| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷ་བ་སམ་པུ་ཊ་ཨ་མྲྀ་ཏ་ར་ས་ཁཱ་ཧི་ལ་སམ་པ་ར་ཨ་ཏི་ཨན་ཏ་ཙེ་ད་ཏན་ཏྲ་ནཱ་མ། བོད་སྐད་དུ། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ཅེས་བྱ ་བ། བཅོམ་ལྡན་འདས་མཚོན་མེད་བརྗོད་ལས་འདས་པའི་སེམས་ཉིད་སྐྱེ་མེད་ཀུན་བཟང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་ཅིག་ན།། འོག་མིན་གྱི་གནས་མཐའ་དབུས་མེད་པའི་གཞལ ་ཡས་ཁང་། ཆོས་ཉིད་ཀྱིས་སྟོང་ར། ཀུན་གཞི་ཁྱབ་བརྡལ་ཆེན་པོའི་དཀྱིལ་འཁོར། རིན་པོ་ཆེའི་འོད་སྤུངས་པ། འོད་ཟེར་འཕེལ་འགྲིབ་ཏུ་འཕྲོ་བ། དེའི་གནས་ནི། སྙིང་པོ་དོན་གྱི་སྐུ་གསུམ་འདི་ལྟར་བཞུགས། ་བསམ་བྲལ་བློ་འདས་བརྗོད་མེད་ཆོས་སྐུ་དང་།། འགག་མེད་བསམ་འདས་སྐྱེ་མེད་ལོངས་སྐུ་དང་།། ཐུགས་རྗེ་ཀུན་ཁྱབ་འདྲེན་མེད་སྦྲུལ་སྐུ་གསུམ།། དེ་ནི་སྟོན་པའི་ཕུན་སུམ་ཚོགས་པའོ།། དེའི་འཁོར་ཡང་འདི་ལྟ ་སྟེ། དོན་གྱི་འཁོར་དང་། ཡེ་ནས་གནས་པའི་འཁོར་དང་དུས་གསུམ་གྱི་འཁོར་རོ།། དོན་གྱི་འཁོར་ནི་འདི་ལྟ་སྟེ། སེམས་ཉིད་སྐྱེ་བ་མེད་པ་ལ། རིག་པ་འགག་པ་མེད་པའི་འཁོར་དང་། ཆོས་ཉིད་འགྱུར་བ་མེད་པ ་ལ། ཡིད་འགྱུར་སྣ་ཚོགས་ཀྱི་འཁོར་དང་། སེམས་ཉིད་གཉིས་སུ་མེད་པ་ལ། གཟུང་འཛིན་གཉིས་སྣང་བཏགས་ཞེན་པས་འཁོར་རོ།། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་སྟེ། ས་དང་ཆུ་དང་མེ ་དང་རླུང་ནམ་མཁའོ།། དུས་གསུམ་གྱི་འཁོར་ཡང་འདི་ལྟ་སྟེ། འདས་པའི་སངས་རྒྱས་དང་། མ་འོངས་པའི་སངས་རྒྱས་དང་། ད་ལྟར་བའི་སངས་རྒྱས་སོ།། གཞན་ཡང་འཁོར་གྱི་ཚོགས་ནི་འདི་ལྟ་སྟེ། ་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ།། ཉིད་ཀྱི་རང་བཞིན་གྱི་འཁོར་ཡང་འདི་ལྟ་སྟེ། རང་བཞིན་ལྟ་བའི་འཁོར་དང་། རང་བཞིན་རྟོགས་པའི་འཁོར་རོ།། དེ་དག་ནི་འཁོར་ཕུན ་སུམ་ཚོགས་པའོ།། བསྟན་པའི་དོན་ཡང་འདི་ལྟ་སྟེ། ཡེ་ནས་མཚོན་དུ་མེད་པའི་བསྟན་པ་དང་། དེ་ལ་མཚོན་པའི་ཆོས་ཀྱི་སངས་རྒྱས་དང་། སངས་མི་རྒྱ་བའི་བསྟན་པ་དང་། མཚོན་བྱ་མཚོན་བྱེད་གཉིས་མེད་དེ། ་ཚིག་དང་ཡི་གེ་མི་བཟློག་བསྟན་པའོ།། བསྟན་པ་ཕུན་སུམ་ཚོགས་པའོ།། དུས་བསྟན་པ་ནི་འདི་ལྟ་སྟེ། འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་རྐྱེན་ཁར་མི་ཤོར་ཏེ། དུས་གསུམ་དབྱེར་མེད ་ཀྱི་དུས་སྔོན་དུ་བྱུང་རྗེས་འཇུག་གདུང་གསོབ་དུས། དུས་ཕུན་སུམ་ཚོགས་པའོ།། དེ་ནས་འཁོར་ཚོགས་དེའི་ནང་ནས། རྡོ་རྗེ་སེམས་དཔས་འདི་སྐད་ཞུས། ཀྱེ་ཀྱེ་སྟོན་པ་སེམས་ཉིད་ཀུན་བཟང་ལགས།། ཕུན་སུམ ་ཚོགས་དོན་དེ་ལྟར་ན།། ཐོག་མ་གཞི་ཡི་གནས་ལུགས་དང་།། སངས་རྒྱས་སེམས་ཅན་སོ་མཚམས་དང་།། ཡར་འཁྲུལ་མར་འཁྲུལ་བྱེ་བྲག་དང་།། ཅིས་ལན་ཅིས་ཕན་གཏན་ཚིགས་དང་།། ང་ཉིད་རྟོགས་པར་བྱེད ་ཐབས་དང་།། རྟོགས་ནས་འབྲས་བུའི་ཐོབ་ལུགས་དང་།། མི་འགྱུར་གདེང་གིས་ཟིན་ལུགས་དང་།། ཡང་ཏི་སྤྱི་ཡི་གནས་ལུགས་དང་།། རྗེས་འཇུག་རྣམས་ཀྱི་རྟོགས་ཐབས་དང་།། དེ་དག་ཟབ་པར་སྟོན་པས ་གསུངས།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པ་ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འཁོར་གྱི་ནང་ནས་རྡོ ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། པུས་མོ་བཙུགས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཀའ་ཆེན་བཤད་ལུགས་ཇི་ལྟར་ལགས།། སེམས་ཉིད་ཀུན་བཟང་གསུང་དུ་གསོལ།། ཞེས་གསོལ་པ་དང་། ་སྟོན་པ་སེམས་ཉིད་ཀུན་བཟང་གིས།། འདུས་པའི་ཚོགས་ལ་བསྟན་པའི་ཕྱིར།། རིན་ཆེན་འོད་འབར་གཞལ་ཡས་ཁང་།། དབྱིངས་ཆེན་ཆོས་ཉིད་སྟོང་པ་རུ།། ཆོས་ཐམས་ཅད་གཡོ་བ་མེད་པའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་སོ།། དེ་ནས་འདུས་པའི་ཚོགས་རྣམས་ཀུན་ཏུ་འཁོར་བར་གཟིགས་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། དེ་ཡི་སྤྱི་ཏི་ཡོ་ག་འདི། འདུས ་པའི་འཁོར་ལ་བསྟན་པར་བྱ།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། ཡང་ཏིའི་སྤྱི་ཡི་བཤད་ལུགས་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། བཀའ་ཆེན་བཤད ་། ལུགས་གསུམ་དུ་བཤད།། སྐྱེ་མེད་མཚན་མེད་བཤད་པ་དང་།། བླ་དྭགས་ཚིག་གིས་བཤད་པ་དང་།། མཚོན་པ་བརྡས་འགྲོ་ལ་བཤད་པའོ།། ཐུན་མོང་བཤད་ལུགས་རྣམ་གསུམ་ཡང་།། བྱིན་གྱིས་བརླབས ་ཀྱིས་བཤད་པ་དང་།། རང་གི་ངོ་བོས་བཤད་པ་དང་།། བསྡེབས་སྦྱོར་ཚིག་གིས་བཤད་པའོ།། ཨ་ཏི་སྤྱི་ཡི་བཤད་ལུགས་ནི།། སྐྱེ་མེད་ཆོས་སྐུའི་བཤད་ལུགས་དང་།། འགག་མེད་ལོངས་སྐུའི་བཤད་ལུགས་དང་།། ་ཐུགས་རྗེ་སྦྲུལ་སྐུའི་བཤད་ལུགས་སོ།། དབྱེ་བས་གསུམ་གསུམ་དགུ་ཡིན་ཏེ།། སྤྱི་དོན་གསུམ་དུ་ཤེས་པར་བྱ།། སྐྱེ་མེད་མཚོན་མེད་བཤད་ལུགས་དང་།། མཚོན་པའི་ཆོས་ཀྱིས་སངས་མི་རྒྱ།། མཚོན་ལས་འདས ་པའི་ཆོས་ཤིག་དགོས།། བཤད་པའི་ཆོས་ཀྱིས་སངས་མི་རྒྱ།། མ་བཤད་པ་ཡི་ཆོས་ཤིག་དགོས།། བསྟན་དུ་མེད་པས་སངས་མི་རྒྱ།། བསྟན་སྟོན་མེད་པའི་ཆོས་ཤིག་དགོས།། རྟག་པའི་ཆོས་ཀྱིས་སངས་མི་རྒྱ།། བློ ་ལས་འདས་པའི་ཆོས་ཤིག་དགོས།། བྱས་པའི་ཆོས་ཀྱིས་སངས་མི་རྒྱ།། མ་བྱས་མ་བྱུང་ཆོས་ཤིག་དགོས།། བསྒྲུབ་པའི་ཆོས་ཀྱིས་སངས་མི་རྒྱ།། བྱར་མེད་སྤྲོས་བྲལ་ཆོས་ཤིག་དགོས།། སྐྱེ་མེད་མཚོན་མེད་བཤད་ལུགས་སོ།། ་བླ་དྭགས་ཚིག་གིས་བཤད་ལུགས་ནི།། མཚན་ཉིད་བདེ་གསུམ་བཤད་ལུགས་དང་།། ཀྲོ་ཡོག་སྡེ་གསུམ་བཤད་ལུགས་དང་།། བསྐྱེད་རྫོགས་རྣམ་གསུམ་བཤད་ལུགས་དང་།། རིམ་པ་དགུ་ཡི་བཤད་ལུགས་ནི།། འདི ་རུ་མི་བརྗོད་རང་རང་ཞིབ།། མཚོན་པ་བརྡས་འགྲོལ་བཤད་ལུགས་ནི།། ཨ་ཧེ་ཧེ་ཧེ་ཨ་ལ་ལ་ལ་ཧོ།། ཤིན་ཏུ་ངོ་མཚར་ཆེ་བའི་བཀའ།། སྠི་ཏི་ཡང་ཏི་འདི་ལྟ་བུ།། གཞན་ན་མེད་དེ་ཨ་ལ་ལ།། ང་ཡི་རང་བཞིན་འདི ་ལྟ་སྟེ།། ཡོད་ནི་ཅི་ཡང་མེད་པ་ལ།། སྣང་ནི་ཅིར་ཡང་སྣང་བའོ།། དངོས་པོ་ཅི་ཡང་མེད་པ་ལ།། རྟག་པ་ཀུན་གྱིས་རྩ་བ་བྱས།། བརྗོད་པའི་ཡུལ་དུ་མ་གྲུབ་ཏེ།། མིང་ཚིག་ཀུན་གྱི་རྩ་བ་བྱས།། ཐ་སྙད་གང་གིས་མ ་གོས་ཏེ།། ཐ་སྙད་ཀུན་གྱི་རྩ་བ་བྱས།། སྐྱེ་ཤི་ཀུན་དང་བྲལ་བ་ལ།། སྐྱེ་རྒས་ན་འཆིའི་རྩ་བ་བྱས།། བསྐྱེད་པ་ཀུན་དང་བྲལ་བ་སྟེ།། ཐམས་ཅད་བསྐྱེད་པའི་གཞི་མ་བྱས།། འབྱུང་བའི་གཞི་མ་མ་གྲུབ་སྟེ།། སྣང ་སྲིད་སྐྱེ་འགག་འབྱུང་བའི་གཞི།། ཕྱོགས་མཚམས་མཐའ་དབུས་ཀུན་བྲལ་ཏེ།། མཐའ་དབུས་ཕྱོགས་ཀུན་བརྟེན་པར་བྱ།། དེ་སོགས་ཕྱི་ནང་བསམ་ལས་འདས།། མ་ནོས་བསམ་པའི་རྩ་བ་བྱས།། བྱས་ཀྱང་དོན་གྱིས ་ངོ་བོ་ནི།། ཚོགས་བརྒྱད་ཡུལ་དུ་མ་གྱུར་པ།། རང་བཞིན་མི་དམིགས་བརྗོད་དང་བྲལ།། གང་གིས་ཀྱང་ནི་མཚོན་མི་ནུས།། རིན་ཆེན་འོད་འབར་རང་བཞིན་ནི།། མཚོན་དུས་ཅི་ཡང་མེད་པ་སྟེ།། སྟོན་ནི་རྣམ་པ ་གཉིས་སུ་སྟོན།། འབྱུང་ནི་བརྒྱད་ཁྲི་བཞི་སྟོང་འབྱུང་།། བསྡུ་ན་ཐེག་པ་རིམ་དགུར་བསྡུས།། ལ་ནི་ཙི་ཏེ་ཡ་སྟེ་བཟླས།། ཡིན་ནི་བྱང་ཆུབ་སེམས་ཉིད་ཡིན།། གནས་པ་སྐྱེ་མེད་དབྱིངས་ན་གནས།། གསལ་ནི་འོད་ཀྱི ་ནང་ནས་གསལ།། སྣང་ནི་སྣང་སྲིད་ཀུན་ཏུ་ཁྱབ།། མཐོང་དུ་མཚན་མའི་དངོས་པོ་མེད།། བརྗོད་དུ་དམིགས་པའི་ངོ་བོ་མེད།། བསམ་དུ་བློ་ཡི་ཡུལ་ལས་འདས།། རིག་ཏུ་རིག་ཚོར་རྩད་ནས་བཅད།། དྲན ་དུ་སེམས་ཀྱི་གཞི་མ་རྙེད།། དེས་ན་མཚོན་བརྟག་ཀུན་དང་བྲལ།། མཚོན་པ་བརྡས་འགྲོ་ལ་བཤད་ལུགས་སོ།། སྐྱེ་མེད་ཆོས་སྐུའི་བཤད་ལུགས་ནི།། ཆོས་རྣམས་སྐྱེ་མེད་དབྱིངས་སུ་བཤད།། འགྱུར་མེད་ཆོས་སྐུའི་ངོ ་བོར་བཤད།། བརྗོད་མེད་ཀློང་དུ་བསྟིམས་ན་བཞགས།། ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་ནི།། ཆོས་རྣམས་འགགས་པ་མེད་པར་བསྟན།། བརྡལ་ཁྱབ་འགགས་མེད་ལོངས་སྐུའོ།། ཐུགས་རྗེའི་སྦྲུལ་སྐུའི ་བཤད་ལུགས་ནི།། སྣང་སྲིད་གཉིས་མེད་སྤྲུལ་པའི་སྐུ།། སྣ་ཚོགས་སྣང་ལ་ངོས་བཟུང་མེད།། སྣང་བ་ཡུལ་ཆགས་ཞེ་ན་མེད།། དྲན་མེད་སྦྲུལ་སྐུའི་བཤད་ལུགས་སོ།། བྱིན་གྱིས་རླབས་ཀྱིས་བཤད་པ་ནི།། ཡེ་ཐོགས ་ཡེ་གནས་ཡེ་དབྱིངས་ནས།། དབྱེར་མེད་སྟོན་པ་ང་ཡིས་བཤད།། སྙིང་པོའི་ཀློང་ནས་ཀུན་ཏུ་བཟང་པོས་བཤད།། རྡོ་རྗེ་སེམས་དཔའ་འོད་གསལ་གནས་ནས་མཉན།། རང་གསལ་ཁྱེའུ་ཆུང་འོད་གསལ་སྦུབས་ནས ་བཤད།། རང་གསལ་ཆེན་པོར་ཀུན་གནས་སྦུབས་ནས་མཉན།། རང་གསལ་ཆེན་པོས་ཀུན་གསལ་གནས་ནས་བཤད།། དགའ་རབ་རྡོ་རྗེ་རི་རབ་རྩེ་ནས་མཉན།། དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་བཤད།། ་འཇམ་དཔལ་བཤེས་གཉེན་རི་རབ་རྐེད་ནས་མཉན།། འཇམ་དཔལ་བཤེས་གཉེན་རི་རབ་རྐེད་ནས་བཤད།། ཀླུ་རྒྱལ་འཇོག་པོས་རྒྱ་མཚོའི་གཏིང་ནས་མཉན།། བསྟན་པས་གོ་བ་མ་ཡིན་ཏེ།། བྱིན་གྱིས་བརླབས ་ཀྱིས་བཤད་ལུགས་སོ།། རང་གི་ངོ་བོས་བཤད་པ་ནི།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ།། སྟོན་པའི་ས་ཡི་སྐུར་བྱུང་ནས།། ཚིག་དང་ཡི་གེར་མི་སྟོན་ཏེ།། བདག་ཏུ་མི་རྟོག་གཞན་མི་རྟོགས།། མི་རྟོགས་མཉམ་པའི ་དགོངས་པ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་འོད་ཟེར་ཏེ།། སྟོན་པ་ཆུ་ཡི་སྐུར་བྱུང་ནས།། ་ཚིག་དང་ཡི་གེས་མི་སྟོན་ཏེ།། བདག་ཏུ་མི་འབྱེད་གཞན་མི་འབྱེད།། མི་འབྱེད་མཉམ་པའི་དགོངས་པ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། སྟོན་པ་མེད་པ་སྐུར་བྱུང་ནས།། བདག་ཏུ་མི་འཛིན་གཞན་མི་འཛིན།། གཟུང་འཛིན་གཉིས་མེད་དགོངས་སྟོན་པ། ཁམས་གསུམ་སེམས་ཅན་ཐམས ་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། སྟོན་པ་རླུང་གི་སྐུར་བྱུང་ནས།། བདག་ཏུ་མི་བསྒྲུབས་གཞན་མི་སྤོངས།། ་དགག་སྒྲུབ་གཉིས་མེད་དགོངས་པ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས ་དེ།། སྟོན་པ་ནམ་མཁའི་སྐུར་བསྟན་ནས།། བཟང་པོ་མི་བསྒྲུབ་ངན་མི་འདོར།། དབྱེ་གསལ་མེད་པའི་དགོངས་པ་སྟོན། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། བཙལ ་བའི་བསམ་པས་དབྱིངས་མི་བསྐྱོད།། དེ་ནི་སྣང་སྲིད་ཐམས་ཅད་ཀྱིས།། ཚིག་དང་ཡི་གེར་མི་སྟོན་ཏེ།། རང་རང་དབྱེར་མེད་ཆོས་སྟོན་ཏོ།། རང་གི་ངོ་བོའི་བཤད་ལུགས་སོ།། སྡེབ་སྦྱོར་ཚིག་གིས་བཤད་ལུགས ་ཀྱིས།། སྙན་ནས་སྙན་དུ་བརྒྱུད་དེ་བསྟན།། སྠི་ཏི་ཡང་ཏིའི་བཤད་ལུགས་སོ།། ཞེས་གསུངས་སོ།། གླེང་བསླངས་བཤད་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ ་སེམས་དཔས་འདི་སྐད་ཞུས།། སངས་རྒྱས་སེམས་ཅན་ཐམས་ཅད་ཀུན།། མ་བྱུང་གོང་ན་ཇི་ལྟར་གནས།། འདུས་པའི་འཁོར་ལ་གསུངས་དུ་གསོལ།། ཞེས་གསོལ་པ་དང་། སེམས་ཉིད་ཀུན་ཏུ་བཟང་པོ་དེས།། རིན ་ཆེན་འོད་འབར་གཞལ་ཡས་སུ།། དབྱེ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདུས་པའི་ཚོགས་ལ་གཟིགས་ནས་ནི།། བཞེངས་ནས་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་སེམས་ཅན་ཡེ་སྟོང་དུ།། ་དངོས་པོ་ཅི་ཡང་མ་གྲུབ་པས།། མཚོན་པས་མི་ལྡོག་མཐའ་ལས་གྲོལ།། ཐོག་མའི་གཞི་ལ་དབྱེར་མེད་པས།། སངས་རྒྱས་སེམས་ཅན་མིང་ཡང་མེད།། བརྡའ་དང་ཐ་སྙད་བཟློག་མཁན་མེད།། དཔེ་དང་དོན་དུ་སྟོན ་མཁན་མེད།། ཚིག་དང་ཡི་གེར་འདོགས་མཁན་མེད།། བདེ་སྡུག་གཉིས་སུ་འདོགས་མཁན་མེད།། རྒྱུ་འབྲས་གཉིས་སུ་རྒྱུ་མཁན་མེད།། བདག་གཞན་གཉིས་སུ་འབྱེད་མཁན་མེད།། སངས་རྒྱས་སེམས་ཅན་གཉིས ་མ་གྲུབ།། ཅི་ཡང་མ་ཡིན་ངོ་བོར་གནས།། མཚོན་པའི་སངས་རྒྱས་ཚིག་ལས་འདས།། བསམ་བརྗོད་ཡུལ་ལས་འདས་པ་ཡིན།། ཇི་ལྟར་བརྗོད་པ་མཚོན་ལས་འདས།། དེ་ཕྱིར་གཞི་ལ་དབྱེར་མེད་ཕྱིར།། བརྟག ་བཞིན་ཀུན་དང་བྲལ་བ་ཡིན།། མཚོན་པའི་མཐའ་ལས་འདས་པ་ཡིན།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། སྟོན་པ་སེམས་ཉིད་ཀུན་ཏུ་བཟང་།། ཀུན་གཞིའི་གནས་ལུགས་ཇི་ལྟར་ལགས།། ཞེས་ཞུས་པས།། ་སྟོན་པས་འཁོར་ལ་བཀའ་བསྩལ་པ།། བང་མཛོད་ཞིང་ས་དར་ཆགས་གསུམ།། གཞི་ཡི་དཔེ་རུ་ཤེས་པར་གྱིས།། སངས་རྒྱས་སེམས་ཅན་གཞི་ངོ་ཡང་།། འཁོར་བར་ཡང་ན་མི་བརྒྱ་མཚར།། མྱ་ངན་འདས་པ་རྒྱ ་མ་ཆད།། གཉིས་མེད་དུ་ཡང་རྒྱ་མ་ཆད།། ཐ་སྙད་དུ་ཡང་རྒྱ་མ་ཆད།། ཡོད་མ་མྱོང་ལ་མེད་མ་མྱོང་།། སྟོངས་མ་མྱོང་ལ་བསྲུངས་མ་མྱོང་།། དེ་བཞིན་བདེ་སྡུག་གསལ་མ་མྱོང་།། ཡིན་མིན་གང་སྟོངས་འདོད་རྩོལ ་དང་།། ཞེན་ཆགས་བཟང་ངན་ཡོད་གྲུབ་དང་།། སྒྲོམ་འཇོགས་གཟུང་འཛིན་འཁྲུལ་སྒྲིབ་དང་།། རྟོགས་དང་མ་རྟོགས་ཀུན་མ་མྱོང་།། གཉིས་སུ་ཆད་མིན་གཅིག་ཏུ་མིན།། རྒྱུ་རྐྱེན་གཉིས་ཀྱི ་སྐྱེ་འཇིག་མེད།། ངོ་བོ་མི་འགྱུར་རང་བཞིན་དམིགས།། སྐྱེ་འཇིག་གང་དུའང་རྒྱ་ཆད་མེད།། མཚོན་མེད་ཚིག་མེད་བརྟེན་པ་མེད།། ཆོས་མེད་སྟོན་མེད་མཉམ་པ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས ་མེད།། སངས་རྒྱས་བྱང་ཆུབ་སེམས་དཔའ་མེད།། རིགས་མེད་ཡིད་མེད་སེམས་ཀྱང་མེད།། གནས་རྣམས་ཆགས་མེད་ཞེན་པ་མེད།། གཟུང་འཛིན་མེད་པའི་རྟོག་ཚོགས་གྲོལ།། རྣམ་པ་ཅིང་ཡང་མི་འབྱེད་པའོ།། ་ཞེས་གསུངས་སོ།། གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སངས་རྒྱས་སེམས་ཅན་སོ་མཚམས་གང་།། ཡར་རྒྱས ་མར་འཁྲུལ་བྱེ་བྲག་རྣམས།། ཤིན་ཏུ་བཟང་བར་བཀའ་སྩོལ་ཅིག། ཞེས་ཞུས་པས།། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་སྦྱོར་འབྱེད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ ་ལས་བཞེངས་ནས་འདི་སྐད་གསུངས།། སངས་རྒྱས་སེམས་ཅན་སོ་མཚམས་ནི།། རིག་དང་མ་རིག་མཚོན་མ་མཚོན།། རྟོགས་དང་མ་རྟོགས་སོ་མཚམས་ཡིན།། ཡར་ལྟར་མར་འཁྲུལ་འདི་ལྟ་སྟེ།། སྔོན་ཐོག་མ ་ཉིད་གདོད་ནས་གནས།། སྐྱེ་མེད་དབྱེར་མེད་སྲས་ཤིག་འཁྲུངས།། དབྱེར་མེད་གཏི་མུག་ཆེན་པོ་དེས།། ཐབས་ཀྱིས་རྒྱལ་པོ་ཡབ་ཏུ་བསྟེན།། སྐྱེ་འགགས་ཀུན་བྲལ་ཡུམ་གྱི་ཚུལ།། རྩིས་གདབ་མེད་པའི་སྲས་ཤིག ་འཁྲུངས།། ཐོག་མ་མེད་པ་ཡབ་ཀྱི་ཚུལ།། ཐ་མ་མེད་པ་ཡུམ་གྱི་ཚུལ།། དབྱེ་བསལ་མེད་པའི་སྲས་དེ་ཡིས།། ཐོག་མཐའ་གཉིས་ཀྱི་དྲས་ཐག་གཅོད།། རང་བཞིན་ཡེ་གནས་ཡབ་ཀྱི་ཚུལ།། ཀུན་ཁྱབ་ཀློང་ཆེན་ཡུམ་གྱི ་ཚུལ།། འོད་གསལ་ཆོས་ཉིད་སྲས་ཤིག་འཁྲུངས།། ཆོས་རྣམས་མཉམ་ཉིད་དབྱིངས་སུ་ཐིམ།། བག་ཆགས་གཡོ་བ་ཡབ་ཀྱི་ཚུལ།། ཀུན་ཏུ་གཡོ་བ་ཡུམ་གྱི་ཚུལ།། འགྱུ་བ་བུ་ཡི་ཚུལ་དུ་བསྐྱེད་པ་དང་།། འབྱུང་བ་ཡབ ་ཀྱི་ཚུལ་དུ་གནས།། འོད་ལྔ་ཡུམ་གྱི་ཚུལ་དུ་འཁྱིལ།། རླུང་ལྔ་སྲས་ཀྱིས་ཚུལ་དུ་འཁྲུངས།། རྩལ་ལ་གདེང་རྙེད་རྟོགས་པར་ཤར།། བུ་ཉིད་ཡུམ་གྱི་ངང་དུ་ཐིམ།། མ་ལ་བུ་ཐིམ་དབྱེར་མི་ཕྱེད།། ཡབ་ཡུམ་འགྱུར་མེད ་དབྱིངས་སུ་ཐིམ།། སྙིང་པོ་ཡབ་ཡུམ་མཁའ་ཀློང་ལས།། རིག་རྩོལ་མ་འགགས་བུ་རྣམས་འཕྱོ།། འཕྱོས་མ་རྙེད་སྙིང་པོའི་ཀློང་།། ཟེར་དང་ཤེས་པ་མ་གཡོས་ཐིམ།། ཡབ་ཡུམ་སྲས་གསུམ་དབྱེར་མེད་པས།། ཐོག ་མར་ཡེ་ནས་སངས་རྒྱས་ཡིན།། ཆོས་ཉིད་ཞིང་དང་ཕྲད་པས་ཡེ་ཤེས་རང་ས་ཟིན།། རྣམ་རྟོག་རྩད་ནས་བཅད་པས་འཁྲུལ་པ་རང་སར་གྲོལ།། འགྱུར་མེད་ཀློང་དུ་ཐིམ་པས་ཆོས་སྐུར་གྲོལ།། མ་རིག་མུན་ཁང་བཅོམ ་པས་ཡེ་ཤེས་རྒྱ་མ་ཆད།། ཡེ་ཤེས་འཆར་སྒོ་བྱེ་བས་མ་རིག་འཁྲུལ་སྒོ་བསྡམས།། འཁོར་བ་ཡོངས་སངས་སྙིང་པོ་ཆོས་སྐུར་རྒྱས།། བྱ་བ་རྩོལ་སངས་བྱར་མེད་སྤྲོས་བྲལ་རྒྱས།། ཡར་ཀུན་ཏུ་བཟང་པོ་དེ ་། ལྟར་ཤེས།། ཅིས་ཕན་གཏན་ཚིགས་འདྲི་བ་སྟེ།། བྱ་བཙལ་གང་གིས་མི་ཕན་ཏེ།། རང་སར་རང་ཉིད་ཐིམ་པ་མིན།། རང་ཉིད་རང་གིས་གྲོལ་བ་ཡིས།། རང་ཉིད་རང་གི་རྟོགས་པ་ཡིན།། སྤོང་ལེན་དགག་བསྒྲུབ་མ ་ཡིན་ཏེ།། རྣམ་རྟོག་སངས་ནས་ཡེ་ཤེས་རྒྱས།། སུས་ཀྱང་རྒྱས་སུ་མ་བཅུག་སྟེ།། རང་ཉིད་རང་གིས་རྒྱས་པ་ཡིན།། དེ་ལྟར་འགྱུར་མེད་སངས་རྒྱས་རྟོགས་ཙན།། མ་རིག་མེད་དེ་དང་དྲངས་ཆེན་པོ་ཡིན།། ཡེ་ཤེས་ཡེ ་གནས་དང་དྲངས་ཆེན་པོ་ཡིན།། རྣམ་རྟོག་མེད་དེ་དང་དྲངས་ཆེན་པོ་ཡིན།། ཆོས་ཉིད་ཡེ་ནས་ངང་དྲངས་ཆེན་པོ་ཡིན།། དུས་གསུམ་མེད་དེ་དང་དྲངས་ཆེན་པོ་ཡིན།། སྐུ་གསུམ་ཡེ་ཡིན་དང་དྲངས་ཆེན་པོ་ཡིན།། དུག ་ལྔ་ཆེན་པོས་དང་དྲངས་ཆེན་པོ་ཡིན།། ཡེ་ཤེས་ལྔ་ནི་ངང་དངས་ཆེན་པོ་ཡིན།། འཁོར་བ་མེད་དེ་དང་དྲངས་ཆེན་པོ་ཡིན།། ཡེ་ནས་མྱང་འདས་ཡིན་ཏེ་ངང་དྲངས་ཆེ།། སེམས་ཅན་མེད་དེ་དང་དངས་ཆེན་པོ་ཡིན་ནོ།། ་ཡེ་གནས་སངས་རྒྱས་ཡིན་ཏེ་ངང་དྲངས་ཆེ།། སྐྱེ་བ་མེད་དེ་དང་དྲངས་ཆེན་པོ་ཡིན།། འགགས་པ་མེད་དེ་དང་དྲངས་ཆེན་པོ་ཡིན།། ན་བ་མེད་དེ་དང་དྲངས་ཆེན་པོ་ཡིན།། རྒ་ཤི་མེད་དེ་དང་དྲངས་ཆེན་པོ་ཡིན།། ་སྟོང་པ་མེད་དེ་དང་དྭངས་ཆེན་པོ་ཡིན།། གཉིས་སུ་མེད་དེ་དང་དྭངས་ཆེན་པོ་ཡིན།། ཡུལ་སེམས་གཉིས་མེད་དང་དྭངས་ཆེན་པོ་ཡིན།། གཟུང་འཛིན་མེད་དེ་དང་དྭངས་ཆེན་པོ་ཡིན།། དགག་བསྒྲུབ་སྤོང་ལེན་གཉིས ་མེད་དང་དྲངས་ཆེན་པོ་ཡིན།། བྱ་བཙལ་ཕྱོགས་རིས་གཉིས་མེད་དང་དྭངས་ཆེན་པོ་ཡིན།། དབྱེ་བསལ་རྩིས་གདབ་གཉིས་མེད་ངང་དྭངས་ཆེ།། རིག་པ་མྱོང་མེད་དང་དྲངས་ཆེན་པོ་ཡིན།། ཡིད་ཀྱིས་འགྱུ་མེད་དང ་དངས་ཆེན་པོ་ཡིན།། སེམས་ཀྱིས་དམིགས་མེད་ངང་དྭངས་ཆེན་པོ་ཡིན།། མིང་ཚིག་བརྗོད་བརྟགས་ཞེན་མེད་ངང་དྭངས་ཆེ།། ས་ལམ་སྦྱངས་བསྐྱོད་མེད་དེ་ངང་དངས་ཆེན་པོ་ཡིན།། རྟོག་ཚོགས་མཚན་མ་མེད་དེ ་ང་དྲངས་ཆེ།། བརྗོད་གཞི་ཐམས་ཅད་དང་དྲངས་ཆེན་པོ་ཡིན།། སངས་རྒྱས་ཆེ་བའི་ཡོན་ཏན་དེ་ལྟར་རོ།། ཞེས་གསུངས་སོ།། སངས་རྒྱས་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། སྟོན་པ་ཀུན་བཟང་ལ་ཞུས་པ། ཁམས་གསུམ་འཁོར་བ་ཅི་ཡིས་ཉེས།། ཞེས་ཞུས་པས། འདུས་པའི་འཁོར་ལ་བཀའ་བསྩལ་པ།། ཨ་བི་ད་ར་རཏྣ་སཾ་བ་ར་ཨ་ལེ་མེ་མ་ཀྱེ་མ་ཧོ།། ཡང་དག་དོན ་ལས་གོལ་བ་རྣམས།། རྣམ་རྟོག་བདག་ཏུ་བཟུང་བ་ཡིན།། ནམ་མཁའ་ནམ་མཁས་བཟུང་བ་སྤྲིན།། རང་མགོ་རང་གི་རྐང་པས་མནན།། རང་གི་གཉའ་ལག་རང་གིས་བཅིངས།། རང་གི་རིན་ཆེན་རང་གིས་བོར།། ་རང་གི་སྒྲོན་མེ་རང་གིས་བསད།། རང་གི་ཉི་ཟླ་རང་གིས་བསྒྲུབས།། ཀྱེ་མ་བདག་འཛིན་སེམས་ཅན་ཉོན་རེ་མོངས།། མཉམ་པའི་དོན་ལས་ཕྱོགས་རིས་བྱུང་།། སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི།། ་ངོ་བོ་སྤྱི་བ་གཡོ་བའི་རླུང་།། སྐྱེ་བའི་རིག་པ་མཉམ་པར་གནས།། དཔེར་ན་མཚོ་ལ་དར་ཆགས་འདྲ།། འགྱུ་བ་རླུང་དུ་མཉམ་པ་ལ།། རང་ས་མ་ཟིན་གསུམ་གྱིས་ལེན།། སངས་རྒྱས་དོན་དེ་མ་རྟོགས་ཏེ།། གཡོ་དང ་འགྱུ་དང་མི་འགྱུ་དང་།། ཟེར་དང་འོད་དང་ཤེས་པ་དང་།། སང་སང་སེང་སེང་རྟེན་མེད་དེ།། དྲན་རིག་ཕྱོགས་མཚམས་འགྱུས་པ་ཡིན།། རྩལ་བུའི་རིག་པ་འཕྱོ་སངས་ཁྱེར།། ཡིན་སྙམ་རིག་པ་ཆགས་སྡང་སྟེ།། ་གནས་དོན་མ་ཤེས་དོན་མ་རིག། དེ་ལ་མ་རིག་མུན་པར་བཤད།། འགྱུ་བ་རང་གི་རྒྱུ་བྱས་ནས།། སྒྲིབ་གཡོགས་མུན་པ་རྐྱེན་དུ་འབྱུང་།། ཡེ་ཤེས་འཆར་སྒོ་མ་ཕྱེད་པས།། མུན་པའི་འཁོར་སྒོ་རྐྱེན་དུ་བྱུང་།། མ་རིག ་འཁྲུལ་སྒོར་འཁྱམ་པ་ཡིན།། རིག་པས་ཚོལ་འཕྲོ་བྱས་པ་ཡིན།། ཡིད་ནི་འགྱུ་བ་ཉིད་དང་བཅས།། སེམས་ནི་གསལ་བ་ལྔ་རུ་བཤད།། གསལ་དང་མི་གཡོ་རྒྱ་མ་ཆད།། མི་འགྱུར་གཡོ་ཞིང་འགྱུར་བ་སྟེ། སེམས་ཀྱི ་སྣང་ཚུལ་ལྔ་རུ་བཤད།། འོད་གཟུགས་རི་གཟུགས་ཤ་གཟུགས་ཤར།། རིག་པའི་གཟུགས་ལ་འོད་གཟུགས་འཁྲུལ།། ཕ་ཡིན་མ་ཡིན་སྙམ་བྱེད་ཀྱིས།། མངལ་གྱི་སྒོ་རུ་འཁྱམས་ནས་ནི།། ཤ་གཟུགས་དངས་མའི ་གཟུགས་སུ་འཐུམས།། ཕ་ཡི་ཞེ་སྡང་རྒྱུ་ལས་ནི།། ཤ་དང་རུས་པའི་ཚུལ་དུ་ཆགས།། མ་ཡི་འདོད་ཆགས་རྐྱེན་ལས་ནི། ཁྲག་དང་ཆུ་སེར་ཚུལ་དུ་ཆགས།། དུག་གསུམ་རྒྱུ་ལས་ལུགས་ངག་ཡིད།། འཁྲུལ་པ་སྨིན་པའི ་འབྲས་བུ་ཡིན།། དངོས་པོའི་རྐྱེན་སྣང་འདི་ལྟར་འཁྲུལ།། ཕ་མ་བུ་གཉེན་གཡུལ་ལ་སོགས།། དེ་རུ་སྣང་སྟེ་དེ་རུ་གཟུང་།། དེ་རུ་བཏགས་ཏེ་དེ་རུ་ཞེ་ན།། འཁྲུལ་པ་བཏགས་སྣང་ཞེན་དང་གསུམ།། དང་པོ་རིག ་སྐྱེས་ཡིད་དུ་འགྱུས།། སེམས་སུ་གསལ་བས་མིང་དུ་བཏགས།། མིང་ནི་དོན་མེད་སེམས་ཡིན་ནོ།། སེམས་ནི་བློས་བཏགས་བརྗོད་རྟོགས་ཡིན།། ཀུན་ཏུ་ཚོལ་དང་གཏན་ལ་འབེབས།། ངེས་འཇོགས་འཁོར་ལོ ་གསུམ་དུ་འཁྲུལ།། མཉམ་པ་ཆེན་པོའི་ཆོས་ཉིད་ལ།། ལོག་རྟོག་ཤེས་པ་སྣ་ཚོགས་ཀྱིས།། མི་མཉམ་པ་ཡི་ངོ་བོར་བཟུང་།། དེ་ཡི་འཁྲུལ་པ་འབྲས་བུར་ལྟས།། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ།། ཞེན་རྟོགས ་མཚན་མ་བརྟས་པ་ཡིན།། མིན་པའི་ཆོས་ལ་ཡིན་པར་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། རྩིས་གདབ་མེད་པས་རྩིས་གདབ་བྱུང་།། དགག་བསྒྲུབ་མེད་ལས་སྤོང་ལེན་བྱུང་།། བྱ་བཙལ་མེད་ལས་རྩོལ ་སྒྲུབ་བྱུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། བདག་གཞན་མེད་ལ་བདག་བཟུང་ནས།། དེ་ལྟར་མེད་ལས་ཡོངས་བཟུང་བས།། རྨི་ལམ་ཚུལ་ལས་སྡུག་བསྔལ་མྱོང་།། རིགས་དྲུག་སྐྱེས་དགུ་དེ་ལས་བྱུང་།། མི ་བདེན་བདེན་བཟུང་རྟོག་ཚོགས་ཀྱིས།། གཞི་ལ་མེད་དེ་རྟོག་པར་བཟུང་།། བཟུང་བས་ཞེན་ནས་ཆགས་ཏེ་འཁྲུལ།། དེ་ལྟར་མ་འཁྲུལ་གཏན་ལ་དབབ།། ཅིས་ལེན་ཞེ་ན་རང་གིས་ལེན།། རང་ས་མ་ཟིན ་གསུམ་གྱིས་ཉེས།། ཆོས་ཉིད་མ་དང་མ་ཕྲད་པ།། རང་ལ་རང་རིག་ཡི་རེ་མུག། ཡེ་ཤེས་རང་ས་མ་ཟིན་པས།། རང་ལ་རང་ཉིད་ཞེ་རེ་འཁྲུལ།། རྣམ་རྟོག་རང་སར་མ་སངས་པས།། རང་ལ་རང་ཉིད་སྐྱུག་རེ་ལོག། ་སྙིང་པོ་གོང་ནས་མ་ཤར་བས།། རང་གི་རང་ཉིད་མུན་པར་འཐུམས།། འཁྲུལ་པ་རང་སར་མ་གྲོལ་བས།། རང་གིས་རང་ཉིད་མནར་བ་ཡིན།། སུས་ཀྱང་གནོད་པ་མ་བསྐྱལ་ཏེ།། སེམས་དང་ཆོས་སྐུ་མ་འདྲེས་ལེན།། ་དུག་གསུམ་རྩ་བ་མཆོད་ལེན།། ཞེན་པ་རང་ལོག་མ་བྱུང་ལེན།། དུག་ལྔ་འདི་དང་མ་བྲལ་ལེན།། གཏི་མུག་མུན་པ་མི་སོལ་ལེན།། ཡེ་ཤེས་ཉི་མ་མ་ཤར་ལེན།། རང་གི་རང་ཉིད་འཁོར་དུ་བཅུག། རང་གིས་རང་ཉིད ་འཁྲུལ་དུ་བཅུག། ཅེས་གསུངས་སོ།། མར་འཁྲུལ་གཏན་ལ་དབབ་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་སྐུ་རྟོགས་པར་བྱ་བའི་ཐབས།། ་བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས་ཞུས་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེ་འོད་འབར་བ་ཞི་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས།། ཨ་ཡ་ཀ་རི ་མཧཱ་ཨ་ཏི་ཏ་ལ།། ཐེག་པའི་རྒྱལ་པོ་སྤྱི་ཏི་ཡང་ཏི་འདི།། ཐེག་པ་གསུམ་གྱིས་སྤྱི་མེས་ཡིན་པར་བཤད།། སྐྱེ་མེད་ཚིག་མེད་མཚོན་འདས་ཡིན་པ་ལ།། ཨ་མ་དེ་ལྟར་མ་གོ་སེམས་ཅན་རྣམས།། དངོས་པོ་མེད་པར ་། མཚོན་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སྐྱེ་མེད་དོན་ལ་བརྗོད་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། དངོས་མེད་དོན་ལ་དངོས་པོར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ་ང་ཡི་རང་བཞིན་སྤྱིར་མ་གྲུབ།། ཐེག་པ་བརྒྱད་ཀྱི་ཁ་སྨྲས་འཛུགས།། འདི་ཡང་སེམས་ཅན་ཉོན་རེ་མོངས།། རང་ལ་མངོན་པར་ཞེན་པ་ཡིས།། ཐེག་པ་བརྒྱད་ཀྱིས་ང་མ་མཐོང་།། འདི་ཡང་གཞན་ལྟ་ང་རྒྱལ་རྒྱབ ་ཀྱིས་ཕྱོགས།། འདི་ཡང་གཉིས་སུ་མེད་པར་གཉིས་སུ་ཕྱེ།། འདི་ཡང་དུག་ལྔ་མེད་པར་སྤང་བར་འདོད།། འདི་ཡང་སྐུ་ལྔ་མེད་པར་བསྒྲུབ་པར་འདོད།། འདི་ཡང་སེམས་ཅན་མེད་པར་སྤང་བར་འདོད།། འདི་ཡང ་སངས་རྒྱས་མེད་པར་བསྒྲུབ་པར་འདོད།། འདི་ཡང་མ་རིག་མེད་པར་སྤང་བར་འདོད།། འདི་ཡང་ཡེ་ཤེས་མེད་པར་བསྒྲུབ་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ཡུལ་སེམས་མེད་པར་སྤངས་པར ་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། གཟུང་འཛིན་མེད་པར་ཡོད་འདོད་འདི།། དེ་ལ་སོགས་པའི་གཉིས་སྣང་ཀུན།། བློ་འཆོས་ཡིན་པར་མ་རིག་གམ།། བཏགས་སྣང་ཡིན་པར་མ་རིག་གམ།། བླ་དྭགས་ཡིན ་པར་མ་རིག་གམ།། བརྗོད་གཞི་ཐ་སྙད་ཡིན་པར་མ་རིག་གམ།། བློ་དམན་ཆོས་སུ་བསྟན་པ་མ་རིག་གམ།། ཐམས་ཅད་བློ་འབྲིད་ཡིན་པར་རིག་གམ།། བློ་ཆོས་དྲང་དོན་ཡིན་པར་མ་རིག་གམ།། ་བཏགས་སྣང་ཞེན་གསུམ་ཆོས་ཀྱིས་མི་བཏུབ་བོ།། ཞེས་གསུངས་སོ།། གཉིས་སྣང་གི་ཆོས་ཀྱི་མི་གྲོལ་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད ་ཞུས།། ཆོས་ཉིད་མཚོན་དུ་མེད་པའི་དོན།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས་ཞུས་པས། སེམས་ཉིད་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འབར་བའི་དོན་མཚོན་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཨ་ཏ་བ་ཏུ་རི་ཨ་བ་མ། ང་ཡིས་མཚོན་པ་ཀུན་བྲལ་བཤད།། རྡོ་རྗེ་སེམས་དཔས་གོ་བར་ཟུངས།། སྐྱེ་མེད་སྔོན་མེད ་མཚོན་འདས་པས།། དེ་ལ་མཚོན་པས་སངས་མི་རྒྱ།། མཚོན་དུ་མེད་པའི་ཆོས་ཤིག་དགོས།། སྐུ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་སྟོང་པ་སྐྱེ་མེད་གསུམ།། དེ་གསུམ ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སེམས་དང་རིག་པ་ཡིད་དང་གསུམ།། དེ་གསུམ་བསྒྲུབས་པས་ང་རེ་དང་།། སེམས་དང་ཡེ་ཤེས་བག་ཆགས་གསུམ།། དེ་གསུམ་འདོད་པ་དེ་དག ་དང་།། རིག་པ་སྟོང་པ་གཉིས་མེད་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། ཚོགས་དང་མཚོན་པའི་རྟོགས་པ་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང ་བྲལ་བའི་ཆོས་ཤིག་དགོས།། བླང་བྱ་དོར་བྱ་འཛིན་མེད་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། འགྱུར་མེད་སྙིང་པོ་ཆོས་ཉིད་གསུམ།། དེ་གསུམ་བསྒྲུབས་པས་སངས ་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། ཀུན་སྣང་གསལ་བ་འཛིན་མེད་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། རྩོལ་དང་བསྒྲུབ་དང་བྱེད་དང་གསུམ།། དེ་གསུམ ་འདོད་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། ལྟ་བྱ་བསྒོམ་བྱ་སྤྱོད་བྱ་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་བཏགས་པ་ཞེན་པ་གསུམ།། དེ ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། བློ་ཡུལ་ཡིད་སྨོན་མེད་གཟུགས་གསུམ།། དེ་གསུམ་བསྒོམས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། བསྒྲུབ་འདོད་དོག་པ ་འཐོབ་རྒྱུ་གསུམ།། དེ་གསུམ་འདོད་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། རྟོག་ཚོགས་བཟུང་བ་ཆགས་པ་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག། ་། དགོས།། ཡི་གེ་དགག་བསྒྲུབ་བླ་དྭགས་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་ཕྱོགས་རིས་ཁ་དོག་གསུམ།། དེ་གསུམ་བསྒྲུབས་པས་སངས་མི ་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། གཉིས་སྣང་གཉིས་མེད་ལ་སོགས་ཀུན།། བསམ་ལས་འདས་པས་མདོ་ཙམ་དབྱེ།། སྒྲུབ་དངོས་སུན་དབྱུང་དེ་ཡིས་ཕྱུང་།། ཆོས་གཅིག་བྱ་བའི་མཚན་ཉིད་ནི།། ལ་བཟླ་བ ་ཡི་གདམ་ངག་ཡིན།། དེ་ཡང་འདི་ལྟར་ཤེས་པར་བྱ།། ཆོས་གཅིག་ཁྱབ་པའི་མིང་དེ་ཡང་།། གཅིག་པོ་དེ་ཉིད་གཅིག་ལས་འདས།། འདས་པའི་དོན་ལ་བརྗོད་དུ་མེད།། འདས་པའི་དོན་ལ་མཚོན་དུ་མེད།། འདས ་པའི་དོན་ལ་གཟུང་དུ་མེད།། བསམ་འདས་དོན་ལ་འདོད་རྒྱུ་མེད།། བྱ་བཙལ་མེད་པ་འདས་པའི་དོན།། འདས་པའི་དོན་ལ་བླང་དོར་མེད།། འདས་པའི་དོན་ལ་སྤྲོ་བསྡུ་མེད།། འདས་པའི་དོན་ལ་ལྟ་སྒོམ ་མེད།། འདས་པའི་དོན་ལ་སྤྱོད་འབྲས་མེད།། འདས་པའི་དོན་ལ་བསྲུང་རྒྱུ་མེད།། འདས་པའི་དོན་ལ་བགྲོད་དུ་མེད།། འདས་དོན་ཐོབ་རྒྱུ་ཡོད་ལས་འདས།། དེ་ལ་བློ་ཡིས་བཅོས་སུ་མེད།། དེ་ལ་སྤྲོས་དང་མ་སྤྲོས ་མེད།། དེ་ལ་ཟིན་དང་མ་ཟིན་མེད།། དེ་ལ་བྱུང་དང་མ་བྱུང་མེད།། དེ་ལ་བཟང་ངན་དབྱེ་བསལ་མེད།། དེ་ལ་རྩིས་གདབ་བྱ་རྒྱུ་མེད།། དེ་ལ་གསལ་དང་མི་གསལ་མེད།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། སྣང ་བས་གཞན་མ་ཐོབ་མི་འགྱུར།། དེ་ལ་ལྕེ་ཡིས་བརྗོད་དུ་མེད།། བརྗོད་པས་སྟེང་དུ་མི་ཕེབས་ཏེ།། བརྗོད་པ་ཐམས་ཅད་བླ་དྭགས་ཡིན།། བླ་དྭགས་ཚིག་ལ་སངས་རྒྱས་མེད།། ཡེ་ནས་སྨྲ་བསམ་བརྗོད་ལས ་འདས།། དྲན་མེད་ཡིད་ལ་བཞག་རྒྱུ་མེད།། བསམ་མེད་བློ་ཡི་ཡུལ་ལས་འདས།། སངས་རྒྱས་ཡེ་མེད་བསྒྲུབ་བྱ་མེད།། འགྱུར་མེད་སྐྱེ་མེད་ཆོས་སྐུ་དེ།། ཡེ་ནས་ཡིན་པས་བསྒྲུབ་མ་དགོས།། ཆོས་སྐུ་ཡེ་ནས་སྐྱེ་མེད ་ལ།། སྐྱེ་མེད་སྙེད་ཀྱི་སྒྲོས་མི་གདགས།། ནམ་མཁའི་འདི་ནི་མེད་དོ་ཞེས།། བླུན་པོ་གང་ཞིག་རྟོག་དཔྱོད་གཏོང་།། མཁས་པས་སྔོན་ནས་ཡོད་མི་འཛིན།། ཡེ་ནས་གཉིས་སུ་མེད་པ་ལ།། བདེན་པ་གཉིས ་འཛིན་སུན་ཕྱུངས་ཤིག། གཉིས་སུ་མེད་པའི་དོན་མཆོག་འདི།། ཀུན་བཟང་སུམ་ཕྱུང་མ་བཏུབ་བོ།། དེས་ན་དེ་ལྟར་ཤེས་པར་གྱིས།། ཞེས་གསུངས་སོ།། ཆོས་ཉིད་མཚོན་འདས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། མཚོན་དུ་མེད་པའི་དོན་དེ་ལ།། རྩོལ་སྒྲུབ་བགྱིས་ན་མི་འགལ་ལམ།། ཞེས་ཞུས་པས། སྟོན་པ་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེ་འོད་འགྱུར་བ ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས། ངའི་སྤྱི་ཏི་ཡོ་ག་འདིར།། དགག་སྒྲུབ་སྤོང་ལེན་བྱུང་ན་འགལ།། དུག་ལྔ་སྤངས་ན་ང་སྤངས་སོ།། སྐུ་ལྔ་བསྒྲུབས་ན་ང ་སྤངས་སོ།། མ་རིག་སྤངས་ན་ང་སྤངས་སོ།། ཡེ་ཤེས་བསྒྲུབས་ན་ང་སྤངས་སོ།། རྣམ་རྟོག་སྤངས་ན་ང་སྤངས་སོ།། ཆོས་ཉིད་བསྒྲུབས་ན་ང་སྤངས་སོ།། འཁོར་བ་སྤངས་ན་ང་སྤངས་སོ།། མྱང་འདས ་བསྒྲུབས་ན་ང་སྤངས་སོ།། སེམས་ཅན་སྤངས་ན་ང་སྤངས་སོ།། སངས་རྒྱས་བསྒྲུབས་ན་ང་སྤངས་སོ།། བདག་གཞན་སྤངས་ན་ང་སྤངས་སོ།། བདག་མེད་བསྒྲུབས་ན་ང་སྤངས་སོ།། ཕྱོགས་རིས་བྱས་ན་ང་སྤངས ་སོ།། དགྲ་གཉེན་སྤངས་ན་ང་སྤངས་སོ།། གཉིས་འཛིན་སྤངས་ན་ང་སྤངས་སོ།། གཉིས་མེད་བསྒྲུབས་ན་ང་སྤངས་སོ།། དམིགས་བསལ་བཀག་ན་ང་སྤངས་སོ།། གསལ་བ་བསྒྲུབས་ན་ང་སྤངས་སོ།། ལྟ་བས་བལྟས ་ན་ཆོས་ཉིད་སྤངས།། སྒོམ་པས་བསྒོམས་ན་ཆོས་ཉིད་སྤངས།། དམ་ཚིག་བསྲུངས་ན་ཆོས་ཉིད་སྤངས།། འཕྲིན་ལས་བཙལ་ན་ཆོས་ཉིད་སྤངས།། ས་ལམ་བགྲོད་ན་ཆོས་ཉིད་སྤངས།། འབྲས་བུ་བསྒྲུབས་པས་ཆོས ་ཉིད་སྤངས།། དེ་ཡང་ཅི་ཡི་ཕྱིར་ཞེ་ན།། དེ་དག་ཐམས་ཅད་དགག་བསྒྲུབ་གཉིས།། ལྟ་བ་ལྟ་བྱེད་རྩོལ་བའི་ནད།། བསྒོམ་པ་སྒོམ་བྱེད་རྩོལ་བའི་ནད།། སྤྱོད་པ་སྤྱོད་བྱེད་རྩོལ་བའི་ནད།། འབྲས་བུ་སྒྲུབ་བྱེད་རྩོལ ་པབའི་ནད།། ས་ལམ་སྒྲོལ་བྱེད་རྩོལ་བའི་ནད།། དེ་ལྟར་སྤྱད་པས་གྲོལ་མི་འགྱུར།། གཉིས་སྣང་ཤེས་པས་མ་ཆོད་པར།། ཕ་རོལ་ཕྱིན་པ་ཤིན་ཏུ་གཅེས།། ཞེས་གསུངས་སོ།། དགག་བསྒྲུབ་སྤངས་ཐོབ་ཀྱིས་མི་གྲོལ ་བར་བསྟན་པའི་ལེའུ་ཏེ་བརྒྱད་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། མ་འཁྲུལ་ཆོས་སྐུ་ཐོབ་པའི་ཟབས།། གདམ་ངག་སྟོན་པས་འཁོར་ལ་གསུངས།། ཞེས ་གསོལ་བ་དང་། སྟོན་པ་སེམས་ཉིད་ཀུན་བཟང་དེས། རིན་པོ་ཆེའི་རྩིས་གདབ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དེ་ལས་བཞེངས་ནས་འདི་སྐད་གསུངས། ཆོས་སྐུ་འགྱུར་མེད་ཐོབ་པའི་ཐབས།། རྩོལ་སྒྲུབ་བགྱི ་བ་མི་འཚལ་ཏེ།། བྱ་བ་ཐམས་ཅད་བཏང་བའི་ངང་།། རང་ཉིད་རང་སར་བཞག་པར་འཚལ།། སྤོང་ལེན་ཆགས་འཛིན་ནད་དང་བྲལ།། ང་ཡི་བཀའ་ཆེམ་བསྟན་ལུགས་ནི།། ཐེག་པ་གཞན་ལ་བསྟན་བྱུང་མེད།། ཨ ་ལ་ལ་ཧོ།། ང་ཡི་བདུད་རྩིའི་ཉིད་ཁུ་འདི།། ང་ནི་སྣང་སྲིད་ཀུན་ཏུ་སྣང་།། སྣང་ལ་སྣང་སྟེ་ང་མ་མཐོང་།། མ་མཐོང་བ་ཡི་ངང་ལ་ཞོག། ང་ནི་སྣོད་བཅུད་ཀུན་ལ་ཁྱབ།། ཀུན་ལ་ཁྱབ་པས་ངོས་བཟུང་མེད།། ངོས་བཟུང ་མེད་པའི་ངང་ལ་ཞོག། ང་ནི་ཀུན་གཞི་དངོས་གཞི་ཡིན།། དངོས་གཞི་ཡིན་ཏེ་ཁྱབ་པ་མེད།། གྲུབ་པ་མེད་པའི་ངང་ལ་ཞོག། ཐམས་ཅད་ང་ཡིས་ཕྱེ་བ་སྟེ།། བྱེད་མཁན་རྟོགས་མཁན་གཅིག་ཀྱང་མེད།། མ་ཕྱེ་བ་ཡི ་ང་ལ་ཞོག། ང་ནི་ཀུན་ལ་སྣང་བ་སྟེ།། ཀུན་གྱིས་ང་ནི་སྣང་མི་འགྱུར།། མི་སྣང་བ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད་བྱས་པ་སྟེ།། ངས་ནི་ཡུལ་ཡང་མ་བྱས་པའོ།། མ་བྱས་པ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད ་། འདུལ་བ་སྟེ།། ང་ནི་སུས་མ་བཏུལ་བའོ།། མི་བརྟུལ་བ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་བཙལ་བ་སྟེ།། ང་ནི་སུས་ཀྱང་མ་བཙལ་ལོ།། མ་བཙལ་བ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་སྤངས་པ ་སྟེ།། ང་ནི་སུས་ཀྱང་མ་སྤངས་སོ།། མ་སྤངས་པ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་བསྒྲུབས་པ་སྟེ།། ང་ནི་སུས་ཀྱང་མ་བསྒྲུབས་སོ།། མ་བསྒྲུབ་པ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་བརྟགས་པ་སྟེ།། ང་ནི་སུས ་ཀྱང་མ་བརྟགས་སོ།། མ་བརྟགས་པ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་མཚོན་པ་སྟེ།། ང་ནི་སུས་ཀྱང་མ་མཚོན་ནོ།། མ་མཚོན་པ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་ཤེས་པ་སྟེ།། ང་ཡི་རང་བཞིན་ཤེས་པ ་མེད།། མ་ཤེས་པ་ཡི་ངང་ལ་ཞོག། ངས་ནི་ཐམས་ཅད་བསྐྱེད་པ་སྟེ།། ང་ནི་སུས་ཀྱང་བསྐྱེད་པ་མེད།། མ་བསྐྱེད་རྫོགས་པའི་ངང་ལ་ཞོག། ངས་ནི་ཐམས་ཅད་རྟོགས་པ་སྟེ།། ང་ནི་སུས་ཀྱང་མ་རྟོགས་སོ།། མ་རྟོགས ་པ་ཡི་ངང་ལ་ཞོག། རིག་པ་སྐྱེ་བ་མེད་པ་ཡིས།། མྱོང་བ་མེད་པའི་ངང་ལ་ཞོག། ཡིད་ལ་འགྱུ་བ་མེད་པ་ཡིས།། གཡོ་བ་མེད་པའི་ངང་ལ་ཞོག། སེམས་ལ་མིང་འདོགས་མེད་པ་ཡིས།། སྤྲོས་བཏགས་འཛིན་མེད་ངང ་ལ་ཞོག། གནས་ལུགས་འགྱུར་མེད་དང་ལ་ཞོག། སྣང་ལུགས་རང་མདངས་ངང་ལ་ཞོག། དེ་གཉིས་དབྱེ་བསལ་མེད་པར་ཞོག། གནས་ལུགས་དངོས་པོ་མེད་པར་ཞོག། སྣང་བ་དགག་བསྒྲུབ་མེད་པར་ཞོག། དེ ་གཉིས་རྩིས་གདབ་མེད་པར་ཞོག། ཕྱི་ནང་དཀར་དམར་ཡུལ་རྣམས་ཀུན།། སྣང་ལ་རང་བཞིན་མེད་པར་ཞོག། གནས་ལུགས་སེམས་ཀྱིས་རྩལ་རྣམས་ཀུན།། མི་སྣང་རང་བཞིན་མེད་པར་ཞོག། བར་གྱི་གཉིས་སྣང ་གཟུང་འཛིན་ཀུན།། སྤྲོས་པ་ཟག་ཆོད་ངང་དུ་ཞོག། སྐྱེ་བ་མེད་པའི་ངང་ལ་ཞོག། འགྱུར་བ་མེད་པའི་ངང་ལ་ཞོག། སྨྲ་བསམ་བརྗོད་མེད་དང་ཞོག། འགགས་མེད་ཆོས་སྐུའི་ཀློང་དུ་ཞོག། རྣམ་རྟོག་གཉིས་མེད་ངང་དུ ་ཞོག། འཇོག་པའི་ཚིག་ཀྱང་གཉིས་མེད་ཞོག། ཅེས་གསུངས་སོ།། ཉམས་བླངས་བཞག་ཐབས་ཀྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། མ་བཅོས ་རྣལ་དུ་བཞག་པ་ཡི།། བཞག་ཐབས་མན་ངག་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་སེམས་ཉིད་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེ་འོད་འཕྲོ་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དེ་ལས་བཞེངས ་ནས་འདི་སྐད་གསུངས། མ་བཅོས་རང་དག་རང་བཞག་ཐབས་འདི་ནི།། རྡོ་རྗེ་སེམས་དཔས་གོ་བར་གྱིས།། ང་ལ་བལྟ་བར་འདོད་པ་རྣམས།། ལྟ་བར་མ་བྱེད་རང་དགར་ཞོག། བལྟས་པས་མཐོང་བའི་ཡུལ་མེད ་ཀྱིས།། མ་བལྟས་བཞག་པས་ལྷ་དང་མཇལ།། ང་ལ་བསྒོམ་པར་འདོད་པར་རྣམས།། མ་སྒོམས་ཡོད་ན་ངང་ལ་ཞོག། འགྱུར་མེད་ངང་བཞག་ང་དང་མཇལ།། ང་ལ་སྤྱོད་པར་འདོད་པ་རྣམས།། མ་སྤྱོད་བྱར་མེད་དང ་ལ་ཞོག། བྱར་མེད་དང་བཞག་སྤྱོད་པ་ཉིད།། ང་ལ་བསྲུང་བར་འདོད་པ་རྣམས།། མ་སྲུངས་མི་འདའི་ངང་ལ་ཞོག། སྲུང་མེད་དང་བཞག་དམ་ཚིག་ཡིན།། ང་ལ་རྩོལ་བར་འདོད་པ་རྣམས།། མ་རྩོལ་རྩོལ ་མེད་ངང་དུ་ཞོག། རྩོལ་མེད་གདེང་བཞག་འཕྲིན་ལས་ཉིད།། ང་ལ་བགྲོད་པར་འདོད་པ་རྣམས།། མ་བགྲོད་དབྱེར་མེད་ངང་ལ་ཞོག། དབྱེར་མེད་དང་བཞག་ས་ལམ་རྫོགས།། ང་ལ་བསྒྲུབ་པར་འདོད་པ་རྣམས།། མ ་སྦུསྒྲུབས་བསྒྲུབ་མེད་ངང་ལ་ཞོག། བསྒྲུབས་མེད་ངང་བཞག་དོན་རྣམས་འགྲུབ།། ང་ལ་འཐོབ་པར་འདོད་པ་རྣམས།། འཐོབ་རྒྱུ་མེད་ཀྱིས་རང་སར་ཞོག། གཞན་ན་མེད་པས་འབྲས་བུ་ཆེ།། འཐོབ་མེད་ཐོག་མའི་དོན ་དང་མཇལ།། སྣ་ཚོགས་བསམ་ཡས་ཆོས་རྣམས་ཀུན།། ཅིར་སྣང་སོར་བཞག་ངང་ལ་ཞོག། སྙིང་པོ་ཆོས་སྐུའི་རང་བཞིན་ཉིད།། ཅིར་སྣང་རང་བཞིན་མེད་པར་ཞོག། རྟོག་ཚོགས་བློ་ཡི་ཡུལ་སྣང་རྣམས།། སྣང་ལ ་རང་བཞིན་མེད་པར་ཞོག། གཉིས་སྣང་གཟུང་འཛིན་འདི་པ་རྣམས།། དབྱེ་བསལ་རྩིས་གདབ་མེད་པར་ཞོག། ཡིད་དཔྱོད་སེམས་ཀྱི་དྲན་རིག་རྣམས།། རང་སངས་ཆེན་པོའི་ངང་ལ་ཞོག། རྟོག་ཚོགས་སེམས་ཀྱི་ཆོ ་འཕྲུལ་རྣམས།། ངང་དྭངས་ཆེན་པོའི་ངང་ལ་ཞོག། འགྱུ་བ་རིག་པ་བརྟགས་པ་རྣམས།། གསལ་མདངས་ཆེན་པོའི་ངང་ལ་ཞོག། ངང་བཞག་ཐམས་ཅད་གསུམ་དུ་འདུས།། འཐོབ་རྒྱུ་མེད་པའི་སྐུ་གསུམ་ཐོབ།། སྲིད ་གསུམ་ཟིལ་གྱིས་མནན་པ་ཡིས།། ས་གསུམ་མ་མནན་རང་སར་ནོན།། དུག་གསུམ་རྩད་ནས་བཅད་པ་ཡིས། ཁམས་གསུམ་འཁོར་བ་ཕྱགས་མས་བཏབ།། ངོ་བོ་རང་བཞིན་ཐུགས་རྗེའི་སྣང་བའོ།། ཞེས་གསུངས ་སོ།། མ་བཅོས་རྣལ་དུ་བཞག་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། སྙིང་པོ་འགྱུར་མེད་ཆོས་སྐུ་ལ།། མིང་མེད་མིང་བཏགས་ཇི་ལྟར ་ལགས།། ཞེས་གསོལ་པས། སེམས་ཉིད་སྟོན་པ་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེ་འོད་འབར་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས། ཆོས་ལ་མིང་མེད་མཚོན་མེད ་པས།། མཚོན་པའི་མིང་གིས་གོལ་བར་བཤད།། གོལ་སྒྲིབ་མཚན་ཉིད་ངས་བཤད་ཀྱིས།། རྡོ་རྗེ་སེམས་དཔའ་ཡིད་ལ་ཟུངས།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། མེད་པར་འདོད་པས་སངས་རྒྱས ་གོལ་བ་ཡིན།། ཆོས་སྐུ་མེད་པས་ཆོས་སྐུའི་མིང་ཡང་མེད།། མེད་པར་འདོད་པས་ཆོས་སྐུ་གོལ་བ་ཡིན།། ལོངས་སྐུ་མེད་པས་གཟུགས་སྐུའི་མིང་ཡང་མེད།། མེད་པར་འདོད་པས་གཟུགས་སྐུ་གོལ་བ་ཡིན།། འཁོར ་བ་མེད་པས་འཁོར་བའི་མིང་ཡང་མེད།། མེད་པར་འདོད་པས་འཁོར་བ་གོལ་བ་ཡིན།། མྱང་འདས་མེད་པས་མྱང་འདས་མིང་ཡང་མེད།། མེད་པར་འདོད་པས་མྱང་འདས་གོལ་བ་ཡིན།། མ་རིག་མེད ་པས་མ་རིག་མིང་ཡང་མེད།། མེད་པར་འདོད་པས་མ་རིག་གོལ་བ་ཡིན།། ཡེ་ཤེས་མེད་པས་ཡེ་ཤེས་མིང་ཡང་མེད།། མེད་པར་འདོད་པས་ཡེ་ཤེས་གོལ་བ་ཡིན།། རྣམ་རྟོག་མེད་པས་རྣམ་རྟོག་མིང་ཡང ་མེད།། མེད་པར་འདོད་པས་རྣམ་རྟོག་འཁྲུལ་པ་ཡིན།། ཆོས་ཉིད་མེད་པས་ཆོས་ཉིད་མིང་ཡང་མེད།། མེད་པར་འདོད་པས་ཆོས་ཉིད་འཁྲུལ་པ་ཡིན།། ཕྱོགས་རིས་མེད་པས་ཕྱོགས་རིས་མིང་ཡང་མེད།། མེད་པར ་འདོད་པས་རང་རིག་འཁྲུལ་པ་ཡིན།། དེ་དག་གཉིས་སུ་མེད་པ་ལ།། གཉིས་སུ་དབྱེ་བ་བྱུང་བས་སྒྲིབ་པ་ཡིན།། དེ་དག་ཐམས་ཅད་མིང་མེད་བརྗོད་མེད་ལ།། མིང་འདོགས་བརྗོད་པ་བྱུང་བས་སྒྲིབ་པ་ཡིན།། འགྲོ ་བའི་ལམ་སྒོ་ནོར་བས་གོལ་བ་ཡིན།། སྒོ་ལྔར་འཁྱམས་པས་བཟུང་བ་འཁྲུལ་པ་ཡིན།། གོལ་སྒྲིབ་ཉིས་སྟོང་ལྔ་བརྒྱ་ཐམས་ཅད་ཀྱང་།། དབྱེ་ན་བསམ་ཡས་བསྡུ་ན་གསུམ་དུ་འདུས།། ཞེས་གསུངས་སོ།། གོལ ་སྒྲིབ་འཁྲུལ་གསུམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔའ་འདི་སྐད་ཞུས།། གོལ་སྒྲིབ་ལ་བཟླ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། སྟོན་པ ་སེམས་ཉིད་ཀུན་བཟང་དེ། རིན་ཆེན་མདོ་ཐིག་ལེ་བསྡུ་བའི་ཏིང་ངེ་འཛིན་ལ་ཞུགས་སོ།། དེ་ལས་བཞེངས་ཏེ་འདི་སྐད་གསུངས། ཐེག་པའི་གོལ་སྒྲིབ་བསམ་ཡས་ཀྱང་།། སྠི་ཏི་ཡང་ཏིར་ལ་བཟླ་བཤད།། མ་རྟོགས ་པ་ལ་གོལ་སྒྲིབ་སྣང་།། སྙིང་པོའི་དོན་ལ་གོལ་སྒྲིབ་མེད།། མིང་མེད་མིང་བཏགས་གོལ་བ་ཡིན།། བརྗོད་ལས་འདས་པས་གོལ་བ་མེད།། གཟུང་འཛིན་བཅིངས་པས་སྒྲིབ་པ་ལ།། དབྱེ་བསལ་མེད་པས་སྒྲིབ་པ ་མེད།། མཚོན་པའི་རྣམ་རྟོག་བློ་ཡིས་འཁྲུལ།། སྨྲ་བསམ་འདས་པས་འཁྲུལ་པ་མེད།། གོལ་སྒྲིབ་བསམ་གྱིས་མི་ཁྱབ་ཀྱང་།། བསྡུས་པའི་གོལ་སྒྲིབ་འཁྲུལ་དང་གསུམ།། འཆར་བའི་སྒོ་ནས་འཁྲུལ་པ་ཡང་།། ་བཟློག་ཐབས་ཤེས་པས་གོལ་ས་མེད།། གནས་པ་མ་རྟོགས་སྒྲིབ་པ་ཡང་།། སྙིང་པོའི་དོན་ཤར་སྒྲིབ་ཏུ་མེད།། སྒོ་ལྔར་འཁྱམས་པའི་འཁྲུལ་པ་ཡང་།། ཡིད་རྩད་ཆོད་ནས་འཁྲུལ་དུ་མེད།། ཐག་ཆོད་གདེང་ལྡན་རེ ་དོགས་མེད།། སྙིང་པོའི་དོན་རྟོགས་སྒྲིབ་པ་མེད།། མཉམ་པ་རིས་མེད་འཁྲུལ་པ་མེད།། གཉིས་མེད་དོན་རྟོགས་ཕྱོགས་རིས་མེད།། དབྱེར་མེད་དོན་རྟོགས་གཟུང་འཛིན་མེད།། ཡེ་ཤེས་དོན་རྟོགས་མ་རིག་མེད།། སྐུ ་གསུམ་དོན་རྟོགས་དུག་གསུམ་མེད།། སྐུ་ལྔ་དོན་རྟོགས་དུག་ལྔ་རྣམས།། སངས་རྒྱས་དོན་རྟོགས་སེམས་ཅན་མེད།། ཟག་ཆོད་དོན་རྟོགས་ཡུལ་སེམས་མེད།། ཅེས་གསུངས་སོ།། གོལ་སྒྲིབ་ཀྱིས་མི་གོས་པའི ་གདེང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་དོན་ཞུས་པ།། རང་ལ་ཡེ་ནས་ཡོད་པ་ཡི།། བྱ་རྩལ་འཚལ་བ་མི་འཚལ་ལམ།། ཞེས་གསོལ ་པ་དང་། སེམས་ཉིད་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་ལྔ་རང་ལ་གནས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དེ་ལས་བཞེངས་ནས་བཀའ་བསྩལ་པ། རང་ལ་ཡེ་ནས་ཡོད་པ་ལ།། རྩོལ་སྒྲུབ་བྱ་བ་མི ་དགོས་པས།། རྡོ་རྗེ་སེམས་དཔའ་ཡིད་ལ་ཟུངས།། ངང་དྲངས་ལྟ་བ་ཡིན་ཞེ་ན། ཁྱོད་ཀྱི་ལྟ་བ་མ་ལྟ་ཞིག། ངང་དྲངས་བསྒོམ་པ་ཡིན་ཞེ་ན། ཁྱོད་ཀྱིས་སྒོམ་པ་མ་བསྒོམ་ཞིག། ངང་དྭངས་སྤྱོད་པ་ཡིན་ཞེ་ན། ཁྱོད ་ཀྱིས་སྤྱོད་པ་མ་སྤྱོད་ཅིག། ངང་དྭངས་འབྲས་བུ་ཡིན་ཞེ་ན། ཁྱོད་ཀྱིས་འབྲས་བུ་མ་སྒྲུབས་ཤིག། ངང་དྲངས་སྐུ་གསུམ་ཡིན་ཞེ་ན། ཁྱོད་ཀྱིས་སྐུ་གསུམ་མ་སྒྲུབས་ཤིག། ངང་དྲངས་སངས་རྒྱས་ཡིན་ཞེ་ན། ཁྱོད་ཉིད ་སངས་རྒྱས་མ་སྒྲུབས་ཤིག། སེམས་ཉིད་ཆོས་སྐུ་ཡིན་ཞེ་ན།། ཆོས་སྐུ་གཞན་ནས་མ་ཚོལ་ཞིག། བཙལ་བས་བསྐལ་པར་རྙེད་མི་སྲིད།། དུས་གསུམ་བཙལ་ཡང་མི་རྙེད་དོ།། བཙལ་བས་མི་རྙེད་སངས་རྒྱས ་སོ།། བསྒྲུབས་པས་མི་འགྲུབ་སྐུ་གསུམ་འགྲུབ།། གལ་ཏེ་རྙེད་ཀྱང་རྣམ་རྟོག་གོ། ཞེས་གསུངས་སོ།། རང་གནས་རེ་མེད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས ་དཔས་འདི་སྐད་ཞུས།། ངང་དྭངས་ཆེན་པོ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པ་རིན་པོ་ཆེ་འོད་སྐོལ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། བདུད་རྩི ་རང་ཞུན་རང་མདངས་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། ཨ་ས་ར་ཙིཏྟ་ཨ་པི།། སྐུ་གསུམ་མི་འགྱུར་རང་མདངས་ཆེན་པོ་ཡིན།། དུས་གསུམ་མ་སྤངས་པ་མེད་དེ་རང་མདངས་ཆེན་པོར་གདའ།། ཡེ ་ཤེས་བཙལ་བ་མེད་དེ་རང་མདངས་ཆེན་པོར་གདའ།། མ་རིག་སྤངས་པ་མེད་དེ་རང་མདངས་ཆེན་པོར་གདའ།། ཆོས་ཉིད་བཙལ་བ་མེད་པར་རང་མདངས་ཆེན་པོར་གདའ།། རྣམ་རྟོག་སྤངས་པ་མེད་པར་རང ་མདངས་ཆེན་པོར་གདའ།། སངས་རྒྱས་བླང་དུ་མེད་དེ་རང་མདངས་ཆེན་པོར་གདའ།། སེམས་ཅན་སྤངས་པ་མེད་དེ་རང་མདངས་ཆེན་པོར་གདའ།། མྱང་འདས་བསྒྲུབ་ཏུ་མེད་དེ་རང་མདངས་ཆེན་པོར་གདའ།། ་འཁོར་བ་སྤངས་དུ་མེད་དེ་རང་མདངས་ཆེན་པོར་གདའ།། ཕྱོགས་རིས་བཟའ་གཏད་མེད་དེ་རང་མདངས་ཆེན་པོར་གདའ།། སྙིང་པོའི་ཆོས་སྐུ་འགྱུར་མེད་རང་མདངས་ཆེན་པོར་གདའ།། རང་ཉིད་འགྱུར་བ་མེད་དེ ་རང་མདངས་ཆེན་པོར་གདའ།། གཞི་མེད་འགྱུར་བ་མེད་པར་རང་མདངས་ཆེན་པོར་གདའ།། བརྟགས་སྣང་ཐམས་ཅད་རང་མདངས་ཆེན་པོར་གདའ།། ཞེས་གསུངས་སོ།། བདུད་རྩི་རང་ཞུན་རང་མདངས་ཀྱི ་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། དེ་ལས་བཞེངས་ནས་འདི་གསུངས་པ།། ཨ་མུན་ཏ་རི་པེ་ཏ་ཡ་ཏི། བདུད་རྩི་བཅུད་ཀྱི་སྒྲོན་གསལ ་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སྙིང་པོ་འགྱུར་མེད་ཆོས་སྐུའི་ཀློང་ནས་ནི།། ཤེས་རིག་མ་འགགས་སྣ་ཚོགས་ཀུན་ཏུ་འགྱུར།། གར་ཡང་འགྲོ་བ་མ་རྙེད་སྙིང་པོ་ཡི།། ཀློང་ཐིམ་ཆོས་ཉིད ་མ་འགགས་རྩལ་སྣང་ཐིམ།། མ་བུ་ངོ་སྤྲད་ཐོག་མར་ཡེ་སངས་རྒྱས།། དབྱེར་མེད་དང་ཐིམ་ཡེ་ནས་རང་ས་ཟིན།། འཁྲུལ་པ་རང་སངས་རྣམ་རྟོག་རང་སར་གྲོལ།། སྐྱེ་མེད་ས་ཟིན་སྙིང་པོ་ཀློང་ན་གསལ།། སྣང་བ ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྟོང་པ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། གཉིས་མེད་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྐུ་གསུམ་ཡིད་ལ་མ་བྱས་གཏིང་གསལ་ཆེན ་པོ་ཡིན།། དུག་ལྔ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྣང་སྟོང་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། བདེ་སྡུག་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན།། སྐྱེ་མེད་ཡིད་ལ་མི་བྱེད་གཏིང་གསལ་ཆེན ་པོ་ཡིན།། དེ་དག་ལ་སོགས་ཐམས་ཅད་གཏིང་གསལ་ཆེན་པོ་ཡིན།། ཞེས་གསུངས་སོ།། བདུད་རྩི་སྒྲོན་གསལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས ་པ།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡི།། མ་བྲིས་དཀྱིལ་འཁོར་ཇི་ལྟར་ལགས།། ཞེས་གསོལ་པས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་གཡོ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས ་ནས་འཁོར་རྣམས་ལ་བཀའ་བསྩལ་པ།། བྷོ་ཧྲི་ཏ་ཧ་ན་མཎྜ་ལ། མ་བྲིས་རྫོགས་པའི་དཀྱིལ་འཁོར་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སྙིང་པོའི་རང་བཞིན་འགྱུར་བ་མེད།། ཀུན་གཞི་མཁའ་ཀློང་ཁྱབ ་བརྡལ་ལ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བཞེངས།། ཆོས་ཉིད་ཁྱབ་བརྡལ་ས་གཞི་ལ།། ལུང་རིགས་གཉིས་ཀྱིས་ས་བརྟགས་ནས།། ཤེས་རབ་ཀྱི་ཡུམ་གྱི་ས་བླངས་ཏེ།། ཀུན་གཞི་ཆོས་ཉིད་ཡངས་པའི ་གནས།། ཆོས་དབྱིངས་དག་པའི་ཆོས་ཁང་དུ།། ས་བླུག་ཁྱབ་བརྡལ་ཆེན་པོར་བསྙམས།། རྣམ་རྟོག་རྡུལ་བསལ་བྱང་ཆུབ་ཆུས།། མཉམ་པ་ཉིད་དུ་བྱིལ་བྱིལ་བྱས།། འགྱུར་མེད་ཐིག་ལེ་ཡེ་ཤེས་མཚོན།། སྙིང་པོ ་འགྱུར་མེད་དབུས་སུ་ཟླུམ།། ཚོགས་བརྒྱད་རང་ཤར་པད་འདབ་བརྒྱད།། ཡེ་ཤེས་ལྔ་ལྡན་ཕྱོགས་བཞི་དབུས།། ཚད་མེད་གྲུ་བཞི་གཏན་ཚིགས་སྒོ།། རིག་པ་བཞི་ཡི་རྟགས་ཟུར་བཞི།། གསལ་དང་མི་གཡོ་རྒྱ་མ ་ཆད།། མི་འགྱུར་བསྟན་དང་ལྔ་ལྡན་པས།། དཀར་སེར་དམར་སྔོ་ཁ་དོག་ལྔ།། མ་འགགས་རོལ་པའི་ལྷ་མོས་བརྒྱན།། ཆོས་དང་ཆོས་ཉིད་འདྲེས་པ་ཡིས།། དྲ་བ་དྲ་ཕྱེད་དར་གྱིས་དཔྱངས།། ཆོས་ཉིད་སྣང་གསལ་སྒོ ་ཡིས་བརྒྱན།། མཐའ་གཞི་བྲལ་ཞིང་སྤྲོས་གཅོད་པའི།། འཁོར་བཞི་ཡེ་ཤེས་སྒོ་བཞིར་མཛེས།། སྙིང་པོ་འགྱུར་མེད་ཀ་བ་བཙུགས།། རང་མདངས་གསལ་བའི་ཉི་ཟླས་བརྒྱན།། སྠི་ཏི་ཆོས་འཁོར་སྐོར་ཕྱིར ་།། གདུགས།། རིམ་དགུའི་ཟིལ་གནོན་རྡོ་རྗེའི་ར།། ནན་རྟགས་ལྟ་བ་ཡིད་བཟུང་བསྒོམ།། ཆོས་ཉིད་བྱ་སྤྱོད་རེ་དོགས་འབྲས།། བསྲེས་ཕྱིར་མེ་ཡི་ར་བས་བསྐོར།། དཀྱིལ་འཁོར་བཞེངས་ན་སེམས་ལ ་བཞེངས།། ཆོས་ཉིད་ཀ་དག་དཀྱིལ་འཁོར་འདིར།། ཐེག་པ་གཞན་ལ་འབྱུང་མི་འགྱུར།། ཞེས་གསུངས་སོ།། མ་བྲིས་པའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས ་དཔས་ཡང་ཞུས་པ།། མ་བྲིས་པ་ཡི་དཀྱིལ་འཁོར་དེ་ལྟར་ན།། དཀྱིལ་འཁོར་དེ་ཡི་ངེས་ཚིག་གང་།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། ངེས་ཚིག་བཤད་ཀྱིས་འཁོར་རྣམས་ཉོན།། མཁའ ་དབྱིངས་རྣམ་དག་དཀྱིལ་འཁོར་དེ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། དཀྱིལ་ནི་ཆོས་སྐུ་འགྱུར་བ་མེད།། རིག་རྩལ་འགག་པ་མེད་པར་འཁོར།། དེས་ན་དཀྱིལ་འཁོར་སེམས་ལ་རྫོགས།། མ་ནོར་དཀྱིལ་ལ་མ ་བཅོས་འཁོར།། མ་ནོར་མ་བཅོས་དཀྱིལ་འཁོར་དེ།། ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས།། སྙིང་པོ་དཀྱིལ་ལ་སྣང་ཚུལ་འཁོར།། སྙིང་པོ་སྣང་ཚུལ་སེམས་ལ་རྫོགས།། འགྱུར་མེད་དཀྱིལ་ལ་མ ་བཅོས་འཁོར།། འགྱུར་མེད་མ་རྫོགས་སེམས་ལ་རྫོགས།། སྐྱེ་མེད་དཀྱིལ་ལ་འགག་མེད་འཁོར།། སྐྱེ་འགགས་གཉིས་མེད་དཀྱིལ་འཁོར་ཡིན།། དབྱེར་མེད་དཀྱིལ་ལ་སྣང་སྲིད་འཁོར།། དབྱེར་མེད་སྣ་ཚོགས ་དཀྱིལ་འཁོར་ཡིན།། གཉིས་མེད་དཀྱིལ་ལ་རྩིས་མེད་འཁོར།། རྩིས་གདབ་གཉིས་མེད་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ།། དཀྱིལ་འཁོར་གྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། དཀྱིལ་འཁོར་ངེས་ཚིག་དེ་ལྟ་ན།། དེ་ཡི་ལྷ་དང་བཞུགས་གནས་གང་།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་འོད་ཡོངས་ལ་ཁྱབ་པའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། ཀུན་གྱི་མཁའ་དབྱིངས་ཀློང་དཀྱིལ་དུ།། ཆོས་དབྱིངས་འཕོ་ཞིང་འགྱུར་བ་མེད།། རྣམ་དག་བསམ་གྱིས་མི་ཁྱབ་པ།། རིན་ཆེན་འོད་འབར་དཀྱིལ ་འཁོར་དུ།། སེམས་ཉིད་འགྱུར་མེད་གཙོ་མཆོག་ལ།། རིག་རྩལ་འགགས་མེད་འཁོར་དང་བཅས།། མ་བསྐྱེད་ཡོངས་རྫོགས་ལྷ་ཚོགས་ནི།། དབུས་ཕྱོགས་ནམ་མཁའི་གདན་སྟེང་ན།། གཏི་མུག་རྣམ་དག་བློ་ལས ་འདས།། བསམ་མེད་སྐྱེ་མེད་ཆོས་སྐུ་བཞུགས།། ཤར་ཕྱོགས་ཉི་ཟླའི་གདན་སྟེང་ན།། ཞེ་སྡང་རྣམ་དག་སྐྱེ་འགགས་མེད།། རང་བྱུང་ལོངས་སྤྱོད་རྫོགས་སྐུ་བཞུགས།། ལྷོ་ཕྱོགས་ཁྱུང་གི་གདན་སྟེང་ན།། ང་རྒྱལ་རྣམ ་དག་དྲན་པ་མེད།། ཡིད་ལ་མི་བྱེད་སྦྲུལ་སྐུ་བཞུགས།། ནུབ་ཕྱོགས་རྒྱ་མཚོའི་གདན་སྟེང་ན།། འདོད་ཆགས་རྣམ་དག་སྐུ་གསུམ་དུ།། དབྱེར་མེད་ངོ་བོ་ཉིད་སྐུ་ཞུགས།། བྱང་ཕྱོགས་རླུང་གི་གདན་སྟེང་ན།། ཕྲ་དོག ་། རྣམ་དག་སྐུ་བཞི་རྫོགས།། མངོན་པར་བྱང་ཆུབ་སྐུ་ཆེན་བཞུགས།། བསྐྱེད་ནས་བཞུགས་པ་མ་ཡིན་ཏེ།། རྩོལ་བསྒྲུབས་འདས་ཏེ་རང་སར་བཞུགས།། རིགས་ལྔ་ཆ་མཐུན་ཁྱད་པར་འཕགས།། མཚམས ་བཞིར་མ་བསྐྱེད་ལྷ་མོ་བཞུགས།། ཤར་ལྷོ་པདྨའི་གདན་སྟེང་ན།། འཁྲུལ་ཡིག་བྱང་ཆུབ་སེམས་སུ་རིག། དྲི་ཡི་བརྟགས་ཞེན་རྣམ་དག་པ།། ལྷ་མོ་ཆེན་མོ་རིག་ལྕམ་བཞུགས།། ལྷོ་ནུབ་པདྨའི་གདན་སྟེང་ན།། རིག་པ ་འཛིན་མེད་གསལ་ལ་དྲངས།། རེག་བྱའི་རང་བཞིན་རྣམ་དག་པ།། ལྷ་མོ་ཆེན་གསལ་ལྕམ་བཞུགས་སོ།། ནུབ་བྱང་མཚམས་ཀྱི་པདྨ་ལ།། དྲན་པ་ཡིད་ལ་བྱར་མེད་པས།། སྒྲ་ཡི་རང་བཞིན་རྣམ་དག་པ།། ལྷ་མོ་ཆེན ་མོ་བདེ་ལྕམ་བཞུགས།། བྱང་ཤར་མཚམས་ཀྱི་པདྨ་ལ།། ཡིད་ལ་འགྲུ་བྱེད་རང་མདངས་པས།། རོ་ཡི་ཚོར་བ་ཀུན་སངས་པ།། གཉིས་མེད་ལྷ་མོ་སྟོང་ལྕམ་བཞུགས།། ལྷ་མོ་ཆ་མཐུན་ཁྱད་པར་འཕགས།། མ ་བསྐྱེད་སྒོ་བའི་བཞུགས་ཚུལ་ནི།། ཤར་སྒོ་སྤྲིན་གྱི་གདན་སྟེང་ན།། སྐྱེ་བའི་ཆོ་འཕྲུལ་རྩད་གཅོད་པ།། སྒོ་སྲུང་སྐྱེ་མེད་མཁའ་གསལ་བཞུགས།། ཕུང་པོར་ཞེན་པའི་བདུད་རྣམས་བཏུལ།། ལྷོ་སྒོ་འཇའ་ཚོན་གདན ་སྟེང་ན།། ན་ཚའི་སྡུག་བསྔལ་རྩད་གཅོད་པ།། སྒོ་སྲུང་ངང་དྭངས་ཆེན་པོ་བཞུགས།། ཉོན་མོངས་དུག་ལྔའི་བདུད་རྣམས་བཏུལ།། ནུབ་སྒོ་སྨིག་རྒྱུའི་གདན་སྟེང་ན།། རྒས་པའི་སྡུག་བསྔལ་རྩད་གཅོད་པ།། སྒོ་སྲུང ་རང་སངས་ཆེན་པོ་བཞུགས།། ལྷ་ཡི་བུ་ཡི་བདུད་རྣམས་བཏུལ།། བྱང་སྒོར་ན་བུན་གདན་སྟེང་ན།། འཆི་བའི་སྡུག་བསྔལ་རྩད་གཅོད་པ།། སྒོ་གསུམ་ཆོས་ཉིད་གཏིང་གསལ་བཞུགས།། འཆི་བདག་བདུད་རྣམས ་ཀུན་བཅོམ་ནས།། སྐྱེ་ཤི་མེད་པའི་ངང་ལ་བཞུགས།། ཡེ་ནས་སྒོ་སྲུང་རྣམ་བཞི་ཡིས།། བདུད་བཞི་བཅོམ་ནས་མཐའ་བརྒྱད་བྲལ།། ཆགས་འཛིན་ཞེན་པའི་མཚོ་ནས་ཐོན།། གཟུང་འཛིན་གཉིས་ཀྱི་སྒྲོག་ནས ་ཁྲོལ།། དགག་སྒྲུབ་སྤོང་ལེན་འདམ་ནས་ཐར།། རིག་པའི་རྩལ་གནད་ལྷ་ཚོགས་ཀྱང་།། རྩོལ་བསྒྲུབ་སྤྱན་དྲངས་མ་བསྐྱེད་པ།། ཐོག་མ་ཉིད་ནས་དེ་ལྟར་བཞུགས།། ལྷ་ཚོགས་ཆ་མཐུན་ཁྱད་པར་འཕགས།། སྤྱི་ཏི་ཡོ ་ག་འདི་ཉིད་ལས།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། ཞེས་གསུངས་སོ།། མ་བསྐྱེད་ཡོངས་རྫོགས་ཀྱི་ལྷ་ཚོགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་ཏུ ་བཟང་པོ་ལ་ཞུས་པ།། ལྷ་ཚོགས་བཞུགས་ཚུལ་དེ་ལྟར་ན།། མཚམས་བཅད་ཆེན་པོ་ཇི་ལྟར་ལགས།། ཞེས་གསོལ་བ་དང་། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། མཚམས་ནི་རང་སེམས་རང་ལ་བཅད།། མི་རྟོག་ཡེ ་ཤེས་མཚམས་རྒྱལ་གྱིས།། རང་རྟོག་བགེགས་ཀྱིས་རྒྱལ་པོ་བསལ།། བྱ་བ་མེད་པའི་ལས་རྒྱལ་འདི།། གཟུང་འཛིན་ང་བདག་བགེགས་རྣམས་བསྐྲད།། ཁྲོ་རྒྱལ་རང་མདངས་འགྱུར་མེད་ཀྱིས།། འཁྲུལ་རྟོག ་བརྟགས་ཞེན་བདུད་རྣམས་བསྐྲད།། ཡེ་ཤེས་རང་ཤར་ཁྲོ་བོ་ཡིས།། རྣམ་རྟོག་བགེགས་བསལ་རང་གསལ་རང་ཤར་གནས།། དབྱེར་མེད་ཡེ་གནས་ཡེ་ཤེས་ཀྱིས།། ཕྱོགས་རིས་བགེགས་བསལ་མཉམ ་ཉིད་ཀློང་།། མ་འདྲེས་ཀུན་རྫོབ་ཡེ་ཤེས་ཀྱིས།། རྩིས་གདབ་བགེགས་བསལ་རྩིས་མེད་གནས།། དོན་གྲུབ་རང་གསལ་ཡེ་ཤེས་ཀྱིས།། མཚན་རྟགས་འདོད་པའི་བགེགས་བསལ་ནས།། འགྱུར་མེད་མཐར་ཕྱིན ་དགོངས་པར་གནས།། ཞེས་གསུངས་སོ།། རྟོག་མེད་རང་མཚམས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མི་འགྱུར་སྙིང་པོའི་ལྷ་ཚོགས ་ལ།། སྤྱན་དྲངས་བཞུགས་མཆོད་ཇི་ལྟར་བགྱི།། ཞེས་གསོལ་བ་དང་། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། ཆོས་ཉིད་དོན་གྱི་གནས་ལུགས་ལ།། སྤྱན་དྲངས་བཞུགས་མཆོད་མི་མངའ་བ།། རྩལ་སྣང་ཆོས་ཉིད ་ལ་པར་བཤད།། སྙིང་པོ་དོན་དམ་ཆོས་སྐུ་ཡང་།། མི་དམིགས་དབྱིངས་ནས་གཤེགས་སུ་གསོལ།། འོད་གསལ་རྣམ་དག་ཀློང་ཡངས་ནས།། སྐྱེ་འགགས་མེད་པའི་ལོངས་སྐུ་ཡང་།། འོག་མིན་གནས་ནས་གཤེགས ་སུ་གསོལ།། སྣང་སྲིད་མཁའ་ཀློང་བརྡལ་བ་ནས།། ཀུན་ཁྱབ་དྲན་མེད་སྦྲུལ་སྐུ་ཡང་།། འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ།། རང་བྱུང་རང་དག་ཀུན་གཞི་ནས།། སེམས་ཀྱི་རྟོགས་སྣང་ལྷ་ཚོགས་རྣམས།། སྐྱེ ་མེད་བསྟན་ཕྱིར་གཤེགས་སུ་གསོལ།། ཀ་དག་སྙིང་པོའི་ལྷ་ཚོགས་ལ།། རྣམ་རྟོག་གཟུང་འཛིན་ཀུན་ཆགས་ནས།། དོན་དམ་འགྱུར་བ་མེད་པར་འཚལ།། གཉིས་མེད་མཐའ་བྲལ་ཀློང་དུ་བཞེངས།། མཁའ་ཀློང ་ཡངས་པའི་གཞལ་ཡས་སུ།། མཉམ་ཉིད་ཟང་ཀའི་གདན་ཁྲི་ལ།། མ་བཀག་སྙིང་པོའི་ལྷ་ཚོགས་རྣམས།། མཚོན་མེད་རང་སར་བསྟན་པར་བཞུགས།། སྣང་བ་ཡུལ་གྱི་བྱེ་བྲག་ཀུན།། དགག་བསྒྲུབ་མེད་པར་མཆོད ་པར་འབུལ།། འཛིན་པ་སེམས་ཀྱི་དྲན་རྟོག་རྣམས།། དངོས་པོ་མེད་པར་མཆོད་པར་འབུལ།། ཕྱི་ནང་གཉིས་སུ་སྣང་བ་ཀུན།། དབྱེ་བསལ་མེད་པར་མཆོད་པར་འབུལ།། ཡུལ་དུ་སྣང་བའི་དཀར་དམར ་རྣམས།། སོར་བཞག་ཆེན་པོར་མཆོད་པ་འབུལ།། སེམས་ལས་བྱུང་བའི་རང་རྩལ་རྣམས།། རྩིས་གདབ་མེད་པའི་མཆོད་པར་འབུལ།། གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས།། སྤྲོས་ཟག་མེད་པར་མཆོད་པར ་འབུལ།། ཕྱི་རོལ་ཡུལ་སྣང་དུ་མ་ཀུན།། རང་མདངས་མེད་པར་མཆོད་པར་འབུལ།། ནང་ན་གསལ་བའི་སེམས་ཉིད་འདི།། མཐོང་སྣང་མེད་པར་མཆོད་པར་འབུལ།། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན།། ཆགས ་འཛིན་མེད་པར་མཆོད་པར་འབུལ།། རྒྱ་ནས་འདེབས་ཀྱིས་བཞེས་སུ་གསོལ།། ནང་འཛིན་སེམས་ཀྱི་དྲན་པ་རྣམས།། རང་མ་དངས་ཆེན་པོར་མཆོད་པར་འབུལ།། དམིགས་མེད་དབྱིངས་སུ་མཆོད་པར ་འབུལ།། རང་གི་ལྷ་ནི་རང་མཆོད་ན།། དངོས་གྲུབ་ཡ་མཚན་ཆེན་པོ་འགྱུར།། མཆོད་པ་འབུལ་ན་སེམས་ལ་འབུལ།། སེམས་ཉིད་སྙིང་པོའི་མཆོད་པ་ནི།། ཐེག་པ་གཞན་དུ་ཡོངས་མ་གསུངས།། མཆོད ་པ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྤྱན་དྲངས་བཞུགས་མཆོད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། དཀྱིལ་འཁོར་ལྷ ་ཚོགས་དེ་རྣམས་ལ།། བསྟོད་པས་དགྱེས་པར་ཇི་ལྟར་བྱ།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། དོན་ལ་དབྱེ་བ་རུ་མེད་ཀྱང་།། མཚན་མ་བརྡའ་རུ་བསྟོད་པ་བསྟན།། ཀ་དག་ཆོས་དབྱིངས ་གཞལ་ཡས་ན།། ཐིག་ལེ་གཅིག་པུར་བཞུགས་པའི་ལྷ།། ལྷ་རྣམས་ཀུན་གྱི་གཙོ་བོ་མཆོག། བྱང་ཆུབ་སེམས་དཔར་ཕྱག་འཚལ་ལོ།། འགྱུར་མེད་ཀུན་ཁྱབ་མཁའ་འདྲའི་སྐུ།། མ་རིག་མུན་སེལ་ཉི་ཟླའི་སྤྱན།། འདོད ་པ་ཀུན་བྲལ་ཡིད་བཞིན་ཐུགས།། ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད།། དངོས་པོ་མེད་པར་ཀུན་ཁྱབ་པས།། སྤྲོས་པ་མཐའ་དག་གཅོད་པར་བྱེད།། ཐུགས་རྗེས་ཀུན་ཁྱབ་འགྲོ་བའི་མགོན།། སྤྲུལ་པའི་སྐུ་ལ་ཕྱག ་འཚལ་ལོ།། སྐུ་གསུམ་དབྱེར་མེད་མཐའ་ལས་གྲོལ།། མཐའ་ཡས་བསམ་འདས་ཆོས་རྣམས་ཀུན།། ཆོས་ཉིད་ངང་དུ་འདུད་མཛད་པ།། ངོ་བོ་ཉིད་ཀྱི་སྐུ་ལ་བསྟོད།། བྱིས་པ་རྣམས་ཀྱིས་བཏགས་པ་ཡི།། རྩོལ་སྒྲུབ་བྱ། ་རྩལ་ལས་རྣམས་ཀུན།། བྱར་མེད་སྤྲོས་བྲལ་ལྷུན་གྲུབ་པ།། མངོན་པར་བྱང་ཆུབ་སྐུ་ལ་བསྟོད།། ཆགས་འཛིན་སྤྲོས་པ་ཀུན་འཆོས་ནས།། བྱམས་པ་ཆེན་པོས་ཀུན་ལ་ཁྱབ།། དྲི་ཡི་ཚོགས་ཀུན་སེལ་མཛད་པ།། རིག ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད།། དགག་བསྒྲུབ་སྤོངས་ལེན་ཀུན་བྲལ་ནས།། སྙིང་རྗེ་ཆེན་པོས་འགྲོ་བ་འདྲེན།། རེག་བྱའི་ཡུལ་ལ་དབྱེ་བསལ་མེད།། གསལ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད།། ཕྱི་ནང་གཉིས་མེད་ཆོས ་ཀྱི་ངང་།། དགའ་བའི་ལས་རྣམས་ཡོངས་སུ་རྫོགས།། སྒྲ་ཡི་རང་བཞིན་སྤྲོས་དང་བྲལ།། བདེ་ལྕམ་སྐུ་ལ་ཕྱག་འཚལ་ལོ།། གཉིས་འཛིན་མཐའ་བརྒྱད་སྐུ་དང་བྲལ།། རོ་ཡི་བཏགས་ཞེན་རྣམ་པར་དག། བཏང ་སྙོམས་ཡོངས་སུ་རྫོགས་པར་མཛད།། སྟོང་ལྕམ་སྐུ་ལ་ཕྱག་འཚལ་ལོ།། རྒྱུ་རྐྱེན་སྐྱེ་འགགས་ཡོངས་དང་བྲལ།། མཐར་འཛིན་རྟོག་པའི་རོལ་པ་རྣམས།། ཆོས་ཉིད་མཁའ་ལ་རང་གསལ་བའི།། ཤར་སྒོ་སྲུང་ལ་ཕྱག ་འཚལ་ལོ།། ཐམས་ཅད་མཉམ་ཉིད་ངང་དུ་རྫོགས།། རིག་ཚོར་འགྱུར་བ་མ་ལུས་པ།། རང་བྱུང་དང་ལ་དང་བ་ཉིད།། ལྷོ་སྒོ་སྲུང་ལ་ཕྱག་འཚལ་ལོ།། འཁྲུལ་པའི་སྣང་བ་མ་ལུས་པ།། རང་ལས་བྱུང་ནས་རང་དུ ་དག། མ་གསལ་རང་སར་སངས་པ་ཉིད།། ནུབ་སྒོ་སྲུང་ལ་ཕྱག་འཚལ་ལོ།། བཏགས་དང་ཞེན་པའི་མཚན་མ་རྣམས།། རང་གྲོལ་གྲོལ་བར་རང་སར་དག། གསལ་བ་དྲངས་པའི་ངོ་བོ་ཉིད།། བྱང་སྒོ་སྲུང་ལ་ཕྱག ་། འཚལ་ལོ།། བསྟོད་པ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྙིང་པོ་དོན་གྱི་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སེམས་ཉིད་སྟོན་པ ་ཀུན་ཏུ་བཟང་།། ཆོས་ཉིད་དཀྱིལ་འཁོར་ལྷ་ཚོགས་ལ།། བདུད་རྩི་སྨན་མཆོད་ཇི་ལྟར་བྱ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། ང་ཡི་བདུད་རྩི་སྨན ་མཆོད་བཤད།། རང་བྱུང་གདོད་ནས་རྣམ་པར་དག། རྩ་བརྒྱད་སྟོང་ལ་སྦར་བའི་སྨན།། རྩ་བ་འབུམ་ཕྲག་ཡངས་པའི་བཅུད།། འཆི་མེད་བདུད་རྩི་ར་ས་ཡིན།། ཐམས་ཅད་འདུས་པའི་སྙིང་པོ་སྟེ།། འགྲོ་དྲུག་སེམས ་ཅན་ཀུན་སྒྲོལ་བའི།། དུག་ལྔ་སེལ་བའི་བདུད་རྩི་མཆོག། མི་འགྱུར་སྙིང་པོའི་ལྷ་ཚོགས་ལ།། སྨན་མཆོད་དམིགས་མེད་དབྱིངས་སུ་འབུལ།། སྐྱེ་མེད་བདེ་ཆེན་དངོས་གྲུབ་གསོལ།། སྙིང་པོའི་རང་བཞིན་འགྱུར་མེད ་ཀྱང་།། སྣང་སྲིད་ཆོས་རྣམས་མ་ལུས་པ།། བདུད་རྩི་སྨན་དག་དགོངས་པར་བསྟན།། རང་བྱུང་རྒྱུ་རྐྱེན་སྐྱེ་འཇིགས་མེད།། གཞི་མོ་འོད་གསལ་གདོད་མ་ནས།། འཁྲུལ་སྣང་མ་རིག་རྣམ་པར་དག། རྩ་བ་བྱང་ཆུབ ་སེམས་དཔའ་ཡིན།། བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་དེ།། སྟོང་ནི་ཐེག་པ་བརྒྱད་ཁྲི་སྟོང་།། སྦྱར་ནི་མཉམ་ཉིད་ཀློང་དུ་སྦྱར།། སྨན་ནི་ཉོན་མོངས་བརྒྱད་ཀྱི་སྨན།། རྩ་བ་ཐིག་ལེ་ཉག་གཅིག་ཡིན།། འབུམ་ཕྲག་ཐིག ་ལེའི་རྩལ་སྣང་ཡིན།། ཡངས་པ་ཆོས་ཉིད་རོལ་བས་ཡངས།། བཅུད་ནི་སྙིང་པོ་འཕོ་འགྱུར་མེད།། བདུད་ནི་ཉོན་མོངས་དུག་ལྔ་སྟེ།། རྩི་ནི་ཡེ་ཤེས་རྣམ་ལྔ་འོ།། རང་ནི་ང་བདག་གཉིས་ཡིན་ཏེ།། ས་ནི་བདག་བཅོམ ་ཆོས་ཉིད་ཡིན།། ཡན་ལག་ཐེག་པ་རིམ་བརྒྱད་དེ།། ཐམས་ཅད་རྫོགས་པ་ཆེན་པོར་འདུས།། སྙིང་པོ་སྤྱི་ཏི་ཡོ་ག་ཡིན།། ཐོག་མཐའ་གཉིས་ཀྱིས་གདམས་ངག་གིས།། འགྲོ་དྲུག་གཡང་ས་གཅོད་པ་ཡིན།། དྲས་ཐག ་གཅོད་པའི་བཀའ་ལུང་གིས།། སེམས་ཅན་མ་ལུས་དབྱིངས་སུ་བསྒྲལ།། སྐྱེ་མེད་ཆོས་ཉིད་ཀློང་དུ་བཞག། དུག་ལྔ་ཞེ་སྡང་ཆགས་འཛིན་ལྔ།། ཤེས་རྟོག་ལྟ་སྒོམ་སྤྱོད་འབྲས་སེལ།། བདུད་ནི་རྣམ་རྟོག་ཕྱོགས་རྣམས ་ཡིན།། རིན་ཆེན་འོད་གསལ་ཤེས་པའི་མཆོག། བདུད་རྣམས་ཞེན་མེད་ངང་དུ་བཅོམ།། རྩི་ནི་གཉིས་འཕྲང་གནས་པ་སྟེ།། ཐབས་ནི་སྣང་སྲིད་བདེ་ཆེན་ཀློང་།། མཆོད་ནི་དམིགས་པ་མེད་པར་མཆོད།། དགྱེས་པ ་མཉམ་ཉིད་ཆེན་པོར་དགྱེས།། དངོས་ནི་རང་སེམས་སྐྱེ་བ་མེད།། གྲུབ་པ་རྟོགས་པ་ཡི་ཡེ་ཤེས།། ཨེ་སཾ་ཀ་ར་ཨ་སིདྡྷི་ཨ། ཞེས་གསུངས་སོ།། སྣང་སྲིད་ཐམས་ཅད་བདུད་རྩི་རྣམ་དག་ཏུ་མཆོད་པའི་ལེའུ་སྟེ་ཉེར ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་བཟང་ལ་ཞུས་པ།། དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ།། འདུས་བྱས་ཟང་ཟིང་མ་ཡིན་པའི།། ཆོས་ཉིད་གཏོར་མ་ཇི་ལྟར་གཏོང་།། ཞེས ་གསོལ་བ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ་རིན་པོ་ཆེ་འོད་འཕེལ་འགྲིབ་དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས།། ཆོས་ཉིད ་སེམས་ཀྱི་གཏོར་མ་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། སྙིང་པོའི་རང་བཞིན་འགྱུར་མེད་ལ།། རྩལ་སྣང་མ་འགགས་གཏོར་མ་གཏོང་།། འདུས་བྱས་རྫས་ལས་མ་བྱས་པའི།། སྣང་སྲིད་རྒྱས་འདེབས ་ཏོར་མ་གཏོང་།། སྣོད་ཀྱི་འཇིག་རྟེན་གསེར་དངུལ་སྣོད།། ནང་བཅུད་འཇིག་རྟེན་གཏོར་མའི་རྫས།། སྐྱེ་འགྲོ་གཟུགས་སོགས་གཏོར་མའི་བརྒྱན།། རང་ལས་འབྱུང་བའི་བདུད་རྩི་ལྔ།། དུག་ལྔས་ཀ་དག་ཡེ་ཤེས ་ལྔ།། དུག་གསུམ་ཀ་དག་སྐུ་གསུང་ཐུགས།། རྣམ་ཤེས་རྣམ་ལྔ་གཏོར་མའི་བརྒྱན།། དབང་པོའི་ཡུལ་ལྔ་གཏོར་མའི་རྟེན།། རང་དག་རྒྱལ་བའི་དགོངས་པའི་བཅུད།། ཨོཾ་ཨཱཿཧཱུཾ་གསུམ་བྱིན་རླབས་ཀྱིས།། ཕྱི་ནང ་སྣོད་བཅུད་ཀྱིས་བསྡུས་པའི། ཁམས་གསུམ་སྲིད་གསུམ་འགྲོ་དྲུག་རྣམས།། མཉམ་ཉིད་བདུད་རྩི་རྒྱ་མཚོར་གྱུར།། སྐྱེ་འགགས་མེད་པར་བྱིན་གྱིས་བརླབས།། སྣང་སྲིད་ཀྱིས་བསྡུས་ཆོས་རྣམས་ཀུན།། སྐྱེ་མེད ་དབྱིངས་སུ་མཆོད་པར་འབུལ།། སྐྱེ་ཤི་རྩད་གཅོད་བྱིན་གྱིས་རློབས།། དུས་གསུམ་བདེ་གཤེགས་བསམ་འདས་ལ།། སྣང་སྲིད་རྒྱས་འདེབས་མཆོད་པར་འབུལ།། སྐྱེ་བ་མེད་པར་བཞེས་སུ་གསོལ།། འགྱུར་བ་མེད ་པར་བྱིན་གྱིས་རློབས།། བླ་མེད་དཀོན་མཆོག་གསུམ་པོ་ལ།། སེམས་ཀྱི་བཏགས་སྣང་མཆོད་པར་འབུལ།། བསམ་བརྗོད་མེད་པར་བཞེས་སུ་གསོལ།། རྟགས་སྣང་གྲོལ་བར་བྱིན་གྱིས་རློབས།། བླ་མ་ཡི་དམ་མཁའ ་འགྲོ་ལ།། ཉོན་མོངས་བརྒྱད་ཁྲིའི་གཏོར་མར་འབུལ།། རང་སར་དེངས་པར་བཞེས་སུ་གསོལ།། སྡུག་བསྔལ་ཀ་དག་བྱིན་གྱིས་རློབས།། བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ལ།། སེམས་ཀྱི་དྲན་རྟོག་མཆོད་པར ་འབུལ།། འགྱུར་མེད་ཀློང་དུ་བཞེས་སུ་གསོལ།། སྐྱེ་བ་མེད་པར་བྱིན་གྱིས་རློབས།། སྙིང་པོ་དོན་གྱི་ལྷ་ཚོགས་ལ།། བྱུང་ཚོར་ཐམས་ཅད་གཏོར་མར་འབུལ།། སྤྲོས་ཐག་ཆོད་པར་བཞེས་སུ་གསོལ།། རྩིས་གདབ ་མེད་པར་བྱིན་གྱིས་རློབས།། རིགས་ལྔ་སྐུ་ལྔ་ཡབ་ཡུམ་ལ།། ཕྱི་ནང་གཉིས་བཟུང་གཏོར་མར་འབུལ།། དབྱེ་བསལ་མེད་པར་བཞེས་སུ་གསོལ།། བཀོལ་བ་མེད་པར་བྱིན་གྱིས་རློབས།། བདེ་ལྕམ་ལ་སོགས་ལྷ་མོ ་ལ།། རིགས་ཡིན་དྲན་སེམས་གཏོར་མར་འབུལ།། རིགས་འགྲུ་སེམས་དཔའ་མེད་པར་བཞེས།། གཡོས་པ་མེད་པར་བྱིན་གྱིས་རློབས།། ཤར་གྱི་སྒོ་སྲུང་མཁའ་གསལ་བ།། གཟུང་འཛིན་ཆགས་ཞེན་མཆོད་པར ་འབུལ།། དབྱེ་བ་མེད་པར་བཞེས་སུ་གསོལ།། ཤར་གྲོལ་ཆེན་པོར་བྱིན་གྱིས་རློབས།། ལྷོ་ཡི་སྒོ་སྲུང་རང་སངས་ལ།། ཡུལ་དང་སེམས་ཉིད་གཏོར་མར་འབུལ།། འགགས་པ་མེད་པར་བཞེས་སུ ་@#། གསོལ།། གཉིས་སུ་མེད་པར་བྱིན་གྱིས་རློབས།། ནུབ་ཀྱི་སྒོ་སྲུང་རང་མདངས་ལ།། མ་རིག་གཉིས་འཛིན་གཏོར་མར་འབུལ།། གསལ་བའི་ཀློང་དུ་བཞེས་སུ་གསོལ།། ཡེ་ཤེས་རང་སར་བྱིན་གྱིས ་རློབས།། བྱང་སྒོ་བསྲུང་པའི་གཏིང་གསལ་ལ།། ལྷ་སྒོམ་སྤྱོད་འབྲས་གཏོར་མར་འབུལ།། ཞེ་འདོད་མེད་པར་བཞེས་སུ་གསོལ།། ཀ་དག་ཆེན་པོར་བྱིན་གྱིས་རློབས།། མིང་འདོགས་ཐམས་ཅད་གཏོར་མར ་འབུལ།། བཏགས་ནད་མེད་པར་བྱིན་གྱིས་རློབས།། བྱ་བཙལ་ཐམས་ཅད་གཏོར་མར་འབུལ།། བྱར་མེད་ཆེན་པོར་བྱིན་གྱིས་རློབས།། བཟང་ངན་ཐམས་ཅད་གཏོར་མར་འབུལ།། སྤོང་ལེན་མེད་པར་བྱིན་གྱིས ་རློབས།། གཞི་དང་རྩལ་སྣང་གཏོར་མར་འབུལ།། མ་བུ་དབྱེར་མེད་བྱིན་གྱིས་རློབས།། བཏང་བྱ་གཏོང་བྱེད་མེད་པ་ཡི།། སེམས་ཀྱི་གཏོར་མ་ཁྱད་པར་འཕགས།། ཞེས་གསུངས་སོ།། རང་སེམས་གཏོར་མར ་བཀོད་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་སེམས་དཔའ་ཀུན་བཟང་ལ།། གཏོར་མའི་ངེས་ཚིག་ཇི་ལྟར་ལགས།། ཞེས་གསོལ་པས། སྟོན་པས་འཁོར་ལ་བཀའ ་བསྩལ་པ།། གཏོར་མ་གཏོར་མ་ཞེས་བྱ་བ།། འགྲོ་དྲུག་གཏོར་བས་གཏོར་ཞེས་བྱ།། དེ་དྲུག་གཡང་ས་བཅད་པས་མ།། གཉིས་སྣང་ཕུལ་བས་གཏོར་ཞེས་བྱ།། གཉིས་སུ་མེད་པས་མ་ཞེས་བྱ།། མ་འགགས་འབྱུང། ་བས་གཏོར་ཞེས་བྱ།། རྩིས་གདབ་མེད་པས་མ་ཞེས་བྱ།། རིག་པ་རྩལ་སྣང་གཏོར་ཞེས་བྱ།། གཞི་ལ་རྩལ་ཐིམ་མ་ཞེས་བྱ།། སྣ་ཚོགས་སྣང་བས་གཏོར་ཞེས་བྱ།། བརྗོད་མཐའ་ཡས་པས་གཏོར་ཞེས་བྱ།། བརྗོད་དུ ་མེད་པས་མ་ཞེས་བྱ།། ཆོས་རྣམས་གཅིག་ཏུ་ཤེས་པས་མ།། གཅིག་ཤེས་ཀུན་གྲོལ་གཏོར་མའི་མཆོག། ཅེས་གསུངས་སོ།། གཏོར་མའི་ངེས་ཚིག་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡི།། དབང་གི་བསྐུར་ཐབས་ཇི་ལྟར་ལགས།། ཞེས་གསོལ་བ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ་འོད་དང་བྱིན་རླབས་ནང་དུ ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ།། དབང་གི་བསྐུར་ཐབས་བཀའ་བསྩལ་པ།། སྙིང་པོ་དོན་གྱི་གནས་ལུགས་ལ།། བསྐུར་བྱ་སྐུར་བྱེད་གཉིས་མེད ་ཀྱང་།། རེ་ཞིག་མ་རྟོགས་བློ་ཅན་ལ།། རིག་པ་སེམས་ཀྱི་རྩལ་དབང་བསྐུར།། ཀུན་གཞི་ཀློང་ཡངས་གཞལ་ཡས་ཁང་།། འདུས་མ་བྱས་པའི་མཁའ་དབྱིངས་སུ།། ཆོས་ཉིད་ཀ་དག་རྟོགས་འདོད་རྣམས།། རྩོལ་བ་མེད ་པའི་ཚུལ་གྱིས་འཇུག། དང་པོ་བུམ་པའི་དབང་ཉིད་དེ།། གཉིས་པ་གསང་བའི་དབང་ཉིད་དང་།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། བཞི་པ་རིན་ཆེན་ཚིག་དབང་ངོ་།། རྒྱལ་ཐབས་སྤྱི་བླུགས་ཀྱི་ལ་བཟླ།། དང་པོ་བུམ་པའི ་དབང་བསྐུར་ནི།། ལས་དང་སྐལ་ལྡན་སློབ་མ་ཡིན།། སྙིང་པོའི་གདམས་ངག་ཡོད་པ་ཡི།། བླ་མ་དེ་ལ་ཞུ་བ་དབུལ།། བླ་མས་གནང་བར་གྱུར་པ་དང་།། རྫས་དང་ཡོ་བྱད་ལྡན་བྱས་ཏེ།། གཟུང་འཛིན ་དག་པའི་ས་ཕྱོགས་སུ།། ཕྱོགས་རིས་སྤངས་པའི་ས་ཕྱོགས་དེར།། མཁའ་ཀློང་ཡངས་པའི་མཆོད་ཁང་དུ།། འགྱུར་མེད་དབྱིངས་ཀྱི་དཀྱིལ་འཁོར་ན།། མ་རིག་གསལ་བའི་གཞལ་ཡས་ཁང་།། མ་བསྐྱེད་ཡོངས ་རྫོགས་ལྷ་ཚོགས་བཞུགས།། དེ་ལ་སློབ་མས་དབང་ནོད་དེ།། སྐལ་ལྡན་རིགས་ཅན་སློབ་མ་དེས།། འོག་མིན་གནས་མཆོག་དཀྱིལ་འཁོར་དུ།། ཚོགས་དང་མཆོད་གཏོར་ཚུལ་བཞིན་བཤམས།། བསྒྲུབ་པའི་རྫས་དང ་དཀྱིལ་འཁོར་རྫས།། རྒྱ་ཆད་མེད་པར་བསགས་པར་བྱ།། དེ་ནས་དོན་ལྡན་སློབ་མ་དེས།། མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་དེ།། བྱང་ཆུབ་ཆེན་པོའི་ཆུ་རྒྱུན་གྱིས།། སེམས་ཀྱི་དྲི་མ་དག་པར་བཀྲུ།། ཕྱོགས ་འཛིན་བློས་བྱས་སྡིག་པ་བཤགས།། ཞེན་ཆགས་དངོས་འཛིན་མེད་པར་འབུལ།། སློབ་དཔོན་གདན་ལ་བཞུགས་པ་ལ།། སྒོ་གསུམ་དང་བས་འདི་སྐད་ཞུ།། ཨེ་མ་ཧོ། ཡེ་ནས་བདེ་གཤེགས་སྙིང་པོ་ལ།། ཉོན་མོངས ་མ་རིག་ལས་དབང་གིས།། རང་གི་དེ་ཉིད་ངོ་མ་ཤེས།། བསྐལ་བར་འགྲོགས་ཀྱང་དེ་མ་བསྐྱེད།། ལྷན་ཅིག་གནས་ཀྱང་ཞལ་མ་མཐོང་།། ཉོན་མོངས་དུག་ལྔའི་བདག་ཉིད་ཀྱིས། ཁམས་གསུམ་འཁོར་བར་འཁྱམས ་འགྱུར་ལྷ་ཚོགས་བལྟ་བར་གྱིས།། རང་གི་རིན་ཆེན་འོད་གསལ་བསྟན།། ཐོག་མའི་སངས་རྒྱས་ངོ་སྤྲད་དོ།། ཞེས་པས་མིག་དབྱེ་ལྷ་ངོ་བསྟན།། དེ་ནས་སློབ་མས་མེ་ཏོག་གཏོར།། གང་ཡིན་རིགས་ཀྱི་གསང་མཚན ་གདགས།། དེ་ནས་རྡོ་རྗེ་སློབ་དཔོན་དང་།། སྐལ་བར་ལྡན་པའི་སློབ་མ་ཡིས།། ཀ་དག་ལྷ་ལ་བསྙེན་པར་བྱ།། རེ་མེད་རང་གནས་རྟོགས་གྱུར་ནས།། དབང་བཞི་རྫོགས་པར་བསྐུར་བ་ནི།། སློབ་མའི་སྤྱི་བོར་བུམ་པ ་བཞག། ཧཱུཾ། ཆོས་དབྱིངས་རྣམ་དག་བུམ་པ་འདི།། དབུ་ཡི་གཙུག་ཏུ་བཞག་ནས་ནི།། ཡེ་ཤེས་བུམ་པའི་དབང་བསྐུར་བས།། སྣང་སྲིད་མ་འགགས་ཆོས་སྐུ་རུ།། ཕྱོགས་རིས་བྲལ་བའི་དབང་ཐོབ་ཤོག། དེ་ནས་དབུ ་རྒྱན་བཀོན་ནས་ནི།། རྒྱལ་བ་རིགས་ལྔའི་དབང་བསྐུར་བས།། ཡེ་ཤེས་རྣམ་ལྔར་གསལ་བ་དང་།། གཞན་དུ་མ་བཙལ་རང་གནས་པའི།། བླ་མ་རིགས་ལྔའི་སྐུར་གྱུར་ཅིག། དེ་ནས་རྡོ་རྗེ་སྦྱིན་བྱས་ཏེ།། ཡེ་ཤེས་རྡོ ་རྗེ་འདི་གཏད་པས།། མ་ནོར་མ་བཅོས་བྱར་མེད་པའི།། མི་འགྱུར་བརྟན་པའི་རྡོ་རྗེ་ཡིས།། འཁོར་འདས་ཆོས་རྣམས་རྒྱས་ཐོབ་ཅིག། དེ་ནས་དྲིལ་བུ་སྦྱིན་བྱས་ལ།། སྟོང་ཉིད་དྲིལ་བུ་འདི་སྦྱིན་པས།། དངོས་མེད ་སྟོང་པའི་རང་བཞིན་ལས།། འགགས་པ་མེད་པའི་རང་སྒྲ་ཡིས།། ཆོས་རྣམས་རང་སར་དེངས་པར་གྱིས།། དེ་ནས་བདུད་རྩི་གཏོར་མ་དང་།། བརྡ་དབང་བྱིན་ལ་གསང་དོན་བསྟན།། གཉིས་པ་གསང་བའི་དབང ་བསྐུར་ནི།། བཏགས་ཆོས་སྣང་གྲགས་ཐབས་ཡིན་ཏེ།། རང་བཞིན་དངོས་མེད་ཤེས་རབ་ཡུམ།། གཉིས་སུ་མེད་པར་རབ་སྦྱར་བས།། དབྱེ་བསལ་མེད་པར་ཐོབ་པར་གྱིས།། གསུམ་པ་ཤེས་རབ་ཡེ་ཤེས ་། ཡུལ་ལ་མ་ཕྱེ་ཆོས་ཀྱི་དབྱིངས།། སེམས་ཀྱི་མ་སེམས་ཆོས་ཀྱི་སྐུ།། ཆོས་སྐུ་ཆོས་དབྱིངས་བརྗོད་མེད་ཀློང་།། ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ།། ཅེས་གསུངས་སོ།། བཞི་པ་རིན་ཆེན་ཚིག་དབང་ནི།། སེམས ་ཉིད་རང་དྭངས་རིན་ཆེན་དེ།། རྣམ་རྟོག་མཚན་མའི་ཚོགས་ལས་བྱུང་།། ཆོས་ཉིད་རང་གསལ་རང་དབང་ཐོབ།། རྒྱལ་ཐབས་སྤྱི་བླུགས་ལ་བཟླའི་དབང་།། ངེས་དོན་རྟགས་ཀྱི་ངོ་སྤྱོད་བསྟན།། སྤྱི་ཏི་གསང་བའི་དམ ་ཚིག་དཔོགས།། འགགས་མེད་རྩལ་གྱི་གཏོར་ཚོགས་བཏང་།། ཞེས་གསུངས་སོ།། སྠི་ཏིའི་དོན་དབང་བསྐུར་བའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ ་ལ།། དབང་གི་བསྐུར་ཚུལ་ཐོབ་ལུགས་ཞུས།། སྟོན་པས་འཁོར་ལ་བཀའ་བསྩལ་པ།། སྙིང་པོ་ཀ་དག་མིང་མེད་ལ།། ཐོབ་དང་མ་ཐོབ་གཉིས་མེད་དེ།། དེ་ལྟར་མ་རྟོགས་གཉིས་སུ་བྱུང་།། དབང་གི་ཐོབ་ཚུལ ་རྫོགས་ལུགས་ནི།། ཆོས་ཉིད་མ་བཅོས་པར་གནས་པས།། གཞན་ཡང་གནས་ཀྱི་དབང་བསྐུར་ཐོབ།། འགྱུར་མེད་ཆོས་ཉིད་སྐུར་གྱུར་པས།། སྐུ་ཡི་དབང་བསྐུར་ཆེན་པོ་ཐོབ།། སྒྲ་བརྗོད་མེད་པའི་ངང་གནས་པས།། ་གསུང་གི་དབང་བསྐུར་ཆེན་པོ་ཐོབ།། གཡོ་བ་མེད་པའི་དབྱིངས་ཐིམ་པས།། ཐུགས་ཀྱི་དབང་བསྐུར་ཆེན་པོ་ཐོབ།། མ་བསྐུར་ངང་ལ་རྫོགས་པ་ཡིས།། སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཐོབ།། དབང་གི་རྫོགས ་ལུགས་བསྟན་པ་ནི།། བུམ་པའི་དབང་ཡང་སེམས་ལ་རྫོགས།། བུམ་ནི་སྙིང་པོ་འོད་ཀྱི་བུམ།། པ་ནི་ཆོས་ཉིད་མ་འགགས་པ།། དབང་བ་སྐྱེ་མེད་དོན་ལ་དབང་།། བསྐུར་བ་གཉིས་སུ་མེད་པར་བསྐུར།། ཐོབ ་པ་སྙིང་པོ་ཆོས་སྐུ་ཐོབ།། དེ་ཕྱིར་བུམ་དབང་སེམས་ལ་རྫོགས།། གསང་བའི་དབང་གི་རྫོགས་ལུགས་ནི།། གསང་བ་བློ་ཡི་ཡུལ་མ་གྱུར།། སྒྲ་བསམ་བརྗོད་ལས་འདས་པ་ཡིན།། དབང་ནི་བརྗོད་མེད་དོན་ལ་དབང་།། ་བསྐུར་བ་མཚོན་དུ་མེད་པར་བསྐུར།། ཐོབ་ནི་བརྗོད་བྲལ་ངོ་བོ་ཐོབ།། དེ་ཕྱིར་གསང་དབང་སེམས་ལ་རྫོགས།། ཤེས་རབ་ཡེ་ཤེས་རྫོགས་ལུགས་ནི།། ཤེས་ནི་གཞི་མོའི་འོད་ལས་ཤེས།། རབ་ནི་མ་བུ་གཉིས ་ངོ་ཕྲད།། ཡེ་ནི་ཐོག་མ་མེད་པ་སྟེ།། ཤེས་ནི་ཀུན་འབྱུང་རང་གྲོལ་ཤེས།། དབང་ནི་ཆོས་ཀྱི་སྐུ་ལ་དབང་།། བསྐུར་ནི་དམིགས་དང་བྲལ་བར་བསྐུར།། ཐོབ་ནི་ཆོས་ཉིད་འགྱུར་མེད་ཐོབ།། རྫོགས་ནི་རང་སེམས་རང ་ལ་རྫོགས།། རིན་ཆེན་ཚིག་དབང་རྫོགས་ཚུལ་ནི།། རིན་ནི་སེམས་ཉིད་རིན་པོ་ཆེ།། ཆེན་ནི་ཆེ་བ་ལྔ་ཡིས་སྦགས།། ཚིག་ནི་བརྗོད་དུ་མེད་པའི་ཚིག། དབང་ནི་འོད་གསལ་ཆོས་ཉིད་དབང་།། བསྐུར་ནི་འགྱུར་མེད ་དབྱིངས་སུ་བསྐུར།། ཐོག་མའི་སངས་རྒྱས་ལྔ་རྣམས་ཐོབ།། དེ་ཕྱིར་ཚིག་དབང་སེམས་ལ་རྫོགས།། ཞེས་གསུངས་སོ།། དབང་བཞིར་རྫོགས་ཚུལ་གྱིས་ལེའུ་སྟེ་ཉེར་དྲུག་པའོ།། །། རྡོ་རྗེ ་སེམས་དཔས་ཡང་ཞུས་པ།། དབང་བཞི་ཟིལ་གྱིས་གནོན་པ་ཡི།། རིག་པའི་རྩལ་དབང་ཇི་ལྟར་ལགས།། ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་བསྩལ་པ།། རིག་པའི་སྤྱི་བླུགས་དབང་བསྐུར་ནི།། པ་ཏ ་སྤྱི་ཨ་ཏ་སང་ཀ་རི། ཞེས་བྱ་སྟེ། སྤྱི་བླུགས་དབང་གིས་བསྐུར་ཐབས་ཀྱིས།། ཆོས་སྐུ་ཅེར་གྱིས་སྟོན་པ་ཡིན།། སྣང་ཞིང་སྲིད་པས་བསྡུས་པ་རྣམས།། དགག་སྒྲུབ་མེད་པར་དབང་བསྐུར་བས།། རང་མདངས་ཆོས་ཉིད ་གསལ་དག་ཐོབ།། གཟུང་འཛིན་གཉིས་སྣང་བདེན་གཉིས་རྣམས།། དབྱེར་མེད་སྤྲོས་པ་ཐག་ཚང་བའི།། འཁྲུལ་སྣང་རྩད་གཅོད་དབང་བསྐུར་བས།། རང་སངས་ཆེན་པོར་རང་དབང་ཐོབ།། སྣང་སྲིད་རྣམ་དག ་མཁའ་ཀློང་དུ།། ཅིར་སྤྱོད་ཆོས་ཉིད་རོལ་པའི་རྒྱན།། ཆོས་ཅན་ཆོས་ཉིད་མ་དང་ཕྲད།། མ་བུ་དབྱེར་མེད་རང་དབང་ཐོབ།། ཟིལ་གནོན་རིག་པ་སྤྱི་བླུགས་དབང་།། དབང་བཞི་རྒྱས་བཏབ་དབང་གི་རྒྱལ།། སྣང ་སྲིད་དབང་བསྒྱུར་སྐྱེ་མེད་རྒྱ།། འགྱུར་མེད་སྟོན་པ་དབྱེར་མེད་པ།། བྱ་བ་ཀུན་བཏང་དགག་སྒྲུབ་བྲལ།། སངས་རྒྱས་རང་གི་སེམས་ལ་དབང་།། སྣང་སྲིད་རྒྱས་འདེབས་འཁྲུལ་རྩ་བཅད།། རང་དབང་རང ་ཐོབ་བརྗོད་མེད་ཀློང་།། འགྱུར་མེད་རང་གནས་དབང་གི་རྒྱལ།། བྱང་ཆུབ་སེམས་ཀྱིས་དབང་བསྐུར་འདི།། རྩོལ་བའི་ཐེག་པ་གཞན་དག་པས།། མ་བྱུང་འབྱུང་བ་ག་ལ་སྲིད།། སྠི་ཏིའི་དབང་བསྐུར་གཞན་ལས ་འཕགས།། དབང་བསྐུར་རྒྱལ་པོའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སེམས་ཉིད་སྟོན་པ་ཀུན་བཟང་ལ།། སེམས་ཉིད་ཚྭ་ཚྭ་ཇི་ལྟར་གདབ།། ཅེས་ཞུས་པས། དེ་ནས་སྟོན ་པ་ཀུན་ཏུ་བཟང་པོ་དེ་ཆོས་ཉིད་རང་བྱུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། ཡེ་ཀློང་ཆོས་ཉིད་དབྱེར་མེད་ཀྱང་།། སྙིང་པོའི་རང་བཞིན་གཡོ་མེད་པས།། ཡན་ལག ་རྩལ་གྱི་ཚྭ་ཚྭ་འདེབས།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། བྱ་རྩོལ་རྩོལ་བསྒྲུབ་མི་དགོས་པའི།། ཆོས་ཉིད་ཚྭ་ཚྭ་གདབ་པ་ནི།། ཆོས་ཉིད་འགྱུར་མེད་ས་གཞི་ལ།། ཐོགས་རྡུགས་མེད་པའི་འབྱོར་རྣོན་གྱིས།། ་བརྒྱད་ཁྲི་བཞི་སྟོངས་བརྐོས་ཏེ།། དྲན་རྟོག་བཏགས་ཞེན་འདག་པར་བརྫིས།། ཐིག་ལེ་སྙིང་པོ་གཅིག་ཏུ་དྲིལ།། མཉམ་པ་ཉིད་དུ་དགོངས་སོ་བྱས།། འགྱུར་བ་མེད་པར་བྱིན་གྱིས་རློབས།། ཐབས་དང་ཤེས་རབ ་ལག་པ་ཡིས།། ཐིག་ལེ་གཅིག་ཏུ་འབི་འབི་བྱས།། ཆོས་རྣམས་ཆོས་སྐུ་གཅིག་ཏུ་དྲིལ།། ཆོས་དབྱིངས་ཡངས་པའི་རྐོས་ཕོར་དུ།། རིག་རྩལ་འགགས་པ་མེད་པར་བཅུག། སྣང་སྲིད་ཕྱི་ནང་གཉིས་མེད་སྦྱར། ཁམས ་གསུམ་འཁོར་བའི་སྤྱི་ནས་གདབ།། མཁའ་དབྱིངས་རྣམ་བཞག་དཀྱིལ་འཁོར་ནས།། རྩལ་སྣང་རིག་པའི་མཆོད་རྟེན་བྱུང་།། སྙིང་པོ་ཡན་ལག་འདྲེས་པ་ཡིས།། གཞི་རྩལ་དབྱེར་མེད་མཆོད་རྟེན་ཏེ།། ་ཀུན་གྱི་སྟོང་ཉིད་གནས་སུ་བཞག། མཁའ་ཀློང་ཡངས་པའི་ཁྲི་སྟེང་དུ།། འགྱུར་བ་མེད་པར་བཞུགས་སུ་གསོལ།། དེ་ལྟའི་མཆོད་རྟེན་མཚན་ཉིད་ནི།། མཐའ་དབུས་མེད་པས་དབྱིབས་ཟླུམ་པོ།། ་གང་ཟག་དབང་པོའི་ཁྱད་པར་གྱིས།། བང་རིམ་བརྩེགས་མ་དགུ་རུ་གནས།། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ།། གཟུགས་ནི་མི་སྣང་ཀུན་གྱིས་དངོས།། དུས་གསུམ་འཕོ་འགྱུར་མེད་པར་བཞུགས།། མཚན ་ཉིད་ཅིར་ཡང་གཟུང་དུ་མེད།། རང་བཞིན་ཀུན་ལ་ཁྱབ་པར་གནས།། ངོ་བོ་དམིགས་པའི་ཡུལ་ལས་འདས།། སྒྲ་བསམ་བརྗོད་ལས་འདས་པའི་གདུང་།། མཚན་ཉིད་མཆོད་རྟེན་འཇིག་འདྲལ་མེད་པར་བཞུགས།། ་མཚན་ཉིད་ཅིར་ཡང་གཟུང་དུ་མེད།། རང་བཞིན་ཀུན་ལ་ཁྱབ་པར་གནས།། ངོ་བོ་དམིགས་པའི་ཡུལ་ལས་འདས།། སྨྲ་བསམ་མཚོན་ལས་འདས་པའི་གདུང་།། ཚྭ་ཚྭ་འདེབས་ན་སེམས་ལ་ཐོབས།། རྩོལ་སྒྲུབ་མི ་དགོས་ངོ་མཚར་ཆེ།། ཚྭ་ཚྭ་མི་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སེམས་ཉིད་ཚྭ་ཚྭར་བཀོད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ་སེམས་ཀྱི་ཚྭ་ཚྭ་བཞུགས་པའི་གནས།། སྐྱེ་མེད་མཆོད་རྟེན་ཇི་ལྟར་བརྩིག། ཅེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་མི་འགྱུར་མི་ཤིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ ་ལས་བཞེངས་ནས་བཀའ་བསྩལ་པ།། སྙིང་པོ་སྐྱེ་མེད་འགྱུར་མེད་ལ།། རྩལ་སྣང་མ་འགགས་མཆོད་རྟེན་ནི། ཁྱབ་བརྡལ་ཆེན་པོའི་ས་གཞི་ལ།། ཀ་དག་དབྱིངས་ཀྱི་ཐིགས་བཏབ་སྟེ།། འགྱུར་མེད་བརྟན་པའི་འབྲི་རྡོ ་བཏིངས།། སྣང་སྲིད་བསྡུས་པའི་མཆོད་རྟེན་བརྩེགས།། མ་ལུས་རྒྱས་འདེབས་སྐུ་གདུང་བཞེངས།། བྱམས་དང་སྙིང་རྗེར་ལྡན་པ་ཡིས།། ཉོན་མོངས་བརྒྱད་ཁྲི་འདག་པ་བརྫིས།། ང་བདག་གཉིས་ཀྱིས་ནང་གྲོགས ་བྱས། ཁམས་གསུམ་འཁོར་བའི་གདན་ཁྲིར་བཅུག། བང་རིམ་ཐ་མ་མཚན་ཉིད་གསུམ།། བར་མ་ཕྱི་རྒྱུས་གསུམ་གྱིས་བྱས།། མ་ཧཱ་ཡོ་ག་གསུམ་པ་སྟེ།། ཨ་ནུ་ཡོ་ག་བང་རིམ་བཞི།། རྫོགས་པ་ཆེན་པོ་བུམ་པའི་རྟེན།། ་སྤྱི་ཏི་ཡོ་གའི་བུམ་པ་ཡི།། སྙིང་པོ་འགྱུར་མེད་སྲོག་ཤིང་བཙུགས།། ཡེ་ཤེས་བཅུ་གཉིས་འཁོར་ལོ་ལ།། མཁའ་འགྲོ་ཡངས་པའི་ཆར་ཁེབས་གཏིབས།། སྙིང་པོ་ཡན་ལག་བྱ་རུ་བཙུགས།། ཐབས་དང་ཤེས་རབ་ཉི ་ཟླས་བརྒྱན།། དབྱིངས་ནི་ནམ་མཁའ་ལྟ་བུར་གནས།། སྣང་སྲིད་ཀུན་ལ་ཁྱབ་པའི་ཁྱོན།། ཚད་ནི་ཚོགས་བརྒྱད་ཡུལ་མ་གྱུར།། སྣང་བའི་ཡུལ་མེད་དམིགས་དང་བྲལ།། དངོས་པོ་མཚན་མའི་སྤྱོད་ཡུལ་མིན།། བྱིས ་པ་མ་རབ་རྟོག་གེའི་བློས།། འདི་ནི་མཐོང་བར་ག་ལ་ནུས།། མཚན་ཉིད་མཐའ་ཡས་ཀུན་དང་བྲལ།། ཅིར་ཡང་བཟུང་དུ་མེད་པའོ།། ཁ་དོག་རིན་ཆེན་སྣ་ཚོགས་འོད།། འཕྲོ་ཡང་ངོས་བཟུང་མཚོན་ལས ་འདས།། རྩིས་གདབ་དབྱེར་མེད་ཞལ་ཞལ་བྱས།། གཟུང་འཛིན་དྲི་མེད་དཀར་རྩིས་བསྐུས།། མཉམ་ཉིད་དབྱེ་གསལ་མེད་པར་གནས།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་ཏུ་བཟང་ལ་ཡང ་ཞུས་པ།། མཆོད་རྟེན་དེ་ཡི་ངེས་ཚིག་གང་།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། སྙིང་པོའི་རང་བཞིན་གཡོ་མེད་ལ།། ཡན་ལག་རྩལ་གྱི་མཆོད་རྟེན་ཤར།། དེ་ལ་མཆོད་རྟེན་ཞེས་བྱ་བ།། ་མཆོད་ནི་སྐུ་གསུམ་དབྱེར་མེད་མཆོད།། རྟེན་ནི་འདུ་འབྲལ་མེད་པ་ཡིན།། མཆོད་ནི་བསམ་དུ་མེད་པས་མཆོད།། རྟེན་ནི་བློ་ཡི་ཡུལ་ལས་འདས།། མཆོད་ནི་སྐྱེ་བ་མེད་པར་མཆོད།། རྟེན་ནི་འགག་པ་མེད་པར་རྟེན།། ་མཆོད་ནི་དྲན་པ་མེད་པར་མཆོད།། རྟེན་པ་ཡིད་ལ་བྱར་མེད་རྟེན།། མཆོད་ནི་སྣང་ཞིང་སྲིད་པ་སྟེ།། རྟེན་ནི་རྩིས་གདབ་དབྱེ་གསལ་མེད།། མཆོད་ནི་སྒྲོལ་ལྔའི་ཤེས་པ་སྟེ།། རྟེན་ནི་སྤྱོད་དུ་མི་འཇུག་གོ། མཆོད་ནི་ཕྱི ་ནང་དཀར་དམར་སྟེ།། རྟེན་ནི་མ་ཆགས་ཞེན་པ་མེད།། མཆོད་ནི་སྙིང་པོ་བློ་ཡངས་ཏེ།། རྟེན་ནི་ཆོས་སྐུ་འགྱུར་བ་མེད།། མཆོད་ནི་མཁའ་ཀློང་སྐུ་བཞི་སྟེ།། རྟེན་ནི་རིག་པའི་རྩལ་སྣང་ངོ་།། མཆོད་ནི་མ་འགགས ་རྩལ་སྣང་ཐིམ།། རྟེན་ནི་གཉིས་མེད་ངང་དུ་གནས།། མཆོད་ནི་ཐིག་ལེ་ཆེན་པོ་ཡིན།། རྟེན་ནི་སྤྲོས་པ་མཐའ་དག་བྲལ།། མཆོད་ནི་སྣ་ཚོགས་རྫོགས་པ་ཡིན།། རྟེན་ནི་ཅི་ཡང་སྤང་བ་ཡིན།། མཆོད་ནི་བདེ་བ་ཆེན་པོ ་སྟེ།། རྟེན་ནི་སྡུག་བསྔལ་ཀུན་དང་བྲལ།། མཆོད་ནི་སྣ་ཚོགས་མཚན་མ་སྤངས།། རྟེན་ནི་མི་རྟོག་ཡེ་ཤེས་རྒྱས།། མཆོད་ནི་སྐྱེ་མེད་དོན་གྱི་ཆོས།། རྟེན་ནི་འགྱུར་བ་མེད་པའི་སྐུ།། མཆོད་ནི་གཉིས་སྣང་མ་ལུས་བྱང་།། ་རྟེན་ནི་གཉིས་མེད་ཆེན་པོར་ཆུག། དེ་ཕྱིར་འཇིག་རྟེན་བྱང་ཆུབ་ཆེ།། འགྱུར་མེད་དབྱིངས་ཀྱི་མཆོད་རྟེན་འདི།། ཐེག་པ་གཞན་ནས་འབྱུང་མི་འགྱུར།། མཆོད་རྟེན་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། ་མཆོད་རྟེན་གྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སྦྱིན་སྲེག་ཆེན་པོ་ཇི་ལྟར་ལགས།། ཞེས ་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་ཀྱིས་སྤྲོས་པ་ཐམས་ཅད་བསྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། སྙིང་པོའི་རང ་བཞིན་འགྱུར་མེད་ལ།། རྩལ་སྣང་བུ་ཡིས་སྦྱིན་བསྲེག་བྱ།། སྐྱེ་མེད་ཕྲིན་ལས་རྣམ་བཞི་ཡིས།། གདུལ་བྱ་བཞི་ལས་དགོངས་ནས་གསུངས།། ཞི་རྒྱས་དབང་དང་དྲག་པོ་སྟེ།། སྠི་ཏི་ཡོ་གའི་སྦྱིན་སྲེག་འདི།། རྡོ་རྗེ ་#།། སེམས་དཔས་གོ་བར་གྱིས།། དེ་ལ་ཞི་བའི་སྦྱིན་སྲེག་ནི།། ཀློང་ཡངས་ཐབས་ཁུང་ཟླུམ་པོ་རུ།། སེམས་ཅན་གཟུང་འཛིན་གྱི་བཅིངས་པ།། ཐམས་ཅད་ཞི་བར་བྱ་བའི་ཕྱིར།། རྣམ་པར་རྟོག་པའི་མཚན་མ ་ཀུན།། བཀུག་ལ་ཟབ་ཁུང་ནང་དུ་བཞག། ཤེས་རབ་མེ་ཡིས་དག་པར་སྲེག། དབྱེ་སྲེག་ཞི་བའི་ངང་དུ་ཚིག། བསྲེག་རྫས་མཆོད་བསྟོད་མི་དགོས་ཏེ།། སེམས་ཀྱི་བསྲེག་རྫས་མཆོད་བསྟོད་ཀྱིས།། དུག་ལྔ་རྣམ་རྟོག ་ཐམས་ཅད་ཞི།། དྲག་པོའི་སྦྱིན་སྲེག་བསྟན་པ་ནི།། ཆོས་དབྱིངས་ཨེ་ཡི་ཟབ་ཁུང་དུ།། བདེན་པ་གཉིས་ལ་ཞེན་པ་ཡི།། སེམས་ཅན་དྲག་པོས་ཚར་གཅོད་ཕྱིར།། ཡེ་ཤེས་ཆེན་པོའི་མེ་སྦར་སྟེ།། གཉིས་འཛིན་གཉིས ་མེད་ངང་དུ་སྲེག། དངོས་འཛིན་རྩིས་གདབ་མེད་པར་ཚིག། མཆོད་དང་སྲེག་རྫས་བསྟོད་པ་སྤངས།། དབང་ནི་ཆོས་དབྱིངས་ཟླ་གམ་དུ།། ཐམས་ཅད་དབང་དུ་བསྡུ་བའི་ཕྱིར།། སྐྱེ་རྒ་ན་འཆིའི་སེམས་ཅན་དགུག། སྐྱེ ་ཤི་མེད་པའི་ངང་དུ་བསྒྲལ།། དགག་བསྒྲུབ་གཉིས་མེད་དོན་ལ་དབང་།། རྒྱས་པའི་སྦྱིན་སྲེག་བསྟན་པ་ནི།། ཡེ་ཤེས་རང་གསལ་རྒྱས་བྱའི་ཕྱིར།། ལྟ་སྒོམ་སྤྱོད་པ་འབྲས་བུ་ལ།། ཞེན་ཅིང་ཆགས་པའི་སེམས་ཅན ་ཀུན།། རང་མདངས་རིན་ཆེན་འོད་འབར་མེས།། བློས་བཏགས་ལྟ་བ་ཐམས་ཅད་སྲེག། ཡིད་བཟུང་སྒོམ་པ་ཐམས་ཅད་སྲེག། ཆེད་བྱས་སྤྱོད་པ་ཐམས་ཅད་སྲེག། ཡིད་སྨོན་འབྲས་བུ་ཐམས་ཅད་སྲེག། མི་བལྟ ་བལྟར་མེད་ཆེན་པོར་རྒྱས།། མི་བསྒོམས་རྟོག་མེད་ཆེན་པོར་རྒྱས།། མི་བཅོས་བཅོས་མེད་བྱར་མེད་རྒྱས།། མི་བསྒྲུབ་སྒྲུབ་མེད་ཐོགས་མེད་རྒྱས།། མཆོད་བསྟོད་བསྲེག་རྫས་མི་དགོས་ཏེ།། ་སེམས་ཀྱི་སྦྱིན་སྲེག་ཁྱད་པར་འཕགས།། སྦྱིན་སྲེག་གི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། དུག་ལྔ་དུག་གསུམ་བསྲེག་པ་ཡི།། ཐལ་བ་ཇི་ལྟར ་མནན་པར་བྱ།། ཞེས་གསོལ་པ་དང་། དེ་ནས་སྟོན་པས་བཀའ་བསྩལ་པ།། སྙིང་པོ་མ་ལ་འགྱུར་མེད་ཀྱང་།། ཆོས་ཅན་རྩལ་གྱི་རིག་པས་ནོན།། རྡོ་རྗེ་སེམས་དཔའ་གོ་བར་བཟུང་།། རྫོགས་པ་ཆེན་པོའི་གཉེན་ས་རུ།། ་འཁྲུལ་པ་རྩད་གཅོད་སྐྱེས་བུ་ཡིས།། ཐབས་དང་ཤེས་རབ་ལག་པ་རུ།། རང་བྱུང་རིག་པའི་གཏད་ཕུར་བཟུང་།། ཆོས་དབྱིངས་རྣམ་དག་ཧོམ་ཁུང་བྲུ།། ཉོན་མོངས་ཆོས་དབྱིངས་ཐོད་པར་གཞུག། རྣམ་དག་རང་གྲོལ ་རེ་བས་བསྐུམ།། ཡེ་ཤེས་ལྔ་ཡི་ཚོན་སྐུད་ཀྱིས།། འགྱུར་མེད་རྒྱ་གྲམ་མདུད་པ་བྱས།། ང་བདག་དགྲ་བགེགས་དབྱིངས་སུ་བཀུག། ཀ་དག་གདེང་ཆོས་གཡམ་པས་བཀག། འགྱུར་མེད་རི་རྒྱལ་འོག་ཏུ་མནན། ་སྐུ་གསུམ་རྒྱས་པའི་ཕོ་བྲང་གདབ།། སྐྱེ་བ་མེད་པའི་བྲོ་ཡང་བརྡུངས།། ཨེ་མ་ཧོ། ང་བདག་གིས་བཅིངས་སེམས་ཅན་ཀུན།། སྔར་ཡང་མ་གྲོལ་ད་མི་འགྲོལ།། དེ་ལ་གནོད་པའི་གནོད་ཆེན་ནི།། འདྲེ་ཡི་རྩ་བ་ང་དང ་བདག། དེ་ཡི་རྒྱབ་རྟེན་དུག་གསུམ་སྟེ།། སྡོང་ལོ་བརྒྱད་ཁྲི་བཞི་སྟོང་རྣམས།། སྐྱེ་བ་མེད་པའི་ངང་དུ་མནན།། སྐྱེ་བའི་རིག་པ་མ་ལྡང་ཞིག། བཅིང་ངོ་ཆོས་ཉིད་དབྱིངས་སུ་བཅིངས།། ཡིད་ཀྱིས་དྲན་རྟོག་མ ་གྱུར་ཅིག། བདག་པོ་འགྱུར་མེད་རྒྱ་ཡིས་གདབ།། ལས་ཀྱི་བག་ཆགས་མ་ལྡངས་ཤིག། གཅོད་དོ་དུག་གསུམ་རྩ་བ་གཅད།། སེམས་དང་དུག་ལྔར་མ་ལྡངས་ཤིག། མནན་ནོ་སྐུ་གསུམ་འོག་ཏུ་མནན།། ་བསྐལ་པ་བརྒྱར་ཡང་མ་ལྡངས་ཤིག། ལྟ་བ་ཆོད་དེ་ཆོད་དེ་མཐོང་།། ཕྱོགས་མེད་མཐའ་བྲལ་རྒྱ་ཡིས་གདབ།། སྒོམ་པ་མེ་རེ་ལྷན་ནེ་ཞོག། གཡོ་འགུལ་མེད་པའི་རྒྱ་ཡིས་ཐོབས།། སྦྱོང་བ་རྦད་དེ་རྒུད་དེ་ཆོད།། བར ་ཆོཚོད་སྤྲོས་བྲལ་རྒྱ་ཡིས་ཐོབས།། ཉམས་མྱོངས་པན་ནེ་བུན་ནེར་ཁྱེར།། སྐྱེ་འགགས་མེད་པར་རྒྱ་ཡིས་ཐོབས།། འབྲས་བུ་འབ་སེ་འུབས་སེར་ཐོངས།། སྐུ་གསུམ་འདུ་འབྲལ་མེད་པ་ཡི།། རེ་མེད་རང་གནས་རྒྱ་ཡིས ་ཐོབས།། ཅེས་གསུངས་སོ།། དུག་གསུམ་ང་བདག་མནན་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ང་བདག་གཉིས་ཀྱི་དགྲ་བགེགས་ལ།། རང ་གྲོལ་ཕུར་པས་ཇི་ལྟར་གདབ།། ཅེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ། སྙིང་པོ་རིན་པོ་ཆེ་འོད་རང་བྱུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཞེངས་ནས་འཁོར་ལ་བཀའ་བསྩལ་པ།། ཡེ ་ཀློསློང་ངང་ལ་དབྱེར་མེད་ཀྱང་།། རྩལ་སྣང་བུ་ལ་དགྲ་བགེགས་རྣམས།། རྩད་གཅོད་ཕུར་པ་གདབ་ཐབས་བཤད།། མི་འགྱུར་སེམས་ཀྱི་ཕུར་པ་ཡིས།། སྒྲུབ་མེད་ཆོས་ཀྱི་དབྱིངས་སུ་གདབ།། འཁོར་འདས་དགྲ ་བགེགས་རྩད་ནས་གཅད།། སྐྱེ་མེད་ཀ་དག་ཕུར་པ་ཡིས།། དངོས་མེད་ཆོས་ཀྱི་དབྱིངས་སུ་གདབ།། དངོས་པོའི་དགྲ་བགེགས་རྩ་བ་གཅད།། དངོས་མེད་ཟངས་ཀའི་ཕུར་པ་ཡིས།། རང་བྱུང་རང་མདངས་དབྱིངས་སུ ་གདབ།། རྣམ་རྟོག་དགྲ་བགེགས་རྩད་ནས་གཅད།། རེ་མེད་རང་གནས་ཕུར་པ་ཡིས།། མ་བཙལ་དབྱིངས་ཀྱི་ངང་དུ་གདབ།། རེ་དོགས་དགྲ་བགེགས་རྩད་ནས་གཅད།། ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས།། བྱང ་ཆུབ་སེམས་ཀྱི་ཕུར་པ་ཡིས།། སྲིད་གསུམ་འགྲོ་བའི་བདར་ཤ་བཅད།། མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས།། མ་བསྒྲུབས་བཞིན་དུ་ཡེ་ནས་གྲུབ།། མཉམ་པའི་རྒྱལ་པོ་རིག་པར་གནས།། ཕུར་པ་ཆོས་ཀྱི་དབྱིངས ་ཀྱིས་བཏབ།། གཞན་དུ་གདབ་པའི་གནས་མེད་དེ། རང་རིག་བྱང་ཆུབ་སེམས་ལ་གདབ།། ཕུར་པ་འཛིན་ཆ་མྱ་ངན་འདས།། གཟུང་འཛིན་རྣམ་རྟོག་ཉིད་ལ་གདབ།། ཕུར་པ་དངོས་པོ་ཀུན་དང་བྲལ།། དངོས ་མེད་སེམས་ཀྱི་ཕུར་པ་ཡིས།། དངོས་པོ་ཕྱིན་ཅི་ལོག་ལ་གདབ།། གདབ་དང་མི་གདབ་དམིགས་མཐའ་འདས།། ཕུར་པ་སྐྱེ་བ་མེད་པའི་དོན།། སྐྱེ་མེད་སེམས་ཀྱི་ཕུར་པ་ཡིས།། སེམས་ལ་བཏབ་པས་རིག་པ་ཤར།། ་དབྱིངས་ལ་བཏབ་པས་ལྷུན་གྱིས་གྲུབ།། གཉིས་སུ་མེད་པ་གདལ་བའི་ངང་། ཁྱབ་བརྡལ་ཆེན་པོའི་ཕུར་པ་ཡིས།། སྣང་སྲིད་ཀུན་ལ་ཁྱབ་པར་གནས།། དེ་ལྟར་རྟོགས་ན་ཐེབས་པ་ཡིན།། མངོན་དུ་གྱུར ་ན་རྟོགས་པ་ཡིན།། ཚིག་ལས་འདས་ན་སངས་རྒྱས་ཡིན།། གྲངས་ལས་འདས་པས་བརྗོད་དུ་མེད།། གཅིག་དང་གཉིས་སུ་དབྱེ་བ་མེད།། ཅེས་གསུངས་སོ།། རང་སེམས་ཕུར་པར་བཀོད་པའི་ལེའུ་སྟེ་སོ་གཉིས ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། གལ་ཏེ་དགྲ་བོ་མ་སོད་ན།། མཐུ་ཡིས་གསད་ཐབས་ཇི་ལྟར་ལགས།། ཞེས་ཞུས་པས། དེ་ནས་སེམས་ཉིད་ཀུན་བཟང་དེས།། ་རིན་པོ་ཆེ་འོད་ཟེར་གྱི་དགྲ་བོ[:]ཁ་ཕུང་དུ་གསོད་པ་ཞེས་བྱ་བའི་ཏིང་དེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། ཆོས་ཉིད་མ་ལ་དབྱེར་མེད་ཀྱང་། ་རྩལ་སྣང་བུ་ལ་དགྲར་གཟུང་བའི།། རྩ་བ་འགོང་པོ་ང་བདག་ཡིན།། ཇོ་བོ་ཉོན་མོངས་དུག་ལྔ་ཡིན།། རྒྱབ་རྟེན་བརྒྱད་ཁྲི་བཞི་སྟོང་ཡིན།། དམག་དཔོན་ལོག་མེན་ལམ་མཁན་དང་།། མི་བདེན་པ་ལ་བདེན་འཛིན ་དང་།། མི་བྱེད་ལམ་དུ[:]བྱེད་མི་འཇུག། དེ་གསུམ་མུན་པའི་འཁོར་སྒོ་ཅན།། མི་གསལ་མི་ཐར་མི་ཁོམ་དང་།། འཁོར་བའི་ཡུལ་ན་གནས་པ་ཡིས།། མ་རིག་གཉིད་ལོག་གཟུང་འཛིན་གོས།། ་ཆགས་སྡང་གཉིས་ཀྱི་སྒྲོག་ཏུ་བཅུག། རེ་དོགས་ལྕགས་འབྲབ་ཁམས་གསུམ་འཁྱམ།། ཐར་པའི་དུས་མེད་འོ་དོད་འབོད།། སངས་པའི་དུས་མེད་མུན་ནག་གནས།། རྟོགས་པའི་དུས་མེད་སེམས་ཅན་ལ།། ་བདག་འཛིན་པ་དགྲར་ལངས་པས།། དེ་ལྟའི་དགྲ་རྣམས་བསད་པའི་ཐབས།། སྙིང་པོ་ཆོས་སྐུའི་སློབ་དཔོན་གྱིས།། གཅིག་ཤེས་ཀུན་གྲོལ་སློབ་མ་བཙལ།། ངང་དྲངས་ཆེན་པོའི་གྲུབ་བརྡ་སྟོན།། འགྱུར་མེད ་དབྱིངས་ཀྱི་ཕུར་པ་ཐོབས།། རང་བྱུང་རང་སངས་དྲག་སྔགས་བཟླས།། འགྱུ་བ་རང་མདངས་ཟོར་འཕངས་པས།། འགོང་པོ་ང་བདག་སྙིང་ལ་བརྡེགས།། བདག་མེད་རང་གྲོལ་དབྱིངས་སུ་བསྒྲལ།། འགྱུར་མེད་ཆོས ་དབྱིངས་ཕུར་པ་ཡིས།། ཇོ་བོ་དུག་གསུམ་སྲོག་རྩ་གཅད།། སྐུ་གསུམ་རྒྱལ་བའི་ཀློང་དུ་བསྒྲལ།། རང་བྱུང་ཆེན་པོའི་ཐུན་སྔགས་བརྡེགས།། ཉོན་མོངས་ཐམས་ཅད་དུས་གཅིག་བརླགས།། ཆགས་ཞེན་རྟག་འཛིན ་ཐམས་ཅད་སངས།། མ་རིག་མི་གནས་ཀློང་དུ་བསྒྲལ།། དགྲ་ཡི་རྩ་བ་གཅིག་ཆོད་པས།། དགྲ་རྣམས་ཐམས་ཅད་དུས་གཅིག་སོད།། དེ་ལ་མཐུ་བོ་ཆེ་ཞེས་བྱ།། མཐུ་ནི་སྣང་སྲིད་ཐམས་ཅད་དེ།། ཆེ་བ་མ་སྤངས་མི ་གནས་པ།། མཐུ་ནི་ཆོས་མཁན་བུ་ཡིན་ཏེ།། ཆེ་བ་ཆོས་ཉིད་མ་ཡིས་ཆེ།། མ་འགགས་མི་དམིགས་མཐུ་བོ་ཆེ།། རྫོགས་ཆེན་སེམས་ཀྱི་མཐུ་ཆེན་ཡིན།། ཞེས་གསུངས་སོ།། སེམས་ཉིད་མཐུར་བཀོད་པའི་ལེའུ ་@#།། སྟེ་སོ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སེམས་ཀྱི་སེར་བ་ཇི་ལྟར་དབབ།། ཞེས་ཞུས་པས། དེ་ནས་སྟོན་པ་ཀུན་བཟང་དེ། སྙིང་པོ་རིན་པོ་ཆེའི ་འོད་ཀུན་ཏུ་འཕྲོ་ཞིང་ཆོས་ཉིད་ཀློང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། ཆོས་ཉིད་ངང་ལ་འགྱུར་མེད་ཀྱང་།། ཡན་ལག་བུ་ཡིས་སེར་ཆེན་ཕོབས།། ་ཁམས་གསུམ་འཁོར་བའི་ས་གཞི་ལ།། ཉོན་མོངས་དུག་ལྔའི་ལོ་ཐོག་རྒྱས།། ཡུལ་སེམས་གཉིས་འཛིན་འབྲས་བུར་སྨིན།། མ་རིག་ཞིང་བཟན་སྡུག་བསྔལ་དག། མ་རྟོགས་པ་ཡི་སེམས་ཅན་ལ།། རང་མདངས་རྡོ་རྗེ ་སློབ་དཔོན་གྱིས།། ཕྱི་ནང་གཉིས་ཀྱི་ཐོད་པ་རུ།། ཡུལ་སེམས་གཟུང་འཛིན་བཙུགས་ནས་ཀྱང་།། སྙིང་པོར་རང་བྱུང་སྔགས་པ་ཡིས།། ཞེན་པ་རང་ལོག་ཕྲེང་བ་བགྲང་།། ཤུགས་འབྱུང་རང་གྲོལ་དྲག་སྔགས་བཟླས།། ་ཐེག་ཆེན་སྤྱི་ཏིའི་གཉེན་ས་རུ།། སྐུ་གསུམ་འགྱུར་མེད་སྐྱེད་པྲ་བཙུགས།། མཁའ་ཀློང་རྣམ་དག་ཐོད་པ་རུ།། བལྟ་བྱ་བསྒོམ་བྱ་སྤྱོད་འབྲས་རྣམས། ཁྲག་ཏུ་བྱས་ཏེ་བསྐོལ་ནས་ནི།། ལྷ་མེད་སྒོམ་མེད་བྱར་མེད་ཟབས།། ་རང་བྱུང་དང་དྲངས་ཁྲོ་ཐབས་སྤྲུགས།། ཆོས་ཉིད་ནམ་མཁའི་ཀློང་ཡངས་སུ།། ལོངས་སྤྱོད་རྫོགས་པའི་སྤྲིན་ནག་གཏིབས།། འགགས་མེད་སྦྲུལ་སྐུའི་སེར་བ་ཕོབས།། དུག་ལྔའི་ལོ་ཏོག་གཉིས་འཛིན་བཅོམ།། མ ་རིག་མུན་མཐའ་ཐལ་བར་བརླགས།། ཡུལ་སེམས་དགག་སྒྲུབ་སྐྱོ་ངལ་མནན།། ཉོན་མོངས་བརྒྱད་ཁྲིའི་ལོ་ཐོག་ལ།། དེ་སྙེད་ཆོས་སྐུའི་སེར་ཆེན་ཕོབས།། ང་བདག་བདེན་གཉིས་འཛིན་པ་ལ།། ཆོས་སྐུ་རང་སེམས ་ཆེན་པོར་ཕོབས།། མ་རིག་ཐིབས་པོའི་ལོ་ཐོག་ལ།། ཡེ་ཤེས་གསལ་བའི་སེར་ཆེན་ཕོབས།། ཅེས་གསུངས་པའོ།། སེམས་ཉིད་སེར་བ་ཕབ་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ།། ་རིན་པོ་ཆེ་བརྡའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཀུན་ཏུ་བཟང་པོ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སྤྱི་ཏིའི་ཉམས་ལེན་ཇི་ལྟར་བསྟན།། ཞེས་ཞུས་པས། ཏིང་ངེ་འཛིན་ལས་བཞེངས་ནས་ནི།། ་འདུས་པའི་འཁོར་ལ་བཀའ་བསྩལ་པ།། པ་ས་ཨ་ག་ཡ་ཡ། མ་ཧཱ་སུ་ཁ་ཧོ། སྠི་ཏིའི་མན་ངག་བརྡས་བསྟན་པ།། རྡོ་རྗེ་སེམས་དཔའ་ཡིད་ལ་ཟུངས།། ནམ་མཁར་བྲོ་བརྡུང་། རིམ་ཁར་སོས་ཐོབ། གངས་དཀར་ལ ་མདུང་ཚུགས། ནམ་མཁར་ཡུལ་གྱིས། རྒྱ་མཚོར་ཁྱིམ་གྱིས། ལ་ཁར་དར་ཕྱོར། དབུས་ཀྱི་རི་བོ་ལ་མཁར་གྱིས། བར་སྣང་ལུས་ལ་གྱོན། ན་བུན་མགོ་ལ་གྱོན། སྐར་མདའ་སྐེད་ལ་ཆིངས། གཡས་སུ་ཉི་མ་ཐོགས། ་གཡོན་དུ་ཟླ་བ་ཐོགས། སྤྲིན་གྱིས་ལྷམ་གྱོན། འབྱུང་བ་ལྔའི་གཡོས་གྱིས། སྣང་བ་ཟས་སུ་ཟོ། སྲིད་པ་ལྟོ་རུ་ཚུགས། འཇའ་ཚོན་རྒྱན་དུ་འཆོར། གཅིག་སོད། གཉིས་སྤོངས། གསུམ་བརྟེན། གཅིག་ཡུལ་ཕྱུང་། ་།། གསུམ་སྙིང་དྲོངས། གཉིས་སྐེ་ཆོད། གཅིག་སོ་འཛིན་དུ་བཅུག། གསུམ་གྱི་དགྲ་དཔུང་ཆོམས། གཉིས་གྲོགས་སུ་ཁྱེར། ལོང་མའི་མིག་ལ་ཉི་མ་ཁོ་བ། མེ་འབར་ན་ཆུས་སོད།། ས་གཞི་ལྕགས་སུ་ཚུགས། ་རླུང་ལ་མདའ་རྒྱོབ།། དཔུང་མཁན་ངོས་ཟུངས་ལ་ཛག་པར་ཁྱེ། ཐོག་མཐའ་གྲིས་ཆོད། དགྲ་དཔུང་ཆོམས། རྫོང་དུ་ཞུགས། གནད་ཁར་སྲུངས། ཟམ་འཕྲང་སྡོམས། ཞེས་གསུངས་སོ།། ་ཉམས་ལེན་བརྡས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཐེག་པ་གཞན་ལ་མི་འབྱུང་བའི།། འཁོར་བ་གཡུལ་བཟློག་གནད་འགགས་གང་། ་ཞེས་ཞུས་པས། དེ་ནས་སེམས་ཉིད་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེའི་བསྐོལ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། རི་བསྙིལ་མེ་སོད་མཚོ་སྐོམ། ་མདུན་ཁྲོད་ཕྱགས་མས་ཐོབས།། རྒན་རྒོན་སོད་ལ་ད་ཕྲུག་སྤོས།། ཆུ་བོ་ཞོན་ལ་སེང་གེ་ཁྲིད།། ནམ་མཁའ་གྱོན་ལ་ས་གཞི་ཟིངས།། སྣང་སྲིད་ལྟོར་ཚུགས་རྒྱ་མཚོ་འཐུངས།། མཁའ་ལ་མིག་ལྟོས་སྤྲིན་མཛུབ་ཚུགས།། ་རྒྱ་མཚོ་ཆེན་པོའི་གཏིང་དུ་ཉོལ།། ཉི་མ་ཟླ་བ་མིག་ཏུ་ཚུག། རླུང་པོ་གཏོད་ལ་མནན་པར་བྱ།། སྨིག་རྒྱུ་ནམ་མཁའི་དབྱིངས་སུ་སྐྱོལ།། སྤྲེའུ་སོད་ལ་དབྱིངས་སུ་གདོང་། ཁྱེའུ་ཆུང་ནམ་མཁར་ཕྱིན་པ་ཡིས།། འགྲོ་བ་མི ་མྱོང་ཡོཾ་མྲྀག་ནས།། ན་མོ་མཁའི་དབྱིངས་སྲྀ་ཟླ་གཙོག་གསོ་སོ།། ཀཽ་ཟླའི་མཚོམས་སུ་ཤུལ་བཏོད་ནས།། འཇའ་ཚོན་རྣམ་ལྔའི་ལམ་དུ་ཞུགས།། ཕྱིན་པས་འགྲྀ་སཽ་མཽ་རྟིད་ལྗོབས།། མྲྀན་སྟོང་གཉིས་སུ་གསོལ་གཽ་། ་དགྲ་ཟིན་གཉིས་ཀྱི་སོ་མཚམས་སུ།། མི་འཇིགས་པ་ཡི་སྐྱེལ་མ་ཚོལ།། སྲ་བའི་གོ་གྱོན་རྣོའི་མཚོན་ཐོགས།། བསླུ་མེད་གྲོགས་བརྟེན་མགྱོགས་རྟ་ཞོན།། འཕྲང་གསུམ་ནང་དུ་བསྙུངས་ཚུད་ལ།། དགྲ་ངོས་བཟུང་ལ ་ཟིན་པར་སོད།། གནད་གསུམ་ནང་དུ་བརྩིགས་ལ་དབབ།། རྒྱལ་པོ་བཙོན་དུ་ཟིན་པ་དང་།། དགྲ་ཡི་བུ་རྣམས་བསད་པ་ཡིས།། རྒྱལ་ཁམས་ཆམ་ལ་འཕབ་པར་འགྱུར།། དགྲ་ཟིན་གཉིས་ཀྱི་འཁྲུག་པ་རྫོགས།། དེ ་ནས་གནད་མཁར་བཙན་པོ་སྲུངས།། རྫོང་གསུམ་ཉལ་ནས་བརྟེན་པར་ཉལ།། སོ་མཚམས་ཡུལ་སྲུངས་འཕྲང་གསུམ་བསྡམས།། གལ་ཏེ་དགྲ་དམག་དཔུང་ཆེ་བས།། དེ་ཡིས་ཟློག་པར་མ་གྱུར་ན།། ་སྲིད་དེ་གཅད་ཅིང་དམག་དཔོན་བསྐོ།། གོ་ཆ་མཚོན་ཆ་ནན་ཏན་བསྐྱེད།། བསྒོམ་པའི་ཁྲབ་ཆེན་ལུས་ལ་གྱོན།། མན་ངག་གནད་ཀྱི་སྐེ་རགས་ཆིངས།། བྱིན་རླབ་ནུས་མཐུས་ཁྲག་ལག་ཚུགས།། གཉིས་སུ་མེད་པའི ་རྐང་ཆས་གྱོན།། གསུམ་འབྲེལ་འཁོར་གསུམ་ལུས་ལ་གདགས།། སེར་བུ་གཞུ་ལ་ཐབས་ཤེས་མཆོག། ཆང་བཟུང་ནམ་མཁའི་མིག་གཅིག་པོ།། གོང་ན་མེད་པས་རི་བོའི་བརྒྱུད།། ཟུག་རྔུ་མེད་པའི་སྨྱུག་མ་ལ།། ཚད ་མེད་བཞི་ཡི་སྒྲོ་ཡིས་སྒྲོན།། རྣོ་ངར་ལྡན་པའི་མདེའུ་ཆུག། བར་སྣང་དག་པའི་དོང་པར་བཙའ།། ལྟ་བའི་ཕུབ་དང་བསྒོམ་པའི་རྨོག། གྱོན་ནས་དམག་ལ་ཆས་ཏེ་འགྲོ།། དམག་དཔོན་ཆེན་པོ་སྐྱེ་མེད་དང་། ་འགྱུར་མེད་འགགས་མེད་གཉིས་མེད་བཞིས།། དཔའ་བོ་ཆེན་པོ་བཞི་བཙལ་ཏེ།། གྲས་ཆོད་ལམ་མཁན་མངོན་ཤེས་ཅན།། དཔའ་བོ་ཆེན་པོ་མཐུ་བོ་ཆེ།། དེ་ལྟར་བརྒྱད་སོགས་བསམ་ལས་འདས།། གཉིས་ཀྱི ་འཁྲུག་པ་ཆེན་པོ་ཤོམས།། སྟོང་རའི་ནོར་བུ་རིན་ཆེན་ལ།། གསལ་འདུན་རྣམ་གཉིས་མ་མཐུན་པས།། དགྲ་དམག་དཔུང་ལ་མདའ་ཞིག་འཕེན།། སེར་པོའི་གཞུ་མོ་གཅིག་གི་བརྡུང་།། སྐྱོན་བརྒྱད་བྲལ་བའི་མདའ ་རྟིང་སྟེ།། གཉིས་ལྡན་གཅིག་དྲིལ་མདའ་ལྟོང་སྦྱོར།། ནམ་མཁའ་ཆེན་པོར་མེར་གྱིས་བཀང་།། འགོང་པོ་ལྕགས་ཀྱུ་ཅན་ལ་བརྡེགས།། གནོད་སྦྱིན་མེད་པར་ལྷན་གྱིས་ཤི། རྒྱ་མཚོར་སོར་བཞག་ཆེན་པོའི་མདའ།། ་མུན་ནག་འཁོར་ལོའི་སྙིང་ལ་བརྡེགས།། ཉི་ཟླ་དག་པའི་ཀློང་དུ་ཤི། བར་སྣང་དངོས་མེད་རླུང་གིས་མདའ།། གཉིས་འཛིན་བླང་དོར་སྙིང་ལ་བརྡེགས།། སྨན་དུག་མེད་པར་རང་སར་ཤི། དྲི་མེད་ཤེལ་སྒོང་ཆེན་པོའི ་མདའ།། ཕྱོགས་རྣམས་འབྱེད་པའི་སྙིང་ལ་བརྡེགས།། བྱེ་བྲག་མེད་པར་ལྷན་གྱིས་ཤི། མཚོ་གཏིང་ཉི་ཟླའི་མདའ་འཕངས་པས།། ལྔ་བརྒྱད་དགྲ་བོའི་སྙིང་ལ་བརྡེགས།། ལྔ་བརླག་བརྒྱད་བྲལ་ཀློང་དུ་ཤི། གྲོས་ཐག ་གཅོད་པའི་མདུན་ལྡང་གིས།། དགྲ་དམག་ཐམས་ཅད་གཡུལ་ངོ་བཟློག། རྩ་བ་རྒན་སྡོང་མཁན་རྩ་བ་ཆོད།། ཅེས་གསུངས་སོ།། འཁོར་བའི་དཔག་དཔུང་གཡུལ་བཟློག་པའི་གདམས་དག་བསྟན་པའི་ལེའུ་སྟེ་སོ ་དྲུག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཆོས་རྣམས་བསྟན་ལ་འབེབས་པ་ཡི།། སྠི་ཏིའི་བརྡའ་ཆོས་ཇི་ལྟར་སྤྱོད།། ཅེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ ་བསྩལ་པ།། ཡུལ་ཁམས་གཅིག་ལ་སློབ་དཔོན་གཅིག། དེ་ལ་གཅེས་པའི་ནོར་གཅིག་ཡོད།། གཏེར་འབྱུང་སྣོད་དང་ཐོབ་ཐབས་གང་།། མི་ཐོབ་འདྲེ་ངོས་ཟིན་སོང་ངམ།། ནོར་དེ་སྦས་པ་ངོ་ཤེས་སམ།། ནོར་ལ ་ཕྱོགས་མེད་ཡུལ་གཅིག་ཡོད།། ཡུལ་དེ་གང་ཡིན་ངོས་ཟིན་ནམ།། ནོར་བདག་ཉིད་གཉིས་ངོ་ཤེས་སམ།། ནོར་དེའི་འབྱུང་སྒོ་གཉིས་ཤེས་སམ།། དེ་ལ་ཐོབ་པར་བྱེད་ཐབས་གསུམ།། ཐོབ་པའི་རྟགས་ལ་རྣམ་པ་བཞི།། ་དེ་དག་གང་ཡིན་ངོ་ཤེས་སམ།། ཡང་ཀུན་གྱི་སྤྱི་ཡུལ་ཆེན་པོ་ན།། དབང་ཆེན་གཉིས་ལ་སྦྱི་ནོར་གཅིག། དེ་གཉིས་གཅིག་གསོད་གཅིག་ཞོག་ལ།། ནོར་དེ་རང་གིས་ཐོབ་པར་གྱིས།། མིག་མེད ་མུན་པའི་སྨག་རུམ་སོལ།། ཉི་ཟླའི་མཚམས་སུ་གནས་འཆོས་ལ།། སྣང་བ་ཆེན་པོའི་མེ་ལོང་ལྟོས།། ས་ཡི་གོ་ལ་ནམ་མཁའི་སྟན།། ན་བུན་ཞར་གྱོན་ཕར་སྣང་ཉོལ།། སྤྲེའུ་ཆུ་གཉེར་ལག་པས་ཟུངས།། ་@#།། རླུང་པོ་རྐང་པའི་འོག་ཏུ་ནོན།། འཇའ་ཚོན་མགོར་ཚུགས་རི་རྩར་འདུག། ཆུ་བོ་ཁར་འཐུང་དར་གྱིས་དྲིལ།། ཡང་། མུན་སྣང་གཉིས་ཀྱི་སོ་མཚམས་ནི།། ཅི་བཏབ་སྐྱེ་བའི་ལྡུམ་རའི་ནང་།། ཐམས་ཅད ་ཡིད་འོང་མེ་ཏོག་རྒྱས།། འབྲས་བུ་རང་མདངས་རིན་པོ་ཆེ།། དེ་ལ་ཐམས་ཅད་འདོད་པ་སྐྱེས།། མ་ཐོབ་མ་མཐུན་གཉིས་སུ་མེད།། གཉིས་པོ་འཁྲུག་པ་ཆེན་པོ་བྱེད། ཁྱེའུ་ངང་དྭངས་སྣང་བ་གསལ།། ཀུན་རིག ་འཁྲུལ་གྱི་མེ་ལོང་ཅན། ཁྱོད་ཀྱི་སོ་མཚམས་སྤྱི་སར་སོང་།། སྐྱེད་པོ་གསུམ་གཉིས་དྲུག་ཚུགས་ལ།། ཟངས་ཆེན་གཉིས་སུ་སྨན་དུག་བསྐོལ།། དེ་ནས་རྒད་པོ་རྒད་མོ་དང་།། ཕུང་བྱེད་བུ་ཚ་མིང་སྲིང་གསུམ།། དམག ་དཔོན་གསུམ་གྱིས་མགོ་དྲངས་པའི།། གྲིབ་སོ་ཙམ་གྱིས་དམག་འོང་གིས།། དུག་ཆུ་བྱིན་ལ་དགྲ་དཔུང་ཆོམས།། དེས་མ་སོད་ན་བཟློག་པའི་ལྟོ།། གངས་ཀྱི་རྩེར་སོང་སེང་གེ་ཞོན།། ནམ་མཁའི་ཁམས་སུ་མདུ ་འཁོར་གྱིས།། ལྷུན་པོའི་རི་རྩེར་མེ་ཆེན་སྤོར།། རྒྱ་མཚོའི་གཏིང་དུ་མར་མེ་ཐོགས།། མུན་པའི་ནང་དུ་ཉི་ཟླ་ཁྱེར།། རླུང་པོའི་ནང་དུ་རལ་གྲི་བསྐོར།། འཆི་མེད་བདུད་རྩིའི་བཅུད་འཐུང་ལ།། སྤངས་ལ་གསེར་གྱི་ཕུར ་པ་ཐོབ།། གངས་ལ་ཉི་མ་ཤར་དུ་ཚུགས།། དེ་ཡིས་དགྲ་དཔུང་རྩད་ནས་གཅོད།། གཉེན་དང་སྲིད་ལས་དགྲ་ཞིག་མེད།། དེ་ནས་སྲིད་སྡེ་ཚོགས་པ་ལ།། ཟས་ཀྱི་བདུད་རྩི་སྨན་སྦྱིན་པས།། སྡུག་བསྔལ་ཐམས་ཅད ་ཀུན་གྲོལ་ནས།། བདེ་ཆེན་ཆོས་སྐུའི་སངས་རྒྱས་ཐོབ།། ཀུན་ཀྱང་དབྱེ་བསལ་རྩིས་གདབ་མེད།། དབུ་བསེལ་ནོར་བུ་བསགས་པའི་ཐབས།། ངང་དྲངས་ཁྱེ་ཆུང་ཚོང་ལ་འགྲོ།། ཆོས་ཉིད་རྟ་ཞོན་ཟོང་བཞི་ཁྱེར།། སྦྱིན ་པའི་རྒྱགས་ཕྱེ་ཏིང་འཛིན་ཟས།། སྲ་བའི་གོ་གྱོན་རྣོ་མཚོན་ཐོགས།། འཇིགས་པ་ཐུབ་ངེས་སྐྱེལ་མ་ཚོལ།། ཆོས་ཉིད་དབྱེ་ཟང་ཡངས་པ་ལ།། འཕྲང་ཆེན་བཞི་བགྲོད་ལ་བཞི་འཛེག། ཐང་བཞི་གཅོད་ཅིང་ལ་བཞི ་བརྒལ།། འཕྲང་གསུམ་བསྡམས་ནས་ལམ་གསུམ་འབྱེད།། རྫོང་བཞིར་བཞུགས་ཤིང་ལམ་བཞིར་ཉལ།། ལངས་པ་རྣམ་བཞིར་ལངས་ཤིང་འགྲོ།། འགྲོ་ས་བཞི་བགྲོད་ཕ་རོལ་ན།། མུན་སྣང་མཚམས་ཀྱི་ལྡུམ་ར་ན།། ་རིན་ཆེན་དང་དྭངས་རང་མདངས་ལ།། སེམས་ཉིད་ནོར་བུ་རིན་ཆེན་ཡོད།། མུན་ནག་སེལ་བའི་ཉི་ཟླ་ཡོད།། འཁྲུལ་པ་གཅོད་པའི་སྤུ་གྲི་ཡོད།། ཀུན་འཚོའི་ཤི་གསོས་བདུད་རྩི་ཡོད།། མི་ཟད་དཀོན་པའི་གཏེར་ཆེན ་ཡོད།། ངང་དྭངས་ཁྱེའུ་ཆུང་དེར་ཕྱིན་པས།། ཕྱོགས་གཅིག་མུན་པ་ཕྱོགས་གཅིག་སྣང་།། མུན་སྣང་གཉིས་ཀྱི་སོ་མཚམས་ན།། སུས་ཀྱང་མ་ཤེས་མ་མཐོང་ཞིང་།། སུས་ཀྱང་མ་ཤེས་མི་མངོན་པ།། སུས་ཀྱང་མ ་རྟོགས་མི་འགྱུར་བ།། སུས་ཀྱང་མ་ཐོས་མི་བརྗོད་པ།། ཀུན་འབྱུང་འགྱུར་མེད་རིན་ཆེན་དེ། ཁྱེའུ་ཆུང་དང་དྭངས་འོད་གསལ་ལོ།། ནོར་བདག་རྒན་མོ་ལོང་མ་ལ།། བར་བར་ཤེས་རབ་རྣམ་གསུམ་བཏགས།། ལུང ་རིགས་གཉིས་ཀྱིས་ཚོང་རོགས་བྱས།། བློས་བཏགས་ལྟ་བར་རིན་དུ་བཅལ།། ཡིད་གཟུང་བསྒོམ་པར་རིན་དུ་བཅལ།། ཚང་བྱས་སྤྱོད་པར་རིན་དུ་བཅལ།། ཡིད་སྨོན་འབྲས་བུ་རིན་དུ་བཅལ།། འདོད་པ ་རིན་ཆེན་དམ་དུ་བཅལ།། འཛིན་པའི་ཕུང་པོ་རིན་དུ་བཅལ།། ཞེན་པའི་མཚོ་མོ་རིན་དུ་བཅལ།། མུན་པའི་འཁོར་སྒོ་རིན་དུ་བཅལ།། རིན་བརྒྱད་བཙལ་བས་ནོར་ཞིག་ཐོབ།། གཉིས་སུ་མེད་པར་ཚོགས་རྫོགས ་ནས།། དེ་ནས་རང་གི་གནས་སུ་ལོག། ཆོས་ཉིད་དབྱིངས་ཀྱི་ཁྱིམ་དུ་ཕྱིན།། འཆི་མེད་བདུད་རྩིའི་བྱོན་ཆང་འཐུང་།། ཏིང་འཛིན་ཟས་ཀྱི་རོ་མཆོག་མྱོང་།། བདེ་ཆེན་གོས་ལ་འགྱུར་མེད་བསྟན།། ཕྱོགས་མེད་ཀློང་དུ ་འཕྲུལ་གྱིས་ཉལ།། མི་བྱ་རྩོལ་བའི་ལས་མི་བྱ།། བྱ་བ་ཀུན་བཏང་རང་ལུགས་བཞག། ཆོས་ཉིད་དབྱིངས་སུ་གཉིད་ལོག་གོ། བརྡ་ཡི་མན་ངག་དོན་གྱི་གནད།། རྡོ་རྗེ་སེམས་དཔའ་ཐུགས་ལ་ཞོག། ཅེས་གསུངས་སོ།། ་འཁོར་འདས་ཀྱི་ཆོས་རྣམས་བརྡར་བསྟན་པ་གཏན་ལ་དབབ་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཆོས་རྣམས་དཔེ་ཡིས་ཇི་ལྟར་མཚོན།། ཞེས ་ཞུས་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་བཀའ་བསྩལ་པ།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སྙིང་པོ་དོན ་གྱི་གནས་ལུགས་དེ།། མཚོན་པའི་ཡུལ་དུ་མ་གྱུར་ཀྱང་།། རེ་ཞིག་ངེས་པའི་སྒོ་ནས་མཚོན།། མཚོ་དང་བང་མཛོད་ས་གཞི་གསུམ།། ཀུན་གཞི་མཚོན་དཔེར་ཤེས་པར་བྱ།། ཆུ་དང་འཁྱག་རམ་ཏིལ་འབྲུ་གསུམ།། ་གནས་ལུགས་མཚོན་པའི་དཔེ་རུ་བཤད།། ཐོ་ཡོར་ཐག་པ་སྨིག་རྒྱུ་གསུམ།། འཁྲུལ་པ་མཚོན་པའི་དཔེ་རུ་བཤད།། ཉི་ཟེར་སྤུ་གྲི་ཤེལ་ཕྲེང་གསུམ།། རྩལ་སྣང་འབྲེལ་ཡོད་མཚོན་དཔེར་བཤད།། ཕུག་རོན་ཤེལ་སྒོང ་ག་བུར་གསུམ།། སྣང་ཚུལ་མཚོན་པའི་དཔེ་རུ་བཤད།། ཙན་དན་གླ་རྩི་སྒོག་པ་གསུམ།། ཤུགས་འབྱུང་འགགས་མེད་དཔེ་རུ་བཤད།། རལ་གྲི་སྤུ་གྲི་སོ་དང་གསུམ།། ཤེས་རབ་མཚོན་པའི་དཔེ་རུ་བཤད།། བྱིས་པ ་མཛུབ་མོ་འོ་མ་གསུམ།། གདམས་ངག་མཚོན་པའི་དཔེ་རུ་བཤད།། ནམ་ལངས་མིག་དང་ཉི་མ་གསུམ།། རྟོགས་པ་མཚོན་པའི་དཔེ་རུ་བཤད།། སྤྲིན་དང་ལྡིང་རོག་མུན་པ་གསུམ།། སྒྲིབ་གཡོགས་མཚོན་པའི་དཔེ་རུ ་བཤད།། ལམ་ནོར་ཛ་མིག་གྲོད་འཇིལ་གསུམ།། གོལ་ས་མཚོན་པའི་དཔེ་རུ་བཤད།། ཚེར་མ་མདུང་རྩེ་མདའ་རྩེ་གསུམ།། རིག་པ་མཚོན་པའི་དཔེ་རུ་བཤད།། བྱ་རྒོད་ནམ་མཁའ་ཁྱུང་དང་གསུམ།། ལྟ་བ་མཚོན། ་པའི་དཔེ་རུ་བཤད།། མེ་ལོང་འཇའ་ཚོན་སྒྲོན་མེ་གསུམ།། སྒོམ་པ་མཚོན་པའི་དཔེ་རུ་བཤད།། བུང་པ་གླང་ཆེན་སྨྱོན་པ་གསུམ།། སྤྱོད་པ་མཚོན་པའི་དཔེ་རུ་བཤད།། སེང་ཆེན་ཐོག་དང་རྦབ་དང་གསུམ།། ཕྲིན ་@། ལས་མཚོན་པའི་དཔེ་རུ་བཤད།། ན་བྲན་ཆུ་བུར་སྙིང་རྡོལ་གསུམ།། ཉམས་ཀྱི་དཔེ་རུ་བཤད་པར་བྱ།། ལྷ་ཁང་ནང་གི་ལྷ་ཚོགས་དང་།། བུམ་པ་ནང་གི་མར་མེ་དང་།། མེ་ལོང་ནང་གི་གཟུགས་བཅན ་གསུམ།། སེམས་ཉིད་ནང་གསལ་དཔེ་རུ་བསྟན།། སྟག་ལྤགས་གཟིགས་ལྤགས་རྨ་བྱའི་མདོངས།། སེམས་ཉིད་ཕྱི་གསལ་དཔེ་རུ་བསྟན།། ཤེལ་སློང་གཟི་བཀྲ་ཆུ་དང་གསུམ།། ཕྱི་ནང་གཉིས་མེད་དཔེ་རུ་བཤད།། ་ཚལ་ནག་དང་ནག་བལ་ནག་གསུམ། འགྱུར་བ་མེད་པའི་དཔེ་རུ་བཤད།། རླུང་དང་སྦྱིན་པ་སྤྲུག་པ་གསུམ།། ཉམས་ལེན་མཚོན་པའི་དཔེ་རུ་བཤད།། ལོ་ཏོག་མེ་ཏོག་རྩ་ཁའི་ཟིལ།། མི་རྟག་མཚོན་པའི་དཔེརུ ་བཤད།། ཆུ་དང་རྟོག་མར་འདྲེས་པ་དང་།། རྒྱལ་ཆུ་རླབས་ཐིམ་པ་དང་།། འདའ་ཚོན་མཁའ་ལ་ཐིམ་པ་གསུམ།། དབྱེར་མེད་དཔེ་རུ་ཤེས་པར་བྱའོ།། དུག་ལ་སྔགས་ཀྱིས་ཐེབས་པ་དང་།། ཕུར་ཆུས་རྒྱ་མཚོར་བྱིན ་བ་དང་།། ལན་ཚྭ་ཚུལ་ཐིམ་པ་གསུམ།། ཕྱིར་མི་ལྡོག་པའི་དཔེ་རུ་བཤད།། པདྨ་རྨ་བྱ་དུང་དང་གསུམ།། དམ་ཚིག་མཚོན་དཔེར་ཤེས་པར་བྱ།། ཟླ་བ་འོད་དང་སྐར་ཆེན་གསུམ།། ཡེ་ཤེས་དཔེ་རུ་ཤེས་པར་བྱ།། མི ་བརྒྱད་ཆུ་བརྒྱད་གཞུ་རྒུད་གསུམ།། རྒུན་ཆད་མེད་པའི་དཔེ་རུ་བཤད།། གློག་དང་སྐར་མདའ་འཕང་འཕང་གསུམ།། བར་དེའི་རྟོགས་ཚད་དཔེ་རུ་གསུངས།། གསེར་དང་རི་བོ་རིན་ཆེན་གསུམ། འབྲས་བུའི་དཔེ ་རུ་ཤེས་པར་བྱ།། ཆོས་ཉིད་དོན་གྱི་གནས་ལུགས་ལ།། འདྲ་བཞི་ཡོད་པས་དཔེ་རུ་མཚོན།། དངོས་གཞི་མེད་པས་དམིགས་སུ་མེད།། སྐྱེ་མེད་བསམ་འདས་འགྱུར་མེད་ཡིན།། མཚོན་དུ་མེད་པས་དཔེ་ལས་འདས།། ་རེ་ཤིག་མཚོན་ནས་གོ་ཕྱིར་བསྟན།། དོན་གྱི་ངོ་བོ་བརྗོད་ལས་འདས།། ཞེས་གསུངས་སོ།། ཆོས་ཐམས་ཅད་དཔེས་མཚོན་ནས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ་ཀུན་ཏུ་བཟང་ལ་ཡང་ཞུས་པ།། ཆོས་སྐུ་མདའ་ཡི་ངོ་སྤྲོད་གང་།། ཞེས་ཞུས་པས། དེ་ནས་སྟོན་པ་ཀུན་བཟང་དེས། སྙིང་པོ་མ་བུ་དབྱེར་མེད་གདེང་ཟིན་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས ་བཞེངས་ནས་བཀའ་བསྩལ་པ།། སྙིང་པོ་མ་ཡི་རང་བཞིན་གཡོས་པ་ལ།། ཡན་ལག་བུ་ཡིས་མ་རྟོགས་ཡུལ་ལ་འཇུག། དེ་ལ་ཆོས་སྐུ་བརྡ་ཡི་ངོ་སྤྲོད་བསྟན།། རྡོ་རྗེ་སེམས་དཔས་གུས་པར་ཡིད་ལ་ཟུངས།། འགྱུར་མེད ་། ངོ་སྤྲོད་རྣམ་གསུམ་སྟེ།། གནས་ལུགས་འགྱུར་མེད་ངོ་སྤྱོད་དང་།། སྣང་ཚུལ་མ་ངེས་ངོ་སྤྲོད་དང་།། གཉིས་སུ་མེད་པའི་ངོ་སྤྲོད་དོ།། དང་པོ་གནས་ལུགས་བསྟན་པ་ནི།། རྒྱུ་རྐྱེན་སྐྱེ་འཇིག་དང་བྲལ་བས།། ངོ་བོ ་འགྱུར་བ་མེད་པ་ལ།། རང་བཞིན་དམིགས་སུ་མེད་པ་སྟེ།། རིན་ཆེན་འོད་འབར་གཞལ་ཡས་ན།། གཟུགས་མེད་ཀུན་ཁྱབ་སྐུ་གཅིག་བཞུགས།། མིང་ནི་སྐྱེ་མེད་བརྗོད་དང་བྲལ།། ཀུན་སྣང་རང་སེམས་འབར་ཞེས ་བྱ།། དེ་ཉིད་རང་ལ་ངོ་སྤྲད་པ།། ཆོས་སྒྲའི་ཀློང་དུ་ཐིམ་པ་ལ།། འགྱུར་བ་མེད་པར་རྒྱུ་ཡིས་ཐོབས།། སྣང་ཚུལ་མ་ངེས་དོན་བསྟན་པ།། ཅིར་གྱིས་སྣང་བའི་དུས་ཉིད་ན།། ཆོས་དབྱིངས་སྡང་གསལ་མེ ་ལོང་ན།། སོར་བཞག་དབྱེར་མེད་དང་དངས་པ།། རང་བྱུང་རང་བརླག་སྐུ་གཅིག་བཞུགས།། མིང་ནི་གཉིས་མེད་རང་གྲོལ་འབར།། དེ་ཉིད་རང་ལ་ངོ་སྤྲད་པ།། ཕྱི་ནང་ཡུལ་སེམས་བཟང་དུ་མེད།། རང་སངས་རང ་མདངས་གཉིས་མེད་པ།། དབྱེ་བསལ་རྩིས་མེད་རྒྱ་ཡིས་ཐོབས། གནས་ལུགས་སྣང་ཚུལ་གཉིས་མེད་ནི།། འཕྲོ་འདུ་མེད་པའི་རིན་པོ་ཆེ།། འོད་གསལ་ཆེན་པོའི་ཁང་པ་ན།། འཕེལ་འགྲིབ་མེད་པའི་སྐུ་གཅིག ་བཞུགས།། མིང་ནི་འཛིན་བྲལ་སྤྲོས་གཅོད་བྲལ།། དེ་ཉིད་རང་ལ་ངོ་སྤྱོད་པ།། ཡུལ་སེམས་གཉིས་མེད་སྣང་སྟོང་མེད།། ཕྱི་ནང་གཉིས་མེད་དགག་སྒྲུབ་མེད།། སྒོ་ལྔའི་ཡུལ་མེད་ཆགས་ཞེན་མེད།། བདག་གཞན ་གཉིས་མེད་ཕྱོགས་རིས་མེད།། སྣང་སེམས་གཉིས་མེད་ཕྱོགས་རིས་མེད།། སྣང་སེམས་གཉིས་མེད་གཟུང་འཛིན་མེད།། ཡིད་རིག་སེམས་མེད་འགྱུར་བ་མེད།། མེད་པ་མ་ཡིན་སྟོང་ཞིང་སྣང་།། ཡོད་པ་མ་ཡིན་སྣང ་ཞིང་སྟོང་།། གཉིས་ཀ་མ་ཡིན་དབྱེ་བསལ་མེད།། གཅིག་པ་མ་ཡིན་མཚོན་བརྗོད་འདས།། རང་བྱུང་རང་བརླག་འཛིན་ཞེན་གྲོལ།། ཆགས་སངས་དང་དྲངས་རྒྱ་ཡིས་ཐོབས།། དེ་གསུམ་དྲིལ་བས་གཅིག་ཏུ་འདུས།། ་ཆོས་སྐུ་ཉག་གཅིག་ངོ་སྤྲོད་ནི།། སྙིང་པོ་འོད་ཀྱི་དཀྱིལ་འཁོར་ཅན།། འོད་མཐའ་མེད་པའི་གཞལ་ཡས་ན།། སྙིང་པོ་དམིགས་མེད་བརྗོད་དང་བྲལ།། དྲི་མེད་རྣམ་དག་ཆོས་སྐུ་བཞུགས།། དེ་ཉིད་རང་ལ་ངོ་སྤྲད་ཐབས།། ་དཔེ་དང་དོན་དང་གཏན་ཚིགས་སོ།། དཔེ་ནི་འདི་ལྟར་ཤེས་པར་བྱའོ།། རྒྱ་མཚོ་ཆུ་བྲན་དབྱེར་མི་ཕྱེད།། ལན་ཚྭ་ཆུར་ཐིམ་དབྱེར་མི་ཕྱེད།། ཆུ་དང་ཤེལ་སྒོང་མེ་ལོང་ནང་།། གཟུགས་ཀྱི་བྱེ་བྲག་ཅི་ཤར་ཡང་།། རང ་ལས་གཞན་དུ་བསྐོལ་བ་མེད།། ཕྱི་ནང་ཡུལ་སེམས་གཟུང་འཛིན་མེད།། དབྱེར་མེད་དཔེ་གསུམ་དཀྱིལ་འཁོར་ན།། གཅིག་དང་ཐ་དད་དག་གྲོལ་བའི།། མི་གཉིས་གཅིག་ཏེ་ནམ་མཁའི་ངང་།། ལྷུན་གྲུབ་གཏིང ་གསལ་དབྱིངས་ན་གནས།། དོན་ནི་འདི་ལྟར་ཤེས་པར་བྱ།། ཀུན་གཞིའི་ཀློང་དུ་སྣང་སྲིད་ཐིམ།། གཞི་ཡི་ཀློང་དུ་རྩལ་སྣང་ཐིམ།། སྙིང་པོའི་ཀློང་དུ་ཆོས་ཅན་ཐིམ།། ཆོས་ཉིད་ཀློང་དུ་མཚན་ཉིད་ཐིམ།། ཆོས་ཉིད ་བྱང་སེམས་ཀློང་དཀྱིལ་དུ།། བློ་ཡི་སྤྲོས་པ་ཇི་སྙེད་ཐིམ།། ཐིམ་དུས་ངོས་བཟུང་རྩིས་གདབ་མེད།། སྐྱེ་བྱེད་རིག་པ་སྐྱེ་མེད་ཐིམ།། དབྱེར་མེད་གཅིག་འདྲེས་ཐ་མི་དད།། གཉིས་མེད་གཅིག་སྟེ་ནམ་མཁའི་ངང་།། ་གཅིག་དང་ཐ་དད་དག་ལས་གྲོལ།། སྙིང་པོ་ཆོས་སྐུ་ཐིག་ལེ་གཅིག། བརྗོད་མེད་ཀློང་ཐིམ་རྒྱ་ཡིས་ཐིམ།། དེ་ཡང་ངོ་སྤྲོད་གདམས་ངག་ནི།། སྤང་བྱ་སྤོང་བྱེད་གཉིས་མེད་ཀྱང་།། མ་རྟོགས་བློ་ལ་མཚོན་པའི་ཕྱིར།། ་བརྗོད་བྱ་ཐམས་ཅད་བརྗོད་མེད་དབྱིངས་སུ་སྤངས།། མཚོན་བྱ་ཐམས་ཅད་མཚོན་མེད་ངང་དུ་སྤངས།། མིང་འདོགས་ཐམས་ཅད་མིང་མེད་ངང་དུ་བསྐྲད།། འདོད་པ་ཐམས་ཅད་ཆགས་ཞེན་མེད་པར་སྤྲད།། ་གཟུང་འཛིན་ཐམས་ཅད་འཛིན་མེད་ངང་དུ་བསྐྲད།། ཡུལ་སེམས་དགག་སྒྲུབ་གཉིས་མེད་ངང་དུ་བསྐྲད།། རྣམ་རྟོག་བདག་འཛིན་རང་བརླག་ངང་དུ་བསྐྲད།། འཁྲུལ་བའི་སྡུག་བསྔལ་རང་སངས་ངང་དུ་བསྐྲད།། ་ཤེས་དྲན་བཏགས་ཚད་བརྗོད་མེད་དབྱིངས་སུ་བསྐྲད།། ཅིར་སྣང་དངོས་མེད་སྙིང་པོའི་ཀློང་དུ་བསྐྲད།། སྟོང་ཉིད་ཀློང་དུ་ཤེས་རིག་སེམས་ཐིམས་པས།། དབྱེར་མེད་གཟིར་བས་འགྱུར་མེད་ཆོས་སྐུར་གནས།། ་གཏན་ཚིགས་ངོ་སྤྲད་འདི་ལྟ་སྟེ།། གསལ་སྟོང་གཉིས་མེད་དབྱེར་མི་ཕྱེད།། སྙིང་པོ་ཡན་ལག་ཐིམ་དབྱེར་མེད།། ཆོས་སྐུ་ཟེར་ཐིམ་དབྱེར་མི་ཕྱེད།། གཞི་ལ་རྩལ་ཐིམ་དབྱེར་མི་ཕྱེད།། ཆོས་དང་ཆོས་ཉིད་འདྲེས་དབྱེར ་མེད།། སྣང་སེམས་འདྲེས་པར་དབྱེར་མི་ཕྱེད།། བློ་དངོས་འདྲེས་པས་དབྱེར་མི་ཕྱེད།། མ་རིག་གསལ་སྟོང་དབྱེར་མི་ཕྱེད།། དུག་གསུམ་སྐུ་གསུམ་དབྱེར་མི་ཕྱེད།། དུག་ལྔ་སྐུ་ལྔ་དབྱེར་མི་ཕྱེད། ཁྱབ་བརྡལ་འུབ་ཆུབ ་དབྱེར་མི་ཕྱེད།། ཡིད་གཉིས་རང་བརླག་དབྱེར་མི་ཕྱེད།། སྒོ་ལྔ་རྟོགས་མེད་དོན་མི་ཕྱེད།། རིག་སྟོང་གཉིས་མེད་དབྱེར་མི་ཕྱེད།། ཐམས་ཅད་དབྱེར་མེད་མ་དང་ཕྲད།། མི་འགྱུར་མི་ཤིག་རང་ས་ཟིན།། རྣམ ་རྟོག་འཁྲུལ་པ་རང་སར་དངས།། འགྱུར་མེད་གནས་ཐེབས་ཀློང་ནས་ཤར།། སྐྱེ་མེད་ཀློང་ན་ཆོས་སྒྲ་བཞུགས།། མི་ཤིགས་རྡོ་རྗེའི་བྲག་པས་སྲ།། སྟོང་པ་ཀུན་གཞི་སྙིང་པོའི་ཆོས་ཉིད་དུ།། རིག་སྐྱེས་སྣང་སེམས ་། བཏགས་ཞེན་ཀུན་ཁྱབ་བརྡལ།། ཀུན་གཞིའི་ཀློང་དུ་འུབ་ཆུབ་ཆེན་པོར་བསྐྲད།། རྩིས་གདབ་དབྱེ་བསལ་གཉིས་མེད་གཟེར་གྱིས་གདབ།། ཅེས་གསུངས་སོ།། ངོ་སྤྲོད་དོན་གྱི་ལེའུ་སྟེ་སོ་དགུ་པའོ།། །། ་ནས་སྟོན་པ་ཀུན་ཏུ་བཟང་པོ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རང་སེམས་བླ་མར་བཀོད་པ་ཡིས།། གདམས་ངག་བཤད་ཚུལ་ཇི་ལྟར་ལགས།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་བསྩལ་པ།། སྲང ་པོའི་རང་བཞིན་འགྱུར་མེད་ཀྱང་།། ཡན་ལག་རིག་པའི་བླ་མ་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་གྲངས།། རང་སེམས་བླ་མ་དགུ་ཡོད་དེ།། ཡེ་ཐོག་གཞི་ཡི་བླ་མ་དང་།། ཡེ་ཀློང་ཀུན་ཁྱབ་བླ་མ་དང་།། ཐོག་ཁྱབ ་གཉིས་མེད་བླ་མ་གསུམ།། ཐོག་མ་གཞི་ཡི་བླ་མ་དང་།། མ་འགགས་རྩལ་གྱི་བླ་མ་དང་།། གཞི་རྩལ་གཉིས་མེད་བླ་མ་དང་།། ཀུན་གཞི་ཡོངས་སུ་བླ་མ་དང་།། ཟེར་རིགས་མ་འགགས་བླ་མ་དང་།། ཀུན་རིག་གཉིས ་མེད་བླ་མ་གསུམ།། ཡེ་རྟོགས་གཞི་ཡི་བླ་མ་དེས།། ཚོགས་བརྒྱད་ཡུལ་དུ་མ་གྱུར་པའི།། དམིགས་དང་བྲལ་བའི་ཆོས་རྣམས་བསྟན།། ཡེ་ཀློང་ཀུན་ཁྱབ་བླ་མ་དེས།། འབྱེད་པ་མེད་པའི་ཆོས་རྣམས་ལ།། ཐོག་ཁྱབ ་གཉིས་མེད་བླ་མ་དེས།། མ་ཕྱེ་མ་སྐོལ་ཆོས་རྣམས་བསྟན།། ཐོག་མ་གཞི་ཡི་བླ་མ་དེས།། སྙིང་པོ་འགྱུར་མེད་ཆོས་རྣམས་བསྟན།། མ་འགགས་རྩལ་གྱི་བླ་མ་དེས།། སྐྱེ་འགགས་མེད་པའི་ཆོས་རྣམས ་བསྟན།། གཞི་རྩལ་གཉིས་མེད་བླ་མ་དེས།། རྩིས་གདབ་མེད་པའི་ཆོས་རྣམས་བསྟན།། ཀུན་གཞིའི་སྤྱི་ཁྱབ་བླ་མ་དེས།། ཀུན་གཞིའི་འབྱུང་གནས་ཡུམ་དུ་བསྟན།། ཟེར་མིག་མ་འགགས་བླ་མ་དེས།། རྒྱ་ཆད་ཕྱོགས ་མེད་ཆོས་རྣམས་བསྟན།། ཀུན་རིག་གཉིས་མེད་བླ་མ་དེས།། གཞི་ལ་རྩལ་ཐིམ་དབྱེར་མེད་བསྟན།། སྐྱེ་མེད་སེམས་ཀྱི་བླ་མ་དགུ།། སྙིང་པོ་རྩལ་སྣང་གཉིས་མེད་ལ།། ཡན་ལག་རིམ་པ་དགུ་རུ་བསྟན།། སེམས་ཉིད ་གཞི་ཡི་བླ་མའོ།། སྣང་ཚུལ་ཟེར་གྱི་བླ་མ་ལ།། མ་ཧཱ་གུ་རུས་དྲུག་ཏུ་གསུངས།། ཡིད་རིག་འགྱུ་མེད་བླ་མ་དང་།། མ་བཅངས་སེམས་ཀྱི་བླ་མ་དང་།། སྐྱེ་མེད་དོན་གྱི་བླ་མ་དང་། ཁྱབ་གདལ་ཆེན་པོའི་བླ་མ་དང་།། ་འབྲས་བུ་སེམས་ཀྱི་བླ་མ་དང་།། བརྡའ་དོན་སྤྱོད་པའི་བླ་མའོ།། ཡིད་རིག་འགྱུ་མེད་བླ་མ་དེས།། སྐྱེ་མེད་ཆོས་སྐུའི་ངོ་བོ་བསྟན།། མ་བཅོས་སེམས་ཀྱི་བླ་མ་དེས།། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བསྟན།། སྐྱེ་མེད ་དོན་གྱི་བླ་མ་དེས།། སྒྲ་བསམ་བརྗོད་ལས་འདས་པ་ཡི།། སྣ་ཚོགས་གཉིས་མེད་སྦྲུལ་སྐུ་བསྟན། ཁྱབ་བརྡལ་ཆེན་པོའི་བླ་མ་དེས།། སྣང་སྲིད་དབྱེ་བསལ་མེད་པ་ཡི།། དབྱེར་མེད་ངོ་བོ་ཉིད་དུ་བསྟན།། འབྲས་བུ ་སེམས་ཉིད་བླ་མ་དེས།། མཐའ་དབུས་མེད་པའི་ཀློང་ཆེན་དུ།། འབྲས་བུ་ཐམས་ཅད་གཅིག་ཏུ་བསྡུས།། སྙིང་པོ་འགྱུར་མེད་ཀློང་དུ་ཐིམ།། སྐྱེ་ཤི་མེད་པར་རྒྱུ་ཡིས་ཐོབས།། འཕོ་འགྱུར་མེད་པར་གཏོད་ལ་གནོན།། ་སྐུསྒྲ་བཞི་དབྱེར་མེད་འབྲས་བུ་ཡང་།། མི་བྱ་བྱ་བཙལ་ཀུན་ལས་འདས།། བརྗོད་མེད་བདེ་ཆེན་དབྱིངས་སུ་ཐིམ།། བརྡའ་དོན་ངོ་སྤྲོད་བླ་མ་ནི།། ཟོས་བསམ་སྒོམ་ལ་བློ་སྦྱངས་པའི།། མ་རིག་མུན་སེལ་སྒྲོན་མེ་དེས། ་ཚིག་གིས་ཡང་དག་དོན་མཚོན་ནས།། རེ་མེད་རང་ལ་གནས་པ་ཡི།། སངས་རྒྱས་འབྲས་བུ་སྟོན་པར་བྱེད།། མ་ཧཱ་གུ་རུ་རྣམ་པ་དྲུག། སངས་རྒྱས་ལས་ཀྱང་མཉམ་པ་ཡིན།། དེ་ཡང་ཅི་ཡི་ཕྱིར་ཞེ་ན།། བསྐལ་པ་སྟོང ་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བརྟེན་པས་རྒྱས།། དེ་ཕྱིར་མ་ཧཱ་གུ་རུ་རྣམས།། སྙིང་དང་མིག་བཞིན་བཀུར་བར་གྱིས།། ཕྱི་ཡི་བླ་མ་བསྟན་པ་ཡིས།། ནང་གི་བླ་མ་གསལ་བར་འགྱུར།། ཞེས་གསུངས་སོ།། སྣང ་སྲིད་ཁ་སྦྱོར་བདུད་རྩིའི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང་སེམས་བླ་མར་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །། རྫོགས་སོ།། །། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང ་ལོ་སྣ་བ་དཔལ་བརྩེགས་ཀྱིས་བསྐུར་ནས་མངའ་བདག་ཁྲི་སྲོང་ལ་གདམས་ནས་གཏེར་དུ་སྦས་པ་ཉང་གིས་བཏོན་པའོ།། དགེའོ།། སརྦ་མངྒ་ལཾ། ས ་