CLOSE WINDOW

Gpb054.014: rtsod pa'i 'khor lo'i rgyud
Wyliee-texts produced with BDRC’s OCR application

ངོངོ།། དེ་ལས་བྱུང་ན་རིག་པ་བདག་ལས་བྱུང་ངམ།། བདག་ལས་རིག་པ་བྱུང་།། བྱུང་བའི་སྐྱོན་འོང་། སྦྲུལ་ཤུགས་ནས་བྱུང་བའི་འབྲེལ་པ་དང་འདྲ་སྟེ། ལྡོག་ཏུ་མི་འདོད་པའི་སྐྱོན་འོང་སྟེ་རྒྱ་ཆད་པར་ཐལ།། མི་ཤི ་བའི་ལུས་ལ་རིག་པ་མི་འབྱུང་བ་དང་འདྲ་སྟེ།། ཕྱིས་དོན་བྱེད་མི་ནུས་པའི་སྐྱོན་འབྱུང་ངོ་།། ཡང་ན་བདག་ཉིད་ལས་རིགས་པ་བྱུང་ན་བྱུང་བའི་ནད་ཀས་འབྲེལ་མེད་དུ་ཐལ་ལོ།། རིགས་པ་ལས་བདག་བྱུང་ན།། ཤེས ་རིག་རྫས་སུ་ཐལ་ལོ།། རང་གི་ཤེས་པར་བྱ་བ་ནི།། ཐིག་ལེ་ལྷུན་གྲུབ་ཆོས་ཅན་ཞེས་དམ་བཅའ།། ཅིའི་ཕྱིར་མ་འགགས་རང་ཤར་བའི་ཕྱིར།། ཐིག་ལེ་རྫས་ཡོད་དུ་ཐལ་ཟེར་རམ།། ལྷུན་གྲུབ་རྫས་ཡོད་མེ་སྤངས ་པའི་ཕྱིར།། འཇིག་པར་ཐལ་ཟེ་ན་ལྷུན་གྲུབ་འཇིག་པ་མ་བཀག་ཅེས་བྱ།། ཁྱོད་ལྷུན་གྲུབ་མིན་ནམ་ཅེས་འདྲི།། ཡིན་ཟེར་ན་འདོད་ཐོག། མིན་ཟེར་ན་མུ་སྟེགས་རྟགས་ཆད་ཏུ་ཐལ་ཅེས་འགལ་ལོ།། སྒྲའི་འཁོར་ལོ ་ལས་བརྒལ་བ་དང་པོའོ།། །། འཐད་པ་སྒྲུབ་པས་གཏོང་ཟེར་ནས།། སྣང་བ་འདི་རང་མི་ཤར་དུ་འཐད་དེ།། འཐད་པས་འོན་འཐད་པས་སྣང་བ་ཤར་མང་དུ་འབྱུང་བར་ཐལ།། བྱ་བ་བྱེད་པའི་རིག་པའི་གཏོང ་ཟེར་ན།། འཁྲུལ་པའི་ཤེས་པ་ལ་ཐག་པས་སྦྲུལ་གྱི་བྱ་བ་བྱས་ནས་འཁྲུལ་ཏེ། རྟེན་དུ་སྦྲུལ་གྱི་བྱ་བ་བྱེད་པར་ཐལ།། ལྟོས་པའི་རིག་པས་གཏོང་ཟེར་ན།། འཕང་ལས་ལྟོས་ན་མདུང་རིང་། མདུང ་ལས་ལྟོས་ན་མདའ་རྒྱང་རིང་སྟེ།། ངེས་པ་མེད་པར་ཐལ་ལོ།། རྒྱུད་ཀྱི་གཏན་ལ་འབེབས་ཟེར་ན།། རྒྱུད་རང་ཡིན་ནམ་ལོག་པ་གཅིག་དྲིའོ།། རང་ཡིན་ཟེར་ན་བསྟན་ལ་དབབ་པ་དང་འབེབས་པ་མི་རུང་སྟེ། རལ ་གྲི་རལ་གྲི་རང་གིས་སོས་ཆོད་པར་ཐལ་ལོ།། གཉིས་ཡིན་གོང་དུ་འབྲེལ་རྟག་གོ། དེ་ཡང་ལུང་ཡང་དེ་འདྲེའོ།། མཚོན་པ་གཉིས་པའོ།། །། ཚས་མས་གཏན་ལས་འབེབས་ཟེར་ན།། ཚད་མ་དེ་རང་ཡིན་ནམ ་མིན་ཅེས་འདྲིའོ།། རང་ཡིན་ཟེར་ན་གཏན་ལ་དབབ་ཏུ་མི་བཏུབ་པའི་སྐྱོན་གཏང་སྟེ།། གསེར་གྱི་སེར་པོ་གཏན་ལ་འབེབས་པ་དང་།། སེར་པོས་གསེར་གཏན་ལ་འབེབས་པ་དང་ཞེས་འབྱུང་ངོ་།། ཚད་མ་ལོགས ་ཅིག་ཡིན་ནོ་ཟེར་ན།། ཆོས་ཚད་མ་དང་།། དོན་ཚད་མ་དང་འཇལ་བྱའི་ཤེས་པ་ཅིག། གཞལ་བྱའི་ཡུལ་མང་དུ་སྨྲ་ན་འདི་སྐད་བྱའོ།། འུད་ཀྱི་བསྡུས་ནས་ཡུལ་ལ་འཇལ་ལམ།། ཤེས་པ་ལ་འཇལ། གཉིས་ཀ་ལ ་འཇལ་ཅེས་འདྲི། ཡུལ་ལ་འཇལ་ན་ཡུལ་ཉམས་སུ་མྱོང་ནས་འཇལ་ལམ།། མ་མྱོང་ནས་འཇལ། མྱོང་ནས་འཇལ་ན་མོ་ཤམ་བུ་ཆེ་ཆུང་།། རི་བོང་ར་རྣོ་རྟུལ་ཀྱང་ཤེས་པར་ཐལ།། ཤེས་སོ་ཟེར་ན་དབང་པོའི་མངོན ་སུམ་གྱིས་གསལ།། ཞེས་སྐྱོན་བཏང་ངོ་།། ཉམས་སུ་མྱོང་ནས་འཇལ་ན།། ཆུ་བོའི་རོ་མྱོང་ཡང་།། ཆུ་བོའི་རོལ་ཚོལ་བ་དང་འདྲ་ཏེ་ཟུག་མེད་དུ་ཐལ་ལོ།། ཤེས་པ་ལ་འཇལ་ན་ཤེས་པ་དངོས་པོ་ཡོད་ནས་འཇལ་ལམ ་མེད་ཀྱང་འཇལ།། དངོས་པོ་ཡོད་ཟེར་ན་མངོན་སུམ་གྱིས་གསལ།། མེད་ནས་འཇལ་ན་རི་བོང་རྭ་ལ་མཐོ་ཚད་གཞལ་དུ་བཏུབ་པར་ཐལ།། ཡོད་རུང་མེད་རུང་མཇལ་ན། ལུང་དུ་མ་བསྟན་པར་ཐལ་ལོ།། མཚོན་པ ་གསུམ་པའོ།། དེ་ལྟར་སྒྲོས་བཏགས་ཆམ་ལ་ཕེབས་ནས།། རང་གི་མཚན་ཉིད་བསྟན་པར་བྱ།། རང་སྣང་དུ་རང་ཤར་བས།། ཡུལ་ལས་གཞལ་དུ་མེད།། རང་བྱུང་ཡེ་ཤེས་ཤར་བས། ནང་ལ་གཞལ་དུ་མེད། འདུ ་འབྲལ་མེད་པས་ཡུལ་དང་ཡུལ་ཅན་དུ་གཞལ་དུ་མེད།། ཐམས་ཅད་ཡེ་ནས་རང་སར་གྲོལ་བས་འབྲེལ་པ་རྩིར་མེད།། ཤེས་རིག་གི་ཡུལ་ལས་གྲོལ་བས།། རྒྱུད་ལུང་རིག་པས་གཏན་ལ་དབབ་མེད།། ཅེས་གསུངས ་སོ།། མཚོན་པ་བཞི་པའོ།། ཤེས་པས་འཕྲུལ་ཏེ། རྒྱལ་བ་རིག་ལྔ་འོད་དཀར་དམར་ལྔ་རྟེན་པས་འཕྲུལ།། སྦུབས་པས་གོལ་ཏེ།། རང་སྣང་ཆོས་སྐུ་ལ་བདེ་བ་འདོད་ཅིང་།། སྒྲུབ་པས་འཁྲུལ། སྒོམ་པས་རླག། ཡེ་ནས ་རང་གསལ་སྒོམས་པས་རང་གསལ་སྟོང་པས་རླག། ཡུལ་ཅན་གྱི་གོལ་ཏེ་སྤང་བླང་གི་ལན་ནོ།། སྣང་བ་སྒྲིབས་གཡོགས་ཀྱི་ཆོད།། རང་སྣང་རང་གསལ་ལ་འབྱུང་བ་ལྟར་མཐོང་བས་ཆོད།། རང་བྱུང་མིན་ཏེ་ཡེ་ཤེས ་མེད་ཆོས་ཉིད་ཡིན་ཏེ་སྐུ་མིན།། སྙིང་པོ་ཡིན་ཏེ་ཡེ་ཤེས་མིན།། དེ་ལྟར་ཤེས་པ་ནི་རང་བྱུང་ཡེ་ཤེས་ཡིན་ལ་ཡེ་ཤེས་ཡིན།། ཆོས་སྐུ་ཡིན། སྙིང་པོ་ཡིན། ཐིག་ལེ་ཡིན། ཉག་ཅིག་ཡིན། ཞེས་གསུངས ་སོ།། དྷ་ཧེ་མའི་འདུ་ཁང་དུ་མཁས་པ་འཇམ་དཔལ་བཤེས་གཉེན་ལ།། ཐིག་ལེ་ཉག་ཅིག་གྲུབ་མཐའ་བསྟན་རྩོད་པའི་སྒྲ་མི་འཁོར་ཡི་འདི།། ཆུ་སྲིན་བར་གྱི་གྲི་བ་རུ། རུས་སྦལ་ནག་པོ་ཆུད་ས་བཞིན།། བསྐལ་པ ་འཁྲུགས་ཀྱང་ཁར་མར་བྱུང་།། ཅེས་གདམས་སོ།། རྨོངས་པས་མི་གོ་དྲིས་ལན་ཁོན་དུ་ཆུད།། སྦྱངས་པའི་སྒྲ་དང་སོང་འགྱུར་འབྱུང་བ་དང་།། བྱུང་བ་ཅན་དང་སྒྲ་སྐྱོན་རྣམས་བརྒྱུད།། མན་ངག་ཁོང་དུ་བཅས་ཏེ ་འགའ་རྩམ་བྲིས་པའོ།། མཚོན་ཆའི་འཁོར་ལོ་དུམ་བུ་བཞི་པ་རྫོགས་སོ།། མངྒ་ལཾ།། །། ། བྱང་ཆུབ་ཏུ་སེམས་སྐྱོབ་པ་ཞེས་བྱ་བ་བཞུགས་སོ།། @##།། རྒྱ་གར་སྐད་དུ། བོ་དེ་ཙི་ཏ་མན་ཏྲ་ན་མ། ་བོད་སྐད་དུ། བྱང་ཆུབ་སེམས་སྐྱོབ་པ་ཞེས་བྱ་བ། སྤྲུལ་པའི་གང་ཟག་འགྲོ་བའི་མགོན་ལ་བཏུད་དེ་ཕྱག་འཚལ་ལོ།། ཁྱེའུ་དུ་སྣང་བ་བསམ་གྱི་མི་ཁྱབ་པ་ལ། སྐྱོབ་པའི་ཡི་གེ་ཞུས་པ། ཨེ་མ་ཧོ་འགྲོ་བ་གཟུང ་འཛིན་སྐྱོབ་པ་བླ་ན་མེད།། ཐུན་མོང་མ་ཡིན་སྐྱོབ་མཛད་སྐྱོབ་པ་དམ་པ་ཁྱོད།། འགྲོ་བ་མ་རིག་མུན་པས་འཐིབས་ཤིང་རྣམ་རྟོག་རླུང་གིས་བསྐྱོད་པ་ལ།། བུ་ཅིག་པ་ལ་མ་བཞིན་ནོར་ལ་ཐུགས་རྗེས་སྐྱབས་ཆེན ་གནོད།། གསང་སྔགས་དོན་གྱི་ངོ་བོ་གང་ལ་བགྱི། གསང་སྔགས་དངོས་པོའི་གནས་ལུགས་ཅི་ལྟ་བུ།། དེ་ཉིད་རྟོགས་ཐབས་གང་གིས་ཅི་ལྟར། རྟོགས་ནས་ཉམས་སུ་བླངས་ན་ཅི་ལྟར་བླང་།། བླངས་ནས་འབྲས་བུ ་འཐོབ་ཚུལ་ཅི་ལྟར་འཐོབ།། འབྲས་བུ་ཁྱད་པར་འཕགས་པ་ཅི་ཡིས་འཕགས།། འོག་མ་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། སེམས་ཅན་སངས་རྒྱས་ངོ་བོ་གཅིག་མི་གཅིག། གཅིག་ན་འཁོར་འདས་གཉིས་སྣང་ཅི་ལྟར ་ལགས།། མི་གཅིག་འབྲེལ་བ་མེད་པ་ལགས་སམ་ཅི།། སེམས་ཅན་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས།། སངས་རྒྱས་རྣམས་ལ་ཡོད་ཏན་ཅི་ཞིག་མངའ།། སེམས་ཅན་བྱ་བ་གང་དང་གང་ལ་བྱ།། སངས་རྒྱས་བྱ་བའི་ཐ ་སྙད་གང་ལ་གདགས།། སངས་རྒྱས་བསྒྲུབ་ན་བསྒྲུབ་རྫས་ཅི་ལ་བགྱི།། དེའི་ཚེ་ན་འགེག་ཆེན་ཅི་ཡིས་གསལ།། དེའི་ལམ་གྱི་ཆ་སྐྱེན་གང་དང་གང་།། ཡུན་ནི་ཅི་སྲིད་ཅིག་གིས་འགྲུབ་པ་ལགས།། གབ་པ་བཅོ་བརྒྱད ་དུས་འདིར་འབྱུང་དུ་གསོལ།། འདོད་པའི་ཆུ་བོ་སྐེམས་མཛད་མེ་ཆེན་ཡེ་ཤེས་དབྱུང་དུ་གསོལ།། མ་རིག་མུན་པ་སེལ་མཛད་འོད་ཆེན་དུས་འདིར་དབྱུང་དུ་གསོལ།། འཁོར་བའི་ཆུ་བོ་སྒྲོལ་མཛད་གྲུ་ཆེན་དུས་འདིར ་དབྱུང་དུ་གསོལ།། རྣམ་རྟོག་རླུང་དམར་ཞི་མཛད་སྐྱབས་ཆེན་དུས་འདིར་དབྱུང་དུ་གསོལ།། གཟུང་འཛིན་ཕུར་པ་འབྱིན་མཛད་དུ་འདིར་དབྱུང་དུ་གསོལ།། དུག་ལྔ་འཇོམས་མཛད་ཐོ་བ་དུས་འདིར་དབྱུང་དུ་གསོལ།། ་བདག་འཛིན་སྒྲ་མཁན་དུག་ཆེན་སེལ་མཛད་སྨན་ཆེན་དུས་འདིར་དབྱུང་དུ་གསོལ།། ཞེས་པ་ལ་སོགས་པའི་ཚིག་མང་པོ་དང་། འགྲོ་དཔལ་མགོན་པོ་ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། མ་རིག ་སེལ་མཛད་འོད་ཆེན་སྣང་བ་ཐམས་ཅད་འབྱུང་བའི་གནས།། མགོན་པོ་ཁྱོད་འདྲ་ཐུགས་རྗེས་གཟིགས་མི་གཟིགས།། འཁོར་བའི་ཐར་མཐའ་མེད་པའི་སྡུག་བསྔལ་བཟོད་གླག་མེད་པར་དྲན་གྱུར་ན།། སྡུམ་བུ་བརྡས ་པ་བཞིན་དུ་མོད་ལ་རྐམ་པའི་བཟོད་པ་མི་ཐོབ་པའི་སེམས་ཅན་ལ།། སྐྱོབ་པའི་དཔལ་ཞིག་གཞག་ནས་མ་ནོར་ན།། འགྲོད་དཔལ་ཐུགས་རྗེ་ཅན་གྱི་གཟིགས་སུ་གསོལ།། ཞེས་བསྟན་ཅིང་སྨེ་བའི་ཚིག་མང་པོ་དང ་བཅས་ནས།། བསྐོར་བ་བྱེད་ཅིང་། ཉིན་མཚན་དུ་རིན་པོ་ཆེ་ལ་སོགས་ཏེ། གསེར་དངུལ་གྱིས་སྐུ་མི་མངོན་ནུབ་པར་ཕུལ་པས།། ཨེ་མ་འོ་འགྲོ་བའི་དོན་ལ་ཐུགས་རྗེས་སྟོན་པའི་བྱང་ཆུབ་སེམས་དཔའ་ཁྱོད།། དང ་