| Wylie | e-texts produced with BDRC’s OCR application |
པའི།། ཞལ་མཐོང་འདི་དང་གཉིས་སུ་མེད།། བྱས་མེད་སྣང་བའི་རྩལ་ཆོད་པས།། ད་ནི་སྦྱང་བྱའི་རྟོགས་པ་འགགས།། དེ་ནི་མི་འགྱུར་ལམ་ཟིན་པས།། སངས་རྒྱས་རྣམས་ཀྱི་མ་བྱས་པའོ།། ཡང་ཉོན་སེམས་དཔའ ་ཆེན་པོ་ཁྱོད།། དེ་ལ་ངེས་པ་མ་ཐོབ་ན།། ཕྱི་ནང་འདུས་པའི་སྣང་བ་ལ། རང་དབང་བྱས་ལ་ཕྱོགས་གནད་བསྒྱུར།། འདི་ལྟར་བྱས་པས་སྤྱོད་པ་ནི།། སེང་གེ་བུ་བཞག་ལྟ་བུ་ལ།། ཕྱོགས་དང་འཛིན་པ་མེད་པར་རྒྱུ།། ་འདི་ལ་ལས་དང་བག་ཆགས་ཀྱིས།། ཉོན་མོངས་འགྱུར་བའི་རྟ་ཆད་ནས།། འགྲོ་དང་འོང་བའི་ལམ་དང་བྲལ།། བེམ་པོ་འདུས་པའི་གཟུགས་རྣམས་ལ།། བླང་བའི་བྱ་སྟེ་བཞག་པ་སྨིན།། དེ་ལ་སེམས་ཀྱི་མ་ཡངས ་ན།། སེམས་འདུས་རྟོག་པ་ཁྲེགས་ཀྱིས་ཚད།། དྲན་པ་འདུས་པའི་ཕུང་པོ་གང་།། དེ་ཉིད་གང་བྱུང་སར་གཞག་ན།། སྡུག་བསྔལ་འདུས་པའི་ཕུང་པོ་ཞིག། སླར་ལ་བླང་བའི་ས་མེད་པ།། ཡང་ནི་མིག་གིས ་གཟུགས་ཤེས་ནས།། སྟོང་པའི་ཆོས་ལ་འདིས་ལོངས་སྤྱོད།། དེ་ལྟར་འདོད་ཡོན་བརླབས་བཅད་ནས།། རྫོགས་པས་འདི་ལས་བཤད་དུ་མེད།། སྨྲ་མེད་བསམ་པའི་གཞི་ཟད་པས།། དུས་གསུམ ་འབྲལ་བ་མེད་པ་ཡི།། གྲོགས་འདི་གཞན་དང་མཉམ་པ་མིན།། གོང་ན་མེད་པའི་སྒྲ་དང་དྲི།། རོ་དང་རེག་པའི་དངོས་པོ་སྟོར།། རྙེད་པའི་མཆོག་སྟེ་དགོས་འདོད་ཕྲད།། འདི་ནི་འཆོས་མེད་སེམས་ཟད་པས།། སེམས ་འདུས་ཡིད་ཀྱི་སྤྱོད་པ་ལས།། འདི་ནི་ཅུང་ཟད་ཙམ་ཐལ་ལོ།། རྒྱལ་བས་འཕམ་པའི་ལམ་གསལ་ནས།། བྱས་ནས་བྱུང་བ་དུམ་བུར་ཆོད།། འདིས་ནི་འཁོར་བའི་མཐའ་མཆོད།། དེ་ཆོད་ཡུལ་ལ་ཕར་སྤྱོད་པས།། སྦྱང ་བྱ་སྦྱོར་བའི་གཞི་མེད་པས།། ཐེག་པ་རྣམས་ལས་དྲིས་པ་མེད།། འདི་ནི་རིང་ཐུང་གི་འདུས་ཏེ། སེམས་ཀྱི་ཡུལ་དེ་བཙལ་བས་ནི།། སྡུག་བསྔལ་རྣམས་ཀྱི་རྩ་བ་ཆོད།། བྱ་བ་མ་ཡིན་དུ་མཚུངས་པས།། འཁྲུལ་གཞི ་དག་པའི་མེ་ལོང་མཐོང་།། དེ་མཐོང་སྡེ་སྣོད་ཆོས་རྣམས་ཤེས།། ལོ་རྒྱུས་ཆེན་པོ་རྨད་བྱུང་བས།། མ་བྱས་ཐོས་བསམ་གཞི་ལ་རྫོགས།། སྒྲིབ་བྲལ་བདེ་བའི་ལུས་ཐོབ་ནས།། འཇིག་པ་བརྒྱད་ལས་འཇིག་མེད་པར།། ་སླར་ན་གཞན་གྱིས་རྣམས་འཇོམས།། འདི་ལྟར་སྤྱད་པར་འབྲལ་མེད་པའི།། མཐལ་ལ་ཆུད་ན་ལྡོག་པ་མེད།། སྤྱོད་པས་ཕ་རོལ་བདེ་ཐོབ་ནས།། སྡུག་བསྔལ་ཕྱག་མས་འདེབས་པའོ།། བསྐལ་པར་བསགས་པའི ་ལས་ཀྱི་མཐའ།། འདིར་སྤྱད་གཞན་ལ་མ་ལྟོས་པས།། རང་གི་ཤུག་ལ་རང་ས་ཟིན།། འདི་ལ་གང་གིས་རླགས་མ་རྙེད།། སྲ་བའི་གོས་གོན་མགོན་ནུས་ཟད།། འཁོར་དང་འདས་པའི་འབྲེལ་གཅད་པས།། སྔོན་གྱིས ་ཡུལ་ཡང་ད་ལྟ་མཐོང་།། རྡོ་རྗེ་འཛིན་པ་ཞེས་བྱ་བ།། སྔགས་ཀྱི་ཐེག་པའི་མཐར་ཐུག་པའོ།། ལམ་འབྲེལ་དུས་ཀྱི་གནས་ཤེས་པས།། འདི་ལ་སྤྱད་དང་སྤྱོད་པས་སྟོངས།། རང་བཞིན་མི་གནས་སོས་དལ་བས།། ་བདག་རྣམས་ཀྱི་ཁོག་པ་སྟོངས།། འཁོར་རྐྱེན་རྒྱུ་འབྲས་རྩ་བ་རུལ།། འདི་ལ་ལོ་འདབ་སྐྱེ་མི་སྲིད།། དེ་ན་ངས་ནི་ང་རང་མཐོང་།། སངས་རྒྱས་རྣམས་ཀྱི་སྤྱོད་པ་ནི།། བྱ་བའི་གཞི་མེད་བྱེད་མེད་པས།། འདི་ལ་འདས ་པའི་ལམ་བྲལ་ཏེ།། འབྲས་བུ་རྣམས་ཀྱི་རེ་གནས་པ།། སྟོང་མིན་སེམས་ཀྱི་གོམས་སྦྱང་ནས།། ངོ་ཤེས་འདི་ལ་འདོད་བྲལ་བ།། ནོར་མེད་ལོངས་སྤྱོད་ཆེན་པོ་ལ།། བྱ་བྲལ་གནས་པའི་སྙིང་པོའོ།། །། བལྟས་པས ་དུས་གསུམ་དུས་ཅིག་གསང་།། ལྟ་བའི་ཡུལ་མཐོང་ལྟ་མཁན་མཐོང་།། སྟོས་བཅས་རང་དག་ཟག་པ་མེད།། འབྱུང་བའི་ལུས་ཟད་ཉོན་མོངས་སྟོངས།། དེ་ཡི་ཡུལ་ལ་བསམ་མི་ཁྱབ།། བསམ་མི་ཁྱབ་པས་བསམ ་མེད་ལ།། བྱས་མེད་བྱུང་མེད་འགྲོ་ས་མེད།། ང་མེད་གཞན་མེད་འཁྲུལ་པ་མེད།། མཐོང་དུ་མེད་པའི་གཞི་ལ་མཐོང་།། རྒྱུན་ཆད་སྐྱེན་འགག་འབྲས་བུ་ཀླག། འགྲོ་འོང་ལས་ཀྱི་འཁྲུལ་ཕྱུག་མེད།། དེ་དོན་སེམས་ལ ་རང་གཞག་པའོ།། དེ་ལྟར་གསུམ་ཤེས་གཉིས་མེད་ལ།། གཞི་སོགས་གྲངས་ཀྱི་མཐའ་མེད་པས།། གསུམ་ལ་འཁྲུལ་ས་རང་གཞག་པས།། འགྱུར་ཞིང་འཕྱུག་པ་མེད་པར་བསྡམས།། འཁྲུལ་དུ་མེད ་པས་ཅིག་ཤེས་པ།། གཉིས་སུ་འཛིན་པ་མ་སྲིད་པས།། འཁྲུལ་ཞེས་འཁྲུལ་པའི་སྡེང་གཞག་པས།། བྱ་བྱེད་ཐམས་ཅད་རྒྱུན་ཆད་དོ།། སེམས་དཔའི་ས་ནི་ཡང་གསོལ་པ།། འཁོར་བའི་སྙིང་པོ་དེ་ལྟར་ན།། རང་བཞིན ་ཇི་ལྟར་རྣམ་པར་དག། འདི་ཉིད་སྟོན་པས་ཡང་གསུངས་ཅིག། དེ་ནས་རྡོ་རྗེ་འཆང་བ་ཡིས།། རང་བཞིན་གནས་པའི་ཚིག་འདི་གསུངས།། གསང་བདག་སེམས་དཔའ་ཡང་ཉོན་ཅིག། འདི་ལྟར་སྣང་དང་སྟོང་པ ་ཡིས།། བསྡུས་པའི་ཅི་ཙམ་པ།། རང་བཞིན་གྱིས་ནི་རྣམ་པར་དག། འབད་རྩོལ་དྲི་མ་ལས་འདས་པས།། སྤྱོད་བྲལ་སྒོམ་དག་ལྷ་ཡུལ་སྟོངས།། མ་བྱས་རང་གི་སར་བཞག་པས།། དེ་དག་རང་དག་བཞག་ཡས་དག། ་རྒྱུ་དག་རང་དག་འབྲས་བུ་དག། ཆོས་དག་སེམས་དག་འཁྲུལ་པ་དག། དངོས་དག་ཡུལ་དག་འགྱུར་འབྲེལ་དག། དག་ནས་སེམས་ཀྱི་སྣང་དག་པས།། དེ་རང་བཅད་པར་བྱ་བ་མ་ཡིན་ནོ།། དེ་ལྟར་དག་པའི་སྣང་བ ་ལ།། བེམས་བྱང་ལམ་དུ་བླངས་པ་ཡིས།། ས་ཆུ་མེ་རླུང་དག་པར་སྣང་།། དག་པའི་ལུགས་དང་དག་པ་ཡིས། དག་པའི་ཡུལ་དང་དག་པའི་དུས།། དག་པའི་ཚད་དང་དག་ལ་གནས།། དེ་ལྟར་བེམས་པོའི་ལམ་དུ ་ཡང་།། སུ་ཡིས་སློང་བར་ཤེས་པ་ནི།། བསླངས་པའི་ལོངས་དང་ལོངས་ལུགས་དང་།། ལེན་པའི་དུས་དང་ལོངས་པའི་ཚད།། བསླངས་པའི་འབྲས་བུ་སྐྱ་དང་སྐྱེས།། ངེས་པར་སྐྱེས་པ་རྣམས་ནས་ནི།། ཕྱི་ཡི་སྣང ་བ་ཆོས་ཀྱི་སྐུར།། གནས་པ་མཐོང་བར་འགྱུར་བས་ན།། མཐོང་བ་དེ་ལ་གང་གོམས་པ།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་མཐོང་།། འདི་ནི་མཐོང་བའི་ལམ་ལ་གནས།། འབྲེལ་པ་དག་པ་ངེས་ཐོབ་པས།། དངོས ་སུ་སྤྱོད་པ་ཉིད་ལས་སོ།། ནང་གི་སེམས་དང་སེམས་ལས་བྱུང་།། སེམས་ཀྱི་སྣང་བ་གཉིས་དག་ལ།། རང་སར་གཞག་དང་རང་གྲོལ་དང་།། རང་བྱུང་རང་ཤར་རང་གིས་ཡུལ།། རང་གི་རྩེ་ལ་རྩ་བ་བཅད།། རང ་གནས་རང་གིས་ཐོབ་པ་ལ།། སེམས་རྒྱུན་སྟོངས་དང་མེད་པ་དང་།། འགྲོ་འོང་འབྱུང་འཇུག་ཤེས་པ་ཡིས།། འགྱུ་བ་ཡལ་བའི་བར་ཕྱེ་དང་།། གཟུང་དང་བཏང་དང་གློད་པས་ཤེས།། སྦྱོར་བ་དང་ཡང་འབྲལ་བ ་དང་།། སྟོར་དང་བསྡུ་བའི་གནད་བཏུན་ནས།། སེམས་ཀྱི་མེ་ལོང་གཟུགས་བརྙན་འདྲ།། སྣང་ཡུལ་བཟུང་བར་མེད་པ་ནི།། ཡེ་ནས་དེ་ལྟར་གནས་པ་ལ།། ཤར་བ་རྣམས་ཀྱིས་ཐོག་མ་ལ།། བྱུང་བ་རྣམས་ཀྱིས་བར ་གསལ་བས།། ཤེས་པ་རྣམས་ཀྱི་ཐ་མར་སྣང་།། དེ་ཡང་འབྲས་བུའི་དུས་ལས་ནི།། གནད་ལ་ཕབ་ངེས་བཟུང་བྱའོ།། ཕྱི་ནང་བཅུད་དང་བར་བཀྲུགས་དང་།། ནང་དུ་གནད་ལ་བོར་བ་དང་།། གང་ཡུལ་གང་མཐོང ་གནས་པ།། གང་གི་མཐོང་དང་གང་གི་ཚོར།། གང་ལ་ཤར་དང་གང་ཐོབ་དང་།། འཁྲུལ་པ་རྣམས་ཀྱི་ཐ་མ་ལ།། འཁོར་བའི་ཐོག་མ་ཤེས་པས་གསལ།། སྣང་བྱེད་བསྡུ་དང་རྨུགས་པ་དང་།། ཡུལ ་ལས་དཀར་དང་གནས་སུ་བཞག། ལམ་དུ་བཞག་དང་གཞི་ལ་བསྐྱལ།། བལྟས་མཐོང་མེད་པས་སྣང་བ་ལ།། བསྒྱུར་དང་བཅད་པའི་ལས་རྣམས་འགྲུབ།། ཟས་དང་གོས་དང་འགྲོ་བའི་རྟ།། བཅུད་དུ་གྲིལ་བས་ཤེས ་བས་ན།། འགྱུར་གྱུར་ཐོབ་རྣམས་ལས་ཉིད་དང་།། ཡང་དག་པའི་ལས་ཀྱི་མཐའ།། ཁྲེགས་ཀྱི་བཅད་པས་བྱ་བ་རྫོགས།། རང་གི་དཔལ་དང་གཞན་གྱིས་བགེགས།། ཚད་ལྡན་བླ་མས་མཁྱེན་པ་ལ།། ལེགས་པར ་། བྲིས་གཅིག་དང་སེམས་ཅན་འདིས་ནི་འཁོར་བའི་ཟད་དུས་ཤེས།། བྱ་བ་རྫོགས་པའི་རྣལ་འབྱོར་པ།། དེ་ནས་གསང་བདག་སེམས་དཔའ་ཆེ།། སྟོན་པ་ཉིད་ལ་ཡང་བསྟན་པ།། ཀྱཻ་ཀྱེ་སྟོན་པ་རྡོ་རྗེ་འཆང་།། རང ་གི་གཞན་དག་པ་དེ་ལྟར་ན།། སྙིང་པོ་ལམ་དུ་ཇི་ལྟར་བསླང་།། འདི་ལྟ་བདག་ནི་ཞུ་བ་བགྱིད།། སྟོན་པས་གསུང་པ་སེམས་ཅན་ཆེ།། ཡང་ནི་འདི་ལྟར་ཡ་མཚན་ཅན།། སྙིང་པོ་ཐམས་ཅད་འདུས་པའི་གནད།། སངས ་རྒྱས་གཞན་གྱིས་མ་གསུངས་པའི།། དོན་འདི་ངས་བསྟན་ཁྱོད་ཀྱི་ཉོན།། སྤྱི་དང་རང་གི་ཁྱད་པར་ལས།། ཐོག་པ་རྣམས་ཀྱི་ཐེ་ཚོམས།། འདི་ལས་བྱས་བྱུང་མེད་རྟོགས་པའི།། སེམས་ལས་གྱུ་ཡང་ཟད་ན།། སེམས ་ཀྱི་འགྱུས་གཞིག་པ་དང་།། དེ་ཡིས་རྗེས་ལ་གར་སོང་གནས།། སྙིང་པོ་འདུས་པས་སྤྲོས་ཟད་པ།། ཚིག་ལ་གནས་པ་མེད་པ་ནི།། གནས་པའི་དུས་ན་གློད་པ་ཡིས།། རླུང་ལ་མཁས་པ་ཁོ་ནའོ།། དྲན་པ་འགྱུས་པའི ་སྙིང་པོ་ནི།། རང་སོར་གཞག་པ་ཁོ་ནའོ།། ཡུལ་རྣམས་བསྡུས་པའི་སྙིང་པོ་ནི།། ཟད་ཁར་བཅད་པ་ཁོ་ནའོ།། གནས་ལུགས་བསྡུས་པའི་སྙིང་པོ་ནི།། སེམས་བྱུང་བཙལ་བ་ཁོ་ནའོ།། གྲོལ་ལུགས་བསྡུས་པའི་སྙིང་པོ ་ནི།། བྱས་པ་མེད་པ་ཁོ་ནའོ།། ཤར་ལུགས་རྣམས་ཀྱི་སྙིང་པོ་ནི།། བལྟས་པས་མཐོང་བ་ཁོ་ནའོ།། དེ་ལྟར་དེ་ནི་འབྲས་བུའོ།། ལམ་ནི་ཆེད་དུ་བྱེད་པ་དང་།། ཤུགས་ལ་བྱུང་བ་ཉིད་དང་ནི།། རང་བཞིན་གནས་པ་ཉིད ་ན་དགོ། ཆེད་ལ་ཡང་ན་བྱི་བས་བྱ་ལུས་དང་བག་དང་ཡིད་ཀྱི་ཡང་།། གནད་དང་དེའི་བྱ་བ་བླ་མའི་ལུང་གིས་ཤེས།། ལས་ནི་འདུག་དང་ལངས་པའི་ཁྱད་པར་ལས།། བྱ་བ་དང་ནི་བྱེད་པའི་ལས་ལ་བརྩོན།། ངག ་ནི་ཨ་ལི་ཀ་ལི་མཉམ་སྦྱོར་བས།། སྒྲ་དབྱངས་ཚིག་གི་འབྲེལ་གྱི་སྦྱར།། ཡིད་ནི་འཕང་དང་དགུག་དང་སྒྲོག་པ་ནི།། སོ་སོའི་དུས་དང་སྦྱར་བས་རྒྱལ་བའི་དགོངས་པ་འགྲུབ།། ཤུགས་འབྱུང་ལམ་ནི་བཞག་པ་ཙམ ་གྱིས་འགྲུབ།། དེ་ལ་འབད་ཅིང་རྩོལ་བ་རླུང་གི་སྒོ་དགག། རང་བཞིན་གནས་པའི་ལམ་ནི་འབྱུང་འགྱུར་དེ།། གཡོ་དང་འགྱུར་དང་བསྒྱུར་བའི་ལས་མཐའ་ཅན།། དེ་ལ་རང་གི་བྱ་བ་མེད་པས་ལེགས་བཞག་པའོ།། ་སློང་བའི་དུས་དང་བསླང་དང་བྱ་བའི་གནད།། འགྱུ་བའི་སེམས་ལ་མཚན་མེད་ཆོས་གསལ་བ།། གཡོ་དང་འབྱལ་དང་འཕྲིག་པའི་དུས་ཀྱི་ཤེས།། འདི་ལ་རང་བཞིན་བཞག་དང་བྱས་པའི་གནད ་གཉིས།། ལཾ་ལ་བྱུང་དང་གདེང་དུ་ཆུད་པ་ལ།། རྟོག་པའི་ལུང་དང་དེ་ཡིས་ཐ་ཡི་ཕྱེ།། གཉིས་སུ་ཡོད་དང་དེ་ཡི་ཐ་གསལ་བ།། བར་དང་དང་པོ་ཉིད་ལས་གསལ་ཕྱེ་བ།། དེའི་ལུས་དང་ཡན་ལག་སོ་སོའི་དུས།། འདི ་ལྟར་སྦྱར་རོ་རྣལ་འབྱོར་སེམས་དཔའ་ཆེ།། རིག་པ་གནས་པས་དེ་ལ་ཉེས་སྤྱོད་པ།། ལུས་ལ་གནས་དང་ཡུལ་དང་འགྱུ་བ་ལས།། རབ་དང་འབྲིང་དང་ཐ་མ་ཡི།། འཇུག་པའི་རྣལ་འབྱོར་པས་མཐོང་ན།། གང་ལ ་མཐོང་བ་ཙམ་གྱིས་འཁྲུལ་པའི་འཁོར་རྒྱུན་གཅོད།། རང་གི་གནས་པ་མིག་གི་བྱེད་པ་ཅན།། མངོན་གསུམ་པ་དང་དེ་ཡིས་འགྱུར་ཤེས་ནི།། གོམས་པའི་ཤུགས་ནི་རང་གིས་ལས་སོ།། ཡང་ནི་རྫོགས་སངས་རྒྱས་པ ་ལ།། གནས་པ་ཙམ་གྱིས་ཐིག་ལེའི་དྲིལ་ལུགས་ཞུས།། སྟོན་པས་གསུངས་པ་འདི་ལ་ལེགས་ཉོན་ཅིག། ཆོས་ཉིད་གནས་པ་ཙམ་ལས་རང་བྱིན་བརླབ་པ་ནི།། འཁྲུལ་པའི་འདུ་བྱེད་ཁྱད་པར་གནས་པ་ལ།། རྒྱ་ཡི ་གདབ་དང་ཁུང་སུ་བཅུད་པ་ཡིས།། དེ་མ་ཡིན་ལས་དེའི་སྣང་ཤར་བ།། དེ་ལ་ལུག་གནད་སེམས་གནས་མཐའ་ལ་གནས་པས་བདག། འཁོར་དུས་འབྲེལ་དུས་རང་ལ་གནས་པས་སྤྱད།། གོང་མོའི་ཟླ་མཐོང་གསང ་བས་ཆེ་བ་དང་།། དང་པོ་ལས་རྩིས་གྲངས་ཀྱི་ཆེ་བ་དང་།། ཡེ་ནས་གནས་པས་རང་བཞིན་ཆེ་བ་དང་།། སྔ་མ་ལས་འགྱུར་དོན་གྱི་ཆེ་བ་ཉིད།། རང་རིག་མཐོང་དང་གཞན་ལ་བསླབས་པ་ཡིས།། གོང་མའི་བདེ་ནས ་འོག་མའི་ཟླ་དང་བྲལ།། ཟད་ཀ་དུས་ཀྱི་འགྱུར་བ་ངེས་ཕྱེ་བས།། རྫོགས་ནས་དེ་ཡིས་དོན་ལས་ཆེན་པོར་གསལ།། འགྱུ་དང་ཡུལ་ལ་མི་གནས་ཆེན་པོ་ཉིད།། བདེ་བ་འདོད་བྲལ་ནམ་མཁའི་ཡུལ་གནས་པ།། འདི་ནི ་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ།། སྤྲོས་དང་ཟུག་རྔུ་བྲལ་བའི་ཐིག་ལེ་ལ།། འདི་ནི་གཅིག་དུང་གནས་པའི་ཟླ་དང་ཆ་ཤེས་དང་།། གཅིག་ཏུ་སྡོམས་པས་དུ་ཆོད།། འདི་ལ་མིང་གི་ཐ་རྣམས་ཟད།། འདི་ནི་ཉག་ལས ་གཅིག་ཏུ་དྲིལ།། སྤྲོས་པ་མེད་པའི་བདེ་ཆེན་གནས།། རྩ་ཡི་གནས་ནས་འཕྲ་འགྱུར་འཁྲིག། སྒྲོན་མ་ལས་ནི་དངོས་སུའོ།། ཡུལ་ལ་ཟླ་དང་བཅས་པ་ཉིད།། སྔོན་དུ་གྱུར་པས་འཕེལ་བ་རྫོགས།། འདི་ལ་ཟད་པས ་ལས་ཟད་པས། འགྱུར་བའི་རླུང་དེ་ཁྲིག་པ་ཐིག། ཁྱབ་པ་དངོས་པོ་ཐིག་ལེའི་ཡུལ།། འདི་ལས་མངས་དང་ཉུངས་པ་དང་།། འཕེལ་འགྲིབ་རྣམས་ཀྱི་དང་པོ་ལ།། བྱ་བ་བྲལ་བའི་སྔོན་དུ་ལྟོས།། འདི་ནས་ཆེད་དང ་ཡས་པ་དང་།། འབྱམས་དང་རླུང་དུ་གྱུར་པ་ལས།། སངས་རྒྱས་ཀུན་གྱིས་ཡུལ་མཐོང་བའོ།། སྒྲོན་མ་སྟོང་པས་རྣམ་པར་འགྱུར།། སེམས་ཀྱི་བྱ་བ་ལས་འདས་ནས།། བདེ་དང་སྡུག་བསྔལ་གཅིག་བྲལ་ནས།། ང་དང ་རང་བཞིན་འོད་དང་ནི།། ཁ་དོག་སོ་སོར་གསལ་བ་ལས།། རིག་པའི་དབྱིངས་དང་འབྲེལ་བས་ན།། འདི་ལ་རྣལ་པར་ཕྱེ་བ་ཡིས།། གཞི་ཡི་བྱེ་འགྱུར་མིག་དང་འབྲེལ།། ཁུང་ནི་གཞི་ལ་བྱུང་བ་ལ།། ད ་ལྟ་སེམས་ཅན་ལུས་ལ་གནས།། ལམ་ནི་འཁྲིག་པ་རྩ་ལས་ཡང་།། དུ་མ་རྩེགས་པའི་རང་བཞིན་ཅན།། འདིས་ནི་འཁོར་བའི་མུན་པ་སེལ།། དང་པོ་མེད་པས་ཡོད་པར་སྣང་།། བར་དུ་འོད་དང་ཐིག་ལེ་ཉིད།། ཐ་མ ་སྐུ་དང་ཡེ་ཤེས་སོ།། དེ་ལས་སྟོང་པར་གྱུར་པ་ལས།། ཟད་པ་རྣམས་ཀྱི་འབྲས་བུ་སྟེ།། འཁོར་བའི་ཐོག་མཐའ་དེས་ཆོད་ནས།། རྫོགས་པའི་རྩེ་མོ་མཐར་ཕྱིན་པས།། དེ་ལས་ཕྱོགས་མེད་ཐུགས་རྗེས་འཕྲོས།། ཀུན ་དོན་མ་ལུས་རྫོགས་བྱས་ནས།། རང་གི་ས་ལ་གནས་པས་སྟོང་།། ཅིག་ཆར་བ་དང་རིམ་གྱིས་སོ།། རྡོ་རྗེ་འཆང་ལ་ཡང་ཞུས་པ། རྩེ་གཅིག་པ་ལས་ཆོས་ཉིད་ལམ།། ཁྲེགས་ཀྱི་གཅོད་པ་ཇི་ལྟར་ལགས།། ཐུགས་རྗེ ་ཅན་ལ་བདག་ཉིད་ཅན།། དེ་ནས་སྟོན་པ་རྡོ་རྗེ་འཆང་།། ངེས་པའི་འབྲས་བུ་ལམ་ཞུགས་ཕྱིར།། རྩེ་གཅིག་འདུས་པའི་དགོངས་པ་གསུངས།། ཆོས་ཉིད་རྩེ་མོ་དལ་བ་ཡིས།། འཁོར་བ་འདུས་པའི་རྟོག་པ་གཅོད།། ་རང་སེམས་འདུས་པའི་རྩེ་མོ་ཡིས།། འདས་པའི་མཉམ་པའི་དོན་རྣམས་གཅོད།། རང་གནས་འདུས་པའི་རྩེ་མོ་ཡིས།། ཆོས་རྣམས་ཟད་པར་གཅོད་པར་བྱེད།། སྐུ་མེད་རང་དག་རྩེ་མོ་ཡིས།། བྱ་བྱེད་འབད་རྩོལ ་ཐམས་ཅད་གཅོད།། རྩེ་མོའི་དངོས་ལ་འོད་འཕྲོས་པས།། འཁོར་འདས་གཉིས་ཀ་དུས་གཅིག་ལ།། སྟོང་པ་རྩེ་མོ་གཅིག་པ་ལ།། རྟོག་དང་མི་རྟོགས་དུས་གཅིག་མཐོང་།། གནས་པའི་ལས་མཐའ་རྫོགས་པའོ།། ལུས ་རྫོབ་རྩ་རྣམས་འདུས་པ་ཡིས།། ལུས་ལ་གནས་དང་འཕེལ་དང་ཉམས།། འགྱུར་དང་འཇིག་དང་འཕོ་བར་བྱེད།། ཆོས་ཉིད་ཡེ་ཤེས་འཕེན་པ་དང་།། འཕང་དང་འཛིན་པ་དང་། འགྲིལ་དང་གོང་འོག་སྡེ་བ་རྣམས ་བྱེད།། དག་ལ་སྒྲ་དོན་འདུས་པ་ཡིས།། ཡིན་དང་མིན་དང་ཡོད་དང་མེད།། མཐོང་དང་མ་མཐོང་ཤེས་མ་ཤེས།། གཉིས་ལྟོས་རྣམས་ཀྱི་བྱེད་པ་ཅན།། སེམས་ལ་འཁོར་འདས་གཉིས་འདུས་པས།། སངས་རྒྱས ་སེམས་ཅན་རྒྱུ་འབྲས་དང་།། ཆོས་དང་ཆོས་མིན་རིམ་པ་དང་།། བདེ་དང་སྡུག་བསྔལ་གཞི་མ་བྱེད།། དེ་ལྟར་འདུས་པས་རྣམ་པར་གྱིས།། འདི་ལ་བསམ་གྱིས་མི་ཁྱབ་པའོ།། གང་ལ་རྟོག་པའི་མཐའ་ཤེས་ན།། དེ ་ལས་ཆོས་ཉིད་ཡུལ་གནས་པས།། འབྲེལ་པ་མེད་པའི་དོན་ཉིད་ལས།། ཆོས་དང་གང་ཟག་མཐའ་ཕྱེ་བས།། འཁྲུལ་པའི་རྟོག་པ་དུས་གཅིག་འགག། ལུས་ཀྱི་མི་རྟོགས་དེ་ལ་རྟེན་པས།། རྟོག་པ་རྣམས་ཀྱི་འབྲེལ་བ ་ཆོད།། ངག་གི་མི་རྟོག་སྨྲས་གཅད་པས།། བརྗོད་མེད་དོན་གྱི་གཞི་མ་རྙེད།། སེམས་ཀྱི་མི་རྟོག་རང་སར་བཞག། དེས་ནི་རྐྱེན་རྣམས་ཆོས་ཉིད་འགྱུར།། གསུམ་སྡོམ་སྐུ་གསུང་ཐུགས་ལ་གནས།། དེའི་འབྲས་བུ་བདེ། ་སྐངས་པའོ།། བསམ་པ་འཕྲོ་དབང་དུས་པ་དང་།། མཆེད་དང་ཡས་དང་འབར་བ་དང་།། རྟོག་དང་མི་རྟོག་འདུས་མཆེད་ཅན།། ཡུལ་ལ་འཇུག་དང་གནས་པ་དང་།། དེ་ལས་འཕྲོས་དང་མཆེད་པ ་ཡིས།། དྲན་བསམ་རྣམས་ཀྱི་གཞི་མ་བྱེད།། རང་བཞིན་འགྱུར་དང་བློ་བུར་པས།། རྐྱེན་རྣམས་དུ་མ་སོགས་པར་བྱེད།། དེ་ལས་སྡེ་སྡུག་ཕུང་པོར་འགྱུར།། འཁོར་བའི་ས་བོན་འབྲས་བུར་རོ།། དེ་ཉིད་བསྟན་པར ་འདོད་པ་ཡིས།། ཐ་མལ་སོ་སོའི་ལས་བཟློག་ཏེ།། ལུས་དང་ངག་དང་ཡིད་ཀྱི་གནད།། གཞན་ལ་བཟློག་པ་རྣལ་འབྱོར་པས།། བྱ་དང་བྱེད་པ་མེད་པ་ལས།། རང་བཞིན་དུས་ན་ཅོག་པུ་ལ།། མཚན་ཉིད་གཞི་དང ་ལྡན་པས་བྱ།། གཉིད་ལ་འཁོར་ལོ་ལྟ་བུ་ལ།། འགྲོ་ན་ནམ་མཁའ་ལྡིང་གི་ལུགས།། འདུག་ན་གཡས་དང་གཡོན་དུའོ།། བྱེ་བྲག་གཞན་ལ་མཁས་པ་ཡིས།། ཇི་ལྟར་རིག་པ་སྦྱར་བས་འགྲུབ།། ངག་ནི་རང་བཞིན་སྨྲ ་དང་བྲལ།། ཉལ་ན་ཡི་གེ་འཕྲེང་བ་བཟླས།། འགྲོ་ན་རླུང་གི་ཡི་གེ་རྟེན།། འདུག་ན་ཨ་ཡི་རྣམས་པ་ལ།། བྱེ་བྲག་གཞན་ལ་མཁས་པ་སྦྱར།། ཡིད་ནི་རང་བཞིན་ཐུན་མོངས་ལ།། གར་སོང་ཕྱི་ནང་རྗེས་རྣམས ་གཅོད།། ཉལ་ན་ཙི་ཏར་འཇུག་པར་རྨིས།། འགྲོ་ན་རྨི་ལམ་འཁའ་ལ་སྤུར།། འདུག་ན་ཐིག་ལེ་འདྲ་བར་བཞུགས།། བྱེ་བྲག་གཞན་ལ་མཁས་པ་ཡིས།། གང་ལ་མོས་པ་མན་ངག་གིས།། གནས་རྣམ་སྒྱུར་བ་རྣལ ་འབྱོར་པས།། དེ་ཡིས་དངོས་གཞི་འབྲེལ་སྦྱར་བ།། འགྱུ་བའི་ཡུལ་དབྱུང་དྲན་པ་གསད།། བསམ་པའི་ཡུལ་ལྷ་སེམས་རྒྱུན་གཏོར།། ཡུལ་དང་ཤེས་པ་སྦྱར་བས་ཤེས།། འཕྲོ་ལས་མཆེད་པའི་དུས་མཐའ་གཅད།། ་གང་སྣང་རང་གི་ཐོག་ཏུ་དབབ།། གཅིག་གི་འབྲེལ་པ་ཅིག་གཅད་ན།། དེ་ལ་ཉམས་ཀྱི་ཤེས་པ་སྐྱེ།། དག་པ་ཆེན་པོ་གཞི་ཉིད་ན།། བདེ་བ་སུམ་བཅུ་རྩ་གཉིས་འཆར།། དེ་ལས་འབར་དང་བདེ་ལ་སྐྱེ།། ཐོབ་པས ་འཁོར་ལོ་ཅན་ལ་འཇུག། འགྲོ་དང་འོང་བའི་ཤུགས་རྒྱུན་འགག། དེ་ལ་སོགས་ཀྱི་རྣམས་འཕེལ་བས།། ཕར་དང་གཞན་གྱི་བྱ་བ་བྱེད།། ལོག་དང་མ་ལོག་སྤོར་གནས་དང་།། ཇི་ལྟར་འགྱུར་བ་གྲངས་ལས་ཤེས།། ་བསོད་ནམས་ལས་ཀྱི་བྱེ་བྲག་རྣམས།། ཇི་ལྟར་འདོད་པ་ཤེས་པ་དང་།། འཆི་འཕོ་སྐྱེ་བའི་གྲངས་ཉིད་ཀྱང་།། འཕེན་དང་སྡུད་པ་ལས་ཤེས་པ།། དེ་ཡི་རང་བཞིན་རྣལ་འབྱོར་པ་ཡིས་ཡང་།། ཡིད་གཞུང་དྲན་པ ་གསལ་པོ་ཡིས།། རྒྱུན་དུ་རྩིས་པས་མངོན་པར་གསལ།། བསམ་གཏན་ཉིད་ཀྱི་ཡོན་ཏན་ནོ།། ཞེས་བཀོད་པ་ཆེན་པོ་ཨ་ཏི་རྫོགས་པའི་རྒྱུད་ལས།། ཁྲེགས་གཅོད་ལས་ཀྱི་མཐའ་གཅོད་པའི་སྐབས།། སྐལ་པ་དུམ ་བུའི་རྒྱུད་ལས།། མན་ངག་ཏུ་ཕྱུང་བ་ཁྲེགས་བདུན་པ་ཞེས་བྱ་བ་རྫོགས་སོ།། །། དགེའོ།། །། བཀྲ་ཤིས།། ། ་རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་བཞུགས་སོ།། @##།། རྒྱ་གར་སྐད་དུ། བཛྲ་གུ་ཧྱ་མ་ཧ་ཀཱ་ཡ་རད་རྣ་བྷ་ལེ་ཨ་ཀྲ་མ་སྱཱ་ཏུ། བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོའི་སྐུ ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ།། རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱོན་པའི་སྔོན་རོལ་དུ།། སེམས་ཉིད་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྣང་བ་ལ་བཞུགས་པའི་དུས་ན།། ཀུན་བཞི་གསང ་བ་དག་པའི་དབྱིངས་ནས།། རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་ཉིད་ལ་ཉིད་བཀའ་སྩལ་པ།། བྱམས་པ་ཆེན་པོ་ཐུགས་ཀྱི་གཏེར།། ལས་ཀྱི་དབང་པོ་ལྔ་ལ་ལུང་བསྟན་ཏོ།། མན་ངག་གི་འཇུག་རྡོ་རྗེ་སེམས་དཔའ་ཉིད ་ཀྱིས་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གཏད་དོ།། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་སྐད་རང་འགྱུར་དུ་བཤད་པ།། སེང་གེ་འཁྱིལ་པའི་དགོངས་པ་འདི་ལ།། ཐབས་ཁྱད་པར་ཅན་གསུམ་གྱིས་སྒྲུབ་པར་བསྟན་ཏེ།། ཕྱི་མཚན ་མ་ལ་བརྟེན་ནས་སྒྲུབ་པ་དང་།། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་དང་།། གསང་བ་བྱང་ཆུབ་སེམས་དངོས་སུ་སྒྲུབ་པའོ།། ཕྱི་མཚན་མ་ལ་རྟེན་པ་ལ་གཉིས་ཏེ།། བག་ཆགས་ཀྱི་སྐུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་དང་། ་ལམ་འབྲས་བུ་དང་བཅས་པ་ལ་འཇུག་པ་ལ་སྒྲུབ་པ་དང་རྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་ལ།། ངོ་སྤྲད་བཞི་ནས་ཆོས་ཉིད་པར་དོའི་ལུས་ད་ལྟར་དངོས་སུ་བསྟན་ཡང་།། དེ་ཉིད་ལ་གོམས་པར་བྱ་སྟེ། ལམ་དང་འབྲས་བུ་དང་བཅས ་པ་སྒོམ་པར་བྱ་སྟེ། ལམ་དངོས་སུ་བྱེད་པ་ནི།། དཔེའི་ཡེ་ཤེས་ལས་ཤེས་པར་བྱའོ།། ལམ་ལ་གནས་པ་ནི། ཡེངས་པ་མེད་པའི་སྟེང་གིས་ཟིན་ཏེ་དུས་ཐམས་ཅད་པའོ།། ལམ་མངོན་དུ་གྱུར་པ་ནི། རིག་པ་གཅེར་བུ ་བྱུང་བའི་མན་ངག་ལས་ཤེས་པར་བྱའོ།། ལམ་གྱི་འབྲས་བུ་མཐའ་ཕྱིན་པ་ནི། སྐུ་གསུམ་ཡེ་ཤེས་བཞི་ལྡན་གྱི་དགོངས་པ་མཐར་ཕྱིན་ནས། བག་ཆགས་ཀྱི་ལུས་ལ་ཉམས་ང་བ་མེད་པའོ།། ནང་ཡེ་ཤེས་ཀྱི་དཀྱིལ ་འཁོར་ལ་རྟེན་ཏེ་སྒྲུབ་པ་ནི།། གོང་མའི་རྩལ་འཇོངས་ནས།། ཐུགས་རང་བྱུང་གི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྒོ་ཕྱེ་སྟེ། འོད་ཀྱི་ལུས་ནང་མེད་པའི་ནང་ན། རང་སྣང་རྟོགས་པའི་འཁོར་ལོ།། རང་རེའི་ཚོམ་བུ་དང་བཅས ་པ་ལ།། རིག་པ་མར་མེའི་འོད་གསལ་སྟེ། ས་ལེ་སང་ངེ། ལྷག་གེ། ལྷན་ནི། ཐོག་མ་ནས་གནས་པ།། མ་བྱས་པ་རང་བྱུང་བ། མ་བཅོས་མཛེས་སྡུག་རྒྱན་དང་ལྡན་པ་དེ་སྒྲུབ་པ་ནི་གངས་ལ་ཉི་མ་ཤར་བ་ལྟ་བུ་ཚིག ་གསུམ་གྱིས་འགྲུབ་སྟེ།། དམ་ཚིགས་ཀྱི་སྔགས་དང་ཕྱག་རྒྱ་རང་ཡིད་ལ་དྲན་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།། དེ་ལ་འཇོངས་ན་གསང་བ་བྱང་ཆུབ་སེམས་དངོས་སུ་སྒྲུབ་པ་ནི། ཐོག་ལྟ་བུའི་མན་ངག་གིས་ཐོག ་མའི་རང་བཟུང་། གཟེར་ལྟ་བུའི་མན་ངག་གིས་ཚིག་དང་ཡི་གེའི་དོན་མཐར་ལ་སྐུལ།། ཁྱུང་ལྟ་བུའི་མན་ངག་གིས་རྩོལ་བའི་མཐའ་ཀློང་ལ་བཞག། སྐར་མདའ་ལྟ་བའི་གདམ་ངག་གིས་སྐད་ཅིག་མ་གསུམ་ལ་གྲོལ ་