CLOSE WINDOW

Gpb054.012: a ti rdzogs pa chen po'i rgyud
Wyliee-texts produced with BDRC’s OCR application

ལེའི་ཡེ་ཤེས་སྐྱེ་འགག་མེད།། དོན་དེ་ཐུགས་ལ་གང་འཛིན་པ།། སྐྱེས་བུ་ངའི་བཀའ་ལུང་རྫོགས།། རྒྱ་ཆེན་ལུང་ལ་ཟབ་པ་རྒྱུད།། རྒྱ་ཆེ་རིག་པའི་སྣང་བ་ལ།། ཟབ་པ་ཡེ་ཤེས་ངོས་བཟུང་བཤད་པ་ཡི།། དེ་དོན་ངེས ་པར་བསྟན་པ་ཡིན།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། རྒྱུད་ལུང་སྐྲག་ཏུ་བཤད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཀའ་སྩལ་པ། ཐིག་ལེ་ཉག་ཅིག་ཞིག་ཏུ་བཤད་པ་དང་།། གཉིས་སུ་བཤད ་པ་དང་།། གསུམ་དུ་བཤད་པ་དང་། བཞི་དང་ལྔ་རུ་བཤད་པ་བསྟན་དུ་གསོལ་ཞེས་ཞུས་པས།། བཀའ་སྩལ་པ། ཐིག་ལེ་ཉག་ཅིག་ཞིག་ཏུ་བཤད་པ་ནི། ཐིག་ལེ་ཉག་ཅིག་ཡེ་ཤེས་ཆེན་པོ་སྟེ། རྒྱ་ཆེ་ལྟ ་བ་ལ་ཟླའི་དོན་དུ་བཤད་པ་ཡང་།། གཞི་མ་དངོས་པོའི་གནས་ལུགས་ལ།། རྟོགས་དང་མ་རྟོགས་གཉིས་སུ་མེད།། སངས་རྒྱས་སེམས་ཅན་གཉིས་སུ་མེད།། དག་དང་མ་དག་གཉིས་སུ་མེད།། སྣང་དང་མ་སྣང ་གཉིས་སུ་མེད།། བསྒོམ་དང་མི་སྒོམ་གཉིས་སུ་མེད།། སྐྱོན་དང་ཡོན་ཏན་གཉིས་སུ་མེད།། ཐབས་དང་ཐིག་ལེ་རང་སྣང་ལ།། གཉིས་སུ་འཛིན་པ་འཁྲུལ་པ་ཡིན།། རྒྱ་ཆེ་ནམ་མཁའ་ལྟ་བུ་ཡིན།། ཕྱོགས་འཚམས ་སྦུསྒྲུབས་པས་ག་ལ་གྲུབ།། ཐམས་ཅད་ཕྱོགས་མེད་ཁྱབ་བརྡལ་ལ།། རྣམ་རྟོག་བློ་ཡི་ག་ལ་སློད།། ལྡོངས་པས་ནམ་མཁའ་ག་ལ་སྙེགས།། གྲང་ནད་ཅན་གྱི་སྐྱེས་བུ་ལ།། ག་བུར་དུག་དུ་ངེས་པར་འགྱུར།། བློ་ཆུང་ཤེས ་རབ་ཆུང་བ་ལ།། ཉག་ཅིག་བསྟན་པས་ལྐུག་པར་འགྱུར།། ཨེ་མ་ཧོ། ཐམས་ཅད་གཅིག་པ་ལ། སྒྲོ་བཏགས་ཆོས་ཀུན་ཐིག་ལེར་ཅིག། སྣ་ཚོགས་ཐིག་ལེ་ཉག་ཅིག་དང་།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད ་ལས། ཐིག་ལེ་རྒྱ་ཆེ་བ་རུ་བཤད་པའི་ལེའུ་སྟེ་བཞི་པའོ།། །། ཐིག་ལེ་ཟབ་པར་བཤད་པར་ཞུ་ཞེས་ཞུས་པས། བཀའ་སྩལ་པ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ།། ཟབ་མོ་སངས་རྒྱས་དགོངས་པ་སྟེ།། དེ་དག་ཉམས་སུ ་ལེན་པ་ལ།། ཐིག་ལེ་གཉིས་སུ་བཤད་པར་བྱ།། སྣང་བ་མ་འགགས་ཐིག་ལེའི་རྒྱན།། རོལ་པ་ཡིན་པར་ཤེས་པར་བྱ།། རིག་པ་ཡེ་ཤེས་མ་འགགས་རྩལ།། འགག་པ་མེད་པར་ཤེས་པར་བྱ།། སྣང་བ་ཐིག་ལེའི ་གནས་དུ་མ་ཤེས་པ།། མངལ་ཁ་རྒྱ་ཡིས་གང་ལ་ཐེབས།། སྣང་བ་སྟོང་པར་བསྒོམས་པས་བསམ་ངོ་ཡིད་སྨོན་ཡུལ།། རིག་པ་ཡེ་ཤེས་གནད་དུ་མ་ཤེས་ན།། འགྱུ་བ་སྟོང་པར་བསྒོམས་པས་རིག་པ་རྐྱང་སྒོམས ་ཡིན།། ཉན་ཐོས་གང་ཟག་བདག་མེད་རྟོགས་དང་ཁྱད་པར་མེད།། འགྲོ་དྲུག་གཡང་ས་ཆོད་པར་ག་ལ་འགྱུར།། རྟ་བརྒྱུགས་འདྲོག་ལ་མེ་ཏོག་ཆོད་པ་བཞིན།། གང་ལྟར་བལྟས་པས་ཡེ་ཤེས་ཤར་ན་སངས་རྒྱས ་དགོངས་པ་ཡིན།། ཐབས་ཤེས་གཉིས་ནི་བཙུན་མོ་ཟོ་ཆུ་ཁྱུད་མོ་འདྲ།། རྣམ་རྟོག་ཡེ་ཤེས་གཉིས་ནི་མེ་ལ་ཤིང་བསྣན་འདྲ།། ཡེ་ཤེས་གནད་དུ་གཟིར་ན་རྒྱ་མཚོ་ཉ་མོ་འདྲ།། ཡེ་ཤེས་བྱིན་བརླབས་མུན་པའི་ཉི་མ ་འདྲ།། མ་དྲེས་རང་སར་གནས་པ་ཟ་འོག་སྣལ་བུ་འདྲ།། ཅེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཡེ་ཤེས་དང་རྣམ་རྟོག་གཉིས་བརྡར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། ཐིག་ལེ་གསུམ་དུ་བཤད་པ་ནི།། ་གཞི་དང་ལམ་དང་འབྲས་བུ་གསུམ།། གཞི་ལམ་རྣམ་གསུམ་ཤེས་བྱ་སྟེ།། དབྱིངས་ཀྱི་ཐིག་ལེ་སྟོང་པ་ལ།། ཡེ་ཤེས་ཐིག་ལེ་གསལ་ལ་འཚེར།། རྩལ་གྱི་ཐིག་ལེ་ལྗང་ལ་སྦྲམ།། འདུ་འགྲོ་ལས་ཀྱི་ཐིག་ལེ།། བཀོད་པ ་རྒྱན་གྱི་ཐིག་ལེ།། གཉིས་མེད་རང་གསལ་གྱི་ཐིག་ལེ།། ལམ་གྱི་ཐིག་ལེ་རྣམ་གསུམ་སྟེ།། རང་སྣང་འོད་ཟེར་གྱི་ཐིག་ལེ་ལ་ཆགས་པ་སྣ་ཚོགས་སྐྱེ་བ་ཨེ་མ་ཧོ།། རིག་པ་རྩལ་གྱི་ཐིག་ལེ་ལ། ཞེན་པ ་དངོས་པོར་ཤར་བ་ཨེ་མ་ཧོ།། དབྱེར་མེད་སྙིང་པོའི་ཐིག་ལེ་ལ།། གཉིས་སྣང་ཉམས་སུ་མྱོང་བས་འབྲས་བུ་སྣ་ཚོགས་སུ་གྲུབ་པ་ཨེ་མ་ཧོ།། འབྲས་བུའི་ཐིག་ལེ་རྣམ་གསུམ་སྟེ།། ལྷུན་གྲུབ་རྟོགས་པའི་ཐིག་ལེས་ཟས ་ཅད་མཁྱེན།། རང་བྱུང་རང་ལ་སྣང་བའི་ཐིག་ལེས་བདེ་ཆེན་རང་ལ་ཤར།། རྒྱུན་གྱི་ཐིག་ལེས་བྱིན་བརླབས་ལ་རྒྱུན་ཆད་མེད།། སྣང་བ་རྣམ་ཤེས་ཡིད་དང་གསུམ།། འཁོར་བ་སངས་རྒྱས་གནས་ལུགས་གསུམ།། ་རྒྱུ་དང་ལམ་དང་འབྲས་བུ་གསུམ།། བྱིན་བརྒྱུད་སྙན་བརྒྱུད་ཐུགས་བརྒྱུད་གསུམ།། སྙིང་པོ་འོད་དང་ཟེར་དང་གསུམ།། རྣོ་དང་མྱུར་དང་ཟབ་དང་གསུམ།། བརྟན་དང་རྒྱ་ཆེ་ཕྲ་དང་གསུམ།། མན་ངག་གདམས་ངག ་སྙན་བརྒྱུད་གསུམ།། ཐིག་ལེ་གསུམ་དུ་བཤད་པའོ།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཟབ་མོ་གསུམ་དུ་བཤད་པའི་ལེའུ་སྟེ་དྲུག་པའོ།། །། ཡང་བཀའ་སྩལ་པ། ཟབ་མོ་བཞི་རུ་བསྟན་པ་བཤད ་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། དངོས་པོ་གཅིག་ལ་བཞིར་དབྱེ་བ།། ལེའུ་དག་གི་དཔེ་བཞིན་ནོ།། དཔེ་དང་དོན་དང་ཚིག་དང་ནི།། བརྡ་ཡི་དགྲོལ་བར་བཤད་པའོ།། ཆོས་ཀྱི་སྐུ་ཡི་དོན་དང་ནི།། ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ།། སྤྱིར་ཡང་སྤྲུལ་པའི་སྐུ་ལ་ངོ་སྤྲད་པས།། དེའི་ཡོན་ཏན་ངོ་བོ་ཉིད་ཀྱི་སྐུ།། ཡེ་ཤེས་བཞིའི་དོན་ཀྱང་རང་སོར་འབྲེལ།། འབྱུང་བ་ལྔ་ནི་ཆོས་སྐུའི་བརྡ།། ཤིང་སྦགས་མེ་ནི་ག་ལ ་འབྱུང་།། རྣམ་རྟོག་མེད་ན་ཡེ་ཤེས་ག་ལ་སྐྱེ།། རྣམ་རྟོག་ཡེ་ཤེས་ཡིན་ན་བཀའ་རྒྱུད་ཟབ་མོ་གང་ལ་དགོས།། འབད་པ་མེད་པར་ཡེ་ནས་གྲོལ།། སྤྲུལ་པའི་སྐུ་ལ་རྣམ་རྟོག་སྐྱེས་ནས་ཡེ་ཤེས་གསལ།། དཔེར་ན་མེ་ལ ་ཤིང་བསྣན་འདྲ།། ཟུང་དུ་ཞུགས་པས་ལོངས་སྤྱོད་རྫོགས་པའི་སྐུ།། ཇི་ལྟར་སྤྱད་ཀྱང་ཟད་པ་མེད།། ངོ་བོ་ཉིད་ཀྱི་སྐུའི་ངང་དུ་གནས།། ཡེ་གྲོལ་བཞི་ཡི་སྐུ་བཞི་དེ།། རྒྱ་ཆེ་བའི་དོན་དུ་བཤད་པ་ཡིན།། ཟབ་མོ་ཉམས ་སུ་ལེན་ན་རང་གྲོལ་སྐུ་བཞིའི་ངོ་སྤྲོད་ན།། རྣམ་རྟོག་ཝལ་གྱི་སྐྱེས་པའི་དུས་ཉིད་ན།། རང་རིག་ཡེ་ཤེས་ངོ་སྤྱོད་ཀྱིས།། རྣམ་རྟོག་དྲངས་ནས་ཡེ་ཤེས་གསལ།། འགྱུ་བ་མེད་ན་ཡེ་ཤེས་ག་ལ་གསལ།། འགྱུ་བ་དྲངས ་པས་ཡེ་ཤེས་གསལ།། རང་གྲོལ་སྤྲུལ་པའི་སྐུའི་ངོ་སྤྱོད་ཡིན།། རང་གྲོལ་ལོང་སྐུའི་ངོ་སྤྲོད་ནི།། འགྱུ་བ་དང་པས་འོད་གསལ་ལ།། ལྷ་ནི་བརྟན་པར་གནས་པ་དེ།། དེ་ནི་ལོང་སྐུའི་ངོ་སྤྱོད་དོ།། འགྱུ་བ་འོད་གསལ ་གཉིས་སུ་མེད།། གང་གི་ཕྱོགས་སུ་མ་ལྷུང་བ།། དེ་ནི་ཆོས་སྐུའི་ངོ་སྤྲོད་ཡིན།། ཐིག་ལེ་ཡེ་ཤེས་ཟང་ཐལ་ལ།། རྒྱུ་དང་རྐྱེན་གྱིས་མ་སྐྱེད་པར།། རང་བཞིན་ཤུགས་ཀྱི་ཤར་བ་དེ།། ངོ་བོ་ཉིད་ཀྱི་སྐུའི་ངོ་སྤྲོད་ཡིན།། ་ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་བཞི་སྦྱོར་ངོ་སྤྱོད་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཐིག་ལེ་ལྔ་སྦྱོར་བཤད་པ་ནི།། དབྱིངས་ཀྱི་ཐིག་ལེ་འོད་གསལ ་བ།། རང་བྱུང་ཡེ་ཤེས་མལ་དུ་གཞུག། ཡེ་ཤེས་ཐིག་ལེ་ཆེན་པོ་དེ།། རིག་པའི་ཡེ་ཤེས་མ་བུ་སྤྲད།། གཉིས་སུ་སྣང་བའི་ཡེ་ཤེས་དེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། གཟུང་འཛིན་ཟག་པ་བཅད་པར་བྱ།། དེ་ནི ་ལྷུན་གྲུབ་ཐིག་ལེ་ཡིན།། སྙིང་པོ་གཡོ་མེད་ཡེ་ཤེས་ཀྱིས།། དང་དུ་ཕྲད་ན་བཟུང་འཛིན་འཆད།། དབྱིངས་ཉིད་རྣམ་དག་ཐིག་ལེ་ཡིན།། ཡེ་ཤེས་ཟང་ཐལ་ཆེན་པོར་བཟླ།། བལྟ་བའི་སྒོང་རྒྱ་རལ་པ་ཡིན།། ལྷུན་གྱི ་གནས་པའི་ཐིག་ལེ་ཡིན།། སྒོ་ལྔ་ཆགས་སྡང་མདུད་པ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། རལ་གྲིས་བཅད་དེ་གཏང་བར་བྱ།། སྣང་བ་འོད་གསལ་གྱི་ངོ་སྤྲོད་དོ།། དཀར་དམར་འདོད་ཆགས་ཀྱི་མདུད་པ ་ལ།། རང་བྱུང་རང་སྣང་གི་ཡེ་ཤེས་ཀྱིས།། ལྕག་ཀྱུས་བཟུང་བ་གཏང་པར་བྱ།། ཆོས་སྐུ་འོད་གསལ་གྱི་ངོ་སྤྱོད་དོ།། སེམས་འགྱུ་བ་རྣམ་རྟོག་གི་མདུད་པ་ལ།། ཉམས་མྱོང་སྒོམ་པའི་སྒོང་རྒྱ་རལ།། རང་རིག་ཡེ་ཤེས ་ཀྱི་ངོ་སྤྲོད་བྱས།། སྙིང་པོ་ཡེ་ཤེས་སྣང་མེད་ཀྱིས།། ཆགས་འཛིན་སྒོམ་པའི་ཞེན་པ་སྤངས།། རང་སྣང་ཐིག་ལེའི་ངོ་སྤྲོད་དོ།། ཡིད་འགྲུས་བག་ཆགས་ཀྱི་མདུད་པ་ལ།། འོད་གསལ་གསང་ལམ་གྱི་ངོ་སྤྲོད་ཀྱིས།། རྒྱས ་འདེབས་སྤྱོད་པའི་སྒོང་རྒྱ་རལ།། རང་ལ་ཤར་བའི་འོད་གསལ་སྐྱེས།། མཚན་མ་ལམ་གྱི་གོལ་ས་ཆོད།། ཀུན་གཞི་ཟང་ཐལ་གྱི་ཐིག་ལེ་དང་།། མཚན་མ་རང་སྣང་གི་ཐིག་ལེ་གཉིས།། བསྲེས་པ་མེད་པར་དཀྲུག ་གིས་འདྲེས།། འབྲས་བུ་སྤངས་ཐོབ་དུས་ཀྱི་སྒོང་རྒྱ་རལ་ཨེ་མ་ཧོ།། ཞེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་ལྔ་སྦྱོར་དུ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་བཀའ་སྩལ་པ། འགག ་གི་རྣམ་པ་བསྟན་པར་བྱའོ་ཞེས་གསུངས་སོ།། སེམས་འཛིན་ཕྲ་མོ་རྩོམ་པ་ནི།། ཡེ་ཤེས་ཟང་ཐལ་སྐྱེ་བའི་འགག། ཚོགས་དྲུག་བཀག་ནས་དབུགས་ལ་གཏོད།། ཆོས་ཉིད་འོད་གསལ་སྐྱེ་བ་འགག། དབུགས་ལ ་གཏོད་ཅིང་རླུང་ལ་སྦྱོང་།། རང་བྱུང་ཡེ་ཤེས་སྐྱེ་བ་འགག། ཕུང་པོ་ལྷ་དང་ལྷ་མོར་སྒོམ།། སྐུ་ཡིས་དམ་ཚིག་རྟེན་པ་དེས།། ཆོས་སྐུ་འོད་གསལ་སྐྱེ་མེད་འགག། ངག་གི་བཟླས་བརྗོད་འཕྲོ་འདུ་སྦྱོང་།། གསུང་གི་དམ ་ཚིག་རྒྱུན་དུ་སྤྱོད།། དེས་ནི་རང་རིག་ཡེ་ཤེས་འགག། དམ་རྫས་རྣམ་ལྔ་རྒྱུན་དུ་རྟེན།། ཐུགས་ཀྱི་དམ་ཚིག་རྒྱུན་མི་གཅོད།། ལྷག་མཐོང་རིག་པའི་ཡེ་ཤེས་འགག། རྒྱ་ཆེ་ལྟ་བ་ཁ་འགྱང་ཁྱེར།། འགྱུ་དྭངས་ཡེ་ཤེས་སྐྱེ ་བ་འགག། འགག་མེད་ཐིག་ལེ་འདི་ཡིན་གྱིས།། ཐུག་པར་མོས་ལ་སྤྱད་པར་གྱིས།། ཞེས་གསུངས་ནས་ཆོས་ཉིད་རང་སྣང་གི་དབྱིངས་སུ་གཤེགས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས་ལེའུ་དགུ་པའོ།། །། ཨ་ཏི ་རྫོགས་པའི་རྒྱུད་རྫོགས་སོ།། །། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་བཞུགས་སོ།། @##།། རྒྱ་གར་སྐད་དུ། ཨ་ཏི་ལ་བྷ་ཏི། བོད་སྐད་དུ། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལ་ལོ།། རོ་ལངས་བདེ་བ་རངས་པ་ན།། པན་ཙ་ཨ་རྨིར་ཐ་བིན་དུ་པྲ་ཤ་བྷིན་ཏུ། ན་མ་ཤྲཱི་ཕ་ལ་མུན་ཏྲ་མནྟ་ཏྲ་ཨེ་ཀ་འདུ་ཏི་ཧི་ལ་ན་མ། རོལ་པ་རྒུན་གྱི་ཐིག་ལེའི་ཀློང་ནས།། བྱང་ཆུབ་ཤིང་དྲུང་དུ་སྐུ་སྤྲུལ་ནས། ་དེ་ཡི་འཇམ་དཔལ་བཤེས་གཉེན་དག་ལ་རྒྱུད།། མཐིང་གི་ཤུ་གུ་དག་ལ་བྲིས་པའི་གླེག་བམ་འདི།། འཇམ་དཔལ་བཤེས་གཉེན་ཁྱོད་ལ་གདམས་པར་བྱ།། ཞེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། ་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་དུས་ན།། གཞི་དངོས་པོའི་གནས་ལུགས་ཇི་ལྟར་ལགས། སྣང་བ་ན་ཇི་ལྟར་སྣང་། མིང་དུ་འདོགས་ན་ཇི ་ལྟར་འདོགས།། དེ་ལས་འཁྲུལ་པ་ཇི་ལྟར་ལགས། ཅེས་ཞུས་པས། ཨ་ཏི་སྠི་གཅོད་བསྟན་པར་བྱ། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས།། གླིང་གཞིའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཀའ་སྩལ་པ། ་སྣང་བ་ནི་རང་བཞིན་གྱི་སྣང་བ་ཞེས་བྱའོ།། དུས་དེ་ཙམ་ན་གནས་པའི་རྟོགས་མེད་ཀུན་གཞི་ཞེས་ཀྱང་བྱའོ།། མིང་དུ་འདོགས་ན་མི་ཟད་པའི་མཛོད་ཀྱང་བྱའོ།། སྤྱི་པ་ཆེན་མོ་འཁོར་བའི་གཞི་ལ།། སེམས་ཅན་གྱི ་ཐུགས། ཆོས་ཉིད་སྤངས་པའི་ཀློང་ཞེས་ཀྱང་བྱ།། རང་སྣང་གི་ནམ་མཁའ་ཞེས་ཀྱང་བྱའོ།། དེའི་རྩལ་ལས་ཤེས་པ་རྐང་པ་ཁྱབ་པའི་ཤེས་པ། རྒྱུ་བའི་ཤེས་པ། མི་རྒྱུ་བའི་ཤེས་པ། ལུང་ལ་བསྟན་པའི་ཤེས་པ་ཞེས ་ཀྱང་བྱ་སྟེ།། དུས་དེ་ཙམ་ན་ཐོག་མཐའ་མེད་པའི་སྙིང་པོ་ཞེས་ཀྱང་བྱའོ།། ཞེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་གསུམ་པའོ།། །། གཡོ་བ་ནི་སྤྱིས་ཆོས་ཀྱི་སྐུ་རྟོག་མེད་ཀྱི་སྦུབས་ནས ་གཡོས།། སྒོ་ནི་གསུམ་ནས་འབྱུང་སྟེ། གསལ་བ་རྟོག་མེད་ཀྱི་སྒོ།། སྟོང་པ་མཚན་མེད་ཀྱི་སྒོ།། གསལ་སྟོང་བཙད་མེད་ཀྱི་སྒོ་ནས། རྣོན་པོའི་སྒོ་བྱེ་ནས་ཁྱབ་པའི་རིག་པ་བྱུང་སྟེ། རིག་པ་རྐྱང་པ་དེ་ལ་འགྲོ་བའི་སྒོ ་མེད་པས། མ་ནིང་གི་སྒོ་བྱེ། རྒྱུ་བའི་རིག་པའི་ཕྱིར་ཐོན། རྟུལ་པོའི་སྒོ་ཕྱེ། མཚན་མའི་རིག་པ་ཤར། རྣོ་རྟུལ་གཉིས་མེད་ཀྱི་སྒོ་འགགས་པས། མྱོང་བའི་རིག་པ་སྨོན་ནོ།། ཡན་ལག་གི་སྒོ་བྱེ། རིག་པ་དངོས་སུ་སྨིན ་ཏེ། ཆོས་དབྱིངས་རང་བྱུང་གི་སྦུབས་ཅེས་བྱ་སྟེ། སྣ་ཚོགས་ལ་འཇུག་གོ། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། རིག་པ་དངོས་སུ་སྨིན་ནས་འཁྲུལ་པའི་དཔེ་སྟེ་ལེའུ་བཞི་པའོ།། །། དེ་ནས་མཚན་དང ་། དཔེ་བྱད་ལོངས་སྐུར་འཁྲུལ་པ་བཀའ་སྩལ་པ། གསལ་བ་སྣོད་ཀྱི་སྒོ།། སྟོང་པ་བཅུད་ཀྱི་སྒོ།། འཛིན་པ་མ་ཞུགས་པའི་སྒོ། ཁ་དོག་གསལ་བ་ཡན་ལག་གི་སྒོ།། མཚན་མ་མ་རིག་པར་ཤར། མྱོང་བའི་རིག་པ་སྐྱེས། ་རྒྱུ་བའི་རིག་པ་ཡུལ་འོད་ལྔ་རུ་ཤར་ཏེ། དང་པོ་རྩི་ཡིན་མཉམ་དུ་ཤེས་པས། བར་དུ་ཡིན་མིན་གྱི་ཤེས་པ། ཟ་མར་ཡིན་གདེངས་ཀྱི་ཤེས་པས་གཅད་པས་ཡིད་འཁོར་ལོ་གསུམ་ཞེས་དེ་ལ་བྱའོ།། དུས ་