| Wylie | e-texts produced with BDRC’s OCR application |
གཞིའི་མཛོད་ཆེན་ཁ་ཆེ་ནས།། གཡས་ན་ཆོས་ཉིད་རང་བྱུང་རྩ།། གཡོན་ན་ཡོན་ཏན་དང་འབྱེད་རྩ།། མདུན་ན་ཡེ་ཤེས་རང་བྱུང་རྩ།། རྒྱབ་ན་རང་རྒྱུད་ལས་ཀྱི་རྩ།། དབུས་ན་རྩ་བརྒྱད་འདུས་པར་གནས།། མི་ཟད ་བརྒྱན་གྱི་འཁོར་ལོའི་སྐུ།། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས།། འདོད་ཁམས་རིགས་དྲུག་ས་བོན་དང་།། གཟུགས་ཁམས་བསམ་ཏན་ཨོཾ་གྱི་སྐུ།། གཟུགས་མེད་སྐྱེ་མཆེད་ཡི་གེ་ཨ།། མ་ལུས་སེམས་ཅན་ཐམས ་ཅད་ལ།། གནས་པ་རྩའི་དཀྱིལ་འཁོར་དང་།། རྟེན་པ་བདུད་རྩི་ཐིག་ལེ་ཁམས།། གྲུབ་པ་སྔགས་ཀྱི་ངོ་བོ་ཉིད།། སྙིང་པོ་རླུང་གི་ལ་རྣམས་རྫོགས།། མངོས་གསུམ་སངས་རྒྱས་ཆེ་བ་ནི། འབྱུང་བ་ལྔ་པོ་བཅོམ་ལྡན ་འདས།། བདག་ཉིད་སངས་རྒྱས་ཆེ་བ་ནི།། རང་ལུས་འབྱུང་བ་བཅོམ་ལྡན་འདས།། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི།། འབྱུང་བ་ལྔ་ཉིད་ཆོས་ཀྱི་དབྱིངས།། དེ་ཡིན་སངས་རྒྱས་ཆེ་བ་ནི།། དེ་མིན་སངས་རྒྱས་གཞན ་ན་མེད།། ཐམས་ཅད་སངས་རྒྱས་ཆེ་བ་ནི།། འཁོར་འདས་མ་བཅོས་སངས་རྒྱས་ཉིད།། སྟོང་པ་གསུམ་གྱི་སྤྲོས་བྲལ་དྲུག། དེ་ནི་ཆོས་ཉིད་ཐིག་ལེ་ཉིད།། མ་འགག་ཀུན་ཤར་སྤྲོས་མེད་དག། དབྱིངས་ཀྱི་ཐིག་ལེར ་རང་གི་གནས། དབྱིངས་ཉིད་རྣམ་པར་དག་པ་ཡི།། ཐིག་ལེ་གཟུང་འཛིན་དྲི་མ་བྲལ།། ངང་གིས་འོད་གསལ་ཡོངས་མ་བཅོས།། ཡེ་ཤེས་ཆེན་པོའི་ཐིག་ལེར་གནས།། ཐམས་ཅད་ཀུན་ནས་རང་གནས ་པས།། ཀུན་ཏུ་བཟང་པོའི་ཐིག་ལེ་ཡིན།། འཁོར་འདས་རྩ་བ་མེད་པ་ནི།། ལྷུན་གྱིས་གྲུབ་པའི་ཐིག་ལེ་ཡིན།། འགྲོ་དྲུག་ཞེན་པའི་སྣང་བ་དྲུག། མུ་སྟེགས་ལོག་པའི་སྣང་བ་དང་།། རྒྱུ་འབྲས་བློའི་སྣང་བ་དགུ།། ་དབྱེར་མེད་ཀུན་བཟང་སྣང་བར་ཅིག། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། མཉེན་པོར་དེ་སྙེད་ཆོས་རྣམས་གསུངས།། དགུ་དང་ལྔ་དང་བཞི་དང་གསུམ།། མདོར་ན་སྐུ་གསུམ་ཁོ་ན་ཡིན།། སྟོང་ཉིད་མེ་ལོང་མཉམ ་པ་ཉིད།། སོ་སོར་རྟོག་པ་བྱ་བ་གྲུབ།། ཆོས་སྐུ་དངོས་མེད་ཕྱག་རྒྱ་ཆེ།། ལོངས་སྐུ་འོད་འབར་དམ་ཚིག་རྒྱ།། རང་འབྱུང་ཡེ་ཤེས་ཆོས་བརྒྱ།། ཐུགས་རྗེ་སྦྲུལ་སྐུ་ལས་ཀྱི་རྒྱ།། ཐེག་པ་མ་ལུས་ཐམས་ཅད་ཀུན།། ཕྱག་རྒྱ ་བཞི་ཡིས་རྒྱས་གདབ་བོ།། མུན་པའི་འཁོར་སྒོར་སྣང་བ་ནི།། འགྲོ་བ་དྲུག་དང་མུ་སྟེགས་གཉིས།། སྤྱོད་པའི་འདྲེན་སྒོར་སྣང་བ་ནི།། སྦྲུལ་སྐུའི་དམ་ཆོས་ཉན་རང་སེམས།། ཐབས་ཀྱི་སྦྱོར་སྒོར་སྣང་བ་ནི།། ཀྲི་ཡ་ཨུ ་པ་ཡོ་ག་ཉིད།། ངེས་པའི་གསང་སྒོར་སྣང་བ་ནི།། བསྐྱེད་དང་རྫོགས་དང་རྫོགས་པའི་ཆེ།། སྒོ་བཞི་དག་ནས་ཞུགས་པ་ཡིས།། མཉན་པའི་སྤྱི་མཛོད་ཆེན་པོར་འགྲོ།། གཟུང་བ་ཡུལ་གྱི་བང་པའི་ནད།། འཛིན་པ ་སེམས་ཀྱིས་གཟེར་སྒྲོ་ཡིས།། ཐམས་ཅད་ཀུན་ལ་ཁྱབ་མོས་ཀྱང་། ཐ་རམས་སྒོ་ལྕགས་ཕྱེད་པར་དཀའ།། མཐའི་མུན་པུ་སྤྱི་འདུམ་གྱིས།། མ་སླབས་ཤེས་པའི་རྩལ་འཆང་བ།། ལྷའི་བི་ཤས་ཀར་མ་ལྟར།། ་བདེ་བཤེགས་བྱང་ཆུབ་སེམས་དཔའ་དང་།། སྤྲུལ་པ་རིགས་འཛིན་མ་ལུས་པའི།། དགོངས་བརྡལ་ངག་གི་ལྡེ་མིག་ཁྱེར།། བླ་མ་མཉེས་པར་བྱས་གྱུར་ན།། ལྡེ་མིག་རྩིལ་བའི་དུས་ལ་བབ།། མཛོད་འདི་མཐོང་བར་བྱ། ་བ་ཡང་།། དབུས་ཀྱི་ལྟེ་བ་མཛོད་ཆེན་ལ།། མུ་ཁྱུད་བརྡའ་དགར་ངེས་པ་གསུམ།། གླིང་གཞི་སྲིད་པ་རབ་བྱུང་ཉིད། ཁང་ཁྱིམ་བཅོ་བརྒྱད་ཐུགས་རྗེས་བསྐོར། ཁང་ཁྱིམ་བཞིའི་རྩ་བ་ཅན།། གྲོང་ཁྱེར་བཞིའི་མུ་ཁྱུད ་མཛེས།། མ་ཧཱ་ཡོ་གའི་པོ་སྤྲད་དང་།། ཨ་ནུ་ཡོ་གའི་ངོ་སྤྲད་དང་།། ཨ་ཏི་ཡོ་གའི་ངོ་སྤྲད་དང་།། གསང་སྐོར་དཔེ་དོན་རྟོགས་གསུམ་གྱིས།། ངོས་སྤྱོད་ཐོབ་པའི་རྣལ་འབྱོར་པས།། ཆོས་སྐུ་ཐིག་ལེ་ཉག་ཅིག་ལྟོགས།། ་ལྟ་བ་གནས་ལུགས་མ་ནོར་བ།། ཆོས་སྐུ་ཟང་ཐལ་ཞེན་པོ་ཡིན།། སྤྱོད་པ་མ་བཅོས་ལྷུག་པ་ཡི།། ཤུགས་འབྱུང་འགག་པ་མེད་པར་སྤྱད།། སྒོམ་པ་དགོངས་པ་མ་ནོར་བ།། བྱིང་རྒོད་མེད་པའི་ངཔལ་གཞག། འབྲས ་བུ་ཐོག་མའི་རང་ས་ཉིད།། འཁྲུལ་པ་གཞིའི་ཐོག་ཏུ་སངས།། ལྷ་ལ་དཔག་བསམ་ཤིང་བུ་དང་།། གནོད་སྦྱིན་བུམ་པ་བཟང་པོ་དང་།། ཀླུ་ལ་ཡིད་བཞིན་ནོར་བུ་དང་།། སྣོད་འཛིན་གྲུབ་པ་ལག་པ་བཞིན།། རྣམ་རྟོག ་བག་ཆགས་སྦུབས་འདི་ན།། མ་རིག་སྒོའི་སྦུབས་ཕྱེ་བས།། རིག་པའི་ཡེ་ཤེས་རྙེད་པར་འགྱུར།། རང་བཞིན་པར་དོར་བདེན་པ་མཐོང་།། ཏིང་འཛིན་པར་དོར་བརྟན་པ་ཐོབ།། ཆོས་ཉིད་བར་དོར་དྲན ་པ་སད།། སྲིད་པའི་བར་དོར་ཡེ་ཤེས་སྦུབས།། སྲིད་པའི་དྲ་བ་འཇོམས་པའོ།། སྤྲུལ་པས་ཡིད་ལ་བསམ་པ་རྫོགས།། འགྲོ་དོན་མ་ལུས་རྫོགས་པ་ནི།། སྔར་འདྲིས་མི་དང་འཕྲད་བཞིན་གྱུར།། མ་ནི་ཀུན་ཁྱབ་ཆེན་མོ ་སྟེ།། བུ་ནི་རིག་པ་ཅིར་བུ་ཉིད།། སྔོན་གྱི་བག་ཆགས་གོམས་དབང་གིས།། དུད་འགྲོའི་བུ་ལྟར་ནུ་མ་འཚོལ།། ཡང་ན་རང་བཞིན་སྲོག་ཟོན་བྱེད།། མའི་སྤང་དུ་བུ་འགྲོ་བ།། མ་བུ་བརྡའ་འཇལ་མན་ངག་འདིས།། རིན ་ཆེན་གསང་བའི་སྦུབས་ནང་དུ།། འདོད་པ་ཐམས་ཅད་རབ་ཏུ་འགྲུབ།། ཐོག་མའི་རང་སར་སླེབ་ཅེས་བྱ།། སྔོན་ལས་འཕྲལ་རྐྱེན་བརྩོན་འགྲུས་ཀྱིས།། སྐལ་ལྡན་རིག་ཀྱི་བུ་མཆོག་ཡིན།། འཇིག་རྟེན་བྱ་བ་བཏང ་བྱས་ལ།། ཐོས་བསམ་སྒོམ་པ་སྣ་ཚོགས་ཀྱིས།། ཐིག་ལེ་གསང་སྐོར་སླབ་པར་ཅེས།། ཕྱི་རབ་ཀུན་ལ་གདམས་པར་བཞག། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས།། མཛོད་རྩ་བའི ་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བརྡ་ངེས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི ་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིགས་སུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། ཡི་གེ་ཨའི་སྒྲ་འདི ་ནི།། ཇི་རྙེད་ཆོས་ཀྱི་རྩ་བར་གསུངས།། མ་རིག་སྒོ་ངའི་སྦུབས་འབྱེད་པ།། སྲིད་པའི་དྲ་བ་འཇོམས་པ་པོ།། ཉོན་མོངས་མ་ལུས་ཞི་བར་བྱེད།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། སྦུབས་ཞེས་བྱ་བའི་བརྡ་འདི་ཡིས།། ་འཁོར་བ་འདི་ལས་གྲོལ་གྱུར་ནས།། མྱ་ངན་འདས་པའི་གོ་འཕངས་ཐོབ།། ངེས་པའི་དོན་དུ་བཤད་པ་ནི།། དང་པོར་རྣམ་རྟོག་བག་ཆགས་སྦུབས།། སྐུ་ནི་རྣམ་པ་གསུམ་དུ་གནས།། ཡེ་ཤེས་བཞི་རུ་གནས་པ་དང་།། ་ཤེས་རབ་སྤྱན་དང་ལྡན་པས་ན།། མ་དག་འཁྲུལ་པའི་སྣང་བ་ལ།། ལོངས་སྐུ་འདྲ་འཆགས་ཕྱེད་སྐུ་ཡིས།། མ་ཧཱ་ཡོ་གའི་ངོ་སྤྲོད་བྱ།། བར་དོར་ལྔ་ལྡན་རྟོགས་པར་བྱེད།། སྦྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་གྱིས།། ཨ་ནུ་ཡོ ་གའི་ངོ་སྤྲོད་བྱ།། ཆོས་ཉིད་བར་དོར་རྫོགས་ལྡན་རྟོགས།། ཆོས་སྐུ་རིན་ཆེན་མན་ཤེལ་གྱིས།། ཨ་ཏི་ཡོ་གའི་ངོ་སྤྲོད་བྱ།། རིན་ཆེན་སྦུབས་སུ་དགོངས་པ་སྐྱེལ།། ཐིག་ལེ་གསང་བསྐོར་ངོ་སྤྲོད་ཀྱིས།། སྐུ་གསུམ་འདུ ་འབྲལ་མེད་པའི་དོན།། ཉི་མའི་སྙིང་པོ་ངག་ལ་སྤྲད།། རྫོགས་ལྡན་ཆེན་པོའི་དགོངས་པ་ཆོད།། དོན་གྱི་ངོ་སྤྲོད་ཟག་ཆོད་ལ།། རྟགས་ཀྱི་ངོ་སྤྲོད་ཡིད་ཆེས་ཏེ།། དཔེའི་ངོ་སྤྲོད་ངོ་ཤེས་པས།། བློའི་ཐེ་ཚོམ་ཆོད་པ་ནི།། ་གོལ་བའི་དགོངས་པ་དམ་པའོ།། བར་དུ་ཡེ་ཤེས་སྒྱུ་མའི་སྦུབས།། སངས་རྒྱས་བཞི་བཅུ་རྩ་གཉིས་སྐུ།། ཆོས་ཀྱི་སྤྱན་གྱི་འཁོར་འདས་གཟིགས།། དག་པ་འཇིག་རྟེན་སྣང་བ་འདིར།། སྤྲུལ་པའི་སྐྱེ ་གནས་འགྲོ་དོན་མཛོད།། འཁོར་བ་དག་ལས་གྲོལ་བ་ཡིན།། རྒྱུ་ལུས་མངོན་དུ་གྱུར་བ་ཡིན།། འཁོར་འདས་མངོན་སུམ་གཟིགས་པ་ཡིན།། ཆོས་སྐུ་རིན་ཆེན་གསང་བའི་སྦུབས།། ཡེ་ཤེས་མིག་ཅིག་དྲི་མ་མེད།། ་ཆོས་ལས་གྲོལ་བས་དགོངས་པ་ནི།། རྒྱུན་ཆད་མེད་པར་གནས་པ་ན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ཡང་དག་ཡེ་ཤེས་སྣང་བ་ཡིན།། ཕྱི་དང་ནང་དང་གསང་བ ་དང་།། གསང་ཆེན་མ་ལུས་བཤད་པ་དང་།། རྩ་བར་གྱུར་པ་མ་ལུས་ཀུན།། བཅུ་གཉིས་མན་ངག་འདུས་པ་ཡིས།། བརྡ་སྒྲ་ངེས་པའི་ཛ་ལོག་ཏུ།། མ་ཁྱུད་བརྡ་སྒྲ་ངེས་པ་དང་།། ཛ་ལོག་བཤད་པའི་གནད་དུ་བསྟན།། ་ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས་གདམས་པའི་རྒྱུད་སྐོར་བཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐིག་ལེ་གསང་སྐོར་གྱི་རྩ་བའི་རྒྱུད་བཞི ་ཐུགས་གསང་བ་ཆེན་པོའི་མཛོད་ནས་ཕྱུང་ངོ་།། དང་པོར་སློབ་མ་དད་ལྡན་གྱིས།། བླ་མ་དམ་པ་བསྟེན་པར་བྱ།། སྲིད་པའི་དགོན་པ་ལས་རྒལ་བ།། སྟོན་པ་ཅིག་པུ་འགྲོ་བའི་བླ།། འཇིག་རྟེན་ཕྱོགས་བཅུར་རབ ་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེན་པོ་སྟེ།། བྱམས་པའི་གོ་ཆ་བགོས་པ་སྟེ།། སྙིང་རྗེ་ནི་ཡ་ལད་བགོད།། དེ་ནས་བླ་མ་དམ་པ་ནི།། མཚན་ཉིད་ལྡན་པ་སྨོས་ཅི་དགོས།། ནམ་ཡང་བླ་མ་གྱུར་པ་ལ།། དད་གུས་མོས ་པ་བྱ་བ་ཡང་།། མཆོད་འོས་བསྟོད་པ་ཕྱག་གི་གནས།། རྟག་ཏུ་རིམ་མོར་བྱ་བའི་འོས།། བསྐུར་འོས་བརྗོད་པར་བྱ་བའི་མཆོག། ཕྱག་བྱར་འོས་པ་བླ་མའི་རབ།། དེ་ནས་བླ་མ་དམ་པ་ལ།། དབང་བསྐུར་ཞུ་བར་བྱ ་བབ་ཡང་།། རིག་པ་རྩལ་གྱི་དབང་བསྐུར་ལས།། ཕྱིའི་དབང་བསྐུར་བྱ་བ་ནི།། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན ་གྱི་རྗེ།། ནང་གི་དབང་བསྐུར་བྱ་བ་ནི།། སྐུ་གསུང་ཐུགས་ལ་བྱིན་གྱིས་བརླབས།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི ་གསུང་ཡང་ཡིན།། གསང་བའི་དབང་སྒྱུར་བྱས་པ་ཡིས།། དོན་གྱི་ཐིག་ལེ་དཀར་དམར་རྟོགས།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བའི་དྲི་མེད་འོད།། ཆགས་བྲལ་ལ་སོགས་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར ་བའི་འོད།། དབང་སྐུར་བའི་འབྲས་བུ་ཡིས།། བདག་ཀྱང་སངས་རྒྱས་རྫུས་སྐྱེས་འཐོབ།། རྡོ་རྗེ་དཀྱིལ་དཀྲུངས་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན ་མཁྱེན་ཡེ་ཤེས་མཛོད་འཛིན་པ།། དེ་ལྟར་མཐར་ཟུག་འབྲས་བུ་ནི།། ཐོབ་ནས་ཐེག་ཆེན་གཞན་དོན་མཛད།། འཁོར་བའི་སྡུག་བསྔལ་སེལ་འགྱུར་བ། དཔེར་ན་སྨན་པ་ལྟར་འགྱུར་བ།། སྨན་པ་ཆེ ་མཆོག་གཙོ་བོས་ཏེ།། ཟུག་དུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་།། ནད་དུ་བཅོས་ཀྱི་དགྲ་ཆེ་བ།། དེ་ལྟར་རྩ་བའི་རྒྱུད་ཆེན་ནི།། ཁང་ཁྱིམ་ཅིག་གི་ནང་དུ་བཤད།། དེ་ནས་འགྲོ་དོན་མཛད ་པའི་སྐུ།། འཇམ་དཔལ་དགོངས་པ་འདུས་པ་ནི།། གཟུགས་སྐུ་མ་ལུས་འདིར་འདུས་པས།། ཞི་ཁྲོ་རྣམ་པ་གཉིས་སུ་གསུངས།། རིན་ཆེན་སྤྲུག་པའི་གཞལ་ཡས་ན།། ཞི་བའི་སངས་རྒྱས་བཞུགས་པ་དང་།། ཀླད་པ ་དུང་ཁང་གཞལ་ཡས་ན།། ཁྲོ་བོའི་སངས་རྒྱས་གནས་པ་དང་།། ཡེ་ཤེས་དབང་བསྐུར་ཅོད་པན་ཅན།། རྫོགས་པའི་སངས་རྒྱས་བརྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། གསུམ་སེལ་མཐའ་ཡས ་གྲོལ་གསུམ་ཐོབ།། འཇམ་དཔལ་དགོངས་པ་འདུས་པ་ནི། ཁང་ཁྱིམ་གཅིག་གི་ནང་དུ་གསུངས།། དེ་ནས་གདམས་ངག་སྒོམ་པར་བྱ།། རང་བཞི་ལྷུན་གྲུབ་ཆོས་སྐུ་ལས།། ལོངས་སྤྱོད་རྫོགས་སྐུ་རྩལ་དུ་ཤར།། ་གདུལ་བྱ་གདུལ་བྱེད་སྤྲུལ་པའི་སྐུ།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་ཤིང་བ།། བཟང་ངན་ཤེས་ཤིང་འདུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན།། འདུས་ཤེས་སེམས ་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། སྐུ་གསུམ་ཡེ་ཤེས་ལྔ་རྟོགས་སམ།། རྟོགས་པ་མངོན་གྱུར་ཆོས་སྐུར་གནས།། ཉམས་ལེན་འཇམ་དཔལ་ཡེ་ཤེས་བརྒྱན། ཁང་ཁྱིམ་གཅིག་གི་ནང་དུ ་བཤད།། དེ་ནས་མཚན་དོན་དགོངས་པ་ཡི།། འཇམ་དཔལ་དོན་ཡང་རབ་བཤད་ན།། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།། མིང་བརྗོད་པས་ནི་དོན་ཆེ་བ།། དག་པར་བྱེད་ཅིང་སྡིག་སེལ་བ།། མཚན་ནི་ཡང་དག ་བརྗོད་པར་བཤད།། ཞི་བ་རྡོ་རྗེ་འཛིན་པ་དང་།། ཁྲོ་བའི་དགོངས་པ་འདུས་པ་ནི།། རྡོ་རྗེ་ཟབ་མོ་འཛིན་ན་འཇིགས།། རྡོ་རྗེ་བློ་གྲོས་དོན་བཞིན་རིག། ས་དང་ཕ་རོལ་ཕྱིན་པ་ཡི།། དགོངས་པ་འདུས་པར་གྱུར་བས ་ན།། ཕ་རོལ་ཕྱིན་པ་ཀུན་རྫོགས་ནས།། ས་རྣམས་ཀུན་གྱི་རྒྱན་དང་ལྡན།། དགོངས་པ་ཕྱི་ནང་ཀུན་འདུས་པས།། འཇམ་དཔལ་དགོངས་པ་འདུས་པའི་མཚན།། ཆོས་ཀྱི་སྐུ་ལ་ལོངས་སྐུས་བརྒྱན།། ལོངས་སྐུ་ཡེ་ཤེས ་རྣམ་ལྔས་བརྒྱན།། ཡེ་ཤེས་ཐུགས་རྗེ་སྦྲུལ་སྐུས་བརྒྱན།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཅིང་།། འཁྲུལ་ཚུལ་གྲོལ་ཚུལ་བསྟན་པ་ནི།། འཇམ་དཔལ་ཡེ་ཤེས་རྒྱན་དུ་བཤད།། མཚན་གྱི་དོན་རྣམས་སྟོན་འགྱུར་ཞིང་།། རྒྱུད ་ཀྱི་དགོངས་པ་མཚན་གྱི་རྫོགས།། མཚན་དོན་སྟོན་པས་འཇམ་དཔལ་ནི། ཁང་ཁྱིམ་ཅིག་གི་ནང་དུ་བཤད།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས།། རྩ་བའི་རྒྱུད་སྐོར་བཞི་བསྟན ་པའི། ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ནང་སྐོར་རྟོགས་པ་ཡེ་ཤེས་ཀྱི་འཁོར་ལོ་འདི་ཐུགས་ཀྱི་གསང་མཛོད་ཆེན་པོ་ནས་གསུངས་སོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།། ་ཐིག་ལེ་མཐར་ཟུག་དགོངས་པ་ཡིས།། བཞི་བཅས་ཐུགས་རྗེའི་ལྕགས་ཀྱུས་གཟུང་།། ཡེ་ཤེས་གསང་བ་འཁོར་ལོ་ཆེ།། སངས་རྒྱས་མཉམ་སྦྱོར་དགོངས་པར་བཅས།། སྲིད་པའི་འཁོར་ལོ་དང་པོ་ཡིན།། འཇམ ་དཔལ་དྲི་མེད་སྙིང་པོ་ཡིས།། རྒྱུད་ལུང་མན་ངག་ཁོག་ཕུབ་ནས།། གཞུང་དུ་དྲིལ་བར་བྱ་བ་ཡང་།། སངས་རྒྱས་འདུས་པ་མན་ངག་རྒྱུད།། རྒྱུད་རྣམས་མན་ངག་ཐུགས་ཀྱི་གཏེར།། སྲིད་པའི་འཁོར་ལོ་བཤད་པ ་ལས།། དྲི་མེད་སྙིང་པོའི་དགོངས་པ་ཡིན།། སྦུབས་གསུམ་དགོངས་པས་གཞི་བཟུང་ནས།། དེ་བཞིན་གཤེགས་པའི་ཆོས་ལྔ་དང་།། བྱང་ཆུབ་སེམས་དཔའི་ཆོས་བདུན་དང་།། ཏིང་འཛིན་ལྟ་བུའི་སྲོག་ཤིང་དྲུག། ་སྤྱན་རས་གཟིགས་ནི་སེང་གེ་སྒྲ།། སྲིད་པའི་འཁོར་ལོ་གསུམ་པ་ཡིན།། སེང་གེ་འཁྱིལ་བའི་དགོངས་པ་ལས།། ཕྱི་ནང་གསང་བ་སྒྲུབ་ནི།། རྟགས་བཞི་བདུད་བཞི་རྒྱས་གདབ་བཞི།། གངས་ལ་ཉི་མ་ཤར་བ་དང་།། ་ཐོག་དང་གཟེར་དང་ཁྱུད་དང་ནི།། སྐར་མདའ་ལྟ་བུ་མན་ངག་གིས།། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་།། སྲིད་པའི་འཁོར་ལོ་བཞི་པ་ཡིན།། རིག་གསུམ་རིགས་ཁྱབ་སྤྱི་དང་བཞིས།། མུ་ཁྱུད་གྲོང་ཁྱེར་བཞི་ཡིས་མཛེས།། ་ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས།། ནང་གི་རྒྱུད་སྐོར་བཞི་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དཔག་བསམ་ཤིང་གི་ལྗོན་ཤིང་རྒྱས་པའི་ཏིང ་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ།། དཔའ་བསམ་ཡོངས་སུ་ས་བརྟོལ་ཤིང་།། རྩ་བ་རྣམ་པ་ལྔར་ཟུག་པ།། པདྨ་འཁྱིལ་པ་བསྐུའི་རྒྱུད།། ཆོས་དབྱིངས་ཡེ་ཤེས་བསྟན་པར་བྱེད།། རྡོ་རྗེ་རྩེ་མོ་གསུང་གི ་བརྒྱུད།། སོ་སོར་རྟོགས་པའི་ཡེ་ཤེས་གཅོད།། རིན་ཆེན་དཔུངས་པ་ཐུགས་ཀྱི་བརྒྱུད།། མེ་ལོང་ལྟ་བུ་ཡེ་ཤེས་གསལ།། བསོད་ནམས་བྱམས་པ་རྩེགས་པ་ནི།། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱུད།། འཕྲིན་ལས ་མཁའ་གསལ་ཉི་མ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། དཔག་བསམ་ཤིང་གི་རྩ་བ་ལྔ།། སྡོང་པོ་གཅིག་ཏུ་དྲིལ་ནས་གནས།། ལྟ་བའི་རང་ངོ་རང་ཤར་བས།། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད།། ལྟ་བའི་གནད་རྣམས ་ཡོངས་སྤྱོད་པ།། འཁོར་བ་དོང་སྦུགས་ཆེན་པོའི་རྒྱུད།། ཆོས་ཉིད་དོན་ལ་བསྒོམ་དུ་མེད།། གང་ཟག་བློ་ལ་སྒོམ་དུ་ཡོད།། མཉམ་པར་བཞག་པས་བསམ་གཏན་བསྒོམ།། རྗེས་ཀྱི་ཤེས་པ་སྤྱོད་པ་བྱེད།། རྣལ་འབྱོར ་རབ་འབྲིང་ཐ་མས་བཅད།། རྨ་བྱ་འཇིང་སྣོལ་རྒྱུད་ཆེན་གཉིས།། འབྲས་བུ་སྐུ་དང་འོད་ཟེར་ནི།། མཛེས་པའི་ལྷ་མོ་འོད་ཟེར་ཅན།། དཔག་བསམ་ལྗོན་ཤིང་ཆེན་པོ་ལ།། ཡལ་ག་སྐྱེས་ནས་ལོ་འདབ་རྒྱས།། ལྟ་བ ་འགྱུར་བ་མེད་པ་ནི།། རྒྱལ་མཚན་རྩེ་མོ་ལྟ་བུར་གསལ།། སྒོམ་པས་ཉོན་མོས་དྲི་མ་མེད།། ནོར་བུ་ཆུ་དྲངས་ལྟ་བུར་གནས།། སངས་རྒྱས་སྤྱོད་པས་ཚེ་དབང་བསྐུར།། དབང་བསྐུར་བླ་མ་རིན་པོ་ཆེ།། ་འབྲས་བུ་མངོན་རྫོགས་སངས་རྒྱས་རྟགས།། སྐུ་གདུང་རིང་སེལ་ཆེན་པོའི་རྒྱུད།། དཔག་བསམ་ཤིང་ཆེན་རྒྱས་པ་ལ།། མེ་ཏོག་རབ་ཏུ་གསལ་བ་ནི།། གཞི་རྣམས་རབ་ཏུ་ལྡིངས་པས་ན།། མཚན་ཉིད་བཞི་དང་ལྡན ་པར་བྱ།། མཛོད་དང་ལྡེ་མིག་ནོར་རྫས་སྤྱོད།། ཞལ་ཆེམས་གསུམ་པར་བཞག་པ་ཡིན།། དཔེ་དོན་རྟགས་གསུམ་ངོ་སྤྲད་པས།། སྐུ་དང་གསུང་དང་ཐུགས་ཏིག་གསུམ།། དགོངས་པ་མྱ་ངན་ཆོས་སྐུར་འདའ།། བདུད ་རྩི་ཡང་ཞུན་ལྟ་བུར་བཞུགས།། དཔག་བསམ་ལྗོན་ཤིང་ཆེན་པོ་ལ།། འབྲས་བུ་རབ་ཏུ་སྨིན་པ་ལྟར།། བརྒྱུད་པ་རིག་འཛིན་འབྲས་བུ་དང་། མྱ་ངན་འདས་པ་གང་ཟག་འབྲས།། བཅོ་བརྒྱད་ཆོས་འབྲས་མན་ངག ་ལུང་།། བམ་པོ་གསུམ་པའི་ལུང་ཆེན་གསུངས།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས་ཕྱི་སྐོར་ཐུགས་རྗེ་ཆོས་ཀྱི་འཁོར་ལོ་བསྟན་པའི་ལེའུ་ལྔ་པའོ།། །། དེ་ནས་བཅོམ་ལྡན ་འདས་ཀྱིས་རྒྱུད་ཐམས་ཅད་ཀྱི་མདུད་པ་ཡོངས་སུ་འགྲོལ་བའི་ཏིང་འཛིན་ལ་བཞུགས་ནས་འདི་གསུངས་སོ།། མཁས་པར་གྱུར་པ་པཎྜི་ཏས།། ངོ་བོ་ངེས་ཚིག་དབྱེ་བ་ཡི།། དོན་བཤད་མཛེས་པའི་སྤྱི་དོན་དགོངས།། ་དེ་ཕྱིར་ཐིག་ལེ་ཀུན་གསལ་བཤད།། རྣལ་འབྱོར་པ་ནི་སྐུ་སུ་ལུས།། རང་དོན་ཉམས་སུ་ལེན་འགྱུར་བས།། དགོངས་པ་མ་ནོར་གསལ་བ་ནི།། དེ་ཕྱིར་ཐིག་ལེ་ཀུན་འདུས་བཤད།། རྒྱུ་དོན་མ་ལུས་མངོན་པ་རྟོགས།། ་དགོངས་པའི་དོན་རྣམས་ཆོ་ག་ལྟར།། ལས་ཀྱི་བྱ་བ་ཚང་གྱུར་པས།། ཨ་ཙ་ར་རྒྱ་སློབ་དཔོན་བཞིན།། དེ་ཕྱིར་ཐིག་ལེ་ཀུན་རིག་རྒྱུད།། བྱ་བ་བྱེད་པ་དག་ལ་བཤད།། རྣལ་འབྱོར་པ་ནི་སེམས་ཉིད་ལ།། ཞི་མོར་ལྟ ་ཞིང་སྤྱོད་འགྱུར་བ།། དབང་པོ་ཐ་མར་གྱུར་བ་རྣམས།། སྒོམ་གྱི་གནད་དང་ཐུན་ཚོད་འཛིན།། རིམ་པས་དོན་ལ་འཁྲིད་བྱེད་ཅིང་།། གདམ་པའི་གནད་ཀྱིས་སྟོན་བྱེད་པས།། བློ་དམན་གང་ཟག་གྲོལ་བྱའི་ཕྱིར།། དེ ་ཕྱིར་ཐིག་ལེ་ཀུན་སྤྱོད་བཤད།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད་ནམ་མཁའ་ལས།། བཤད་རྒྱུད་ཆེན་པོ་བཞི་མཛད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྒོ་རྣམས་རབ་ཏུ ་འབྱེད་པར་བྱེད་པ་འདི་ཕྱི་རབས་ཀྱི་རྣལ་འབྱོར་བ་ལ་ལུང་རབ་ཏུ་གསལ་བར་གསུངས་སོ།། ཕྱིའི་ལྕགས་རི་ནག་པོ་ལ།། ཟླ་གམ་གཅིག་པའི་སྒོ་གནས་པ།། ཙཎྜ་ལོག་སྤྱོད་ཅན་གྱིས་བསྲུངས།། དེའི་ལྡེ་མིག་བསྟན ་པ་ནི།། དོན་ལ་ཁོག་དབུགས་སྟོང་མཐུན་དང་།། དཀྱུས་ལ་ས་སྤྱད་བསྡུས་དོན་དང་།། ཚིག་གི་འབྲུ་འཇོམས་ལྡེ་མིག་གསུམ།། སྒོ་འདི་ཕྱེ་ནས་བཤད་པ་ནི།། གང་ཟག་བཞིའི་དོན་དུ་དགོངས།། བཤད་པའི་རྒྱུད ་། རྣམས་གྲོལ་བར་བྱེད། ཁང་ཁྱིམ་བཅོ་བརྒྱད་ཕྱི་སྒོ་བདུན།། སྒོ་བ་སྤྲིན་གྱི་ཤུགས་ཅན་བདུན།། དེ་འབྱེད་པའི་ལྡེ་མིག་གསུམ།། རྒྱུད་དང་མན་ངག་ལུང་གསུམ་གྱིས།། ཕུན་སུམ་ཚོགས་པ་རྣམ་ལྔ ་དང་།། དགོས་དོན་ལྔ་དང་མདོ་གཅོད་བདུན།། རྒྱུད་ལུང་མན་ངག་གསལ་བར་བྱེད།། གླིང་བཞི་སྲིད་པ་རང་བྱུང་ལ།། ཚད་མེད་བཞིའི་སྒོ་ཤར་ནས།། དམ་པ་དཔལ་བཞིའི་སྒོ་བསྲུངས་ཅན།། ལྡེ་མིག་བཞི་ཡིས ་འབྱེད་འགྱུར་བ།། རིགས་གསུམ་མགོན་པོའི་དགོངས་པ་ཅན།། རིགས་ཁྱབ་རྡོ་རྗེ་སེམས་དཔའ་ཡི།། དགོངས་པ་ཐིག་ལེ་མཐར་ཐུག་པས།། རང་བྱུང་སྲིད་པའི་འཁོར་ལོ་འབྱེད། ཁང་ཁྱིམ་བཞིའི་རྩ་བ་ལ།། བདག ་གཞན་བགྲོད་པའི་སྒོ་གཉིས་ན།། ཕྱག་ན་རྡོ་རྗེའི་སྒོ་བ་བཞུགས།། སྟོན་པ་གཉིས་ཀྱི་ལྡེ་མིག་ནི།། ཕྱི་ནང་དག་པའི་གང་ཟག་ལ།། ཕྱིའི་སྟོན་པ་ཤཱཀྱ་ཐུབ།། ནང་སྣང་དག་པའི་གང་ཟག་ལ།། ནང་གི་སྟོན་པ་རྡོ་རྗེ ་འཆང་།། དུས་གསུམ་སངས་རྒྱས་དགོངས་པ་ཡིས།། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡི།། རྩ་རྒྱུད་སྡེ་བཞི་ཁོང་སྡེབས་ན།། ཡང་དག་དོན་ལ་དྲིལ་ནས་འབྱེད།། མུ་ཁྱུད་བརྡ་སྒྲ་ངེས་པ་དང་།། ཛ་ལོག་གསུམ་གྱིས ་བརྒྱན་པ་ལ།། སྒོ་མེད་སྦས་པའི་གཏེར་ཁྱིམ་དེ།། ཤིན་ཏུ་གསངས་ནས་རྣ་རྒྱུད་འབྱེད།། དབུས་ཀྱི་ལྟ་བ་མཛོད་ཆེན་ལ།། མུན་པའི་ཁོར་སྒོ་ལ་སོགས་བཞི།། ཐིག་པ་བཞིའི་ལྡེ་མིག་གིས།། ཕྱེ་ནས་མཛོད་དུ་འཇུག་པ ་ཡང་།། མཁའ་འགྲོ་བཞིའི་སྒོ་བསྲུངས་ལ།། མཉེས་ནས་གཏེར་ཆེན་བསྟན་པ་ནི།། དང་པོ་ཤར་དུ་ངོ་སྤྲོད་རྒྱུད།། སྐུ་གསུམ་སྣང་བ་གསལ་བར་སྟོན།། ལྷོ་རུ་རིན་ཆེན་འོད་གསལ་བ།། དྲི་མེད་རྣམ་པར་དག་པའི ་རྒྱུད།། ནུབ་ཏུ་ལྷུན་གྲུབ་པའི་ཇི་བཞིན་མ།། རྣམ་པར་དག་པའི་བརྒྱད་ཆེན་མཛོད།། བྱང་དུ་དྲི་མེད་རྣམ་པར་དག། སངས་རྒྱས་དགོངས་པ་འདུས་པའི་རྒྱུད།། དབུས་ན་མཛོད་ཆེན་དགོངས་པ་ནི།། དུར་ཁྲོད་ཕུང་པོ ་འབར་བའི་རྒྱུད།། བྱེ་བྲག་རྒྱུད་ལྔའི་མཛོད་ཆེན་རྣམས།། སྤྱིར་ནི་ཅིག་ཤེས་ཀུན་གྲོལ་བ།། ཆོས་སྐུ་ཐིག་ལེ་ཉག་ཅིག་ལ།། གནས་ཚུལ་སྐུ་གསུང་ཡོན་ཏན་ལས།། སྟོང་གསལ་བདེ་ཡོན་མི་འགག་དེ།། ངོ་བོ་སྟོང་པར ་གནས་པ་དང་།། རང་བཞིན་གསལ་བར་ཤར་བ་དང་།། རྣམ་པ་བདེ་བར་གོ་བ་དང་།། ཡོན་ཏན་ཅིར་ཡང་མི་འགག་ལ།། འཕྲིན་ལས་ཐོག་པ་མེད་པར་ཆར།། འབྱུང་བ་ལྔ་རུ་སྣང་བ་ནི།། ངོ་བོ་སྟོང་པ་ནམ་མཁའ་ལ།། ་རང་བཞིན་གསལ་བ་སྲ་བའི་ས།། རྣམ་པ་བདེ་བ་འབར་བའི་མེ།། ཡོན་ཏན་མི་འགག་འབྱུང་བ་ཆུང་།། འཕྲིན་ལས་ཐོགས་པ་མེད་པ་རླུང་།། སྣོད་ཀྱི་འཇིག་རྟེན་ཞེས་བྱ་བ།། སེམས་ཅན་ཀུན་གྱིས་གནས་དང ་རྟེན།། སྤྱོད་པའི་མྱུ་གུ་གྱུར་པས་ན།། གཟུང་བའི་ཡུལ་ཞེས་བྱ་བ་ཡིན།། ཤེས་པས་མ་ཟིན་བདུད་སྣང་བ།། སྟོང་པས་འདུས་པའི་རྩེ་ཤིང་སྣང་།། གསལ་བས་ནུས་པ་ལྕི་བ་དང་།། བདེ་བས་ཚང་ཞིང་རྣོ་བ་དང་།། མི ་འགག་པ་ལས་བསིལ་བ་དང་།། ཐོགས་པ་མེད་པས་ཡང་པའོ།། རོ་ཡང་རྣམ་པ་ལྔ་བསྣང་བ།། སྟོང་པས་རོ་རྣམས་འདུས་པ་དང་།། གསལ་བས་ས་ནི་མངར་བར་འགྱུར།། བདེ་བ་ལས་ནི་ཚ་ཞིང ་སྦྱར།། མི་འགག་པ་ནི་ལན་ཚྭའི་རོ།། ཐོགས་མེད་རླུང་གི་དཀའ་བའོ།། སྐྱེ་བ་རྣམ་བཞི་གནས་པ།། ངོ་བོ་སྟོང་པས་སྟོང་སྐྱེས་ལ།། རང་བཞིན་གསལ་བས་མངལ་སྐྱེས་ཏེ།། བདེ་དང་མི་འགག་དྲོད་ཤེས་སྐྱེས།། ་ཐོགས་པ་མེད་པས་རྫུས་སྐྱེས་ཡིན།། འགྲོ་བ་དྲུག་ཏུ་སྣང་བ་ནི།། སྟོང་པ་ལྷ་དང་ལྷ་མ་ཡིན།། གསལ་བ་མའི་སྐྱེ་གནས་ལ།། བདེ་བ་དུར་ཁྲོད་བྱོལ་སོང་ཡུལ།། མི་འགག་པ་ནི་ཡི་དགས་གནས།། ཐོགས་པ་མེད་པ ་དམྱལ་བ་ཉིད།། རྫུ་འཕྲུལ་ནང་དུ་སྣང་བ་ནི།། སྟོང་པ་ལས་ནི་འདུས་པའི་ནད།། གསལ་བས་བད་ཀན་ལྕི་བ་དང་།། བདེ་བས་འཁྲིས་པའི་ནད་ཡིན་ལ།། མི་འགག་པ་ནི་ལྡན་པ་སྟེ།། ཐོགས་པ་མེད་པ་རླུང་གི ་ནད།། ལྷ་སྲིན་ཡི་དགས་སྣང་བ་ཡང་།། ངོ་བོ་སྟོང་པ་བཟའི་ནད།། རང་བཞིན་གསལ་བ་ས་བདག་ཀླུ།། རྣམ་པ་བདེ་བས་མ་མོའི་རིམས།། ཡོན་ཏན་མི་འགག་གནོད་སྦྱིན་བགེགས།། འཕྲིན་ལས་ཐོགས་མེད་རྒྱལ ་འགོང་བཙན།། སྣང་སྲིད་ལྷ་སྲིན་མ་ལུས་རྣམས།། རྩ་བ་འདི་ལས་སྲིད་པར་འགྱུར།། དེ་ལས་མཐུ་ལྔར་ལྡན་པ་ནི།། སྟོང་པ་གཏི་མུག་གཏང་ཡིན་ལ།། གསལ་བས་སྲོག་མཐུ་ཞེ་སྡང་ཅན།། བདེ་བ་འདོད་ཆགས ་ནོར་བསྒྲུབ་དེ།། མི་འགག་ང་རྒྱལ་ཐོག་སེར་དང་།། ཐོགས་མེད་ཕྲ་དོག་ནང་རྒྱས་རྣམས།། དུག་ལྔ་དག་ལས་སྣང་བ་ཡང་།། རྩ་བ་འདི་ལས་བྱུང་བར་ཟད།། སྟོང་པ་གཏི་མུག་དོན་ལ་རྨོངས།། གསལ་བ་མནར་མེད ་སེམས་ཞེ་སྡང་ཉིད།། བདེ་བས་འདོད་ཅིང་ཆགས་པ་ལ།། མི་འགག་མངོན་པའི་ང་རྒྱལ་དེ།། ཐོགས་པ་མེད་ལས་ཕྲ་དོག་སྣང་།། ཇི་སྙེད་ཉོན་མོངས་མ་ལུས་ཀུན།། ཐམས་ཅད་འདི་ལས་སྣང་བ་འགྱུར།། རྣལ་འབྱོར ་ལམ་ལ་གནས་འདོད་པ།། འགྲོ་དྲུག་སེམས་ཅན་ཀུན་ལྡན་པའི།། དུག་ལྟར་རང་ཤར་དང་གྲོལ་དུ།། ལམ་དུ་རྟོགས་པར་བྱ་བ་ཡང་།། སྟོང་བས་གཏི་མུག་ལམ་དུ་བྱ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་དེ ་གཏི་མུག་སེལ།། བྱོལ་སོང་གནས་ལས་ངེས་པར་གྲོལ།། གསལ་བས་ཞེ་སྡང་ལམ་དུ་བྱ།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་སྒྲ་ཆེ་བ།། དམྱལ་བའི་སྡུག་བསྔལ་གྲོལ་བར་བྱེད།། དེ་བས་འདོད ་ཆགས་ལམ་དུ་བྱ།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། མིའི་གནས་ལས་ངེས་པར་གྲོལ།། མི་འགག་ང་རྒྱལ་ལམ་དུ་བྱ།། དེ་ཉིད་ཁོང་ཁྲོར་འགྱུར་བ་ཡིན།། མཆོད་པ་ཆེན ་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། སེར་སྣ་ཡི་དྭགས་གནས་ལས་གྲོལ།། མཆོད་པ་ཆེན་པོ་བདེ་བ་ཆེ།། དགའ་བ་ཆེན་པོ་དགུ་བ་ཆེ།། ཁོང་ཁྲོ་ལྷ་མིན་ཡུལ་ལུས་གྲོལ།། ཐོགས་མེད་ཕྲ ་དོག་ལམ་དུ་བྱ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། ཕྲག་དོག་ལྷའི་གནས་ལས་གྲོལ།། རིགས་སྔགས་བདེ་གཤེགས་སྐུར་སྣང་བ།། སྟོང་པ་རྡོ་རྗེ་སེམས་དཔའི་སྐུ།། གསལ་བ་རྣམ ་པར་སྣང་མཛད་ཉིད།། བདེ་བ་སྣང་བ་མཐའ་ཡས་ལ།། མི་འགག་པ་ནི་རིན་ཆེན་འབྱུང་།། ཐོགས་མེད་དོན་ཡོད་གྲུབ་པ་ཉིད།། རིགས་ལྔའི་སངས་རྒྱས་འདི་དག་རྣམས།། སེམས་ཉིད་ངང་དུ་སྣང་བ་ཡིན།། ཡུམ ་ཆེན་ལྔར་ནི་སྣང་བ་ཡང་།། སྟོང་པ་ནམ་མཁའི་དབྱིངས་ཕྱུག་མ།། གསལ་བ་ས་ནི་སངས་རྒྱས་སྤྱན།། བདེ་བ་མེ་ནི་གོས་དཀར་མོ།། མི་འགག་ཆུ་ནི་མ་མ་ཀི། ཐོགས་མེད་རླུང་གི་དམ་ཚིག་སྒྲོལ།། སེམས་དཔའ ་སེམས་མའི་ཚོགས་ཆེན་ནི།། སྲས་ཀྱི་ཚོགས་སུ་སྣང་བ་ཡང་།། སྟོང་པ་ཁྲོ་བོ་སྒྲོལ་བར་སྣང་།། གསལ་བ་སའི་སྙིང་པོ་ལ།། བདེ་བ་སྤྱན་རས་གཟིགས་དབང་ཉིད།། མ་འགག་ནམ་མཁའི་སྙིང་པོ་དང་།། ཐོགས་མེད ་ཕྱག་ན་རྡོ་རྗེའོ།། སྟོང་པ་གཤིན་རྗེ་ཁྲོས་པ་ཉིད།། གསལ་བ་ལྷ་མོ་སྒེག་མོ་ལ།། བདེ་བ་པི་ཝང་ཀླུ་ལེན་མ།། མི་འགག་མི་ཕྲེང་བ་མ།། ཐོགས་པ་མེད་པ་གར་མཁན་ཉིད།། སྟོང་པ་ཁྲོ་བོ་སྟོབས་པོ་ཆེ།། གསལ་བ ་བྱམས་པའི་སྐུ་རུ་སྣང་། མི་འགག་སྒྲིབ་པ་རྣམ་པར་སེལ།། ཐོགས་པ་མེད་པ་འཇམ་དཔལ་ཉིད།། སྟོང་པ་ཁྲོ་མོ་སྟོབས་ཆེན་མ།། གསལ་བ་ལྷ་མོ་སྤོས་མ་ཉིད།། བདེ་བ་ལྷ་མོ་མར་མེ་མ།། མི་འགག་པ་ནི་མེ་ཏོག་མ།། ་ཐོགས་པ་མེད་པ་དྲི་ཆབ་མ།། སྟོང་པ་རྟ་མགྲིན་ཆེན་པོ་ལ།། གསལ་བ་རྟ་མགྲིན་ཡུམ་ཡིན་ཏེ།། བདེ་བ་བདུད་རྩི་འཁྱིལ་བ་ལ།། མི་འགག་པ་ནི་ཡུམ་དུ་གནས།། ཐོགས་པ་མེད་པ་སྒོ་བའི་ལས།། སྟོང་པ་ལྷ་དང་ལྷ ་མིན་ཐུབ།། གསལ་བ་མའི་ཐུབ་པ་སྟེ།། བདེ་བ་ཡི་དྭགས་ཐུབ་པ་ལ།། མི་འགག་པ་ནི་བྱོལ་སོང་ཐུབ།། ཐོག་མེད་དམྱལ་བའི་ཐུབ་པའོ།། སྟོང་པ་ཀུན་ཏུ་བཟང་པོ་ལ།། གསལ་བ་ཀུན་ཏུ་བཟང་མོ་སྟེ།། བདེ་བ་ཡབ ་ཡུམ་འདུ་འབྲལ་མེད། མི་འགག་དཀྱིལ་འཁོར་ལྷ་ཚོགས་རྣམས།། ཐོགས་པ་མེད་པར་འབྱིན་པའོ།། སྟོང་པ་རྣམ་ཤེས་ཕུང་པོ་ལ།། གསལ་བ་གཟུགས་ཀྱི་ཕུང་པོ་ཉིད།། བདེ་བ་འདུ་ཤེས་ཕུང་པོ་ལ།། མི་འགག་པ ་ནི་ཚོར་བ་སྟེ།། ཐོགས་པ་མེད་པ་འདུ་བྱེད་དོ།། སྟོང་པ་ལུས་ཀྱི་དབང་པོ་ལ།། གསལ་བ་མིག་གི་དབང་པོ་ཉིད།། བདེ་བ་ལྕེའི་དབང་པོ་ཉིད།། མི་འགག་པ་ནི་སྣང་ཡིན་ལ།། ཐོགས་པ་མེད་པ་རྣ་བའོ།། སྟོང་པ་ཉིད ་ལ་གསལ་བ་འཚེར།། བདེ་བ་མཆིན་པ་མི་འགག་མཁལ།། ཐོགས་པ་མེད་པ་གློ་བའོ།། སྟོང་པ་རང་བྱུང་ཡེ་ཤེས་རྩ།། གསལ་བ་རྩ་བཞི་འདུས་པའི་མདོ།། བདེ་བ་རང་རྒྱུད་ལས་ཀྱི་རྩ།། མི་འགག་རང་བྱུང་ཆོས ་ཉིད་རྩ།། ཐོག་པ་མེད་པ་ཡོན་ཏན་རྩ།། སྟོང་པ་ནམ་མཁའི་དྲངས་འགས་འབྱེད།། གསལ་བ་སའི་དྲངས་མའི་རྩ།། བདེ་བ་མེའི་དྲངས་མ་ལ།། མི་འགག་ཆུའི་དྲངས་མ་དེ། ཐོགས་མེད་རླུང་གི་དྲངས་མར་ཤར།། ་སྲོག་འཛིན་རླུང་ཡིན་ལ།། གསལ་བ་ས་དང་འདྲེས་པའི་རླུང་།། བདེ་བ་མེ་དང་དྲོད་མཉམ་ལ།། མི་འགག་ཆུ་དང་འགྲོགས་པའི་རླུང་།། ཐོགས་མེད་རླུང་གི་རླུང་དུ་བཤད།། སྟོང་པ་ལུས་ལ་ནམ་མཁའི ་རླུང་།། གསལ་བ་སྣ་ལ་སའི་རླུང་།། བདེ་བ་མིག་ལ་མེའི་རླུང་།། མི་འགག་ལྕེ་ལ་ཆུའི་རླུང་།། ཐོག་མེད་སྣང་བར་རླུང་གི་རླུང་།། སྟོང་པ་ནམ་མཁའི་རྩ་གསུམ་ཉིད།། ཉི་མ་ཟླ་བ་ར་ཧུ་ལ། གསལ་བ་སྤྲུལ་པའི་དཀྱིལ ་འཁོར་ལ།། བདེ་བ་མགྲིན་པར་ལོངས་སྤྱོད་པས།། མི་འགག་སྙིང་ཁར་ཆོས་འཁོར་ཉིད།། ཐོགས་པ་མེད་པ་བདེ་ཆེན་སྤྱི།། གནས་པ་རྩའི་དཀྱིལ་འཁོར་གྱིས།། ལུས་ཀུན་ལ་ནི་ཁྱབ་པར་གནས།། སྟོང་པ་བྱང་ཆུབ ་སེམས་ཡིན་ལ།། གསལ་བ་དྲི་ཆེན་བདུད་རྩིར་གནས།། བདེ་བ་པདྨ་རཀྟ་ཉིད།། མི་འགག་ཤེ་ཆེན་དམ་རྫས་ལ།། ཐོགས་མེད་དྲི་ཆུར་གནས་པ་རྣམས།། སངས་རྒྱས་རིགས་ལྔའི་དམ་རྫས་དེ། ཁམས་ཀྱི་བདུད་རྩི ་ཆེན་པོ་ཉིད།། རྣལ་འབྱོར་འདུས་པ་ཀུན་རྫོབ་གནས།། སྟོང་པ་མིའི་ཤ་རུ་བཤད།། གསལ་བ་གླང་པོའི་ཤ་ཡིན་ལ།། བདེ་བ་བ་གླང་ཤ་ཡིན་ཏེ།། མི་འགག་པ་ནི་རྟའི་ཤ། ཐོགས་མེད་བྱའམ་ཁྱི་ཤར་བཤད། ཁམས ་དགུ་འདུས་པ་དྭངས་མ་ནི།། རྣལ་འབྱོར་པ་ཡིས་ཉམས་སུ་བླངས།། བདུད་རྩི་གཏོར་མའི་མཆོད་པ་ནི།། རིག་འཛིན་བཀའ་སྲུང་ཞི་ཁྲོ་མཆོད།། དེ་ནས་གདམས་ངག་གདབ་པར་བྱ།། སྟོང་པ་ཧཱུཾ་གི་རང་བཞིན་ལ།། ་གསལ་བ་ཡི་གེ་ཨོཾ་ཡིན་ཏེ།། བདེ་བ་ཨའི་རྣམ་པ་ལ།། མི་འགག་པ་ནི་སྭ་རུ་གནས།། ཐོགས་པ་མེད་ཡི་གེ་ཧ།། སྟོང་པ་ལྷ་དང་ལྷ་མ་ཡིན།། ཨ་དཀར་སུ་སེར་གནས་པ་ཡིན།། གསལ་བ་བྱོལ་སོང་དུང་ཁའི་དུ།། ་བདེ་བ་ཡི་དྭགས་ཏྲི་དམར་ལ།། མི་འགག་མིའི་ནི་ལྡང་དེ།། ཐོགས་མེད་དམྱལ་བའི་དྲི་ནག་པོ།། སྟོང་པས་ཉམས་ནི་སེམས་ལ་འཆར།། གསལ་བས་གར་ནི་ལུས་ལ་འཆར།། བདེ་བས་སྔགས་ནི་ངག་ལས་འཆར།། ་མི་འགག་མཐོང་སྣང་ཡུལ་ལ་འཆར།། ཐོགས་མེད་བག་ཆགས་རྨི་ལམ་འཆར།། རྣལ་འབྱོར་ཉམས་ནི་སྣང་བ་ཡིན།། ཐམས་ཅད་མ་ལུས་འཁོར་འདས་ཀྱིས།། ཉམས་སྣང་འདི་རུ་འདུས་པར་བཤད།། སྟོང་པས ་ཐུགས་ཀྱི་མངོན་ཤེས་དང་།། ལས་ཀྱི་མངོན་ཤེས་འཆར་བ་ཡིན།། གསལ་བས་ལུས་ཀྱི་རྫུ་འཕྲུལ་འཆར།། བདེ་བས་སྤྱན་གྱི་མངོན་ཤེས་འཆར།། མི་འགག་གནས་ཀྱི་མངོན་ཤེས་དང་།། ཐོག་མེད་སྙན་གྱི་མངོན ་ཤེས་དང་།། མངོན་པར་ཤེས་པ་རྣམ་དྲུག་གི། གདུལ་བྱ་ཡུལ་དུ་གཟིགས་པ་ཡིན།། སྟོང་པས་ཆོས་ཀྱི་སྐུ་ཡིན་ཏེ།། གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ།། བདེ་བས་ལོང་སྐུ་ཡུལ་དང་ལྡན།། མི་འགག་སྤྲུལ་པའི ་སྐུ་རུ་སྣང་།། ཐོགས་པ་མེད་པས་འགྲོ་དོན་མཛད།། སྟོང་པས་ཆོས་དབྱིངས་ཡེ་ཤེས་ལ། གསལ་བ་མེ་ལོང་ལྟ་བུ་སྟེ།། བདེ་བས་སོ་སོར་རྟོག་པ་ལ།། མི་འགག་པས་ན་མཉམ་པ་ཉིད།། ཐོགས་མེད་བྱ་བ་གྲུབ ་པའོ།། སྟོང་པས་རྟག་པའི་མཐའ་དང་བྲལ།། གསལ་བས་ཆད་པའི་མཐའ་དང་བྲལ།། བདེ་བས་རྟག་ཆད་གཉིས་སུ་མེད།། མི་འགག་མེད་པའི་མཐའ་དང་བྲལ།། ཐོགས་མེད་ཡོད་པའི་མཐའ་དང ་བྲལ།། སྟོང་པ་ཡུལ་ཉིད་སྣང་སྟོང་དང་།། གསལ་བ་སེམས་ཉིད་གསལ་སྟོང་དང་།། བདེ་བས་ལུས་ཉིད་བདེ་སྟོང་དང་།། མི་འགག་སྟོང་པར་མི་གནས་ཏེ།། ཐོགས་མེད་སྣང་བ་མཐར་ཟུག་མེད།། སྟོང་པ་ཡུལ་ལས ་གྲོལ་བ་དང་།། གསལ་བ་སེམས་ལས་གྲོལ་བ་དང་།། བདེ་བ་ལུས་ལས་གྲོལ་པ་སྟེ།། མི་འགག་སྟོང་པ་སྦྱང་པ་ཡིན།། ཐོགས་མེད་སྣང་བ་ཨ་མཐས་མིན།། སྟོང་པ་ཁུར་རྣ་ཉེ་བར་ཞི།། གསལ་བ་རྡོ་རྗེ་ཁྲོ་གདེང ་མ།། བདེ་བ་རོ་ཟན་ཤན་ཏིང་ཉིད།། མི་འགག་གཙུག་གི་རྒྱན་ཅིག་མ།། ཐོགས་མེད་ལུང་གི་གཤོག་པ་ཅན།། སྟོང་པ་རྡོ་རྗེ་མཆུ་ཅན་གྱིས།། ཐོག་དང་འདྲ་བའི་མན་ངག་ཡིན།། གསལ་བ་འདབ་ཆགས་རྒྱལ་པོ་ཡིས།། ་ཁྱུད་དང་འདྲ་བའི་གདམ་ངག་ཡིན།། བདེ་བ་ཚང་མ་དུང་འགྲིན་མ།། མི་འགྱུར་གསེར་གྱི་གདམ་ངག་ཡིན།། མ་འགག་པར་ནི་འཆར་བ་ཡང་།། སྐར་མདའ་ལྟ་བུའི་གདམ་ངག་ཡིན།། ཐོགས་པ་མེད་པར་འབྱུང་བ ་ནི།། གངས་ལ་ཉི་མ་ཤར་བ་ཡིན།། སྟོང་པ་ངོ་སྤྱོད་ཡུལ་བཞིན་བདེན།། མ་ཧཱ་གོ་ཡའི་ངོ་སྤྲོད་དང་།། ཨ་ནུ་ཡོ་གའི་ངོ་སྤྲོད་དང་།། ཨ་ཏི་ཡོ་གའི་ངོ་སྤྲོད་དང་།། སྐུ་གསུམ་དབྱེར་མེད་ངོ་སྤྲོད་བཞིན།། བདེན་བཞི་ཚུལ ་གྱི་རྣམ་པ་ཅན།། གསལ་བ་ངོ་སྤྲད་བརྡ་བཞི་སྟེ།། ལོངས་སྐུ་འདྲ་འབག་ཕྱེད་སྐུར་སྤྲད།། སྦྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་སྤྲད།། ཆོས་སྐུ་རིན་ཆེན་མེན་ཤེལ་སྤྲད།། འདུ་འབྲལ་མེད་པ་ཉི་མ་ཡི།། སྙིང་པོ་ཉིད་ལ་སྤྲད་པར ་བྱ།། བརྡ་དང་ངག་གིས་བསྟན་པ་ནི།། ཤེས་པ་བརྒྱད་པོ་རྟོགས་པ་འཆང་།། བདེ་བ་སྤྲད་པའི་དགོངས་པ་ནི།། སྐུ་གསུམ་འདུ་འབྲལ་མེད་པ་ཡིས།། བག་ཆགས་སྦུབས་ཀྱི་དགོངས་པ་མཆོད།། ལོངས་སྐུས་ལྔ་ལྡན ་དགོངས་པ་ཆོད།། སྦྲུལ་སྐུས་རྫོགས་ལྡན་དགོངས་པ་ཆོད།། ཆོས་སྐུས་རྫོགས་ལྡན་ཆེན་པོ་ཆོད།། བདེ་ལྡན་རྣམ་པ་བཅུ་གཉིས་ལྡན།། མི་འགག་པ་ལ་སྤྲད་པའི་སྐྱོན།། སྔར་འདྲིས་མི་བཞིན་མི་རྟོགས་པས།། སྐྱོན ་བཞི་དག་དང་ལྡན་པས་ན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། ཐོགས་པ་མེད་པས་མཐའ་བཞི་བྲལ།། རྟག་མཐའ་དང་ནི་ཆད་མཐའ་དང་།། ཡོད་མཐའ་དང་ནི་མེད་མཐའ་དང་།། མཐའ་བཞི་དག་དང་བྲལ་བ་ནི།། ་རྣམ་པ་ཉི་ཤུ་བྱང་ཆུབ་པ།། ངོ་སྤྱོད་རྟོགས་པ་ཐོབ་པ་ཡིན།། ངོ་བོས་སྟོང་པ་ཡི་གེ་ཨེ།། རང་བཞིན་གསལ་བས་ཡི་གེ་བཾ།། རྣམ་པ་བདེ་བ་ཡི་གེ་མ།། ཡོན་ཏན་མི་འགག་ཡི་གེ་ཡ།། འཕྲིན་ལས་ཐོགས་པ་མེད་པས ་ཁྱབ།། སྟོང་པས་ཨེ་ནི་ཆོས་ཀྱི་དབྱིངས།། གསལ་བས་བམ་ནི་སྟོན་པར་བཤད།། བདེ་བས་མ་ནི་འཁོར་དང་ལྡན།། མ་འགག་པ་ནི་བསྟན་པ་དེ།། ཐོགས་པ་མེད་པར་ཡོངས་ལ་སྤྲོ།། ཕུན་སུམ་ཚོགས་པས་རྒྱུད་ཀུན ་གསལ།། ཡི་གེ་བཞིའི་མཐུ་ལས་བྱུང་།། སྟོང་པས་ཨེ་ནི་ཆོས་ཀྱི་དབྱིངས།། བཞི་སྣང་ཆེན་པོའི་གནས་ལུགས་ཡིན།། གསལ་བས་བམ་ནི་རྩལ་དུ་ཤར།། རྟོགས་དང་མ་རྟོགས་འཁོར་འདས་འབྱུང་།། ་སངས་རྒྱས་སེམས་ཅན་རྒྱབ་གྱེས་སོ།། བདེ་བས་མ་ནི་ལམ་དུ་བཤད།། ལྟ་བ་སྒོམ་པ་སྤྱོད་པ་ཡིན།། ལམ་ལ་བསྐྱོད་མེད་དོན་གྱིས་འདུག། མི་འགག་པ་ནི་འབྲས་བུ་ཉིད།། ཐོགས་མེད་ཚེ་གཅིག་སངས་རྒྱས་ཐོབ།། ་ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད་ལས།། ཡེ་ཤེས་ནམ་མཁའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འཁོར་ཚོགས་དཔག་མེད་པས།། སྟོན་པ་ལ་ནི་རབ་ཏུ་བསྟོད།། མཛོད་ཆེན་དྲུག་གིས་དགོངས་པ་ནི།། ་མཛོད་དང་བརྡ་སྒྲ་ངས་རྒྱུད་བསྐོར།། རྩ་རྒྱུད་གསང་བའི་འཁོར་ལོ་དང་།། ཐུགས་རྗེ་ཆོས་དང་བཤད་རྒྱུད་རྣམས།། ཅིག་ཤེས་ཀུན་གྲོལ་མཛོད་དུ་ཐིམ།། ཁྱབ་བདག་ཁྱོད་ལ་ཕྱག་འཚལ་བསྟོད།། ཞེས་བྱས་ནས ་སྟོན་འཁོར་ཆོས་ཉིད་དུ་ཐིམ་མོ།། སེམས་ཕྱོགས་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད།། ཡེ་ཤེས་ནམ་མཁའ་ལས།། རྗེས་སུ་ཡིད་རང་བའི་ལེའུ་སྟེ་བརྒྱད་པའོ།། །། ཡེ་ཤེས་ནམ་མཁའ་མཛོད་ཀྱི་རྫོགས་སོ།། ་།། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་།། ལོ་ཙཱ་བ་སྟེགས་ཛྙཱ་ན་ཀུ་མ་ར་དང་། སྐ་ཅོག་གི་བསྐུར་བའོ།། མངྒ་ལཾ།། ། བཀྲ་ཤིས་སོ།། ། ་བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པའི་རྒྱུད་ཅེས་བྱ་བ་བཞུགས་སོ།། @##།། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨ་ཏི་བྷྲ་མ་ཧཱ་མ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པ་ཞེས་བྱ་བ། བཅོམ ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བདག་མེད་གཉིས་མེད་ཡེ་ཤེས་སངས་རྒྱས་པས།། ཞེན་པ་བཟློག་ཕྱིར་རྐྱེན་བཤད་བསམ་ཡས་ཀྱང་།། ཆོས་ཉིད་ངང་ལ་བརྗོད་བྱ་རྗོད་བྱེད་མེད།། རྟོག ་དང་ལྟ་སྒོམ་ལ་སོགས་པའི།། བསླབ་པ་མ་ལུས་ཀུན་འཇིག་པ།། གསང་བའི་བསླབ་པ་ཡིན།། རྟོག་པ་ལ་སོགས་སུ་འདོད་པ།། དེ་ལ་དེ་གསོག་ནམ་ཡང་མེད།། སྐྱེས་ན་འགག་ཅིང་འགག་ན་སྐྱེ།། དེ་ནི་བདག་བཅས ་འཁྲུལ་པའི་བློ།། བདག་མེད་གང་སྐྱེ་སྐྱེ་རྒྱུ་ཅིང་།། མི་སྐྱེ་མི་འགག་ཅིར་མི་རིག། བུས་པ་མ་རབས་རྟོགས་པར་འདོད།། གང་གིས་གང་རྟོགས་ཇི་ལྟར་རྟོགས།། རྟོག་པ་བདག་མེད་སྐྱེ་མེད་ཅིང་།། བདག་སྐྱེ་འཁོར་བ ་ཅི་ཕྱིར་མིན།། བློ་དང་བློ་ཡུལ་མ་ཡིན་པའི།། འཁོར་བ་སྐྱེ་འགག་རྒྱུ་ཅི་ཞིག། དེ་བས་རྟོགས་པས་འཁོར་བར་འཆིངས།། ཤེས་རྟོགས་ལྟ་བུའི་སྡིག་པ་ནི།། སྟོང་གསུམ་མ་ལུས་སྲོག་གཅད་པས།། སྡིག་པས་དེ་བརྟུལ ་ཆར་མི་ཕོད།། ལྷ་སྒོམ་འབྲས་བུ་དེ་དང་མཚུངས།། རྟོག་བྱ་རྟོག་བྱེད་གཉིས་མེད་ཅིང་།། རྟོགས་ལྷ་ལ་སོགས་མི་སྐྱེ་ན།། དགོས་ཆེད་རྐྱེད་དུ་དེ་བསོགས་གསུངས།། མ་རྟོགས་མ་བསྒོམས་མ་ཤེས་ན།། རྡོ་རྗེ་ཀུན་ཏུ ་བཟང་པོ་ཡིན།། བདག་མེད་དམིགས་དང་རྣམ་ཤེས་ཇི་ལྟར་སྐྱེད།། དྲན་བྱ་དྲན་བྱེད་མེད་དེ་ཤེས་དང་མི་ཤེས་བྲལ།། རྟོགས་བྱ་རྟོགས་བྱེད་མེད་དེ་དགོས་ཆེད་དེ་རྟོགས་བརྗོད།། རྟོགས་པ་མ་སྐྱེས་པ ་ནི་རྟོགས་པའི་མཆོག། འཆིང་གྲོལ་མེད་པ་གྲོལ་བའི་དམ་པ་ཡིན།། བཅིངས་ན་གྲོལ་ཞིང་གྲོལ་ན་འཆིང་།། ཡུལ་སེམས་གཉིས་སུ་མེད་པ་ནི།། བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས།། ཡུམ་སེམས་གཉིས་སུ ་འདོད་པ་དང་།། ཡུལ་མེད་སེམས་ལ་གསལ་སྟོང་དང་།། ཡོད་མེད་རྟག་ཆད་འཁྲུལ་པའི་སེམས།། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ།། མ་འཁྲུལ་དགོས་ཆེད་གཉིས་ཡོད་འཁྲུལ།། དེ་དེ་ཉིད་དེ་དགོས་ཆེད་ཀྱིས།། ་དེ་མཚོན་འཁྲུལ་པ་བློ་བུར་དང་།། མེད་པ་དང་ནི་ཅིར་མི་རུང་།། སྐབས་ཀྱི་རེ་ཤིག་བརྗོད་པར་ཟད།། ཡུལ་སེམས་གཉིས་སུ་མེད་པ་ན།། དེ་མིན་ཆོས་མེད་གཉིས་སུ་མེད།། སྣོད་བཅུད་རབ་འབྲིང་ཐ་མ་ཡིས།། ་ཤད་དུ་ཡོད་དང་བཤད་དུ་མེད།། བཤད་བྱ་བཤད་བྱེད་གཉིས་སུ་མེད།། རྟོགས་སུ་ཡོད་དང་རྟོགས་སུ་མེད།། རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད།། སྒོམ་སྤྱོད་འབྲས་བུ་ལ་སོགས་མཚུངས།། བྱ་བ་མེད་པས་གྲོལ ་བ་གྲོལ།། བྱ་མེད་ལྷུན་གྲུབ་རྫོགས་པ་ཆེ།། རྟོག་སྒོམ་འབྲས་བུ་འདོད་པ་དང་།། ཐར་པ་འདོད་པའི་ཡིད་ཅན་ལ།། བྱང་ཆུབ་ནམ་ཡང་ཡོད་མ་ཡིན།། རྡོ་རྗེ་སེམས་དཔའི་གསང་བའི་ཐིགས་པ་འདི།། དགའ་རབ་རྡོ ་