན་མཉམ་པར་ཁུངས་བྱས་ནས།། མ་རྟོགས་ལེ་ལོ། ་སྙོམ་ལས་བྱས།། དོན་མ་གྲུབ་པར་ངན་སོང་འགྲོ།། སེམས་ཀྱིས་མཉམ་པར་མ་རྟོགས་ན།། ཚིག་གི་མཉམ་པས་འཚང་མི་རྒྱ།། དེ་བས་དོན་ཚིག་ལྡན་པར་བྱོས།། འོན་ཀྱང་ཐེ་ཚོམ་མེད་པར་གྲུབ།། རྣལ་འབྱོར་དོན ་ཆེན་རྟོག་པ་ཡིས།། དུས་མཐའ་མེད་པར་དེ་ལྟར་སྒོམ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། སྤྱོད་ཡུལ་སངས་རྒྱས་ཉིད་དུ་ཅིག། རྟག་ཏུ་བསོད་ནམས་ཚོགས་ཆེན་ལྡན།། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས།། ་དེ་ནི་བྱང་ཆུབ་སྙིང་པོ་ལེན།། ཞེས་གསང་བའི་ཚིག་ཏུའོ།། དམ་ཚིག་གི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལ། བདག་དང་སེམས་ཅན་དབྱེར ་མེད་པར་ཡང་དག་པའི་དབྱིངས་སུ་འདུས་ཤིང་། བདག་གིས་རྡོ་རྗེ་སེམས་དཔའ་ཞལ་མངོན་སུམ་དུ་མཐོང་བའི་དོན་བསྟན་པའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད། ཀུན་རྫོབ་སྒྱུ་མར་ཞལ་མཐོང་བའི།། ཐམས་ཅད ་མིག་ཡོར་སྒྱུ་མའི་ཚུལ།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། ཆུ་ཟླའི་ཚུལ་འདྲ་ཡེ་ཤེས་ཤིང་།། ཡུད་རྟོག་དང་བ་གཉིས་མེད་པར།། གང་གིས་དེ་ལྟར་རིག་པ་དེ།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། སྔ་ཕྱི་མེད ་དབྱིངས་དེ་བཞིན་ཉིད།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་དེ་ལ་གནས།། ལྟ་སྤྱོད་མཐུན་པས་ཞལ་མཐོང་ཡིན།། རང་བཞིན་དཀྱིལ་འཁོར་ཡང་དག་ཡིན།། ཆོས་དབྱིངས་བདག་དང་དབྱེར་མེད ་པའི།། མཉམ་པར་སྦྱོར་ཞིང་དག་པའོ།། ཐམས་ཅད་བྱང་ཆུབ་ལྷུན་གྲུབ་ཅིང་།། དེ་ལྟར་གང་གི་རྟོགས་གྱུར་པ།། དེ་བཞིན་ཡེ་ཤེས་མིག་ཅན་ཏེ།། དེ་ཡིས་ཡང་དག་སྙིང་པོ་མཐོང་།། དེ་ཉིད་ཅིས་ཀྱང་མི་ཚུགས་པ།། ་ཤིན་ཏུ་སྲ་ཞིང་བརྟན་པ་ཡིན།། རང་བཞིན་དབྱིངས་ནས་འོད་གསལ་བ།། སེམས་དཔའ་མཆོག་ཏུ་ཡང་དག་གསུངས།། དེ་ལྟར་རྟོགས་ན་ཞལ་མཐོང་ཡིན།། དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཀྱིས།། དེ་བཞིན་གཤེགས ་དང་ཡེ་ཤེས་ལྔ།། རང་བྱུང་ཆེན་པོའི་དཀྱིལ་འཁོར་སྒོམ།། རྟོག་གཉིས་བྲལ་བའི་ཐབས་མཁས་ཀྱིས།། ལྷ་གསལ་དངོས་པོ་མེད་བསྒོམས་ན།། མཐོང་ཐོས་ལ་སོགས་མེད་པའི་ཚུལ།། རང་རིག་ཡེ་ཤེས་གསལ ་བསྒོམས་ལ།། རང་བཞིན་མེད་ལ་ཅིར་ཡང་འགྲུབ།། འགྲུབ་འགྱུར་ཉིད་ན་དངོས་པོ་མེད།། ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས།། བདུད་དཔུང་དཀྱིལ་དུ་ཏ་ལ་གཙུག། ཐམས་ཅད་བྱང་ཆུབ་ཤིང་བསྡུས་ཏེ།། གདུག་པ་ངང་གིས་མི ་དགའ་ནས།། ཏ་ལ་བཅད་བསམ་ཡོངས་མི་ཆོད།། རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན།། བདག་དང་ཏིང་འཛིན་མཐུན་འགྱུར་བས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། རྡོ་རྗེ་སེམས་དཔའ་ཉིད་བསྒོམས་ཏེ།། ་ཏིང་འཛིན་ཤིན་ཏུ་འདྲེས་གསལ་ན།། ཐམས་ཅད་རྡོ་རྗེ་ཉིད་དུ་འགྱུར།། ཀུན་ལ་དབང་སྒྱུར་ཅིས་མི་ཚུངས།། བདག་དང་སེམས་དཔའ་དབྱེར་མེད་དེ།། ལས་མཐུན་ཇི་ལྟར་སྣང་བ་བཞིན།། བདག་དང་སེམས་དཔའ ་ལྟ་དཔྱོད་ཅིག། དེ་ནི་རྡོ་རྗེ་ཞལ་མཐོང་ཡིན།། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི།། ཆེན་པོར་རགས་པ་ཐབས་སུ་སྦྱོར།། སོ་སོའི་མཚན་འཛིན་ཤེས་རབ་རྟོགས།། གཉིས་མེད་འབྲེལ་པ་ཐབས་ཆེན་ཡིན།། ་ཀུན་ཀྱང་ཤེས་རབ་དང་དུ་རྟོགས།། སྣང་དང་གནས་པ་ཐམས་ཅད་ཀུན།། དེ་བཞིན་ཉིད་ལས་མ་གཡོས་ཕྱིར།། ཡོད་དང་མེད་པར་གཉིས་ཀ་མེད།། གནས་དང་མི་གནས་དབྱེར་དུ་མེད།། མཉམ་པའི་དབྱིངས་སུ ་ཐམས་ཅད་འདུས།། འདུས་ཉིད་གནས་སུ་མ་ཕེབ་པའི།། ཐམས་ཅད་དེ་ལྟ་བུ་ཡི་དང་།། མཉམ་ཉིད་དབྱེར་མེད་ཅིས་མི་ཚུགས།། དེ་ཉིད་སེམས་དཔའི་བཞུགས་གནས་ཡིན།། དེ་ལྟར་རྟོགས་པའི་རིགས་མཆོག་དེ།། ་སེམས་དཔའ་ཉིད་དང་རིས་མཐུན་པས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། སྒྱུར་བྱས་ཕུང་པོ་ཁམས་རྣམས་ལ།། གཞི་རྩ་དེ་བཞིན་ཉིད་དུ་གཅིག། སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ།། སྣང་བ་ཉིད་ན་དངོས་པོ ་མེད།། དངོས་མེད་དེ་ཉིད་སྣ་ཚོགས་སྟོན།། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། དབང་པོ་རྣམ་ཤེས་བྱང་ཆུབ་སེམས།། ཡུལ་དུས་པོ་དེ་ཆེན་མོ་ཡིན།། བདག་རྟོག་རྣམ་བཞི་ཁྲོ་བོ་ཡིན།། རྟག་ཆད་མུ་བཞི་ཁྲོ་མོའོ།། ་དེ་སེམས་རང་རིག་ཉིད་ཅེས་བྱ།། ཐམས་ཅད་དབྱིངས་གྱུར་ཀུན་ཏུ་བཟང་།། དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན།། གང་གིས་དེ་ལྟར་རྟོག་གྱུར་ན།། སེམས་དཔའ་ཉིད་དང་དགོངས་མཐུན་པས།། དེ་ཉིད་རྡོ་རྗེ་ཞལ ་མཐོང་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མིང་དང་ཚིག་དང་ཡི་གེ་དང་།། སྒྲ་ཡིས་མཚོན་ནས་དོན་བསྟན་ན།། ཀུན་ཀྱང་ཡི་གེ་མིང་ཚིག་བཞིན།། གང་ཡང་དངོས་ཡོད་མ་ཡིན་ཏེ།། དངོས་མེད་དེ་ཉིད་སྣ ་ཚོགས་སྣང་།། སྣང་བ་ཉིད་ན་གང་ཡང་མིན།། བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་།། དངོས་པོ་མེད་དེ་ཡང་དག་ཉིད།། དེ་ནི་ཅིས་ཀྱང་མི་ཚུགས་པའི།། ས་རྡོ་དྲན་མེད་མ་ཡིན་ནོ།། དེ་ཉིད་ཤིན་ཏུ་འོད་གསལ་ཡིན།། ་རྡོ་རྗེ་སེམས་དཔའ་དེ་ལྟར་གནས།། གང་གིས་དེ་ལྟར་རྟོགས་པ་ཡིས།། རིགས་མཆོག་དམ་པའི་རྒྱུ་ཡིན་ནོ།། རྡོ་རྗེ་རིགས་དང་དབྱེར་མེད་ཕྱིར།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། ་ཀུན་དང་དབྱེར་མེད་དོན་རྟོགས་ཏེ།། འབྲས་བུ་མངོན་སུམ་མ་གྱུར་ཡང་།། བྱང་ཆུབ་སེམས་ལ་གནས་བཅས་པས།། དཔེར་ན་མངལ་དང་སྒོ་ང་ཡིན།། མངོན་དུ་མི་གྱུར་སྒྲིབ་འགྱུར་ཡང་།། རྩལ་ཆེན་འདུལ་བར ་འགྱུར་བ་བཞིན།། རྣམ་རྟོག་གཟུགས་ནི་བོར་མ་ཐག། ཐམས་ཅད་ཀུན་ལ་དབང་བསྐུར་ཞིང་།། རིགས་མཆོག་དམ་པ་འཛིན་པར་འགྱུར།། རྡོ་རྗེ་སེམས་དཔའ་མཉམ་པ་ཡི།། དངོས་གྲུབ་མཆོག་རྣམས ་ངེས་པར་རྫོགས།། བདེ་བ་ཅན་གྱི་ཞིང་ཡང་ཐོབ།། བྱང་ཆུབ་མཆོག་ལ་རོལ་པར་འགྱུར།། ལྷ་མི་རྣམས་ཀྱིས་སྟོན་པའོ།། ལུས་ངག་སེམས་ལ་དབང་ཐོབ་ནས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཚད་མེད་བཞི ་ལ་དབང་བྱེད་འགྱུར།། བདེ་བའི་རིག་མཆོག་ཀུན་ལ་སྤྱོད།། སྐྱེ་རྒ་ན་འཆི་ལ་སོགས་པའི།། སྡུག་བསྔལ་ཟད་པའི་གོ་འཕང་ཐོབ།། རྡོ་རྗེ་རིགས་མཆོག་འཛིན་འགྱུར་ཏེ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། འགྲོ ་བ་མ་ལུས་ཐམས་ཅད་ཀུན།། རྡོ་རྗེ་རིགས་སུ་འདྲེན་པར་བྱེད།། བདུད་སྡེ་ཚར་གཅོད་ཉོན་མོངས་འདུལ།། ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར།། འགྲོ་བ་མ་ལུས་ཐམས་ཅད་ལ།། མི་རྟག་པ་ཡི་ཚུལ་ཡང་སྟོན།། ཉན ་ཐོས་རྣམས་ལ་དགྲ་བཅོམ་ཚུལ།། བྱང་ཆུབ་རྣམས་ལ་རང་བྱུང་ཚུལ།། བླ་མེད་ཐེག་པ་སངས་རྒྱས་ལ།། ལྷུན་འགྲུབ་རྣམས་ལ་རྡོ་རྗེ་དབྱིངས།། ཀུན་ལ་མཐུན་པའི་ཚུལ་ཡང་སྟོན།། རང་བཞིན་དབྱིངས་ལས་གཡོས ་པ་མེད།། མ་གཡོས་བཞིན་དུ་ཀུན་ཏུ་སྟོན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་ལྟ་བུ་ཡི་ངང་དུ་གནས།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཉིད་ལ་ཉིད་དེ་སྐད་བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད ་ངེས་པ་ལས། སྐྱེས་བུ་དམ་པ་བློ་རྩལ་རབ་ཀྱིས། རྡོ་རྗེ་སེམས་དཔའ་ཞལ་མཐོང་བའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྔགས་འཆང ་རྣམས་དོན་ཡོད་པར་བྱ་བའི་ཕྱིར། ཐམས་ཅད་ཕྱག་རྒྱར་འདུས་ཤིང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་འདི་ལྟར་བརྟག་ཅིང་། ཕྱག་རྒྱའི་དམ་ཚིག་གསུངས་པ་དང་། དམ་ཚིག་གི་གནས་ཡིན་ནོ།། ཕྱག་རྒྱར ་བསྡུས་ཤིང་སྤྲོས་པ་ཡང་ཡིན་ནོ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། གསང་བ་དེ་ཉིད་ངེས་པ་ལ།། བྱང་ཆུབ་མཆོག་འདི་སྟོན་པའོ།། མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི།། ཕྱོགས་བཅུ་དུས་བཞི་མ་ལུས་པའི།། འདས ་དང་མ་འདས་ཐམས་ཅད་ཀུན།། ཡེ་ནས་དབྱེར་མེད་དེ་བཞིན་ཉིད།། མཉམ་དང་མི་མཉམ་བྱ་བ་མིན།། དེ་བཞིན་ཉིད་ཀྱི་ངང་དུ་འུབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྗོད་པ་མ་ལུས་ཐམས་ཅད་ཀུན།། ་ཆོས་ཉིད་དང་ལས་མ་གཏོགས་པའི།། ཉོན་མོངས་ལོག་རྟོག་རྡུལ་ཙམ་མེད།། ཕྱག་རྒྱ་སྣ་ཚོགས་འོད་འབར་ཡང་།། དེ་བཞིན་ཉིད་ལ་མ་གཏོགས་ཏེ།། བདག་ཉིད་དབྱིངས་ལས་མི་གཞན་ཕྱིར།། མཉམ་ལ་མཉམ ་པར་གནས་པ་ཡི།། རྣམ་གསུམ་ཚུལ་གྱིས་བསྒོམས་བྱས་ཤིང་།། ཕྱག་རྒྱ་བསྐྱོད་ཅིང་ལོག་འདུས་པ།། བྱ་བྱེད་མེད་པའི་ཚུལ་གྱིས་སུ།། ལས་རྣམས་མ་ལུས་རྫོགས་པར་བྱེད།། དེ་ལྟར་རྟོགས་ཤིང་རིགས་ཀྱི་མཆོག ་བདག་ཉིད་ཕྱག་རྒྱ་ཀུན་གྱི་མཆོག། ཡེ་ནས་རང་བཞིན་འོད་གསལ་བའི།། བྱང་ཆུབ་སྐྱེ་འཁྲུངས་རྒྱུ་ཡང་ཡིན།། འབྲས་བུ་ཡང་དག་ཉིད་དུའོ།། རྒྱུ་འབྲས་དབྱེར་མེད་རྡོ་རྗེ་ཡིས།། བཅུ་གསུམ་དོན་གྲུབ་དེ ་གནས་པ། མཐར་ཕྱིན་གང་ལའང་མི་གནས་པའོ།། རང་བཞིན་ཕྱག་རྒྱ་ཆེན་པོ་ནི།། ཕྱི་ནང་བཅུད་སྣོད་ཐམས་ཅད་ཀུན།། ཐམས་ཅད་ཤེས་རབ་ངང་དུ་གནས།། རིགས་ལྔ་བདེ་གཤེགས་ཡབ་ཡུམ་དུ།། མ་བཅོས་ཡེ ་ནས་དེ་ལྟར་གནས།། ཐབས་དང་ཤེས་རབ་ཉིད་ལ་རོལ།། བདེ་མིང་མ་ཆགས་ཚོགས་ཆེན་པོ།། ཡང་དག་ཉིད་ལ་རབ་ཏུ་རྟོག། ལྷག་པའི་ཕྱག་རྒྱ་ཆེན་པོ་ནི།། ནང་གི་རྟགས་ནི་ཕྱིར་བྱུང་སྟེ།། མདོར་བསྡུས་ཕྱག་རྒྱ ་དྲུག་པ་དང་།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་པ།། ལག་གི་འདུ་འཕྲོས་བསམ་ཡས་པས།། ཡན་ལག་སྟོབས་ཆེན་སྐུལ་སིག་ཀུན།། ཉིད་ཀྱིས་དབྱིངས་ནས་མ་གཡོས་ཀྱང་།། རང་བཞིན་ཉིད་ཀྱིས་དེ་ལྟར་གནས།། ་འཇོམས་ཤིང་ཅིས་ཀྱང་མི་ཚུགས་པ།། རང་བྱུང་ཆེན་པོ་ལྷ་ཡི་ལྷ།། ཐམས་ཅད་ཀུན་ལ་འབིགས་པར་བྱེད།། དཔའ་བོ་ཞེས་ཀྱང་གདགས་པར་བྱའོ།། ལས་དང་ལས་ཀྱིས་མི་གོས་པ།། གཉིས་མེད་དབྱིངས་ཀྱིས་དོན ་རྟོགས་ཤིང་།། མ་ཆགས་པ་ལ་ཆགས་པ་དང་།། ཤིན་ཏུ་རྣམ་པར་དག་པའོ།། དེ་བཞིན་ཉིད་ཀྱིས་དཀྱིལ་འཁོར་ལ།། སྐུ་གསུང་ཐུགས་ལྡན་ཟད་མི་ཤེས།། ཡོན་ཏན་མི་ཟད་གཏེར་དུ་འགྱུར།། འདི་ནི་ཟད་པར་ལྡན ་པའོ།། སྐུ་གསུང་ལས་རྣམས་རྫོགས་པའོ།། རྣམ་པར་རྟོག་མེད་ཚུལ་གྱིས་ནི།། ཐམས་ཅད་ཀུན་ལ་ཆགས་མེད་རོལ།། གདུལ་བྱའི་དོན་ཆེན་བསམ་མི་ཁྱབ།། འཇོམས་དང་མ་ཆགས་ཀུན་འབྱུང་དང་།། ཐམས་ཅད ་དབང་བསྡུས་དོན་གྲུབ་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ།། རིགས་བཞི་མ་ལུས་ཐམས་ཅད་ཀུན།། མཉམ་རྫོགས་ཆེན་པོའི་དབྱིངས་སུ་འདུས།། རིགས་བཞི་མ་ལུས་ཐམས ་ཅད་ཀུན།། ལྷུན་གྲུབ་དཀྱིལ་འཁོར་ངང་ཉིད་དུ།། ཕྱག་རྒྱའི་དམ་ཚིག་མཆོག་ཉིད་ནི།། ཐུགས་ཀྱི་རྟགས་སུ་བསྟན་པ་ཡིན།། དཔེར་ན་རྒྱལ་པོས་རྒྱས་བཏབ་ནི།། སེམས་ཅན་ཀུན་གྱིས་ཡོང་མི་བཏབ།། དེ་བཞིན་མ ་ཉམས་ཕྱག་རྒྱ་ཡིས།། ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་།། སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ན།། བདུད་དང་མུ་སྟེགས་མང་པོ་ཀུན།། མི་མཐུན་ཕྱོགས་ཀྱིས་དབང་བྱར་མེད།། རྡོ་རྗེ་སེམས་དཔའི་རིགས་དེ་ནི།། འདི ་ལྟ་བུ་ལ་རྟག་ཏུ་གནས།། དེ་ལྟ་བུ་ཡི་བློ་མེད་ན།། རྡོ་རྗེ་རིགས་སུ་ཡོངས་མི་བཤད།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱག་རྒྱ་དམ་ཚིག་གི་ལེའུ་སྟེ་སོ་གཉིས་པའོ།། །། གསང་བའི་སྙིང་པོ་དེ་ཁོ ་ན་ཉིད་ངེས་པ་ལས། གླུ་གར་རྩེ་འཇོ་བྲོ་གར་གྱིས་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱ་འདི། ངེས་པར་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི།། ཐམས་ཅད་དབྱེར་མེད་མཎྜལ་ལ།། ཉི་ཟླ ་། ཤར་བའི་གཞལ་ཡས་ལ།། པདྨ་ཆགས་མེད་གདན་སྟེང་ནས།། རིན་ཆེན་ཟད་མེད་ཕོ་བྲང་དེ།། ཆེ་ཆུང་དཔག་ཚད་མེད་པ་ཡི།། བྱང་ཆུབ་དེ་ལྡན་དཀྱིལ་འཁོར་ལ།། བདེ་ལྡན་བྱང་ཆུབ་རབ་བཀོད་ནས།། ་མ་ལུས་ཀུན་འདུས་དབྱིངས་བསྡུས་ནས།། ལུས་སྐྱེས་ཡན་ལག་སྐུ་ལ་སིག་དང་།། དབང་པོ་ལྔ་ཡི་སྤྱོད་ཡུལ་ཀུན།། ཕྱག་རྒྱ་ཆེན་པོ་ཡིན་པར་བཤད།། གོང་གི་དཀྱིལ་འཁོར་གསལ་བསྒོམས་ནས།། བདག་ཉིད ་དབྱིངས་ལས་མི་གཞན་ཕྱིར།། མཉམ་ལ་མཉམ་པར་གནས་པར་བསྒོམ།། བདག་ཉིད་ལྷ་ཡི་དཀྱིལ་འཁོར་དུ།། ལྷག་པའི་ཏིང་འཛིན་གསལ་བསྒོམ་ནས།། བྲོ་ཐབས་གར་གྱིས་ཕྱག་རྒྱ་དང་།། གླུ་དབྱངས་ཚིག་གི་སྒྲ ་སྒྲོག་ནི།། ཕྱོགས་བཅུའི་སྐྱེ་གནས་མ་ལུས་ཀུན།། རྡོ་རྗེ་ལྷུན་གྲུབ་སྐུ་མཐོང་ཞིང་།། ཆོས་ཀྱི་དུང་ཆེན་སྒྲ་ཡང་ཐོས།། སྒྲིབ་གཉིས་བྱང་ནས་བྱང་ཆུབ་འགྲུབ།། བདེ་མཐོང་སྙན་གྲགས་འགྱུར་བ་ལ།། བསོད་ནམས ་ཚོགས་ཆེན་འགྲུབ་པར་འགྱུར།། ཐབས་དང་ཤེས་རབ་ལྡན་གྱུར་ན།། ཐམས་ཅད་གཉིས་མེད་དབྱིངས་སུ་སྦྱོར།། གཉིས་མེད་དབྱིངས་གྱུར་བྱང་ཆུབ་འབར།། འོད་འཕྲོ་འབར་བས་ཕྱོགས་བཅུར་གསལ།། ་སངས་རྒྱས་ཞིང་སྦྱངས་རིག་འཛིན་བསྐུལ།། ངན་སོང་གནས་རྣམས་དག་པར་བྱེད།། ཐབས་དང་ཤེས་རབ་ལྡན་གྱུར་ན།། སངས་རྒྱས་དཀྱིལ་འཁོར་མ་ལུས་འབྱུང་།། རྒྱུར་བྱས་འབྲས་བུ་སྨིན་གྲུབ་ན།། ཀྱིལ་འཁོར ་བཞི། བཅུ་རྩ་གཉིས་རྫོགས།། བདེ་བས་ཐབས་ཆེན་ཐབས་ཀྱི་མཆོག། ཤེས་རབ་བདེ་མཆོག་བརྟན་ལྡན་རྫོགས།། རྡོ་རྗེ་དྲིལ་བུ་ཡང་དག་ལྡན།། རཀྟ་བྱང་ཆུབ་དུས་གཅིག་འབར།། གཉིས་མེད་ཟུང་དུ་འབྲེལ་གྱུར ་ན།། བདེ་གཤེགས་དཀྱིལ་འཁོར་མ་ལུས་འབྱུང་།། རྣལ་འབྱོར་ཐབས་དང་ཤེས་རབ་ལྡན།། རྒྱན་མཆོག་མཛེས་པ་ཀུན་བརྒྱན་ནས།། ཏིང་འཛིན་འོད་འབར་གསལ་བསྒོམས་ཏེ།། ཕྱོགས་བཅུ་གང་བར་དཀྱིལ་འཁོར ་སྤྲོ།། མ་ལུས་དཀྱིལ་འཁོར་བདག་ཉིད་ཆེ།། མི་དམིགས་དབྱིངས་ནས་དཀྱིལ་འཁོར་མཆོག། སྤྱན་གྱིས་གཟུགས་དང་སྙན་གྱིས་གནས།། དྲི་དང་རོ་དང་རེག་པ་རྣམས།། ཐབས་དང་ཤེས་རབ་ཉིད་གནས་ཤིང་།། བདེ ་མཆོག་རོ་ཡང་ཚིམ་པར་བྱེད།། སྤྱོད་བཞིན་ཆགས་དང་གཉིས་མེད་པར།། ཚོགས་ཆེན་དག་ཀྱང་རྫོགས་པར་ལྡན།། ཧཱུཾ་དང་ཙཀྲའི་དཀྱིལ་འཁོར་དུ།། ཉི་ཟླ་འཁྲུག་པའི་ས་གཞི་ལ།། མ་ཆགས་པདྨའི་གདན་སྟེང ་ནས།། ཐབས་དང་ཤེས་རབ་ཆགས་མེད་ཚུལ།། ཡན་ལག་ལྔ་པོ་ཐམས་ཅད་ཀུན།། རང་བཞིན་ཡོངས་ཀྱིས་དག་པ་དང་།། ཏིང་འཛིན་དེ་བཞིན་གཤེགས་ལྔའོ།། ཡེ་ནས་མ་བཅོས་ཡོངས་ཀྱིས་ཏེ།། ལྷག་པའི་ཏིང ་འཛིན་དཀྱིལ་འཁོར་གྱིས།། དབུས་ལ་དེ་བཞིན་གཤེགས་པའི་འཁོར།། ཡན་ལག་བཞི་ལ་རིགས་བཞིའི་འཁོར། ཁ་དོག་དབྱིབས་དང་ཕྱག་རྒྱ་དང་།། ཐབས་དང་ཤེས་རབ་གསལ་བསྒོམས་ཏེ།། ཕྱོགས་བཅུར་སྤྱོད ་ཅིང་ངན་སོང་སྦྱོང་།། གནས་སུ་བསྡུས་ཤིང་དཀྱིལ་འཁོར་སྟིམ།། འདས་དང་མ་འདས་ཐམས་ཅད་ཀུན།། བདེ་གཤེགས་ཞིང་དུ་ཐམས་ཅད་གནས།། ཡན་ལག་ཆེན་པོ་ལྔ་བསྐྱོད་ན།། རིགས་ཀྱི་དཀྱིལ ་འཁོར་མ་ལུས་གཡོ།། འགྲོ་ལྔ་བྱང་ཆུབ་ལམ་དུ་འཛུད།། སྙིགས་མ་ལྔ་ཡང་རྣམ་པར་དག། བཟང་མཛེས་ལེགས་པའི་གོ་བགོས་ནས།། འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར།། དེ་ནས་མཐར་ཐུག་མེད་ཀྱིས་བར།། ཡེ ་ཤེས་ལྔ་ཡིས་བརྒྱན་པར་འགྱུར།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། རྟག་ཏུ་དཀྱིལ་འཁོར་དེ་ལྟར་བསྒོམ།། ཚིག་ཙམ་མ་ཡིན་བློ་གཏིང་བྱ།། བདག་དང་དབྱེར་མེད་ཉིད་དུའོ།། ཐབས་དང་ཤེས་རབ་ལྡན་གྱུར་ན།། ་ཤར་ཕྱོགས་སུ་ནི་ཁ་བསྟན་ཏེ།། སེང་གེ་སྟབས་ཆེན་མཆོངས་པར་བྱ།། ལྕེ་དཀྱིལ་ཡི་གེ་ཏྲིཿབསྒོམས་ནས།། ལྕེ་ནི་འབུམ་ཕྲག་མཐའ་ཡས་དང་།། ཧྲཱི་ཡང་བསམ་གྱིས་མི་ཁྱབ་འཕྲོ།། ཕྱོགས་བཅུ་དུས་བཞི་མཐའ་ཡས ་སུ།། གསུང་གིས་དཀྱིལ་འཁོར་རབ་འབར་བས།། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི།། བསམ་གྱིས་མི་ཁྱབ་ཀུན་ཏུ་གྲགས།། གྲགས་དང་མིང་ཚིག་སོ་སོར་གྲགས།། ལྗགས་ཀྱི་དབང་པོ་བཀྲམ་ལས ་གསུངས།། ཐར་དང་མ་ཐར་གཉིས་ཀ་བརྗོད།། ངེས་པ་ཁོ་ན་ཡང་དག་འདུས།། དེ་བཞིན་ཉིད་ཀྱི་ཅི་མ་གསུངས།། རྣ་བའི་དབང་པོ་དཀྱིལ་འཁོར་དུ།། ཏྲམ་གྱི་ཡིག་འབྲུ་གསལ་བསྒོམས་ནས།། རྣ་དཀྱིལ་ཕྱོགས ་བཅུ་དུས་བཞི་ཡིས།། མཐའ་ཡས་བསམ་གྱིས་མི་ཁྱབ་སྤྲོ།། ཏྲཾ་ཡང་བསམ་ཡས་འོད་འཕྲོ་འབར།། ཕྱོགས་དུས་དཀྱིལ་འཁོར་མ་ལུས་ཐོབ།། འགྲོ་དྲུག་འཁོར་བའི་གནས་ཀྱང་ཐོབ།། སྒྲ་དང་ཐོས་པ་གཉིས་མེད་པའོ།། ་དེ་བཞིན་དྲི་དང་རོ་རེག་རྣམས།། སོ་སོའི་མཚན་ཉིད་གསལ་བསྒོམས་ནས།། ཡིག་འབྲུའི་སྙིང་པོ་དེ་དོན་དགོད།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། འགྲོ་དྲུག་མ་ལུས་ཐམས་ཅད་ཀུན།། ཆགས་པ་ལེ་ཡི་ཚུལ ་གྱིས་རོལ།། དྲི་ལ་སོགས་པ་བདེ་མཆོག་གིས།། ཀུན་ལ་ཚིམ་པར་ཡང་དག་གསུངས།། འགྲོ་དྲུག་མ་ལུས་ཐམས་ཅད་ལ།། ཇི་ལྟར་འཚམ་པའི་དོན་ཡང་བྱེད།། ཐབས་མཁས་ཐུགས་རྗེས་དེ་ལྟར་རྟོག། ཀུན་བྱས་བྱང ་ཆུབ་ཉིད་དུའོ།། དེ་བཞིན་རིགས་དང་རྡོ་རྗེའི་རིགས།། མ་ཆགས་ལ་སོགས་ཤེས་རབ་ལྡན།། གཙོ་བོ་ལྔ་དང་གཙོ་མོ་ལྔ།། ཐབས་དང་ཤེས་རབ་ལྡན་བསྒོམས་ཏེ།། ཚོམ་བུ་གཅིག་གམ་ཡང་ན་གསུམ།། ལྔ་ཡི་དཀྱིལ ་འཁོར་རབ་བསྒོམས་ཏེ།། ཐབས་དང་ཤེས་རབ་ཕུན་ཚོགས་སུ།། ལྷ་གསལ་འོད་ཟེར་བསྟིམས་བྱས་ཏེ།། དཀྱིལ་འཁོར་འོད་འཕྲོ་འབར་བར་སྒོམ།། ཏིང་འཛིན་ཤིན་ཏུ་གསལ་གྱུར་ནས།། བདག་དང་ཕྱོགས་དུས ་དབྱེར་མེད་པའི།། གཉིས་སུ་མེད་པར་བསྒོམ་པར་བྱ།། དེ་ནས་ཐབས་དང་ཤེས་རབ་གཉིས།། ལྟ་སྤྱོད་མ་ཆགས་མ་གྱུར་པར།། དཀྱིལ་འཁོར་བདག་ལ་གསལ་བར་སྒོམ།། དབུས་ནས་ཤར་ཕྱོགས་ཁ་བསྟན་ལ།། ་། རྐང་པའི་སྟོབས་ཆེན་བསྐྱེད་བྱས་ཤིང་།། ལག་གིས་འདུ་བྱེད་ཀུན་བསྐྱོད་ནས།། བྲོ་དང་གར་གྱི་ཕྱག་རྒྱ་བྱ།། དཀྱིལ་འཁོར་འོད་ཟེར་དཀར་འཕྲོ་བ།། བྱང་ཆུབ་སེམས་སུ་རྣམ་པར་དག། ཤིན་ཏུ་གསལ ་དང་འོད་ཟེར་འབར།། ཐབས་དང་ཤེས་རབ་དེ་འགྲུབ་ཤོག། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིས།། བདུད་བཞི་དག་ནི་འཇོམས་པར་བྱེད།། ཐེག་མཆོག་རྡོ་རྗེ་རིས་འཛིན་པ།། ཐབས ་དང་ཤེས་རབ་དེ་འགྲུབ་ཤོག། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། ཉོན་མོངས་སྡུག་བསྔལ་མེད་པར་བྱེད།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཐབས་དང་ཤེས་རབ་གསལ་འགྱུར་ཤོག། ཉོན་མོངས་སྡུག་བསྔལ་རྩད ་བཅད་ནས།། མ་རིག་མུན་པ་སེལ་བར་བྱེད།། ཐུགས་རྗེའི་འོད་ཟེར་ཉི་ཤར་བ།། ཐབས་དང་ཤེས་རབ་འོད་འབར་ཤོག། ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད།། རྡོ་རྗེའི་ཐུགས་རྗེ་རོལ་སྟོན་པ།། འགྲོ་ལ་ཐུགས་རྗེ་ཡོངས་མི ་འབྱུང་།། ཐབས་དང་ཤེས་རབ་བྱམས་ལྡན་ཤོག། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཡོན་ཏན་ཕྱོགས་སུ་ཁྱབ་སྟོན་ཏེ།། ལུས་བསྐྱོད་ཡན་ལག་སྦྲུལ་སིག་ནས།། ཐབས་ཆེན་དག་ཀྱང་བཏུང་བར་བྱ།། དཀྱིལ ་འཁོར་མ་ལུས་འབྱུང་བའི་གཏེར།། ཟད་མེད་ནོར་བུ་རིན་པོ་ཆེ།། མ་ལུས་ཀུན་གྱི་རེ་བ་སྐོང་།། ཐབས་དང་ཤེས་རབ་དེ་གྲུབ་ཤོག། ནམ་མཁའི་དཀྱིལ་འཁོར་མདོག་སྟོན་པ།། ཡང་ན་ཐམས་ཅད་གསེར་བཙོ་མ།། ་དཀྱིལ་འཁོར་བསམ་ཡས་ཟད་མི་ཤེས།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། བདེ་གཤེགས་དཀྱིལ་འཁོར་མ་ལུས་པ།། འབྱུང་བའི་གཏེར་ཆེན་ཟད་མི་ཤེས།། ཡོན་ཏན་ཆེན་པོ་རིག་འཛིན་པ།། ཐབས་དང་ཤེས ་རབ་མྱུར་གྲུབ་ཤོག། བདེ་གཤེགས་དཀྱིལ་འཁོར་མ་ལུས་པ།། ཐམས་ཅད་མཉམ་པའི་དང་གནས་ནས།། དེ་བཞིན་མཉམ་པའི་ཡེ་ཤེས་ཏེ།། ཐབས་དང་ཤེས་རབ་མཉམ་གྲུབ་ཤོག། བདེ་གཤེགས་ཡོན་ཏན ་རྨད་པོ་ཆེ།། ཡེ་ནས་ཆགས་མེད་བྱང་ཆུབ་ཅིང་།། ཡང་དག་ཉིད་ལ་ཐམས་ཅད་གནས།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐབས་དང་ཤེས་རབ་ལྡན་གྱུར་ནས།། ནུབ་ཕྱོགས་སུ་ནི་ཁ་བསྟན་ཏེ།། ཡན་ལག ་དབང་པོ་བསྐྱོད་བྱས་ན།། གར་བྱས་ཤིན་ཏུ་གསལ་བྱས་ནས།། སྟབས་ཆེན་དག་ཀྱང་བཏུད་པར་བྱས།། ཆོས་རྣམས་མ་ལུས་ཀུན་སྤྱོད་ཀྱང་།། པདྨ་ལ་ནི་འདམ་བཞིན་དུ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། ་ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ལས་དང་ཉོན་མོངས་ནུབ་གྱུར་པའི།། བག་ཆགས་མཚན་མ་རྡུལ་ཙམ་མེད།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། བྱང་ཆུབ་ཆགས་མེད་དཀྱིལ་འཁོར་ནི།། གང་ནས་མ་འོངས ་ཉིད་ཀྱིས་དབྱིངས།། མི་གནས་ཚུལ་གྱིས་དབྱིངས་ན་བཞུགས།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐབས་དང་ཤེས་རབ་མྱུར་གྲུབ་པར།། བྱང་ཕྱོགས་སུ་ནི་ཁ་བསྟན་ནས།། ལུས་བསྐྱོད་ཡན་ལག་གར་བྱེད་ཅིང་།། ་ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ།། རྐང་པའི་སྟབས་ཆེན་བཏུད་པར་བྱ།། ཡང་དག་རྟོགས་པའི་ཡེ་ཤེས་ཀྱིས།། བསྐལ་པ་བསམ་གྱིས་མི་ཁྱབ་པའི།། སྒྲིབ་པ་ཐམས་ཅད་བྱང་བྱས་ཏེ།། ཐབས་དང་ཤེས ་རབ་མྱུར་གྲུབ་ཤོག། སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཀྱིས།། བདུད་བཞི་བཅོམ་ནས་མི་མཐུན་གསལ།། བྱ་བྱེད་མེད་ལ་དོན་རྣམས་གྲུབ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐམས་ཅད་མ་ལུས་རྫོགས་བྱེད ་པ།། སྣ་ཚོགས་ཀུན་ཏུ་འགྱུར་བའོ།། ལྗང་ཁུའི་ཚུལ་དུ་མངོན་སྟོན་པ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཐམས་ཅད་མ་ལུས་དོན་གྲུབ་པ།། ལས་རྣམས་མ་ལུས་རྫོགས་པར་བྱེད།། ནན་ཏན་ཆེན་པོ་བྱ་བ་རྫོགས།། ་ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། སྡུག་བསྔལ་དྲ་བའི་ཚར་བཅད་དེ།། དཀྱིལ་འཁོར་མ་ལུས་ཀུན་བྱས་ཀྱང་།། གང་ནས་མ་འོངས་གར་མི་འགྲོ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། བདེ་གཤེགས་མ་ལུས ་ཐམས་ཅད་ཀྱང་།། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་དུ།། མ་ལུས་ཀུན་འདུས་རྣམ་པར་དག་སྟབས་ཆེན་དཀྱིལ་འཁོར་ཡང་དག་པ།། བདེ་གཤེགས་ཡུལ་ལ་རྣམ་པར ་འཕྲོ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། བདེ་བའི་དཀྱིལ་དུ་མཁས་པ་བསྡུ།། ཐམས་ཅད་མ་ལུས་རིགས་བཞི་ཡིས།། ནང་དུ་མ་འདུས་གང་ཡང་མེད།། དེ་ཉིད་བདེ་གཤེགས་དཀྱིལ་འཁོར་ཉིད།། ཐབས་དང ་ཤེས་རབ་དེ་གྲུབ་ཤོག། རིགས་ལྔའི་དཀྱིལ་འཁོར་དབུས་བསྡུས་ཤིག། ཡེ་ཤེས་ལྔ་ཡི་འོད་ཟེར་སྤྲོ།། ཕྱོགས་བཅུ་གང་བར་གསལ་གྱུར་ནས།། ཐབས་དང་ཤེས་རབ་འོད་འབར་ཤོག། དེ་བཞིན་རིགས་མཆོག་འཛིན ་པ་ནི།། ཐམས་ཅད་མ་ལུས་དབྱིངས་བསྡུས་ཏེ།། ཐམས་ཅད་ཀུན་ཏུ་བཟང་པོར་སྟོན།། ཐབས་དང་ཤེས་རབ་གཙོར་གྲུབ་ཤོག། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། ཕྱོགས་དུས་གནས་པ་མ་ལུས་ལ།། ཆོས་ཀྱི ་འཁོར་ལོ་ཆེན་པོ་བསྐོར།། ཐབས་དང་ཤེས་རབ་མཆོག་གྲུབ་ཤོག། འགྲོ་བ་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱི་རྒྱུ་ཡོད་པར།། མ་མཐོང་རྨོངས་ལ་ནམ་མཁའ་མདོག། ཐབས་དང་ཤེས་རབ་དབྱིངས་གྲུབ་ཤོག། ་སྐུ་ནི་སྣ་ཚོགས་ཅིར་ཡང་སྣང་།། ཐབས་ཆེན་རྣམས་ལ་མཉམ་པའི་སྐུ།། ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ།། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ།། ཕ་རོལ་ཕྱིན་རྫོགས་ཤཱཀྱའི་ཚུལ།། ལྷ་མི་རྣམས་ལ་དགེ་བཅུའི ་ཚུལ།། དངོས་གྲུབ་རྣམས་ལ་ཨིརྞྞ་ཡ།། གཞན་ཡང་འགྲོ་བ་ཐམས་ཅད་ལ།། ཇི་ལྟར་འདུལ་བ་བཞིན་དུ་སྟོན།། དེ་ལྟ་བུ་ཡི་སྐུ་སྟོན་པ།། ཐབས་དང་ཤེས་རབ་སྐུ་འགྲུབ་ཤོག། ཐབས་དང་ཤེས་རབ་ལྡན་བསྒོམས ་ནས།། རྒྱན་རྣམས་ཀུན་གྱི་རྣམ་པར་བརྒྱན།། ཡན་ལག་ལྔ་ལ་དཀྱིལ་འཁོར་དགོད།། ཡེ་ཤེས་བརྒྱན་གྱི་བྲོ་ཡང་བརྡུང་།། གཉིས་མེད་དཀྱིལ་འཁོར་ཟླུམ་པོའི་ཚུལ།། མཐའ་དབུས་མེད་པའི་དཀྱིལ་འཁོར་དུ།། ལྷུན ་གྲུབ་དཀྱིལ་འཁོར་བྱང་ཆུབ་ཏུ།། ཐབས་དང་ཤེས་རབ་མྱུར་གྲུབ་ཤོག། ཆོས་དབྱིངས་དམ་པ་བདག་མེད་ལ།། མི་དམིགས་དབྱིངས་སུ་མ་ལུས་འདུས།། མཉམ་དང་མི་མཉམ་དབྱེར་མེད་ལ།། ཐབས ་དང་ཤེས་རབ་དབྱིངས་གྲུབ་ཤོག། བདེ་གཤེགས་དཀྱིལ་འཁོར་དགུ་བསྐྱོད་ན།། སངས་རྒྱས་ཞིང་ཁམས་མ་ལུས་གཡོ།། ལག་གི་འདུ་བྱེད་སྦྲུལ་བསྐྱོད་ན།། རིག་འཛིན་ཞིང་ཁམས་དག་པར་བྱེད།། རྐང་ཆེན་དག ་གིས་སྟབས་མཆོངས་ན།། འགྲོ་དྲུག་གནས་རྣམས་སྟོང་པར་བྱེད།། སྤྱན་གྱིས་ཕྱོགས་བཅུར་བལྟ་བྱས་ན།། བདུད་བཞི་དཔུང་རྣམས་ཕམ་པར་བྱེད།། ཐབས་དང་ཤེས་རབ་མ་ལུས་ཀུན།། དེ་ལྟ་བུ་ཡི་དོན་གྲུབ་ཤོག། ་ཐམས་ཅད་མ་ལུས་དེ་བཞིན་ཏེ།། དེ་ནི་གང་ཡང་དམིགས་མེད་པས།། སྐྱེ་དང་འགག་དང་གནས་པ་དང་།། འོང་དང་འགྲོ་བའི་དངོས་པོ་མེད།། རྣལ་འབྱོར་བྲོ་གར་རྩེ་འཇོ་ཡིས།། སྣ་ཚོགས་བྱེད་ལ་བྱས་པ་མེད།། དེ ་ནི་རྣམ་པ་ཚོགས་པ་ཡིས།། རྣལ་འབྱོར་ལས་རྣམས་འགྲུབ་པར་ཤོག། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དེ་ལྟ་བུ་ཡི་ལོངས་སྤྱོད་ན།། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་བ་ཐམས ་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་འགྱུར།། ལུས་མ་སྤངས་པ་རིག་འཛིན་ས།། ཡུན་རིང་ཆོས་ཀྱིས་བདེ་སྤྱོད་ནས།། བླ་མེད་རྡོ་རྗེ་སེམས་དཔའི་ས།། དཔེ་བྱད་མཚན་གྱིས་རྣམ་པར་བརྒྱན།། མངོན་ཤེས་དྲུག ་ལྡན་ཐམས་ཅད་མཁྱེན།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། སངས་རྒྱས་ཞིང་ལ་དབང་བསྒྱུར་ཏེ།། སྤྱོད་ཡུལ་ཀུན་ཏུ་མནྟ་ལ།། ཇི་ལྟར་དམིགས་པ་བཞིན་དུ་གྲུབ།། རྣལ་འབྱོར་ལུས་སུ་རུང་རྣམས་ཀྱིས།། ་འདི་ལྟ་བུ་ཡི་ལས་བྱས་ན།། འབྲས་བུ་མངོན་དུ་མི་གྱུར་ཡང་།། ལུས་ངག་ཡིད་ལ་དབང་ཐོབ་ནས།། སངས་རྒྱས་འབྱུང་དང་སྐལ་མཉམ་འགྱུར།། ཐེག་པ་དམན་པར་ཡོངས་མི་སྐྱེས།། ངན་སོང་གནས་སུ་ཡོངས་མི ་ལྟུང་།། གནས་ངན་ལོངས་སྤྱོད་མི་བདེ་བའི།། ངན་པའི་ས་རུ་འགྲོ་མི་འགྱུར།། རྡོ་རྗེ་ཐེག་ཆེན་བརྗོད་མི་འགྱུར།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། ལུས་བྱད་བཟང་ཞིང་ཡན་ལག་རྫོགས།། དབང་པོ་ཚང་ཞིང་ལྷག ་། ཆཚད་མེད།། སྐད་གདངས་སྙན་ཞིང་འགྲོ་དོན་བྱེད།། བདག་གི་ལོངས་སྤྱོད་ཐམས་ཅད་ཀུན།། གཞན་ལ་གནོད་པ་མེད་པར་འགྲུབ།། ཚན་པོ་ཆེ་ཡི་ཤུགས་དང་ལྡན།། འགྲོ་བའི་དོན་དུ་ཡང་དག་བྱེད།། གཞན་ལ ་གནོད་པ་ཡོངས་མི་བྱེད།། སྙིང་རྗེ་ཆེ་ཞིང་ཤེས་རབ་ལྡན།། མཐུ་སྟོབས་ཆེ་ཞིང་ཐབས་ལྡན་པས།། བདག་དང་གཞན་དོན་རྫོགས་པར་སྤྱོད།། མཐར་ཕྱིན་སྐྱེ་ཤི་མེད་པའི་ས།། སངས་རྒྱས་ཡོན་ཏན་རིན་པོ་ཆེ།། བཀོད ་པའི་གཞན་ཡང་ཐམས་ཅད་ལ།། དབང་སྒྱུར་སྤྱོད་པའི་དངོས་གྲུབ་ཐོབ།། རྣལ་འབྱོར་གང་གི་འདི་འདྲའི་དོན།། ལྗགས་ཀྱི་དབང་པོ་བཀྲམ་ལས་ནི།། གསང་དོན་ངེས་པའི་དོན་སྟོན་པ།། བླ་མེད་མཆོག་ཏུ་གྲུབ་པར ་ཤོག། བླ་མེད་བྱང་ཆུབ་ཐོར་ཚུགས་ཅན།། ཤིན་ཏུ་བསྟན་པའི་ངོ་བོར་གནས།། མུ་སྟེགས་རླུང་གིས་ཚུགས་མི་འགྱུར།། ཐེག་མཆོག་རྡོ་རྗེ་ལྟ་བུ་ཡི།། དཀྱིལ་འཁོར་མི་ཟད་འབྱུང་བའི་གཏེར།། ཡིད་བཞིན་ནོར་བུ་རིན ་པོ་ཆེ།། བྱི་དོར་བྱས་ཤིང་ཤིན་ཏུ་གསལ།། བསྐལ་པ་གྲངས་མེད་གནས་གྱུར་ཀྱང་།། སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ།། སྐྱེ་ཤི་མེད་པའི་རྡོ་རྗེ་ཡིས།། ཐམས་ཅད་འབྱུང་བའི་གཏེར་ཡིན་ནོ།། ཡོན་ཏན་ཕུན་སུམ ་ཚོགས་དང་ལྡན།། བླ་མེད་བྱང་ཆུབ་འགྲུབ་འགྱུར་ནས།། ཡེ་ཤེས་རྡོ་རྗེ་གྲུབ་པར་ཤོག། ཚོགས་ཆེན་གཉིས་ཀྱང་རྫོགས་གྱུར་ཤོག། ཐམས་ཅད་ཀུན་གྱིས་སྟོན་པའོ།། ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས།། སངས ་རྒྱས་ཞིང་ལ་དབང་བྱེད་ཤོག། དེ་རྟོགས་ཀུན་ཀྱང་རྡོ་རྗེ་རིག། སྐུ་གསུང་ཐུགས་ཀྱང་གྲུབ་པར་ཤོག། རྣལ་འབྱོར་ཐབས་དང་ཤེས་རབ་དང་ལྡན་པ་རྣམས་ཀྱིས། དུས་ཐམས་ཅད་དུ་འདོད་ཡོན་ལྔ་སྤྱད་ཅིང་། གླུ་གར ་དང་བྲོ་ཐབས་བྱའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བྲོ་གར་རྩེ་འཇོའི་ལེའུ་སྟེ་སོ་གསུམ་པའོ།། །། འཕགས་པ་རྟོག་པའི་རྒྱལ་པོ། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང ་ལུང་གི་སྤྱི། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་ལེ་ལྷག་བསྟན་པ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཙིཏྟ་བིན་དུ་པ་ཏྲེ་ཤ་ན་མ། བོད་སྐད་དུ། ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ ་