CLOSE WINDOW

Gpb054.004: 'khor lo rdo rje
Wyliee-texts produced with BDRC’s OCR application

བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཞུགས་སོ།། @#།། རྒྱ་གར་སྐད་དུ། བཛྲ་ཙཀྲ། བོད་སྐད་དུ། འཁོར་ལོ་རྡོ་རྗེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག ་འཚལ་ལོ།། ཡངས་པ་ཆེན་པོ་ཡུམ་གྱི་མཁའ་ན། སྙིང་པོ་རྡོ་རྗེ་རབ་ཏུ་འབར་རོ།། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་རྣམས་ཀྱང་འོད་ཟེར་དུ་འབར་རོ།། བཅོམ་ལྡན་འདས་གསང་བའི་དཀྱིལ་འཁོར་ན། རྡོ་རྗེ ་དཀྱིལ་འཁོར་ཤིན་ཏུ་གནང་བར་གྱུར་ཏོ།། ཡང་དག་པར་རྫོགས་པའི་བཅོམ་ལྡན་འདས་ནི། དགྱེས་པ་ཆེན་པོ་རོལ་པའི་ངང་དུ་འབྲལ་མེད་དོ།། ཡེ་ཤེས་ཐིག་ལེའི་སྙིང་པོ་ལས། སངས་རྒྱས་སེམས་ཡོངས་ཀྱིས་མེད།། ་རྟོག་པ་བརྟགས་པ་ལས་འབྱུང་བ། ཆོས་བཅོས་ལ་ནི་མཐའ་ཡས་མཆོག། རྣམ་ཤེས་ཕྱི་ནང་ཡུལ་རོལ་ན།། ལམ་ལྔ་བསྡུས་པ་ཟག་མེད་ཆོས།། བརྗོད་ཀྱི་མི་ལང་རྟོག་པའི་རྡུལ།། དེ་བཞིན་དབྱིངས་ལས་བསམ ་ཡང་ཆར།། སྟོང་པ་ཞི་བ་རྣམ་ཤེས་ཀྱིས།། ཆོས་རྣམས་མ་ལུས་ཐམས་ཅད་བསྡུས། སྟོང་ཞིང་དེ་ལས་འགྱུར་བ་མེད།། ཀུན་གྱི་རང་བཞིན་ལམ་མཆོག་འདི།། སྤྱོད་ཡུལ་གང་དུ་རྟག་མེད་པས།། ཇི་ལྟར་རྟག་པར ་འགྲུབ་པ་ཀུན།། ཡེ་ཤེས་དབྱིངས་ལས་མ་སྐྱོད་ན།། བདེ་ཆེན་འཁོར་ལོ་རྟག་ཏུ་བསྐོར།། རྒྱུད་དྲུག་འཁོར་བ་རྣམ་ཤེས་ཉིད།། ཀ་ཡི་ཨ་སྦྱོང་ཨ་ལ་རོལ།། རྡོ་རྗེ་ཞེ་སྡང་རྡོ་རྗེས་གཅོད།། ཡི་གེ་ཚོགས ་དང་བྲལ་བྱའི་ཕྱིར།། ཡི་གེ་ལ་ནི་ཡི་གེ་མེད།། ཡི་གེ་དང་ནི་ཡི་གེའི་རྒྱུ།། ཡི་གེ་གཉིས་ཀ་ཡོད་པ་མ་ཡིན་ཏེ།། ཤེས་རབ་ཐབས་ལ་རྟེན་པ་ཡི།། ཡི་གེ་འདོད་ལ་སྣང་བར་ཟད།། མི་དཔོགས་པའི་ཆོས་མཆོག ་ལ།། དབང་སྒྱུར་ཆེན་པོ་རྡོ་རྗེ་རོལ།། རྡོ་རྗེ་ལྟོ་བར་ཡིན་པ་སྟེ།། འབྲེལ་ཏེ་ཅིག་པར་གྱུར་པ་ནི།། ཀ་ལི་སྙིང་པོར་གྱུར་པ་སྟེ།། ཡི་གེ་མེད་པའི་ཡི་གེ་ཡིན།། ཤེས་པ་ཤེས་བཞིན་མ་འཁྱམས་པར།། རང་གི་ངོ་བོ་གནས ་པ་ནི།། རང་རིག་ཡེ་ཤེས་ཞེས་བརྗོད་དོ།། ཤེས་ཀུན་དེར་འཁྱིལ་ཕུར་པ་དམ།། དྲང་པོ་དེ་ནི་བྱང་ཆུབ་སེམས།། རྡོ་རྗེ་ཁྲོས་ལྔ་ཉིད་གཏུལ།། ཡི་གེའི་སྙིང་པོ་ཉིད་དུ་གསལ།། ཞེ་སྡང་གསལ་བའི་རྡོ་རྗེ་ཡིས།། རྣམ ་ཁྲག་འཐུང་བ་རྣམ་པར་བཅད།། ཡེ་ཤེས་གཏི་མུག་ཐིག་ལེར་དག། གཏི་མུག་འཁོར་ལོ་རྣམ་པར་སྤངས།། སྙིང་པོ་རྡོ་རྗེ་བཙན་པའི་གནས།། དུ་ཁྲོད་ཆེན་པོ་བརྡལ་པ་ནི།། ཡེ་ཤེས་རོལ་མོ་གཟིགས་ཤིང་སྤྱོད།། ཤེས ་པའི་གཏི་མུག་སྣ་ཚོགས་པ།། མི་ཤེས་རྡོ་རྗེ་ཤེས་པ་ནི་སྦྱིན་པ་ཆེན་པོའི་ཤེས་རབ་གཏེར།། ཡིག་རྒྱས་བཏབ་པའི་ཕྱག་རྒྱ་ཡིན།། རྣམ་ཤེས་རྟོག་སྤྱོད་བྲལ་བ་ནི།། བྱང་ཆུབ་སྙིང་པོའི་ཐིག་ལེ་ཡིན།། གལ་ཏེ་འདོད་པ ་ཡང་གཏང་ན།། ཉེས་མེད་རང་འབྱུང་ཡེ་ཤེས་པས།། དེ་ན་འཛིན་པའི་ནད་ཡོད་པས།། བསམ་ལས་འདས་པའི་ཤེས་རབ་བསྐྱེད།། ཤེས་རབ་དྲང་བའི་དོན་ཉིད་ལས།། སེམས་སུ་འདུ་ཤེས་གང་ཡང་མེད།། དེ་ཉིད ་རང་འབྱུང་ཡེ་ཤེས་ཉིད།། བཙལ་བར་རྙེད་པར་མི་འགྱུར་ཏེ།། མ་བཙལ་བ་ན་ཡེ་ཤེས་ཉིད།། སེམས་མི་ཤེས་པ་རྟག་ཏུ་གནས།། ཐམས་ཅད་མ་ལུས་ཆོས་སོ་བཅོག། རང་བྱུང་ཡེ་ཤེས་ཉིད་ལས་མེད།། ཡེ་ཤེས་དེ ་ལས་གཞན་པའི་ཆོས།། ཡེ་ཤེས་ཉིད་ཀྱི་མི་མཉེས་སོ།། གལ་ཏེ་མཐོང་ཐོས་སྣ་ཚོགས་པ།། རྟོག་པའི་རྒྱུན་གྱིས་མཐོང་བར་ཟད།། ཅི་སྟེ་མཐོང་བ་བདེན་འགྱུར་ན།། སངས་རྒྱས་ཀུན་འབྱུང་འབྱུང་མི་སྲིད། ཁམས ་གསུམ་ཡེ་སངས་རྒྱས་པ་ལ།། སྟོང་པ་སྟོང་པའི་སྦྱིན་པ་གཏོང་།། ཡེ་ཤེས་ཆེན་པོའི་ཐིག་ལེ་གཏང་།། ཡེ་ཤེས་ཆེན་པོའི་ཐིག་ལེ་ལ།། ཆོས་ཀྱི་དབྱིངས་ཀྱི་རྒྱན་པ་ཡིས།། འདུ་བྱེད་པའི་དཀྱིལ་འཁོར་ན།། ཤིན་ཏུ་ཡེ ་ནས་རྔམ་པའི་ཞལ།། མི་རྟོག་པ་ལས་འབྱུང་བའི་གསུང་།། གསུང་གི་འབྲུག་གི་ཀུན་ཏུ་གྲགས།། བལྟས་པས་བསྲེག་པ་རྡོ་རྗེ་སྤྱན།། ཡེ་ཤེས་ཆེན་པོའི་སྤྱན་གདངས་པས།། གསང་བ་རྒྱ་མཚོ་རྡོ་རྗེའི་སྐུ།། མདངས ་ལྡན་མ་ཡིས་འཁེངས་པ་སྟེ།། དྲང་པོ་མ་ཆགས་རྡོ་རྗེའི་ས།། ཡེ་ཤེས་སྤྱན་དེ་པདྨའི་སྤྱན།། ཡི་གེ་འཕྲེང་སོགས་འོད་ཟེར་ཚུལ།། གསང་བ་མཆོག་གི་རོལ་མོ་ཡིས།། ཟག་མེད་ཡེ་ཤེས་ཚིམ་གྱུར་པ།། ཐམས་ཅད་སྙིང ་པོ་བྱང་ཆུབ་སྐུ།། ཀུན་ཏུ་བཟང་པོ་རྡོ་རྗེ་ས།། རྡོ་རྗེའི་མིང་ནི་བཅོམ་པའི་ཚོགས།། ཨ་ལ་སོགས་པའི་ཚོགས་ཟད་པ།། སེང་གེ་ལྟ་བུའི་ཆོས་ཆེན་པོ།། ཆུ་དུ་སྣ་ཚོགས་ཉིད་ལས་རྫོགས།། ཉིད་ལས་ཆོས ་སྐུ་མི་འགྱུར་བ།། བསམ་མཆོག་སྨད་བྱུང་སྣང་བ་མེད།། སྣང་མེད་སྣང་བ་དངོས་ཡིན་པས།། སྣང་དང་མི་སྣང་མི་དམིགས་ན།། ཐམས་ཅད་བྱང་ཆུབ་ཕུར་པས་གཏབ།། འཁོར་ལོ་རྡོ་རྗེ་ལས་ངོ་བོ་ངེས་པར་བསྟན ་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་ཤིན་ཏུ་བསྟན་པའི་ཆོས།། འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ན།། ཉིད་ལ་ཉིད་ཀྱི་ངོ་མཚར་བར་བཀའ་སྩལ་པ།། ཨེ་མ་ཧོ། རྡོ་རྗེ ་དངོས་གྲུབ་རྡོ་རྗེ་ལས།། སྤྱོད་ཡུལ་འགྱུར་བ་མེད་བཞིན་དུ།། བདག་དང་གཞན་དུ་རྟོགས་པ་ལས།། བག་ཆགས་འཁོར་ལོ་རྟོག་པས་འཁྲུལ།། སྣ་ཚོགས་པའི་ཆོས་རྣམས་དང་།། སངས་རྒྱས་སེམས་ཅན་སོ་སོར ་འཛིན།། རྣམ་རྟོག་མདུད་པས་གདམས་པ་ལས།། ཡང་དག་དབྱིངས་ལས་གཡོས་པ་མེད།། མ་ཡོས་པ་ལས་བྱུང་རྣམས་དང་།། བཅོམ་ལྡན་འདས་ཀྱི་འོད་ཀྱི་ཚུལ།། འཁོར་ལོ་རྡོ་རྗེས་བསྡུས་པ་ཡང་།། རང ་འབྱུང་ཐིག་ལེའི་ངང་།། ཡེ་ཤེས་གཏི་མུག་མི་འབྱེད་པ།། ཆོས་ཀྱི་དབྱིངས་སུ་ག་ལ་མཐོང་།། མིང་དུ་བརྟག་པ་འཁྲུལ་པས་ན།། དེ་བཞིན་ཉིད་ལས་གནས་པ་མིན།། སྔོན་དུ་སངས་རྒྱས་འབྱུང་མེད་པས།། གསུངས་པ ་སྣ་ཚོགས་འཁྲུལ་པའི་སྒྲ།། ཆོས་ཀྱི་སྙིང་པོ་གསུང་དུ་མེད།། དེ་ཕྱིར་བརྗོད་དུ་རྡུལ་ཙམ་མེད།། གསང་མཆོག་དགེ་བ་ཞེས་བྱ་བ།། མིང་གིས་བརྒྱན་པ་སྒྲོ་བསྐུར་ཡིན།། ཚིག་ཏུ་བརྗོད་པ་རྣམ་པར་སྤང་།། རྣམ་ཤེས་སྒྲ ་མས་གཟུང་བའི་ཆོས།། ཡེ་ཤེས་སྒྱུ་མ་སྦྱར་ཤེས་ན།། རྒྱུ་དང་མིའི་རྒྱུའི་དྲན་དབང་ནི།། དམིགས་བྱ་མེད་པར་དྲན་དབང་བསྒྱུར།། ཐབས་ཀྱི་རྒྱལ་པོ་སྒྱུ་མ་ལྷོ།། ཤེས་པ་དྲི་གང་མི་འབྱུང་ཞིང་།། སྣང་བ་གང་ཡང་མི ་མཐོང་བ།། དེ་ནི་བདེ་བ་ཆེན་པོའི་ས།། ཡེ་ཤེས་དབྱིངས་ལས་མི་བརྩོན་ཞིང་།། དྲན་མེད་ཡེ་ཤེས་ཀློང་གནས་པ།། མཉམ་དང་མི་མཉམ་དོན་ལས་འདས།། ཕ་རོལ་ཕྱིན་པ་བཅུའི་མཚོ།། ཟབ་མོ་ཟབ་ལས་བརྒྱན་པ ་ནི།། ཤེས་པ་སྙིང་པོར་ཐེམ་པས་ན། ཆོས་སྐུ་བདེ་བ་ཆེན་པོ་ཡང་།། བསམ་པ་མེད་ན་རང་འབྱུང་སྐུ།། པད་མ་དག་པས་སྣང་བ་མེད།། མི་སྣང་བའི་དོན་དེ་ལ།། བསྒོམ་པ་མེད་ན་སྒོམ་པ་ཡིན།། ཤེས་པ་གང་ལ་མི ་འཇུག་པ།། ཡེ་ཤེས་སྙིང་པོ་ཐིག་ལེ་ཡིན།། རྒྱལ་བ་ཀུན་གྱིས་གཤེགས་ཤུལ་བདེ།། བྱང་ཆུབ་ཉིད་ཀྱང་མི་སྣང་བས།། བྱང་ཆུབ་ཉིད་ནི་མཐོང་བ་མིན།། ཆོས་ལས་དམིགས་པའི་ཆོས་གནས་པ།། འབྲས་བུའི་རྒྱུ་དང ་རྒྱུའི་རྒྱུ།། མེད་པའི་ཡོད་པ་གཉིས་གར་འབྲེལ།། དེ་ལ་མཉམ་དང་མི་མཉམ་མཉམ།། བཤད་པར་ཐོབ་མེད་བྱ་བྲལ་ཆོས།། ཡང་དག་ཆོས་ལས་འབྱུང་བ་མེད།། འཁྲུལ་པའི་སངས་རྒྱས་ཆོས་ཀྱི་བྱེད།། བྱ་བའི་གནས ་དང་བྱ་མ་ཡིན།། འབྱོར་འདུམ་མེད་པ་སའི་ས།། སྙིང་པོ་དོན་ལ་ཉམས་པའོ།། འདོད་ཆགས་ཉིད་ཀྱི་ཆོས་མཐོང་ཞིང་།། སྡུག་བསྔལ་ཉིད་ལ་སྔགས་བསྔལ་གྱིས།། མཚན་མ་རྡུལ་ཙམ་མ་མཐོང ་ཞིང་།། སྡུག་བསྔལ་ཉིད་ཀྱི་ཆོས་ཐོས་པ།། བྱང་ཆུབ་མཆོག་ཆེན་ཀུན་གྱི་གཞི།། ཐིག་ལེ་ཙམ་ཉིད་ཉེ་བར་བཤད།། སེམས་ནི་ལམ་གྱི་ངོ་བོ་ཉིད།། སེམས་ཀྱི་ངོ་བོ་ཉིད་མེད་པས།། བསམ་གྱི་མི་ཁྱབ་མཐའ་ཡས ་ཆོས།། ངོ་བོ་མེད་ཕྱིར་ཡོད་མ་ཡིན།། རྐྱེན་ཕྱིར་སྐྱེས་ཕྱིར་མེད་མ་ཡིན།། སེམས་ཀྱི་རྟོགས་པ་སྐྱེ་མེད་ཅིང་།། རྟོག་དེ་ཉིད་དང་སེམས་ཉིད་འདྲ།། ཆོས་རྣམས་ཀུན་གྱི་སྙིང་པོ་ནི།། རྩ་བ་མེད་པའི་རྩ་བ་ཡིན། ཁ་དོག ་མ་ངེས་འཇའ་ཚོན་འདྲ།། ཆེ་ཆུང་རིམ་པ་དེ་བཞིན་ཏེ།། ཆོས་ཞེས་བརྟག་པ་ཆོས་ཀྱི་ཆོས།། སྨད་པ་མེད་པའི་ཆོས་བརླབས་ཕྱིར།། ཆོས་མེད་པ་ལ་ཆོས་ཞེས་གསུངས།། རྣམ་གྲངས་དག་གིས་མཐའ་ཡས་ཆོས།། སྐུ ་མའི་རྒྱུ་ཡིས་བསྒྱུར་ཤེས་པ།། མི་སྐྱེ་སྒྱུ་མས་སྒྲ་བསྒྲལ་ན།། འདས་པ་མེད་པའི་མྱང་ངན་འདས།། བྱང་ཆུབ་ནམ་མཁའ་མི་སྐྱེ་བས།། ནམ་མཁའ་བྱང་ཆུབ་རྩ་བ་བཅད།། དཔའ་བོའི་དཔའ་བོས་དཔའ་བོ ་བསྒྲལ།། རང་བྱུང་ཡེ་ཤེས་གཅིག་པུ་ལ།། ཆོས་རྣམས་ཕྱེ་མོའི་མེད་པ་ནི།། སེམས་ཅན་རྣམས་ཀྱི་ངོ་བོ་ཉིད།། རྣམ་པར་དག་པའི་བྱ་བ་མེད།། ཡེ་ཤེས་སྙིང་པོ་བདེ་གནས་ཏེ།། མི་གཡོ་མཉམ་པ་མི་བྱམས ་པ།། ཕྱོགས་རྣམས་ཀུན་གྱི་ཕྱི་མོར་གསུངས།། ཐམས་ཅད་བདེ་མེད་བསྒྱུར་ཞེས་ན།། བྱང་ཆུབ་སེམས་ལ་ཨ་ཡིས་བརྒྱན།། ཡ་མཚན་ཆེ་བ་ལྷག་པའི་ཆོས།། བླ་རུ་བྱུང་ཙམ་མཐོང་བ་པོ།། སྨན་ཉིད་འཆི་མེད་བྱང་ཆུབ ་ཏུ།། ཕྱོགས་སུ་འཁྱམས་པ་རྡོ་རྗེ་འབྲེལ།། ཕྱོགས་ཀྱི་འབྲེལ་པ་མེད་པ་ནི།། སྐྱེ་བ་མི་སྐྱེ་སྐྱེ་བ་སྟེ།། ས་མ་ཡ་ཨ་ཏང་ཏའོ།། བླུན་པོ་ཡེ་ཤེས་གཏི་མུག་ལ།། རྟོགས་པའི་སེམས་ཉིད་སྐྱེ་མེད་ཅིང་།། སེམས་ཉིད་སྟོང་པ ་སྐྱེ་མེད་པ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཏེ།། ཡེ་ཤེས་ཐིག་ལེ་དྲང་པོའི་ལམ།། བླང་བྱ་ལྷ་མོ་འཁྱིལ་བའི་སྒྲ།། ལེན་པ་ཟ་བྱེད་རྡོ་རྗེའི་སྒྲ།། ཁྲག་འཐུང་རྡོ་རྗེ་དུས་མེད་དུབ།། ཟིན་པ་བསྟན་པས་ཡབ་ཡུམ ་འཁྱིལ།། དོན་ཆེན་རྒྱལ་བར་གྱུར་པ་ན།། རྡོ་རྗེ་རྒྱལ་པོ་ལྷ་མོ་རོལ།། རྡོ་རྗེས་བཙན་པ་བདེ་བའི་རྒྱུ།། དེ་བཞིན་ཉིད་ཀྱིས་ངང་ལས་རོལ།། ཀུན་ཏུ་བཟང་པོ་རང་འབྱུང་དབྱིངས།། ཐིག་ལེ་གཅིག་ལས་སྨད་པ ་མེད།། ཤེས་རབ་ཡུལ་མེད་ཤེས་རབ་སྐུ།། རྡོ་རྗེ་དྲི་རོ་སྒྲ་མེད་སྒྲ།། རང་འབྱུང་རྡོ་རྗེ་དབྱིངས་ཀྱི་ལྷ།། དམ་པས་མིང་དང་མཚན་མ་མེད།། མྱ་ངན་འདས་པའང་གང་ཟག་ཉིད།། སེམས་ཀྱི་དམིགས་པས་ནུས་མ ་ཡིན།། ཡང་དག་ཉིད་ཀྱང་མི་མངའ་བས།། ངག་གིས་བཤད་པ་རྡུལ་ཙམ་མེད།། གཡོས་ཏེ་མཚན་མ་བྱུང་བ་ན།། མིང་དང་མཚན་མ་གང་ཡིན་ཡང་།། མེད་པར་རྟོག་པ་དེ་ཁོ་ན།། ཡང་དག་པའི་ཡི་གེ ་ཡིན།། གཟུགས་སྒྲ་དྲི་རོ་རྡུལ་སྣ་ཚོགས།། རང་གི་སེམས་ཉིད་སྣང་ལས་ཤར།། ཚོར་ཞིང་ཤེས་ན་མི་བདེན་པའི།། འདུ་ཤེས་འདུ་ཤེས་མི་སྐྱེའོ།། མི་བདེན་འདུ་ཤེས་མ་སྐྱེས་ན།། དེ་ཉིད་དེ་བཞིན ་གཤེགས་པའི་མཛོད།། ངོ་བོ་ཉིད་ཀྱི་ཆོས་ཉིད་ལ།། ཡང་དག་ཉིད་ཀྱང་སྐྱེ་མེད་ཅིང་།། མིང་དང་མཚན་མ་མ་སྐྱེས་པས།། དེ་ཉིད་དེ་བཞིན་ཉིད་ཅེས་གསུངས།། སྐྱེ་མེད་ཡང་དག་ཉིད་མཁྱེན་ན།། མི་བདེན་པའི་ཆོས ་སྣ་ཚོགས།། མིང་དང་མཚན་མ་ཚིག་བཤད་དང་།། བྲལ་བས་ཡང་དག་ཡེ་ཤེས་སྣོད།། དོན་དམ་པའི་གདེན་པ་ཉིད།། མི་བདེན་ཆོས་སྐྱེ་མེད་ན།། མཚན་མའི་ཚོགས་དང་མ་འབྲེལ་བས།། མི་བདེན་རྒྱུན་ནི་བཅད་དུ ་མེད།། སེམས་ལ་སེམས་ནི་མེད་མཁྱེན་ན།། སེམས་ཞེས་བྱ་བར་བཅད་དུ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཉིད།། རྣམ་ཤེས་ཡུལ་ལ་མ་སྐྱེ་བ།། རྣམ་པར་རྟོག་པ་མེད་པ་སྟེ།། ཆོས་ཀྱི་དབྱིངས་ནི་པདྨའི་སྤྱན།། སེམས ་ལ་སེམས་ནི་མེད་ཞེས་ཤིང་།། ཆོས་ལ་ཆོས་མེད་པར་ཤེས་ཏེ།། མིང་དང་གཟུགས་སྒྲ་སྣ་ཚོགས་པ།། དེ་བཞིན་གཤེགས་པ་སངས་རྒྱས་སྤྱོད།། རྡོ་རྗེ་འཆང་རྒྱལ་ཐིག་ལེའི་འོད།། ཟབ་མོ་ཡེངས་པ་ཆོས་ཀྱི ་དབྱིངས།། ཆོས་ལ་གཟུགས་ནི་མེད་པ་སྟེ།། ཤེས་པ་མེད་ཤེས་མེད་པར་གསུངས།། བྱང་ཆུབ་སེམས་དཔའ་ཐིག་ལེ་ཉིད་མི་འབྲེལ།། རང་ཡེ་ཤེས་དབྱིངས་ཉིད་ནི།། ཡིན་དམ་མ་ཡིན་མི་རྟོག་པས།། ཐམས་ཅད ་ཡེ་ཤེས་སྙིང་པོ་ཉིད།། སྡིག་ཏོ་མཐོང་བ་མེད་པས་ན།། ཐམས་ཅད་གསང་བ་བྱང་ཆུབ་སྐུ།། ཐམས་ཅད་ཆོས་ནི་མི་སྐྱེ་ཞིང་།། གང་ལ་ཡང་མི་འགོག་མི་རྩོལ་ཏེ།། ཅི་བྱེད་གཡོས་པར་མ་མཐོང་ན།། སྤྱོད་པ་བཅད་པ ་ཡོ་མི་དགོས།། ཅི་སྤྱོད་པ་ཉིད་བྱང་ཆུབ་ཉིད།། སངས་རྒྱས་ཐིག་ལེ་སྤངས་པའི་སྤྱན།། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ལས།། སྒོ་སྣ་ཚོགས་སུ་གླེང་སྤངས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང་པོས།། ཤིན་ཏུ་རྔམ་པའི་ཚིག་གསང་བ།། མི་འབྱུང་མི་འཇུག་པའི་སེམས།། རྡོ་རྗེ་ཁྲག་འཐུང་རྔམ་པའི་ཞལ།། ཡང་དག་པའི་ཆོས་ལམ་འདྲ།། སངས་རྒྱས་བྱང་ཆུབ་སེམས་དཔའ ་དང་།། མིང་བརྟགས་དོན་དུ་འདོད་པ་ནི།། སྐུར་བཏབ་སངས་རྒྱས་མཐོང་མི་སྲིད།། ཡང་དག་རྟེན་པར་དྲང་གྱུར་ན།། ཡང་དག་ཉིད་ལས་ཡང་དག་མེད།། མེད་པའི་ཕྱི་མོས་སེམས་ཉིད་དེ།། སྡུག་བསྔལ་ལས་ལས ་། གྲོལ་བའི་ལམ།། སེམས་ཅན་སངས་རྒྱས་དེ་ལས་མེད།། མཉམ་མི་མཉམ་དང་མཉམ་མི་མཛད།། གྲོལ་དང་མ་གྲོལ་ཡེ་ནས་གྲོལ།། རྩོལ་བསྒྲུབ་གཉེར་བས་དོན་མི་མཐོང་།། ཅིར་ཡང་མི་དགོས་སྤྱད་བྱས ་ནས།། བདག་དང་གཞན་ལ་འབྲས་བུ་ཐོབ།། ངོ་བོ་ཉིད་ཀྱི་གཞི་རྟོགས་ན།། མ་ནོར་བའི་ལམ་ལ་གནས།། མཐོང་ཐོས་དག་པ་ཞི་བའི་ཆོས།། སྒོམ་པ་མེད་ན་བསྒོམ་པ་ཡིན།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད ་ལམ།། དེ་བཞིན་ཉིད་དུ་སེམས་བྱེད་པ།། རང་བྱུང་དབྱིངས་ལས་གཡོས་མ་ཡིན།། འཛིན་པ་གཡོས་པ་མིན་པ་ན།། ཕལ་པའི་རྣམ་ཤེས་དག་དང་མཚུངས།། བྱང་ཆུབ་ནམ་མཁའ་ཡོད་མ་མིན།། སྟོང ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། དངོས་པོ་གང་ཡང་མ་ཡིན་པར།། སྟོང་པ་ཉིད་དུ་སྟོང་པར་ཤེས།། ཡེ་ཤེས་སངས་རྒྱས་དེ་ལ་མེད།། མིང་ཙམ་འཛིན་པའི་སྟོབས་བྲལ་ན། ཤེས་རབ་གང་དུ་མི་འགྲོ་བ།། དེ་ནི་བྱང་ཆུབ་སྙིང ་པོ་ཉིད།། ལོག་པའི་སྟོབས་ཀྱི་གཡེངས་པ་ཆེ།། རྟོག་པའི་དབང་ལས་བྱུང་བ་ལས།། ཆགས་པའི་སྟོབས་བྲལ་ཐིག་ལེའི་སྐུ།། བདེ་བ་ཆེན་པོས་གཡོས་པ་མེད།། རྡོ་རྗེ་ཁྲག་འཐུལ་ཐོལ་པ་མི་སྐུ།། བློ་གྲོས་སྙིང་པོ་རྡོ ་རྗེའི་བློ།། སྟོང་པ་ཉིད་དུ་དབེན་འཛིན་ཏེ།། སྟོང་པའི་སྟོང་པ་སྐྱེ་བས་ན།། འཛིན་པའི་ལྕགས་ཀྱུས་ཟིན་པ་སྟེ།། སྟོང་པའི་སྟོང་པས་བཅིངས་པའོ།། ཡེ་ཤེས་ཆེན་པོས་རླུང་གཡོས་ན།། ཆོས་རྣམས་མི་མཉམ་སོ་སོའི ་རླུང་།། ཡང་དག་ཉིད་དུ་མི་འགྱུར་བས།། གྲོལ་བས་གྲོལ་ཡོང་མི་འགྱུར་རོ།། ཡོད་མེད་གྲོལ་དང་མ་གྲོལ་མེད།། དེ་ནས་དག་པས་སྦྱང་མི་དགོས།། ནམ་མཁའ་ཉིད་དང་མ་འབྲེལ་བས།། བྱམས་པའི་ཐིག་ལེ་སྙིང ་བརྩེར་བཞག། དངོས་མེད་མི་རྟོག་མཐོང་བ་ནི།། དངོས་དང་མི་རྟོག་དང་དངོས་དང་རྟོག། བྱ་བྲལ་ཆོས་ནི་མ་ཡིན་པས།། གྲོལ་བ་རང་འབྱུང་གཞན་མིན་ཏེ།། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ལས།། རྣམ ་གྲངས་ངེས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་བཟང་པོས།། ཉིད་ཀྱི་ཆེ་བའི་ཡོན་ཏན་ལ་ངོ་མཚར་བས།། ཉིད་ཀྱི་འདི་ལ་བརྗོད་པ། དྲག་པོ་དབེན་པ་རྡོ་རྗེའམ།། མི་ཚོར་མི ་སེམས་གཏི་མུག་སེམས།། ཚིག་ཏུ་སྨྲ་བས་ལན་མི་སྨན།། རྒྱལ་བའི་ལྷ་རྒྱལ་རྒྱལ་བའི་གཙོ།། ཆོས་ལ་ཤེས་པ་བྱ་བ་དང་།། མཐོང་བྱ་བསྟན་བྱ་མེད་པ་ན།། ལན་བཏབ་པས་ན་ཆོས་ཉམས་ཏེ།། ཤེས་པ་མཐོང་ས་ཡོད ་པར་འགྱུར།། ཡང་དག་ཉིད་དང་ཡང་དག་པ།། སྨྲས་ན་ཡང་དག་ཉིད་མ་ཡིན།། རྒྱུ་ལས་འབྲས་བུ་རྟེན་བྱེད་པ།། འཁྲུལ་པ་བྱིས་པ་རྣམས་ཀྱི་ལས།། སྟོང་པའི་ཐར་སྔགས་རྒྱུ་བའི་ཆོས།། སྟོང་པ་བཞིའི་ཞི་བས ་བཅིངས།། ཚོར་བ་ཡང་དག་མ་ཚོར་བས།། ཞི་བའི་ཆོས་ལ་ཞི་བྱེ་མེད།། ཡང་དག་ཉིད་དང་འབྲེལ་བྱ་དགོས།། དངོས་པོ་རྣམ་པ་མཐོང་ན་ཡང་།། རྣམ་པ་ཅིར་ཡང་མི་དམིགས་ན།། དངོས་པོ་དངོས་མེད་སྒོམ ་པའོ།། དེ་མ་ཟག་ཏུ་དེར་འཆོར་ན།། དེ་ལ་ཡང་དག་ནམ་མཁའ་འབྱུང་།། དགོངས་པ་མཆོག་ཏུ་གྱུར་པ་ཡི།། ཟིན་པོ་ལྟ་བ་མི་ལྟ་ན།། ལྟ་བ་ཐར་བར་འགྱུར་བ་དེ།། ལྟ་བའི་འདུས་ཤེས་ཟད་པར་མེད།། བྱང་ཆུབ ་མཆོག་ཏུ་ལྟ་བ་ཡི།། སེམས་ལ་བསྟོད་པས་འཕམ་པར་མེད།། གཟུགས་སྒྲ་དངོས་མེད་ལྟ་རུ་མེད།། སྟོང་དང་སྨད་པའི་དོན་མེད་པས།། བསྒོམ་བྱ་གཟའ་གཏད་དང་བྲལ་བ།། དྲང་སྲོང་གྲོལ་བའི་ཤུག་མ་སྟེ།། རྣལ ་འབྱོར་པས་ནི་བསྟན།། བྱང་ཆུབ་སྙིང་པོ་མ་ཚོལ་ན།། མེ་ལེན་པས་ན་མཉམ་པ་ཉིད།། མ་བསྒྲུབས་པར་ནི་རང་བཞིན་འགྲུབ།། ཆོས་རྣམས་གང་ཡང་མི་འཛིན་ཅིང་།། ཤེས་པ་གང་ཡང་མི་ཤེས ་ན།། མི་རྟོགས་ཡེ་ཤེས་ཕུར་བ་ཡི།། མི་འགྱུར་འོད་གསལ་ཁ་ན་དམ།། དེ་ཚེ་ཕུར་པ་བསྐུལ་མི་བྱ།། དྲང་པོའི་ས་ནི་ལས་རླུང་བསད།། སངས་རྒྱས་ཐམས་ཅད་དེ་ལ་གནས།། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ ་ལས།། གསང་བའི་མན་ངག་གི་ལེའུ་སྟེ་བཞི་པའོ།། །། བྱང་ཆུབ་སེམས་དཔའ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གྷར་བྷ་དང་།། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཱི་རོ་ཙ ་ནས།། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། བཀྲ་ཤིས་པར་གྱུར་ཅིག།། ་