CLOSE WINDOW

Gpb054.022: rdo rje sems dpa'i lta ba
Wyliee-texts produced with BDRC’s OCR application

།། རྒྱ་གར་སྐད་དུ། ཨཱརྱ་པད་བཛྲ་སད་ཏྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་ལྟ་བ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར།། མི ་སྐྱེ་མི་འགག་ཅིར་མི་དགོངས།། བྱམས་པས་དོན་ཉིད་རྣམས་སྦྱོང་ཕྱིར།། རྡོ་རྗེ་ཆེན་པོས་ཅིར་མི་མཛད།། ཆེ་བའི་ཆེ་བ་ཟབ་མོ་ཡི།། ཡོན་ཏན་ཅིར་ཡང་བསྔགས་པ་མེད།། དོན་རྣམས་ཇི་བཞིན་མི་སྤྱོད་དེ།། བྱ་བ་མེད ་པས་གྲོལ་བས་གྲོལ།། རང་བྱུང་ཡེ་ཤེས་བརྩལ་མེད་པས།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ཆུབ་པར་གནས་པས་བཅོམ་ལྡན་འདས།། གྲོལ་བ་ཀུན་ལ་རང་བཞིན ་གནས།། ཕྱིན་ཅི་ལོག་ཏུ་རྣམ་རྟོགས་ཀྱང་།། གྲོལ་བར་རང་བྱུང་གཞན་ལས་མིན།། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། མིང་ཙམ་གཞན་ལས་བརྟེན་འདྲ་ཡང་།། མངོན་སུམ ་བདེ་བར་རང་ལས་བྱུང་།། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན།། ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས།། ཇི་བཞིན་རྟོགས་པའི་ཕྲ་བ་ཡིས།། དེ་མ་ཐག་ཏུ་འབྱུང་བར་འགྱུར།། སྣང་བ་མེད་པའི་ཆོས་ཉིད་ནི།། མི་བཙལ ་གཞན་པས་སྒོམ་པ་མིན།། དེ་དང་དེར་ནི་རྣམས་བཙལ་ན།། དེ་ལས་དེ་བཞིན་དེ་མི་འབྱུང་།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཐོབ་མི་འགྱུར།། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་།། དེ་ལ ་བརྗོད་དུ་རྡུལ་ཙམ་མེད།། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས།། ཀུན་ཏུ་ཆུབ་པས་རྣམ་པར་རོལ།། དེ་ལ་བསྐྱོད་པ་མེད་བཞིན་དུ།། ནམ་མཁའི་མཐའ་ལྟར་མཉམ་པར་གནས། ཁྱད་པར་ཅི་ཡང་མཚུངས་པ་ལ།། ་ལས་སོ་ཞེས་པ་རྣམ་པར་བརྟགས།། ཇི་སྟེ་དེ་ཡི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ཡོད་མ་ཡིན།། རྒྱུད་ཉིད་རྡོ་རྗེ་རྐྱེན་དང་འདྲ།། མ་སྐྱེས་པས་ན་འཇིགས་པ་མེད།། གདོད་ནས་སྙིང་པོ་བྱང་ཆུབ་ལ།། རྩོལ་བའི ་བསམ་པས་དབྱིངས་མི་བསྐྱོད།། ཡོན་ཏན་ཆེ་བའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། མ་བསམས་མ་སྦྱངས་ཆོས་ཉིད་དུ།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། ཕྲ་བའི་སྒོ་མར་མིང་བཏགས ་ནས།། སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་།། དགོན་པའི་བརྒྱུད་དུ་དབེན་འཛིན་ཏེ།། བརྟགས་ན་རྣམ་པར་རྟོགས་འགྱུར་བསྒོམ།། རྒྱུ་དང་འབྲས་བུར་མིང་འདོགས་ཤིང་།། དགེ་སྡིག་གཉི་ག་རྣམ་པར ་སེལ།། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས།། བླང་དོར་བྲོད་པ་མཆོག་ཏུ་བསྐྱེད།། ཆགས་དང་མ་ཆགས་ཚིག་གི་ལམ།། སྒྱུ་མ་བཞིན་ཏེ་བྲག་ཆ་འདྲ།། བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས།། འགྲོ་བའི་མགོན་པོ ་སེམས་དཔས་གསུངས།། འདོད་ཆགས་ཞེ་སྡང་གི་གཏི་མུག་ཀྱང་།། བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་།། ཀུན་སྦྱོང་ཡོན་ཏན་རྣམ་ལྔ་ཡང་།། ཆོས་ཉིད་དབྱིངས་ཀྱིས་རྒྱན་ཞེས་གསུངས།། ནམ་མཁའི་རྟོག་པ་སྐྱེ ་མེད་པ།། རྟོག་པ་དེ་ཉིད་ནམ་མཁའ་འདྲ།། མི་ཆགས་ནམ་མཁའི་སྔོ་བ་ལས།། རང་དོན་ཆེན་པོ་ནམ་མཁའ་འབྱུང་།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། ཀུན་ཏུ་བཟང་པོའི་རོལ་པ ་ཡི།། ཨཱ་ལི་ཀ་ལི་ཟབ་ཏུ་བསྟན།། དེ་ནི་ཨ་དང་མཛེས་པའི་ཏ།། པ་དང་ཡན་ལག་སྤྲོ་བ་བཞིན།། འཇིག་རྟེན་ཡོངས་ཀྱིས་སྤྱོད་ཡུལ་ལ།། སངས་རྒྱས་གསུང་གི་ཟབ་མོ་འབྱུང་།། ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི།། ་བཙལ་བས་རྙེད་པའི་གནས་མེད་ལ།། དྲུག་གི་ཆོས་བཞིན་ཡུལ་མེད་པས།། མདོངས་པས་ནམ་མཁའ་སྟབས་པ་བཞིན།། གོང་ནས་གོང་དུ་ཚངས་པའི་ལམ།། བྱ་བྲལ་ཆོས་དང་མཐུན་པ་བཞིན།། ཅི་སྟེ་ལམ་ལ ་བགྲོད་འགྱུར་ན།། ནམ་མཁའི་མཐའ་བཞིན་ཐུག་པ་མེད།། དེ་ལྟར་དེ་བཞིན་དེ་ཡི་ཕྱིར།། དེ་ལྟར་དེ་བསྟན་དེ་ཡང་ཐོབ།། དེ་ནི་སྙིང་པོ་དེ་བས་ན།། དེ་ལས་དེ་འབྱུང་ངོ་མཚར་ཆེ།། སྔོན་གྱི་དེ་དང་དེ་ལྟར་དེ།། དེ ་བཞིན་དེ་ནི་གནས་སུ་ཆེ།། དེ་ལྟར་དེའི་ལམ་འདྲ་བར།། དེ་ནི་དེ་ཡི་རང་བཞིན་ནོ།། དེ་དང་འདྲ་བ་ཡོངས་ཀྱི་ལམ།། ཟླ་བ་ལས་བྱུང་རྟེན་དང་བཅས།། ཀུན་གྱི་མཉམ་པ་དེ་ཉིད་ཡིན།། ཕྱོགས་སུ་བལྟས་པས་གྲུབ་པ ་མེད།། ད་ལྟའི་བདེ་དང་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ནས་བྱུང་།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིར་མེད་གདོད་ནས་བྱུང་།། ་ཆོས་སྐུ་ཁྱབ་པས་གཅིག་པའི་ཕྱིར།། ཆེ་བས་ཆེན་པོར་རང་བཞིན་གནས།། སྲིད་པ་གསུམ་ན་སྦྱོར་བ་ཡང་།། མིང་ཙམ་སྒྱུ་མར་སྣང་བ་སྟེ།། འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་།། སྒྱུ་མ་སྦྱོར་བའི་སྟི་གནས་ཡིན།། ་རྣམ་དཔྱོད་དུས་ལ་ལྟོས་པ་རྣམས།། དུས་དེ་འབྱུང་བར་མི་འགྱུར་ཏེ།། མ་བྲལ་སྨོན་པ་མེད་པས་ན།། སྟོང་པའི་མཚན་ཉིད་གསུངས་པ་བཞིན།། གཅིག་སྟེ་རྣམ་པར་ཡོངས་ཀྱིས་མེད།། རྣལ་འབྱོར་ནམ་མཁའ་བྱ་ལམ ་གནས།། མ་བྱུང་མི་སྐྱེ་སྙིང་པོ་ལ།། སྒྲོ་བཏགས་ཆོས་སུ་ག་ལ་ཡོད།། ཕྱི་ནང་གཉིས་ཀ་ཕྱི་ཉིད་ན།། ཟབ་མོ་ཆ་ཤས་རྟོགས་ཡུལ་མེད།། སྲིད་པ་མིང་ཙམ་ལོག་པའི་སྟོབས།། དེ་བས་ཏིང་འཛིན་མཉམ་དང་བྲལ།། དེ ་ལ་ཐ་ཚིག་ཕྱི་དང་ནང་།། དེ་བཞིན་ཕུང་པོ་ཁམས་བཞིན་གནས།། དུས་གསུམ་འདི་དང་མི་འབྲལ་བས།། ཐ་ཚིག་མིང་དུ་བཏགས་པ་མེད།། མི་གཡོ་བ་ནི་སྐུ་ཡི་བརྒྱ།། མི་བསྐྱོད་པ་ནི་ཡེ་ཤེས་ཆེ།། མི ་ལེན་པས་ན་བདག་ཉིད་ཅིང་།། མི་འདོར་ཚིག་བྲལ་མཉམ་ཉིད་དོ།། གང་དང་གང་གིས་གང་དུ་ཡང་།། ཀུན་བཀོལ་ཀུན་སྤྱོད་བདག་ལས་བྱུང་།། འདི་ལ་སྐྱེས་པ་བུད་མེད་ཅེས།། མཉམ་པའི་རྒྱལ་པོས་ཡོངས་མ ་གསུངས།། དེ་ལ་བརྟུལ་ཞུགས་དྲག་ཤུལ་གྱིས།། གནས་སུ་བྱ་བའི་མིང་མེད་དེ།། ཨ་དང་པར་ནི་རྣམ་ལྡན་ན།། སྒྱུ་མའི་བདེ་བ་སྐྱེ་བར་འདོད།། རང་བཞིན་གཅིག་ཏུ་མ་ངེས་པས།། ཇི་ལྟར་བལྟས་པ་དེར་སྣང་སྟེ།། ། ་སྣང་འདོད་རྩོལ་སེམས་བདེ་བ་ཡང་།། དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིན།། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ།། མ་ཆགས་བསྒོམས་པ་ཆུ་ཟླ་བཞིན།། མ་གོས་མ་ཆགས་འབྱུང་འགྱུར་ཡང་།། བསྒོམས་པས་བྱིང་བའི་སྤྱོད ་ཡུལ་བཞིན།། དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱི། ཁྲོ་བདག་ཆེན་པོའི་ཆ་བཟུང་ནས།། ཡི་གེ་མངོན་དུ་བྱུང་ན་ཡང་།། ཞི་བ་དེ་ཉིད་མཐོང་བ་མིན།། ཉོན་མོངས་པ་ཡི་དབང་གིས་ནི།། ཏ་ལའི་མགོ་བོ་བཅད་པ ་དང་།། ས་བོན་མེ་ཡིས་བསྲེགས་པ་བཞིན།། དེ་ཡི་དབང་དུ་མི་འགྱུར་སྟོན།། རྣམ་གྲངས་བརྒྱ་སྟོང་ཕྲག་ཡངས་པས།། གང་ལྟར་སྤྱོད་ཀྱང་མེ་ཏོག་སྐྱེ།། མཚན་མ་མེད་པའི་དབང་གིས་ན།། བསྟི་གནས་འདི་ལས ་འབྱུང་མི་འགྱུར།། གླེང་བྲལ་འདི་ལ་གནས་པ་ཡི།། རྣལ་འབྱོར་དེ་ནི་སྐལ་པ་བཟང་།། བདག་དང་གཞན་དོན་མི་བྱེད་པས།། སྒྱུ་མའི་ལྷུན་གྲུབ་ཡུལ་ལས་རོལ།། ལྷག་མ་མེད་པས་ཡོངས་སུ་རྫོགས།། འགྱུར་བ་མ ་ཡིན་དང་པོར་གནས།། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་།། གཞན་ལ་སྟོབས་འགྱུར་ཆོས་མ་ཡིན།། ལྷུན་གྱི་གྲུབ་པའི་བདེ་ཆེན་ཏེ།། མཚུངས་པ་མེད་པའི་ཆོས་ཉིད་ཀྱིས།། རང་གི་མཐུ་ཡི་རིག་པ་ལས།། ཆོས ་ནི་འབྱུང་བར་མི་འགྱུར་རོ།། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ།། མངོན་སུམ་མི་གནས་ཀུན་ཏུ་ཁྱབ།། མངོན་སུམ་འདི་ཞེས་བསྟན་པར་ནི།། རྡོ་རྗེ་སེམས་དཔའ་མཚོན་དུ་མེད།། ངོ་མཚར་རྨད་བྱུང་རོལ་པ་འདི།། བྱ ་བྲལ་ནམ་མཁའ་ཇི་བཞིན་ཏེ།། ཅི་ཡང་མི་དམིགས་གཏི་མུག་ལས།། དེ་མ་ཐག་ཏུ་ང་ལས་བྱུང་།། འདི་ནི་ཐམས་ཅད་མཚུངས་པའི་ལམ།། འགྲོ་བ་ཀུན་གྱི་རང་བཞིན་གནས།། ཐབས་མཁས་པ་ཡི་སྤྱོད་ཡུལ་ཡིན།། ་སྨན་ཉིད་སྨན་པ་ཚོལ་བ་བཞིན།། གོ་བའི་ཡུལ་ན་བདེ་བ་ཆེ།། འདི་ནི་རྣམ་དག་འཇིག་རྟེན་ཡིན།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ།། མ་ངེས་གཞའ་ཚོན་ཁ་དོག་གསལ།། ་རིགས་ཀྱིས་ཁྱད་པར་མངོན་པར་སྣང་།། དེ་བཞིན་གཡོ་བརྟུལ་མི་གཡོ་བ།། འབྱུང་བ་ལྔ་ལས་གཙོ་ཆེན་ཡིན།། འདས་དང་མ་བྱོན་ད་ལྟར་གྱིས།། ཐ་སྙད་མིང་ལ་མི་གནས་ཏེ།། སྐྱེ་འགག་མེད་པར་གནས་གཏོགས ་ཤིང་།། དེ་ཉིད་དུས་གསུམ་ཆེན་པོར་སྦྱོར།། མཉམ་པས་རིམ་པར་བཀོད་པ་མེད།། གཅིག་པས་ཕྱོགས་སུ་སྔོ་དང་བྲལ།། ཆོས་ཀྱི་རྒྱན་རྣམས་བཀྲམ་པ་ཡང་།། རང་བཞིན་གནས་པས་འགྲིམ་པ་མེད།། ། ་ལྷུན་གྱིས་གྲུབ་པས་མི་སྔོ་ཞིང་།། གདོད་ནས་དག་པས་བདུད་རྩི་ཡིན།། འདུ་བྱེད་བཅུ་གཉིས་ཁྱད་པར་དུ།། ལྷག་པའི་བསམ་པས་བཟུང་བ་མེད།། ཡིད་ཀྱིས་བསམས་པས་ཡོན་བདག་སྟེ།། བལྟས་པའི་སྟོབས་ནི ་བཀྲམ་པའོ།། མཐོང་བར་གྱུར་པ་དངོས་གྲུབ་ལ།། དེ་ནི་མཉམ་གཞག་རྫོགས་པའོ།། ཡུད་ཙམ་བཟུང་བར་སྦྱོར་བ་ཡིན།། དགའ་བར་གྱུར་པ་དམ་ཚིག་སྟེ།། ཐབས་ཀྱིས་གར་ཐབས་སྤྱོད་པ་ཡང་།། གཉིས་མིན་སྦྱོར ་བ་ཕུལ་བ་ཡིན།། མི་བཟུང་གཏོང་བས་གཏོར་མ་ཡིན།། བྱེད་པ་མེད་པས་ལས་རྣམས་ཡིན།། མི་རྟོག་ཡེ་ཤེས་གེགས་བསལ་ནས།། མི་གསུངས་མཉམ་པས་སྔགས་ཚིག་གོ། བླ་མ་མཆོད་དང་གཏོང་བ་དང་།། དེ ་བཞིན་བསོད་ནམས་ཐམས་ཅད་ཀྱང་།། མ་ཆགས་མི་གཡོ་སྟོབས་མེད་ན།། བྱས་ན་འཆིང་བ་ཆེན་པོར་འགྱུར།། དེ་བས་དེ་བྱ་སྒྲིབ་པར་འགྱུར།། དེ་ལྟར་དེ་ལ་དེ་རྟོག་ན།། དེ་ལ་དེ་ཉིད་གྲུབ་པ་མེད།། བྱང་ཆུབ་སེམས་མི ་ནུབ་པའི་རྒྱལ་མཚན་ལྟ་བ་ནམ་མཁའ་ཆེ་རྫོགས་སོ།། །། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཨུ་རྒྱན་གྱི་སློབ་དཔོན་དགའ་རབ་རྡོ་རྗེས་དཔལ་ཨ་སུ་ར་འོད་ལྡན་གྱི་བྲག་ཕུག་ཏུ་གསུངས་པ་རྫོགས་སོ།། ། ་