| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ན་ག་རཱ་ཛ་པུ་རི་ཏན་ཏྲ་ཏི་ཙི་ཙིཏྟ་ཡ། བོད་སྐད་དུ། ཀླུའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ཐུགས་ཡང་དག་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས ་གཅིག་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེ་འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་མཛད་ནས། ཤར་ཕྱོགས་གངས་ཀྱི་རི་བོ་ཆེན་པོ་ལ་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་། རིན་པོ་ཆེ་སྣ ་བཞི་ལས་གྲུབ་པ། མེ་ཏོག་སྣ་ཚོགས་དང་། བདུག་སྤོས་སྣ་ཚོགས་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཀྲ་ཤིས་པའི་བྱ་སྣ་ཚོགས་ཀྱིས་སྒྲ་སྒྲོག་པའི་གཞལ་ཡས་ཁང་དེ་ན། སེམས་ཅན་ཐམས་ཅད་ལ་ཚད་མེད་པ ་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྤྱན་རང་གཟིགས་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་མང་པོ་དང་ཐབས་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་སོ།། དེ་ནས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ཡང་ལྡན། ཚེ་དང་དབང་ཟང ་ཡང་རྒྱས། བར་དུ་གཅོད་པའི་འབྱུང་པོ་ཀུན་ཡང་ཉེ་བར་ཞི། སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རི་ནག་པོ་དགུ་འདས་པ་ན་གངས་ཀྱི་རིའོ།། དེའི་ཕྱི་རོལ་ན་སྤོས ་ཀྱི་དད་ལྡན་པའི་ཚུ་རོལ་ན། ཆུ་ཞེང་ལྔ་བཅུ་དངས་པའི་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ། ཀླུ་ཐམས་ཅད་ཀྱི་གནས་ཆེན་པོ་དེ་ན། ཀླུ་དང་། གཉེན་དང་། ས་བདག་ལ་སོགས་པ་ཀུན་གྱི་གཞལ་ཡས་ཁང་བསམ་གྱིས ་མི་ཁྱབ་པ་ཡོད་དོ།། དེ་རྣམས་ཀྱི་དབུས་ན། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པ། ཕྱི་ནང་མེད་པ་རིན་པོ་ཆེ་དངུལ་གྱི་རྩིགས་པ་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེ་གསེར་གྱི ་བརྩིག་པ་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེ་ཟངས་ཀྱི་བརྩིག་པ་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེ་ལྕགས་ཀྱི་བརྩིག་པ་བསམ་གྱིས་མི་ཁྱབ་པ་དང་། དབུས་ན་གསེར་གྱི་པདྨ་འདབ་མ་བརྒྱད་པ་འོད་ཟེར ་སྣ་ཚོགས་ཀྱི་འཕྲེང་བ་དང་ལྡན་པ། རྡོ་རྗེའི་ཀ་གདུང་ཅན། ཆུ་སྲིན་ཉི་མའི་རྒྱན་བཏང་བ། སྦྲུལ་དང་སྦལ་པ་མང་པོའི་ཟར་ཚགས། རིན་པོ་ཆེའི་གྲུ་ཆད་བཞིས་བརྒྱན་པ། རྡོ་རྗེ་རིན་པོ་ཆེ་དང་། པདྨ་རིན་པོ་ཆེ་དང་། ་རིན་པོ་ཆེ་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་དང་། བཞིའི་གདན་ལ་ཀླུའི་རྒྱལ་པོ་གཞོན་ནུ་གཏུམ་པོ་ཞེ་བྱ་བ་སྤྲུལ་པ་སྟོང་དང་ལྡན་པ། སྐུའི་མན་ངག་ལས་འབུམ་དང་ལྡན་པ།། སྲིད་པ་གསུམ་དབང་དུ་སྡུད་པར ་བྱེད་པ། སྲིད་པ་གསུམ་དབང་དུ་འགྱེད་པར་ཡང་བྱེད། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་མདངས་དང་ལྡན་པར་བྱེད། མདངས་འཕྲོག་པར་ཡང་བྱེད། ལོ་ཏོག་དང་། སྨན་དང་། ནགས་ཚལ་དང་། མགོ ་ལྕོགས་རྣམས་སྨིན་ཅིང་རྒྱས་པར་ཡང་བྱེད། འབྲི་ཞིང་མི་སྨིན་པར་ཡང་བྱེད། སྐྱེས་པ་དང་བུད་མེད་རྣམས་ནད་ཙི་ཙི་ཛ་ལ་དང་། འབྲས་དང་། ཤུ་བ་དང་། ཕོལ་མིག་དང་། གཡམ་པ་ལ་སོགས་གཏོང ་བར་ཡང་བྱེད། གསོ་བར་ཡང་བྱེད། འབྱུང་པོ་དང་། སྲིན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དང་། གནོད་སྦྱིན་མ་རུངས་པ་ལ་སོགས་པ་རྣམས་འཇོམས་ཤིང་རླག་པར་ཡང་བྱེད། མི་རླག་ཅིང་འཇོམས་པར་ཡང་མི་བྱེད། ་ཀླུ་ནང་ལ་མཐུན་ཞིང་གཏོང་གྲོགས་དང་ལྡན་པར་ཡང་བྱེད། མི་མཐུན་ཞིང་ཀླུ་ནང་ཟས་སུ་ཟ་བར་ཡང་བྱེད། དེ་ལྟ་བུའི་ཀླུ་མི་སྲུན་པ་དེ། སྟོབས་དང་ལྡན་པའི་རི་ཞེས་བྱ་བ། སྤོས་ཀྱི་ངད་དུ་ལྡན་པར་འབྱུང་བ། ་གཞལ་ཡས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཡང་རྩེ་ཡོད་པ། ཉམས་དགའ་བ། ས་བསིལ་བ། ཡིད་དུ་འོང་བ། མེ་ཏོག་སྣ་ཚོགས་པ་དང་ཡང་ལྡན། དེ་ན་རྫུ་འཕྲུལ་སྟོན་ཅིང་བཞུགས་སོ།། དེ་ནས་འཛམ་བུ་གླིང་གི ་མི་རྣམས་ཀྱིས་ཀྱང་། མཚོ་མ་དྲོས་པ་དང་སྤོས་ངད་ལྡན་པའི་རི་ལ་རྫུ་འཕྲུལ་དང་ལྡན་པའི་ཀླུ་གཞོན་ནུ་གཏུམ་པོ་ཞེས་བྱ་བ། སྲིད་པ་གསུམ་དབང་དུ་སྡུད་པ་ཅིག་གིས་སེམས་ཅན་ཐམས་ཅད་མི་བདེ་བར་བྱེད་དོ་ཞེས་བྱ། ་བ་ཡང་གྲགས་སོ།། དེ་ནས་ཀླུའི་རྒྱལ་པོ་གཞོན་ནུ་ཏུམ་པོ་དེ། སྟོབས་དང་རྫུ་འཕྲུལ་ཡང་རྒྱས་པར་གྱུར་ནས། སེམས་ཅན་ཐམས་ཅད་ལ་མི་བདེ་བ་རྣམ་པ་སྣ་ཚོགས་ཀྱང་འབྱུང་།། རིམས་དང་། ཡམས་དང་། མཛེ་ནད ་དང་། འབྲས་ཀྱི་ནད་དང་། ཕོལ་མིག་ལ་སོགས་པ་ཐམས་ཅད་གཏོང་བར་བྱེད། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། རྩ་བ་དང་། སྨན་དང་། མགོ་ལྕོགས་ལ་སོགས་པ་སྨིན་པར་ཡང་བྱེད། གྲོང་ཁྱེར་ཆེན ་པོ་སེར་སྐྱ་རུ། སེར་བས་སོག་མ་ཡང་མེད་པར་བྱེད། གྲོང་ཁྱེར་ཆེན་པོ་སེར་སྐྱ་རུ་སྐྱེ་བ་སུམ་བརྒྱར་སད་ཀྱིས་བཅུད་ཐམས་ཅད་མེད་པར་ཡང་བྱས། རླུང་སྣ་ཚོགས་གཏོང་བར་ཡང་བྱེད། འབྱུང་པོ་དང་མ་རུངས་པ ་རྣམས་རླག་པར་ཡང་བྱེད། ཀླུ་ནང་ཟས་སུ་ཟ་བར་ཡང་བྱེད། སྐྱེས་པ་དང་བུད་མེད་ཀྱི་མདངས་འཕྲོག་པར་ཡང་བྱེད། ནད་ཙི་ཙི་ཛ་ལས་ཟིན་པར་ཡང་བྱེད། སངས་རྒྱས་ཀྱི་བསྟན་པ་འཇིག་པ་ལ་ཐུག། འཛམ་བུའི ་གླིང་གི་སེམས་ཅན་རྣམས་ཀྱང་བྲེད་ཅིང་འདར། འཇིགས་ཤིང་སྡུག་བསྔལ་དང་ལྡན་པ་དང་། བཅོམ་ལྡན་འདས་དགོངས་པ་མཛད་པའི་སྤྱན་སྔ་རུ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན ་འདས་འཛམ་བུའི་གླིང་དུ་ཀླུའི་རྒྱལ་པོ་གཞོན་ནུ་གཏུམ་པོ་ཞེས་བྱ་བ། རྫུ་འཕྲུལ་སྟོང་དང་ལྡན་པ། སྤྲུལ་པ་བྱེ་བ་དང་ལྡན་པ་ཞིག་གིས་སེམས་ཅན་རྣམས་ཀྱི་སྲོག་དང་དབུགས་འཕྲོག་པར་ཡང་བྱེད། སད་དང་། ་སེར་བ་དང་། མུ་གེ་ལ་སོགས་པས་འཛམ་བུ་གླིང་དུ་བཀྲག་མེད་པར་གཏོང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བྲེད་སྟོར་བར་ཡང་བྱེད། སངས་རྒྱས་ཀྱི་བསྟན་པ་འཇིག་པར་ཡང་བྱེད། བཅོམ་ལྡན་འདས ་ཀྱིས་འདུལ་བར་བགྱི་འཚལ་ན། ཇི་ལྟར་མཁྱེན་པ་དང་། ཐུགས་རྗེས་གདུལ་བར་བགྱི། དེ་སྐད་ཅེས་གསོལ་བ་དང་། ཏིང་ངེ་འཛིན་ལས་བཞེངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ཕྱག་ན ་རྡོ་རྗེ་ཁྱོད་འཇིགས་ཤིང་སྐྲག་པར་མ་བྱེད་ཅིག། སྔོན་ཡང་འཇིག་རྟེན་ཁམས་སུ་མ་རུངས་པའི་ཁྲོ་བོའམ། གདུག་པ་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་འཇིག་པ་ལ་ཐུག་པ་ལ། ཐུགས་རྗེ་དང་བྱིན་རླབས་ཀྱིས་ཐུལ ་བ་ཡིན་གྱིས། འདིར་ཡང་བྲན་བཞིན་དུ་ཐུལ་ཏེ་འོང་བས། འཁོར་རྣམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་མ་ཞན་ཅིག་ཅེས་གསུངས་ནས། ཀླུའི་རྒྱལ་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཕྱག་ན ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སྲིད་པ་གསུམ་ཡང་ཞིག་ལ་ཁད། ལོ་ཏོག་དང་མེ་ཏོག་ཐམས་ཅད་བསྐམས། གྲོང་ཁྱེར་ཆེན་པོ་སེར་སྐུར་སྐྱེ་བ་ལྔ་བརྒྱར་སེར་བས་སོག་མ་མན་ཆད་མེད ་པར་བྱས་པས་ཐུགས་རྗེ་དང་ཏིང་ངེ་འཛིན་གྱིས་ཁོའི་གནས་སུ་གཤེགས་ནས་གདུལ་འཚལ་ལོ།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བཀས་སྩལ་པ། དཔལ་ཕྱག་ན་རྡོ་རྗེ་ལེགས་སོ།། ཁྱོད་འཁོར་རྣམས་དང་ལྡན ་ཅིག་ཏུ་སོག་མ་མེད་ཀྱི་ཁྱིམ་དུ་འདེང་ངོ་།། ཇི་ལྟར་ཐུལ་བར་བྱིན་གྱིས་བརླབས་ཟིན་གྱིས་གསུངས་ནས་ཏིང་ངེ་འཛིན་ལས་བཞེངས་སོ།། དེ་ནས་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་སུ་གནོད་སྦྱིན ་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་ཁྱིམ་དུ་གཤེགས་ནས། བཅོམ་ལྡན ་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་སྦྲུལ་ནག་པོ་རི་རབ་ཙམ་ཅིག་ཏུ་སྤྲུལ་ནས། མཛོད་སྤུའི་བུ་ག་ནས་འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ་སོག་མ་མེད་ཀྱི་གནས་འོད་ཟེར་གྱིས་སྣང་བར་མཛད། བཅོམ་ལྡན་འདས ་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཀྱང་བལྟས། ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་འོད་ཟེར་གྱིས་སྣང་བར་བྱས་པ་ཡང་མཐོང་། བཅོམ་ལྡན་འདས་ཀླུ་ཆེན་པོའི་གཟུགས་སུ་བཞུགས་པ་ཡང་མཐོང་ནས། ཀྱེ་མ་ཀྱེ་མ་ཞེས ་སྐྲག་ཅིང་ལུས་ཞུམ་སྟེ། བ་སྤུ་གྱེན་དུ་འགྲེང་ཞིང་ལུས་འདར་ནས་བཅོམ་ལྡན་འདས་ཀྱི་གཟི་བརྗིད་མ་བཟོད་དེ། ཁྲོ་གཏུམ་པས་ཟིལ་གྱིས་ནོན་ནས་ངའི་ཁྱིམ་དུ་དགྲ་གཞན་འོངས་པ་འདི་སུ་ཞིག་ཡིན། ཀླུ་ཆེན་པོ ་དང་སྟོབས་འགྱེད་ནུས་པ་འདི་སུ་ཞིག་ཡིན། སྲོག་དང་དབུགས་རྔུབ་ཅིང་བཟའ་བར་བྱའོ།། སྲོག་འཕྲོག་པར་བྱའོ།། དབུགས་དབྱུང་བར་བྱའོ།། ནད་ཙེ་ཙི་ཛ་ལ་གཏང་བ་བྱའོ།། རལ་གྲི་དང་གཏུན་ཤིང་གི་ཆར ་དབབ་པར་བྱའོ།། གནམ་ལྕགས་ཀྱང་དབབ་པར་བྱའོ།། ཞེས་ཟེར་ཞིང་ཀླུའི་རྒྱལ་པོ་སོག་མ་མེད་ཁྲོས་ནས་འཁྲུག་པར་གྱུར། ཁྲོས་པས་གད་མོའི་སྒྲ་ཕྱུང་། སྨིན་མ་དཔྲལ་བར་བསྡུས། བཞིན་བསྒྱུར། ལྕེ་དྲིལ། སྐྲ ་འགྲེང་། སྐྲག་པར་བྱེད། ལག་ན་མཚོན་ཐོགས་ཏེ་སྒྲ་ཆེན་པོ་ཅ་ཅོའི་སྒྲ་ཕྱུང་ནས། འཇིགས་པ་ཆེན་པོ་གློག་འབར་བ་འབྱིན་ཅིང་། སྤྲིན་ནག་པོ་ཆེན་པོ་ལས་བཅོམ་ལྡན་འདས་ཀྱི་སྟེང་དུ་གནམ་ལྕགས ་དབབ་པར་འདོད་པས། གློག་གི་ཚོགས་ཀྱང་བརྡེག་པར་འདོད། དེ་ནས་བཅོམ་ལྡན་འདས་ཀྱི་བྱམས་པ་དང་ཐུགས་རྗེ་གཟིགས་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ། ཀླུའི་རྒྱལ་པོ་སོག་མ་མེད་སྡིགས་ཤིག་ཅེས ་བཀའ་སྩལ་ཏོ།། དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱི་བཀའ་ཉན་ནས། སོག་མ་མེད་ཀྱི་ཁྱིམ་དང་ཉེ་བར་རྡོ་རྗེ་གསོར་ཞིང་ཁྲོ་བའི་སྔགས་འདི་བརྗོད་ཅིང་སོང་ངོ་།། ན་མོ་རད་ན་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ ་ཡེ། མ་ཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ཨོཾ་ཙཎྜ་དྷ་བེ་ཀ་པ་རེ་བྷ། ས་ར་ས་ར་བི་རི་ཏུ་ཏུ་ཏུ་མུ་ལ་ས་མ་ཡ་བི་རི། ཧུ་རུ་ཧུ་རུ་ཧཱུཾ། ཏིཥྛ་ཏིཥྛ་བྷོ་བྷོ་པན་དྷ་ནཱ་ག་ནན་དྷ་པྲ་ཧ་ར་ཏུ། མཧཱ་ཀྲོ་དྷ་རཱ་ཛ་སྥུ་ཏ་སྥུ་ཏ། བེའི་རེ་བཻའི་རེ། ས་ར ་ས་ར། མ་མནྟ་ཏུ་ཏི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རིག་པའི་རྒྱལ་པོ་གསང་བསྒྲུབ་ཀྱི་སྔགས་འདི་བརྗོད་མ་ཐག་ཏུ། ཀླུའི་ཁྱིམ་དང་བཅས་ཏེ་འཛམ་བུའི་གླིང་ཐམས་ཅད་མེ་འབར་བ་གཅིག་ཏུ་གྱུར་ཏོ།། དེ་ནས་ཀླུའི ་རྒྱལ་པོ་སོགས་མ་མེད་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས། ཀྱེ་ཕྱག་ན་རྡོ་རྗེ་དང་ང་ཅིའི་ཕྱིར་སྟོབས་འགྱེད་ནུས། ངས་དབུགས་རྔུབ་པ་གཅིག་གིས་བཟའ་བར་བྱའོ།། ཁྱོད་ཀྱི་སྲོག་དང་དབྲོག ་པར་བྱའོ་ཞེས་སྨྲས་སོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེ་ཁྲོས་འཁྲུགས་ཟིལ་གྱིས་ནོན་ནས་ལུས་རབ་ཏུ་འདར་ཞིང་ཁྲོས་པའི་གད་མོ་འབྱིན། མཆེ་བ་གཙིགས། མིག་བགྲད་དེ། ཀླུའི་རྒྱལ་པོའི་བཀའ ་སྡོད་ཅིག། ཡང་ངའི་རྟགས་གང་ཡིན་པ་རིང་པོར་མི་ཐོགས་པར་བསྟན་པར་བྱའོ།། ངའི་སྟོབས་གང་ཡིན་ཀླུའི་རྒྱལ་པོས་ལྟོས་ཤིག། རྡོ་རྗེ་འབར་བ་གསོར་ཞིང་ཀླུའི་རྒྱལ་པོ་སོག་མ་མེད་ལ་བརྡེག་པར་འདོད།། ་བདག་གིས་ཀླུའི་སྟོབས་དང་བཅས་པ། བཞོན་པ་དང་བཅས་པ་གཞོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ཕྱག་ན་རྡོ་རྗེ་ཧ་ཅང་ཡང་ཁྲོ་བའི་དབང་དུ་མ་འགྲོ་བར་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ཀླུའི ་རྒྱལ་པོ་སྐྲག་པར་བྱོས་ལ། ཀླུའི་རྒྱལ་པོ་རྣམས་ལ་མ་འཚེ་ཞིག། ཅེས་བཀའ་སྩལ་པ་དང་། དེ་ནས་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས། རྡོ་རྗེ་འབར་བ་ཅིག་རི་ཁྱིམ་ལ་བསྣུན་ནོ།། དེ་ནས་ཀླུའི་ཁྱིམ་དུམ་བུར ་བཅོམ་ནས། རྡོ་རྗེ་འབར་བ་མིག་ཅེས་བྱ་བ་ཁྲོས་པའི་མིང་སྨྲས་པ། སྥོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ནཱ་ག་བི་དྷ་ར་ན་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སརྦ་ཤ་ཏྲུཾ་པྲ་མ་ན་ཐ་ཡ་ཧཱུཾ་ཕཊ། བི་རི་བི་རི་སྭཱ་ཧཱ། ཀྲོདྷ་ན་ཤ་ཡ་ཕཊ། བི་ད་ར་ན་ཡ ་ཕཊ། མ་ར་ཡ་ཕཊ་ཀུ་ལ་ཨུད་སད་ཀ་ན་ཡ་ཕཊ། ས་སྨིན་ཀ་ར་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཀླུ་ཐམས་ཅད་འཆི་བས ་འཇིགས་པ་བྱེད་པའི་མཆོད་པའི་སྔགས་ཟབ་མོ་འདི་བརྗོད་པ་ཙམ་གྱིས་བཤད་མ་ཐག་ཏུ་རི་དང་། བྲག་དང་། ཁྱིམ་དང་ཚལ་དང་། སྐྱེད་མོས་ཚལ་དང་བཅས་པ་འདི་དག་ཐམས་ཅད་གཡོས ་སོ།། རབ་ཏུ་གཡོས་སོ།། འུར་རོ།། རབ་ཏུ་འུར་རོ།། ཆེམ་ཆེམ་མོ། རབ་ཏུ་ཆེམ་མོ།། འགུལ་ཏོ།། རབ་ཏུ་འགུལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་འཇིགས་སྐྲག་སྟེ། ཁྲོ་བ་དང་བྲལ་ཏེ། སྙིང་སྟོར་ལུས་འདར ་ནས། ལུས་ལ་རྡུལ་ཕྱུང་ནས། སྙིང་ནས་ངོ་ཚ་བ་དང་བཅས་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་གཏུགས་ཏེ། འདི་སྐད་ཅེས་བཅོམ་ལྡན་འདས་ལ་བཟོད་པར་གསོལ། གོང་དུ་བདག་གིས ་གནོད་སེམས་སྔར་བྱས་པ་བརྗེད་པར་འཚལ་ལོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པ། ཁྲོ་བོ་ཆེན་པོ་དྲག་ཤུལ་ཆེན་པོའོ།། གཏུམ་པོ་དྲག་པོ་འཇིག་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས་དེ་ལས ་བདག་སྐྱབས་སུ་གསོལ།། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། ཀླུའི་རྒྱལ་པོ་ཁྱོད་ཕྱག་ན་རྡོ་རྗེ་ལ་བཟོད་པར་གསོལ་ཅིག། ཀླུའི་བདག་པོ་ཁྱོད་སྡུག་བསྔལ་མང་པོ་འབྱུང་བར་མི་འགྱུར ་རོ།། ཞེས་བཀའ་སྩལ་ཏོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ན་མཆིས་བཞིན་དུ། དེ་དག་སྙིང་འདུལ་བ་དཀའ་ཞིང་། རྡོ་རྗེ་མི ་བཟད་པའི་གནམ་ལྕགས་འབེབས། རིའི་ཆར་འབེབས། ལོ་ཏོག་རྣམས་འཇོམས། སད་དང་། སྤྲིན་དང་། རླུང་འབྱུང་བའི་སྤྲིན་དང་། གློག་འབར་བ་གཏོང་བར་བགྱིད་ན། བཅོམ་ལྡན་འདས་མ་འོངས་པའི་ཕྱི་མའི ་ཚེ། ཕྱི་མའི་དུས་ན། སེམས་ཅན་མི་སྲུན་པ་རྣམས་ཀྱི་ཆེད་དུ་མེ་མ་མུར་གྱི་ཆར་འབེབས་པར་ཅི་སྟེ་མི་བགྱིད་དེ་མེ་ལྕེ་འབར་བ་དང་གློག་འགྱུ་བ་དག་གཏོང་བར་བགྱིད་ན། རལ་གྲི་དང་། གཏུན་ཤིང་དང་། འཁོར ་ལོ་དང་། མདུང་ཐུང་གི་ཆར་འབེབས་པར་བགྱིད། བཅོམ་ལྡན་འདས་ཀླུའི་སྒྲ་དག་གིས་ཀྱང་། ལོ་ཏོག་ཐམས་ཅད་ཀྱི་བཅུད་འཕྲོག་པར་ཡང་བགྱིད། སེམས་ཅན་ཐམས་ཅད་ཀྱི་མདངས་འཕྲོག་པར་བགྱིད། སྲོག ་འཇོམས་པར་ཡང་བགྱིད་དོ།། བཅོམ་ལྡན་འདས་དེ་ལྟ་བུ་ལ་བདག་ཉིད་ཀྱིས་ཇི་ལྟར་བརྗོད་པ་ཙམ་དང་། དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ལུས་ཞིག་པར་འགྱུར་ཞིང་། ཀླུ་ཐམས་ཅད་ཀྱི་སྙིང་འགས་པར་འགྱུར་བ ་དང་། ལན་བདུན་བརྗོད་པ་ཙམ་གྱིས་ཀླུ་ཐམས་ཅད་དུམ་བུ་ལྔ་བཅུར་ཆད་པ་དང་། ཀླུའི་རྒྱལ་པོ་ཐམས་ཅད་འཇོམས་པར་འགྱུར་བ་དང་། དེ་བཞིན་དུ་མ་རུངས་པ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། ་དགྲ་རྣམས་རྣམ་པར་འཇིག་པར་འགྱུར་བ་དང་། རུལ་བར་འགྱུར་བ་དང་། ཕུང་བར་འགྱུར་བ་དང་། མྱག་པར་འགྱུར་བ་དང་། ལུས་ལ་མེ་འབར་བ་ལ་སོགས་ལས། དེ་ལྟ་བུ་བརྗོད་པ་ཡིན། དེ་ལ་བཅོམ་ལྡན ་འདས་ཀྱིས་ཇི་ལྟར་སེམས་ཅན་བདེ་བ་ཐོབ་པ་དང་བཅས་པར་འགྱུར་བ་དང་། ཀླུ་ཐམས་ཅད་འདུལ་བར་བགྱིད་པ་འདི་བྱིན་གྱིས་བརླབས་ཟིན་གྱིས། དཀྱིལ་འཁོར་གྱི་རྟོག་པ་ཀླག་པས་གྲུབ་པ། བསྒྲུབ ་པར་མ་བྱས་པར་རིག་པ་བརྗོད་པ་ཙམ་གྱིས་མོད་ལ་ལས་བྱེད་པ་ཡིན་ཏེ། ཚེས་གྲངས་དང་སྦྱར་བ་མེད། སྐར་མ་དང་སྦྱར་བ་མེད། སྦྱང་བ་དང་སྦྱར་བ་མེད་པར་ལས་འདི་ལ་བསྒྲུབ་པ་ཡང་མི་དགོས། དེ་ལ་ལས་བྱེད ་པར་འདོད་ན། ཁྲོ་བོ་རྒྱལ་པོ་རང་བརྗོད་པ་འབའ་ཞིག་ཏུ་ཟད་དོ།། དེ་ནས་ཁྲོ་བོ་ཆེན་པོ་ཕྱག་ན་རྡོ་རྗེས། ཁྲོ་བོ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་སྙིང་པོ་མི་ཟད་པའོ།། ཁྲོ་བོ་དང་ཀླུ་ཐམས་ཅད་ཀྱི་སྲོག་འཕྲོག་པ། དྲག་པོ་ཆེན་པོ ་དང་ལྡན་པ། ཀླུ་ཐམས་ཅད་ཀྱི་དམ་ཚིག་སྨྲས་པ། ཨོཾ་སཱུ་ཏ་སཱུ་ཏ། མ་ཧཱ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་ཁྲོ་བོ་ཆེན་པོའི་དམ་ཚིག་ཆེན་པོ་ཕྱི་བསྒྲུབ་ཀྱི་ཡང་སྙིང་ལས་ཐམས་ཅད་པའི་གཟུངས ་བརྗོད་མ་ཐག་ཏུ་ཀླུ་ཆེན་པོ་དང་། བྲང་གིས་འགྲོ་བའི་ཀླུ་དང་། ཉའི་ཀླུ་དང་། གྲུལ་བུམ་གྱི་ཀླུ་དང་། ས་སྲིན་གྱི་ཀླུ་དང་། འབྱུང་པོའི་ཀླུ་དང་། སྦལ་པའི་ཀླུ་དང་། ལྕོང་མོའི་ཀླུ་དང་། སྦྲུལ་གྱི་ཀླུ་དང་། ཀླུ་རྒྱལ་རིགས ་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པ་ཅན་དང་། གཉེན་གྱི་ཀླུ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་པདྨ་དང་། ཀླུའི་རྒྱལ་པོ་པདྨ་ཆེན་པོ་དང་། ཀླུའི་རྒྱལ་པོ ་ནོར་རྒྱས་དང་། ཀླུའི་རྒྱལ་པོ་གཟི་ལྡན་དང་། ཀླུའི་རྒྱལ་པོ་ཐོད་ཆུང་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་བ་སུ་ཏ་ཀ་དང་། ཀླུའི་རྒྱལ་པོ་སེ་ན་དང་། ཀླུའི་རྒྱལ་པོ་དག་ཤ་ཀ་དང་། ཀླུའི་རྒྱལ་པོ་སོག་མ ་མེད་དང་། ཤ་ཟ་བ་ལ་སོགས་པའི་ཀླུ་དེ་དག་ཐམས་ཅད་ཁ་བུབ་ཏུ་འགྱེལ་ནས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ་།། དེ་ནས་ཕྱོགས་བཅུ་ནས་ཀླུ་རྣམས་ཉེ་བར་རིངས་པར་འོངས་ནས། ཀླུའི་རྒྱལ་པོ་སོགས་མ་མེད ་ཀྱིས་སྣ་དྲངས་ཏེ། དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་ཀླུའི་རྒྱལ་པོས་གསོལ་པ། ཕྱག་ན་རྡོ་རྗེས་སྔགས་བཤད་པ་ནི་མི་བཟད་པ་ལགས་ཏེ། འབྱུང་པོ་ཐམས་ཅད་ཀྱིས་བཟོད ་པར་དཀའ་བ། འཆི་བ་དབྱུག་པ་སྟོབས་པོ་ཆེ་ལགས་སོ།། ཞེས་གསོལ་ཏོ།། ཡང་སོག་མ་མེད་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ་ཏོ།། དམ་ཚིག་ལ་ཡང་བདག་གི་བུ་དང ་བཅས། གཉེན་དང་གཞོན་པ་དང་བཅས་ཏེ་གནས་པར་བགྱིའོ།། བདག་བདེ་བ་ལ་གནས་པར་བགྱིད་དོ།། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་མགོན་ལགས་ཏེ། དཔུང་དང་བཅས་ཏེ་བཞོན་པ་དང་བཅས་པ་གསུམ་ལ་སྐྱབས ་སུ་གསོལ་ལོ།། གང་དང་གང་དུ་ཁྲོ་བོ་ཆེན་པོའི་སྙིང་པོ་ཀློག་པ་དང་། དྲན་པ་དང་། མིང་ཙམ་འཛིན་པ་འཆི་བའི་སྒོ་ནས་ཀྱང་། བདག་གིས་སྟོབས་དང་བཅས། གཞོན་པ་དང་བཅས་པས་གནོད་པ་བགྱིད་མི་ནུས ་སོ།། ཡོངས་སུ་སྒྲུབ་པའི་ཕྱིར་ཀུན་ཏུ་དུས་དུས་སུ་ཆར་དབབ་པར་བགྱི། བཅུད་གཏང་བར་བགྱིའོ།། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་སྨིན་ཅིང་རྒྱས་པར་བགྱིའོ།། ཐམས་ཅད་དུ་ཧཱུཾ་ཞེས་བརྗོད ་པ་ཙམ་གྱིས་ལས་བགྱིའོ།། དམ་ཚིག་ཅན་གང་ན་གནས་པར་ཡང་གནོད་སྡིག་མི་བགྱིད་དོ་ཞེས་གསོལ་པ་དང་། དེ་ནས་ཡང་ཀླུ་མང་པོ་གཞན་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཡང་གསོལ་པ། བཅོམ་ལྡན་འདས ་ཀྱིས་བདག་ཅག་ལ་ཡང་བསྐྱབས་སུ་གསོལ། དམ་ཚིག་ལ་ཡང་བདག་ཅག་ཀླུ་རྣམས་བུ་དང་བཅས། ཆུང་མ་དང་བཅས། གཉེན་དང་བཅས་ཏེ། བདག་ཅག་བདེ་བ་ལ་གནས་པར་བགྱིའོ།། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། ་མགོན་ལགས་ཏེ། བུ་དང་བཅས་པ་གསུམ་ལ་སྐྱབས་སུ་མཆིའོ།། འདིར་རི་ལ་གནས་པའི་ཀླུ་གཞན་གཞོན་ནུ། གཞོན་ནུ་གཏུམ་པོ་ཀླུ་མང་བའི་ནང་ན་དགྲ་བགྱིད་པ། བདག་ཅག་ཀླུ་གཞན་སྲོག་འཇོམས་པར ་བགྱིད་པའི་དགྲ་དེ་དག་བསལ་དུ་གསོལ། གང་དང་གང་ན་ཁྲོ་བའི་སྙིང་པོ་ཀླུ་ཐམས་ཅད་སྐྲག་པར་བྱེད་པ་འདི་ཀློག་པ་དང་། དྲན་པ་དང་། མིང་ཙམ་ཡང་འཛིན་པ་མཆིས་པའི་སྒོ་ནས་ཀྱང་བདག་ཅག་ཀླུ་རྣམས ་སྟོབས་དང་བཅས་པ། གཞོན་པ་དང་བཅས་པ་གནས་དེར་གནོད་སྡིག་མི་བགྱིད་པ་ལགས་ཀྱང་། དེ་ཐམས་ཅད་དམ་ཚིག་ལ་གནས་པར་བགྱིད་དོ།། ཡོངས་སུ་བསྐྱབ་པའི་ཕྱིར་ཀུན་ཏུ་དུས་དུས་སུ་ཆར་དབབ་པར ་བགྱིའོ།། བཅུད་གཏང་བར་བགྱིའོ།། ཐམས་ཅད་དུ་ཧཱུཾ་ཞེས་བརྗོད་པས་ཞི་བར་བགྱིའོ།། བདག་གི་དམ་ཚིག་བསྐྱང་བར་བགྱིའོ།། དམ་ཚིག་ཅན་གང་ན་གནས་པར་ཡང་གནོད་སྡིག་མི་བགྱིད་དོ་ཞེས་ཀླུ་གཞན་གྱིས ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་སོག་མ་མེད་དང་ཀླུ་གཞན་རྣམས་ལ་བཀའ་སྩལ་པ། ཀླུའི་བདག་པོ་དང་ཀླུ་མང་པོ་རྣམས་ལ་དམ་ཚིག་སྨྲས་པ་དེ་ལེགས་སོ།། དེ་དེ་བཞིན་དུ་བྱོས ་ཤིག། ཕྱི་མའི་ཚེ་ཕྱི་མའི་དུས་ན་བཅོལ་བ་ནི། འདི་ལྟ་སྟེ། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་སྐྱབ་པར་གྱིས་ཤིག། ཕྱི་མའི་ཚེ་ཕྱི་མའི་དུས་ན། ལོ་ཏོག་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། འདབ ་མ་དང་། རྩ་བ་དང་། མགོ་ལྕོགས་དང་། སྨན་དང་། ནགས་ཚལ་ཐམས་ཅད་ཡོངས་སུ་སྦྱང་བར་གྱིས་ཤིག། ཀླུའི་རྒྱལ་པོ་ཁྱེད་ལ་རྗེས་སུ་གདམས་པ་ནི་འདི་དག་ཡིན་ཏེ། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱི་རང ་བཞིན་དུ་བྱས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ།། ཞེས་བཀའ་སྩལ་པས། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པ་ཀླུ་དེ་དག་ཐམས་ཅད་ཀྱིས།། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་དེ། འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་ཅི་སྟེ་དམ་ཚིག་སྔར་གསོལ་བ་ལས། གཞན་དུ་བགྱིད་ཅིང་རྗེས་སུ་མི་བསྒྲུབ་ན། བཅོམ་ལྡན་འདས་བདག་ཅག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བསླུས ་པར་གྱུར་ཅིག། ལུས་རུལ་ཅིང་དྲི་ང་བར་གྱུར་ཅིག། དུམ་བུ་ལྔ་བཅུར་འཇིག་པར་གྱུར་ཅིག། དམ་ཚིག་ཉམས་པར་གྱུར་ཅིག། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཐོབ་པར་གྱུར ་ཅིག། ཇི་སྟེ་བདག་ཁྲོ་བོའི་དམ་ཚིག་ལས་འགལ་བར་བྱེད་ན། རི་ལ་གནས་པའི་ཀླུ་གཞོན་ནུ་གཏུམ་པོ་མ་གཏོགས་པར། དགྲ་ཐམས་ཅད་འཇོམས་པའི་ཀླུ་གཞན་མང་པོ་དང་བདག་མི་མཐུན་པར་གྱུར་ཅིག། བཅོམ ་ལྡན་འདས་རི་ལ་གནས་པའི་ཀླུ་གཞོན་ནུ་གཏུམ་པོ་ལ་བདག་ཅག་གིས་སྡོམ་པ་སྦྱིན་མི་ནུས་སོ།། ཞེས་ཀླུ་གཞན་གྱིས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་དག་ལ་ལེགས་སོ་ལེགས་སོ།། དེ་བཞིན་དུ ་བྱོས་ཤིག་བཀའ་སྩལ་ཏོ།། བཅོམ་ལྡན་འདས་གཞན་ཡང་ཁྲོ་བོའི་རྒྱལ་པོ་འདི་དང་། རིག་པ་འཛིན་པ་ནི་སྔོན་སྟོན་པ་མངོན་སུམ་དུ་མཐོང་བ་བཞིན་དུ་ལྟའོ།། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་དང་མཉམ་པ་དང་འདྲ་བ་ནི།། ་བདག་གིས་མ་མཐོང་མ་འཚལ་ཏོ།། དེ་བཞིན་གཤེགས་པའི་གཟུངས་བརྗོད་པ་རྣམས་ལ་བདག་གིས་རྣ་བའི་བུ་གས་མཉན་པར་བྱའོ།། ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་པ་ཙམ་གྱིས་ཀྱང་བྲན་གྱི་དངོས་པོ་མཆི་བར ་བགྱིའོ།། མཐོང་བས་སྦྱིན་པར་བགྱིའོ།། ཆར་དབབ་པའམ། མི་དབབ་པའམ། ཆར་ཆུངས་ན་ཇི་ལྟར་བསྒོ་བ་བཞིན་དུ་བསྒྲུབ་པར་བགྱིའོ།། ཁྲོ་བོའམ་ཞི་བ་དེ་བཞིན་དུ་བཅོམ་ལྡན་འདས་ཧཱུཾ་ཞེས་བྱ་བའི་སྒྲས་འཚལ ་བར་བགྱི་ལ། བཅོམ་ལྡན་འདས་དེ་བཞིན་དུ་ལུས་བསྒྲུབ་པར་བགྱི་ལ། ཐམས་ཅད་དུ་ཀླགས་པས་འགྲུབ་པའམ། བླ་ན་མེད་པ་འགྲུབ་པར་བགྱིའོ།། དྲིལ་བུའི་སྒྲ་དང་རྡོ་རྗེ་གསོར་བར་བགྱིའོ།། རྡོ་རྗེ་དང་དྲིལ་བུའི ་སྒྲ་བརྗོད་པ་ཙམ་གྱིས་ལས་ཐམས་ཅད་བགྱིའོ།། ཅི་བསམས་པའམ་ཅི་བཅོལ་བའི་ལས་བདག་གིས་བསྒྲུབ་པར་བགྱིའོ།། དེ་ནས་ཀླུའི་རྒྱལ་པོ་སོག་མ་མེད་ཉིད་ཀྱིས། བཅོམ་ལྡན་འདས་དང་། ཕྱག་ན་རྡོ་རྗེ ་ལ་གསོལ་པ། བདག་ཀྱང་གོང་དུ་གསོལ་པ་ལས་གཞན་དུ་མི་བགྱིད་དོ།། བྲན་དང་། ཁོལ་པོ་དང་། ལས་མཁན་བཞིན་དུ་བགྱིས་ན། སྟོན་པ་བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེ་གཉིས་ཀྱིས་བྱིན་གྱི་བརླབས་ཀྱིས ་བདག་མནར་མེད་པའི་དམྱལ་བར་གྱུར་ཅིག། འོན་པ་དང་ལོང་བར་གྱུར་ཅིག། མཛེ་ཅན་དང་ཤུ་བ་ཅན་དུ་གྱུར་ཅིག། མིག་ནས་མེ་འབར་བར་གྱུར་ཅིག། མགོ་ཨ་ཛ་གའི་དོག་པ་ལྟར་འགས་པར་གྱུར་ཅིག། ལུས ་རུལ་ཞིང་དྲི་ང་བར་གྱུར་ཅིག། དེ་ལྟར་ངམ་མནོས་པ་བཞིན་ལས་ཐམས་ཅད་འགྲུབ་པར་བགྱིའོ།། དུས་དུས་སུ་ཆར་པའི་རྒྱུན་དབབ་པར་བགྱིའོ།། སད་དང་། སེར་བ་དང་། རླུང་འབྱུང་བ་ཐམས་ཅད་མེད་པར ་བགྱིའོ།། ཇི་སྲིད་དུ་ལས་འབུམ་བྱེད་པར་འགྱུར་རོ།། ཧཱུཾ་ཞེས་བརྗོད་པའམ། རྡོ་རྗེ་གསོར་བའམ། དྲིལ་བུ་དཀྲོལ་བའི་སྒྲ་བརྗོད་པ་ཙམ་ལ་རྣ་བའི་བུ་གས་མཉན་པའི་ལས་བགྱིའོ།། སྟོན་པ་མངོན་པར ་མཐོང་བ་དང་འདྲ་བར་རིག་པ་འཛིན་པ་ཀུན་གྱི་ལས་བགྱིའོ།། འཕགས་པ་རྟོག་པའི་རྒྱལ་པོ་མཆོད་རྟེན་རྒྱུད་ལས། སྔོན་བྱུང་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཕྱག་ན་རྡོ་རྗེས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཀླུའི་རྒྱལ་པོ་གཞོན་ནུ་གཏུམ་པོ་དེ། ཐུགས་རྗེ་དང་ཏིང་ངེ་འཛིན་གྱིས་སྔོན་བྱུང་བ་དེ་ལྟར་བཏུལ་ན། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ། ་མཐུ་སྟོབས་དེས་དོན་བྱ་བའི་ཆེད་དུ། ང་རྗེས་སུ་བསླབ་ན་ཇི་ལྟར་བསྒྲུབ།། རྗེས་སུ་བསྒྲུབ་མི་འཚལ་ལམ་ཞེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དཔལ་ཕྱག་ན་རྡོ་རྗེ་ཁྱོད་ཉོན ་ཅིག། མཐུ་སྟོབས་དང་ལྡན་པའི་གཞོན་དུ་གཏུམ་པོ་དེ། སེམས་ཅན་གྱི་དོན་དུ་རྗེས་སུ་བསྒྲུབ་པར་བྱའོ།། ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། རྗེས་བསྒྲུབ་ཇི་ལྟར་སྒྲུབ་ཅེ་ན། ཐབས་ཅིག་མི ་འཚལ་ལམ་ཞེ་ན། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཉོན་ཅིག། ཀླུའི་རྒྱལ་པོ་འདི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།། དབང་དྲུག་ཅུ་རྩ་གཉིས་ཀྱང་རྫོགས་པར་ཡང་བསྐུར།། ་རིག་པའི་ཡེ་ཤེས་ཀྱང་སྐྱེས་ནས། ཀླུའི་རྒྱལ་པོ་ཡང་ཡིད་ཤིན་དུ་གདུངས་པར་གྱུར། འཁོར་བ་ལ་སྐྱོ་བ་དྲག་ཏུ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས། བཅོམ་ལྡན་འདས་བདག་ཅག་སྔར ་ཡང་ལས་ངན་པའི་དབང་གིས་ཞེ་སྡང་གི་རིགས་ཀླུ་རུ་སྐྱེས། ད་ལྟ་མ་རིག་པའི་དབང་གིས་སྲིད་པ་གསུམ་ལ་གནོད་པ་ཡང་བྱས་པས། མ་རིག་པའི་དབང་གིས་བགྱིས་པ་ལགས་ཀྱང་། བདག་མནར་མེད་པའི་དམྱལ ་བབར་མཆི་ལགས་པས། བཅོམ་འདས་དད་པ་སྐྱེས་པ་ལ་བརྟེན་ནས།། བཅོམ་ལྡན་འདས་ཀྱིས་ཐུགས་རྗེས་བཟུང་ལ། བདག་བླ་ན་མེད་པའི་ས་ལ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འཚལ་ན། བཅོམ་ལྡན་འདས་ཇི ་ལྟར་ཐུགས་རྗེ་དང་བྱིན་གྱི་རླབས་ཀྱིས་གཟུང་བར་བགྱིའོ།། ཞེས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ་ལ་ལེགས་སོ་ལེགས་སོ།། དེ་ལྟར་ཡིན་གྱིས་ཀྱང་། ཁྱོད་འགྱོད་སེམས་དྲག་ཏུ་སྐྱེས་པ་དང་། ་སེམས་བསྐྱེད་པ་དང་། དབང་བསྐུར་བ་དང་། ཡེ་ཤེས་སྐྱེས་པ་དང་། ཁྱོད་སྡུག་བསྔལ་བར་མི་འགྱུར་རོ།། ཁྱོད་ཀྱང་ངས་བསྟན་པ་འདི་ལ་ལས་འབུམ་གྱིས་ལ། རིག་པ་འཛིན་པའི་ལས་ཀྱིས་ཤིག། ཁྱོད་ཕྱི་མའི་ཚེ་ཕྱི། ་མའི་དུས་ན་རྒྱལ་བ་བྱམས་པའི་བསྟན་པ་ལ། ས་བརྒྱད་པའི་བྱང་ཆུབ་སེམས་དཔར་སྐྱེ་བར་བྱའོ་ཞེས་གསུངས་སོ།། དེ་ནས་ཀླུའི་རྒྱལ་པོ་ཡང་དགའ་བས་རྒྱས་པར་གྱུར་ནས། ལས་ཐམས་ཅད་རྗེས་སུ་བསྒྲུབ་པར ་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ལས་འབུམ་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཕྱག་ན་རྡོ་རྗེས།། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དགེས་པ ་ཆེན་པོ། སྙིང་རྗེའི་ཏིང་ངེ་འཛིན་ལ་བཞེངས་ལ་རྗེས་སྒྲུབ་རིམ་པ་བཤད་དུ་གསོལ། ལས་ཀྱི་གཙོ་བོ་དུ་ཙམ་བདོག། ལས་ཀྱི་བྱེ་བྲག་ཇི་ལྟར་ལགས།། བདག་གིས་མ་འཚལ་བཤད་དུ་གསོལ།། དེ་ནས ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། སྙིང་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། དཔལ་ཕྱག་ན་རྡོ་རྗེ་ལེགས་སོ་དེ་ལེགས་སོ།། རྗེས་བསྒྲུབ་ལས་ཀྱི་རིམ་པ་བཤད།། ལས་ཀྱི་གཙོ་བོ་རྣམ་ལྔ་སྟེ།། ལས་ཀྱི་བྱེ་བྲག ་བསམ་ཐག་ཅད།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ལས་ཆེན་ལྔ་པོ་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བསྙེན་པ་བསྒྲུབ་དང་ཀླུ་བསྒྲུབ་དང་།། ཐ་མ ་གནན་པ་གསོད་དང་གསུམ།། དབུལ་བ་ཡང་ཕྱིར་གཏེར་བསྒྲུབ་བཞི།། སེམས་ཅན་ཕན་གདགས་ནད་གསོ་ལྔ།། བདེ་གཤེས་འདུས་པའི་ལས་ཆེན་པོ།། གཉེན་པོ་དང་པོ་སྒྲུབ་པ་ཇི་ལྟར་ལགས།། བདག་གིས་མི ་འཚལ་བཤད་དུ་གསོལ།། ཉོན་ཅིག་དཔལ་ལྡན་ཕྱག་ན་རྡོ་རྗེ།། གཉེན་པོ་ལ་ཡང་རྣམ་གཉིས་ཏེ།། ཕྱི་སྒྲུབ་དུས་སུ་ཕྱག་ན་རྡོ་རྗེ་སྟེ།། ནང་སྒྲུབ་དུས་སུ་བྱ་ཁྱུང་ག་རུ་ཌའོ།། གསང་སྒྲུབ་དང་པོ་བཤད་པར་བྱ།། དང ་པོ་ཉམས་དགའ་ས་ཕྱོགས་བྱ།། རྒྱས་པའི་གཏོར་མ་མཉམ་བཞག་ལ།། བའི་ལྔ་མཛེས་མཎྜལ་བཤམ།། སྤོས་དང་ཙན་དན་དྲི་ཡིས་དགང་། ཁྲུས་དང་གཙང་སྒྲས་ལུས་རྒྱས་བྱ།། བྱེད་པའི་སྟན་ལ་གནས་ནས་ཀྱང་།། ་ཤུཛྙཱ་ན་ཡི་སྔགས་བརྗོད་པས།། བདག་དང་དངོས་ཀུན་སྟོང་པར་བསམ།། དེ་ནས་རང་སེམས་ཧཱུཾ་དུ་སྒོམ།། དེ་ཉིད་སྤྲོ་དང་བསྡུ་བྱས་ནས།། དེ་ཉིད་ཡོངས་སུ་གྱུར་པ་ལས།། བཛྲ་ཞེས་པའི་སྒྲ་བརྗོད་པས།། བདག ་ཉིད་རྡོ་རྗེ་རྩེ་དགུར་བསྒོམ།། དེ་ཉིད་སྒྲོ་དང་བསྡུ་བྱས་ནས།། དེ་ཉིད་ཡོངས་སུ་གྱུར་པ་ལས།། བཛྲ་པཱ་ཎིའི་སྒྲ་བརྗོད་པས།། བདག་ཉིད་ཕྱག་ན་རྡོ་རྗེ་སྐུ།། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ།། གཡས་པ་རྡོ་རྗེ ་རྩེ་དགུ་འཕྱར།། གཡོན་པ་དྲིལ་བུ་དཀུ་རུ་བརྟེན།། སྐུ་མདོག་མཐིང་ནག་རབ་ཏུ་འབར།། དབུ་སྐྲ་སེར་པོ་གྱེན་དུ་འབར།། ཞབས་གཉིས་བགྲད་བས་ཀླུ་རྣམས་གནོན།། ལུས་ལ་ཀླུ་ལྔའི་རྒྱན་གྱིས་བརྒྱན།། མགོ་ལ ་། རྒྱལ་རིགས་སྦྲུལ་དཀར་ཁྲ།། སྐེ་ལ་བྲམ་ཟེ་སྦྲུལ་སེར་ཁྲ།། དཔུང་ལ་རྗེ་རིགས་སྦྲུལ་དམར་ཁྲ།། རྐེད་པ་ལ་དམངས་རིགས་སྦྲུལ་སྔོ་ཁྲ།། རྐང་པ་ལ་གདོལ་པ་སྦྲུལ་ནག་ཁྲག། མཐོང་བ་ཙམ་གྱིས་ཀླུ་རྣམས ་སྐྲག། དེ་ཐུགས་ཨ་ལས་ཟླ་དཀྱིལ་དེ།། དབུས་སུ་ཡི་གེ་ཧཱུཾ་ཡང་སྒོམ།། དེ་ཟེར་ལས་བྱུང་ཕྱག་ན་རྡོ་རྗེའི་སྐུ།། སྔ་མ་ཇི་བཞིན་སྤྱན་དྲངས་ལ།། གཉིས་སུ་མེད་པར་བསྟིམ་པར་བྱ།། དེ་ནས་གསང་སྒྲུབ་སྙིང་པོ ་བཟླས།། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཙཎྜ་བེ་ག་བ་རེ་བྷ། ས་ར་ས་ར་བི་རི། ཏུ་ཏུ་ཏུ་མུ་ལ་ས་མ་ཡ་བི་རི། ཧུ་རུ་ཧུ་རུ་ཧཱཾ། ཏི་ཥ་ཏི་ཥ་བྷོ་བྷོ་བན། ནཱ་ག་ནན། དྷ་པྲ ་མ་ཧ་ར་ཏུ། མཧཱ་ཀྲོདྷ་རཱ་ཛ་སྠཱ་ཏ་སྠ་ཏ། བེ་རེ་བེ་རེ། ས་ར་ས་ར་མན་ཏ་ཏུ་ཏི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཏིང་འཛིན་མ་ཉམས་གསང་སྔགས་བཟླས། ཀླུ་རྒྱལ་ཆེན་པོ་བསྒྲུབ་པར་བྱའོ།། སྲིད་གསུམ་འབྱུང ་རྡུལ་དུ་རློག། སླར་འདུས་རང་གི་ཧཱུཾ་ལ་བསྟིམ།། བདག་ཉིད་གཟི་མདངས་བསྐྱེད་པར་བྱའོ།། འབུམ་མམ་བྱེ་བར་བརྗོད་པར་བྱ།། གསང་སྒྲུབ་བསྒྲུབས་རྟགས་བྱུང་བ་དང་།། ཕྱི་བསྒྲུབ་ནང་བསྒྲུབ་གསང་སྔགས ་བཟླས། ཀླུ་རྒྱལ་ཆེན་པོ་བསྒྲུབ་པར་བྱའོ།། དེ་ནས་སྐབས་སུ་མཆོད་པ་དང་།། གཏོར་མ་དག་གཏང་སྔགས་རིངས་ཀྱིས།། དེ་ནས་དཀྱིལ་འཁོར་ལུས་ལ་བསྡུ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས།། གསང ་བསྒྲུབ་དང་པོ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་འདས། གསང་བསྒྲུབ་དང་པོ་གསུངས་པ་ཡིས།། ཀླུ་རྣམས་མ་ལུས་བྲན་དུ་འགྱུར།། ཟབ་མོར་སྦྱོར་བ ་བཤད་པ་ལེགས།། གཉེན་པོ་གཉིས་པ་བཤད་དུ་གསོལ།། ལེགས་སོ་དཔལ་ཆེན་ཕྱག་རྡོ་རྗེ།། གསང་བསྒྲུབ་གཉིས་པོ་ངས་བཤད་ཀྱི།། དང་པོ་བདེ་ལྡན་གནས་མཆོག་ཏུ།། དྲི་དང་མེ་ཏོག་གིས་སྤྲས་པའི།། གཞལ ་ཡས་ཁང་མཆོག་མཛེས་པ་རུ།། བདེ་བར་སྟན་ལ་འདུག་ནས་སུ།། ཤཱུ་ནྱ་ཏ་ཡི་སྔགས་བརྗོད་པས།། བདག་དང་དངོས་ཀུན་སྟོང་པར་བསྒོམ།། དེ་ཡི་ངང་ལས་ཡི་གེ་ཀེང་ཀར་བསྒོམ།། དེ་ནས་ཀེང་ན་ར་ཀེན་ཞེས ་བརྗོད་པས།། བདག་ཉིད་བྱ་ཁྱུང་ག་རུ་ཌ།། སྐུ་མདོག་གཙོ་མའི་གསེར་འདྲ་བསྒོམ།། གཡས་གཡོན་གཤོག་པས་བར་སྣང་ཁེབས།། གནམ་ལྕགས་སྟོང་གི་མཆུ་སྡེར་ཅན།། མེ་དཔུང་འབར་བའི་འཕྲོ་འདུ་ཅན།། བ ་སྤུ་ཉག་མ་རེ་རེ་ལ།། བསམ་གྱིས་མི་ཁྱབ་ཁྲོ་ཆུང་ཁྲོ།། མིག་གཉིས་ཉི་ཟླ་རབ་ཏུ་འབར།། ཀླུ་རྒྱལ་སྟོང་གི་གདན་གྱིས་མཛེས།། མཐོང་བ་ཙམ་གྱིས་ཀླུ་རྣམས་འབྲོས།། ཀླུ་འདུལ་ག་རུ་ཌའི་སྐུར་བསྒོམས་ལ།། ཁྱུང ་དཀར་བསྟོད་བཟློག་ངན་བསྔགས་བཟླས།། ཨོཾ་རཱ་ཛ་མ་ཧཱ་ག་རུ་ཌ་ཧཱུཾ་ཧཱུཾ། ཨོཾ་བཛྲ་པཱ་ཎི་ག་རུ་ཌ་ཧཱུཾ་ཧཱུཾ་ཛ་ཛ་ར་ཙ་པྲི་ཚེ་ཧཱུཾ་ཕཊ། ཉི་ཤུ་རྩ་བདུན་གསང་སྔགས་མཆོག། ཀླུ་རྣམས་མང་པོ་སྐྲག་པར་འགྱུར།། རྒྱུན་དུ ་བཟླས་ན་དངོས་གྲུབ་ཐོབ།། རྟག་ཏུ་གུ་གུལ་དཀར་པོ་ལུས་ལ་བརྟེན།། གླ་རྩི་ཆུ་ཡིས་ལུས་པོ་བཀྲུ།། དེ་ནས་བྱ་ཁྱུང་རྒྱལ་པོ་བསྐུལ།། དཔག་བསམ་ཤིང་ལས་བཞེངས་པའི་བྱ་ཁྱུང་ཁྱོད།། གསེར་མིག་འཁྱིལ་པའི ་འོད་ཟེར་ཁྱོད།། ཡེ་ཤེས་སྤྱན་ལ་ལྕགས་ཀྱི་གཤོག་པ་ཅན།། རྡོ་རྗེ་མཆུ་སྡེར་ཐོགས་མེད་ལྕགས་ཀྱུ་ཅན།། རི་རབ་རྩེ་ན་གནས་ཤིང་རྒྱ་མཚོར་མཆུ་བཙུགས་ཏེ།། ཀླུ་རྒྱལ་གདན་དུ་བཏིང་ནས་ཀླུ་བྲན་ཟས་སུ་ཟ།། དེ ་ཕྱི་ཀླུ་རྣམས་ང་ཡི་བཀའ་ལ་ཉོན།། ཀླུ་རྣམས་ང་ཡི་བཀའ་ལ་མ་ཉན་ན།། ཀླུ་ཡི་གནས་རིས་སྟོང་ཞིང་བརླག་ག་རེ།། དེ་ལྟར་ཀླུ་རྣམས་བཀའ་ལས་མ་འདའ་ཞིག། ང་ཡིས་བཀའ་ལས་འདས་གྱུར ་ན།། ནམ་མཁའ་ལྡིང་གི་རྒྱལ་པོས་ཟོས་པར་འཆིའོ།། དེ་ནས་རྦད་པའི་སྔགས་ཀྱང་བཟླས།། ཨོཾ་ར་ཙ་མ་ཧཱ་ག་རུ་ཌ། ཁྱུང་རྦ་ཧུར་ཧུར་བྷྱོ།། འདི་ནི་གསང་སྔགས་བཅུ་གསུམ་པའོ།། ཡི་གེ་ཆད་ན་ནུས ་པ་མེད།། དྲག་ན་ཀླུ་རྣམས་སྐྲག་པར་བྱེད།། གར་སོང་སོང་བཟླས་ན་སྡིག་ཆེ་བས།། རྨི་ལམ་ལོག་པ་བྱུང་ན་བཟླས།། ལས་མི་བཏུབ་ན་བཟླས་པར་བྱའོ།། གཏོར་མ་དབུལ་ན་ཟན་གྱི་ཆང་བུ་བརྒྱ་རྩ་དང་། ཤ་ཆང་ཉ ་རྣམས་མང་པོར་དབུལ།། དེ་ཡི་ཕྱག་རྒྱ་བཅའ་བ་ནི།། མཐེ་བོང་གཉིས་བསྣོལ་མཛུག་མོ་གཉིས་ཅིག་བསྣོལ།། གུང་མོ་གཉིས་ཀྱི་རྩེ་མོ་སྤྲད་དེ་བརྐྱང་།། སྲིན་ལག་གཉིས་ནི་ཐུང་བར་ནང་དུ་བཀུག། མཐེའུ་ཆུང ་གཉིས་ནི་ཟད་དུ་སོ་སོར་བརྐྱང་།། གཏོར་མ་དབུལ་བ་དང་། རྟག་ཏུ་བསྙེན་པ་དང་། དང་པོ་བར་དང་ཐ་མ་དག་ཏུ་བསྒྲུབ། བྱ་ཁྱུང་རྒྱལ་པོ་ཕྱག་རྒྱ་འདི་དག་ཡིན། ཛཿཧཱུཾ་བཾ་ཧོ། ག་རུ་ཌ་པཱ་ཙ་སྭཱ་ཧཱ། བཱ་ལིང་ཁ་ཧི་ཁཱ་ཧི། ་ཞེས་གཏོར་མ་གཏོང་ངོ་།། མ་གྲུབ་སྤོགས་པའི་ཆོ་ག་ཡིས།། གླང་བུ་དམར་པོ་ཟངས་ལ་ལེགས་བྱས་ཏེ།། དེའི་ཁོང་དུ་དངུལ་ཆུ་བླུགས་ཏེ།། གཟུགས་རྟེན་གང་ན་ཡོད་པ་དེར།། འོག་ཏུ་སྦས་ན་དགོས་འདོད་དེར་ཀྱང ་གྲུབ། ཁྲོ་ནི་ཡི་གེ་ཅིག་པ་ཡིན།། གནས་ལྔ་སྲུང་བ་རྩ་བཞི་གནན།། འདི་ཡང་བླ་མའི་ཞལ་ལས་ཤེས།། གསད་དང་བསྲུང་བའི་མན་ངག་ཡིན།། གསད་པར་སོང་ན་འདི་ལྟ་སྟེ།། ལྟོ་རུ་སོང་ན་ལྦོས་དྲིར་འཆི།། ར་ལ ་སོང་ན་དྲི་རུ་འཆི།། གཏོང་ལ་སོང་ན་མཛེ་རུ་འོང་།། ལག་པ་གནད་ན་ཞ་གྲུམ་འོང་།། གསང་གནས་དགག་ན་སྐྱེ་རྒྱུད་འཆད། མིན་ན་མ་དང་སྲིང་མོ་འཆི།། འདི་ཡང་ཁྱད་པར་ལས་ལྔ་ཡིན།། རྨོངས་པ་ཕལ་གྱི་སྤྱོད ་ཡུལ་མིན།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིད་དགའ་རབ་ཏུ་སྐྱེས་ནས། ལེགས་སོ་ལེགས་ཞེས་གསོལ་ཏོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཟབ་མོ་ཁྱུང་གི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གསུམ ་པའོ།། །། ་དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། བསྙེན་པོ་བསྒྲུབ་པ་རབ་རྫོགས་ནས།། ཀླུ་རྒྱལ་ཆེན་པོ་བསྒྲུབ་པའི་ཕྱིར།། ཕྱི་བསྒྲུབ་རིམ་པ་བཤད་དུ་གསོལ།། དེ་ལ་ཡང་ནི་རྣམ ་གཉིས་ཏེ།། ཡང་སྙིང་སྤུ་ཏའི་ལས་བཤད་འཚལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་འཚལ། ཁྱོད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན།། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། བྱེ ་བ་འབུམ་སྡེ་ལས་འདི་བཤད།། དང་པོ་བསྙེན་པ་བསྒྲུབ་པ་བཤད།། དང་པོ་ཉམས་དགའི་ས་ཕྱོགས་སུ།། དྲི་དང་མེ་ཏོག་གིས་སྤྲས་པའི།། གཞལ་ཡས་ཁང་མཆོག་མཛེས་པ་རུ།། བསྙེན་པའི་སྒྲུབ ་ལུགས་གསུམ་པ་ལས།། གང་ཡང་རུང་བར་རྣམས་བྱའོ།། ཀླུ་གཏོར་རྒྱས་པ་ལེགས་བཤམས་ལ།། བདག་གཞན་གསལ་བར་བསྐྱེད་བྱ་སྟེ།། དང་པོ་སྟོང་ཉིད་ཏིང་འཛིན་བསྒོམ།། དེའི་སྔགས་ནི། ཨོཾ་ཤུནྱ་ཏཱ་ཛྙཱ ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ། བདག་དང་དངོས་ཀུན་སྟོང་པར་བསམ།། དེ་ནས་རང་ཉིད་ཧཱུཾ་དུ་བསྒོམ།། དེ་ནས་སྤྲོ་དང་བསྡུ་བྱས་ཏེ།། འོད་དུ་གྱུར་པ་བསྒོམ་པར་བྱའོ།། བཛྲ་ཞེས་བྱ་བའི་སྒྲ་བརྗོད་པས། བདག་ཉིད ་རྡོ་རྗེ་རྩེ་དགུར་བསྒོམ།། དེའི་སྤྲོ་བསྡུ་བྱས་འོད་དུ་ཞུ།། བཛྲ་པཱ་ཎི་ཞེས་བརྗོད་པས།། བུདྡྷ་མཆོད་སེམས་ཅན་གྱི་དོན་བྱས། བདག་ཉིད་སྒྲིབ་པ་བྱང་། བདག་ཉིད་ཕྱག་ན་རྡོ་རྗེའི་སྐུ།། ཞལ་གཅིག་ཕྱག་གཉིས་སྤྱན ་གསུམ་པ།། གཡས་པ་རྡོ་རྗེ་རྩེ་དགུ་པ།། གཡོན་པ་དྲིལ་བུ་དཀུ་ལ་བརྟེན།། སྐུ་མདོག་མཐིང་ནག་རབ་ཏུ་འབར།། དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ།། ཞབས་གཉིས་བགྲད་པས་ཀླུ་རྣམས་གནོན།། ལུས་ལ་སྐུ་ལྔའི་རྒྱན ་གྱིས་བརྒྱན།། མགོ་ལ་རྒྱལ་རིགས་སྦྲུལ་དཀར་ཁྲ།། སྐེ་ལ་བྲམ་ཟེ་རིགས་སྦྲུལ་སེར་ཁྲ།། དཔུང་པ་ལ་རྗེ་རིགས་དམར་ཁྲ།། སྐེད་པ་ལ་དམངས་རིགས་སྦྲུལ་སྔོ་ཁྲ།། མགོ་བོ་ཁར་བཅུག་ཟ་བའོ།། རྐང་པ་ལ་གདོལ ་ཅན་སྦྲུལ་ནག་ཁྲ།། མཐོང་བ་ཙམ་གྱིས་ཀླུ་རྣམས་སྐྲག། དེ་ཐུགས་ཨ་ལས་ཟླ་དཀྱིལ་འཁོར།། དེ་དབུས་ཡི་གེ་ཧཱུཾ་ཡང་སྒོམ།། དེ་ཟེར་ལས་བྱུང་ཕྱག་ན་རྡོ་རྗེའི་སྐུ།། སྔ་མ་ཇི་བཞིན་སྤྱན་དྲངས་ལ།། གཉིས་སུ་མེད ་པར་བསྟིམ་པར་བྱ།། དེས་ནི་བདག་ཉིད་བསྐྱེད་པར་བྱའོ།། མདུན་དུ་པམ་ལས་བན་དྷ་ནི།། བཙོ་མ་གསེར་འདྲའི་རྣམ་པ་བསྐྱེད།། དེ་ཡི་ནང་དུ་ཡི་གེ་ཕུཿ། སེར་པོ་གསལ་བར་བསྒོམ་པར་བྱ།། དེ་སྤྲོ་བསྡུ་བྱ་འོད་དུ ་ཞུ་བས།། ནཱ་ག་ཞེས་བྱ་བའི་སྒྲ་བརྗོད་པས།། གུར་ཀུམ་མདོག་འདྲའི་སྦྲུལ་སེར་པོ།། ལུས་པོ་གཅིག་ལ་མགོ་བོ་བདུན་པ།། བན་དྷ་གང་བར་བཞུགས་པར་བསམ།། དེ་ཉིད་འོད་དུ་ཞུ་བ་ལས།། མ་ཧཱ་ནཱ་ག་རཱ་ཛའི ་སྒྲས།། སྔགས་ཀྱི་བདག་པོའི་སྐུ་བསྐྱེད་དོ།། གཟུགས་མཛེས་བྱིས་པ་ཆུང་ངུན་གྱི།། ཆ་བྱད་གསེར་གྱི་མདོག་ཏུ་གནས།། སྐུ་ཚད་བཅུ་དྲུག་སོར་དང་ལྡན།། རོ་སྟོད་མི་ལ་རོ་སྨད་ནི།། གདུག་པ་སྦྲུལ་དུ་འཁྱིལ་བར ་བསྐྱེད།། སྦྲུལ་མགོ་བདུན་གྱི་གདེང་ཀས་མཛེས།། ཟུར་ཕུད་ལྔ་པའི་ཅོད་པན་ཅན།། ཐལ་མོ་སྦྱར་ནས་བཀའ་སྡོད་པའོ།། དེ་ཐུགས་མ་ལས་ཉིད་དཀྱིལ་འཁོར།། དེ་དབུས་ས་བོན་ཕུཿསེར་སྒོམ།། དེ་འོག་ལས་བྱུང ་སྔགས་བདག་སྐུ།། སྔ་མ་ཇི་བཞིན་གཟུགས་ཀྱི་སྔོས།། མ་དྲོས་མཚོ་ནས་སྤྱན་དྲངས་ལ།། སྔ་མའི་གཟུགས་ལ་གཉིས་མེད་བསྟིམ།། དེ་ལས་ཅི་ཞིག་བྱ་ཟེར།། མདུན་ན་བཀའ་ནི་སྡོད་པ་ལ།། བྲན་དང་ཁོལ་པོ་ལས ་མཁན་དང་།། གཡོག་པོའི་ཚུལ་དུ་གྱིས་ཤིག་པའམ།། བགེགས་ལ་སོགས་པ་ཚར་གཅོད་པ།། བཀའ་བསྒོའི་རིམ་པ་སྣ་ཚོགས་བྱ།། དེ་ནས་ཀླུ་ཡི་སྙིང་པོ་བཟླས།། ཨོཾ་པུ་ཏ་པུ་ཏ་མཧཱ་ཀྲོདྷ་ཧཱུཾ། སིད་དྷི ་སིད་དྷི། སྒོ་ཊ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ལས་དག་གྲངས་མེད་ལས་ལ་འཇུག་ན་འབུམ་རྒྱུན་དུ་བཟླས་ན་དངོས་གྲུབ་ཐོབ།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ། རྟོག་པའི་རྒྱལ་པོ ་མཆོད་རྟེན་གྱི་རྒྱུད་ལས། བདག་གཞན་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ།། བསྙེན་པ་བསྒྲུབ་པ་བཤད་པ་ལེགས།། ཀྱེ་ཀྱེ་བཅོམ་ལྡན་འདས་བསྙེན་པ་ལ་ཡང་དུ་ཙམ ་བདོག། བསྙེན་པའི་བསྒྲུབ་ལུགས་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བསྟན་པར་བྱ། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། བསྙེན་པ་ལ ་ཡང་རྣམ་གསུམ་སྟེ།། ཕྱི་གཉིས་ནང་གསུམ་གསང་སྔགས་ཀྱིས།། གང་ལྟར་བཟླས་ཀྱང་ཀླུ་རྣམས་འགྲུབ།། བསྙེན་པའི་བསྒྲུབ་ལུགས་གཉིས་ཡིན་ཏེ།། བརྟེན་ཅན་བསྒྲུབ་དང་བརྟེན་མེད་དོ།། བརྟེན་ཅན་བསྒྲུབ་ལ ་རྣམ་གཉིས་ཏེ། ཁང་བུའི་ཚུལ་དུ་བསྒྲུབ་པའོ།། རྟེན་མེད་གཏོར་མ་ལ་བརྟེན་ནས།། མདུན་དུ་ཏིང་འཛིན་བདག་གཞན་བསྐྱེད།། དེ་ལ་ཁང་བུའི་བསྒྲུབ་པ་ནི།། དབེན་པའི་གནས་སམ་ཁྱིམ་གྱི་ནང་། ཁྲུ་གང་ཚད་ལྡན ་ཁྲི་རྩིགས་ལ།། སྟེང་དུ་པདྨ་འདབ་བརྒྱད་བྱ།། དེ་སྟེང་ཚད་ལྡན་བདག་གིས་ནི།། སྐུ་མཆོག་མཛེས་པ་བརྩིགས་པར་བྱའོ།། ཕྱི་རོལ་གཡམ་ཁང་གྲུ་བཞི་རྩིགས་སྦྱིན་པའི་ས་དང་ཤོག་འདག་དང་།། གུར་ཀུམ་ཆུ་དང ་སྦྲང་རྩི་དང་།། ཚལ་དང་ག་པུར་ཙན་དན་དང་། ཁྱིམ་གྱི་ས་དང་ཁྱིམ་གྱི་ཆུ།། གཙང་པོ་ཆེན་པོའི་ཆུ་དང་ནི།། གངས་དང་གཏིང་རིངས་ཁྲོན་པའི་ཆུ།། ཀླུ་རྒྱལ་ཀླུ་ཡི་རྒྱུ་རུ་བཤད།། མཛེས་པའི་སྐུ་མཆོག་བཞེངས་ནས ་ཀྱང་།། རིན་ཆེན་གསེར་ཆུས་སྐུ་མཆོག་བསྒྱུར།། ཤར་ལྷོ་མཚམས་སུ་ཉ་གདོང་བཞག། ལྷོ་ནུབ་མཚམས་སུ་རྟག་གདོང་བཞག། ནུབ་བྱང་མཚམས་སུ་མར་ཀ་ཏ།། བྱང་ཤར་མཚམས་སུ་སེ་མཛེས་སོ།། དེ་རྣམས ་དཀར་སེར་དམར་སྔོ་མདོག། དར་དང་ཟ་འོག་གུར་ཀྱང་དབུབ།། གསེར་དངུལ་ཟགས་ལྕགས་བྱུ་རུ་སོགས།། གཏོར་མ་རྒྱས་དང་སྤོས་སོགས་ཀྱིས། ཁང་བུའི་ནང་ཡང་དགང་བར་བྱ།། བདག་གཞན་བསྐྱེད་ཅིང ་བསྙེན་པ་དྲངས།། སྐབས་སུ་གཏོར་མ་གཏང་ཞིང་བསྐུལ་ཚིག་སྟོད།། སྤོས་དུད་གཏང་ཞིང་སྔགས་བདག་ཀྱང་།། ཉིན་གསུམ་མཚན་གསུམ་སྦྱོར་བ་ཡིས།། བོད་ཅིང་ལས་བཅོལ་དམ་བདར་རོ།། དེ་ནས་ཀླུ་རྒྱལ ་དངོས་སུ་བསྒྲུབ།། ཅི་འདོད་ལས་ཀྱང་བྱེད་པར་འགྱུར།། བྲིས་སྐུའི་ཚུལ་དུ་བསྒྲུབ་པ་ནི།། གཙང་མའི་རས་ལ་མཆོད་རྟེན་ནི། ཁྲུ་གང་མཐོ་གང་སོར་དྲུག་ཚད།། མཛེས་པར་བྲིས་ལ་དབུས་སུ་ནི།། སྔགས ་བདག་རྒྱལ་པོ་ཚད་ལྡན་བྲི།། བྲི་བའི་གཟུགས་ལ་ཡང་རྣམ་གཉིས་ཏེ།། སྐུ་ཚད་བཅུ་དྲུག་སོར་དག་ལ།། རོ་སྟོད་མི་ལ་རོ་སྨད་ནི།། གདུག་པ་སྦྲུལ་དུ་འཁྱིལ་བ་ལས།། སྦྲུལ་མགོ་བདུན་གྱི་གདེང་ཀས ་མཛེས།། ཐལ་སྦྱར་བཀའ་ནི་ནོད་པར་བྲི།། ཡང་ན་བཅུ་དགུ་སོར་དག་ལས།། ཞབས་གཉིས་དངོས་སུ་བརྐྱང་པ་ཅན།། སྦྲུལ་མགོ་བདུན་གྱིས་རབ་མཛེས་པའི།། སྦྲུལ་མགོ་སྦྲུལ་གྱི་ལོགས་གཉིས་ནས།། གསུམ་དང ་བཞི་ཡིས་འཁྲིལ་ནས་ཀྱང་།། གཡས་གཡོན་ཞབས་གཉིས་དག་ཀྱང་ནི།། སྦྲུལ་བདུན་དག་གིས་ཆུན་པོར་འཁྲིལ་བ་བྲི།། ཐལ་མོ་སྦྱར་ནས་མཛེས་པར་བྲི།། དེ་ཡང་བརྟེན་བྱའི་རིམ་པའོ།། ཡང་ན་མཛེས་པའི་བན ་དྷའི་ནང་།། གུར་གུམ་ཆུ་ཡིས་ལེགས་བྱུགས་ནས།། ཙན་དན་ཆུ་ཡིས་ལེགས་པར་བྱུག། ཤོག་བུ་དག་ལ་ཀླུ་རྒྱལ་གཟུགས་བྲིས་ལ།། མཎྜལ་ཁར་བཞག་བདག་གཞན་བསྐྱེད།། དེ་ཡང་རྟེན་གྱི་རིམ་པའོ།། ཁང་བུའི ་། བྲིས་སྐུ་གཟུགས་རྣམས་ལ།། སྤྱན་དབྱེ་བསྙེན་པའི་རིམ་རྫོགས་ནས།། མཆོད་པ་བྱས་ལ་བསྙེན་པའོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། བསྙེན་པའི་གྲངས་དང་བསྙེན་པའི་བསྒྲུབ་ལུགས་བསྟན་པའི་ལེའུ ་སྟེ་ལྔ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཕན་གདགས་ལས་ཀྱི་རིམ་པ་ལས།། ནད་བརྟག་རིམ་པ་གང་ཡིན་པ།། བདག་གིས་མི་འཚལ་བཤད ་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན།། སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས།། བདག་གཞན་ལེགས་པར་བསྐྱེད་བྱས་ནས།། མདུན་དུ ་གཏོར་མ་ལེགས་བཞག་ལ།། མིང་དང་རུས་པ་ལེགས་དམིགས་ལ།། ཕྱི་བསྒྲུབ་སྙིང་པོ་སྤུ་ཏ་བཟླས།། དེ་ནས་བདག་ལ་ཉམས་མྱོང་ནི།། ཡང་དག་པ་རུ་ལུས་ལ་འབྱུང་།། མགོ་ནས་ཞུགས་ནས་ན་ན་ནི།། མ་མོའི ་རིགས་རྣམས་ཡིན་པར་ཤེས།། སྙིང་ནས་ཞུགས་ནས་ན་བ་དང་།། འཕྱོ་ཞིང་འགྲོ་སྙིང་འདོད་པ་དང་།། མི་དགའ་དྲག་པོར་ན་བ་དང་།། རྒྱལ་པོས་རྒྱབ་བརྟེན་བྱས་པར་ཤེས།། རྐེད་པ་ན་དང་རྩ་རྣམས་འཁྲུག། ལུས ་པོ་ལྕི་དང་རྐང་ལག་ན།། ལུས་པོ་སྦྲིད་དང་སྨིན་མ་ཟད།། ཤ་རོ་བྱུང་དང་ཤ་བཀྲ་བྱུང་།། ལུས་ལ་ཤ་འཕྲིག་བྱུང་བ་དང་།། ས་བདག་ཀླུ་གཉེན་ཡིན་ཞེས་བྱ།། དེ་ལྟར་རང་གི་ཉམས་ཅི་བྱུང་དང་།། ནད་པ་དག་དང ་བསྣུན་པར་བྱ།། མཐུན་པར་གྱུར་ན་གསོ་རུ་བཏུབ།། མི་མཐུན་ན་གསོ་མི་བཏུབ་པར་ཤེས་པར་བྱ།། དེ་འདྲའི་སྦྱོར་བ་ཟབ་མོ་ནི།། སངས་རྒྱས་ལ་ནི་འབྱུང་མི་འགྱུར།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས།། ་ནད་པ་གསོ་རུ་བཏུབ་མི་བཏུབ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ནད་པ་སྐད་ངན་རིམ་པ་ཡི།། གང་གནོད་འདྲེ ་ཡིས་ངོས་གཟུང་ལ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་པོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱིས་རྩེ་གཅིག་ཡིད་ཀྱི་ཉོན།། དང་པོ་ཡ་སྟེགས་བསག་བྱས ་ཏེ།། ཤིང་སྐྲ་བཙན་དུག་སྐེ་ཚེ་དང་།། ཉུངས་ཀར་གུ་གུལ་ཀླ་སྲན་དང་།། ཚིལ་ཆེན་དག་དང་སྦྱར་ཏེ་བཏུབ།། ཞིབ་ཏུ་བཏགས་ཏེ་རི་ལུ་བྱ།། སྲན་མ་ཆུང་ཤོས་ཚད་དུའོ།། དེ་ལ་བསྙེན་པ་འབུམ་ཚོ་བསྐུལ།། དེ་ནས ་ནད་པའི་གན་དག་ཏུ།། བདག་གཞན་ལེགས་པར་བསྐྱེད་བྱས་ལ།། བཀའ་བསྒོ་རིམ་པ་ཚུལ་བཞིན་བྱ།། དེ་ནས་ཐུགས་ཁའི་འོད་ཟེར་ལས།། སྔགས་བདག་བསྐུལ་ཏེ་བགེགས་བཀུག་ནས།། ནད་པའི་སྙིང་ཁའི་དྲི ་ལ་བསྟིམ།། བགེགས་ཀྱི་དངོས་པོར་གྱུར་པར་བསམ།། དེ་ནས་ལག་པའི་སྲིན་ལག་ནས།། དཀར་ནག་སྐུད་པ་བཏགས་ནས་ནི།། སྔགས་མཁན་ཅིག་གིས་འཛིན་དུ་གཞུག། དེ་ནས་སློབ་དཔོན་དག་གིས་ནི།། གྱོ ་མག་ནང་དུ་མེ་བླུགས་ཕྱི་སྒོ་ཟམ་ཁར་ཁྱེར། རྡོ་རྗེའི་འགྲོས་བྱ་དྲིལ་བུ་དཀྲོལ་རྡོ་རྗེ་གསོར། རྡོ་རྗེ་འགྲོས་རེ་རེ་ལ་རིལ་བུ་རེ་མེའི་ནང་དུ་བསྲེག་པར་བྱ། བདུན་གྱི་གྲངས་ནི་ཐིམ་པ་དང་།། ནད་པའི་གན་དུ་འོངས་ནས ་ནི།། སྣ་རུ་བདུག་ཅིང་གསང་སྔགས་བཟླས།། དེ་ཡི་ཏིང་འཛིན་རིམ་པ་ནི།། རང་ཉིད་ཨེ་ལས་གྲུ་གསུམ་ནི།། ཆོས་འབྱུང་སྦྱོར་ཀའི་རྣམ་པར་བསམ།། དེ་ནས་མཚོན་ཆའི་ཆར་ཕབ་ལ།། བགེགས་ཀྱི་དངོས་པོ་མྱགས ་པར་བསམ།། དེ་ལྟར་བྱས་ན་ནད་པ་ནི།། སྐད་ངན་འདོན་ཅིང་སྨྲ་བར་འགྱུར།། དེ་སུ་ཞིག་ཡིན་ཞེས་བྲི།། ཕྱི་བསྒྲུབ་སྙིང་པོ་སྤུ་ཏ་བཟླས།། མཐའ་རྟེན་མཱ་ར་ཡ་ཡང་གདགས།། དེ་ཡི་སྦྱོར་བ་ཟབ་མོ་ནི།། བགེགས་ལ ་སོགས་པ་དངོས་སུ་འོང་།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ནད་པ་སྐད་ངན་འདོན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཙི་ཙི་ཛ་ལ་གསོ་བའི་ཕྱིར།། ཀླུ་བསྒྲུབ་དཀྱིལ ་འཁོར་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བསྟན་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོ་ཉམས་དགའི་ས་ཕྱོགས་སུ།། བགེགས་ལ་སོགས་པ་བསྐྲད་བྱས ་ནས།། དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། ཁྲུ་ཕྱེད་ནས་ཙམ་ཁྲུ་དོའི་བར།། མཎྜལ་ཁོད་སྙོམས་དགོད་པར་བྱ།། དེ་ལྟར་སྙོམས་པའི་མཎྜལ་ལ།། མཁས་པས་ཐིག་ཆེན་གདབ་པར་བྱ།། གནམ་ཐིག་དག་ཀྱང་གདབ ་བར་བྱ།། དེ་ནས་ས་ཐིག་གདབ་པར་བྱ།། སློབ་དཔོན་ཁྲོ་བདག་ཤར་དུ་བལྟས།། སློབ་མ་མཛེས་ལྡན་ནུབ་ཏུ་བལྟ།། བྱ་རོག་བདག་པོ་ཐིག་སྐུད་གདབ།། དེ་ནས་སློབ་དཔོན་ལྷོར་བལྟས་ནས།། སློབ་མ་བྱང ་བལྟས་ཐིག་ཅིག་གདབ།། དེ་ནས་ཟུར་ཐིག་གཉིས་པོ་གདབ།། ཐིག་སྐུད་དག་ནི་བཏབ་པའི་ཚེ།། གསང་ཆེན་ཕྱག་ན་རྡོ་རྗེའི་སྙིང་པོ་བཟླས།། དགྲ་བགེགས་ཚོགས་རྣམས་བྱེར་བར་བསམ།། ཐིག་ཆེན་བརྒྱད་ལས ་བཅུ་དྲུག་གདབ།། དེ་ལས་སུམ་ཅུ་སོ་གཉིས་སོ།། དེ་ལ་དབུས་སུ་ཕོ་བྲང་བྱ།། དེ་ཡི་རྒྱབ་ཏུ་པདྨའོ།། དེ་ཡི་རྒྱབ་སྒོ་སྦྲུལ་མགོ་བྱ།། དེ་ནས་ཚོན་གྱི་རིམ་པ་གཏང་།། དབུས་སུ་ནག་པོ་པད་སེར་བྱ།། གྲུ ་ཆད་ལྗང་ཁུང་སྒོ་རྣམས་ཕྱོགས་དང་བསྟུན།། ཤར་སྒོ་དཀར་ཏེ་ལྷོ་སེར་ནུབ་དམར།། བྱང་སྒོ་ལྡང་སྟེ་སྦྲུལ་མཛེས་མཚོན་པ་བྱ།། དེ་ནི་ཚོན་གྱི་རིམ་པའོ།། དེ་ནས་གཟུགས་བརྙན་དགོད་བྱ་སྟེ།། དབུས་སུ་ཕྱག་ན་རྡོ ་རྗེའི་གཟུགས།། པདྨ་འདབ་མ་བརྒྱད་ལ་ཀླུ་ཆེན་བརྒད།། ཤར་དུ་སྔགས་བདག་རང་དང་དགུ།། གྲུ་ཆད་བརྒྱད་ལ་མཛོ་རྟོལ་བརྒྱད།། གཉེན་གྱི་རིགས་སུ་ཤེས་པར་བྱ།། ལྷ་རྣམས་དག་དང་སྒོ་བཞི་ལ།། རིགས་ལྔའི ་ཀླུ་ཚོགས་དགོད་པར་བྱ།། ཤར་དུ་རྒྱལ་རིགས་ལྷོར་བྲམ་ཟེ།། ནུབ་ཏུ་རྗེ་རིགས་དགོད་པར་བྱ།། བྱང་དུ་དམངས་རིགས་གདོལ་ཅན་དགོད།། དེ་དག་ལ་ཡང་བདུན་བདུན་ཏེ།། སྦྲུལ་དཀར་སྦལ་པ་ལྕོང་མོ་དང་།། 1 ་དང་ཆུ་རྟ་ཆུ་ལུག་ཆུ་གླང་ངོ་།། སྦྲུལ་མགོ་ཕྱིན་ཕྱོགས་དག་ཏུ་ནི།། ས་བདག་སྲིན་པོ་དགོད་པར་བྱ།། དེ་ནི་གཟུགས་བརྙན་རིམ་པའོ།། དེ་ནས་རྒྱན་རྣམས་དགོད་པར་བྱ།། རྣལ་འབྱོར་པ་ནི་ནུབ་ཏུ་བལྟ།། ཤར་ལྷོ ་མཚམས་སུ་གཏོར་མ་གཉིས།། ལྷོ་ནུབ་མཚམས་སུ་བུམ་པ་བཞག། ནུབ་བྱང་མཚམས་སུ་རྨ་བྱ་གཟུགས།། བྱང་ཤར་མཚམས་སུ་བདུད་རྩི་བཞག། བྱང་དུ་ཀླུ་ཤིང་སྒྲེང་ལ་བཞག། ལྷོ་རུ་ནད་པའི་འདུག་ས་བྱ།། ཧོམ ་གྱི་ཆ་རྐྱེན་ཧོམ་དང་སྦག། སྦྱོར་ཙའི་ཆ་རྐྱེན་རང་སར་བཞག། དར་དང་རས་ཀྱི་ཡོལ་བ་དགྲམ།། སྤོས་དང་ཙན་དན་དྲི་ཡིས་བདུགས།། བ་དམར་འོ་མ་རྟག་ཏུ་བཟུང་།། གཙང་མའི་གོས་དང་ཟས་བཟའ་འོ།། འདོད ་ཆགས་ཚོགས་དང་བསྣོལ་ཀྱང་སྤོང་།། བུམ་པའི་ཆུ་ཡིས་རྟག་ཏུ་བཀྲུ།། དགོས་པའི་ཡ་སྟགས་འཚོག་པར་བྱ།། དེ་ནི་རྒྱན་གྱི་རིམ་པའོ།། དེ་ནས་དཀྱིལ་འཁོར་བསྐྱེད་བྱ་སྟེ། ཤུ་ཛྙཱ་ན་ཡི་སྔགས་བརྗོད་པས།། ཐམས ་ཅད་སྟོང་པའི་ངོ་བོ་བསམ།། དེ་ནས་བྷཾ་ལ་གཞལ་མེད་ཁང་།། གྲུ་བཞི་པ་ལ་སྒོ་བཞི་པ།། འདབ་བརྒྱད་པདྨ་སྦྲུལ་མགོས་བརྒྱན།། དེ་ཡི་དབུས་ཀྱི་ལྟེ་བ་ལ།། ཡི་གེ་མཐིང་ནག་ཧཱུཾ་ཡང་བསྐྱེད།། ཕྱོགས་བརྒྱད་པདྨ ་དག་ལ་ནི།། ཕུཿདགུ་རྣལ་འབྱོར་པས་སྒོམ་བྱ།། དེ་བཞིན་གཟུགས་བརྙན་ཐམས་ཅད་ལ།། ཡི་གེ་ཕུཿཡི་རྣམ་པ་བསམ།། དེ་ནས་དབུས་ཀྱི་ཧཱུཾ་ལས་ནི།། སྤྲོས་བསྡུས་འོད་དུ་ཞུ་བ་ལས།། བཛྲ་ཞེས་བྱ་སྒྲ་བརྗོད ་པས།། རྡོ་རྗེ་ནག་པོ་རྩེ་དགུ་བསྒོམ།། དེ་ནས་སྤྲོ་དང་བསྡུ་བྱས་ནས།། བཛྲ་པཱ་ཎི་སྒྲ་བརྗོད་པས།། ཕྱག་ན་རྡོ་རྗེར་གྱུར་པར་བསྒོམ།། དེ་ཐུགས་ཨ་ལས་ཟླ་དཀྱིལ་བསྒོམ།། དེ་སྟེངས་ས་བོན་ཧཱུཾ་ཡང་བསྒོམ།། དེ་ཟེར ་ལས་བྱུང་ཕྱག་རྡོར་དགུག། དེ་ནས་ཕུཿཀུན་ཞུ་བ་ལས།། སྦྲུལ་མགོ་བདུན་པ་དགུ་བསྐྱེད་དོ།། ས་བོན་གཉིས་ལས་འོད་འཕྲོས་པས།། དབྱིངས་ནས་ཀླུ་ཆེན་དགུ་ཡང་དགུག། དེ་བཞིན་ཕུཿཀུན་ཞུ་བ ་ལས།། གཟུགས་བརྙན་གང་ཡིན་ངོ་བོ་བསམ།། དེ་ནས་ཀླུ་ཚོགས་མང་པོ་ཀུན།། ལས་ནི་ཅི་བྱ་ཟེར་བ་ལས།། བཀའ་བསྒོ་རིམ་པ་སྣ་ཚོགས་བྱ།། དེ་ནས་ཕྱག་ན་རྡོ་རྗེ་ལ།། སྔགས་རིགས་བཀླག་ཅིང ་རྣམ་ལྔ་དབུལ།། དེ་ནས་སྔགས་བདག་དབུ་གཟུང་ནས།། ས་བདག་ས་སྲིན་ཡན་ཆད་ལ།། ཀླུ་སྨན་བདུད་རྩིའི་མཆོད་པ་དབུལ།། དེ་ལ་ཡང་ནི་རྣམ་བཞི་སྟེ།། སྤྱན་དྲངས་མཆོད་པ་དབུལ་བ་དང་།། སྔགས་རིངས ་ཀླག་དང་ཤན་ཏིང་གདགས།། སྟོང་ཚོ་རེ་རེ་གདགས་པར་བྱ།། དེ་ནས་སྤྱན་དྲང་མཆོད་པ་དབུལ།། སློབ་དཔོན་ནད་པ་ལ་སོགས་ཀུན།། བུམ་པའི་ཆུ་ཡིས་ལེགས་པར་བཀྲུ།། ཀླུ་རྣམས་ཀུན་ལ་མཆོད་པ་དབུལ།། ཧཱུཾ། ་སྔགས་ཀྱི་བདག་པོ་སྤྱན་འདྲེན་ན།། དཀར་གསུམ་དག་གི་བདུད་རྩི་དབུལ།། དཀར་གསུམ་དག་གི་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས་ཀྱང་།། ཀླུ་རྣམས་མདངས་དང ་ལྡན་གྱུར་ཅིག། འདིས་འོག་མ་རྣམས་འདྲའོ།། མངར་གསུམ་དག་གི་བདུད་རྩི་འབུལ།། མངར་གསུམ་དག་གི་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས་ཀྱང་།། ཀླུ་རྣམས ་མདངས་དང་ལྡན་གྱུར་ཅིག། སྙིང་བུ་ཞོ་ཤའི་བདུད་རྩི་འབུལ།། སྙིང་བུ་ཞོ་ཤའི་བདུད་རྩི་ཡིས།། ཀླུ་ཡི་སྙིང་ནད་སོས་གྱུར་ཅིག། ཀླུ་ཡི་སྙིང་ནད་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། མཁལ་མ་ཞོ ་ཤའི་བདུད་རྩི་འབུལ།། མཁལ་མ་ཞོ་ཤའི་བདུད་རྩི་ཡིས།། ཀླུ་ཡི་མཁལ་ནད་སོས་གྱུར་ཅིག། ཀླུ་ཡི་མཁལ་ནད་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། རྒྱ་མཚོ་སྦུ་བའི་བདུད་རྩི་འབུལ།། རྒྱ་མཚོ ་སྦུསླུ་བའི་བདུད་རྩི་ཡིས།། ཀླུའི་ཀླད་པ་འཁྲུགས་པ་སོས་གྱུར་ཅིག། ཀླད་པ་འཁྲུགས་པ་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། དབང་པོ་ལག་པའི་བདུད་རྩི་འབུལ།། དབང་པོ་ལག་པའི་བདུད་རྩི ་ཡིས།། ཀླུ་ཡི་རྐང་ལག་ན་བ་སོས་གྱུར་ཅིག། རྐང་ལག་ན་བ་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཆུ་སྲིན་སྡེར་མོའི་བདུད་རྩི་འབུལ།། ཆུ་སྲིན་སྡེར་མོའི་བདུད་རྩི་ཡིས།། ཀླུ་ཡི་སྡེར་མོ་གོག་པ ་སོས་གྱུར་ཅིག། སྡེར་མོ་གོག་པ་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། འགྲོན་བུ་དཀར་པོའི་བདུད་རྩི་འབུལ།། འགྲོན་བུ་དཀར་པོའི་བདུད་རྩི་ཡིས།། ཀླུ་ཡི་སྲོ་ནད་སོས་གྱུར་ཅིག། ཀླུ་ཡི་སྲོ་ནད ་སོས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཏིལ་མར་དག་གི་བདུད་རྩི་འབུལ།། ཏིལ་མར་དག་གི་བདུད་རྩི་ཡིས།། རྣ་བའི་དབང་པོ་ཉམས་པ་སོས་གྱུར་ཅིག། རྣ་བའི་དབང་པོ་ཉམས་པ་སོས་ནས ་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། དུང་གཙུག་གཡས་སུ་འཁྱིལ་བའི་བདུད་རྩི་འབུལ། དུང་གཙུག་གཡས་སུ་འཁྱིལ་བའི་བདུད་རྩི་ཡིས།། ཀླུ་ཡི་རུས་པ་ཆག་པ་སོས་གྱུར་ཅིག། ཀླུ་ཡི་རུས་པ་ཆག་པ ་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ལི་ཁྲི་དམར་པོའི་བདུད་རྩི་འབུལ།། ལི་ཁྲི་དམར་པོའི་བདུད་རྩི་ཡིས།། ཀླུ་ཡི་ཁྲ་ནད་སྐམ་པ་སོས་གྱུར་ཅིག། ཁྲ་ནས་སྐམ་པ་སོས་ནས ་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། རས་སྐུད་དམར་པོའི་བདུད་རྩི་འབུལ།། རས་སྐུད་དམར་པོའི་བདུད་རྩི་ཡིས།། ཀླུ་ཡི་ཆུ་རྒྱུན་འཁུམས་པ་སོས་གྱུར་ཅིག། ཆུ་རྒྱུས་འཁུམས་པ་སོས་ནས་ཀྱང་།། ཀླུ ་རྣམས་མདངས་དང་ལྡན་གྱུར་ཅིག། དར་ཚོན་སྣ་ལྔའི་བདུད་རྩི་འབུལ།། དར་ཚོན་སྣ་ལྔའི་བདུད་རྩི་ཡིས།། ཀླུ་ཡི་པགས་པ་རལ་པ་སོས་གྱུར་ཅིག། པགས་པ་རལ་བ་སོས་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན ་གྱུར་ཅིག། ན་ག་གེ་སར་བདུད་རྩི་འབུལ།། ན་ག་གེ་སར་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། བྱི་ལང་ཀའི་སྙེ་མའི་བདུད་རྩི་འབུལ།། བྱི་ལང་ཀའི་སྙེ་མའི་བདུད་རྩི་ཡིས།། ཀླུ་རྣམས་མདངས ་དང་ལྡན་གྱུར་ཅིག། དྲི་ལང་ཀའི་སྙེ་མའི་བདུད་རྩི་འབུལ།། དྲི་ལང་ཀའི་སྙེ་མའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། མོན་སྲན་གྲེའུའི་བདུད་རྩི་འབུལ།། མོན་སྲན་གྲེའུའི་བདུད་རྩི་ཡིས།། ཀླུ ་། རྣམས་མདངས་དང་ལྡན་གྱུར་ཅིག། ཁྲ་སྲན་བྲེ་བོའི་བདུད་རྩི་འབུལ། ཁྲ་སྲན་བྲེ་བོའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། གླ་གོར་ཞོ་ཤའི་བདུད་རྩི་འབུལ།། གླ་གོར་ཞོ་ཤའི་བདུད་རྩི་ཡིས།། ཀླུ ་རྣམས་མདངས་དང་ལྡན་གྱུར་ཅིག། ལུང་ལྟང་ཤོ་ཤའི་བདུད་རྩི་འབུལ།། ལུང་ལྟང་ཤོ་ཤའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཤོ་ཤ་སུམ་བརྒྱ་དྲུག་ཅུའི་བདུད་རྩི་འབུལ།། ཤོ་ཤ་སུམ་བརྒྱ་དྲུག ་ཅུའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཉ་ཕྱིས་དཀར་པོའི་བདུད་རྩི་འབུལ།། ཉ་ཕྱིས་དཀར་པོའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཤ་འབྲས་དཀར་པོའི་བདུད་རྩི ་འབུལ།། ཤ་འབྲས་དཀར་པོའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། གསེར་གྱི་མེ་ཏོག་བདུད་རྩི་འབུལ།། གསེར་གྱི་མེ་ཏོག་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། གཡུ་སྐོང ་འབར་བའི་བདུད་རྩི་འབུལ།། གཡུ་སྒོང་འབར་བའི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། འབྲས་བུ་གསུམ་གྱི་བདུད་རྩི་འབུལ།། འབྲས་བུ་གསུམ་གྱི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན ་གྱུར་ཅིག། རྩ་བ་ལྔ་ཡི་བདུད་རྩི་འབུལ།། རྩ་བ་ལྔ་ཡི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ག་བུར་ཤེས་ཀྱི་བདུད་རྩི་འབུལ།། ག་བུར་ཤེས་ཀྱི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར ་ཅིག། པུ་རྩེ་ཤེལ་གྱི་བདུད་རྩི་འབུལ།། པུ་རྩེ་ཤེལ་གྱི་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཙན་དན་སྨུག་པོའི་བདུད་རྩི་འབུལ།། ཙན་དན་སྨུག་པོའི་བདུད་རྩི་ཡིས།། ཀླུ ་རྣམས་མདངས་དང་ལྡན་གྱུར་ཅིག། འདམ་བུ་ནག་ཚལ་བདུད་རྩི་འབུལ།། འདབ་བུ་ནག་ཚལ་བདུད་རྩི་ཡིས།། ཀླུ་ཡི་གནས་ཁང་ཉམས་པ་བསྐོངས་གྱུར་ཅིག། ཀླུ་ཡི་གནས་ཁང་ཉམས་པ་བསྐོངས ་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། འབྲུ་སྣ་སྣ་ཚོགས་བདུད་རྩི་འབུལ།། འབྲུ་སྣ་ཚོགས་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། རྩི་སྨན་སྣ་ཚོགས་བདུད་རྩི་འབུལ།། རྩི་སྨན་སྣ ་ཚོགས་བདུད་རྩི་ཡིས།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། ཀླུ་རྣམས་མདངས་དང་ལྡན་ནས་ཀྱང་།། དོ་ནོད་མི་འདི་ཟོང་གྱུར་ཅིག། དོ་ནོད་ནད་འདི་ཟོང་གྱུར་ཅིག། མི་དང་ནད་དུ་ཁྲོལ་གྱུར་ཅིག། དེ་ནས་རྣལ ་འབྱོར་སྔགས་གྲུབ་ཀྱིས།། བསྙེན་སྔགས་དག་ལ་ཤནྟིང་ནི།། གླུ་བླུ་བརྟགས་ལ་སྟོང་ཚོ་བཟླས།། དེ་ནས་གདུག་རྩུབ་བྱབ་པར་བྱ།། ནད་ཀྱི་དངོས་པོ་ཐོན་བྱ་སྟེ།། རྨ་བྱ་ཐོགས་ལ་འདི་སྐད་དུ།། ཧཱུཾ། སྔགས་ཀྱི་བདག ་པོ་ཚུར་ཉོན་ཅིག། དང་པོ་བཀའ་བྱུང་སུ་ཡི་བཀའ།། དང་པོ་སྟོན་པ་རྣམ་གཉིས་བཀའ།། ད་ལྟ་བཀའ་བྱུང་སུ་ཡི་བཀའ།། ད་ལྟར་རིགས་འཛིན་བདག་གི་བཀའ།། རིག་པ་འཛིན་པའི་བཀའ་ལ་ཉོན།། རིག་པ་འཛིན ་པའི་བཀའ་མ་བཅག། ང་ནི་ཕྱག་ན་རྡོ་རྗེ་ཡིན།། ང་ནི་ཀླུ་ཡི་གཉེན་པོ་ཡིན།། ཀླུ་བརྒྱ་ཟས་སུ་ཟ་བ་ཡིན།། ཀླུ་བརྒྱ་གོས་སུ་གྱོན་པ་ཡིན།། ཀླུ་འབུམ་གདན་དུ་འདིངས་པ་ཡིན།། ཀླུ་སྔས་ལུས་ལ་བརྒྱན་པ་ཡིན།། རྒྱུ ་སྦྱོར་ཡོན་གྱི་བདག་པོ་ལ།། ལྟོ་འཕྱེ་རིགས་ཀྱི་གདུག་རྩུབ་ཕྱུང་།། འདིས་འོག་མ་འདྲེ། གྲུལ་བུམ་ཀླུའི་གདུག་རྩུབ་ཕྱུང་།། ཉ་ཡི་ཀླུའི་གདུག་རྩུབ་ཕྱུང་།། སྦལ་པའི་ཀླུའི་གདུག་རྩུབ་ཕྱུང་།། གཉེན་གྱི་ཀླུའི་གདུག་རྩུབ ་ཕྱུང་།། རྒྱལ་རིགས་ཀླུའི་གདུག་རྩུབ་ཕྱུང་།། བྲམ་ཟེ་ཀླུའི་གདུག་རྩུབ་ཕྱུང་།། རྗེ་རིགས་ཀླུའི་གདུག་རྩུབ་ཕྱུང་།། དམངས་རིགས་ཀླུའི་གདུག་རྩུབ་ཕྱུང་།། གདོལ་ཅན་ཀླུའི་གདུག་རྩུབ་ཕྱུང་།། ས་བདག་ས་སྲིན ་གདུག་རྩུབ་ཕྱུང་།། གདུག་རྩུབ་ཐམས་ཅད་ཕྱིར་ཕྱུང་ཞིག། དེ་ཡི་ཏིང་འཛིན་རིམ་པ་ནི།། ནད་ཀྱི་དངོས་པོ་འཐོན་པར་བསམ།། དེ་ནས་ནད་ཀྱི་དམ་བདར་ཏེ།། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། དོ་ནུབ་མི་འདི་མི ་གཏོང་ཞིང་།། དོ་ནུབ་གདུག་རྩུབ་མི་འདོན་ཅིང་།། རིགས་འཛིན་བཀའ་ལས་འདའ་བྱེད་ན། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། དམ་ཚིག་སྔགས་ཀྱི་བྱིན་བརླབས་དང་། ཁྲོ་བོ་ཡག་ཤ་མེ་དཔལ་གྱིས། ཁྱོད་ཀྱི་སྙིང་ནས ་འཚིག་འགྱུར་ཞིང་།། མཛེ་ནད་སྣ་ཚོགས་ཁྱོད་ལ་འོང་།། མིག་ནད་མེ་འབར་ཁྱོད་ལ་འོད།། འོན་པ་ལོང་བ་ཁྱོད་ལ་འོང་།། མཛེ་ཅན་ཤུ་བ་ཁྱོད་ལ་འོང་།། བླ་མེད་འབྲས་བུ་ཐོབ་མི་འགྱུར།། འོ་ན་དེ་ལ་མ་ཐུག ་གིས།། དོ་ནོད་མི་འདི་ཐོང་དང་།། དོ་ནོད་ནད་འདི་ཐོན་དང་།། འདིས་འོག་མ་རྣམས་འདྲེ། ཁྲག་ནད་ཆུ་སེར་འདི་ལས་ཐོན་དང་།། ཀླུ་ནད་མཁྲིས་པ་འདི་ལས་ཐོན་དང་།། མི་དང་ནད་དུ་ཁྲོལ་དང་།། མཛེ ་ནད་སྣ་ཚོགས་འདི་ལས་ཐོན་དང་།། བད་ཀན་ནད་རྣམས་འདི་ལས་ཐོན་དང་།། མཛེ་རིགས་དུག་ཐབས་འདི་ལས་ཐོན་དང་།། སྦྲུལ་གྱི་དཀར་པོ་འདི་ལས་ཐོན་དང་།། སྦལ་པ་དཀར་པོ་འདི་ལས་ཟོན ་དང་།། ལྕང་ཀེ་དཀར་པོ་འདི་ལས་ཐོན་དང་།། ཉ་མོ་དཀར་མོ་འདི་ལས་ཟོན་དང་།། ཆུ་རྟ་དཀར་པོ་འདི་ལས་ཐོན་དང་།། ཆུ་གླང་དཀར་པོ་འདི་ལས་ཐོན་དང་།། ཆུ་ལུག་དཀར་པོ་འདི་ལས་ཟོན་དང་།། སྦྲུལ་གྱི་སེར ་ཁྲ་འདི་ལས་ཐོན་དང་།། སྦལ་པ་སེར་པོ་འདི་ལས་ཟོན་དང་།། ལྕོང་ཀེ་སེར་པོ་འདི་ལས་ཐོན་དང་།། ཉ་མོ་སེར་མོ་འདི་ལས་ཐོན་དང་།། ཆུ་རྟ་སེར་པོ་འདི་ལས་ཐོན་དང་།། ཆུ་ལུག་སེར་པོ་འདི་ལས་ཐོན ་དང་།། ཆུ་གླང་སེར་པོ་འདི་ལས་ཐོན་དང་།། སྦྲུལ་གྱི་དམར་ཁྲ་འདི་ལས་ཐོན་དང་།། སྦལ་པ་དམར་པོ་འདི་ལས་ཐོན་དང་།། ལྕོང་ཀེ་དམར་པོ་འདི་ལས་ཐོན་དང་།། ཉ་མོ་དམར་མོ་འདི་ལས་ཐོན་དང་།། ཆུ་རྟ་དམར ་མོ་འདི་ལས་ཐོན་དང་།། ཆུ་གླང་དམར་པོ་འདི་ལས་ཐོན་དང་།། ཆུ་ལུག་དམར་པོ་འདི་ལས་ཐོན་དང་།། སྦྲུལ་གྱི་སྔོ་ཁྲ་འདི་ལས་ཐོན་དང་།། སྦལ་པ་སྔོན་པོ་འདི་ལས་ཐོན་དང་།། ལྕོང་ཀེ་སྔོན་པོ་འདི་ལས་ཐོན ་དང་།། ཉ་མོ་སྔོན་མོ་འདི་ལས་ཐོན་དང་།། ཆུ་རྟ་སྔོན་པོ་འདི་ལས་ཐོན་དང་།། ཆུ་གླང་སྔོན་པོ་འདི་ལས་ཐོན་དང་།། ཆུ་ལུག་སྔོན་པོ་འདི་ལས་ཐོན་དང་།། སྦྲུལ་གྱི་ནག་ཁྲ་འདི་ལས་ཐོན་དང་།། སྦལ་པ་ནག་ཁྲ་འདི ་ལས་ཐོན་དང་།། ལྕོང་ཀེ་ནག་ཁྲ་འདི་ལས་ཐོན་དང་།། ཉ་མོ་ནག་མོ་འདི་ལས་ཐོན་དང་།། ཆུ་རྟ་ནག་པོ་འདི་ལས་ཐོན་དང་།། ཆུ་གླང་ནག་པོ་འདི་ལས་ཐོན་དང་།། ཆུ་ལུག་ནག་པོ་འདི་ལས་ཐོན་དང་།། ནད ་རྣམས་ཐམས་ཅད་ཕྱིར་ཕྱུང་ཞིག། སྔར་བྱས་ནད་རྣམས་ཕྱིར་ཕྱུང་ཞིག། ད་མི་བྱེད་པར་དམ་ཆོས་ཤིག། སྔགས་ཀྱི་བདག་པོ་ཁྱེ་ཆུང་གཞོན་ནུ།། གཞོན་ནུ་གཏུམ་པོ། སྲིད་གསུམ་དབང་སྡུད། གདུག་པ་ཚར་གཅོད།། ་། སྦྲུལ་མགོ་བདུན་པ། ཟུར་ཕུད་ལྔ་པ། མི་དང་ནད་དུ་ཁྲོལ་དང་། གདུག་པ་དུག་ལྔ་བསྐྱེད་པ་སྟེ། དུག་ལྔས་ནད་ལྔ་རྒྱས་པར་བྱེད།། ནད་ལྔ་ཐམས་ཅད་འཇོམས་མཛད་པ།། སྔགས་བདག་ཁྱོད་ལ་ཕྱག་འཚལ ་ལོ།། དེ་ནས་ནད་རྣམས་འཐོན་པར་འགྱུར།། དེ་ལྟར་སྔགས་བདག་ཇི་ལྟར་བར།། ཀླུ་ཆེན་བརྒྱད་ནས་ས་སྲིན་པར།། ཀུན་ལ་རིམ་བཞིན་ཤེས་པར་བྱ།། དེ་ནས་སྔགས་བདག་ཅིག་ཕུལ།། ཕྱིས་ནི་དུག་ཀྱང་བྱབ་པར ་བྱ།། དེ་ལ་ཡང་ནི་འདི་སྐད་དོ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། སྤུ་སྡུག་དེ་ནི་རྨ་བྱ་དང་།། སྔགས་ཀྱི་དེ་ནི་བདག་པོ་ཡིས།། དུག་རྣམས་དེ་ནི་ཕྱིར་ཕྱུང་ཞིག། རེག་པའི་དུག་རྣམས་ཕྱིར་ཕྱུང་ཞིག། ལྟས་པས ་དུག་རྣམས་ཕྱིར་ཕྱུང་ཞིག། སྦྱོར་བའི་དུག་རྣམས་ཕྱིར་ཕྱུང་ཞིག། ཡིད་ཀྱི་དུག་རྣམས་ཕྱིར་ཕྱུང་ཞིག་ཁ་རླངས་དུག་རྣམས་ཕྱིར་ཕྱུང་ཞིག། ཀླུ་ཆེན་བརྒྱད་ཀྱི་དུག་རྣམས་ཕྱིར་ཕྱུང་ཞིག། གཉེན་གྱི་དུག་རྣམས་ཕྱིར་ཕྱུང ་ཞིག། རྒྱལ་རིགས་དུག་རྣམས་ཕྱིར་ཕྱུང་ཞིག། བྲམ་ཟེའི་དུག་རྣམས་ཕྱིར་ཕྱུང་ཞིག། རྗེ་རིགས་དུག་རྣམས་ཕྱིར་ཕྱུང་ཞིག། དམངས་རིགས་དུག་རྣམས་ཕྱིར་ཕྱུང་ཞིག། གདོལ་ཅན་དུག་རྣམས་ཕྱིར་ཕྱུང ་ཞིག། ས་བདག་ས་སྲིན་དུག་རྣམས་ཕྱིར་ཕྱུང་ཞིག། སྔར་བྱས་དུག་རྣམས་ཕྱིར་ཕྱུང་ཞིག། ཕྱིས་བྱས་དུག་རྣམས་ཕྱིར་ཕྱུང་ཞིག། ད་མི་བྱེད་པར་དམ་ཆོས་ཤིག། སྔགས་ཀྱི་བདག་པོ་ཁྱེ་ཆུང་གཞོན་ནུ།། ཟུར་ཕུད་ལྔ་པ།། ་སྦྲུལ་མགོ་བདུན་པ། གདུག་པ་ཚར་གཅད་དོ།། སྲིད་སུམ་དབང་སྡུད། ཁྱོད་ཀྱིས་མི་ཐུལ་གང་ཡང་མེད། ཁྱོད་ཀྱིས་མི་ཕྱིན་གང་ཡང་མེད།། དོ་ནོད་ནད་འདི་ཐོན་དང་།། མི་དང་ནད་འདི་ཁྲོལ་དང་།། གདུག་པ་དུག ་ལྔ་བསྐྱེད་པ་སྟེ།། དུག་ལྔས་ནད་རྣམས་རྒྱས་པར་བྱེད།། ནད་རྣམས་ཐམས་ཅད་འདོན་མཛད་པ།། སྔགས་བདག་ཁྱོད་ལ་ཕྱག་འཚལ་ལོ།། དུག་རྣམས་འདོན་པའི་རིམ་པའོ།། ཁྱད་པར་དུག་སྔགས་བདག་ལ་ཡིན ་ནོ།། དེ་ཡི་ཏིང་འཛིན་རིམ་པ་ནི།། རྨ་བྱ་དུག་རྣམས་བྱབས་པའི་ཚེ།། བདག་བཞིན་དུ་ནད་བྱུང་བསམ།། དེས་ནི་ནད་ཀྱི་དངོས་པོ་སོས།། དེ་ལྟར་ཉིན་མཚན་ཐམས་ཅད་དུ།། རྒྱུན་མི་ཆད་པར་ལས་རྣམས ་བརྩམ།། དེ་ལྟར་ལས་རྣམས་བརྩམས་ན།། ཇི་ལྟ་བུ་ཡང་འཚོ་བར་འགྱུར།། དེ་ནི་ཀླུ་སྒྲུབ་རིམ་པ་རྫོགས།། དེ་ནས་དཀྱིལ་འཁོར་བསྡུ་བར་བྱ།། རྒྱས་པའི་གཏོར་མ་གཉིས་པོ་གཏང་།། ཡེ་ཤེས་སེམས་དཔའ ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་ཕྱིར་བཟློག་ལ།། རིམ་བཞིན་ཞུ་སྟེ་འཇིམ་པར་བསམ།། དེ་ནས་ཐུགས་ཀ་ལ་ཡང་སྤྲོས་པས།། རླུང་གི་དཀྱིལ་འཁོར་ཆེར་བསམས་ཏེ།། སྥ་ར་ན་ཕཊ་ཀྱི་སྒྲ་བརྗོད ་པས།། གང་གནོན་ས་རུ་གཟུགས་བརྙན་ནི།། བསྐྱལ་ནས་གླུད་ཀྱི་དངོས་པོ་བསམ།། ས་ཚོན་ཕྱགས་ཏེ་ཆུ་ལ་འབོད།། གཟུགས་བརྙན་རྣམས་ཀྱང་ཆུ་ལ་འབོད།། བུམ་ཆུ་ལྷག་མས་ནད་པ་ནི།། མགོ་ལུས་མེད་པར ་བཀྲུ་བར་བྱ།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། བདེ་བར་གཤེགས་པའི་ལས་ཆེན་ཡིན། བཅུ་གཅིག་ལོན་ཀྱང་འཚོ་བར་འགྱུར།། འབྱུང་པོ་གཞན་ལ་སྨོས་ཅི་དགོས།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུ ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ལས་ཀྱི་སྦྱོར་ཀ་བཤད་པ་ལེགས།། ཀླུ་ཡི་ཐུགས་དམ་བསྐང་བ་ཡིས།། དེ་ཡི་རིམ་པ་ཇི་ལྟར ་བགྱི།། བདག་གིས་མ་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཀླུ་ཡི་ཐུགས་དམ་བསྐང་བར་འདོད་ན་འདི་ལྟར་ཤེས་པར ་བྱ་སྟེ།། དེ་ལ་དང་པོ་བཅའ་གཞིའི་རིམ་པ་ནི།། སྣ་ཚོགས་འབྲུ་ལས་བྱས་པའི་ཕྱེ།། རིན་ཆེན་ཙན་དན་འབྲུ་སྣ་ཚོགས།། ཕུལ་ལྔ་ཕུལ་བཞི་བྲེ་ཕྱེད་ཕུལ་དོ་ལ།། བང་རིམ་བཞི་ཡི་རི་རབ་བྱ།། ཕུལ་ལྔ་བཤམས་ལ་ལྷ ་བཤོས་བྱ།། དེ་ལྟར་ཆད་ལྡན་རི་རབ་སྟེང་།། པདྨ་སྲབ་མོ་འདབ་བརྒྱད་བཞག། དབུས་སུ་ཕྱག་ན་རྡོ་རྗེའི་གཟུགས།། འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད་དང་སྔགས་བདག་དགུ།། སྦྱོར་བ་མཁས་པས ་དགོད་པར་བྱ།། བང་རིམ་བཞི་ཡི་དང་པོ་ལ།། མཁས་པས་གཉེན་གྱི་གཟུགས་རྣམས་དགོད།། དེ་འོག་བང་རིམ་གཉིས་པ་ལ།། རིགས་ལྔའི་ཀླུ་ཚོགས་དགོད་པར་བྱ།། དེ་འོག་བང་རིམ་གསུམ་པ་ལ།། ས་བདག ་རིགས་ཚོགས་དགོད་པར་བྱ།། རི་རབ་དག་གི་ཁ་དོག་ནི།། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྡང་ངོ་།། རི་རབ་རྩེ་མོ་སེར་པོར་བྱ།། ཤར་དུ་རྒྱལ་རིགས། ལྷོར་བྲམ་ཟེ། ནུབ་ཏུ་རྗེ་རིགས། བྱང་དུ་དམངས་རིགས ་གདོལ་ཅན་དགོད་པར་བྱ།། གཉེན་དང་ས་བདག་གར་མཛེས་དགོད།། དེ་ནི་ཕྱོགས་ཀྱི་རིམ་པའོ།། རི་རབ་སྟེང་གི་རྩེ་མོ་ལ།། སྨྱུག་མ་མགོ་རངས་ཚིག་དགུ་ལ།། དར་དང་ཟ་འོག་རས་མས་བརྒྱན།། ཤོག་ཤོག་དག ་ལ་འཁོར་ལོ་ནི།། རྩིབས་བརྒྱད་གུར་དུ་དབུབ་པར་བྱ།། ལྟེ་བ་ཕྱག་ན་རྡོ་རྗེ་རྩ་རུ་གཟུགས།། ཕྱག་ན་རྡོ་རྗེ་རྒྱན་དུ་བྱའོ།། ཁ་དོག་མཐུན་པའི་ནམ་མཁའ་ལྔ།། རི་རབ་ཕྱོགས་བཞི་དབུས་སུ་དགོད།། ཤོག་བུ་དག་ལ ་འདབ་བརྒྱད་གུར།། རི་རབ་ཕྱོགས་བཞིར་གཟུགས་པར་བྱ།། ནམ་མཁའི་གྲུ་རྣམས་ཐམས་ཅད་དུ།། བྱ་སྤུ་སྣ་ཚོགས་རྒྱན་དུ་གཏང་།། འདབ་བརྒྱད་ཤོག་གུ་གུར་རྣམས་ལ།། ཀླུ་ཡི་གུར་དུ་ཤེས་པར་བྱ།། ཀུན་ལ ་དར་ཟབ་རས་མས་གདགས།། དར་ཚོན་སྣ་ལྔའི་གདུགས་ཀྱིས་དགབ།། རི་རབ་དག་གི་ལྷབ་ཤོས་དང་།། བང་རིམ་དང་པོ་བར་དག་ཏུ།། ཤག་པའི་ཤིང་ལ་ནད་པའི་གཟུགས།། བྱས་ལ་ཤར་དང་ནུབ་ཏུ ་གཟུགས།། མིང་དང་གཟུགས་ཀྱང་བྲི་བར་བྱ།། དེ་ཉིད་གླུད་ཀྱི་དངོས་པོ་བསམ།། རི་བདུན་མཚོ་བདུན་གླིང་བཞི་མུ་ཁྱུད་བཅས།། གླིང་ཆེན་གླུད་མཆོག་རི་རབ་སྟེང་།། གཙང་མའི་ཤིང་ལེབ་སྟེང་དུ་བཅའ།། ཀླུ ་གཟུགས་རིམ་པ་མང་པོ་ཀུན།། བག་ཟན་དག་ལ་བྱ་བར་བཤད།། རྒྱས་པའི་གཏོར་མ་བཅུ་ཡང་བཞག། གཏོར་མ་རྣམས་ཀྱི་ཁ་དོག་ནི།། ཕྱག་ན་རྡོ་རྗེ་སྔགས་བདག་ཀླུ་ཆེན་རྒྱལ་རིགས་དཀར།། གཉེན་གྱི་གཏོར་མ ་ཁྲ་བོར་བྱ།། བྲམ་ཟེ་སེར་པོ་རྗེ་རིགས་དམར། དམངས་རིགས་གདོལ་ཆེན་ནག་པོ་སྔོ།། ས་བདག་ས་སྲིན་དང་པོ་མཚུངས།། སློབ་དཔོན་དག་ལ་གཙང་གོས་དང་།། གཙང་མའི་ཐོད་ཀྱང་བཅིང་བར་བྱ།། ཡས་གཞི ་ཁལ་གཅིག་བྲེ་བཞི་བཞག། ཡོན་བདག་འཁོར་བཅས་ཁྲུས་བྱས་ལ།། མདུན་དུ་དད་པ་རབ་སྐྱེད་ལ།། དེ་ནི་བཅཝ་གཞིའི་རིམ་པའོ།། དེ་ནས་དང་པོ་སྟོང་ཉིད་བསྒོམ།། དེ་ནས་ཧཱུཾ་ལས་ཡི་གེ་ཡཾ།། རླུང་གི་དཀྱིལ་འཁོར ་བསྒོམ་པར་བྱ།། དེ་ནས་ཧཱུཾ་ལས་ཡི་གེ་བཾ།། ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ།། དེ་ནས་ཧཱུཾ་ལས་ཡི་གེ་ལཾ།། གསེར་གྱི་ས་གཞི་བསྒོམ་པར་བྱ།། དེ་ནས་ཧཱུཾ་ལས་ཡི་གེ་སུ།། རི་ཡི་རྒྱལ་པོ་རི་རབ་བསྒོམ།། དེ་ནས་ཧཱུཾ ་ལས་ཕྱག་ན་རྡོ་རྗེ་སྐར།། སྔ་མ་ཇི་བཞིན་བསྐྲད་པར་བྱ།། དེ་ནས་ཐུགས་ཁའི་ཧཱ་ལས་ནི།། ཡི་གེ་དུཿསེར་མང་པོ་སྒོ།། དེ་ནས་མ་ཧཱ་ན་ག་དང་། ནཱ་ག་ཞེས་བྱ་བའི་སྒྲ་བརྗོད་པས།། ཀླུ་གཟུགས་མང ་སྣ་ཚོགས་ཀུན།། རང་རང་གཟུགས་སུ་གྱུར་པར་བསྒོམ།། དེ་ནས་ཕྱག་ན་རྡོ་རྗེ་རང་ནི།། ཀླུ་རྣམས་ཀུན་གྱི་ཡེ་ཤེས་ཀྱི།། སེམས་དཔའ་སྤྱན་དྲངས་བསྟིམ་པར་བྱ།། དེ་ནས་ཀླུ་རྣམས་མང་པོ་ཀུན།། ལས་ནི་ཅི་བྱ་ཟེར ་བ་ལས།། གླུད་ཀྱི་དངོས་པོ་འདི་བཞེས་བྱ།། དེ་ནས་བསྙེན་སྔགས་གྲུབ་ཚད་བཟླས།། དེ་ནས་མདོས་ཀྱི་མཆོད་པ་བརྩམ།། དེ་ནས་མཚམས་བཅད་པ་དང་།། བཤགས་པ་དག་ཀྱང་བྱ།། མཆོད་པ་རིམ་པ་བཞིན་དུ ་དབུལ་བར་བྱ།། དེ་ནས་ཕྱག་ན་རྡོ་རྗེས་དབུ་གཟུང་ནས།། ས་བདག་ས་སྲིན་ཡན་ཆོད་ལ།། གནས་ནས་སྤྱན་དྲངས་གཤེགས་སུ་གསོལ།། ཧཱུཾ། འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་ནས།། བཅོམ་ལྡན་ཕྱག་ན་རྡོ་རྗེ ་ནི།། སྐུ་མདོག་འཇིགས་པ་མི་བཟད་པ།། དབུ་སྐྲ་སེར་པོ་གྱེན་དུ་འབར།། ཞལ་བགྲད་མཆེ་གཅིག་འཇིགས་པ་ཆེ།། མཐིང་ནག་འབར་བའི་སྐུ་མཆོག་ཅན།། སྤྱན་གསུམ་བཟློག་པས་འཇིགས་པ་ཆེ། ཁྲོ་གཉེར ་འབར་བས་དྲག་ཤུལ་ཆེ།། ལུས་ལ་ཀླུ་ལྔའི་རྒྱན་གྱིས་བརྒྱན།། མགོ་ལ་རྒྱལ་རིགས་སྦྲུལ་དཀར་ཁྲ།། སྐྱེ་ལ་བྲམ་ཟེ་སྦྲུལ་སེར་ཁྲ།། དཔུང་པ་རྗེ་རིགས་སྦྲུལ་དམར་ཁྲ།། རྐེད་པ་དམངས་རིགས་སྦྲུལ་སྔོ་ཁྲ།། རྐང་པ ་གདོལ་ཅན་སྦྲུལ་ནག་ཁྲ།། ཞབས་གཉིས་བགྲད་པས་ཀླུ་རྣམས་གནོན།། འཁོར་དུ་ཁྲོ་རྒྱལ་འབུམ་གྱིས་བསྐོར།། ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར།། ཕྱག་གཡོན་དྲིལ་བུ་དཀུ་ལ་བརྟེན།། ཀླུ་རྒྱལ་འདུལ་བའི་མཐུ་བོ ་ཆེ།། འདིར་སྐྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་ནས་སྔགས་བདག་སྤྱན་དྲངས་ཏེ།། ཧཱུཾ། ཀླུ་མཚོ་འཁྱིལ་བའི་ནང་ཤེད་ནས།། སྔོ་ནག་འཁྱིལ་བའི་ནང་ཤེད་ན།། གཞལ་ཡས་རིན་ཆེན་སྣ་བཞིས་བྱས།། ཤར ་ཕྱོགས་དངུལ་དང་ལྷོ་ཕྱོགས་གསེར།། ནུབ་ཕྱོགས་ཟངས་ཏེ་བྱང་ཕྱོགས་ལྕགས།། དེ་ལྟ་བུ་ཡི་ནང་ཤེད་ན་སྔགས་ཀྱི་བདག་པོ་གཤེགས་སུ་གསོལ།། སྔོན་གྱི་བསྐལ་བ་དང་པོ་ལ།། བཅོམ་ལྡན་ཤཱཀྱ་ཐུབ་པ ་དང་།། སྡུད་པ་པོ་ཕྱག་ན་རྡོ་རྗེའི་སྤྱན་སྔ་དུ།། ཇི་ལྟར་ཁས་བླངས་དམ་བཅས་པ།། སྔགས་ཀྱི་བདག་པོར་དབང་ཡང་བསྐུར།། འགྲོ་དྲུག་འདུལ་བར་དབང་ཡང་བསྐུར།། འཇིག་རྟེན་མཐུ་ཆེན་དབང་ཡང་བསྐུར།། ལྔ ་བརྒྱ་དུས་ཀྱི་ཐ་མ་ལ།། རྣལ་འབྱོར་ཀུན་གྱི་སྲུངས་མར་བསྒོམ། ཁོལ་པོ་བྱ་བར་དམ་ཚིག་ཕོག། ལས་མཁན་བྱ་བར་དམ་ཚིག་ཕོག། འབངས་ཀྱི་ཚུལ་དུ་དམ་ཚིག་ཕོག། འདིར་སྤྱོན་འདིར་བཞུགས་འཕྲིན་ལས ་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་ཀླུ་ཆེན་བརྒྱད་པོ་སྤྱན་འདྲེན་ན།། ཧཱུཾ། འདབ་བརྒྱད་གསེར་གྱི་ཁྲི་སྟེངས་ན།། སྔགས་བདག་སྐུ་ལས་སྤྲུལ་པའི་ཀླུ་ཆེན ་བརྒྱད།། ཀླུ་བདག་ཆེན་པོ་གཟུགས་ཆེན་པོ། ཁྱེ་ཆུང་འབུམ་གྱི་སྤྲུལ་པ་འགྱེད།། དུག་ལྔའི་འོད་ཟེར་སྣ་ཚོགས་ཀྱིས།། ནད་རྣམས་སྣ་ཚོགས་བཟློག་པར་འགྱེད།། འདི་སྤྱོན་འདིར་བཞུགས་འཕྲིན་ལས ་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་གཉེན་སྤྱན་དྲང་སྟེ།། ཧཱུཾ། རྒྱ་མཚོ་ཡངས་པའི་དཀྱིལ་ཤེད་ན།། གདུག་པའི་གཉེན་ཆེན་མཛོ་རྟོལ་བརྒྱད།། སྤྲུལ་པ ་མཛོ་རྟོལ་སྣ་ཚོགས་འགྱེད།། གཡས་ཀྱི་རྭ་ལ་ཐོག་སེར་འབེབས།། གཡོན་གྱི་རྭ་ལ་གློག་དམར་ཁྱུག། རྨིག་གཞི་རྣམས་ལ་ན་བུན་འཐིབ། ཁ་རླངས་ཁྲོས་པས་སྦྲུལ་དུ་བྱུང་།། འཇིགས་བྱེད་ཆེན་པོ་གཉེན་ཆེན ་གཟུགས།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་རྒྱལ་རིགས་སྤྱན་དྲང་སྟེ།། ཧཱུཾ། ཤར་དུ་བལྟས་པའི་ཆུ་མིག ་ནས།། རྒྱལ་རིགས་ཀླུ་ཚོགས་གཤེགས་སུ་གསོལ།། ཞེ་སྡང་ཕོ་མོའི་བུ་དེ་ནི།། བྱོལ་སོང་ཧ་ལ་ལྟོ་འཕྱེའི་རིགས།། སྦྲུལ་དཀར་སྦལ་པ་དཀར་པོ་དང་།། ཉ་དང་ལྕོང་གེ་ཆུ་རྟ་དང་།། ཆུ་གླང་ཆུ་ལུག་དཀར་པོའི ་གཟུགས།། འོད་ཟེར་འཕྲོས་པས་ཡིད་ཀྱི་དུག། འདིར་སྐྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་བྲམ་ཟེ་སྤྱན་དྲང་སྟེ།། ཧཱུཾ། ་བྲམ་ཟེའི་རིགས་མཆོག་སྤྱན་དྲང་ན།། ལྷོར་བལྟས་མཛེས་པའི་ཆུ་མིག་ནས།། ཀླུ་བདག་ཆུ་ལ་གནས་པའི་བུ།། བྱོལ་སོང་གདུག་པ་སྦྲུལ་གྱིས་རིགས།། སྦྲུལ་སེར་སྦལ་པ་ལྕོང་མོ་དང་།། ཉ་དང་ཆུ་རྟ་ཆུ་གླང ་དང་།། ཆུ་ལུག་སེར་པོའི་གཟུགས།། ལུས་ལ་སྦྱོར་བའི་དུག་ཆེན་འཕྲོ།། ནད་རྣམས་མ་ལུས་སེལ་བར་བྱེད།། བྲམ་ཟེ་ཆེན་པོ་འཆི་བདག་སྟེ།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག ་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་རྗེ་རིགས་སྤྱན་དྲང་སྟེ།། ཧཱུཾ། ནུབ་བལྟས་ས་གཞི་རྡོ་ཡང་དམར།། རྗེ་རིགས་འཆི་བདག་གནས་ཡིན་ཏེ།། ཆུ་ལ་གནས་པའི་ཀླུ་ཆེན་པོ།། ལུས་ལ ་ཁ་རླངས་དུག་ཆེན་འཕྲོ།། ནད་རྣམས་མ་ལུས་སེལ་བར་བྱེད།། རྗེ་རིགས་ཆེན་པོ་འཆི་བདག་སྟེ།། འདིར་སྤྱོན་འདིར་བཞུགས་ཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི་ལས ་མཛོད་ཅིག། དེ་ནས་དམངས་རིགས་སྤྱན་དྲང་སྟེ།། ཧཱུཾ། དམངས་རིགས་ཆེན་པོ་འཆི་བདག་སྟེ།། བྱང་བལྟས་ཆུ་མིག་ནག་པོ་ནས།། དམངས་རིགས་ཆེན་པོ་གཤེགས་སུ་གསོལ།། སྐུ་ནི་སྦྲུལ་སྔོན་སྦལ་པ་སྔོན་པོ ་དང་།། ལྕོང་མོ་ཉ་དང་རྟ་དང་གླང་ལུག་སྔོན་པོ།། སྐུ་ལ་རེག་པའི་དུག་ཆེན་འཕྲོ།། དམངས་རིགས་ཆེན་པོ་འཆི་བདག་སྟེ།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི ་མདོས།། གླུད་མཆོག་མདོས་ཀྱི་ལས་མཛོད་ཅིག། དེ་ནས་གདོལ་ཅན་སྤྱན་དྲང་སྟེ།། ཧཱུཾ། གདོལ་ཆེན་འཆི་བདག་གནས་ཆེན་པོ།། བྱང་བལྟས་ཆུ་མིག་ནག་པོ་ན།། སྐུ་ནི་སྦྲུལ་ནག་སྦལ་པ་ཉ་དང ་། ལྕོང་།། རྟ་དང་གླང་དང་ལུག་དང་ནི།། སྐུ་ལ་བ་སོའི་དུག་ཆེན་འཕྲོ།། གདོལ་ཅན་ཆེན་པོ་འཆི་བདག་སྟེ།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས ་ཀྱི་ལས་མཛོད་ཅིག། དེ་ནས་ས་བདག་སྤྱན་དྲང་སྟེ།། རི་དང་སྒྲུང་ཚིགས་ཤིང་གཅིག་བྲག་རྩ་ནས།། ས་བདག་ས་སྲིན་གཤེགས་སུ་གསོལ།། གྱོང་པོ་ཁྲའོ་འཛིན་གྱོང་པོ།། སྒུར་པོ་ཞའོ་རིགས་ངན་པོ།། སྦྲུལ་སྐུ་སྣ ་ཚོགས་འགྱེད་མཛད་པ།། ཞ་གྲུམ་སྣ་ཚོགས་ནད་རྣམས་གཏོང་།། ས་བདག་ཆེན་པོ་འཆི་བདག་སྟེ།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། དེ་རིང་གླུད་མཆོག་རིགས་ཀྱི་མདོས།། གླུད་མཆོག་མདོས་ཀྱི ་ལས་མཛོད་ཅིག། དེ་ནས་མཆོད་པ་དབུལ་ཏེ།། ཕྱག་ན་རྡོ་རྗེ་དག་ལ་ནི།། སྔགས་རིངས་ཀླག་ཅིང་རྣམ་ལྔ་དབུལ།། དེ་ནས་སྔགས་བདག་དབུ་གཟུང་ནས།། ས་བདག་ས་སྲིན་ཡན་ཆོད་ལ།། བདུད་རྩིའི་མཆོད་པ ་འབུལ།། མདོས་ཆོག་བྱ། ཧཱུཾ། སྔགས་ཀྱི་བདག་པོ་སྤྱན་འདྲེན་ནོ།། དཀར་གསུམ་དག་གི་བདུད་རྩི་འབུལ།། མངར་གསུམ་དག་གི་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས ་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། མངར་གསུམ་དག་གི་བདུད་རྩི་རྣམས།། ཀླུ་སྒྲུབ་ཀྱི་ལེའུ་ནས་འབྱུང་བ་བཞིན་བྱའོ།། དེ་ནས་སྔགས་རིངས་ཀླག་ཅིང་བདུད་རྩི་རྣམས་དུང་ཕོར་དུ་བླུག་ལ། སྔགས ་བདག་ལ་བདུད་རྩི་ཆུ་བོའི་རྒྱུན་བཞིན་དུ་དབུལ། མདོས་བདག་ཡིན་གྱིས་མདོས་འདི་བཞེས།། གླུད་བདག་ཡིན་གྱིས་གླུད་འདི་ལོང་།། ཡོན་བདག་ཡིན་གྱིས་ཡོན་འདི་ལོང་།། དེ་རིང་གླུད་ཆེན་མདོས་འདི ་བཞེས།། མི་འདི་དེ་རིང་གཏང་དུ་གསོལ།། རིན་ཆེན་སྣ་བཞིའི་གཏེར་འབུལ་གྱིས།། གཏེར་གྱི་དབྱིག་ཏུ་འདི་བཞེས་ཤིག། གཞའ་ཚོན་སྐུད་པའི་ནམ་མཁའ་འབུལ།། རྒྱན་གྱི་གཏེར་ཏུ་འདི་བཞེས་ཤིག། མཛེས་པའི ་པདྨ་གུར་ཆེན་འབུལ།། གདུགས་ཀྱི་གཏེར་དུ་འདི་བཞེས་ཤིག། དར་ཚོན་སྣ་ལྔའི་རྒྱན་ཆེན་བགྲེམས།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། གླུད་ཆེན་གཟུགས་བརྙན་མིང་རུས་འབུལ།། འབངས་ཀྱི་གཏེར་དུ་འདི ་བཞེས་ཤིག། ཀླུ་སྨན་སྣ་ཚོགས་བདུད་རྩི་འབུལ།། གསོལ་ཟས་གཏེར་དུ་འདི་བཞེས་ཤིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་གླུད་འདི་ཁྱོད་ཀྱིས་ལོང་།། དེ་རིང་མི་བས་གླུད་ཆེ་འབུལ།། གླུད་བདག་ཆེན་པོ ་གླུད་བཞེས་ཤིག། གདུག་རྩུབ་དུག་རྣམས་ཁྱོད་ཀྱིས་ཐོན།། གྲུལ་བུམ་གདུག་རྩུབ་ཁྱོད་ཀྱིས་ཐོན།། ཤ་ཟའི་གདུག་རྩུབ་ཁྱོད་ཀྱིས་ཐོན།། གདུག་རྩུབ་དུག་རྣམས་མ་ལུས་ཟོན།། ཀླུ་བསྒྲུབ་ཀྱི་ལེའུ་ལས་ཤེས་པར ་བྱའོ།། མདོས་བདག་ཆེན་པོ་མདོས་ལོང་ཞིག། སྔགས་བདག་རྒྱལ་པོ་གླུད་བཞེས་ཤིག། དེ་རིང་གླུད་འདི་བཞེས་སུ་གསོལ།། ཡོན་བདག་འཁོར་བཅས་གླུད་དུ་འབུལ།། དེ་རིང་མདོས་འདི་མི་བཞེས ་སུ།། ཡོན་བདག་འཁོར་བཅས་མདོས་སུ་འབུལ།། གདུག་པ་དུག་ལྔ་སྐྱེད་པ་སྟེ།། དུག་ལྔས་ནད་ལྔ་རྒྱས་པར་བྱེད།། ནད་རྣམས་ཐམས་ཅད་འཇོམས་བདག་པ།། སྔགས་བདག་ཁྱོད་ལ་ཕྱག་འཚལ་ལོ།། ཡོན་བདག ་འཁོར་བཅས་ཀྱིས་མེ་ཏོག་གཏོར་ཕྱག་བྱ། གླུད་འབུལ་མདོས་བདག་མདོས་པ་ཞེས་བྱའོ།། སྔགས་བདག་རག། ཧཱུཾ། ཀླུ་ཆེན་བརྒྱད་པོ་སྤྱན་འདྲེན་ན།། མཆོད་པ་འབུལ་བ་དང་བདུད་རྩི་འབུལ་བ་ཀླུ་སྒྲུབ་ལས་ཤེས།། ་ཀླུ་ཆེན་བརྒྱད་པོ་ཚུར་ཉོན་ཅིག། མདོས་བདག་ཆེན་པོ་མདོས་བཞེས་ཅིག། ཀླུ་ཆེན་བརྒྱད་པོ་གླུད་བཞེས་ཅིག། ཡོན་བདག་གི་ནི་ཡོན་འདི་ལོང་།། དེ་རིང་གླུད་ཆེན་མདོས་འདི་བཞེས།། མི་འདི་དེ་རིང་གཏང་དུ ་གསོལ།། རིན་ཆེན་སྣ་བཞིའི་གཏེར་འབུལ་གྱིས།། གཏེར་གྱི་དབྱིག་ཏུ་འདི་བཞེས་ཤིག། གཞའ་ཚོན་སྣ་ལྔའི་ནམ་མཁའ་འབུལ།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། མཛེས་པའི་པདྨའི་གུར་ཆེན་འབུལ།། གདུགས ་ཀྱི་གཏེར་དུ་འདི་བཞེས་ཤིག། དར་ཚོན་སྣ་ལྔའི་རྒྱན་ཆེན་བགྲེམས།། རྒྱན་གྱི་གཏེར་ཏུ་འདི་བཞེས་ཤིག། གླུང་ཆེན་གཟུགས་བརྙན་མིང་རུས་འབུལ།། འབངས་ཀྱི་གཏེར་དུ་འདི་བཞེས་ཤིག། ཀླུ་སྨན་སྣ་ཚོགས ་བདུད་རྩི་འབུ་ལ།། གསོལ་ཟས་གཏེར་དུ་དི་བཞེས་ཤིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་གླུད་འདི་ཁྱོད་ཀྱིས་ལོང་།། དེ་རིང་མི་བས་གླུད་ཆེན་འབུལ།། གླུད་བདག་ཆེན་པོ་གླུད་བཞེས་ཤིག། གདུག་རྩུབ ་དུག་རྣམས་ཁྱེད་ཀྱིས་ཐོན།། རྒྱལ་རིགས་གདུག་རྩུབ་ཁྱོད་ཀྱིས་ཐོན།། དེས་འདྲེ། ཀླུ་སྒྲུབ་དང་མཐུན། མདོས་བདག་ཆེན་པོ་མདོས་བཞེས་ཤིག། ཀླུ་ཆེན་བརྒྱད་པོ་གླུད་བཞེས་ཤིག། དེ་རིང་གླུད་འདི་བཞེས་སུ ་གསོལ།། ཡོན་བདག་འཁོར་བཅས་གླུད་འབུལ་ལོ།། གདུག་པ་དུག་ལྔ་སྐྱེད་པ་སྟེ།། དུག་ལྔས་ནད་ལྔ་རྒྱས་པར་བྱེད།། ནད་རྣམས་ཐམས་ཅད་འཇོམས་མཛད་པ།། ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་ལོ།། ཧཱུཾ། གཉེན ་གྱི་ཀླུ་ཚོགས་སྤྱན་འདྲེན་ན།། མདོས་བདག་ཡིན་གྱིས་མདོས་འདི་བཞེས།། གླུད་བདག་ཡིན་གྱིས་གླུད་འདི་ལོང་།། ཡོན་བདག་ཡིན་གྱིས་ཡོན་འདི་བཞེས།། དེ་རིང་གླུད་འདི་བཞེས།། དེ་རིང་མི་འདི་གཏང་དུ ་གསོལ།། རིན་ཆེན་སྣ་བཞིའི་གཏེར་འབུལ་གྱིས།། གཏེར་གྱི་དབྱིག་ཏུ་འདི་བཞེས་ཤིག། འཇའ་ཚོན་སྣ་ལྔའི་ནམ་མཁའ་འབུལ།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། མཛེས་པའི་པདྨའི་གུར་ཆེན་འབུལ།། གདུགས ་ཀྱི་གཏེར་དུ་བཞེས་སུ་གསོལ།། དར་ཚོན་སྣ་ལྔའི་རྒྱན་ཆེན་འགྲེམས།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། གླུད་ཆེན་གཟུགས་བརྙན་མིང་རུས་འབུལ།། འབངས་ཀྱི་གཏེར་དུ་བཞེས་སུ་གསོལ།། ཀླུ་སྨན་སྣ་ཚོགས་མཆོད་པ ་འབུལ།། གསོལ་ཟས་གཏེར་དུ་འདི་བཞེས་ཤིག། དེ་རིང་མི་འདི་ཁྱོད་ཀྱིས་ཟོང་།། དེ་རིང་གླུད་འདི་ཁྱོད་ཀྱིས་ལོང་།། དེ་རིང་མི་བས་གླུད་ཆེན་འབུལ།། གླུད་བདག་ཆེན་པོ་གླུད་བཞེས་ཤིག། གདུག ་རྩུབ་དུག་རྣམས་ཁྱོད་ཀྱིས་ཐོན།། གོང་གི་འདྲེ། རྒྱལ་རིགས་ནས་ས་བདག་ས་སྲིན་ཡན་ཆོད།། མདོས་བདག་ཆེན་པོ་མདོས་བཞེས་ཤིང་།། དེ་རིང་གླུད་འདི་བཞེས་སུ་གསོལ།། ཡོན་བདག་འཁོར་བཅས་གླུད་དུ ་འབུལ།། གདུག་པས་དུག་ལྔ་སྐྱེད་པ་སྟེ།། དུག་ལྔས་ནད་ལྔ་རྒྱས་པར་བྱེད།། ནད་ལྔ་ཐམས་ཅད་འཇོམས་མཛད་པ།། གཉེན་ཆེན་བརྒྱད་ལ་ཕྱག་འཚལ་ལོ།། ཧཱུཾ། རིགས་ལྔའི་ཀླུ་ཚོགས་སྤྱན་འདྲེན།། དཀར་གསུམ ་འདྲེ། མདོས་བདག་ཡིན་གྱིས་མདོས་འདི་བཞེས།། གླུད་བདག་ཡིན་གྱིས་གླུད་འདི་བཞེས།། ཡོན་བདག་ཡིན་གྱིས་ཡོན་འདི་ལོང་།། དེ་རིང་གླུད་ཆེན་མདོས་འདི་བཞེས།། དེ་རིང་མི་འདི་གཏང་དུ་གསོལ།། རིན ་ཆེན་སྣ་བཞིའི་གཏེར་འབུལ་གྱིས།། གཏེར་གྱི་དབྱིག་ཏུ་འདི་བཞེས་ཤིག། གཞའ་ཚོན་སྣ་ལྔའི་ནམ་མཁའ་འབུལ།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། མཛེས་པའི་པདྨའི་གུར་ཆེན་འབུལ།། གདུགས་ཀྱི་གཏེར་དུ ་འདི་བཞེས་ཤིག། དར་ཚོན་སྣ་ལྔའི་རྒྱན་ཆེན་འགྲེམས།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། གླུད་ཆེན་གཟུགས་བརྙན་མིང་རུས་འབུལ།། འབངས་ཀྱི་གཏེར་དུ་བཞེས་སུ་གསོལ།། ཀླུ་སྨན་སྣ་ཚོགས་བདུད་རྩི ་འབུལ།། གསོལ་ཟས་གཏེར་དུ་འདི་བཞེས་ཤིག། དེ་རིང་མི་འདི་ཁྱོད་ཀྱི་ཐོང་།། དེ་རིང་གླུད་འདི་ཁྱོད་ཀྱི་ལོང་།། དེ་རིང་མི་བས་གླུད་ཆེན་འབུལ།། གླུད་བདག་ཆེན་པོ་གླུད་བཞེས་ཤིག། གདུག་རྩུབ་དུག་རྣམས ་ཁྱོད་ཀྱི་ཐོན།། དུག་རྣམས་གོང་གིས་འདྲེ།། མདོས་བདག་ཆེན་པོ་མདོས་བཞེས་ཤིག། དེ་རིང་གླུང་འདི་བཞེས་སུ་གསོལ།། ཡོན་བདག་འཁོར་བཅས་གླུད་དུ་བཞེས།། གདུག་པ་དུག་ལྔ་སྐྱེད་པ་སྟེ།། དུག་ལྔས ་ནད་ལྔ་རྒྱས་པར་བྱེད།། ནད་རྣམས་ཐམས་ཅད་འདོན་མཛད་པ།། རིགས་ལྔའི་སྐུ་ལ་ཕྱག་འཚལ་ལོ།། ཧཱུཾ། ས་བདག་ས་སྲིན་སྤྱན་འདྲེན་ནོ།། དཀར་གསུམ་འདྲེ། མདོས་བདག་འདྲེ། ས་བདག་རྒྱལ་པོ་གླུད་འདྲེ།། ་། ཡོན་བདག་ཡིན་གྱིས་ཡོན་འདི་ལོང་།། དེ་རིང་གླུད་ཆེན་མདོས་འདྲེ། མི་འདི་དེ་རིང་གཏང་དུ་གསོལ།། རིན་ཆེན་སྣ་བཞིའི་གཏེར་འབུལ་གྱིས།། གཏེར་གྱི་དབྱིག་ཏུ་འདི་བཞེས་ཤིག་གཞའ་ཚོན་སྣ་ལྔའི་ནམ་མཁའ ་འབུལ།། རྒྱན་གྱི་གཏེར་དུ་འདི་བཞེས་ཤིག། མཛེས་པའི་པདྨའི་གུར་ཆེན་འབུལ།། གདུགས་ཀྱི་གཏེར་དུ་འདི་བཞེས་ཤིག། དར་ཚོན་སྣ་ལྔའི་རྒྱན་ཆེན་འགྲེམས།། རྒྱན་གྱི་གཏེར་དུ། གླུང་ཆེན་གཟུགས་བརྙན་མིང ་རུས་འབུལ།། འབངས་ཀྱི་གཏེར་དུ་བཞེས་སུ་གསོལ།། ཀླུ་སྨན་སྣ་ཚོགས་བདུད་རྩི་འབུལ།། གསོལ་ཟས་གཏེར་དུ་འདི་བཞེས་ཤིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་གླུད་འདི་ཁྱོད་ཀྱི་ལོང་།། དེ་རིང་མི ་བས་གླུད་ཆེན་འབུལ།། གླུད་བདག་ཆེན་པོ་གླུད་བཞེས་ཤིག། གདུག་རྩུབ་དུག་རྣམས་ཁྱོད་ཀྱིས་ཐོན།། དུག་འདྲེ། མདོས་བདག་ཆེན་པོ་མདོས་བཞེས་ཤིག། ས་བདག་རྒྱལ་པོ་གླུད་བཞེས་ཤིག། དེ ་། རིང་གླུད་འདི་བཞེས་སུ་ན།། རྒྱལ་པོ་ཆེན་པོའི་གཟུགས་སྦྱར་ནས།། འཛམ་བུ་གླིང་བཞིའི་ཟས་ནོར་ལ།། རྒྱལ་པོ་ཆེན་པོ་ལོངས་སྤྱོད་མཛད།། སྐྱེ་འགྲོ་རྩིས་ཀྱི་བྱང་བུ་འགྲང་།། ལེགས་ཉེས་ཤོ་ལ་རྒྱན་བཀྱེ ་ནས།། བཀའ་ལས་འགལ་བའི་སྐྱོན་ཅན་རྣམས།། ལྷས་ངན་སྣ་ཚོགས་འབེབས་པར་མཛད།། སྐུ་ནི་དུང་མདོག་དཀར་པོ་ལ།། གསེར་གྱི་གཞའ་རིས་འོད་དང་བཅས།། སྐུ་ལ་གསེར་གྱི་རྒྱན་གྱིས་བརྒྱན།། སྐུ་ནི་སྟོང ་གསུམ་ཁྱབ་པར་སྤྲུལ།། སྤྲུལ་པའི་རྒྱལ་པོ་འདིར་གཤེགས་ལ།། མཐུན་པའི་དམ་རྫས་འདི་འབུལ་གྱིས།། སྨྱུག་མ་དཀར་པོ་ཚིགས་དགུ་དང་།། དར་ཟབ་རྒྱན་དང་འཕངས་མེད་ནོར།། སེར་དཀར་ལ་སོགས་མཐུན ་པའི་རྫས།། རྒྱུ་སྦྱོར་ཡོན་བདག་དོན་ཆེད་དུ།། དགའ་མགུ་རངས་པས་ཁྱོད་ལ་འབུལ།། ཀླུ་རྒྱལ་ཆེན་པོས་དོན་མཛད་ནས།། དེ་རིང་བདག་གིས་མཆོད་འབུལ་གྱིས།། ཡོན་བདག་འདི་ལ་གནོད་མ་བྱེད།། དེ་རིང ་རྗེས་ཀྱི་ལས་མཛོད་ཅིག། ཆོས་སྐྱོང་ཀ་ལ་ཙཀྲ་ནི།། སྐུ་ལ་ལྗང་ནག་བེར་ཆེན་གསོལ།། ཕྱག་ན་མངའ་བཟངས་བྱ་རྒོད་བསྣམས།། རལ་པ་ནག་པོ་མུན་རུམ་འབར།། སྨ་ར་ནག་པོ་ཨག་ཚོམས་མེ་ལྟར ་འབར།། བགྲང་འཕྲེང་ནག་པོ་སེ་རལ་ག། བདུད་རྟ་ནག་པོ་ཆིབས་སུ་ཆིབས།། སྲོག་བདུད་འཛམ་གླིང་མི་ལ་གཅོད།། འདིར་སྤྱོན་འདིར་བཞུགས་རྫས་འདི་ལོང་།། མི་སྙིང་རློན་དང་དར་ནག་གུར།། མཐུན་པའི ་དམ་རྫས་འདི་བཞེས་ལ།། མི་དང་དམ་རྫས་བརྗེས་མཛོད་ལ།། རྣལ་འ་འབྱོར་བདག་གི་བཀའ་མ་བཅག། ཀླུ་རྒྱལ་ཆེན་པོའི་ངོ་མ་བཅག། ཧཱུཾ། བདུད་ཆེན་འབུམ་གྱི་གཙོ་མཛད་པ།། འཇིགས་བྱེད་ཡམ་རྗེ་ནག་པོ ་ནི།། སྐུ་མདོག་དུག་སྡོང་ནག་པོ་འདྲ།། གཡས་ཀྱི་ཕྱག་ན་བདུད་ཀྱི་ཁྲམ་ཤིམ་ཐོགས།། གཡོན་པའི་ཕྱག་ན་རྩིས་ཀྱི་བྱང་བུ་ཐོགས།། སྤྲུལ་པ་ཁྲམ་ཐོགས་སྟོང་དང་ལྡན།། འདིར་སྤྱོན་འདིར་བཞུགས་རྫས་འདི ་ལོང་།། བྱ་སྙིང་ལ་སོགས་དམ་རྫས་འདི།། མི་དང་དམ་རྫས་བརྗེས་མཛོད་ལ།། རྣལ་འབྱོར་བདག་གི་བཀའ་མ་བཅག། ཀླུ་རྒྱལ་ཆེན་པོའི་ངོ་མ་བཅག། བདུད་བྲན་ཀུན་གྱི་ངོར་མ་གཏང་།། དེ་རིང་རྗེས་ཀྱི་ལས ་མཛོད་ཅིག། ཧཱུཾ། ཡམ་ཤུད་ཆེན་པོ་འཆི་བདག་སྟེ།། བཙན་རིགས་ཀུན་གྱི་གཙོ་མཛད་པ།། ཆིབས་སུ་རྟ་དམར་ཆིབས་ཆིབས་ནས།། སྐུ་ལ་ཟ་འོག་བེར་ཆེན་གསོལ།། ཀླུ་འདུད་སྦྲུལ་གྱི་ཆུན་པོས་བརྒྱན།། བན་དྷ ་དམར་པོ་གནམ་ལ་འཕྱར།། སྤྲུལ་པ་རོལ་པོ་སྐུ་བདུན་འགྱེད།། འདིར་སྤྱོན་འདིར་བཞུགས་རྫས་འདི་ལོང་།། བཤོས་བུ་མདའ་ནི་ལྟོང་དམར་སྩོགས།། མཐུན་པའི་དམ་རྫས་འདི་བཞེས་ལ།། མི་དང་དམ་རྫས ་བརྫེས་མཛོད་ལ།། རྣལ་འབྱོར་བདག་གི་བཀའ་མ་བཅག། ཀླུ་རྒྱལ་ཆེན་པོའི་ངོ་མ་བཅག། བཙན་ཕྲན་ཀུན་གྱི་གཙོར་མཛད་པ།། འཇིག་བྱེད་ཡམ་ཤུད་དམར་པོ་ནི།། བཙན་ཕྲན་ཀུན་གྱི་དོར་མ ་གཏང་།། དེ་རིང་རྗེས་ཀྱི་ལས་མཛོད་ཅིག། ཧཱུཾ། དགེ་བསྙེན་ཆེན་པོ་ཚུར་ཉོན་ཅིག། དམ་པ་ཆོས་ཀྱི་སྲུངས་མ་མཛད།། དམ་ཚིག་ཉམས་པའི་སྲོག་རྩ་གཅོད།། སྐྱེས་པ་དར་མའི་དགྲ་བླ་མཛད།། ཀླུ་ཡི་སྤྲུལ་པ་འབུམ ་སྡེ་འགྱེད།། འདིར་སྤྱོན་འདིར་བཞུགས་རྫས་འདི་ལོང་།། ར་སྙིང་ར་ཁྲག་ར་གསོབ་དང་།། ར་ཚིལ་གསུར་ཆེན་གཏང་བ་ཡིས།། དགེ་བསྙེན་ཆེན་པོ་མཉེས་གྱུར་ནས།། མི་དང་དམ་རྫས་བརྗེས་མཛོད་ལ།། རྣལ ་འབྱོར་བདག་གི་བཀའ་མ་བཅག། ཀླུ་རྒྱལ་ཆེན་པོའི་ངོ་མ་བཅག། དེ་རིང་རྗེས་ཀྱི་ལས་མཛོད་ཅིག། ཧཱུཾ། ཕོ་རྒྱུད་གདོན་ཚོགས་མ་ལུས་ཀུན།། ཐེ་རང་དགུ་སྟོང་འགོང་པོ་འགྱེད།། ས་བདག་ཀླུ་གཉེན་མ་མོའི ་ཚོགས།། ཀུན་གྱི་དཀྲུགས་མ་ཁྱེད་ཀྱིས་བྱས།། རྒྱབ་རྟེན་ཀུན་གྱི་བཀའ་མཉན་ནས།། ཕུང་འདྲི་དཀྲུགས་མ་ལོ་ལ་ཤོམ།། མཐུན་པའི་དམ་རྫས་ར་ལུག་དང་།། གླུད་དང་ཡས་སོགས་སྣ་ཚོགས་འདི།། བདེ་བར་བྱས ་ན་ཁྱེད་ལ་བསྟེར།། ཤེས་པར་གྱིས་ལ་ཡས་འདི་ལོང་།། མི་དང་དམ་རྫས་བརྗེས་འདི་གྱིས།། རྣལ་འབྱོར་ང་ཡི་བཀའ་མ་བཅག། ཀླུ་རྒྱལ་ཆེན་པོའི་ངོ་མ་བཅག། དེ་ནས་བདེན་བདར་དབང་བཙུགས་ལ།། དགོངས ་། མོ་ཡ་སྟགས་གཏང་བར་བྱ།། དེས་ནི་ཕོ་རྒྱུད་རྗེས་སོགས་སོ།། ཕྱི་བསྒྲུབ་དག་ལ་བརྒྱད་དང་བཅུ་དགུའི་དྲག་སྔགས་གདགས།། ཉུངས་ཀར་གཏོར་ཞིང་དྲག་སྔགས་དག་གིས་བྲབ།། བགེགས་རྣམས་ཚར་ལང་གཅད ་པར་བྱ།། གསང་ཆེན་ཕྱག་རྡོར་བྱིན་རླབས་དང་།། ཀླུ་རྒྱལ་ཆེན་པོའི་ངོ་ཆེན་གྱིས།། ཚངས་ཆེན་རང་ཡང་སེལ་འགྱུར་ན།། བགེགས་ལ་སོགས་པ་གཞན་ལྟ་སྨོས་ཅི་དགོས།། དེ་ནས་ཀླུ་རྗེས་བརྩམ་པར་བྱ།། དང་པོ ་དཀྱིལ་འཁོར་གོང་མ་རུ།། གསང་ཆེན་ཕྱག་རྡོར་སྐུ་བསྐྱེད་ཅིང་།། གསང་བསྒྲུབ་སྔགས་ཀྱང་གྲུབ་ཚད་བཟླས།། མཆོད་པ་རྣམ་ལྔ་རྒྱས་པར་ནི།། སྔགས་རིངས་བཀླག་ཅིང་དབུལ་བར་བྱ།། སྐབས་སུ་ཀླུ་རྣམས་གནད ་ལ་བོར།། དེ་ནས་མཎྜལ་གཉིས་པ་རུ།། བདག་གཞན་གསལ་བར་བསྐྱེད་བྱས་ལ།། བཀའ་བསྒོ་རིམ་པ་ཚུལ་བཞིན་བྱ།། གླུད་དང་ནད་པར་རྗེས་མཛོད་ཅིག། དེ་ནས་ཕྱི་བསྒྲུབ་སྤུ་ཏ་ནི།། གྲུབ་ཚད་བར་དུ་བཟླས ་པར་བྱ།། དེ་ནས་རྗེས་ཀྱི་མཆོད་པ་བརྩམ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། བཅོམ་ལྡན་ཕྱག་རྡོར་སྐུ་སྤྲུལ་པ།། གཞོན་ནུ་གཏུམ་པོ་ཁྲོ་བོ་སྟེ།། ཀླུ་རིགས་ཀུན་གྱི་གཉེན་པོ་བྱེད།། རྒྱ་མཚོའི་གཏིང་ན ་བཞུགས་ཙམ་ན།། ཀླུ་རྒྱལ་ཆེན་པོ་སོག་མེད་ལགས།། སྤོས་ངད་ལྡན་པར་བཞུགས་ཙམ་ན། ཁྱེ་ཆུང་འབུམ་གྱི་གཙོ་བོ་མངའ་ཡང་མཛད།། འཛམ་བུའི་གླིང་དུ་མཚོ་ཙམ་ན།། སྲིད་པ་ཕོ་མོའི་བསྙེན་པོ་མཛད།། དེ ་རིང་རྗེས་འདི་བྱེད་ཙམ་ན།། ལྷ་འདྲེ་ཡོངས་ཀྱི་སྒོས་མཁན་མཛད།། ནན་ལྟར་སྐོས་ཀྱིས་ཐེབས་ཙམ་ན།། སྐུ་ཡི་མཁྱེན་བཞིའི་མན་ངག་འབུལ།། སྐུ་ཡི་སྤྲུལ་པ་སྟོང་གསུམ་འགྱེད།། དུག་ལྔ་སྤྲོས་པ ་ནད་རྣམས་སེལ།། སྔགས་བདག་ཆེན་པོ་སྤྱན་འདྲེན་ན།། དཀར་གསུམ་དག་གི་བདུད་རྩི་འབུལ།། དཀར་གསུམ་དག་གི་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས་ཀྱང་།། ཀླུ ་རྣམས་མདངས་དང་ལྡན་གྱུར་ཅིག། ཀླུ་རྣམས་མདངས་དང་ལྡན་ནས་ཀྱང་།། དེ་རིང་རྗེས་ཀྱི་ལས་མཛོད་ཅིག། མངར་གསུམ་ནས་གཟུང་བདུད་རྩི་སྣ་ཚོགས་པར།། ཀླུ་བསྒྲུབ་ལེའུ་བྱུང་བ་བཞིན་དུ་འབུལ།། དེ་ནས ་། སྔགས་རིངས་བཀླག་ཅིང་དུང་ཕོར་གྱིས།། སྔགས་བདག་ལ་ནི་དབུལ་བར་བྱའོ།། སྤུ་ཏ་ནཱ་ག་རཱ་ཛ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བཟླས་སོ།། ཀླུའི་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསམ།། ཧཱུཾ། སྔགས་ཀྱི་བདག ་པོ་ཚུར་ཉོན་ཅིག། འདུད་དོ་ཡབ་ཅིག་ཀླུ་ལ་འདུད།། མཆོད་ཀྱང་ཡབ་ཅིག་ཀླུ་རྒྱལ་མཆོད།། རྟེན་ཀྱང་ཡབ་ཅིག་ཀླུ་རྒྱལ་རྟེན།། འབོད་ཀྱང་ཡབ་ཅིག་ཀླུ་རྒྱལ་འབོད།། ཡབ་ཅིག་ཀླུ་ལ་མི་འདུད་དུ།། འཛམ་གླིང་མི་ཡི ་གྲོང་ཁྱེར་དུ།། སྲིན་པོ་ཕོ་མོའི་གདོན་རྣམས་དང་།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་།། ལྷ་སྲིན་ལ་སོགས་སྡེ་བརྒྱད་དང་།། གནོད་སྦྱིན་ལ་སོགས་མ་ལུས་ཀྱིས།། རྒྱུ་སྦྱོར་ཡོན་བདག་མ་ལུས་ལ།། སེམས་ཀྱི ་སྡུག་བསྔལ་ལུས་ཀྱི་ན་ཚ་གཏོང་།། དེ་རྣམས་འདུལ་ཕྱིར་ཡབ་ཅིག་ཁྱོད་ལ་འདུད།། ཡབ་ཅིག་ཁྱོད་ལ་མཐུ་མ་ཆུང་།། རིགས་འཛིན་བཅོལ་བའི་ལས་མ་བུལ།། འདིར་སྒྲོན་འདིར་བཞུགས་འཕྲིན་ལས་མཛོད།། རྒྱས ་པའི་གཏོར་མ་བ་ལིང་འབུལ།། སྔགས་བདག་སྐུ་ཚེ་འོད་དང་ལྡན་གྱུར་ཅིག། ལྷོ་དང་བྱང་དང་ཤར་ནུབ་དང་།། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ།། རྒྱ་སྐྱེགས་རམས་དང་བུ་རམ་ཀ་ར་དང་།། ཞུ་མཁན་བཙོད ་དང་སྦྲང་རྩི་ཤིང་ཐོག་དང་།། ཚྭ་དང་བལ་དང་ཤ་སྣ་མ་ལུས་དང་།། ཤོག་བུ་སྣ་ཚ་དར་ཟབ་གཡུ་སྒོག་ཚོགས།། ཟས་ཕུད་སྣ་ཚོགས་དང་།། སྦྲུལ་དང་སྦལ་པ་ཆུ་རྟ་ཆུ་གླང་ཉ་དང་ལྕོང་གེའོ།། ཀུན་གྱི་ཤ་དང་པགས་པ ་དང་།། ཉ་ལྕིབས་རྩལ་པའི་སྒོ་ང་དང་།། ནད་པའི་ཁྲག་དང་ནད་པའི་སྒྲ།། དེ་རྣམས་ཆ་སྙོམས་རིན་ཆེན་རྫས་ཀྱི་སྐོང་བུ་ཉི་ཤུ་རུ།། ཚད་མ་རྫས་སྲང་ཉི་ཤུ་བླུག་པའི་རྫས།། དག་ཅིང་དད་པས་སྔགས་བདག་ཁྱོད་ལ ་འབུལ། ཁྱོད་ཀྱང་བཞེས་ལ་ནོར་གྱི་དབྱིག་མཛོད་ཅིག། དུག་རྣམས་མ་ལུས་འདོན་པ་རྨ་བྱའི་མདོང་།། རྒྱུ་སྦྱོར་ཡོན་བདག་ནད་རྣམས་འདོན་པའི་ཕྱག་ཆར་བཞེས།། ཉུངས་དཀར་དུག་ལ་སོགས་པའི་རྫས།། དྲག་པོ ་ལས་ཀྱི་མཐུན་རྫས་འདི།། དགྲ་བགེགས་ཚར་གཅོད་དོན་དུ་བཞེས།། བག་ཟན་དག་ལ་བྱས་པ་ཡི།། ནད་པའི་གཟུགས་བརྙན་འདི།། རྒྱུ་སྦྱོར་ཡོན་བདག་དོན་དུ་བཞེས་མཛོད་ཅིག། འདབ་བརྒྱད ་ཤོག་བུའི་གུར་ཆེན་འདི།། སྐུ་ཡི་དྲིལ་བུ་འདི་བཞེས་ཤིག། དར་ཟབ་ལ་སོགས་རས་མས་བརྒྱན།། ན་བཟའི་གཏེར་དུ་འདི་བཞེས་ཤིག། གསེར་དང་དངུལ་དང་ཟངས་དང་ལྕགས།། བྱུ་རུ་མུ་ཏིག་མན ་ཤེལ་རྣམས།། རིན་ཆེན་སྣ་ཚོགས་ཕུར་པ་འདི།། རིན་ཆེན་གཏེར་དུ་བཞེས་སུ་གསོལ།། ཀླུ་རྣམས་དགེས་མཛད་ཆུ་ལུག་དམར་པོ་ནི།། ཀླུ་ཡི་ནོར་བུ་འདི་བས་ཆེ་བ་མེད།། སྔགས་བདག་ཐུགས་དམ་འདི་ལས ་བསྐོངས་པ་མེད།། རྒྱུ་སྦྱོར་རྗེས་སུ་འདི་ལས་ཆེ་བ་མེད།། དར་ཟབ་བརྒྱན་པའི་ཆ་ལུགས་འདི།། དེ་རིང་རྗེས་ཀྱི་རྫས་སུ་འབུལ།། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག་ཁྱོད་ཀྱིས་མི་ཐོན་གང་ཡང་མེད། ཁྱོད་ཀྱིས་མ ་ཕྱིན་གང་ཡང་མེད།། དེ་རིང་མི་འདི་རྗེས་མཛོད་ཅིག། དེ་སྐད་བྱ་ཞིང་ཆུ་ལུག་དག་ཀྱང་བཏབ།། ནད་པའི་དྲི་གོས་སྣ་གསུམ་ལུག་ལ་གཡོག། སྐབས་སུ་ནས་གཏོར་ཕྱག་ཀྱང་བཙལ།། དེ་ནས་སྔགས་བསྒྲུབ་བཟླས ་པ་བྱ་ཞིང་དམ་ཡང་བདར།། དམ་བདར་ཀླུ་བསྒྲུབ་ལེའུ་ནས་ལྷ།། དེ་ནི་སྔགས་ཀྱི་རིམ་པའོ།། མཎྜལ་གསུམ་པའི་རྩར་ཕྱིན་ལ།། ཧཱུཾ། ཀླུ་ཆེན་བརྒྱད་པོ་ཚུར་ཉོན་ཅིག། སྔགས་ཀྱི་བདག་པོའི་སྤྲུལ་པ་སྟེ།། འཆི ་བདག་ཀླུ་ཆེན་བརྒྱད་དུ་བྱུང་།། ཀླུ་རིགས་ཀུན་གྱི་གཙོ་བོ་མཛད།། སྤྲུལ་པ་ཀླུ་བྲན་འབུམ་སྡེ་འགྱེད།། ཀླུ་ཆེན་བརྒྱད་པོ་སྤྱན་འདྲེན་ན།། དཀར་གསུམ་དག་གི་བདུད་རྩི་ནས།། ཀླུ་སྨན་ཚོགས་ཀྱི་བདུད་རྩིའི ་བར།། ཀླུ་བསྒྲུབ་ལེའུ་ནས་བྱུང་བ་བཞིན་དུ་དབུལ།། ཀུན་ལ་རིམ་བཞིན་ཤེས་པར་བྱ།། དེ་ནས་སྔགས་རིངས་གོང་དང་སྦྱར།། ཧཱ། ཀླུ་ཆེན་བརྒྱད་པོ་ཚུར་ཉོན་ཅིག། འདུད་དོ་ཡབ་ཅིག་ཀླུ་ལ་འདུད།། དང་པོ་ལ ་སོགས་གོང་དང་སྦྱར།། དེ་རྣམས་འདུལ་ཕྱིར་ཡབ་ཅིག་ཁྱེད་ལ་འདུད།། ཡབ་ཅིག་ཁྱེད་ཀྱང་མཐུ་མ་ཆུང་།། རིགས་འཛིན་བཅོལ་བའི་ལས་མ་བུལ།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས་མཛོད།། རྒྱས་པའི་བ ་ལིང་གཏོར་མ་འབུལ།། ཀླུ་ཆེན་བརྒྱད་པོ་འོད་དང་ལྡན་གྱུར་ཅིག། ལྷོ་བྱང་ནས་གཟུང་ནས་དེ་རིང་རྗེས་ཀྱི་རྫས་འབུལ་ལོ།། ཞེས་པའི་བར་གྱི་གོང་དང་མཐུན།། དེ་སྐད་བྱས་ནས། ཀླུ་ཆེན་བརྒྱད་པོ་ཚུར་ཉོན ་ཅིག། ཁྱེད་ཀྱིས་མི་ཐོན་གང་ཡང་མེད། ཁྱེད་ཀྱིས་མི་ཕྱིན་གང་ཡང་མེད། ཁྱེད་ཀྱིས་མི་རྗེས་གང་ཡང་མེད།། དེ་རིང་མི་དང་གླུད་དུ་བརྫེས།། རྗེས་གྲུབ་པའི་ལས་མཛོད་ཅིག། ཅེས་པ་གོང་དང་མཐུན།། དེ་ནི་ཀླུ་ཆེན ་རིམ་པའོ།། མཎྜལ་བཞི་པའི་རྩར་ཕྱིན་ལ། ཧཱུཾ། གཉེན་ཆེན་སྡེ་བརྒྱད་ཚུར་ཉོན་ཅིག། འཆི་བདག་གཉེན་ཆེན་འབུམ་སྡེ་འགྱེད།། གཉེན་ཆེན་ཀུན་གྱི་གཙོ་བོ་བྱེད།། རྒྱ་མཚོའི་གཏིང་ན་བཞུགས་ཙམ་ན།། ཀླུ་རིགས ་གཉེན་ཆེན་སྡེ་བརྒྱད་ལས།། མཛོ་རྟོལ་འབུམ་གྱི་སྤྲུལ་པ་འགྱེད།། འཛམ་གླིང་མི་ལ་གནོད་པ་བྱེད།། གཉེན་ཆེན་སྡེ་བརྒྱད་སྤྱན་འདྲེན་ན།། གཞན་རྣམས་ཀླུ་ཆེན་བརྒྱད་དང་མཐུན།། དེ་ནས་རྒྱལ ་རིགས་རྗེས་ཆེན་བྱ།། དཀྱིལ་འཁོར་ལྔ་པའི་རྩར་ཕྱིན་པ།། ཏིང་འཛིན་སྒོམ་པ་གོང་དང་མཐུན།། ཧཱུཾ། རྒྱལ་རིགས་ཀླུ་ཚོགས་ཚུར་ཉོན་ཅིག། རྒྱལ་རིགས་ཆེན་པོ་འཆི་བདག་སྡེ།། ཤར་བལྟས་ཆུ་མིག ་དཀར་པོ་ནས།། སྦྲུལ་དང་རྩང་བ་ཉ་དང་རྟ་དང་གླང་།། ཆུ་ལུག་དཀར་པོ་ལ་སོགས་འབྱེད།། ཡིད་ཀྱི་དུག་ཆེན་འཕྲོས་པ་ཡིས།། དགྲ་བགེགས་མ་ལུས་མཛེ་ནད་གཏོང་།། རྒྱལ་རིགས་ཀླུ་ཚོགས་སྤྱན་འདྲེན ་ན།། གཞན་རྣམས་ཀླུ་ཆེན་ཇི་ལྟ་བར།། ཀུན་ལ་རིམ་བཞིན་ཤེས་པར་བྱ།། དེ་ནས་བྲམ་ཟེ་ཀླུ་ཚོགས་ནས།། གདོལ་ཅན་ཆེན་པོའི་འཆི་བདག་པར།། རྒྱལ་རིགས་འཆི་བདག་དང་སྦྱར།། རིགས་ལྔ་རྗེས་ཀྱི་རིམ་པ ་རྫོགས།། དེ་ནས་ས་སྲིན་རྗེས་ཆེན་བྱ།། མཎྜལ་དྲུག་པའི་རྩར་ཕྱིན་ལ།། ཏིང་འཛིན་སྒོམ་པ་གཞན་དང་མཐུན།། ཧཱུཾ། ས་བདག་ས་སྲིན་ཀླུ་ཚོགས་ཚུར་ཉོན་ཅིག། ས་བདག་ཆེན་པོ་འཆི་བདག་སྟེ།། རི་དང་རྩིང་བུ ་སྒོག་ཚིགས་གྲམ་སྐམས་ས་དང་།། བྲག་དང་ཤིང་གཅིག་རྩ་ནས་ནི།། ས་བདག་ཆེན་པོའི་གནས་ཆེན་ནས།། གྱོང་པོ་རྒུར་པོ་ཐེང་པོ་དང་།། ཞ་བོ་འཛིན་གྱིང་དམར་པོ་བྱེད།། ས་བདག་ནད་ཆེན་དུག་དག ་གིས།། དམ་ཉམས་དགྲ་བགེགས་ནད་ཀྱིས་འཛིན།། ས་བདག་ཀླུ་ཚོགས་སྤྱན་འདྲེན་ན།། གཞན་རྣམས་ཀླུ་ཆེན་ཇི་བཞིན་མཚུངས།། དེས་ནི་ས་བདག་རིམ་པ་རྫོགས།། དེ་ནས་སྐབས་སུ་ཡོན་བདག་གི་ན་ཚ་ཐོན ་ལས་རྗེས་ཀྱིས་བྱས་ལ། མེ་ཏོག་གཏོར་ལ་ཁྲུས་ཀྱང་བྱའོ།། དེ་ནས་འདིའི་རྗེས་ཀྱང་བྱ།། ཧཱུཾ། ཀླུ་རིགས་མ་ལུས་ཚུར་ཉོན་ཅིག། ང་ནི་ཕྱག་ན་རྡོ་རྗེ་ཡིན།། གཟི་བྱིན་ཡག་ཤ་མེད་དཔལ་གྱིས།། སྤྲུལ་པ་ཆོ་འཕྲུལ ་སྟོང་ཡང་འགྱེད།། མ་ལུས་མཐའ་ཡས་མ་ལུས་རྫས།། མ་ལུས་ནོན་དང་མ་ལུས་སྣུན།། མ་ལུས་གླུད་དང་མ་ལུས་རྗེས།། དམ་ཚིག་བདེ་མ་ཚིག་མ་ལུས་དང་། ཁྱེད་ཀྱང་མ་ལུས་དབང་གིས་འཁོར།། སྔར་བྱས་ད་མི ་བྱེད་པར་གྱིས།། མི་དང་གླུད་དང་རྗེས་རྫས་དང་། ཁྱོད་ཀྱིས་མྱུར་དུ་རྗེས་འདི་གྱིས།། གསང་ཆེན་ཕྱག་ན་རྡོ་རྗེ་དམ་མ་འདྲལ།། དམ་ཆོས་གཉེན་པོ་ལུང་མ་བཤིག། མཐུན་པའི་དམ་རྫས་ངོ་མ་བཟློགས།། སྔགས ་བདག་རྒྱལ་པོ་ངོ་ཆེན་མཛོད། ཁྱོད་ལས་ངོ་ཆེ་གང་ཡང་མེད།། རྒྱུ་སྦྱོར་ཡོན་བདག་དོན་གྱི་ཕྱིར།། རྗེས་འདི་གནས་སུ་སྒྲོལ་བར་མཛོད།། རྒྱལ་རིགས་ནད་རྣམས་རྗེས་གྱུར་ཅིག། བྲམ་ཟེའི་ནད་རྣམས་རྗེས་གྱུར ་ཅིག། དམངས་རིགས་ནད་རྣམས་རྗེས་གྱུར་ཅིག། གདོལ་ཅན་ནད་རྣམས་རྗེས་གྱུར་ཅིག། གཉེན་གྱི་ནད་རྣམས་རྗེས་གྱུར་ཅིག། ས་བདག་གནད་རྣམས་རྗེས་གྱུར་ཅིག། གདུག་རྩུབ་ཐམས་ཅད་རྗེས་གྱུར་ཅིག། མཛེ ་ནད་འབྲས་ནད་ཕོལ་མིག་དང་།། ཤུ་བ་གཡན་པའི་ནད་རྣམས་རྗེས་གྱུར་ཅིག། མི་དང་དམ་རྫས་བརྗེས་མཛོད་ཅིག། ཧཱུཾ། ཀླུ་ཆེན་རྒྱལ་པོ་ཚུར་ཉོན་ཅིག། གཉེན་ཆེན་སྡེ་བརྒྱད་ཚུར་ཉོན་ཅིག། རྒྱལ་རིགས་ཀླུ་ཡང ་ཚུར་ཉོན་ཅིག། དེ་བཞིན་རིགས་བཞིའི་ཀླུ་ཡང་ཚུར་ཉོན་ཅིག། ས་བདག་ས་སྲིན་ཚུར་ཉོན་ཅིག། དེ་རིང་རྗེས་འདི་མི་མཛད་ཅིང་།། དེ་རིང་མི་འདི་མི་གཏོང་ཞིང་།། མི་དང་ནད་དུ་མི་འབྲལ ་ཞིང་།། སྔགས་ངོར་མི་འདི་མི་གཏོང་ཞིང་།། རིགས་འཛིན་བཀའ་ལས་འདའ་བྱེད་པ། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། ཕྱི་མའི་ལན་ཆགས་རྒྱབ་ནས་འདོད།། མི་ཡི་ལན་ཆགས་ངོ་ལ་འདོད།། མཛེ་ནད་སྣ་ཚོགས་ཁྱོད ་ལ་འོང་།། འོན་པ་ལོང་བ་ཁྱོད་ལ་ལོང་།། སྔགས་ཀྱི་ཆོ་འཕྲུལ་ཁྱོད་ལ་འོང་།། དར་ཅིག་བསྡད་པའི་ཐབས་མེད་པར།། ཀླད་ནད་དྲག་པོས་ཐེབས་པར་འགྱུར།། འོ་ན་དེ་ལ་མ་ཐུག་གིས།། འདིར་སྤྱོན་མཆོད་རྫས་འདི ་བཞེས་ལ།། རྗེས་འདི་གནས་སུ་སྐྱོལ་བར་མཛོད།། རྗེས་འདི་གནས་སུ་སྐྱོལ་ནས་ཀྱང་།། མི་དང་ནད་དུ་འབྲེལ་གྱུར་ཅིག། མི་དང་གླུད་དུ་བརྫེས་མཛོད་ཅིག། དེ་ནས་ཆུ་ལུག་དགུ་པོ་ལ།། སྣ་ཚོགས་རྒྱན་གྱིས་བརྒྱན ་ནས་ཀྱང་།། རང་རང་རིགས་ཀྱི་གཟུགས་བརྙན་གཡས་སུ་གདགས།། རྗེས་ཀྱི་གཟུགས་བརྙན་གཡོན་དུ་གདགས།། རིན་ཆེན་ཕུར་པ་རཱ་ལ་གདགས།། སྐྱོང་བུ་ཉི་ཤུ་ཁལ་དུ་དག་ལ།། ཤོག་ཤོག་གུར་གྱི་སྟེང་དུ ་དབུབ།། རིགས་དང་བསྟུན་པའི་དར་སྣ་གདགས།། རྒྱས་པའི་གུར་དུ་དབུལ་བར་བྱ།། དེ་ནས་ཕྱོགས་དང་བསྟུན་ལ་གཏང་།། དེ་ལྟ་བུ་ཡི་ཆོ་ག་ནི།། འཛམ་བུའི་གླིང་ནས་རྙེད་པ་དཀའ།། སངས་རྒྱས་ཀུན་གྱི ་དགོངས་པ་ཡིན།། དེ་ནས་སྦྱོར་དཀའ་ནུབ་ཏུ་བཅའ།། ཧོ་ཤིང་ཤར་དུ་སྦྲེང་ལ་གཞག། སྦྱོར་ཀའི་ཆ་རྐྱེན་རང་སར་གཞག། ཧོ་གྱི་ཆ་རྐྱེན་ཧོ་དང་སྐྲག། བརྒྱ་རྩ་བརྒྱད་ཀྱི་སྦྱོར་བ་ཡིས།། བགེགས་རྣམས་རྡུལ་དུ་བརླག ་པར་བྱ།། ཐ་མ་མནན་དང་ཐལ་བ་རླུང་ལ་བསྐུར།། སྔོན་བཞིན་སྦྱར་ལ་ཤེས་པར་བྱའོ།། དེ་ནས་ཀླུ་རྟན་སྤོ་བར་བྱའོ།། དེ་ནས་རྟ་གཉེན་པོ་བསྡམ།། དེས་ནི་རྗེས་ཆེན་རིམ་པ་རྫོགས།། དེ་ལྟར་སྦྱོར་བ་རྫོགས་བྱས ་ནས།། དེ་ལྟ་བུ་ཡིས་ཙི་ཙི་ཛ་ལ་འཚོ་བར་འགྱུར།། སངས་རྒྱས་ཀུན་གྱིས་དེ་སྐད་གསུངས།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུ་རྗེས་གཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས ་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཀླུ་རྒྱལ་དབང་བསྐུར་རིམ་པ་ཡིས།། སློབ་མ་བྱིན་གྱིས་ཇི་ལྟར་བརླབ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ་ནི། ཁྱོད་ཀྱང ་རྩེ་ཅིག་ཡིད་ཀྱི་ཉོན། ཁྱོད་ལ་ང་ཡིས་བཤད་པར་བྱ།། མཛེས་ཤིང་ཉམ་དགའི་ས་ཕྱོགས་སུ།། དཀྱིལ་འཁོར་གཞུང་ནས་བྱུང་བཞིན་བྲི།། གཟུགས་བརྙན་མི་དགོས་ས་བོན་དགོད།། དར་དང་རས་ཀྱི་ཡོལ་པ ་དགབ།། སྤོས་དང་ཙན་དན་དྲི་ཡིས་དགང་།། གསང་ཆེན་ཕྱག་རྡོར་སྙིང་པོ་ཡིས།། ས་སྦྱང་བགེགས་བསྐྲད་ལ་སོགས་བྱ།། ཀླུ་རྒྱལ་ཆེན་པོའི་སྐུ་བསྐྱེད་ལ།། ལྷ་ལ་བརྟེན་ལ་ས་སློང་བྱ།། དེ་ནས་མཎྜལ ་ལེགས་བྱས་ལ།། བ་ལི་རྣམ་ལྔས་བྱུགས་ནས་ཀྱང་།། ཙན་དན་ག་པུར་ལ་སོགས་དྲི་ཡི་བྱུག། གུར་ཀུམ་ཆུས་ཀྱང་ལེགས་བྱུག་ལ།། བདག་གཞན་གསལ་བར་བསྐྱེད་ནས་ཀྱང་།། གསང་ཆེན་བསྙེན་པ ་འབུམ་ཚོ་རེ།། ཀླུ་རྒྱལ་དག་ལ་བསྙེན་པ་བསྐུལ།། རྒྱས་པའི་གཏོར་མ་རྒྱུན་མི་འཆད།། དེས་ཀྱང་དངོས་གྲུབ་ཆེན་པོ་ཐོབ།། དེས་ནི་བསྙེན་པའི་རིམ་པ་རྫོགས།། དེ་ནས་ལྷག་པར་གནས་བྱས་ཏེ།། དེ་ལ་ཡང་ནི་རྣམ ་གཉིས་ཏེ།། བུམ་པའི་ལྷག་པར་གནས་པ་དང་།། སློབ་མ་ལྷག་པར་གནས་པའོ།། དེ་ལ་དང་པོར་བཤད་པར་བྱ།། དང་པོ་དཀྱིལ་འཁོར་མཛེས་པར་བྲི།། གཟུགས་བརྙན་མི་དགོད་ས་བོན་དགོད།། གསེར་མ་དངུལ ་ལམ་ཟངས་སམ་ལྕགས།། ཡང་ན་རིན་ཆེན་ས་གཞིའོ།། རྩ་བ་ནག་སོགས་མེད་པ་ཡི།། བུམ་པ་ལྔ་ཡང་དགོད་པར་བྱ།། བུམ་པའི་སྙིང་པོ་གསེར་དངུལ་ལམ།། སྦྲང་དང་འོ་མ་བུ་རམ་དང་།། འབྲུ་སྣ་ཚོགས་པར་བྱས ་ལ་བསྒྲུབ་པར་བྱའོ།། ཁ་ཚར་མ་ཉམས་རས་ཀྱིས་དཀྲི།། ཤིང་ལོ་ཤུན་པའི་ཁ་བརྒྱན་བྱ།། མི་རེའི་གཏོར་མ་གཉིས་བཤམས་ལ།། མཆོད་པ་རྣམ་པ་ལྔ་ཡང་ཚོགས་པར་བྱ།། བདུད་རྩི་བུམ་པ་སྔོན་བཞིན་བྱ།། ཟེ་ཞལ ་གཉིས་ཀྱང་བཤམ་པར་བྱ།། སྤོས་དང་ཙན་དན་དྲི་སོགས་ཀྱིས།། དཀྱིལ་འཁོར་ཁང་པ་དག་པར་བྱ།། དེ་ནི་བརྒྱན་གྱི་ལོར་མོའོ།། དེ་ནས་ཤཱུནྱ་ཏཱའི་སྔགས་བརྗོད་པས།། བདག་དང་མཎྜལ་སྟོང་པར་སྒོམ།། དེ་ནས ་ཧཱུཾ་ལས་ཕྱག་རྡོར་སྐུ།། སྔ་མ་ཇི་བཞིན་བསྒོམ་པར་བྱ།། དེ་ནས་ཀླུ་ཚོགས་མང་པོ་ཀུན།། སྔ་མ་བཞིན་དུ་བསྒོམ་པར་བྱ།། བསྙེན་པ་འབུམ་ཚོ་བསྐྱལ་བར་བྱ།། བུམ་པ་རེའི་ནང་དུ། ཁྲི་ཚོ་རེ་རེ་བསྐྱལ་བར་བྱ།། དེས ་ནི་བུམ་པ་ལྷག་གནས་རྫོགས།། དེ་ནས་སློབ་མ་ལྷག་གནས་བྱ།། སློབ་མའི་གཙོ་བོ་འདི་སྐད་དོ།། ཧོ། བླ་མ་རྡོ་རྗེ་འཛིན་པ་ཁྱོད།། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིན།། གཉིས་མེད་ཐུགས་རྗེས་གཟུང་སླད་དུ།། བདག ་ཀྱང་རྟག་ཏུ་སྐྱབས་སུ་གསོལ།། དཀྱིལ་འཁོར་དམ་པར་བདག་གཞུག་ཕྱིར།། ལྷག་ནས་རིམ་པ་མཛད་དུ་གསོལ།། དེ་ནས་སློབ་དཔོན་གྱིས་འདི་སྐད་དུ།། བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན ་ཏེ།། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡིས།། དབང་བསྐུར་དཀྱིལ་འཁོར་བསྟན་པའི་ཕྱིར།། དབང་བསྐུར་དཀྱིལ་འཁོར་བསྟན་པར་བྱ།། ལྷ་གནས་རིམ་པ་ཚུལ་བཞིན་བྱ།། སྤུ་ཏ་སྟོང་ཙམ་བཟླས་པར་བྱ།། དེ་ནས་དཀྱིལ ་འཁོར་ལྷོ་ནུབ་ཕྱོགས་སུ།། པདྨ་འདབ་བརྒྱད་བྲི་བར་བྱ།། པདྨའི་དབུས་སུ་སྔགས་བདག་དགོད།། ཕྱག་ན་རྡོ་རྗེ་གཟུགས་བརྙན་བཞག། དེ་ནས་ཕྱག་ན་རྡོ་རྗེ་ལ།། མཆོད་པ་རྣམ་ལྔ་དབུལ་བར་བྱ།། སྔགས་ཀྱི ་བདག་པོ་དེ་དང་མཚུངས།། དང་པོར་སློབ་མ་ལྷ་ལ་ཕྱག་གསུམ་བྱེད་དུ་གཞུག། ཐལ་མོ་སྦྱར་ནས་མདུན་དུ་གཞག། དེ་ནས་སློབ་དཔོན་འདི་སྐད་དོ།། བུ་ཚུར་ཉོན་ཅིག་སྣོད་ལྡན་ཁྱོད།། དཔལ་ཕྱག་ན ་རྡོ་རྗེའི་གྲོང་ཁྱེར་དུ།། བུ་ཡང་རབ་ཏུ་གནས་བྱ་ཞིང་།། རྟག་ཏུ་དམ་ཚིགས་སྲུང་པ་གསུམ།། ཀླུ་ཡི་མཆོད་པ་བྱེད་ནུས་སམ།། ཕྱག་རྡོར་སྐུ་རུ་སྤྲུལ་པ་བྱེད་ནུས་སམ།། དེ་ལྟར་ནུས་ན་བུ་ཁྱོད་ལ།། ལྷག ་གནས་དངོས་གྲུབ་ང་ཡིས་སྦྱིན།། དེ་ནས་སློབ་མས་གསོལ་བ།། ཧོ་བླ་མ་རྡོ་རྗེ་འཛིན་པ་ཡིས།། ཇི་ལྟར་ལུང་བསྒོ་རིམ་པ་ནི།། སངས་རྒྱས་ཀུན་གྱིས་བསྒོ་བ་ཡིས།། རྟག་ཏུ་དམ་ཚིག་བདག་གི་བསྐྱང་།། ཏིང་ངེ ་འཛིན་དང་མཆོད་པ་དང་།། ལས་ཀྱི་བཟླས་བརྗོད་བདག་གིས་བགྱི།། བདག་ལ་དངོས་གྲུབ་སྩལ་དུ་གསོལ།། དེ་ནས་སློབ་དཔོན་དག་གིས་ཀྱང་།། སློབ་མ་ཕྱག་གསུམ་བྱེད་དུ་གཞུག། དེ་ནས་བླ་མས་སློབ་མ ་ནི།། དཔལ་ལྡན་ཕྱག་རྡོར་སྐུ་རུ་བསྐྱེད།། དེ་ནས་མཆོད་པ་རྣམ་ལྔ་ནི།། སྔགས་བདག་ཕྱག་ན་རྡོ་རྗེ་ལ།། ལད་མོ་ཟློས་ཤིང་སློབ་མས་དབུལ།། ཧཱུཾ། དཔལ་ལྡན་ཕྱག་ན་རྡོ་རྗེ་དང་།། སྔགས་ཀྱི་བདག་པོ་རྣམ་གཉིས ་ལ།། དུས་ཚོད་བཟང་པོ་དོ་ནོད་ཀྱང་།། རིགས་འཛིན་དངོས་གྲུབ་ཐོབ་བྱའི་ཕྱིར།། བྱིན་གྱིས་བརླབ་ཕྱིར་རྣམ་ལྔ་ཡིས།། མཆོད་པ་དག་ཀྱང་བདག་གིས་དབུལ།། ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།། དེ ་ནས་སྔགས་རིངས་དག་གིས་ནི།། མེ་ཏོག་ནས་གཟུང་གཏོར་མའི་བར།། རྣམ་ལྔ་རེ་ལ་ཚིགས་བཤད་ཏེ།། སྔགས་རིངས་ཚར་རེས་དབུལ་བར་བྱ།། བཛྲ་དྷཱུ་བེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གན་དྷེ། བཛྲ་མཱ་ལེ། དེ ་ནས་རིགས་ངོ་བརྟག་པའི་ཕྱིར།། ས་ཤིང་དག་ཀྱང་འདོར་དུ་གཞུག། བླ་མས་འདི་སྐད་མ་ཤིང་སྦྱིན།། བུ་ཁྱོད་གྲོང་ཁྱོར་དམ་པ་རུ།། བཞུགས་ནས་རིགས་ཀྱང་བརྟག་པའི་ཕྱིར།། སོར་བརྒྱད་ཆད་ལྡན་གཙང་མན ་ཤིང་།། སོ་ཤིང་བཟུང་ནས་དབུས་སུ་དོར།། སློབ་མས་གསོལ་བ། ཧོ། བླ་མའི་ལུང་ནི་བསྒོ་བ་བཞིན།། སོ་ཤིང་དག་ཀྱང་བདག་གིས་དོར།། ཇི་ལྟར་དཔལ་ལྡན་ཕྱག་རྡོར་གྱི།། སྐུ་གསུང་ཐུགས་དང་ཡེ་ཤེས ་ཀྱི།། དངོས་གྲུབ་རྣམ་བཞི་ཐུགས་ཀྱིས་ནི།། དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར།། དབུས་མཆོག་དགའ་ལྡན་སར་ལྟུང་ཤོག། སོ་ཤིང་དོར་བའོ།། དེ་ནས་བསྲུང་སྐུད་གདགས་པར་བྱ།། བླ་མས་གསུངས་པ། བུ་ཁྱོད ་ཉོན་ཅིག་སྐལ་ལྡན་ཁྱོད།། དངོས་གྲུབ་བགེགས་ཀྱིས་བར་ཆོད་བྱེད།། བགེགས་རྣམས་ཀུན་ལས་བཟློག་པའི་ཕྱིར།། དཔལ་ལྡན་ཕྱག་རྡོར་སྙིང་པོ་ཡིས།། བརྒྱ་རྩ་བརྒྱད་བསྔགས་སྲད་བུ་ལ།། མདུད་པ་ཉི་ཤུ་རྩ་ལྔ ་བྱ།། གཡོན་གྱི་དཔུང་དུ་གདགས་པ་ཡིས།། བགེགས་རྣམས་མ་ལུས་ཞི་གྱུར་ཅིག། སློབ་མས་གསོལ་པ། ཧོ། ཇི་ལྟར་བླ་མས་གསུངས་པ་ཡི། ཁྲོ་རྒྱལ་སྔགས་བཟླས་སྲད་བུ་ཡིས།། བདག་གི་ལུས་རྣམས་བསྲུངས ་གྱུར་ནས།། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཀུན།། རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་།། དཔལ་ལྡན་ཕྱག་རྡོར་སྐུར་གྱུར་ནས།། སྐུ་ཡི་དངོས་གྲུབ་ཐོབ་འགྱུར་ཤོག། བསྲུང་སྐུད་བཏགས་ཏེ། དེ་ནས་ཀུ་ཤ ་དགྲམ་པར་ཡང་བྱའོ།། བླ་མས་གསུངས་པ། བུ་ཚུར་ཉོན་ཅིག་རིགས་མཆོག་ཁྱོད།། ཟབ་མོ་སྔགས་དང་སྒོམ་པ་ཡང་།། དངོས་གྲུབ་རྟགས་ནི་འབྱུང་མི་འབྱུང་།། འཇུག་པའི་དུས་སུ་རྨི་ལམ ་གྱིས།། བཟང་ངན་ལྟས་རྣམས་བརྟག་པའི་ཕྱིར།། ཀུ་ཤ་གཙང་མའི་རྩཝ་མཆོག་དང་། ཁྱོད་ཀྱི་སྔས་སུ་གདིང་བར་བྱ།། སློབ་མས་གསོལ་པ། ཧོ། བླ་མས་བསྟན་པའི་རྫས། ཉལ་བའི་སྔས་སུ་བདག་འདིངས ་གྱིས།། ཕྱག་ན་རྡོ་རྗེའི་ལུས་ཞུགས་ནས།། ཀླུ་རྒྱལ་དངོས་གྲུབ་བདག་བསྒྲུབ་ཀྱི།། གྲུབ་རྟགས་མ་ལུས་དངོས་གྲུབ་ཀྱང་།། སྔགས་བདག་རྒྱལ་པོས་དོ་ནོད་སྟོན།། ཉལ་ནས་ནང་པར་སྔོན་དེ་ནི།། རྨི་ལམ་ཅི་བྱུང ་བཟླས་པར་བྱ།། རྨི་ལམ་ཡང་ནི་རྣམ་གཉིས་ཏེ།། དངོས་སུ་འོང་དང་སྤྲུལ་པ་འགྱེད།། དངོས་ནི་ཁྱེའུ་ཆུང་གཞོན་ནུ་འོང་།། ཡང་ན་སྦྲུལ་མགོ་བདུན་པར་འོང་།། དེ་རྣམས་བདག་ལ་མགོ་བ་དང་།། བྱུང་ན་རྨི་ལམ་རབ ་ཏུ་བཟང་།། གཡག་ཆེན་མང་པོ་འདོད་པ་འོང་།། ཆུ་རྟ་ཆུ་ལུག་ཆུ་གླང་དུ།། བྱུང་བཞིན་བདག་གིས་བྱེད་ན་བཟང་།། དེ་ལྟར་དངོས་སུ་སྤྲུལ་པའི་རྟགས།། འདེད་དང་ལུས་ལ་འཁྲིལ་ལ་སོགས།། བྱུང་ན་ངན་པས ་བསྙེན་པ་བཟླས།། དེ་ནི་སློབ་མ་ལྷ་གནས་རྫོགས།། དེ་ནས་ནང་པར་དྲོ་ལ་ནི།། དབང་བསྐུར་རིམ་པ་རྫོགས་བྱས་ནས།། དད་ལྡན་སློབ་མ་མཛེས་པ་དེས།། རིམ་པ་བཞིན་དུ་ཁྲུས་བྱས་ལ།། དར་དམར་དག་གིས ་མིག་བཀབ་ལ།། དཀྱིལ་འཁོར་དྲུང་དུ་ཕྱག་གསུམ་བྱ།། དེ་ནས་ཐལ་མོ་ལེགས་སྦྱར་ལ།། ཚིག་བཤད་འདི་ནི་བཟླས་སུ་གཞུག། ཧོ། བླ་མ་རྡོ་རྗེ་འཛིན་པ་ཡིས།། དུས་ཚོད་བཟང་པོ་ད་ནང་ནི།། བདག་གིས་ལུས ་ངག་དད་དང་ལྡན།། དཔལ་ལྡན་ཕྱག་ན་རྡོ་རྗེ་དང་།། སྔགས་བདག་ལ་སོགས་ཀླུ་རྣམས་ཀྱི།། གྲོང་ཁྱེར་དམ་པར་བདག་གཞུག་གསོལ། ཁྱེད་ནི་སངས་རྒྱས་ཀུན་དང་མཉམ།། དཔའ་བོ་ཆེན་པོ་བདག་གཞུག ་གསོལ།། མཛེས་པའི་འགྲོ་མཆོག་མ་མཐོངས་པས།། ད་ནང་བདག་ཀྱང་རབ་ཏུ་གཞུག། འཇིག་རྟེན་མགོན་པོ་བདག་གཞུག་གསོལ།། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ།། བུ་ཁྱོད་ལེགས་སོ་ལེགས ་སོ།། དཔལ་ལྡན་ཕྱག་ན་རྡོ་རྗེ་དང་།། སྔགས་བདག་ལ་སོགས་གྲོང་ཁྱེར་འདིར། ཁྱོད་ཀྱང་ང་ཡི་རབ་ཏུ་གཞུག། ཁྱོད་ཀྱང་དད་པ་རབ་ཏུ་སྐྱེད།། མཐུན་པའི་དམ་རྫས་ཁྱེད་ཀྱིས་སྦྱིན།། དུས་མཆོག་བཟང་པོ་ད་ནང ་ནས།། ནམ་ཇི་སྲིད་འཚོ་ཡི་བར་དུ། ཁྱོད་ཀྱང་ཅི་འདོད་དངོས་གྲུབ་འོང་།། ཡིད་གཉིས་མེད་པར་འདིར་ཞུགས་ཤིག། དེ་ནས་ཁྲོ་བོའི་ཆུ་ལ་ནི།། གསང་ཆེན་ཕྱག་རྡོར་སྔགས་བཟླས་ལ།། སློབ་མའི་ལུས་བགེགས ་རྣམས་བསྐྲད།། དེ་ནས་ཕྱག་གསུམ་བྱེད་དུ་གཞུག། དེ་ནས་དང་པོ་ལྷོ་ཕྱོགས་སུ་བཀྲི།། སློབ་མས་འདི་སྐད་བརྗོད་པར་བྱ།། ཧཱུཾ། དཔལ་ལྡན་ཕྱག་རྡོར་གྲོང་ཁྱེར་དུ།། ལྷོ་ཡི་ཕྱོགས་ལ་རབ་བརྟེན་ནས།། ཡོན་བདག། ་དངོས་གྲུབ་ཐོབ་བྱའི་ཕྱིར།། ལུས་ངག་ཡིད་གསུམ་དང་བ་ཡིས།། བདག་ཀྱང་ཕྱག་གསུམ་རབ་ཏུ་འཚལ།། དེ་ནས་ཐལ་མོ་སྦྱར་བྱས་ནས།། ཨོཾ་ན་མ་ཏེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མ་སྭཱ་ཧཱ། དེ་ལྟར་སྐུ ་གསུང་ཐུགས་ཀྱིས་ནི།། ཕྱག་གསུམ་དད་པས་བྱེད་དུ་གཞུག། དེ་ནས་ཤར་ཕྱོགས་སུ་ཁྲིད་ལ།། ཧོ། དཔལ་ལྡན་ཕྱག་རྡོར་གྲོང་ཁྱེར་གྱི།། ཤར་གྱི་ཕྱོགས་ནི་ནས་རབ་བརྟེན་ནས།། སྐུ་ཡི་དངོས་གྲུབ་ཐོབ་བྱའི ་ཕྱིར།། ལུས་ངག་ཡིད་གསུམ་དང་བའི་ཕྱིར།། བདག་ཀྱང་ཕྱག་ནི་རབ་ཏུ་འཚལ།། དེ་ནས་ཐལ་མོ་དེ་ཉིད་སྙིང་ཁར་སྦྱར་ལ།། ཨོཾ་ན་མ་ཤེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མོ་ན་མ་སྭཱ་ཧཱ། དེ་ལྟར་སྐུ་གསུང་ཐུགས་ཀྱིས ་ནི།། ཕྱག་གསུམ་དང་བས་བྱེད་དུ་གཞུག། དེ་ནས་རབ་ཏུ་བྱང་ཁྲིད་ལ། ཧོ། དཔལ་ལྡན་ཕྱག་རྡོར་གྲོང་ཁྱེར་གྱི།། བྱང་གི་ཕྱོགས་ལ་རབ་བརྟེན་ནས།། འཕྲིན་ལས་དངོས་གྲུབ་ཐོབ་བྱའི་ཕྱིར།། ལུས་ངག་ཡིད་གསུམ ་དངས་པ་ཡིས།། བདག་ཀྱང་ཕྱག་ནི་རབ་ཏུ་འཚལ།། དེ་ནས་ཐལ་མོ་དེ་ཉིད་སྙིང་ཁར་སྦྱར་ལ།། ཨོཾ་ན་མ་ཤེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། དེ་ནས་སྐུ་གསུང་ཐུགས་ཀྱིས་ནི།། ཕྱག་གསུམ་དང་བས་བྱེད་དུ ་གཞུག། དེ་ནས་ནུབ་ཏུ་རབ་ཁྲིད་ལ།། ཧོ། དཔལ་ལྡན་ཕྱག་རྡོར་གྲོང་ཁྱེར་གྱི།། ནུབ་ཀྱི་ཕྱོགས་ལ་རབ་བརྟེན་ནས།། གསུང་གི་དངོས་གྲུབ་ཐོབ་བྱའི་ཕྱིར།། ལུས་ངག་ཡིད་གསུམ་དང་བ་ཡིས།། བདག་ཀྱང་ཕྱག ་གསུམ་རབ་ཏུ་འཚལ།། དེ་ནས་ཐལ་མོ་དེ་ཉིད་སྙིང་ཁར་སྦྱར།། ཨོཾ་ན་མ་ཤེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཕྱག་བྱའོ།། དེ་ནས་མེ་ཏོག་ལེགས་བསྐུར་ཏེ།། ལག་ཏུ་ཐོགས་ལ་འདི་སྐད་བརྗོད།། ཕྱག་རྡོར་གྲོང་དུ ་བདག་མཆིའོ།། དཔལ་ལྡན་སྐུ་གསུང་ཐུགས་དང་ཡོན་ཏན་དངོས་གྲུབ་ནི།། ཡང་དག་བདག་གིས་ཐོབ་བྱའི་ཕྱིར།། དཀྱིལ་འཁོར་དབུས་སུ་བདག་དོར་གྱིས།། ཕྱག་རྡོར་སྐུ་ལ་ཕོག་པར་ཤོག། དེ་སྐད་རྗོད་ལ་དབུས ་སུ་ནི།། བརྟན་ལ་ཕབ་ལ་རབ་ཏུ་བཤད།། སྤུ་ཏ་ལ་པྲ་ཏི་ཛ་ཧོ།། མེ་ཏོག་དོར་བའོ།། དེ་ནས་སློབ་མས་འདི་སྐད་དོ།། དུས་མཆོག་བཟང་པོ་ད་ནང་ཡང་།། བླ་མ་རྡོ་རྗེ་འཛིན་པ་ཡིས།། དཀྱིལ་འཁོར་བཟང་པོ་བསྟན ་དུ་གསོལ།། དཔལ་ལྡན་ཕྱག་རྡོར་གྲོང་ཁྱེར་མཆོག། ནད་ལ་སོགས་པ་ཞི་བྱེད་པའི།། མཛེས་ལྡན་གྲོང་ཁྱེར་པད་ཚལ་དུ།། བདག་ཀྱང་རབ་ཏུ་ལྟ་བར་འཚལ།། མིག་ཀྱང་རབ་ཏུ་དབྱེ་རུ་གསོལ།། དེ་ནས་སློབ་དཔོན ་གྱིས་འདི་སྐད་རབ་ཏུ་བརྗོད་དོ།། བུ་ཁྱོད་སྐལ་ལྡན་ད་ནང་ཡང་།། གྲོང་ཁྱེར་ཆེན་པོ་ངས་བསྟན་གྱིས། ཁྱོད་ཀྱང་དགའ་བ་རབ་ཏུ་སྐྱེད།། མུན་ལ་མར་མེ་ཇི་བཞིན་དུ།། མ་རིག་མུན་པ་བསལ་ནས་ཀྱང་།། ཡེ་ཤེས ་མིག་གིས་འཇིག་རྟེན་ཀུན།། གསལ་ཞིང་དངས་པས་ཁྱོད་ཀྱིས་ལྟོས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། མིག་མཆོག་བཟང་པོ་ད་ནང་དབྱེ།། མིག་དབྱེ་བའོ།། མེ་ཏོག་མགོ་ལ་བཏགས་ལ།། དཔལ་ལྡན་ཕྱག་རྡོར ་སྐུ་གསུང་ཐུགས།། ཡོན་ཏན་མཆོག་དང་འཕྲིན་ལས་དང་།། སྔགས་ཀྱི་བདག་པོ་དབང་མཆོག་རྣམས།། རིམ་པ་བཞིན་དུ་བསྐུར་བར་བྱ།། དེ་ནས་དང་ལྡན་ཕྱག་བྱས་ནས།། དཀྱིལ་འཁོར་ཀླུ་ཚོགས ་བསྟན་པར་བྱ།། ཡང་ནི་ཕྱག་གསུམ་བྱས་ནས་ཀྱང་།། ཐལ་མོ་སྦྱར་ཏེ་འདི་སྐད་དོ།། ཧོ། ཇི་ལྟར་དཀྱིལ་འཁོར་ཆེན་པོ་ཡང་།། བླ་མས་བདག་ཀྱང་ལྟ་བ་ལ།། རབ་ཏུ་རྒྱས་པར་བསྟན་པ་ལེགས།། བདག་གིས་ཀྱང ་ནི་མཛེས་པར་མཐོང་།། ད་ནི་བླ་མས་དབང་བསྐུར་ཡང་།། དཔའ་བོ་ཆེན་པོས་བསྐུར་དུ་གསོལ།། བདག་ཀྱང་དགའ་བ་རབ་ཏུ་བསྐྱེད།། དེ་ནས་སྐབས་དེར་དམ་ཚིག་ཆུ་ཡང་བླུད་པར་བྱའོ།། ཀླུ་སྨན་འོ་མ་བཅས ་པའི་ཆུ།། གཡོན་དུ་ཐོགས་ལ་འདི་སྐད་དོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེ།། དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ།། ཡེ་ཤེས་ཆུ་བོའི་བདུད་རྩི་འདི།། ང་ཡིས་ཁྱོད་ལ་བླུད་པ་ཡིས།། ་ཁྱོད་ཀྱང་བསྒོ་བའི་བཀའ་རྣམས་ཉོན།། དམ་ཚིག་སྲུང་བའི་ལས་རྣམས་ཀྱིས།། ཨོཾ་སརྦ་ཏ་ཐཱ་ག་ཏ། བླུད་པར་བྱ་བར་ཐེ་ཙོམ་མེད།། དེ་ནས་དབང་བསྐུར་རིམ་པ་བྱ།། ཕྱག་གསུམ་བྱས་ནས་ཐལ་སྦྱར་བྱ།། ལྷོ་ཡི ་ཕྱོགས་སུ་ཁྲི་བཙིགས་ལ། ཁྲི་ཡི་སྟེང་དུ་སློབ་མ་གཞག། དེ་ལ་ཕྱག་རྡོར་སྔགས་བདག་གི། དབང་རྣམས་རིམ་བཞིན་རྫོགས་པར་བསྐུར།། དེ་ནས་བླ་མས་དབུས་ཀྱི་ནི།། བུམ་པ་བླང་ལ་མགོར་གཞག་ལ།། ཚིག ་བཤད་འདི་ཡང་བརྗོད་པར་བྱ།། ཧཱུཾ། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། སྐུ་ཡི་དབང་མཆོག་ཐོབ་བྱའི་ཕྱིར།། སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ།། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། སྐུ་གསུང་ཐུགས་དང་ཡོན་ཏན ་དང་།། འཕྲིན་ལས་དབང་མཆོག་རྣམ་ལྔ་ལས།། སྐུ་ཡི་དབང་མཆོག་བསྐུར་བ་ཡིས།། སྐུ་ཡི་དབང་མཆོག་ཐོབ་གྱུར་ཅིག། སྐུ་ཡི་དབང་མཆོག་ཐོབ་ནས་ཀྱང་།། ཕྱག་ན་རྡོ་རྗེའི་སྐུར་གྱུར་ནས། ཁྱོད་ཀྱི་སྐུ་མཆོག་ཐོབ ་པ་ཡིས།། བགེགས་དང་ལོག་འདྲེན་ཐམས་ཅད་ཀུན།། ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག། དེ་སྐད་བྱས་ལ་སློབ་མ་ཡང་།། ཕྱག་རྡོར་སྐུ་རུ་བྱིན་གྱིས་བརླབས།། ཨོཾ་སྥུ་ཏ་སྥུ་ཏ་མ་ཧ་ཀྲོདྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ། ་ཀ་ཡ་བཛྲ་སྭཱ་ཧཱ། དུས་མཆོག་བཟང་པོ་དེ་རིང་ནས།། ཇི་སྲིད་འཚོ་ཡི་བར་དུ་ནི། ཁྱོད་ཀྱང་ཕྱག་རྡོར་སྐུ་རུ་བྱས།། ཀླུ་ཚོགས་མང་པོས་ཚུགས་མི་འགྱུར།། དེ་ནས་བུམ་ཆུ་སྤྱི་བོར་བླུགས།། དེས་ནི་ཕྱག་རྡོར་སྐུ་རུ ་འགྱུར།། དེ་ནས་ཤར་གྱི་བུམ་པ་བཏེག་ལ།། སྙིང་ཁ་དག་ཏུ་རབ་བཞག་ནས།། ཧཱུཾ། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར།། སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ།། དཔལ་ལྡན་ཕྱག་ན་རྡོ་རྗེ ་ཡི།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་དབང་མཆོག་རྣམ་ལྔ་ལས།། ཐུགས་ཀྱི་དབང་མཆོག་བསྐུར་བ་ཡིས།། ཐུགས་ཀྱི་དབང་མཆོག་ཐོབ་གྱུར་ཅིག། ཐུགས་ཀྱི་དབང་མཆོག་ཐོབ་ནས་ཀྱང་།། ཕྱག ་རྡོར་ཐུགས་དང་ལྡན་གྱུར་ཅིག། ཁྱོད་ཀྱི་དབང་མཆོག་ནོས་པ་ཡིས།། བགེགས་དང་ལོག་འདྲེན་ཐམས་ཅད་ཀུན།། ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག། དེ་སྐད་བྱས་ལ་སློབ་མ་ཡང་།། ཕྱག་རྡོར་ཐུགས་སུ ་བྱིན་གྱིས་བརླབ།། ཨོཾ་སྥུ་ཏ་སྥུ་ཏ་མཧཱ་ཀྲོ་ཏ་ཧཱུཾ། སིདྡྷི་སིདྷི་སྥོ་ཏ་ཡ་ཧཱུཾ་ཕཊ། ཙིཏྟ་བཛྲ་སྭཱ་ཧཱ། ཙིཏྟ་བཛྲ་སྭཱ་ཧཱ།། དུས་མཆོག་བཟང་པོ་ནམ་ལངས་ནས།། ཇི་སྲིད་འཚོ་ཡི་བར་དུ་ནི། ཁྱོད་ཀྱང་ཕྱག་རྡོར་ཐུགས་སུ ་བྱས།། ཀླུ་ཚོགས་མང་པོས་ཚུགས་མི་འགྱུར།། དེ་ནས་བུམ་ཆུ་སྙིང་ཁར་བླུག། དེས་ནི་ཕྱག་ན་རྡོ་རྗེ་ཡི།། ཐུགས་སུ་གྱུར་པར་ཐེ་ཚོམ་མེད།། དེ་ནས་ལྷོའི་བུམ་པ་བཏེག་ལ།། ལྟེ་བའི་དབུས་སུ་རབ་གཞག་ལ།། ཧཱུཾ། ་ལས་ཀྱི་ཕྱག་ན་རྡོ་རྗེ་ཡི།། ཡོན་ཏན་དངོས་གྲུབ་ཐོབ་བྱའི་ཕྱིར།། སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ།། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་དབང་མཆོག་རྣམ་ལྔ ་ལས།། ཡོན་ཏན་དབང་མཆོག་བསྐུར་བ་ཡིས།། ཡོན་ཏན་དབང་མཆོག་ཐོབ་གྱུར་ཅིག། ཡོན་ཏན་དབང་མཆོག་ཐོབ་ནས་ཀྱང་།། ཕྱག་རྡོར་ཡོན་ཏན་ལྡན་གྱུར་ཅིག། ཁྱོད་ཀྱི་ཡོན་ཏན་བརྗོད་པ་ཡིས།། བགེགས་དང ་ལོག་འདྲེན་ཐམས་ཅད་ཀུན།། ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག། དེ་སྐད་བྱས་ལ་སློབ་མ་ལ།། ཕྱག་རྡོར་ཡོན་ཏན་བྱིན་བརླབས་བྱ།། ཨོཾ་སྥུ་ཏ་སྥུ་ཏ་མཧཱ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ།། ཙིཏྟ་བཛྲ་སྭཱ་ཧཱ། དུས ་མཆོག་བཟང་པོ་དེ་རིང་ནས།། ཇི་སྲིད་འཚོ་ཡི་བར་དུ་ནི། ཁྱོད་ཀྱང་ཕྱག་རྡོར་ཡོན་ཏན་བྱས།། ཀླུ་ཚོགས་མང་པོས་ཚུགས་མི་འགྱུར།། དེ་ནས་བུམ་ཆུ་ལྟེ་བར་བླུགས།། དེས་ནི་ཕྱག་རྡོར་ཡོན་ཏན་གྲུབ།། དེ་ནས་ནུབ ་ཀྱི་བུམ་པ་བཏེག་ལ།། སྐེའི་མགྲིན་པར་རབ་གཞག་ནས།། ཧཱུཾ། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། གསུང་གི་དངོས་གྲུབ་ཐོབ་བྱའི་ཕྱིར།། སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ།། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། སྐུ ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་དབང་མཆོག་རྣམ་ལྔ་ལས།། གསུང་གི་དབང་མཆོག་བསྐུར་བ་ཡིས།། གསུང་གི་དབང་མཆོག་ཐོབ་གྱུར་ཅིག། གསུང་གི་དབང་མཆོག་ཐོབ་ནས་ཀྱང་།། ཕྱག་རྡོར ་གསུང་དང་ལྡན་ནས་ཀྱང་། ཁྱོད་ཀྱི་ང་རྒྱལ་བརྗོད་ཙམ་གྱིས།། བགེགས་དང་ལོག་འདྲེན་ཐམས་ཅད་ཀུན།། ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག། དེ་སྐད་བྱས་ལ་སློབ་མ་ཡང་།། ཕྱག་རྡོར་གསུང་དུ་བྱིན་གྱིས ་བརླབ།། ཨོཾ་སྥུ་ཏ་སྥུ་ཏ་མ་ཧཱ་ཀྲོདྷ་ཧཱུཾ། སིདྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ། ཀཱ་ཡ་བཛྲ་སྭཱ་ཧཱ། དུས་མཆོག་བཟང་པོ་དེ་རིང་ནས།། ཇི་སྲིད་འཚོ་ཡི་བར་དུ་ནི། ཁྱོད་ཀྱང་ཕྱག་རྡོར་གསུང་དུ་བྱས།། ཀླུ་ཚོགས་མང་པོས་ཚུགས་མི ་འགྱུར།། དེ་ནས་བུམ་ཆུ་མགྲིན་པར་བླུགས།། དེ་ནས་བྱང་གི་བུམ་པ་བཏེག་ལ།། གསང་བའི་གནས་སུ་རབ་གཞག་ལ།། ཧཱུཾ། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། འཕྲིན་ལས་དངོས་གྲུབ་ཐོབ་བྱའི་ཕྱིར།། སྐལ ་ལྡན་ཁྱོད་ལ་བསྐུར་བར་བྱ།། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་དབང་མཆོག་རྣམ་ལྔ་ལས།། འཕྲིན་ལས་དབང་མཆོག་བསྐུར་བ་ཡིས།། འཕྲིན་ལས ་དབང་མཆོག་ཐོབ་གྱུར་ཅིག། འཕྲིན་ལས་དབང་མཆོག་ཐོབ་ནས་ཀྱང་། ཁྱོད་ཀྱིས་འཕྲིན་ལས་བརྩམས་པ་ཡིས།། བགེགས་དང་ལོག་འདྲེན་ཐམས་ཅད་ཀུན།། ཟུག་རྔུ་ཙམ་ཡང་མེད་གྱུར་ཅིག། དེ་སྐད་བྱས་ལ་སློབ ་མ་ཡང་།། ཕྱག་རྡོར་འཕྲིན་ལས་བྱིན་གྱིས་བརླབས།། ཨོཾ་སྭ་ཏ་སྥུ་ཏ་མ་ཧཱ་ཀྲོདྷ་ཧཱུཾ་ཕཊ། སིདྡྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ། ཀརྨ་ནི་སྭཱ་ཧཱ། དུས་མཆོག་བཟང་པོ་དེ་རིང་ནས།། ཇི་སྲིད་འཚོ་ཡི་བར་དུ་ནི། ཁྱོད་ཀྱང་ཕྱག་རྡོར ་འཕྲིན་ལས་བྱས།། ཀླུ་ཚོགས་མང་པོས་ཚུགས་མི་འགྱུར།། དེ་ནས་བུམ་ཆུ་གསང་བར་བླུགས།། དེ་ནི་ཕྱག་རྡོར་འཕྲིན་ལས་གྲུབ།། དེ་ནས་སྔགས་བདག་དབང་ཡང་བསྐུར།། སྦྲུལ་མགོ་བདུན་པའི་གཟུགས་བརྙན ་ནི།། སློབ་མའི་མདུན་དུ་ངེས་པར་གཞག། ཚིག་བཤད་འདི་ཡང་བརྗོད་པར་བྱ།། བུ་ཚུར་ཉོན་ཅིག་དབང་ལྡན་ཁྱོད་ལ།། ཕྱག་རྡོར་སྐུ་རུ་ཁྱོད་བྱས་ཏེ།། ཀླུ་རྒྱལ་ཆེན་པོ་གྲུབ་པའི་གཟུགས།། བྲན་དང་ཁོལ་པོ་ཡང ་གཡོག་དང་།། འབངས་དང་ཚུལ་དུ་སྔོན་དུ་གཏང་། ཁྱོད་ཀྱིས་རྟག་ཏུ་འདི་སྒྲུབས་ཤིག། ཀླུ་ཡི་དམ་ཚིག་ཁྱོད་ཀྱིས་སྲུང་།། ཀླུ་ཡི་སྙིང་པོ་ཁྱོད་ཀྱིས་ཟློས།། ཀུ་ཡི་གཏོར་མ་རྒྱས་པ་ཁྱོད་ཀྱིས་ཐོང་།། རྒྱས་པའི་ཀླུ་སྒྲུབ ་བྱེད་པའི་ཚེ།། འདོད་ཆགས་བསྣོལ་དང་བརྩོག་ཀྱང་སྤོང་།། དཀར་གསུམ་ཟས་དང་དངར་གསུམ་ཟས།། བ་དམར་འོ་མ་ཁྱོད་ཀྱིས་སྟེན།། དམ་ཚིག་མཆོད་པ་གསང་སྔགས་ཟློས།། གཉེན་པོ་བསྒྲུབ་པ་ཡུན ་མ་ཟུང་།། འོན་ཏམ་འབྲས་བུ་གྲུབ་ནས་ཀྱང་།། ཅི་འདོད་དངོས་གྲུབ་གཏེར་བར་འགྱུར།། ཨོཾ་སྥུ་ཏ་སཱུ་ཏ་མ་ཧཱ་ཀྲོདྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟློས་སུ་གཞུག། དེ་ནི་སྔགས་བདག་མདུན་དུ ་ནི།། བྲན་གྱི་དངོས་པོ་མཆིས་པར་བསམ།། དེ་ནས་གཏོར་མའི་དབང་བསྐུར་སྦྱིན། ཁྲོ་རྒྱལ་སྔགས་བདག་དགེས་བྱའི་ཕྱིར།། ཡོ་བྱད་འཚོགས་པའི་བ་ལིང་འདི།། བྱིན་གྱིས་བརླབས་ནས་ཁྱོད་ལ་གཏད། ཁྱོད་ཀྱིས ་ཀྱང་ནི་རྟག་ཏུ་ཐོང་།། དེ་ནས་ཀྱང་དངོས་གྲུབ་པར་ཆོད་སྲུང་།། དེ་ནས་བདུད་རྩིའི་དབང་བསྐུར་ཏེ།། ཀླུ་རྣམས་གསོལ་མཛད་བདུད་རྩིའི་སྨན།། མ་ལུས་འཚོགས་པའི་བདུད་རྩི་འདི། ཁྱོད་ཀྱིས་འདུལ་བའི་དབང ་བསྐུར་གྱིས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་འབུལ།། དེས་ཀྱང་དངོས་གྲུབ་ཆེན་པོར་འགྱུར།། དེ་ནས་སྔགས་ཀྱི་དབང་བསྐུར་ཏེ།། གསང་ཆེན་ཕྱག་རྡོར་སྙིང་པོ་ཡིས།། ཀླུ་རྣམས་མ་ལུས་ཟིལ་གྱིས་གནོན།། ཕྱི་བསྒྲུབ ་ནང་བསྒྲུབ་གསང་སྔགས་ཀྱིས།། མཐའ་ཡས་འབུམ་ཕྲག་ལས་རྣམས་འགྲུབ།། བསྒྲུབས་ན[:]ལྷ་ཡང་འགྲུབ་པར་ངེས།། བསྐྲད་ན[:]ལྷ་ཡང་སྐྲོད་པར་ངེས།། སྦྱོར་བ་ཅི་བསམས་འགྲུབ་པར ་འགྱུར།། སྔགས་རིངས་གསང་སྒྲུབ་ཕྱི་དང་ནང་།། ཤོག་བུ་དག་ལ་བྲིས་ལ་ལག་ཏུ་གཏད། ཁྱེད་ཀྱང་རྟག་ཏུ་རྒྱུན་མ་གཅད།། དེ་ནས་གཏོར་མ་གཉིས་པོ་གཏང་།། སྔགས་བདག་ཕྱག་ན་རྡོ་རྗེ ་ཡི།། འབྲས་ཆེན་ལ་སོགས་རྣམས་ཀྱང་གཏང་།། བདུད་རྩི་བུམ་པ་ཀུན་ཀྱང་དབུལ།། དེ་ནས་ཕྱག་གསུམ་བྱེད་དུ་གཞུག། ཚིག་བཤད་འདི་ཡང་བརྗོད་དུ་གཞུག། ཧོ། བླ་མ་རྡོ་རྗེ་འཛིན་པ་དང་།། དཔལ་ལྡན་ཕྱག ་ན་རྡོ་རྗེ་དང་།། སྔགས་བདག་ལ་སོགས་ཀླུ་ཚོགས་ཀྱིས།། སྤྱན་སྔར་ཇི་ལྟར་དམ་ནོས་པ།། དེ་ལྟར་བདག་གིས་དབང་ཡང་ཐོབ།། དུས་འདི་ནས་གཟུང་ནས་ཇི་སྲིད་འཚོའི་བར།། བདག་ཀྱང་ཕྱག་ན་རྡོ་རྗེ ་ལས།། སྔགས་བདག་ལ་སོགས་བྲན་དུ་བྱས།། དེ་ལྟར་བརྗོད་པའི་བླ་མ་ལ།། གསེར་དང་དངུལ་དང་བྱུ་རུ་དང་།། མུ་ཏིག་མན་ཤེས་ཨ་ཀ་རུ།། ཟངས་ལྕགས་འཁར་བའི་རྒྱན་ཅན་དང་།། གསེར་གཡུ་བང་མཛོད ་འབྲུ་སྣ་དང་།། དར་དང་ཟ་འོག་གནས་དང་ཁྱིམ།། ཡུལ་ཞིང་བ་ལང་གླང་པོ་ཆེ།། རྟ་མཆོག་པ་མོ་རྟ་རྒོད་དང་།། བུ་དང་ཆུང་མ་ནོར་གྱི་དབྱིག། བདག་རང་གིས་ཀྱང་སྣ་དྲངས་ནས།། ཡིད་འཐད་གཅེས་པའི་ནོར ་རྣམས་ཀྱང་།། བླ་མ་ལ་ནི་དབུལ་བར་བྱ།། ནོར་དང་དབུལ་བའོ།། དེ་ནས་བུམ་ཆུ་ཀུན་བསྡོམས་ལ།། སློབ་མ་རྣམས་ལ་ཁྲུས་བྱ།། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་ཕྱིར་བཟློག ་ལ།། ས་ཚོན་ཕྱགས་ལ་ཆུ་ལ་དབོ།། དེ་ལྟར་དབང་མཆོག་ཟབ་མོ་ནི།། སངས་རྒྱས་ཀུན་གྱིས་ཀྱང་ནི་བྱིན་གྱིས་བརླབས་པའོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱིས་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། འཁོར་ལོ་དགུ་པའི་དཀྱིལ་འཁོར་གྱི། ཁོག་དབུབ་རིམ་པ་ཇི་ལྟར་བགྱི།། བདག་གིས་མ་འཚལ་བཤད་དུ་གསོལ།། ལེགས་སོ། ་དཔལ་ལྡན་ཕྱག་ན་རྡོར། ཁྱོད་ལ་ང་ཡིས་བསྟན་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། བཅའ་བ་རྫས་དང་བྱུག་པ་རྒྱན།། གཉེན་པོའི་གཤེད་དང་བསྒྲུབ་པ་སྔགས།། རྒྱན་གདན་གཟུགས་དང་རྟེན ་བཅའ།། ངན་སྔགས་བྱད་བཙོན་དུ་བཟུང་།། མ་གྲུབ་སྤོགས་པའི་ཆོ་ག་ཡིས།། དྲག་པོའི་འཁོར་ལོ་བསྐོར་བར་བྱ།། བཅའ་བ་རྫས་ལ་རྣམ་པ་བཅུ་སྟེ།། ཉུང་ཀར་གུ་གུལ་དཀར་པོ་དང་།། སྐེ་ཚེ་མི་ཤ་ག་པུར ་དང་།། རྨ་བྱའི་མདོངས་དང་བཙན་དུག་ར།། རྒྱ་ཚ་རང་གི་ག་པུར་དགུ།། གླ་རྩི་དང་ནི་རྫས་རྣམས་ཀུན།། ཤ་བའི་པགས་པའི་ཁུག་མ་རུ།། བླུག་ལ་མཆན་ཁུང་གཡོན་དུ་གདགས།། བྱུག་པ་རྒྱན་གྱི་འཁོར་ལོ ་ནི།། ནང་གི་བུམ་པ་བཅས་ཏེ།། ཟངས་ཀྱི་འགུན་དེ་ནང་དུ་ནི།། ཀླུ་ཡོད་ཆུ་མིག་དགུ་ཡི་ཆུ།། རྒྱ་མཚོ་ཆེན་པོའི་ཆུ་དང་ནི།། གངས་ཀྱི་འཁྱག་པ་བཞུ་བའི་ཆུ།། ཆུ་བཞི་གཞི་བླངས་བུམ་པ་བཅའ།། བུམ་པའི་ནང་དུ་ཨ ་རུ་ར།། སྐྱུ་རུ་ར་དང་བ་རུ་ར།། སྦྲང་དང་བུ་རམ་པ་མར་འོ་མ་དང་།། ཕག་པ་ཁྱི་དཀར་འོ་མ་དང་།། ལུག་སྨུག་འོ་མ་དང་།། རྟ་དང་ཁྱི་དཀར་དང་།། སྔར་མེད་གཞོན་ནུ་མཛེས་པ་ཡི།། འོ་མ་རྣམས་ཀྱང ་བླག་པར་བྱ།། གླ་རྩི་དག་དང་ག་པུར་དང་།། ཀླུ་སྨན་སྣ་ཚོགས་འབྲུ་སྣ་ཚོགས།། བུམ་པའི་ནང་དུ་བླུགས་པར་བྱ།། བུམ་པ་རས་སྔོན་དག་གིས་གྲིལ།། མན་འཛི་དག་གི་ཁ་རུ་གཞག། བསྙེན་སྔགས་འབུམ་ཚོ་བཟླས ་པར་བྱ།། དེ་ནས་སྐབས་སུ་ཕྱི་ཁྲུས་ལེགས་བྱས་ལ།། མེ་ལོང་དུ་བུམ་པའི་ཆུ་སྒོ་ང་རེ།། བླུག་ནས་གུ་གུལ་དཀར་པོ་དང་།། འདག་པ་བྱས་ལ་ལུས་ཀྱི་གནད་དུ་བསྐུ།། བསྐུ་བ་ལ་ཡང་རྣམ་གཉིས་ཏེ།། གནས་ལྔ་སྲུང ་ཞིང་རྩ་བཞི་གནན།། དེ་ཡང་བླ་མའི་ཞལ་ལ་ཤེས།། གསང་ཆེན་ཕྱག་རྡོར་སྙིང་པོ་བཟླས།། མཐེ་བོང་ཙམ་གྱི་སྐུ་ཡང་བསྒོམ།། དེ་ལྟར་བྱུག་པ་བྱས་ནས་ཀྱང་།། ཀླུ་རིགས་ཀུན་གྱིས་ཚུགས་མི་འགྱུར།། སྠི། གཉེན་པོ ་གཤེད་ཀྱི་འཁོར་ལོ་ཡང་།། རྣམ་པ་གཉིས་སུ་ཤེས་པར་བྱ།། ཕྱི་བསྒྲུབ་དུས་སུ་ཕྱག་རྡོར་སྐུ།། ནང་བསྒྲུབ་དུས་སུ་བྱང་ཁྱུང་ཀ་རུ་བཟླ།། དེ་གཉིས་གྲུབ་ན་སྔགས་བདག་གྲུབ།། བསྒྲུབ་པའི་སྔགས་ནི་ཕྱི་ནང་ངོ་།། སྐྲྀ།། ་རྒྱན་དམ་པ་གཟུགས་ཀྱི་འཁོར་ལོ་ནི།། ཡ་ལ་ཐོ་བྱ་རྨ་བྱ་ལྔ།། མགོ་བའི་ཕྱོགས་བཞི་དབུས་དང་ལྔ།། ལེགས་པར་ནན་ཏན་གཟུགས་པར་བྱ།། དེ་ཡང་གཉེན་པའི་རྗེས་སུ་ཤེས།། སྠི། རྟེན་བཅའ་བ་ཡི་འཁོར་ལོ ་ནི།། རིས་སུ་བྲིས་དང་ལུགས་སུ་བླུག། འབུར་དུ་གཏོད་དང་རྒྱན་ཆེན་བཏགས།། སྤྱན་དབྱེ་ལ་སོགས་ཇི་བཞིན་བྱ།། དེ་ཡང་བརྟེན་བཅས་དེའི་ལེའུ་ལས་ཤེས།། སྠི། ངན་སྔགས་བྱད་ལ་གཉིས་ཏེ།། བགེགས་ལ ་སྔགས་རྒོད་གདགས་པ་དང་།། དགྲ་ལ་གདགས་པ་གཉིས་ཡིན་ཏེ།། བགེགས་ཀྱི་སྔགས་ལ་སྔགས་ཆེན་པོ།། བརྒྱ་དང་བཅུ་དགུའི་དྲག་སྔགས་ཀྱིས།། ཀླུ་རྒྱལ་ཆེན་པོའི་སྙིང་བསྐུལ་ནས།། དམ་ཉམས་འབྱུང་པོ་རྡུལ ་དུ་ལྷོགས།། དགྲ་ལ་གདགས་པ་འབུམ་ཡོད་དེ།། ནང་བསྒྲུབ་ནང་ནས་ཤེས་པར་བྱ།། སྠི། དྲག་པོའི་འཁོར་ལོ་བསྐོར་བ་ལ།། རྣམ་པ་གཉིས་སུ་ཤེས་པར་བྱ།། བསྐོར་བའི་ཚུལ་དུ་བསྐོར་བ་དང་།། དཀྲུགས་པའི ་ཚུལ་དུ་བསྐོར་བ་དང་།། དེ་ཡང་དཀྲུགས་པའི་ལེའུ་ལས་ཤེས་པར་བྱའོ།། སྠི། དེ་ལྟར་ཕྱི་ཡི་འཁོར་ལོ་དགུ།། ཟབ་མོ་སྦྱོར་བའི་མན་ངག་སྟེ།། ཀུན་གྱིས་ཤེས་ན་ངོ་མཚར་མེད།། སངས་རྒྱས་ཀུན་གྱི་ཐུགས་བྱུང ་བའོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། འཁོར་ལོ་དགུ་ཁོག་དབུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། བརྒྱ་དང་བཅུ་དགུའི་དྲག ་སྔགས་ཀྱིས།། བསྙེན་པའི་ཤམ་བུ་བྱས་ནས་ཀྱང་།། ཇི་ལྟར་འབྱུང་པོ་ཚར་གཅད་པ།། བདག་གིས་མ་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡི་བཤད་པར་བྱ། ཁྱོད་ཀྱང་རྩེ ་གཅིག་ཡིད་ཀྱིས་ཉོན།། བསྙེན་སྔགས་སྒྲུབ་པའི་རྣལ་འབྱོར་པས།། ཤིན་ཏུ་ཆེ་བའི་བགེགས་རྣམས་ལ།། དྲག་པོ་སྔགས་ཀྱི་སྦྱོར་བ་ཙོམ།། ཨོཾ་སྥུ་ཏ་སྥུ་ཏ་ན་ག་ར་ཛ་ཚེ་ཚེ་ན་རཱ་ཛ་འུར་འུར། ན་ག་རཱ་ཛ ་མྱགས་མྱགས། ནཱ་ག་རཱ་ཛ་ཧུར་ཧུར། ནཱ་ག་ར་ཛ་ནན། ཕུ་ཡུ། ཏན་ཏུ་པ། ནག་པོ་བམ་ཙི་ཙི་རྒྱས། ཏྲག་ཐུར་སྙིང་ལ་གུལ་གུལ། མྱགས་མྱགས། རྩ་བཞི་བསྐུམ། ཤན་ཤན་སྲོག་ལ་ཤན། ཚ་བྱུང་ནག་པོ་སོད། མཱ་ར་ཡ ་རྦུཆུདྲུད། ཐིག་ཤ་པྲ་བེ་ཤ་ཡ་རྦུད། ཙེ་ཙི་ཏྲི་པ་ལི་མི་ལི་ཀ། འདར་འདར་ཧཱུཾ་ཧཱུཾ་ཕཊ།། ནི་ཤ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ཧ་ཞེན་ཧ་ཞེ་ན། ནཱ་ག་ཞེན་ན་གཞེན། ནཱ་ག་རཱ་ཛ་ཀུ་མ་ར་བྷྱོ། བརྒྱ་དང་བཅུ་དགུའི་ལས་ཀྱིས་ནི།། དགྲ ་བགེགས་ཐམས་ཅད་ཐལ་བར་གཏོང་།། སྟོང་ཚོ་གཅིག་ཏུ་བཟླས་གྱུར་ན།། ལྷ་ཆེན་ཚངས་པའང་འཆི་འགྱུར་ན།། གནོད་བྱེད་བགེགས་ལ་སྨོས་ཅི་དགོས།། འཛམ་བུའི་གླིང་ནས་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ ་མཆོད་རྟེན་གྱིས་རྒྱུད་ལས། དྲག་སྔགས་དྲག་པོས་བགེགས་ཚར་གཅད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། འཁོར་ལོ་དཀྲུགས་པའི་རིམ་པ ་ཡིས།། སྔགས་བདག་བྲན་ཞིང་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཤོག་བུ་གྲོ་ག་རས ་དག་ལ།། གུར་ཀུམ་ཆུ་ཡིས་འཁོར་ལོ་ནི།། རྩིབས་བརྒྱད་ཕྱི་རིམ་མུ་ཁྱུད་གསུམ།། རིམ་པ་ཇི་བཞིན་བསྐོར་བར་བྱ།། དེ་ཡི་ཕྱི་རིམ་མེ་རིས་བསྐོར།། འཁོར་ལོའི་ལྟེ་བར་སྔགས་བདག་གཟུགས།། གུར་གུམ་ཆུ་ཡིས ་ཚད་ལྡན་བྲི།། འཁོར་ལོའི་རྩིབས་ལ་སྤུ་ཏའི་སྔགས་བྲི།། སྔགས་ཀྱི་གོད་སྙོམས་དགོད་པར་བྱ།། ཕྱི་རོལ་མུ་ཁྱུད་དང་པོ་ལ།། སྔགས་རིངས་དག་གིས་བསྐོར་བར་བྱ།། དེ་ནས་ནང་གི་མུ་ཁྱུད་ལ།། གསང་བསྒྲུབ ་བསྔགས་ཀྱིས་བསྐོར་བར་བྱ།། དེ་ཡི་ནང་གི་མུ་ཁྱུད་ལ། ཁྱི་རྒྱ་དུབ་པའི་སྔགས་ཀྱིས་བསྐོར།། དེ་ནས་བདག་གཞན་བསྐྱེད་པར་བྱ།། སྒོ་བའི་རིམ་པ་བྱས་ནས་ནི།། ཟངས་སམ་འཁར་བའི་ག་འུར་གཞུག། གཡམ ་ཁང་གྲུ་བཞིའི་ནང་དུ་གཞུག། རྟག་ཏུ་སྤོས་དང་ཙན་དན་བྱུག། དམ་ཚིག་མི་ཡི་སེལ་མི་གཞུག། རང་ཉིད་གསང་བསྒྲུབ་བསྙེན་རྫོགས་ནས།། དྲག་པོའི་འཁོར་ལོ་བསྐོར་བར་བྱ།། དེ་ནས་མཚམས་གཅད་བསྙེན་པ ་དང་།། དེ་ནས་ལས་ཀྱི་འཁོར་ལོ་དཀྲུག། དང་པོ་རིག་བྱེད་རྒྱལ་པོ་གཞུག། དེ་རྟིང་ཁྲོ་བོའི་ས་བོན་གཉིས།། དེ་རྟིང་ཁྲོ་བོ་ཆེན་པོ་གཞག། དེ་རྟིང་དྲག་པོའི་གཟིར་བ་གཞག། དེ་རྟིང་དྲག་པོས་ས་བོན་གཞག། དེ་རྟིང ་དངོས་གྲུབ་སྙིང་པོ་གཞག། དེ་རྟིང་ནཱ་གའི་སྙིང་པོ་གཞག། དེ་རྟིང་ཞི་བའི་ས་བོན་གཞག། ཕྱི་བསྐོར་སྐུ་ཡི་དྲག་སྔགས་ཀྱིས།། ཀླུ་རྣམས་མ་ལུས་བསྐྲད་པར་འགྱུར།། དེ་ནས་ནང་གི་རིམ་པ་ལ།། དང ་པོ་ས་བོན་གཉིས་པ་གཞག། དེ་རྟིང་རིག་བྱེད་རྒྱལ་པོ་གཞག། དེ་རྟིང་དྲག་པོ་གཟིར་བ་གཞག། དེ་རྟིང་ཆེན་པོའི་ཁྲོ་བོ་གཞག། དེ་རྟིང་དངོས་གྲུབ་སྙིང་པོ་གཞག། དེ་རྟིང་དྲག་པོའི་ས་བོན་གཞག། དེ ་རྟིང་ནཱ་གའི་སྙིང་པོ་གཞག། དེ་རྟིང་ཞི་བའི་ས་བོན་གཞག། ནང་བསྐོར་གསུང་གི་དྲག་སྔགས་ཀྱིས།། ཀླུ་རྣམས་མ་ལུས་བརྒྱལ་བར་འགྱུར།། དེ་ནས་ཐུགས་ཀྱི་རིམ་པ་ལ།། དང་པོར་ཁྲོ་བོ་ཆེན་པོར་བཞག། དེ་རྟིང ་རིག་པའི་རྒྱལ་པོ་གཞག། དེ་རྟིང་ས་བོན་གཉིས་པ་གཞག། དེ་རྟིང་དྲག་པོའི་གཟིར་བ་གཞག། དེ་རྟིང་དངོས་གྲུབ་སྙིང་པོ་གཞག། དེ་རྟིང་ས་བོན་གཅིག་པ་གཞག། དེ་རྟིང་ན་གའི་སྙིང་པོ་གཞག། དེ་རྟིང་ཞི་བའི་ས ་བོན་གཞག། གསང་བསྐོར་ཐུགས་ཀྱི་དྲག་སྔགས་ཀྱིས།། ཀླུ་རྣམས་མ་ལུས་བརླག་པར་འགྱུར།། དེ་ལྟར་འཁོར་ལོ་བསྐོར་བྱས་ནས།། གསང་སྔགས་གཉིས་ཀྱང་བརླག་པར་འགྱུར།། ཏིང་འཛིན་སྔགས་སྦྱོར་རྒྱུན་མི ་གཅད།། བདག་ཉིད་ལྷ་མཆོག་སྐུར་གསལ་བསྒོམ།། དེ་ལྟར་བྱས་ནས་སྔགས་བདག་ནི།། བྲན་གྱི་དངོས་པོར་དངོས་སུ་འོང་།། ཀླུ་གཏོར་རྒྱས་པ་རྟག་ཏུ་གཏང་།། ཟླ་བ་གསུམ་དུ་བསྐོར་གྱུར་ན།། དངོས་སུ་སྐད་ངན ་འོང་།། རྟགས་ཀྱི་མཚན་མ་མི་སྟས་ཀུན།། བླ་མའི་ཞལ་ནས་ཤེས་པར་བྱ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། སྔགས་བདག་ལས་མ་བཏུབ་ན་དྲག་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅོ་ལྔ ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཞུ་འདུལ་རིམ་པ་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས ་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོར་བདག་གཞན་ལེགས་བསྐྱེད་ལ།། ཐུགས་ཁར་སྔགས་ཀྱི་འཕྲེང་བ་བསམ།། དེ་ནས་དམ་ལ་བཏགས་པའི་ཚེ།། དྲག་པོ་སྔགས་ཀྱི་འོད་ཟེར་གྱིས།། ནད ་པའི་རྨ་ཚོགས་བསྲེགས་ནས་ཀྱང་།། ནད་ཀྱི་དངོས་པོ་གང་ཡིན་པ།། བྱ་སྒྲོ་ཐབ་ཏུ་ཚིག་ལྟར་བསྒོམ།། དེ་ནས་སྔགས་དེ་རང་ལ་འདུས།། སྔ་མ་བས་ཀྱང་གཟི་མདངས་ཆེ།། ཞོ་རྒྱལ་བཞིན་དུ་བདག་ཉིད་བསམ།། དེ ་འབྲའི་སྦྱོར་བ་ཟབ་མོ་ནི།། སངས་རྒྱས་ཀྱིས་ཀྱང་མི་བརྙེས་སོ།། རྟོག་པའི་རྒྱལ་པོ་ལས། ཞུ་འདུལ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། ཁྲུས་ཀྱི ་བུམ་པ་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བསྟན་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོ་དཀྱིལ་འཁོར་རྒྱས་པའི ་རྩར།། གསེར་དངུལ་ཟངས་ལྕགས་བུམ་པ་རུ།། གཙང་མའི་ཆུ་དང་བ་མར་འོ་མ་རུ།། ཨ་རུ་ར་དང་སྐྱུ་རུ་ར།། བུ་རམ་སྦྲང་དང་ག་པུར་མུ་ཏིག་ཤེལ།། བུམ་པའི་སྙིང་པོ་འཚོགས་པར་བླུག། དེ་ནས་བུམ་པ་བསྐྱེད་བྱ ་སྟེ།། དང་པོ་སྟོང་ཉིད་ཏིང་འཛིན་སྒོམ།། དེ་ནས་བྷྲཱུཾ་ལས་བ་ན་དྷ་ནི།། རིན་ཆེན་གཞལ་ཡས་བསྒོམ་པར་བྱ།། དེ་ནས་དབུས་སུ་ཧཱུཾ་ལས་ཕྱག་ན་རྡོ་རྗེའི་སྐུ།། སྔ་མ་ཇི་བཞིན་བསྒོམ་པར་བྱ།། ཡེ་ཤེས ་སེམས་དཔའ་བཀུག་ལ་བསྟིམ་པར་བྱ།། དེ་ནས་ཉུངས་ཀར་དག་ལ་བཟླས་ལ་བུམ་པར་བླུག། ཁྲོ་ཆུང་མཚོན་ཆ་ཅན་དུ་བསྒོམ་པར་བྱ།། དེ་ནས་ནང་པར་སྔོན་དེ་རུ།། ནད་པ་ཁྲུས་བྱས་དབྱུང་བར་བྱ།། སྔགས ་བཟླས་ཞུ་འདུལ་དེར་ཡང་བསམ།། མཐའ་རྟེན་ཤན་ཏིང་ཀུ་རུ་གདགས།། དེ་ན་གཉིད་ཀྱི་སྤོགས་ཀྱང་ཐོན།། རྟོག་པའི་རྒྱལ་པོ་ལས། བུམ་པས་ཁྲུས་སྦྱོར་བས་གཉིས་ཀྱི་སྤོགས་འདོན་པའི་ལེའུ་སྟེ་བཅུ་བདུན ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། རྨི་ལམ་རྟགས་དང་རྨི་ལམ་སྤོགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོར། ཁྱོད་ལ་ང ་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། སྦྲུལ་དང་སྦལ་པ་ལྕོང་མོ་ཆུ་ལུག་ཆུ་རྟ་ཆུ་གླང་མཛོད་དང་རྟོལ། སྡིག་པ་རྩངས་པ་སྲེ་མོ་བྱི་བ། ཁྱི་དང་ཕག་པ་ཉ་ཁྱི་བ།། སྡོམ་དང་ཁ་བརྒྱད་བྱི་ལ་དང་།། ཆུ ་དང་བུད་མེད་རལ་པ་ཅན།། སེམས་ཅན་མ་རུང་སྣ་ཚོགས་དང་། ཁྱེའུ་གཞོན་ནུ་མང་པོ་དང་།། སྐྱེས་པ་གཞོན་ནུ་མང་པོ་དང་།། གཡག་ཆེན་འབུམ་སྡེ་འགྱེད་པ་དང་།། འདེད་དང་ནོར་རྣམས་བཀའ་བ་དང་།། བདག ་གིར་བྱེད་དང་ཤུལ་དུ་འོང་།། ཤིན་ཏུ་བཟང་པོར་རབ་ཏུ་བཤད།། དེ་རྣམས་ལུས་ལ་འཁྲིས་པ་དང་།། དེད་དང་རྡེག་དང་ཟ་བ་དང་།། བདག་ལ་གཟུགས་མི་སྡུག་པ་སྟོན།། རྨི་ལམ་ལ་སོགས་ཡིན་ཤིན་ཏུ་ངན།། དེ ་རྣམས་འདོན་པའི་རིམ་པ་ནི།། གང་བྱུང་གཟུགས་བརྙན་ལེགས་བྱས་ལ།། མཎྜལ་ཁར་བཞག་མཆོད་པ་ལེགས་པར་འབུལ།། དུག་སྦྲུལ་དུག་རྣམས་འདོན་ཞིང་དངོས་ལ་རྨ་བྱས་བྱ་བ།། དེས་ནི་རྨི་ལམ་སྤོགས ་རྣམས་ཐོན།། ཡང་དག་ལུས་ནི་ཐལ་བར་ཉིགས་པར་བསྒོམ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། རྨི་ལམ་གྱི་སྤོག་འདོན་པ་དང་། རྨི་ལམ་གྱི་རྟགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཕྱག ་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཀླུ་རྒྱལ་ལས་ཀྱི་སྔགས་སྦྱོར་གྱིས།། ཀླུ་གཉེན་བགེགས་སོགས་མ་ལུས་པ།། ཐུན་སྔགས་བཅོ་བརྒྱད་ཇི་ལྟར་བྲབ།། བདག་གིས་མི་འཚལ་བཤད་དུ ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོར། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཨོཾ་བཛྲ་ནཱ་ག་རཱ་ཛ་ནཱ་ག་པུ་མེ་ས་ཀྲ་བཛྲ་ཡག་ཤ་ཀྲོདྷ་ན་ག་མ་ར་ཡ་ཕཊ། ཨོཾ་བཛྲ་ཏིག་སཱ་ནཱ་ག་ར ་ཛ་ས་མ་ཡ། ཁད་ཁ་ཕུ་མེས་ཀྲ་མཱ་ར་ཡ་ཕཊ། ནཱ་ག་ར་ཛ་ཙཀྲ་ནཱ་ག་པུ་མ་ས་ཀྲ་མཱ་ར་ཡ་ཕཊ། ནཱ་ག་རཱ་ཛ་གར་ན་ས་ཏ་ན་ག་ཕུ་མེ་ས་ཀྲ་མ་ར་ཡ་ཕཊ། ནཱ་ག་ར་ཛ་མུད་ཀ་ར་ཡ་ཀྲོ་དྷ་ཡ་ནཱ་ག་པུ་མེ་ས་ཀྲ་མ་ར་ཡ ་ཕཊ། ན་ག་རཱ་ཛ་ག་ཏོ་རང་ན་ག་པུ་མེ་ས་ཀྲ་མ་ར་ཡ་ཕཊ། ནཱ་ག་རཱ་ཛ་ཐིབས་ཐིབས། མུགས་མུགས་ནཱ་ག་པུ་མེ་ས་ཀྲ་མཱ་ར་ཡ་ཕཊ། ནཱ་ག་རཱ་ཛ་ར་ག་ནཱ་ག་པུ་མེ་ས་ཀྲ་མཱ་ར་ཡ་ཕཊ། ནཱ་ག་རཱ་ཛ་ར་ཀ་ཤ ་ན་ག་པུ་མེ་ས་པྲ་མཱ་ར་ཡ་ཕཊ། ན་ག་རཱ་ཛ་མ་དུ་དམིག་རག་ཤ་ན་ག་པུ་མེ་ས་ཀྲ་མཱ་ར་ཡ་ཕཊ། ན་ག་རཱ་ཛེ་བཛྲ་ཀ་ར་མ་བཛྲ་མད་ཀར་སྟོང་ཐོག་རག་ཤ་པ། ཏ་ལིང་དུ་མེ་རག་ཤ་ན་ག་ཤ་མཱ་ར་ཡ་ཕཊ། ཨ་ག་ནི་ཛ་རཾ ་ཀྲོདྷ་མཱ་ར་ཡ་ཕཊ། ཨག་ནེ་པྲ་བྷྱོ་བྷྱོ་ཕཊ། ཨག་ནི་ཛ་ལ་མཱ་ར་ཡ་ཊ། རཾ་ཛ་ལ་རཾ་མཱ་ར་ཡ་ཕཊ། ནཱ་ག་རཱ་ཛ་ནཱ་ག་ཞུང་ཞུང་། རྦད་མཱ་ར་ཡ་ཕཊ། ནཱ་ག་རཱ་ཛ་ཀཱི་ལ་ཡ་པུ་མེ་ས་ཀྲ་མཱ་ར་ཡ་ཕཊ། ན་ག་རཱ་ཛ་པ་ལྟར་ཆེམ ་པུས་མེ་ས་ཀྲ་མ་ར་ཡ་ཕཊ། དྲག་པོ་ལས་ཀྱི་ཐུན་སྔགས་ཏེ། བཅོ་བརྒྱད་ལས་ཀྱི་གཟེར་སྔགས་ཏེ། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། སངས་རྒྱས་ཀུན་གྱི་ཐུགས་ཡང་ཡིན། ནཱ་ག་རཱ་ཛ་སྟཾ་པ་ཡ། ནཱ་ག་རཱ་ཛ་ཨུ ་ཏ་ར་ཙ་ཨ། ནཱ་ག་རཱ་ཛ་མ་ར་ཡ། ན་ག་རཱ་ཛ་ཨཾ་གུ་ཤ་ཡ། ནཱ་ག་ར་ཛ་བ་ཤ་ཧོ། ནཱ་ག་རཱ་ཛ་ཞིབ་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ནཱ་ག་རཱ་ཛ་ཀྲ་སེ། ནཱ་ག་རཱ་ཛ་བི་ཤ་བ་ཡ། ན་ག་རཱ་ཛ་ཏ་པ་ཏ་ཡེ། ནཱ་ག་རཱ་ཛ་པྲ་སྟ་ར། ན་ག་རཱ་ཛ ་སྦར་ན་ཕཊ། ནཱ་ག་རཱ་ཛ་ཧཱུཾ། ནཱ་ག་རཱ་ཛ་ཆེམ་ཆེམ། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། དྲག་པོ་སྔགས་དབྱེ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ ་ཅན། ཁྱི་བརྒྱ་དུ་བ་ལ་སོགས་ཀྱིས།། ཀླུ་རྒྱལ་ཆེན་པོ་ཇི་ལྟར་བསྒྲུབ།། བདག་གི་མིང་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས ་ཉོན།། དང་པོར་བདག་གཞན་ལེགས་བསྐྱེད་ལ།། བཀའ་བསྒོ་རིམ་པ་བྱས་ནས་ནི། ཁྱི་རྒྱབ་དུབ་པའི་བསྙེན་པ་དྲང་།། དེ་བཤད་པའི་བསྒྲུབ་པ་རྣམས།། སྤུ་ཏིའི་ལས་བཞིན་འདིར་ཀྱང་མཐུན། ཁྱད་པར་ལས་ཕྲག ་བཅུ་གཅིག་བཤད།། དེ་ནས་ཀླུའི་རྒྱལ་པོ་ཁྲོས་པ་དང་། དགྲ་ཐམས་ཅད་འཇོམས་པར་བྱེད་པ། མ་རུངས་པ་ཐམས་ཅད་འདུལ་བར་བྱེད་པ། གཏུམ་པོ་རྣམས་སྲུང་བར་བྱེད་པའི་ཆོ་ག་བརྗོད་པར་བྱའོ།། ཉུངས་ཀར ་དང་། བའི་ལྕི་བ་དང་། གཅིན་དང་སྦྱར་ལ། ཀླུའི་རྒྱལ་པོ་སྦྲུལ་མགོ་བདུན་པ་ལ་ལི་ཁྲིས་བསྐུས་ཏེ་དཀྱིལ་འཁོར་གྲུ་བཞིར་བྱས་ལ། རྐང་པ་གཉིས་ཀྱིས་སྟེང་དུ་གནན་ཏེ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དབྱར ་གྱི་ཚེ་ན་སད་དང་རླུང་འབབ་པ་རྣམས་ལ། སྤྱི་བོར་རྡོ་རྗེ་བསྣུན་ལ། དེའི་ཚེ་རླུང་དང་། སད་དང་། མི་བཟད་པ་རྣམས་འབེབས་པར་མི་བྱེད་ཅིང་། ཇི་ཙམ་གཟུགས་བརྙན་གྱི་བར་དུ་སེར་བ་ཕྱིས་ཀྱང་མི་འབྱུང ་ངོ།། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ། བརྒྱ་རྩ་བརྒྱད་པའི་སྔགས་བཟླས་ཏེ། ལུས་ཀྱི་དཀྱིལ་དུ་ལེགས་པར་བཏབ་ན། སད་དང་། རླུང་དང་། སྤྲིན་རྣམས་ཀུན་བསྡོམ་པར་གདོན་མི་ཟའོ།། དུས་དུས ་སུ་ན་གས་ཆར་ཀྱང་འབེབས།། གང་དུ་ཀླུ་རྒྱལ་གཟུགས་མཐོང་དོར།། མེ་ཏོག་ལོ་མ་འབྲས་བུ་དེར།། ཀུན་ཡང་གནོད་པར་མི་བྱེད་དོ།། རྣམ་པར་འཇིག་པར་མི་བྱེད་དོ།། གཟུགས་དེ་གང་ཡོད་མཐོང ་བ་ན།། ཐམས་ཅད་ཚིག་སྟེ་འབྲོས་པར་འགྱུར།། འོན་ཏེ་དགྲ་རྣམས་གཞོམ་པར་འདོད་ན། ས་བོན་བདུན་པ་པུ་དག་བསྲེས་ལ། ལན་ཚྭ་ནག་པོ་དང་དེ་ལ་བསྲེ། དེ་ལ་གཟུགས་བརྙན་བྱས་ཏེ། བརྒྱ་རྩ་བརྒྱད་དུ ་བཟླས་བརྗོད་བྱས་ལ། ཙི་ཏི་སྙིང་པའི་ནང་དུ་གནན། གང་གི་མིང་བཅུག་ན་མཁོན་དང་མི་སྲུན་ཞིང་། དབང་དུ་གྱུར་ནས་སྐྱབས་སུ་འགྲོ་བར་འགྱུར།། བྲན་དུ་གྱུར་ནས་བདག་ལ་འགོ་བར་འགྱུར།། འོན་ཏེ་བསྐྲད ་པར་འདོད་ན། ཧོ་གི་ཐལ་བ་དག་ལ་ནི།། བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་བྱ།། གཏོར་ན་ངེས་པར་བསྐྲད་དོ།། འོན་ཏེ་དེ་ཉིད་གསད་པར་འདོད་ན།། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་དུ་བྱས་ལ། བརྒྱ་རྩ ་བརྒྱད་པའི་སྔགས་སྙིང་ཁར་བཏབ་ནས་ཀྱང་། རི་བོའི་རྩེར་བསྐུལ་ན་ཞག་གསུམ་གྱིས་འཆི། ཕུར་བུ་དེ་ཉིད་ལྷ་ཁང་དག་ཏུ་བཙུགས་ན་ཐམས་ཅད་འཚིག་པར་འགྱུར་བར་གདོན་མི་ཟ། བསྐྲད་དང་གྲོང་ཁྱེར་གཞོམ ་པར་འདོད་ན།། ལྕགས་ཀྱི་ཕུར་བུ་སོར་བརྒྱད་ཚད་བྱས་ལ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ལ།། གྲོང་ཁྱེར་རཱ་ཛ་འགུ་ལི་སྒོར།། བཙུགས་མ་ཐག་ཏུ་གྲོང་ཁྱེར་འཇིག། གནོད་པ་གང་ཡང་སྨིན་པར་འགྱུར།། དེ་ཉིད ་དུར་ཁྲོད་དུ་བཅུག་ནས་ནི།། སྲིན་པོ་ཡི་དགས་གནོད་སྦྱིན་གྱིས། ཁྱིམ་རྣམས་ཐལ་བ་རྡུལ་བཞིན་གཏོང་།། ཀླུ་ཡོད་མཚོར་བཙུགས་ཁྱིམ་རྣམས་རྡུལ་དུ་རློག། འདི་བཞིན་དུ་ཡིད་ཀྱིས་བསམ་པའི་ལས་འབུམ་སྡེ་དག ་ཀྱང་བྱེད་པར་འགྱུར་རོ།། ཁྱད་པར་གྱི་ལས་བཅུ་གཅིག་པའོ།། གང་གིས་ཤེས་ན་ཀུན་ཀྱང་འགྲུབ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཁྱི་རྒྱ་དུབ་པ་ཁོའི་ཁྱད་པར་གྱི་ལས་བཅུ་གཅིག་པ་བསྟན་པའི་ལེའུ་སྟེ ་ཉི་ཤུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། སྦྱིན་སྲེག་ལ་སོགས་རིམ་པ་ཡིས།། འབྱུང་པོ་གནོད་བགེགས་ཇི་ལྟར་འདུལ།། བདག་གིས་མི་འཚལ་བཤད་དུ ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དབེན་པའི་གནས་སུ་རབ་འདུག་ལ།། དཀྱིལ་འཁོར་འབྲུབ་ཁུང་གྲུ་གསུམ་རྐོ།། གྲུ་གསུམ་ཁ་ལ ་ཁ་ཁྱེར་བྱ། ཁ་ཁྱེར་གྲུ་རེ་གྲུ་གསུམ་རེ།། རེ་རེ་ཁ་རུ་ལིང་ཁ་རེ།། མགོ་ཕྱིར་ལ་བསྟན་ལ་གཞག། ཁ་ཁྱེར་དག་ལ་རྩང་གིས་བསྐོར།། བྲུབ་ཁུང་ནང་དུ་རཾ་དང་ཕུ།། ས་དམར་དག་གིས་བྲི་བར་བྱ།། གཏོར་མ་འབྲས ་དང་ཆན་དང་ནི།། བདུད་རྩི་ལ་སོགས་ཀུན་ཀྱང་ནི།། ལེགས་པར་མདུན་དུ་གཞག་པར་བྱ།། ཉུངས་ཀར་ལ་སོགས་སྐེ་ཚེ་དུག་ཆུ་རྣམས།། གཡས་ཀྱི་ཕྱོགས་སུ་བཞག་པར་བྱ།། དུག་ཤིང་སྣ་ཚོགས་མདུན་དུ ་གཞག། རྣལ་འབྱོར་ཁ་ནི་ལྷོ་རུ་བསྟན།། ནད་པའི་འདུག་ས་ལྷོ་རུ་བྱ།། སྲིན་ལག་དང་ནི་ལིང་གའི་སྐེ།། ཚོན་སྣ་ལྔ་དང་འབྲེལ་བར་བྱ།། བདག་ཉིད་ཆར་པ་ཆུར་བཅུག་བགོ། སྲེ་མོག་དག་གིས་བྱང ་ལུས་བསྐུ།། སྐྲ་བཅིང་དབྱར་སྣམ་གོས་ཀྱང་བརྗེ།། དེ་ནི་སྔོན་འགྲོའི་རིམ་པའོ།། དེ་ནས་བདག་ཉིད་ཕྱག་རྡོར་སྐུར།། སྔ་མ་བཞིན་དུ་བསྒོམ་པར་བྱ།། དེ་ནས་གྲུ་གསུམ་བསྐྱེད་པར་བྱ་སྟེ།། ཧཱུཾ། སྐྱེ་མེད་ཨེ་ཡི་རང ་བཞིན་ནམ་མཁའ་འདྲ།། ནམ་མཁའ་ལ་རྟེན་འབྱུང་བའི་ཚོགས།། ཀུན་གྱི་གཞི་སྟེ་གྲུ་གསུམ་ཨེ་ཡི་གནས།། སྐྱེ་མེད་ནམ་མཁའི་རང་བཞིན་འགྱུར་མེད་ཀྱང་།། གཟུགས་བརྙན་འབྲུབ་ཁུང་བསྐྱེད་པར་བྱ།། ཡི་གེ་ཕུ ་ཡི་རང་བཞིན་སྤྲོས་པར་བྱ། ཨེ་ཨག་ནེ་མཎྜལ་དེས་འབྲུབ་ཁུང་ནི་གྲུ་གསུམ་དུ།། མཐིང་ནག་གྲུ་གསུམ་འབར་བར་བསྒོམ་པར་བྱ། དེ་ནས་རཾ་ལས་མེ་བསྐྱེད་དེ།། ཧཱུཾ། མེ་ཡི་ས་བོན་ཡི་གེ་རཾ།། རཾ་ལས་གདུག་པའི ་མེ་ལྕེ་བྱུང་།། གདུག་པའི་མེ་ལྕེ་འོད་ཟེར་གྱིས། ཁམས་གསུམ་མ་ལུས་སྲེག་པར་བྱེད།། སྲེག་བྱེད་མེ་ལྕེ་འབར་བ་ཆེ།། འབྲུབ་ཁུང་ཨེ་ཡི་གཞལ་ཡས་སུ།། འཇིག་རྟེན་བསྲེག་ཅིང་བཞུགས་སུ་གསོལ།། ཨེ་རཾ། དེས ་ནི་མེ་ཆེན་རབ་འབར་བའི།། འཇིག་རྟེན་དཀྱིལ་འཁོར་བསྐྱེད་པར་བྱ།། དེ་ནས་ཕུར་ལས་སྔགས་བདག་ནི།། ཧཱུཾ། སྔོན་གྱི་ཐུགས་དམ་རྗེས་དྲན་ལ།། ཨེ་མེ་ཡི་གདན་སྟེངས་སུ།། དྲག་པོའི་ཕུ་དམར་ཞུ་བ ་ལས།། སྔགས་བདག་མེ་ལྷའི་ཚུལ་སྟོན་ལ།། སྐུ་མདོག་དམར་པོ་མེ་ཡི་གཟུགས།། ལུས་ལ་མེ་འབར་འཇིག་རྟེན་བསྲེག། འཇིག་རྟེན་བསྲེག་པའི་མཐུ་བོ་ཆེ།། མེ་ཡི་ཚུལ་དུ་སྐུ་བཞེངས་འཚལ།། ཧཱུཾ་ཕུ། དེ་ནི་སྔགས ་བདག་སྐུ་ཡི་མཆོག། དམ་ཚིག་སེམས་དཔའ་བསྐྱེད་པའོ།། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ།། ཧཱུཾ། སྔགས་བདག་མེ་ཡི་ཚུལ་བསྟན་པ།། བཞུགས་ནི་མེ་རིའི་རྩེ་ལ་བཞུགས།། གནས་ནི་མེ་དཔུང་དཀྱིལ ་དུ་བཞུགས།། སྐུ་ནི་དམར་པོ་འཇིགས་པ་སྟེ།། ལུས་ལ་མེ་འབར་ལམས་སེ་ལམས། ཁ་ནས་མེ་འབར་སྟོང་གསུམ་སྲེག། མིག་ནས་མེ་སྟག་ཐོ་རོ་རོ།། ལག་ན་མེ་ཐོགས་སྟོང་གསུམ་སྲེག། སྤྱི་བོའི་གཙུག་ནས་མེ ་འཕྲོས་པས།། སྟེང་གི་ལྷ་ཡང་སྲེག་པར་བྱེད།། རྐང་པའི་ཞབས་ནས་མེ་འཕྲོས་པས།། འོག་གི་ཀླུ་བདུད་མ་ལུས་སྲེག། ཉི་མ་ལྷོ་ནུབ་མཚམས་ཤེད་ན།། གདུག་པའི་སྤྲིན་དམར་མཚམས་ཤེད་ན།། གདུག་པའི་མེ ་དཔུང་འབར་བ་ལ།། འཁོར་དུ་མེ་དཔུང་འབུམ་གྱིས་བསྐོར།། ས་དང་གནམ་ཕྱེད་ཀུན་ཏུ་སྲེག། སྲིད་པ་གསུམ་ཡང་སྲེག་གྱུར་ན།། འཇིག་རྟེན་དགྲ་བགེགས་སྨོས་ཅི་དགོས།། འདིར་སྤྱོན་འདིར་བཞུགས་འཕྲིན་ལས ་མཛོད།། སྔགས་བདག་མེ་ལྷའི་ཚུལ་སྟོན་པ།། བཞུགས་ནི་མེ་རིའི་རྩེ་ལ་བཞུགས།། འབར་བའི་གདན་ལ་བཞུགས་སུ་གསོལ།། ས་མ་ཡ་མཆོག་སྟིསྒྲ་ལྷན།། དགྲ་བགེགས་རྣམས་རྡུལ་དུ་རློགས།། ཧཱུཾ་རཾ། དེ་ནས ་གཉིས་མེད་ཐིམ་གྱུར་ནས།། མཆོད་རྫས་ཡོ་བྱད་ཀུན་ཀྱང་དབུལ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། དོ་ནོད་དྲག་པོའི་སྦྱིན་སྲེག་གིས།། བགེགས་རྣམས་འདིར་ཁུག་ལ།། ལིང་ག་དག་ལ་ཐིམ ་པར་བྱ།། ཧཱུཾ། རྣམས་མ་ལུས་སྒྲུབ་པའི་ཕྱིར།། མཆོད་རྫས་རྣམ་པ་འདི་བཞེས་ལ།། བདག་གི་འཕྲིན་ལས་མྱུར་དུ་མཛོད།། དེ་སྐད་བྱས་ལ་གཏོར་མ་གསོག། སྔགས་རིངས་ཀླག་ཅིང་དབུལ་བར་བྱའོ།། དེ་ནས་ལིང ་ཁ་གསུམ་ཅིག་གཏུབས་ལ།། དུམ་བུ་རེ་རེ་མེར་སྲེག་ཅིང་སྔགས་བཟླས་སོ།། སྔགས་བདག་ལ་ཟས་སུ་སྦྱིན་སྲེག་ཟ་བར་བསམ་མོ།། དེ་བཞིན་ཀུན་ལ་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ ་གསོལ།། དམ་ཚིག་སེམས་དཔའ་རང་ལ་བསྡུ།། ཐལ་བ་རླུང་ལ་ཕྱར་ལ་བཏང་།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ལས་ཀྱི་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས ་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཙཀྲ་ལས་ཀྱི་སྦྱོར་བ་ཡིས།། བིག་ནན་སརྦ་ཇི་ལྟར་འདུལ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད ་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། རས་སམ་གྲོ་ག་གཤོག་བུ་ལ།། རྩིབས་བརྒྱ་ཙཀྲ་ལེགས་བྲིས་ལ།། དབུས་སུ་བགེགས་ཀྱི་མིང་བྲིས་ལ།། འཁོར་ལོའི་རྩིབས་ལ་སྤུ་ཏའི་སྔགས།། ལེགས་པར་ཁོང ་སྙོམས་བྲི་བར་བྱ།། འཁོར་ལོའི་ཕྱི་རོལ་སྦྲུལ་གཉིས་ཀྱིས།། མགོ་སྤྲད་གཞུག་མ་བསྣོལ་མར་བྲི།། ཙ་ཀྲའི་རྒྱབ་ཏུ་སྔགས་བདག་གཟུགས།། བྲིས་ལ་གཞག་པར་ཐེ་ཚོམ་མེད།། ཙཀྲ་ཁ་སྦྱར་དག་ཏུ་བྱ།། དེ་ནས་ཤོག ་བུ་རས་དག་ལ།། བགེགས་ཀྱི་གཟུགས་བརྙན་ལེགས་བྲིས་ལ།། སྙིང་ཁར་མིང་ལ་དཔྲལ་བར་རུས།། མཐའ་མ་ཧཱུཾ་གིས་བསྐོར་བར་བྱ།། འདྲེན་པའི་སྙིང་པོ་གསང་བར་བྲི།། དེ་ནི་ཙཀྲའི་བར་དུ་གཞུག། དེ་ནས་ཙཀྲ ་མཎྜལ་ཁར།། ལེགས་པར་གཞག་སྟེ་སྔགས་ཀྱིས་བྲབ།། ཤམ་བུ་བརྒྱ་དང་བཅུ་དགུ་གདགས།། ཟླ་བ་གཅིག་ཏུ་བསྐོར་གྱུར་ན།། འབྱུང་པོ་ཀུན་ཀྱང་རྡུལ་དུ་རློག། དེ་ཉིད་བསད་པར་འདོད་ན་ཕུར་པ་གདབ།། དེ ་ཉིད་གནོན་ན་ཙིཏྟའི་འོག། དེ་ཉིད་སྤྲོ་ན་རི་ཙིར་ཡུར།། དེ་ཉིད་འཆི་ན་ག་འུར་གཞུག། དེ་ཉིད་རིངས་པར་འདོད་ན་ཕུར་བཞི་བརྐྱང་།། དེ་ཉིད་ཤམ་བུར་དྲིལ་ཏེ་སྐུ་ཏའི་རྗེས་ལ་ཚར་གཅོད་པས། སྣ་གདགས་ལ་དྲིལ ་སྔགས་བྲབ།། དེ་ལྟར་སྦྱོར་བ་ཟབ་མོ་ཡིས།། བགེགས་ལ་སོགས་པ་ཚར་གཅད་ནས།། ཕྱིས་ནི་མིང་ཡང་མེད་པར་འགྱུར།། དེ་ཡང་དང་པོ་བདག་གཞན་བསྐྱེད།། བཀའ་བསྒོ་གཟུགས་ལ་བསྟིམ་པར་བྱ།། དེ་ནས ་སྔགས་ཀྱི་སྦྱོར་བ་བརྩམ།། མཐའ་མ་ལས་རྣམས་གང་བྱེད་ཀྱང་།། ཙཀྲ་ཁ་སྦྱོར་བར་དག་ནས།། བགེགས་ཀྱི་གཟུགས་སྟོན་བསད་སོགས་བྱ།། ཙཀྲ་གའུའི་ནང་དུ་གཞུག། ཀླུ་སྨན་བདུད་རྩིའི་མཆོད་པ ་འབུལ།། དེས་ནི་ཅི་འདོད་ལས་འགྲུབ་པ།། སངས་རྒྱས་ཀུན་གྱི་ཐབས་ནས་གསུངས།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། འཁོར་ལོ་ཁ་སྦྱོར་བགེགས་འདུལ་བའི་ལེའུ་སྟེ་ཉེར་གཉིས ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེ་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། སྔགས་རིངས་མཆོད་པའི་ལས་ཚོགས་རྣམས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད ་ལ་ང་ཡིས་བསྟན་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། སྤྱིར་ནི་སྔགས་རིངས་ལས་རྣམས་ནི།། ཀུན་ལ་ཁྱབ་པས་ལེགས་པ་གོང་ན་མེད། ཁྱད་པར་འགའ་ཙམ་བཤད་པར་བྱ།། དེ་ནས་ཁྲོ་རྒྱལ་ཆོ་ག ་ནི།། རལ་གྲི་མཚོན་ཆ་དབྱུག་པའམ།། ཀ་ར་བཱི་ར་སེའུ་ལྕུག་མ། ཁྲོ་རྒྱལ་གསང་སྔགས་རིགས་པོ་ཡིས།། བརྒྱ་རྩ་བརྒྱད་དུ་བཟླས་བྱས་ན།། གཙང་མའི་གནས་སུ་ལེགས་བཞག་ལ།། གང་ཚེ་སད་དེང་སེར་བ་བྱུང ་བའི་ཚེ།། བསྐོར་བ་བྱས་ནས་གང་དུ་སེར་བ་འབབ་པ་སྩོགས།། སྔོན་དུ་འབབ་པ་མ་ལུས་ཀུན།། དཔག་ཚད་ནང་ཚུན་ཆད་མི་འབྱུང་ན།། ཉེ་བར་སྨོས་ཀྱང་ཅི་དགོས་ལ།། ཡང་ན་ཀླུ་མི་སྲུན་པ་རྣམས།། སད་དང་རླུང ་དང་ནད་གདུག་གཏོང་བ་རྣམས།། ཀླུ་རྣམས་ཐམས་ཅད་ལ་ཐལ་ཆེན་ཉུངས་ཀར་ཆུ་དག་ལ།། ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ། ཁྱིམ་གྱི་ནང་དུ་གཏོར་གྱུར་ན།། མཚམས་མེད་མ་ལུས་གཅད་འགྱུར་ན།། དེ་ན་རིག ་པ་འཛིན་པ་ཡིས།། ཉུངས་ཀར་ཆུ་ལ་བཟླས་བྱས་ནས། ཁྱིམ་གྱི་སྟེང་དུ་གཏོར་གྱུར་ན།། ཀླུ་རྣམས་ཐམས་ཅད་གྲོལ་བར་འགྱུར།། ཀུན་ཀྱང་དབང་དུ་ངེས་པར་འགྱུར།། ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་ཀྱང་།། ཀླུ་རྣམས ་ཀླད་ནད་དྲག་པོས་འདེབས།། རི་རྩེ་བའི་ལྕི་བས་མཎྜལ་བྱ།། ལན་བདུན་བཟླས་བརྗོད་ཁྱབ་གཏོར་ཏེ།། དེ་དབུས་གཟུགས་བཞག་རླུང་གཅད་བྱ།། སེང་ལྡེང་ཕུར་པས་གྲཝ་བཞིར་བཏབ།། ཇི་སྲིད་མ་ཕྱུང་བར་དུ་ཀླུ ་རྣམས་བཅིངས་པར་འགྱུར།། དེ་ལྟར་མ་རུངས་པ་ཐམས་ཅད་གཅད་ནས། ཐམས་ཅད་ལ་ཡིད་ལ་བསམས་པས་ཀུན་སྦྱར་རོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། མཆོད་སྔགས་ཀྱི་ཁྱད་པར་གྱི་ལས་ཀྱི་ལེའུ ་བསྟན་སྟེ་ཉེར་གསུམ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། བྷ་རི་ཤ་ཡི་རིམ་པ་ཡིས།། འཛམ་གླིང་མི་རྣམས་ཇི་ལྟར་གསོལ།། བདག་གིས་མ་འཚལ་བཤད་དུ ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཡུལ་གྱི་ཆུ་མིག་ནཱ་གའི་སར།། སྒྲ་དཀར་ཕུབ་སྟེ་མཎྜལ་བྱ།། ཙན་དན་སྤོས་ཆུས་ཆག་ཆག ་གདབ།། ཀླུ་གཏོར་རྒྱས་པ་ལེགས་བཤམས་ལ།། མཚན་ལྡན་ཐོད་པ་དྲི་ཆུས་བྱུག། གུ་གུལ་ཆུས་ཀྱང་ལེགས་བྱུགས་ལ།། ནང་དུ་ཤོག་བུ་དག་ལ་སྔགས་བདག་གཟུགས།། གུར་ཀུམ་ཆུ་ཡིས་ཚད་ལྡན་བྲི།། དེ་ནས ་བདག་གཞན་བསྐྱེད་བྱ་སྟེ།། དང་པོ་བདག་ཉིད་ཕྱག་ན་རྡོ་རྗེའི་སྐུ།། གོང་མ་བཞིན་དུ་གསལ་བར་བསྒོམ།། དེ་ནས་སྔགས་བདག་ནི།། དམ་ཚིག་སེམས་དཔའ་ཕུ་ལས་བསྐྱེད།། ཡེ་ཤེས་སེམས་དཔའ ་དེ་ཉིད་དགུག། བསྒོམ་པ་ཚར་པ་ཕོབ་ཅེས་བྱ།། དེ་ནས་ཉིན་གསུམ་མཚན་གསུམ་དུ།། ཐུན་དུ་གཅད་ལ་ཉུངས་ཀར་བྲབ།། ནཱ་ག་རཱ་ཛ་ཆེམས་ཆེམས་ཞེས་བརྗོད།། དེ་ལྟར་དང་པོ་མཚམས་གཅད་ནས།། གཏོར་མ ་ལ་བཅོམ་བསྐུལ་ཉིན་མཚན་དུ།། རྒྱུན་མི་གཅད་པར་ལས་རྣམས་བརྩམས།། དེ་ལྟར་ཟབ་མོའི་ལས་བརྩམ་པས།། ཞག་བདུན་དག་ན་བྷ་རི་ཤ། འཛམ་གླིང་ཁྱབ་པར་འབབ་པར་འགྱུར།། གལ་ཏེ་དེས་ཀྱང་མ ་ཕེབས་ན།། ལྕགས་ཀྱི་སྐྱེད་པོ་ཁ་དགུ་ལ། ཁ་སྦུབ་དག་ཏུ་བཞག་ནས་ཀྱང་།། ཚ་བའི་དམྱལ་བའི་མེ་བསམས་ཏེ།། དུ་བ་ལོང་པར་འདུག་པར་བསམ།། གུ་གུལ་ནག་པོའི་དུད་པ་ཡིས།། འོག་ནས་བདུག་པར་གདོན ་མི་ཟ།། ཉུངས་ཀར་སྐེ་ཚེ་ལ་སོགས་པའི།། ཐུན་རྫས་ཀུན་གྱིས་བྲབ་ཅིང་གཟེར།། རྡོ་རྗེ་རྩེ་དགུ་དག་ལ་གསང་ཆེན་རྩེ་དགུ་བཟླས། ཁྲོ་རྒྱལ་སྐུ་བསྒོམ་ཀླུ་རྒྱལ་མགོ་ནས་གནན།། དེ་ནས་རྒྱུན་མི་འཆད་པར ་འབབ།། གལ་ཏེ་དེས་ཀྱང་མ་ཐེབས་ན།། དེ་ཉིད་རང་གི་སྦལ་པ་ཉ་ལྕོང་གསུམ།། ཡོད་ན་ཤིན་ཏུ་གཅེས་པས་ལེགས།། མེད་ན་ག་ཡོད་ངེས་ཆུ་དང་རྐོ་མོ་ནས།། དེ་གསུམ་དོང་རྩལ་ཟངས་གཞོང་དུ།། ཉ་ལྕིབས་དག ་བླུག་འོ་མ་ཆུ།། སྦལ་པའི་རྐང་པ་དག་ནས་དཀར་ནག་སྐུད་པས་གདགས།། སེང་ལྡེང་ཕུར་པ་ལ་བཏགས་མཎྜལ་ཁར།། བཙུགས་ལ་ཕུར་པ་ཁྲོ་རྒྱལ་དུ་བསྒོམ་པར་བྱ།། བདག་གཞན་གསལ་བར་ལེགས་བསྐྱེད ་ལ།། འོད་ཟེར་འཕྲོས་པས་སྟེ་སྔགས་བདག་བསྐུལ་བས།། ནཱ་ག་ཐམས་ཅད་བཀུག་ནས་དངོས་ལ་བསྟིམ།། དེ་ནས་དྲག་སྔགས་བཏགས་ཏེ་སྔགས་བཟླས་ནས།། ཉུངས་ཀར་ཐུན་གྱིས་དངོས་ལ་བྲབ།། གུ་གུལ་ནག ་པོས་བདུག་པར་བྱ།། ནཱ་ག་རྣམས་ཀྱིས་ཆར་པ་ཕོབ་པ་མ།། ནཱ་ག་ར་ཛ་ཕོབ་བྱའོ།། དེ་ལྟར་སྦྱོར་བ་ཟབ་མོ་ནི།། ཇི་ལྟར་ཟིན་ཀྱང་ཕེབས་པར་འགྱུར།། འཛམ་གླིང་ཕེབས་པའི་ཆར་ཕབ་ནས།། སེམས་ཅན་ཀུན་གྱི ་གསོས་སུ་འགྱུར།། རྒྱལ་བ་ཀུན་གྱིས་ངེས་པར་གསུངས།། རླུང་ནི་དྲངས་ནས་ཉིན་ཞག་ནི།། བདུད་དུ་འབབ་པར་གདོན་མི་ཟ།། ཐེ་ཚོམ་མེད་པ་ལས་ཡིན་ནོ།། ཟབ་མོ་སྔགས་འདི་ཕེབས་པར་བྱ།། ཨོཾ་སྥུ་ཏ་སྤུ་ཏ ་མཧཱ་ཀྲོདྷ་ཧཱུཾ་སིདྡྷི་སིདྡྷི་ཧཱུཾ་ཕཊ། བྷ་རི་ཤ་ཡ་པ་ཏ་ཡ་པ་ཏ་ཡ་སྭཱ་ཧཱ། དབང་དུ་སྤྲིན་རྣམས་བསྡུ་བའི་སྔགས།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཆར་དབབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཕྱག་ན་རྡོ ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། བྷ་རི་ཤ་ཡ་བཟློག་པ་གང་།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བསྟན་པར་བྱ། ཁྱོད་ཀྱང་རྩེ་གཅིག ་ཡིད་ཀྱིས་ཉོན།། དང་པོ་ཧོ་གི་ཐལ་བ་ལ།། ཉུངས་ཀར་སྐེ་ཚེ་ཧོམ་ཐལ་ལ།། འབུམ་ཚོ་བཟླས་ལ་གནས་སུ་གཏོར།། དེས་ནི་ཐམས་ཅད་འཆད་པར་འགྱུར།། མཐའ་རྟེན་པ་ཏུ་པ་ཏ་ཡེ།། གདགས་ལ ་དྲག་ཏུ་བསྐྲད་པར་བྱ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཆར་པ་གཅད་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཟབ་མོ་སྦྱོར་བའི་ཚ་བའི ་རིམས་ནད་ཇི་ལྟར་གསོལ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། བའི་རྣམ་ལྔ་ཁྱིམ་གྱི་ཆུའི་ས་བླངས ་ལ།། ནཱ་ག་ཡོད་ངེས་ཆུ་སྣ་དགུ་ཡིས་སྦྲུས།། སྦྲང་དང་འོ་མ་དག་ཀྱང་རྫས་སུ་བཏང་།། དེ་ལ་འདག་པ་ལེགས་བྱས་གཟུགས་ཀྱང་བྱ།། སྦྲུལ་མགོ་བདུན་པ་ཚད་དང་ལྡན་པ་བྱ།། སྦྲུལ་མགོ་བདུན་པའི་སྤྱི་བོ་རུ།། ཟླ ་བའི་གཟུགས་བརྙན་མཐེབ་གང་ཙམ།། དེ་དབུས་རིན་ཆེན་ནས་ཙམ་བྱ།། སྦྲུལ་དང་སྦལ་པ་ཉ་དང་ལྕོང་།། ལྔ་ལྔ་གཟུགས་བརྙན་བཅོ་ལྔས་བསྐོར།། དེ་ཀུན་མགོ་ལ་གོང་བཞིན་སྦྱར།། དེ་ནས་བདག་གཞན་ལེགས ་བསྐྱེད་ལ།། བསྒོ་བའི་རིམ་པ་བྱས་ནས་ཀྱང་།། སྔགས་ཀྱི་སྦྱོར་བ་རབ་བསྐུལ་ནས།། སྔགས་ཀྱི་འོད་ཟེར་རབ་འཕྲོས་པའི།། མུ་ཏིག་རྣམ་པའི་འོད་ཟེར་གྱིས།། སྤྱི་བོའི་ཟླ་བའི་འོད་ཟེར་རིན་ཆེན་ལ་འཕོག་པ་ཙམ ་གྱིས།། བསིལ་བའི་ཆུ་བོའི་རྒྱུན་གྱིས་མགོ་ལུས་བཀྲུ།། དག་པར་བདུད་རྩིས་ཁྲུས་བྱས་ལ།། དེས་ནི་ནད་པའི་ལུས་ཟླ་བའི་འོད་ཟེར་རྒྱས་པར་འགྱུར།། བུམ་པའི་ཆུ་ལ་སྔགས་བཟླས་གོང་གིས་སྦྱོར་བ་བྱ།། དེ་ནི ་བདུད་རྩིར་གྱུར་ནས་ཁྲུས་ཀྱང་བྱ།། བཅོ་ལྔའི་འཁོར་གྱི་སྤྱི་བོ་ནས།། བདུད་རྩིའི་ཆུ་བོ་གོང་བཞིན་འབབ།། དེས་ཀྱང་རིམས་ནད་སེལ་བར་འགྱུར།། མཐའ་རྟེན་ཤན་ཏིང་ཀུ་རུ་གདགས།། སྐབས་སུ་གཏོར་མ་དག ་ཀྱང་གཏང་།། དེ་ལྟར་རྒྱུན་མི་བཅད་པའི་ལས་རྣམས་བརྩམས་ན་ངེས་པར་འཚོ།། ཡང་ན་སྦྲུལ་མགོ་བདུན་པའི་གཟུགས་དག་ལ།། སྦྲུལ་མགོ་རེ་ལ་ཕུ་རེ་བསམ།། དེ་ནས་སྔགས་ཀྱི་འོད་ཟེར་གྱིས།། ཕུ་ཀུན་ཞུ་སྟེ ་བདུད་རྩིའི་རྒྱུན།། ཆར་པ་བཞིན་དུ་འབབ་པར་བསམ།། དེས་ཀྱང་རིམས་ནད་འཚོ་བར་འགྱུར།། དེ་ནས་ཕྱིས་ནི་ཀླུ་མཆོད་བྱ།། གཙང་མའི་ཆུ་ལ་ནི་གཟུགས་བརྙན་རྣམས་ཀྱང་བསྐྱལ་བར་བྱ། རྟོག་པའི་རྒྱལ་པོ ་མཆོད་རྟེན་གྱི་རྒྱུད་ལས། རིམས་ནད་སྲུང་བའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཀླུ་ཡི་སྨིན་ལམ་རིམ་པ་ཡིས།། ཀླུ་རྣམས་དགྱེས་པར་མཛད་པའི ་རིམ་པ་བཞིན།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དེ་ནས་མེ་ཏོག་ལག་ཏུ་ཐོགས་བྱས་ལ།། དགེ ་བསྙེན་དག་ནི་ཀླུ་རྒྱལ་དེ།། ཀླུ་འབྲུག་ནི་འབོད་གཅིག་ལ།། ཕོ་བྲང་ནི་མཚན་གསོལ་བ། རི་རབ་ནི་གླིང་བཞི་དང་། རྒྱ་མཚོ་ནི་གླིང་དགུ་དང་། མཚོ་མོ་ནི་དལ་ཆེན་དང་། ནེའུ་གསིང་ནི་བཟང་མཛེས ་དང་། རིན་ཆེན་མཚལ་གྱི་ཐིག་ཕྲན་དགྱེ། མུ་ཏིག་ཁུ་འཕང་ཤར་ར་ར། གཡུ་ཡིན་བུན་ཐུལ་ལུ་ལུ། དགའ་བོ་དང་ནི་ཉེ་དགའ་དང་། མ་དྲོས་ནི་གཟི་ལྡན་དང་། པདྨ་ནི་ཆུ་ལྷ་དང་། འཇོག་པོ་ནི་དུང་སྐྱོང་དང་། སྔ ་བདག་ནི་ཀླུ་ཆེན་བརྒྱད། གཉེན་ཆེན་ནི་སྡེ་བརྒྱད་དང་། རྒྱལ་རིགས་ནི་བྲམ་ཟེ་དང་། རྗེ་རིགས་ནི་དམངས་རིགས་དང་། གདོལ་ཆེན་ནི་ས་བདག་དང་། དགེ་བསྙེན་ཀླུ་གཉེན་ས་བདག་རྣམས། མངའ་བདག་ནི ་ཡོངས་ཀྱི་རྗེ། ཕོ་བྲང་ནི་ལོངས་ཀྱིས་བསྐོར། ཆེན་པོ་ནི་ཆེན་མོ་དང་། ལྕམ་དྲལ་ནི་གཅེན་གཅུང་དང་།། སྤྲུལ་པ་ནི་ཀླུ་ཆེན་བརྒྱད། ཡོན་བདག་ནི་འཁོར་བཅས་ཀྱིས། མཆོད་པ་ནི་དམ་པ་རྣམས། སྨན་རྣམས་ནི་འདི ་མཆིས་ཏེ། ན་ག་ནི་གེ་སར་དང་། རྒྱ་མཚོ་ནི་ཝུ་བ་དང་། ཆུ་སྲིན་ནི་སྡེར་མོ་དང་། དབང་པོ་ནི་ལག་པ་དང་། བལ་པོ་ནི་སེའུ་ལྕུག་མ་དང་། ཀན་ཏ་ཀ་རི་དང་། ནེ་ལོ་ནི་ཨུཏྤ་ལ། འདབ་བུའི་རྩ་བ་དང་། རས་སྐུད་ནི ་དམར་པོ་དང་། དར་ཚོན་ནི་སྣ་ལྔ་དང་། མཚལ་གྱི་ནི་ལྕོག་ལ་དང་། ལི་ཁྲི་ནི་དམར་པོ་རུང་། ག་པུར་ནི་ཤེལ་དག་དང་། པུ་ཚེ་ནི་ཤེལ་དག་དང་། དུང་གཙུག་ནི་འཁྱིལ་བ་དང་། འདམ་བུ་ནི་ནགས་ཚལ་དང་། ་དཀར་གསུམ་ནི་མངར་གསུམ་དང་། ཞལ་ཟས་ནི་བདའ་དགུར་སྦྱར། ཏིང་འཛིན་དབང་སྒྱུར་ནས། ཡིད་བཞིན་གྱི་མཆོད་སྦྱིན་འདི། ཀླུ་ལ་ནི་མཆོད་པར་འབུལ། མཆོད་པ་ནི་འདི་བཞེས་ལས། ཡོན་བདག་ནི ་འཁོར་བཅས་ཀྱི། ནོངས་འགལ་ནི་ཅི་མཆིས་པ། མཐོལ་བཤགས་ནི་བཟོད་པ་གསོལ། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུའི་སྨོན་ལམ་གྱི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཕྱི་བསྒྲུབ་ནང་བསྒྲུབ་ལས་རྣམས་དང་།། སྔགས་བདག་ནས་གཟུངས་སྲིན་པར།། ལས་ལ་གཟུང་བའི་བསྐུལ་ཚིག་རྣམས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས ་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དེ་ལ་དང་པོར་སྔགས་བདག་བསྐུལ་བ་ནི།། སྤོས་དུད་གཏང་ཞིང་སྙིང་པོ་དྲང་།། བ་ལིང་ཐོགས་ལ་འདི་སྐད ་བསྐུལ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། ང་ནི་ཕྱག་ན་རྡོ་རྗེ་ཡིན།། ང་ནི་ཀླུ་ཡི་གཉེན་པོ་ཡིན།། ཀླུ་བརྒྱད་ཟས་སུ་ཟ་བ་ཡིན།། ཀླུ་བརྒྱད་གོས་སུ་གོན་པ་ཡིན།། ཀླུ་འབུམ་སྙན་དུ་འདིངས་པ་ཡིན།། ཀླུ་ལྔས ་ལུས་ལ་བརྒྱན་པ་ཡིན།། སྔོན་གྱི་བསྐལ་པ་དང་པོ་ལ།། རི་རབ་ཆེན་པོའི་བྱང་ཕྱོགས་ན།། གསེར་གྱི་རི་བདུན་རྩ་ཤེད་ན།། རོལ་མཚོ་ཆེན་པོ་བདུན་གྱི་རྩ་ཤེད་ན།། དགུ་འདས་གང་རི་དེ་ནས་ནི།། སྤོས་ངད་ལྡན ་པའི་རྩ་ཤེད་ནས།། གདུག་པའི་ཀླུ་མཚོ་བགྱི་བ་སྟེ།། མིང་ནི་མ་དྲོས་མཚོ་ཞེས་བྱ།། མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ།། ནཱ་ག་རིགས་མཆོག་ཀུན་གྱི་གནས།། དེ་ཡི་ལྷུན་པོའི་ནང་ཤེད་ན།། རིན་ཆེན་སྣ ་བཞིའི་གཞལ་ཡས་ཁང་།། ཤར་ཕྱོགས་རིན་ཆེན་དངུལ་ལས་བྱས།། ལྷོ་ཕྱོགས་རིན་ཆེན་གསེར་ལས་བྱས།། ནུབ་ཕྱོགས་རིན་ཆེན་ཟངས་ལས་བྱས།། བྱང་ཕྱོགས་རིན་ཆེན་ལྕགས་ལས་བྱས།། དེ་ཡི་ལྷུན་པོའི་གཞལ ་ཡས་ཁང་།། སྦྲུལ་དང་སྦལ་བའི་ཟ་ར་ཚགས།། ཆུ་སྲིན་ཉ་ཡི་ཀ་གདུང་དང་།། སྦྲུལ་ཆེན་བརྒྱད་ཀྱི་རྟ་བབས་ཅན།། སྦྲུལ་ཆེན་བརྒྱད་ཀྱི་སྒོ་རྒྱན་ཅན།། དུག་གི་འོད་ཟེར་སྟོང་སྟེ་འཁྲུག། དེ་ཡི་ལྷུན་པོའི་ནང་ཤེད ་ན།། གསེར་གྱི་པདྨ་འདབ་མ་བརྒྱད།། དེ་ཡི་ལྷུན་པོའི་གདན་སྟེང་ན།། རིན་ཆེན་སྣ་བཞིའི་ཁྲི་སྟེངས་ན།། ཀླུ་རྒྱལ་འབུམ་གྱི་གསེབ་བཤད་ན།། དེ་ནས་སྔགས་ཀྱི་བདག་པོ་བཞུགས།། དེ་ན་ཟུར་ཕུད་ལྔ་པ ་བཞུགས།། དེ་ན་སྦྲུལ་མགོ་བདུན་པ་བཞུགས།། དེ་ནས་གཞོན་ནུ་གཏུམ་པོ་བཞུགས།། དེ་ནས་ཀླུ་རྒྱལ་ཆེན་པོ་བཞུགས།། དེ་ན་སྲིད་གསུམ་དབང་སྡུད་བཞུགས།། དེ་ན་སྤྲུལ་པའི་རྒྱལ་པོ་བཞུགས།། དེ་ན་ནག་པོ ་ཆེན་པོ་བཞུགས།། དེ་ན་དུག་གི་རྒྱལ་པོ་བཞུགས།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། སྔོན་གྱི་བསྐལ་པ་བར་མ་ལ།། བཅོམ་ལྡན་ཤཱཀྱ་ཐུབ་པ་དང་།། སྡུད་པ་པོ་ཕྱག་ན་རྡོ་རྗེའི་སྤྱན་ལམ་དུ།། བྲན་པོའི་ཚུལ ་དུ་ཞལ་གྱིས་བཞེས།། ལས་མཁན་ཚུལ་དུ་ཞལ་གྱིས་བཞེས།། བསྟན་པ་བསྲུང་བར་ཞལ་གྱིས་བཞེས།། དགྲ་བགེགས་འདུལ་བ་ཞལ་གྱིས་བཞེས།། ནད་རྣམས་གསོ་བར་ཞལ་གྱིས་བཞེས།། སྤྲུལ་པ་དགྱེ་བར་ཞལ ་གྱིས་བཞེས།། སྔོན་གྱི་བསྐལ་པ་ཐ་མ་ལ།། རིག་པ་འཛིན་པའི་བཀའ་ལ་ཉོན།། རིག་པ་འཛིན་པའི་བཀའ་མ་བཅག། སྔགས་ཀྱི་བདག་པོའི་བཀའ་ལྟར་སོང་།། སྦྲུལ་མགོ་བདུན་པ་གང་ལྟར་སོང་། ཁྱེ་ཆུང་གཞོན་ནུ ་གང་ལྟར་སོང་།། སྲིད་གསུམ་དབང་སྡུག་གང་ལྟར་སོང་།། གདུག་པ་ཚར་གཅོད་གང་ལྟར་སོང་།། ནག་པོ་ཆེན་པོ་གང་ལྟར་སོང་།། ཟུར་ཕུད་ལྔ་པ་གང་ལྟར་སོང་།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། བཞེངས ་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས།། ཤེལ་མཚོ་དངས་པའི་དབྱིངས་ནས་བཞེངས།། སྐུ་ནི་ཀླུ་རྒྱལ་ཆེན་པོ་ལ།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། གདུག་པའི་སྦྲུལ་མགོ་བདུན་གྱིས་གདེངས།། ཟུར་ཕུད་ལྔ་ཡི་ཅོད ་པན་ཅན།། སྐུ་མདོག་བཙོ་མའི་གསེར་མདོག་ཅན།། དུག་ལྔའི་འོད་ཟེར་རྣམ་པར་འཕྲོ།། སྤྲུལ་པ་ཀླུ་ཆེན་འབུམ་ཡང་འགྱེད།། འཁོར་དུ་ཀླུ་རྒྱལ་འབུལ་གྱིས་བསྐོར།། ཀླུ་རྒྱལ་གཙོ་བོ་ཚུར་སྤྱོན།། བཞེངས་ཤིག ་བཞེངས་ཤིག་དབྱིངས་ནས་བཞེངས།། སྤོས་ངད་ལྡན་པའི་དཀྱིལ་འཁོར་ནས། ཁྱེའུ་ཆུང་གཞོན་དུ་གཤེགས་སུ་གསོལ།། སྐུ་ནི་ཁྱེའུ་ཆུང་གཞོན་ནུ་ལ།། འཁོར་དུ་ཁྱེའུ་ཆུང་འབུམ་གྱིས་བསྐོར།། སྐུ་ལ་དར་དཀར་བེར ་ཆེན་གསོལ།། དབུ་ལ་དར་གྱི་པན་ཅན།། སྤྲུལ་པ་ཁྱེའུ་ཆུང་འབུམ་སྡེ་འགྱེད། ཁྱེའུ་ཆུང་གཙོ་བོ་ད་ཚུར་སྤྱོན།། བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས།། བར་སྣང་སྤྲུལ་པའི་དཀྱི་འཁོར ་ནས།། སྤྲུལ་པའི་རྒྱལ་པོ་གཤེགས་སུ་གསོལ།། སྐུ་ནི་གདུག་པ་སྦྲུལ་ནག་འབུམ་གྱིས་བརྒྱན།། གདུག་པ་སྦྲུལ་གྱི་ཆུ་འཕྱང་ཅན།། དུག་ལྔའི་འོད་ཟེར་རྣམ་པར་འཕྲོ།། འཁོར་དུ་སྦྲུལ་ནག་སྟོང་གིས་རྣམ་པར ་བསྐོར།། སྤྲུལ་པ་སྦྲུལ་ནག་སྟོང་སྡེ་འགྱེད།། སྦྲུལ་ནག་གཙོ་བོ་ད་ཚུར་སྤྱོན།། བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས།། གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་ཆེན་པོ་གཤེགས་སུ ་གསོལ།། འཁོར་ནི་ཁྲོ་རྒྱལ་འབུམ་གྱིས་བསྐོར།། སྤྲུལ་པ་ཁྲོ་རྒྱལ་འབུམ་སྡེ་འགྱེད།། ཀླུ་བདུད་འདུལ་བའི་མཐུ་བོ་ཆེ། ཁྲོ་རྒྱལ་གཙོ་བོ་ད་ཚུར་སྤྱོན།། དོ་ནོད་རིགས་འཛིན་བདག་འབོད་ན།། ལས་མཁན་རྒྱལ་པོ་ད ་ཚུར་སྤྱོན།། གྲུབ་པའི་རྟགས་ཅིག་ད་ཚུར་སྟོན།། བཟླས་པའི་ཚད་ཅིག་ད་ཚུར་ཟུང་།། སྔགས་ཀྱི་བདག་པོ་དེ་ཚུར་ཉོན།། རིག་འཛིན་བཀའ་ལས་འདའ་བྱེད་ཅིང་།། འབོད་པའི་ཚེ་ན་སྙན་སྲ་ཞིང་།། མངགས་པའི་ཚེ ་ན་བང་བུལ་ཞིང་།། རྣལ་འབྱོར་དགྲ་བགེགས་མི་འདུལ་ཞིང་།། གྲུབ་པའི་རྟགས་ཅིག་མི་སྟོན་ཅིང་།། བཟླས་པའི་ཚད་ཅིག་མི་འཛིན་ན། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། དམ་ཚིག་སྔགས་ཀྱི་བྱིན་བརླབས་དང་། ཁྲོ་བོ ་ཡག་ཤ་མེ་དཔལ་གྱིས།། མཛེ་ནད་སྣ་ཚོགས་ཁྱོད་ལ་འོང་།། མིག་ནད་མེ་དཔལ་ཁྱོད་ལ་འོང་།། འོན་པ་ལོང་བ་ཁྱོད་ལ་འོང་།། མཛེ་ནད་ཤུ་བ་ཁྱོད་ལ་འོང་།། བླ་མེད་འབྲས་བུ་ཐོབ་མི་འགྱུར།། འོ་ན་དེ་ལ་མ་ཐུག ་གིས།། རིགས་འཛིན་ང་ཡི་བཀའ་ལ་ཉོན།། རིག་པ་འཛིན་པའི་བཀའ་མ་བཅག། བོས་པའི་ཚེ་ན་སྙན་མ་སྲ།། མངགས་པའི་ཚེ་ན་བང་མ་བུལ། ཁྲུ་གང་ཙམ་ལས་གཏིང་མ་ཟབ།། ཆག་གང་ཙམ་ལས་དབང་མ ་མཐོ།། འབེམ་གང་ཙམ་ལས་རྒྱང་མ་རིང་།། སྤྲུལ་པ་སྟོང་སྡེ་འདིར་ཁྱེད་ལས།། དགྲ་བགེགས་མ་ལུས་ད་ཚུར་ཐུལ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། སུམ་ཅུ་རྩ་གསུམ་ཡངས་སྟེངས་ནས།། ཡབ་ཅིག་ཀླུ ་རྒྱལ་སྤྱན་འདྲེན་ན།། དམ་རྫས་གཉེན་གྱི་གཏོར་མ་འདི་བཞེས་ལ། བཅོལ་པའི་ལས་རྣམས་གྲུབ་པར་མཛོད།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། ཤེལ་མཚོ་དངས་པའི་དཀྱིལ་འཁོར་ནས།། ཀླུ་ཆེན་རྒྱལ་པོ ་གཤེགས་སུ་གསོལ།། དམ་རྫས་གཉེན་གྱི་གཏོར་མ་འདི་བཞེས་ལ།། བཅོལ་བའི་ལས་འདི་གྲུབ་པར་མཛོད།། ཧཱུཾ། སྤོས་ངད་ལྡན་པའི་དཀྱིལ་འཁོར་ནས། ཁྱེའུ་ཆུང་གཞོན་ནུ་སྤྱན་འདྲེན་ན།། དམ་རྫས་གཉེན་གྱི ་གཏོར་མ་འདི་ལོང་ལ།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཧཱུཾ། བར་སྣང་སྤྲུལ་པའི་དཀྱིལ་འཁོར་ནས།། སྤྲུལ་པའི་རྒྱལ་པོ་སྤྱན་འདྲེན་ན།། དམ་རྫས་གཉེན་གྱི་གཏོར་མ་འདི་བཞེས་ལ།། བཅོལ་བའི་ལས ་རྣམས་གྲུབ་པར་མཛོད།། ཧཱུཾ། གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་ཆེན་པོ་སྤྱན་འདྲེན་ན།། དམ་རྫས་གཉེན་གྱི་གཏོར་མ་འདི་བཞེས་ལ།། བཅོལ་བའི་ལས་རྣམས་གྲུབ་པར ་མཛོད།། སྤོས་དང་བ་ལིང་བཅས་པ་ཡིས།། ཉིན་གསུམ་མཚན་གསུམ་བསྐུལ་བྱས་ནས།། དངོས་སུ་འོང་ན་ལས་བྱེད་དོ།། སྔགས་བདག་བོད་པའི་རིམ་པའོ།། དེ་ནས་རིགས་ལྔའི་ཀླུ་ཚོགས་ལས་ལ་བསྐུལ་པ། ཧཱུཾ། ་རིགས་ལྔའི་ཀླུ་ཚོགས་ཚུར་ཉོན་ཅིག། ང་ནི་ཕྱག་ན་རྡོ་རྗེ་ཡིན།། ཀླུ་བརྒྱ་ཟས་སུ་ཟ་བ་ཡིན།། ཀླུ་བརྒྱ་གོས་སུ་གོན་པ་ཡིན།། ཀླུ་འབུམ་གདན་དུ་འདིངས་པ་ཡིན།། ཀླུ་ལྔ་ལུས་ལ་བརྒྱན་པ་ཡིན།། དེ་ཕྱིར་ཀླུ་རྣམས ་བཀའ་ལ་ཉོན།། ཧཱུཾ། རྒྱལ་རིགས་ཀླུ་ཚོགས་འཆི་བདག་གནས་ནས་སྐྱོད།། སྡང་བའི་དགྲ་ལ་གནས་ནས་སྐྱོད།། གནོད་པའི་བགེགས་ལ་གནས་ནས་སྐྱོད།། ཤར་བལྟས་བྲག་འབབ་མེ་ཏོག་སྐྱེས།། ས་གཞི་རྡོ་ཡང ་དཀར་པོ་སྐྱེས།། རྒྱལ་རིགས་ཆེན་པོའི་གནས་ཡིན་ཏེ།། འཁོར་དང་ཆས་ཏེ་དགྲ་ལ་ཆོས།། རྒྱལ་རིགས་ཀླུ་ཚོགས་ཚུར་ཉོན་ཅིག། ང་ཡིས་མ་ཉེས་ཁོ་ཡིས་ཉེས།། བཀའ་ལས་འགལ་བ་ཁོ་ཡིས་བྱས། ཁྱོད་ཀྱི་ཐུགས ་ཀྱང་ཁོང་གིས་འགལ།། འདི་ལ་རྟགས་ཕྱུང་མཚན་མ་སྟོན།། གཞལ་ཡས་ཁང་ནས་སྐྱོད་པའི་ཚེ།། སྐུ་ནི་སྦྲུལ་དཀར་སྦལ་པ་དཀར།། ཉ་དང་ལྕོང་སྐྱེ་དཀར་པོ་སྟེ།། ཆུ་རྟ་ཆུ་ལུག་ཆུ་གླང་དཀར།། ཆུ་བདག་ཆུ་ལ ་གནས་པའི་བུ།། ཞེ་སྡང་ཕོ་མོའི་བུ་དེ་ནི།། བྱོལ་སོང་ཕོ་མོའི་ལྟོ་འཕྱེ་རིགས།། འཛམ་གླིང་མི་ལ་རྣམ་པར་འཚེ།། བྱོལ་སོང་ཧ་ལ་མཐུ་ཆེན་རིགས།། དེ་ཡི་གཟུགས་བརྙན་ཆུ་གླང་དཀར།། ཆུ་གླང་དཀར་པོས ་འཇིགས་པ་སྟེ།། གཡས་ཀྱི་རྭ་ལས་ཐོག་སེར་འབེབས།། གཡོན་གྱི་རྭ་ལ་གློག་དམར་འཁྱུག། རྨིག་བཞི་རྣམས་ལ་ན་བུན་འཐུལ། ཁ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག། དེ་འདྲའི་བྱོལ་སོང་མཐུ་བོ་ཆེ།། ནཱ་ག་ཡུ་དང ་ཆུ་རུ་དང་།། ཕུ་ཕུའི་སྒྲ་ཡིས་བོས་ནས་ཀྱང་།། བདག་ཉིད་ཕྱག་ན་རྡོ་རྗེའི་སྐུར་བསྒོམས་པས།། མིག་གཉིས་གསེར་ཆུ་ཞུན་མ་འདྲ།། མིག་ལས་བྱུང་བའི་སྦྲུལ་གཉིས་ཀྱིས།། སྡང་བ་དགྲ་ཡི་སྐེ་ལ་འཁྲིལ།། ཆུ་གླང ་དཀར་པོའི་སྟེང་དུ་སྐྱོན།། རླུང་ཚུབ་དྲག་པོས་རྒྱབ་ནས་ཕུལ།། དྲང་ན་ཉམས་ཐག་འདུག་པ་ལ།། བྱོལ་སོང་གླང་གི་ཁ་རླངས་ལས།། སྦྲུལ་དང་སྦལ་པ་མང་པོ་ཡིས།། དམ་ཉམས་དགྲ་བོའི་ལུས་དེ་ལ།། ལྷུ་ཚིགས ་ཡན་ལག་པ་སྤུ་ལ།། བདུད་དང་གདུག་པ་གཞུག་པར་གྱིས།། ལུས་ལ་འཁྲིལ་དང་ཟ་བར་གྱིས།། གཞན་ཡང་ཁ་རླངས་སྣ་རླངས་ལ།། སྦྲུལ་དང་སྦལ་པ་མང་པོ་ཡིས།། ཀླུ་ནད་མཛེ་ནད་ཕོལ་མིག་དང་།། འབྲས་དང ་ཤུ་བ་གཡན་པ་ཐོང་།། རྒྱལ་རིགས་འཆི་བདག་ཚུར་ཉོན་ཅིག། སྐྲ་དང་སྨིན་མ་ད་ཚུར་ཕྱི།། ཀླད་མཛེ་ཀླད་ལ་མྱུར་དུ་ཐོང་།། བྱད་ནད་གདོང་ལ་ལ་མོར་ཐོང་།། རྐང་མཛེ་རྐང་ལ་ཞེན་དུ་ཆུག། ནད་རྣམས་ལྷང་ལྷང ་འཁྲུག་ཏུ་ཆུག། སྣག་མཛེ་སྣག་ལ་ཞེན་དུ་ཆུག། ཚ་བ་མེ་འབར་མཐོང་དུ་ཆུག། རྒྱལ་རིགས་ན་སེག་འབྲེལ་དུ་ཆུག། སྦྲུལ་དང་སྦལ་པ་ཟ་རུ་ཆུག། ཉ་དང་ལྕོང་མོ་འཁྲིལ་དུ་ཆུག། ཆུ་རྟ་ཆུ་གླང་འདེད་དུ ་ཆུག། བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག། བཅོལ་ལོ་གདམས་སོ་རྒྱལ་རིགས་ཀླུ།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་ནས་བྲམ་ཟེའི་རིགས་རྣམས་བསྐུལ་ཏེ། ཧཱུཾ། བྲམ་ཟེ་འཆི་བདག་གནས་ནས ་སྐྱོསྤྱོད།། སྡང་བའི་དགྲ་ལ་གནས་ནས་སྐྱོད།། གནོད་པའི་བགེགས་ལ་གནས་ནས་སྐྱོད།། ལྷོར་ལྟས་གཏིང་ཟུང་དྲི་ཡང་ཞིམ།། རྟག་ཏུ་སྐྱེ་འབྲི་མེད་པར་འབབ།། ས་གཞི་རྡོ་ཡང་སེར་པོར་གནས།། བྲམ་ཟེ་ཆེན་པོའི ་གནས་ཡིན་ཏེ།། འཁོར་དང་ཆས་ཏེ་དགྲ་ལ་ཆོས།། ཀ་ཡེ་བྲམ་ཟེའི་ཀླུ་ཚོགས་ཚུར་ཉོན་ཅིག། ང་ཡིས་མ་ཉེས་འདི་ཡིས་ཉེས།། བཀའ་ལས་འདས་པ་ཁོ་ཡིས་བྱས། ཁྱོད་ཀྱི་ཐུགས་ཀྱང་ཁོ་ཡིས་འགལ་བར ་བྱས།། འདི་ལ་རྟགས་ཕྱུང་མཚན་མ་སྟོན།། གཞལ་ཡས་ཁང་ནས་སྐྱོད་པའི་ཚེ།། སྐུ་ནི་སྦྲུལ་སེར་སྦལ་པ་སེར།། ཉ་དང་ལྕོང་མོ་སེར་པོ་སྟེ།། ཆུ་རྟ་ཆུ་ལུག་ཆུ་གླང་སེར།། ཆུ་བདག་ཆུ་ལ་གནས་པའི་བུ།། ཞེ་སྡང་པོ ་མོའི་བུ་དེ་ནི།། བྱོལ་སོང་གདུག་པ་ལྟོ་འཕྱེའི་རིགས།། འཛམ་གླིང་མི་ལ་རྣམ་པར་འཚེ།། བྱོལ་སོང་ཧ་ལ་མཐུ་ཆེན་ཏེ།། དེ་ཡི་གཟུགས་བརྙན་ཆུ་གླང་སེར།། ཆུ་གླང་སེར་པོ་འཇིགས་པ་སྟེ།། གཡས་པའི་རྭ་ལ་ཐོག ་སེར་འབེབས།། གཡོན་པའི་རྭ་ལ་གློག་དམར་འཁྱུག། རྨིག་བཞི་རྣམས་ལ་ན་བུན་འཐུལ། ཁ་རླངས་ཁྲོས་པས་སྦྲུལ་དུ་བྱུང་།། འདི་འདྲའི་བྱོལ་སོང་མཐུ་བོ་ཆེ།། ནཱ་ག་ཡུ་དང་ཚུ་རུ་དང་།། ཕུ་ཕུའི་སྒྲ་ཡིས་བོས་ནས ་ཀྱང་།། བདག་ཉིད་ཕྱག་རྡོར་སྐུར་བསྒོམས་ནས།། མིག་གཉིས་གསེར་ཆུ་ཞུན་མ་འདྲ།། མིག་ལས་བྱུང་བའི་སྦྲུལ་གཉིས་ཀྱིས།། སྡང་བའི་དགྲ་བོ་སྐེ་ལ་འཁྲིལ།། ཆུ་གླང་སེར་པོའི་ཐོག་དུ་སྐྱོན།། རླུང་ཚུབ་དྲག་པོའི ་རྒྱབ་ནས་འབུལ།། དྲུང་ན་ཉམ་ཐག་འདུག་པ་ལ།། བྱོལ་སོང་གླང་གི་ཁ་རླངས་ལས།། སྦྲུལ་དང་སྦལ་པ་མང་པོའི་ཁ་རླངས་ཀྱིས།། དམ་ཉམས་དགྲ་བོའི་ལུས་དེ་ལ།། ལྷུ་ཚིགས་ཡན་ལག་བ་སྤུ་ལ།། བདུད་དང ་གདུག་པ་ཞུགས་པར་གྱིས།། ལུས་ལ་འཁྲིས་དང་ཟ་བ་དང་།། གཞན་ཡང་ཁ་རླངས་སྣ་རླངས་ལས།། ཀླུ་དང་མཛེ་དང་ཕོལ་མིག་དང་།། འབྲས་དང་ཤུ་བ་ཕོལ་མིག་དང་།། མཛེ་ནད་གཡན་པ་དྲག་པོ་ཐོང་།། བྲམ་ཟེ ་འཆི་བདག་ཚུར་ཉོན་ཅིག། དམ་ཚིག་ཉམས་པའི་དགྲ་བོ་དེ།། བདུན་བརྒྱུད་ཚུན་ཆད་མ་གཏང་ཞིག། སྐྲ་དང་སྨིན་མ་ད་ཚུར་ཕྱི།། ཀླད་མཛེ་ཀླད་ནད་མྱུར་དུ་ཐོང་།། བྱད་ནད་གདོང་ལ་ལ་མོར་ཐོང་།། རྐང་མཛེ་རྐང ་ལ་ཞེན་དུ་ཆུག། བྲམ་ཟེ་ནེ་སེག་འབྲེལ་དུ་ཆུག། ནད་རྣམས་ལྷང་ལྷང་འཁྱུག་ཏུ་ཆུག། ཚ་བ་མེ་དཔལ་གཏོང་དུ་ཆུག། སྦྲུལ་དང་སྦལ་པ་ཟ་རུ་ཆུག། ཉ་དང་ལྕོང་མོ་འཁྲིལ་དུ་ཆུག། ཆུ་རྟ་ཆུ་ལུག་འབྲེལ་དུ་ཆུག། བདུན ་རྒྱུད་རྩད་ནས་ཆོད་ལ་ཤོག། བཅོལ་ལོ་གདམས་སོ་བྲམ་ཟེའི་ཀླུ།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་ནས་རྗེ་རིགས་ཀླུ་རྣམས་བསྐུལ་ཏེ། ཧཱུཾ། རྗེ་རིགས་ཀླུ་ཚོགས་གནས་ནས་སྐྱོད།། སྡང ་བའི་དགྲ་ལ་གནས་ནས་སྐྱོད།། གནོད་པའི་བགེགས་ལ་གནས་ནས་སྐྱོསྤྱོད།། ནུབ་བལྟས་གཏིང་འབབ་སྒྲ་ཡང་ཆུང་།། རྒྱ་མཚོ་ཆེན་པོར་སློངས་པར་འགྲོ།། ས་གཞི་རྡོ་ཡང་དམར་བར་གནས།། རྗེ་རིགས་ཆེན་པོའི ་གནས་ཡིན་ཏེ།། འཁོར་དང་བཅས་ཏེ་དགྲ་ལ་ཆོས།། ཀཱ་ཡེ་རྗེ་རིགས་ཀླུ་ཚོགས་ཚུར་ཉོན་ཅིག། ང་ཡི་མ་ཉེས། འདི་ཡི་ཉེས།། བཀའ་ལས་འདས་པ་ཁོ་ཡིས་བྱས།། འདི་ལ་རྟགས་ཕྱུང་མཚན་མ་སྟོན།། གཞལ་ཡས ་ཁང་ནས་སྐྱོད་པའི་ཚེ།། སྐུ་ནི་སྦྲུལ་དམར་སྦལ་པ་དམར།། ཉ་དང་ལྕོང་མོ་དམར་པོ་སྟེ།། ཆུ་རྟ་ཆུ་ལུག་ཆུ་གླང་དམར།། ཀླུ་བདག་ཆུ་ལ་གནས་པའི་བུ།། ཞེ་སྡང་ཕོ་མོའི་བུ་དེ་ནི།། བྱོལ་སོང་ཕོ་མོ་ལྟོ་འཕྱེའི ་རིགས།། འཛམ་གླིང་མི་ལ་རྣམ་པར་འཚེ།། བྱོལ་སོང་ཧ་ལ་མཐུ་ཆེན་སྟེ།། དེ་ཡི་གཟུགས་བརྙན་ཆུ་གླང་དམར།། ཆུ་གླང་དམར་པོ་འཇིགས་པ་དེ།། གཡས་ཀྱི་རྭ་ལས་ཐོག་སེར་འབེབས།། གཡོན་གྱི་རྭ་ལ་གློག ་དམར་འཁྱུག། རྨིག་བཞི་རྣམས་ལ་ན་བུན་འཐུལ། ཁ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག། དེ་འདྲའི་བྱོལ་སོང་མཐུ་བོ་ཆེ།། ནཱ་ག་ཡུ་དང་ཚུ་རུ་ན།། ཕུ་ཕུའི་སྒྲ་ཡིས་བོས་ནས་ཀྱང་།། བདག་ཉིད་ཕྱག་རྡོར་སྐུར་བསྒོམས ་པས།། མིག་གཉིས་གསེར་ཆུ་ཞུན་མ་འདྲ།། མིག་ལས་བྱུང་བའི་སྦྲུལ་གཉིས་ཀྱིས།། སྡང་བ་དགྲ་ཡི་སྐེ་ལ་འཁྲིལ།། ཆུ་གླང་དམར་པོའི་སྟེང་དུ་སྐྱོན།། རླུང་ཚུབ་དྲག་པོས་རྒྱབ་ནས་ཕུལ།། དྲུང་ན་ཉམ་ཐག་འདུག་པ ་ལ།། བྱོལ་སོང་གླང་གི་ཁ་རླངས་ལས།། སྦྲུལ་དང་སྦལ་པ་མང་པོ་ཡིས།། དམ་ཉམས་དགྲ་བོའི་ལུས་དེ་ལ།། ལྦུ་ཚིགས་ཡན་ལག་པ་སྤུ་ལ།། བདུད་དང་གདུག་པ་ཞུགས་པར་གྱིས།། ལུས་ལ་འཁྲིལ་དང་ཟ་བར ་གྱིས།། གཞན་ཡང་ཁ་རླངས་སྣ་རླངས་ལས།། སྦྲུལ་དང་སྦལ་པ་མང་པོ་ཡིས།། ཀླུ་ནད་མཛེ་ནད་ཕོལ་མིག་དང་།། འབྲས་དང་ཤུ་བ་གཡན་པ་ཐོང་།། རྗེ་རིགས་འཆི་བདག་ཚུར་ཉོན་ཅིག། སྐྲ་དང་སྨིན་མ་ད་ཚུར ་ཕྱི།། ཀླད་མཛེ་ཀླད་ལ་མྱུར་དུ་ཟོང་།། བྱད་ནད་གདོང་ལ་ལ་མོར་ཐོང་།། རྐང་མཛེ་རྐང་ལ་ཞེན་དུ་ཆུག། ནད་རྣམས་ལྷང་ལྷང་ཞེན་དུ་ཆུག། རྗེ་རིགས་ནེ་སེག་འབྲེལ་དུ་ཆུག། སྣག་མཛེ་སྣག་ལ་ཞེན་དུ་ཆུག། ཚ་བ་མེ ་དཔལ་ཟོང་དུ་ཆུག། སྦྲུལ་དང་སྦལ་པ་ཟ་རུ་ཆུག། ཉ་དང་ལྕོང་མོ་འཁྲིལ་དུ་ཆུག། ཆུ་རྟ་ཆུ་གླང་འདེད་དུ་ཆུག། བདུན་རྒྱུད་རྩད་ནས་ཚོད་ལ་ཤོག། བཅོལ་ལོ་གདམས་སོ་རྗེ་རིགས་ཀླུ།། བསྐལ་པའི་མཐར་ཡང་མ ་གཏང་ཞིག། དེ་ནས་དམངས་རིགས་གདོལ་ཅན་བསྐུལ།། ཧཱུཾ། གོང་བཞིན་སྦྱར་བར་ཐེ་ཙོམ་མེད།། བྱང་བལྟས་གནག་ཅིང་ཉམས་མི་དགའ།། རྟག་ཏུ་ཉི་མ་འཆར་མི་སྲིད།། རླུང་དང་ཚུབ་མ་རྟག་ཏུ ་འབྱུང་།། ས་གཞི་རྡོ་ཡང་ནག་པོར་གནས།། དམངས་རིགས་གདོལ་ཚོགས་གནས་ཡིན་ཏེ།། འཁོར་བཅས་གོང་བཞིན་སྦྱར་བར་བྱ།། སྒྲ་ནི་སྦྲུལ་སོགས་གང་དང་སྦྱར།། ཆུ་རྟ་ནག་པོ་གོང་དང ་མཐུན།། ཆུ་གླང་ནག་པོའི་སྟེང་དུ་སྐྱོན།། གཞན་ཡང་གོང་དང་སྦྱར་བར་བྱ།། བཅོལ་ལོ་སྨོས་སོ་དམངས་རིགས་གདོལ་ཅན་ཀླུ།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་ནས་གཉེན་གྱི་ཀླུ་ཚོགས་བསྐུལ།། ཧཱུཾ།། ་གཉེན་གྱི་ཀླུ་ཚོགས་གནས་ནས་བསྐུལ།། སྡང་བའི་དགྲ་ལ་གནས་ནས་སྐྱོད།། གནོད་པའི་བགེགས་ལ་གནས་ནས་སྐྱོད།། མི་ཕོ་རྒྱ་མཚོ་གཏིང་རིངས་ནི།། གཉེན་ཆེན་འབར་བའི་གནས་ཡིན་ཏེ།། འཁོར་དང་བཅས ་ཏེ་དགྲ་ལ་ཆོས།། ཀཱ་ཡེ་གཉེན་གྱི་ཀླུ་རྣམས་ཚུར་ཉོན་ཅིག། ང་ཡི་མ་ཉེས་ཁོ་ཡི་ཉེས།། བཀའ་ལས་འདས་པ་ཁོ་ཡིས་བྱས། ཁྱེད་ཀྱི་ཐུགས་དང་འདི་ཡིས་འགལ།། འདི་ལ་རྟགས་ཕྱུང་མཚན་མ་སྟོན།། གཞལ་ཡས ་ཁང་ནས་བཞེངས་པའི་ཚེ།། སྐུ་ལས་མཛོ་ཏོལ་འབུམ་སྡེ་འགྱེད།། ཀླུ་བདག་ཆུ་ལ་གནས་པའི་བུ།། ཞེ་སྡང་ཕོ་མོའི་བུ་དེ་ནི།། བྱོལ་སོང་གདུག་པ་ལྟོ་འཕྱེའི་རིགས།། འཛམ་གླིང་མི་ལ་རྣམ་པར་འཚེ།། བྱོལ་སོང་ཧ་ལ ་མཐུ་བོ་ཆེ།། དེ་ཡི་གཟུགས་བརྙན་མཛོ་རྟོལ་ནག། མཛོ་རྟོལ་ནག་པོ་འཇིགས་པ་སྟེ།། གཡས་པའི་རྭ་ལས་ཐོག་སེར་འབེབས།། གཡོན་པའི་རྭ་ལས་གློག་དམར་འཁྱུག། རྨིག་བཞི་རྣམས་ལ་ན་བུན་འཐིབས། ཁ ་རླངས་འཕྲོས་པས་སྦྲུལ་དུ་འཁྱུག། དེ་འདྲའི་བྱོལ་སོང་མཐུ་བོ་ཆེ།། ནཱ་ག་ཡུ་དང་ཙུ་རུ་དང་།། ཕུ་ཕུའི་སྒྲ་ཡིས་བོས་པ་དང་།། བདག་ཉིད་ཕྱག་རྡོར་གོང་དང་མཐུན།། གཉེན་ཆེན་མཛོ་རྟོལ་སྟེང་དུ་སྐྱོན།། རླུང་ཚུབ་གོང ་དང་མཐུན་པར་སྦྱོར།། དམ་ཉམས་དགྲ་བོའི་ལུས་དེ་ལ།། ལཱུ་ཚིགས་གོང་དང་མཐུན་པར་སྦྱར།། གཞན་ཡང་ཁ་རླངས་སྣ་རླངས་ལས།། སྦྲུལ་དང་སྦལ་པ་མང་པོ་ལ།། ཀླུ་ནད་མཛེ་དང་ཕོལ་མིག་དང་།། འབྲས་དང ་གཡན་པ་ཤུ་བ་ཐོང་།། གཉན་ཆེན་འབུམ་སྡེ་ཚུར་ཉོན་ཅིག། དམ་ཚིག་ཉམས་པའི་དགྲ་བོ་འདི།། བདུན་རྒྱུད་ཚུན་ཆད་མ་གཏང་ཞིག། སྐྲ་དང་སྨིན་མ་ད་ཚུར་ཕྱི།། ཀླད་མཛེ་ཀླད་ལམ་མྱུར་དུ་ཐོང་།། རྐང་མཛེ་རྐང་ལ ་ཞེན་དུ་ཆུག། ནད་རྣམས་ལྷང་ལྷང་འཁྲུག་ཏུ་ཆུག། སྣག་མཛེ་སྣག་ལ་ཞེན་དུ་ཆུག། བྲམ་ཟེ་ནི་སེག་འབྲེལ་དུ་ཆུག། ཚ་བ་མེ་དཔལ་གཏིང་དུ་ཆུག། སྦྲུལ་དང་སྦལ་པ་ཟ་རུ་ཆུག། ཉ་དང་ལྕོང་མོ་འཁྲིལ་དུ་ཆུག། ཆུ་རྟ ་ཆུ་གླང་འདེད་དུ་ཆུག། བཅོལ་ལོ་གདམས་སོ་གཉེན་གྱི་ཀླུ།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་ནས་ས་བདག་ས་སྲིན་བསྐུལ་ཏེ། ཧཱུཾ། ས་བདག་འཆི་བདག་གནས་ནས་སྐྱོད།། སྡང་བའི་དགྲ་ལ་གནས་ནས ་སྐྱོསྤྱོད།། གནོད་པའི་བགེགས་ལ་གནས་ནས་སྐྱོད།། རི་དང་བྲག་དང་ཤིང་གཅིག་དང་།། སྒོང་ཚིགས་ས་སྐམ་རྡོ་སྐམ་དང་།། ས་བདག་ཆེན་པོའི་གནས་ཡིན་ཏེ།། འཁོར་དང་བཅས་ཏེ་དགྲ་ལ་ཆོས།། ས་བདག་ཀླུ ་ཚོགས་ཚུར་ཉོན་ཅིག། ང་ཡིས་མ་ཉེས་ཁོ་ཡིས་ཉེས།། བཀའ་དང་འགལ་བ་ཁོ་ཡིས་བྱས། ཁྱོད་ཀྱི་ཐུགས་དང་ཁོ་ཡིས་འགལ་བར་བྱས།། འདི་ལ་རྟགས་ཕྱུང་མཚན་མ་སྟོན།། གཞལ་ཡས་ཁང་ནས ་། སྐྱོསྤྱོད་པའི་ཚེ།། སྐུ་ནི་སྡོམ་དང་སྡིག་པ་དང་།། སྦྲུལ་དང་རྟ་གླང་རྨིག་པ་དང་།། རྩངས་པ་ཁྱི་དང་བྱ་དང་ཕག། བུད་མེད་སེམས་ཅན་ཁྲ་མོ་དང་།། ས་བདག་ས་ལ་གནས་པའི་བུ།། ཞེ་སྡང་ཕོ་མོའི་བུ་དེ་ནི།། བྱོལ་སོང ་གདུག་པ་ལྟོ་འཕྱེའི་རིགས།། འཛམ་གླིང་མི་ལ་རྣམ་པར་འཚེ།། བྱོལ་སོང་ཧའི་མཐུ་ཆེན་ཏེ།། དེ་ཡི་གཟུགས་བརྙན་ཁྱི་ཕག་ཁྲ། ཁྱི་ཕག་ཁྲ་ཡི་འཇིགས་པ་སྟེ། ཁ་རླངས་འཕྲོས་པས་སྦྲུལ་དུ་བྱུང་།། དེ་འདྲའི་བྱོལ་སོང ་མཐུ་བོ་ཆེ།། ནཱ་ག་ཡུ་དང་ཙུ་རུ་དང་།། ཕུ་ཕུའི་སྒྲས་ནི་བོས་ནས་ཀྱང་།། བདག་ཉིད་ཕྱག་རྡོར་སྐུ་རུ་བསྒོམས།། མིག་གཉིས་གསེར་ཆུ་ཞུན་མ་འདྲ།། མིག་ལས་བྱུང་བའི་སྦྲུལ་གཉིས་ཀྱིས།། སྡང་བའི་དགྲ་བོའི་སྐེ་ལ ་འཁྲིལ། ཁྱི་ཕག་ཁྲ་བོའི་ཐོག་ཏུ་སྐྱོན།། རླུང་ཚུབ་དྲག་པོས་རྒྱབ་ནས་ཕུལ།། དྲུང་ན་ཉམ་ཟག་འདུག་པ་ལ།། བྱོལ་སོང་ཁྱི་ཕག་ཁ་རླངས་ལས།། སྡོམ་སྡིག་རྩངས་པ་མང་པོ་ཡིས།། དམ་ཉམས་དགྲ་བོའི་ལུས་དེ ་ལ།། ལྷ་ཚིག་ཡན་ལག་པ་སྤུ་ལ།། བདུད་དང་གདུག་པ་ཞུགས་པར་གྱིས།། ལུས་ལ་འཁྲིས་དང་ཟ་བར་གྱིས། ཁྱི་དང་ཕག་པ་རྩངས་པ་རྟ་བླ་བས།། དགྲ་དང་གནོད་བགེགས་ཟ་བར་བྱེད།། གཞན་ཡང་ཁྱི་ཕག་ཁ ་རླངས་ཀྱིས།། ཀླུ་ནད་མཛེ་ནད་ཕོལ་མིག་ན་བ་གཏོང་།། འབྲས་དང་ཤུ་བ་མཛེ་ནད་གཡན་པ་དྲག་པོ་གཏོང་།། ས་བདག་ས་སྲིན་ཚུར་ཉོན་ཅིག། དམ་ཚིག་ཉམས་པའི་དགྲ་བོ་དེ།། བདུན་རྒྱུད་ཚུན་ཆད་མ ་གཏང་ཞིག། སྐྲ་དང་སྨིན་མ་ཚུར་ཕྱི།། ཀླད་མཛེ་ཀླད་ནད་མྱུར་དུ་ཟོང་།། བྱད་ནད་གདོང་ལ་ལ་མོར་ཐོང་།། རྐང་མཛེ་རྐང་ལ་ཞེན་དུ་ཆུག། བྲང་ཚེ་ན་སེག་འབྲེལ་དུ་ཆུག། ཚ་བ་མེ་དཔལ་གཏོང་དུ་ཆུག། སྡོམ་དང ་སྡིག་པས་ཟ་རུ་ཆུག། རྨིག་པ་རྩངས་པ་འཁྲིལ་དུ་ཆུག། ཁྱི་དང་ཕག་པ་འདོད་དུ་ཆུག། བཅོལ་ལོ་གདམས་སོ་ས་བདག་ཀླུ།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དམ་ཤེས་ཕག་མེས་པའི་བྱོལ་སོང་ཁྱོད།། མ་མོ ་དག་དང་བསྡོངས་ནས་ནི།། རྫིངས་ནས་ཉམས་ལྕིའི་འཆི་བར་གྱིས།། བདུད་དང་བསྡོངས་ནས་ཁྲག་ཏུ་སྐྱུག། གཤིན་རྗེ་དག་དང་བསྡོངས་ལ།། སྒྲོ་འབོག་ལྷོག་པས་ཐེབས་པར་གྱིས།། བཙན་དང་སྡོངས་ལ ་གྲི་ཐིབས་སོད།། དམུ་བདུད་དག་དང་བསྡོངས་གྱུར་ནས།། ལྦོས་ནས་སྐྲངས་ནས་འཆི་བར་གྱིས།། ནཱ་ག་གཅིག་པོས་ཟིན་གྱུར་ན།། ཆུ་སེར་སྨུག་པོ་འབྱུང་བ་གྱིས།། ས་བདག་དག་དང་བསྡོངས་ནས་ནི།། ལུས་སྦྲིད ་རྐང་ལག་སྐམས་པར་གྱིས།། དེ་ལྟར་སྦྱོར་བ་ཟབ་མོ་ཡིས།། ཀླུ་དང་གཉེན་དང་ས་བདག་དང་།། བྱོལ་སོང་རིགས་ཀྱིས་གནོད་པར་གྱིས།། དེས་ཀྱང་བྱོལ་སོང་དག་གིས་མི་གནོད་ན།། སྔོན་གྱི་ཐུགས ་དམ་ཉམས་ནས། བྱོལ་སོང་ཉིད་ཀྱི་མགོ་འགས་སོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུ་རྣམས་ལ་ལས་བཅོལ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས། བཅོམ་ལྡན ་འདས་ལ་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། འགལ་བ་ཆམ་ལ་དབབ་པའི་ཕྱིར།། ནང་བསྒྲུབ་ལས་ཀྱི་སྦྱོར་བ་ཡིས།། གཏད་པའི་ལས་རྣམས་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ནང་བསྒྲུབ་ལ་ཡང་རྣམ་གཉིས་ཏེ།། བསྙེན་པ་ཅིག་གིས་བསྒྲུབ་པ་དང་།། བྱེ་བྲག་བསྙེན་པ ་བསྒྲུབ་པའོ།། དེ་ལ་དང་པོར་བསྙེན་པ་ནི།། གཉིས་པོ་དག་གིས་བསྒྲུབ་བྱས་ནས།། ནང་བསྒྲུབ་ལས་ཀྱི་རིམ་པ་ནི།། ལས་ཀྱི་བསྒྲུབ་ཐབས་འབུམ་སྡེ་བཤད།། དང་པོ་ཀླུ་རྒྱལ་དངོས་བསྒྲུབས་ནས།། རིགས་བཞི་ཀླུ ་དང་གཞན་དང་ནི།། ས་བདག་ས་སྲིན་རིགས་ཀྱི།། གཏད་པ་ལས་ཀྱི་སྦྱོར་བ་བཙམ།། དེ་ལ་དང་པོ་སྔོན་འགྲོའི་སྦྱོར་བ་ནི།། དང་པོ་ནི་ཀླུ་རྣམས་དབང་དུ་བསྡུ།། ཤུ་ལེ་ཤུ་མུ་ལེ། ཤ་ཤ་ཤུ་ཤུ་མོ་ཏི་ཏི་ཏ་ཕཊ་ཧཱུཾ། ཞག ་གསུམ་བར་དུ་བཟླས་པར་བྱ།། དེས་ནི་ཀླུ་གཉེན་ས་བདག་ཀུན།། དབང་དུ་འདུས་པར་གདོན་མི་ཟ།། དེ་ནས་མནའ་ཡིས་བསྒག་པར་བྱ།། ཏད་ཡ་ཐ། ཨོཾ་བ་ག་ཙི་གི་ཧཱུཾ་ཧཱུཾ་ཡ་ཧཱུཾ་ཧཱུཾ་ཡ་ཧཱ་ཡ་སྭཱ་ཧཱ། བཟླས་ཤིང་ཕ་སྐལ ་བུ་བསྒོ།། རྣམ་མཐོ་དག་ཀྱང་གཅད་པར་བྱ།། དེ་ནས་མཎྜལ་དག་གི་སྟེང་།། ཀླུ་གཏོར་རྒྱས་པ་བཤམས་ལ།། ཞག་ལྔ་ཞག་བདུན་པར་དག་ཏུ། ཁྱུང་གི་ཕྱག་རྒྱ་བྱས་ལ་ནི།། ཀླུ་གཉན་ས་བདག་ཀུན་གྱི་སྤྱིའི་སྙིང་པོ ་དང་།། ཉེ་བའི་སྙིང་པོ་དག་ཀྱང་དྲང་བར་བྱ།། སྙིང་པོ་དག་ལ་འབུམ་ཚོ་བསྐུལ།། ཉེ་བའི་སྙིང་པོ་དག་ལ་ཉིན་སྟོང་མཚན་སྟོང་ངོ་།། གང་བྱེད་ཐོད་པར་རྫས་དང་ལིང་ག་བསགས་བྱས་ལ། ཀླུ་རྣམས་གཏད་སྔགས ་བཟླས་པར་བྱ།། དེ་ནས་ཐོད་སྦྲུལ་ཕྱག་རྒྱ་ལེགས་བྱས་ལ།། ཐུན་སྔགས་བྲབས་ལས་དགྲ་བོ་སྦྲུལ་གྱིས་བསྐོར།། ཉུངས་ཀར་ཉུངས་ནག་དག་ལ་འབུམ་བཟླས་ཕྱོགས་སུ་གཏོར། གུ་གུལ་གྱིས་བདུག་བསྔགས་བཟླས ་ཤིང་ལིང་ཁ་གདུགས། དེ་རྣམས་སྔགས་ནི་སྔགས་ཀྱི་ལེའུ་ནས་ཤེས། དེ་ནི་སྔོན་དུ་འགྲོ་བའི་སྤྱིའི་ཆོ་གའོ།། དེ་ནས་གང་ཡང་རུང་བའི་ལས་རྣམས་བརྩམ། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ནང་བསྒྲུབ ་སྔོན་དུ་འགྲོ་བའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་རྒྱལ་རིགས་སྦྱོར་ཀ་བཤད།། ཤར་བལྟས་པའི་ཁྱིམ་ཕྱིན་ལ།། རྒྱལ་རིགས་ས་བཙལ་གནས་པའི་ཀླུ་གར་དེ།། ཀླུ་གར་དག་ལ་དགྲ་བོ་གཏད་འདོད་ན།། རང ་གིས་གོས་དཀར་གོན་ལ་སྤྱི་བོའི་སྐྲ་ཡང་བརྫེས།། གདོང་པ་ཁྲག་དང་སོལ་བས་ངོས་རེ་བྱུག། གཤེད་ཐོད་དབང་བསྐུར་སྔགས་ཀྱང་བཟླས།། དེ་ནས་དགྲ་བོའི་ཕ་མིས་ཐོད་པ་རུ།། དུ་ཡོད་མིང་རུས་གྲོ་ག། ་དག་ལ་བྲི།། ཉུངས་ཀར་ཏིལ་ནག་རྗེས་ཀྱི་ས་ལ་བཟླས།། ཐོད་པ་གཉིས་ཀྱི་མིག་ལྟས་ནས།། ཚོན་སྐུད་བཏགས་ལ་ལག་པ་གཡས་པས་གཟུང་།། གཤེད་ཐོད་ནང་དུ་གུ་གུལ་དཀར་པོ་དང་།། ཅོང་ཞི ་དཀར་པོ་དེ་རྣམས་སྦྱར་བྱས་ལ།། གུ་གུལ་ནག་པོ་སྐེ་ཚེ་བཙན་དུག་རེ་ལྕག་པ།། དགྲ་བོའི་མིང་བྱང་བཅུག་ལ་དགྲ་བོའི་སྲོག་སྙིང་བཟླས།། ཐོད་པའི་ནང་གི་མིང་བྱང་དག་ལ་བྲབ།། དེ་ནས་ཀླུ་ཡི་དྲག་སྔགས་ཀྱིས ་ཀྱང་རྡེག། གུ་གུལ་ནག་པོས་བརྡེགས་པར་བྱ།། དེ་ནས་མ་ཉེས་དཔང་ཡང་གཟུགས།། གསེར་སྐྱེམས་ཆ་གཅིག་གཏང་བར་བྱ།། ཀླུ་གར་ཁྱོད་ལ་འདི་གཏད་དོ།། ཆུ་མིག་ཀླུ་ཡི་མིག་ཡིན་པས།། མིག་དུ་ཆུ་མིག་དག ་ནས་ནི།། རྐང་འདོམ་གང་བཅལ་ཀླུ་ཡི་ཁ་ཡིན་པས།། དེ་རུ་ས་བརྐོས་ཕ་མེས་ཐོད་པ་གཞུག། དེ་བས་དམའ་བའི་ཁྲུ་དེ་གཞལ་བ་ལ།། ལག་པ་གཡས་པའི་སྦར་བ་སྟེ།། དེ་རུ་ས་བསྐོས་གཤེད་ཐོད་སྦ།། གཡོན་ངོས ་ཁྲུ་དོ་བཅལ་བ་ནི།། ལག་པ་གཡོན་པའི་སྦར་བ་སྟེ།། མཚན་བྱང་དེ་རུ་སྦ་བར་ཤིས།། ཐོད་པའི་ཁ་ནི་རྒྱ་སྐྱེགས་དག་གིས་གཅད།། ཟོ་རངས་སྐྱ་རེངས་ཤར་བའི་དུས་སུ་སྦྱར།། དེ་ལྟར་གཏད་ན་ལྐུགས་པའམ།། ཞྭ ་གྲུམ་དག་གིས་འཆི་སྟེ་ལོ་གཉིས་ནའོ།། རྟོག་པའི་རྒྱལ་པོ་ལས། རྒྱལ་རིགས་ལ་དགྲ་བོ་གཏད་པའི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་བྲམ་ཟེའི་ལས་བཤད་དེ།། སེར་པོ་མེ་ལ་དབང་སྟེ་དེ་ལ་གཏད་པར་བྱ།། ལྷོར ་བལྟས་ཁྱིམ་དུ་སོང་ལ་ཆ་ལུགས་སེར་པོ་གོན།། གཏོར་མ་སེར་པོ་རྒྱས་པ་སྦྱིན་བྱ་སྟེ།། དབང་པོ་གདམས་ལ་ཕྱོགས་སུ་ཕྱག་གསུམ་བཙལ།། མིང་རུས་ཁྲག་ལ་བྲིས་བྱས་ལ།། སྐྲ་དང་རྗེས་ཀྱིས་བསྲེས་གཟུགས་བྱས ་ལ།། འབོགས་དྲིར་ཤི་བའི་ཐོད་པ་རུ།། དུག་དང་གུ་གུལ་ནག་པོ་དང་། ཁྱི་ནག་པོ་ཡི་སྙིང་བཙལ་ལ།། བྲམ་ཟེའི་སྙིང་པོས་བྲབ་པར་བྱ།། དེ་ནས་ཉི་མ་ཉི་མ་རྩ་གོང་དུ།། གཏད་པའི་ལས་རྣམས་གོང་དང ་སྦྱར།། ལྕེབས་དྲིར་སྙིང་གཟིར་འཆི་བར་འགྱུར།། རྟོག་པའི་རྒྱལ་པོའི་རྒྱུད་ལས། བྲམ་ཟེ་ལ་གཏད་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་རྗེ་རིགས་ཀྱི་ལས་བཤད་དེ།། ཀླུ་ཁྲ་ཆུ་ལ་དབང་བ་སྟེ།། དེ་ལ་དགྲ་བོ ་གཏད་པ་ནི།། ནུབ་ཏུ་བལྟས་པའི་ཁྱིམ་སོང་སྟེ།། ཕྱག་གསུམ་བཙལ་ལ་ལས་རྣམས་བྱ།། ལུག་གི་ཐོད་པར་འབྲུ་སྣ་སྣ་ཚོགས་བླུགས།། སྦྲང་རྩི་གཟེག་ཕུར་ཆུ་གང་ལ།། དགྲ་བོའི་གཟུགས་བྱས་ཐོད་པར ་གཞུག། ཕག་པའི་ཐོད་པར་དུག་དང་སྐེ་ཚེ་དང་།། མི་ཁྲག་མིང་བྱང་དོར་རྟར་བཅུག་ལ་ཟོད་པར་གཞུག། ཀླུ་བསྐྲད་སྙིང་པོས་བརྡེག་ཅིང་བྲབ་པར་བྱ།། ཕྱི་མ་གོང་བཞིན་སྦྱར་བར་བྱ།། ཉི་མ་ཤར་བའི་དུས་ན ་གཏད།། ལོ་དུས་དག་ལས་འཁོར་མི་སྲིད།། རྟོག་པའི་རྒྱལ་པོའི་རྒྱུད་ལས། རྗེ་རིགས་ཀྱི་ལས་དགྲ་བོ་གཏད་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་དམངས་རིགས་ཀྱི་ལས་བཤད་དེ། དམངས་རིགས་ནག་པོ ་རླུང་ལ་དབང་བ་སྟེ།། དེ་ལ་དགྲ་བོ་གཏད་པར་བྱ།། བྱང་ཕྱོགས་བལྟས་པའི་ཁྱིམ་ཕྱིན་ནས།། གཏེར་མ་ནག་པོ་བཤམས་ལ་སྦྱིན།། ནས་ནག་ལྕགས་ཕྱེ་ཏིལ་ནག་དང་།། བསྲེགས་པ་དེ་ཚོ་གང་ཡང ་སྦྱིན།། དེ་ནས་མཛེ་ཕོའི་ཐོད་པ་རུ།། དུག་ཆུ་མིང་བྱང་ལེགས་བརྩམས་ལ།། ལུས་ལ་ལྕེ་ཕོག་ཚགས་བྱས་ལ།། སྐོལ་ཏེ་ཐོད་པའི་མིག་ནས་དཀྲུག། སྐོལ་བའི་སྔགས་ཀྱང་བཟླས་པར་བྱ།། གུ་གུལ་དག་ལ་དྲག ་། སྔགས་བཟླས་ལ་བརྡེག། སྨིན་མ་སྐྲ་སོགས་ཕྱི་ཞེས་བརྗོད།། གོང་ནས་འབྱུང་བཞིན་ཆུ་མིག་ཏུ།། གཞུག་པར་བྱ་བར་ཐེ་ཚོམ་མེད།། ནད་དུ་མཛེ་ནི་གདོན་མི་ཟ།། ཟླ་བ་ལྔ་ལས་འཁོར་མི་སྲིད།། རྟོག་པའི་རྒྱལ་པོའི ་རྒྱུད་ལས། ཀླུ་དམངས་རིགས་ལ་དགྲ་གཏད་པའི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་ཀླུ་སྣ་ཚོགས་ཀྱི་ལས་བཤད་དེ། ཁྱིམ་འོག་གསུམ་པའི་སུམ་མདོ་རུ།། ཕྱི་ནས་འབྲུ་སྣ་ཚོགས་དང་།། གུ་གུལ་ནག་དང་རིན ་། ཆེན་དང་།། མིང་རུས་སྦྲུལ་གྱི་དུམ་བུ་དང་།། བུད་མེད་གྲི་རུ་ཤི་བའི་ཐོད་པར་བཅུག་ལ།། ཞག་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ།། དམ་བདར་ལས་བཅོལ་ལོ།། སྟོང་རྩ་བརྒྱད་དུ་བཟླས་ན་ངེས་པར་ཆུད་མི་ཟ།། ཡང་ན ་གྲོ་ག་ཤུན་ལྤགས་དང་།། ན་ག་པུས་པར་ཁྲག་གླང་ནག་ཁྲག། བ་སེར་ལྕི་བ་བསྲེས་ལ་ལིང་ག་བྱ།། མིང་བྱང་སྙིང་ཁར་བཅུག་ལ་མདོར་སྦས་ན།། ལ་ཐང་ཕྱེ་དང་སྲན་ཚེ་ཚ་ཕྱེ་རྣམས།། བསྲེས་ལ་ཆུ་མིག་ནང་དུ ་གཏོར་མར་བྱ།། ཆེ་གེ་འདི་ནི་མི་གཏང་འཚལ།། ཞག་གསུམ་དག་ན་ཆོ་འཕྲུལ་སྣ་ཚོགས་འབྱུང་།། འོག་རྟ་འཆི་ལ་སྦྲུལ་གྱི་ཁ་དོག་སྟོན།། ཟླ་བ་ཕྱེ་ན་ངེས་པར་འཆི་བར་ངེས། ཁྲག་ཏུ་སྐྱུག་ཅིང་འཆི་བར ་འགྱུར།། རྟགས་རྣམས་བྱུང་ན་ཐོད་པ་དབྱུག། ཀླུ་བསྒྲུབ་བྱ་ཞིང་ཀླུ་གཏོར་གཏང་།། དབྱར་ཟླ་གསུམ་ལ་ཆུ་མིག་སྔོ་དབྱེ་བ།། རིགས་བཞི་ཀླུ་དང་སྣ་ཚོགས་ཀླུ་ཡི་ནི།། ལས་སུ་རྒྱལ་བ་ཀུན་གྱིས་གསུངས།། རྟོག་པའི ་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུ་སྣ་ཚོགས་ལ་དགྲ་བོ་གཏད་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་ས་བདག་གིས་ལས་བཤད་དེ། ས་བདག་ཡོད་ངེས་ཕ་འོང་ངམ།། སྒོང་ཚིགས་གྲ་མ་དག་ལ་ནི།། ས་བདག ་ལ་གཏད་ལས་བྱའོ།། དགྲ་བོ་ཡོད་ཚད་མིང་རུས་ནི།། གྲོ་ག་དག་ལ་ལེགས་བྲིས་ལ།། ས་བདག་ཁྱོད་ལ་གཏད་དོ་བྱ།། ས་གྲུ་རུ་བཅུག་ལ་དྲག་སྔགས་དག་ཀྱང་རྡེགས།། ཉུངས་ཀར་དག་ལ་བཟླས་ལ་བརྡེག། ཡང ་ན་སྦལ་པའི་གསོབ་དང་སྡིག་པའི་གསོབ།། དེ་ཉིད་ལྟོ་སྦྱར་ཚོན་སྣ་ལྔས་བཅིངས་ལ།། མནའ་ཐོད་དག་ཏུ་བཅུག་ལ་ས་བདག་ལ་གཏད།། ཚིག་གིས་འདི་སྐད་བརྗོད་པར་བྱ།། ས་བདག་རྒྱལ་པོ་རྒྱལ་མོ་དང་།། བློན ་པོ་མཐུ་ཆེན་དམག་དཔོན་དང་།། དཀར་པོ་སེར་པོ་ནག་པོ་ཁྲ་བོ་གཤེད་པོ་འཛིན་སྐྱོང་པོ། སྒུར་པོ་ཁྱེད་རྣམས་མར་ཡ་འདི་གཏད་ཀྱིས། ཀླུ་རྫིངས་སུ་ཆུ་གཅིག། དམུ་ཆུ་དང་གུམ་པོར་ཐོང་ཞིག། བད ་ཀན་དང་། རླུང་ནད་དང་། མཁྲིས་ནད་འདུས་པའི་ནད་ཀྱིས་སོད་ཅིག། ས་བདག་ཡོད་ངེས་སྔོས་ཤིང་སྒོང་ཚིགས་ཕ་བོང་སར་སྦའོ།། ཟླ་གསུམ་ཉ་ལ་སྦས་གྱུར་ན། ལོ་དུས་དག་ལ་འཁོར་མི ་སྲིད།། རྟོག་པའི་རྒྱལ་པོའི་རྒྱུད་ལས། དགུན་ཟླ་གསུམ་ལ་རི་བོའི་ལྟོ་སྦྲུལ་ལ་དགྲ་བོ་ས་བདག་ལ་གཏད་པའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་གཉེན་གྱི་ལས་བཤད་དེ།། མཚོ་ཆེན་པོའི་སར་ཕྱིན་ཏེ།། གཉེན་ཆེན ་པོ་ཞེས་བོས་པ་དང་།། དང་པོ་མ་ཉེས་དཔང་ཡང་གཟུགས།། གཉན་དང་ཕ་སྐལ་བུ་སྐལ་མགོ། གཉེན་དང་རྣམ་ཐོ་ལེགས་པར་གཅད།། མོན་པ་ནག་པོའི་ཐོད་པ་རུ།། དུ་ཡོད་དགྲ་བོའི་མིང་བྱང་གཞུག། གྲོ་ག་དག ་ལ་ལིང་ག་བྲི།། མང་པོ་བཅུག་ལ་དགྲ་ལ་གཏད།། ལྕགས་ཕྱེ་དུག་སྣ་ཚོགས་པ་དང་།། འབྲུ་སྣ་ཚོགས་དང་གུལ་གུལ་དང་།། རྒྱ་མཚོ་ལྦུ་བ་ལ་སོགས་དང་།། གཉེན་གྱི་དམ་རྫས་མ་ལུས་ལ།། བླུགས་ལ་གཉེན་གྱི ་དྲག་སྔགས་ཀྱིས།། བྲབ་པར་བྱ་བ་ཐེ་ཚོམ་མེད།། ཅེས་ནི་དྲག་སྔགས་བརྒྱབ་ནས་ཀྱང་།། མོན་ཟོད་དག་ལ་འདི་སྐད་བྲི།། གཉེན་པོ་བར་སྣང་དག་ལ་བཞུགས་པ་དག། རྒྱ་མཚོ་སྤྱན་དབྱེ་འདིར་སྦྲོན་ལ། ཁྱེད་ལ་དགྲ ་པོ་འདི་གཏད་ཀྱིས།། དིག་ཏུ་ཆུག་ཅིག། ལྐུགས་སུ་ཆུག་ཅིག། ཞར་དུ་ཆུག་ཅིག། ཆུ་བུར་དང་། ཤུ་བ་དང་། གཡན་པ་དང་། ཕོལ་མིག་དང་། ལྐུགས་པ་དང་། ཁ་ཡོན་པོ་དང་། ལུས་པོ་ཞ་བ་དང་། གཞོགས་སྐམས ་པར་གྱིས་ཤིག། བྱས་ལ་ཐོད་པ་ཐལ་འཇིམ་གྱིས་ཁ་གཅད་ལ། རེ་བས་གཏུམ་རྒྱ་གྲམ་གྱི་དཀར་ནག་སྐུད་པ་དག་གིས་བཅིང་།། གཉེན་རྡོ་ཁྲ་བོ་དག་དང་སྦགས་ནས་ཀྱང་།། རྒྱ་མཚོ་དག་ཏུ་བསྒྱུར་བར་བྱ།། ཟླ་དུས ་དག་ལ་གཟས་པ་པོ།། མི་འཁོར་དེ་ས་ཤིན་ཏུ་ཟབ།། སངས་རྒྱས་ཀུན་གྱི་རྣགས་པ་ཡིན།། རྟོག་པའི་རྒྱལ་པོའི་རྒྱུད་ལས། དཔྱིད་ཟླ་གསུམ་ལ་རྒྱ་མཚོ་སྤྱན་དབྱེ་བ་དགྲ་བོ་གཉེན་ལ་གཏད་པའི་ལེའུ་སྟེ་སོ་དྲུག ་པའོ།། །། དེ་ནས་ཁྱད་པར་ལས་ཆེན་བཤད།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། ཞག་བརྒྱད་དུ་ཉིན་པར་སྔགས་བཟླས་ཤིང་། ཆུ་མིག་ཏུ་མིང་བྱང་བསྒྱུར་བར་བྱ། དེ་ཡི་བྱ་བའི་རིམ་པ་ནི། གླང་མཐེབ་ལོང ་ཙམ་རྒྱུས་ལ།། སྟེང་དུ་དེ་ལྟར་བརྒྱད་ཀྱིས་མཛེས།། དེ་ལྟར་བཅུ་དྲུག་པར་དག་དུ།། དང་པོ་གཉིས་དང་གསུམ་དང་བཞི།། ལྔ་དང་དྲུག་དང་བདུན་དང་བརྒྱད།། མིང་དང་ཨོཾ་དང་ཕུ་སྦྱོར་གསུམ།། མཁས་པས་རིམ ་བཞིན་སྦྱར་ནས་ཀྱང་།། ཆུ་མིག་བརྒྱད་དུ་ནུབ་མོ་སྒྱུར།། ཆུ་མིག་ཁ་རུ་སྔགས་འདི་བརྗོད།། དེས་ཀྱང་ཚུར་ལ་ལྡོག་མི་སྲིད།། དང་པོ་མ་ཉེས་དབང་ཡང་གཟུགས།། དེ་ནས་ཀླུ་ཡི་དམོད་པས་མོས།། ཕྱིའི་མཆོད་པ ་རྒྱས་པར་དབུལ་བར་བྱ། འགྲོ་བ་རིགས་དྲུག་སྦྱིན་གཏོར་གཏང་།། དེ་ནས་བྱང་ཤར་ཀླུ་བཙན་ཡམ་ཤུད་ལ།། གསེར་སྐྱེམས་དག་ཀྱང་རྒྱུན་མི་གཅད།། དེ་ནས་ཀླུ་ཡི་དམོད་པ་ནི།། ཀཱ་ཡི་ཀླུ་ཆེན་རྣམས་ཉོན་ཅིག། ཀླུ ་ནག་པོ་རྣམས་ཉོན་ཅིག། དགྲ་བོ་འདི་བཀའ་ལས་འདས་པ་ཡིན་པས་འདི་ལ་རྟགས་ཕྱུང་ཞིག། མཚན་མ་མྱུར་དུ་སྟོན་ཅིག། སྨིན་མ་དང་སྒྲ་ཕྱི་ཞིག། ཀླད་མཛེ་ཀླད་ལ་ཟོང་ཞིག། བྱད་ནད་གདོང་ལ ་ཕུར་ཤིག། རྐང་ནད་རྐང་ལ་ཞེན་ཅིག། ནད་ངན་ལྷང་ལྷང་འཁྱུག་ཏུ་ཆུ་གཅིག། སྣ་མཛེ་སྣ་ལ་ཞེན་ཅིག། བྲན་ཚེ་ནེ་སེག་ཁྲོལ་ཅིག། ཚ་བ་མེད་དཔལ་ཐོང་ཞིག། སྦྲུལ་དང་སྦལ་པ་ཞུགས་ཅིག། དེས་ནི་ངེས་པར་ཆུད ་མི་ཟ་ཡི།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ཀླུ་ཆེན་པོ་བརྒྱད་ལ་དགྲ་བོ་གཏད་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་ཟབ་མོའི་ལས་བཤད་དེ།། ཤོག་ཤོག་དག་ལ་ར་དཀར་གྱི།། འོ་མས་སྙིང་པོ ་ལེགས་བྲིས་ལ།། གྲོ་སྲོག་དུད་པས་བདུག་པར་བྱ། ཁམ་པའམ་ལ་ཆའི་སྦལ་པར་ལེགས་བཅུག་ལ།། རེ་བ་དག་གིས་གཏུམ་པར་བྱ།། དེ་ནས་སྙིང་པོ་བཟླས་བྱ་སྟེ།། གནས་པ་བརྒྱད་ཀྱི་དབུས་སུའོ།། བ་གླང་ཕག ་པས་བྱུག་ལ་གནན།། དེ་ནས་གཏད་པའི་སྔགས་ཀྱང་བཟླས།། འཛམ་བུ་གླིང་ནས་རྙེད་པར་དཀའ།། སྙིང་ཁའི་དཀྱིལ་དུ་བཅང་བར་བྱ།། སངས་རྒྱས་ཀུན་གྱི་དམ་ཚིག་གོ། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད ་ལས། ཟབ་མོ་ནཱ་གའི་ལས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་གཏད་པའི་ལས་བཤད་དེ།། གྲོ་གཤོག་བུ་རས་དག་ལ།། སྦལ་པ་ནག་པོའི་གཟུགས་བྲིས་ལ།། སྙིང་ཁར་མིང་བྱང་ཁོག་དུ ་གཞུག། གནག་པ་གཉེན་ལ་གཏད་པའི་སྒོ།། ལུང་བདུན་ཆུ་དང་ལུང་དགུའི་ཆུ།། སྨན་དང་དམར་སེར་བཅུད་རྣམས་ཀྱིས།། གནག་མཆོད་སྲིད་ལ་གསེར་སྐྱེམས་གཏང་།། བྱང་ཤར་ཡམ་ཤུད་དམར་པོ་ལ།། གསེར ་སྐྱེམས་གཏང་ལ་བར་ཆད་བསྒོ།། རྒྱུན་དུ་སྙིང་པོ་འདི་བཟླས་སོ།། གུ་གུལ་ནག་པོའི་དུད་པས་བདུག། རིགས་དྲུག་གཏོར་མ་གཏང་ནས་ནི།། གོང་འོག་སྦལ་པས་མ་ནས་བསྒྲགས་ལ།། གསང་སྔགས་འདི་ཡང་བརྗོད ་པར་བྱ།། དེ་ནས་ལས་བཅོལ་གསང་སྔགས་བཟླས།། དེ་ནས་ཐོད་སྦྲུལ་ཕྱག་རྒྱ་ལེགས་བྱས་གསང་སྔགས་བཟླས།། ཐམས་ཅད་བསྡམས་པར་བསམ་པར་བྱ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ནཱ་ག་ལས ་ཆེན་གྱི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་ཟབ་མོའི་སྤྱི་དོན་བཤད།། ཤོག་བུ་དག་ལ་སྦལ་པ་ནག་པོ་བྲི།། དེ་ཡི་ནང་དུ་མིང་ཡིག་བྲི་བར་བྱ།། བདག་གིས་དགྲ་བོ་འདི་གཏད་ཞེས་བྱ་བ་ཡང་ནི་བསྒོ་བར་བྱ།། ཀླུ ་རྣམས་སྨན་དང་གཏོར་མས་མཆོད།། སྲིད་པའི་ལྷ་འདྲེ་བྱིན་ལའང་གསེར་སྐྱེམས་གཏང་།། བྱང་ཤར་ཡམ་ཤུད་དག་ལ་གསེར་སྐྱེམས་གཏང་།། དགྲ་བོའི་ཚེ་སྲོག་བར་ཆད་བྱའོ།། དེ་ནས་ཀླུ་ཡི་སྙིང་པོ་འདི་ཡང ་བཟླས། ཁྲིའམ་འབུམ་དང་བཟླས་པར་བྱ།། སྦལ་པའི་གཟུགས་དེ་ཆག་གང་འོག་ཏུ་སྦ།། ནག་པོ་དག་ལ་གཏད་པར་བསྒོ།། དེ་ནས་ཀླུ་རྣམས་དམ་བརྩལ་མནའ་བསྒྲགས།། སྔགས་འདི་ཡང་ནི་བརྗོད་པར་བྱ།། དེ ་ལྟར་བྱས་ནས་ཀུན་ཀྱང་འགྲུབ།། རྟོག་པའི་རྒྱལ་པོ་ལས་མཆོད་རྟེན་གྱི་རྒྱུད་ལས། ཟབ་མོའི་སྤྱི་དོན་གྱིས་དགྲ་བོ་ཆམ་ལ་དབབ་པའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་ཀླུ་གནས་བཤད་པར ་བྱ།། ཀླུ་རྣམས་ལ་ཡང་རྣམ་བཞི་སྟེ།། རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས།། དམངས་རིགས་ནག་པོ་གདོལ་པའི་རིགས།། དེ་དག་སོ་སོའི་མཚན་ཉིད་ནི།། ཤར་བལྟས་དྲག་འབབ་མེ་ཏོག་སྐྱེས།། ས་བཞི་རྡོ་ཡང ་དཀར་པོར་གནས།། རྒྱལ་རིགས་ཡིན་པར་ཤེས་པར་བྱ།། ལྷོར་བལྟས་གཏིང་ཐུང་དྲི་ཡང་ཞིམ།། རྟག་ཏུ་སྐྱེ་འབྲི་མེད་པར་འབབ།། བྲམ་ཟེ་ཡིན་པར་ཤེས་པར་བྱ།། ནུབ་བལྟས་གཏིང་འབབ་སྒྲ་ཡང་ཆུང་།། རྒྱ་མཚོ ་ཆེན་པོར་སླེབས་པར་འབབ།། རྗེ་རིགས་ཡིན་པར་ཤེས་པར་བྱ།། བྱང་བལྟས་ནག་ཅིང་ཉམས་མི་དགའ།། རྟག་ཏུ་ཉི་མ་འཆར་མི་སྲིད།། རླུང་དང་ཆུབ་མ་རྟག་ཏུ་འབྱུང་།། གདོལ་པའི་རིགས་སུ་ཤེས་པར་བྱ།། དེ ་རྣམས་སྤྱི་ཡི་མཚན་ཉིད་དོ།། རྟོག་པའི་རྒྱལ་པོ་ལས། ཀླུ་རྣམས་རིགས་བརྟག་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་ཀླུ་དང་གཉེན་དང་ས་བདག་གིས།། མ་གྲུབ་སྤོགས་པའི་ཆོ་ག་བཤད།། དེ་ལ་དང་པོ་རྒྱུན་ཏུ ་དྲངས་པའི་སྔགས།། བདུན་འབུམ་དག་ཏུ་བཟླས་པར་བྱ།། དེ་ནས་མྱོས་སུ་གཞུག་པའི་སྔགས།། སྟོང་ཚོ་ཙམ་དུ་བཟླས་པར་བྱ།། དེ་ནས་གསད་པར་བྱ་བའི་སྔགས།། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ།། ཆུ་མིག་མགོ ་གསུམ་འཁོར་སྐྱེ་བའི།། གྲ་མ་ཚེར་མའི་ཤིང་དག་དང་།། སྐྱུ་རུ་ར་ཡི་མེ་ཏོག་ལ།། སྦྲུལ་ནག་སྦལ་ནག་སྡིག་པའི་རོ་དང་སྡོམ་ནག་པོ།། དགྲ་བོའི་མིང་དང་དབྱེ་བ་ནི།། སྔགས་ཀྱི་གཟུགས་དང་སྒྲགས་ལ ་བསྲེགས།། ཐལ་བ་ཕྱོགས་སུ་གཏོར་ཞིང་ཕྱག་ཀྱང་འཚལ་དུ་གཞུག། དགྲ་བོ་དག་ལ་སྨོས་ཅི་དགོས།། ཡུལ་ཁམས་ཙམ་དུ་མཛེ་འོང་ངོ་།། མི་ནད་སྣ་ཚོགས་མི་བདེ་སྣ་ཚོགས་འོང་།། གར་དགའ་བྱ་མེད་ཐི་སྙམ་དག ་ལ་བྱ།། དགྲ་ལ་རྟགས་བྱུང་ཐོད་པ་དག་ཀྱང་དབྱུང་།། གསུམ་པོ་དག་ལ་གཏང་རག་གཏང་།། ཀླུ་སྒྲུབ་ཀླུ་མདོས་ཀླུ་རྗེས་དག་ཀྱང་གཏང་།། ཀླུ་གྲོས་ཀླུ་སྐོངས་ཀླུ་ཀླུ་ཕྱའོ་བླང་།། ཀླ་སྐོངས་ཐེབས་གསུམ་དག་ཀྱང ་བྱ།། དུས་གསུམ་ཆོད་པ་ཁྱོད་ལ་བྱ།། སྔགས་པ་བདག་ལ་མནའ་མ་ཟ།། གནོད་པ་མ་བྱེད་པར་དམ་བདར།། རྟགས་ཕྱུང་མཚན་མ་སྟོན།། དེ་ནི་གདོན་མི་ཟ་བར་འགྲུབ།། ངེས་པའི་ལས་འདི་ཐེ་ཚོམ་མེད།། རྟོག ་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། ལས་ཀྱི་སྤོགས་པའི་ཆོ་ག་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་ལས་མཆོད་དེ་རྣམས་ཀྱི།། གསང་སྔགས་གང་ཡིན་ངོ་བོ་གང་།། དངོས་སུ་མ་མཆོད་གནས་བསྟན ་པར་བྱའོ།། སངས་རྒྱས་ཀུན་གྱི་གསང་བ་ཡིན།། ངག་ཏུ་བརྗོད་པ་མ་ཡིན་ཏེ།། སྐྱེ་བོའི་དྲུང་དུ་བརྗོད་མི་བྱ།། ཨོཾ་པི་ཙི་ཀྲི་པི་ལི་ལི་ག་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཙི་ཏྲི་པ་ལི་ལི་ག་མུཾ་མ་ཉ་མྱོས་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཙི་ཏྲི་པ་ལི་ལི་ཀ ་འདར་འདར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་ནི་ཛ། དགྲ་བོ་ནི་ཛ་གལ་འགེ་རི་ནི་ཛ། ཨོཾ་ཙ་ཏ་ཙ་ཏ་བི་ཙ་ཏ་བི་ཙ་ཏ། ཤན་ཏ་ཤན་ཏ་སྭཱཧཱ། ཨོཾ་པདྨ་ནི་ཧཱུཾ་ཛ། ཤང་ཀ་པ་ལི་ནི་ཛ། ཨོཾ་དགྲ་བོ་པ་ར་ལ་ནི་ཛ། ཨོཾ་ག་ལ ་གེའུ་ཕུ་ནི་ཛ། ཨོཾ་ཙ་ཏ་ཙ་ཏ་བི་ཙ་ཏ་བི་ཙ་ཏ། ཤ་ཏ་ཤ་ཏ་སྭཱ་ཧཱ། ཨོཾ་པདྨ་ནི་ཛ་ཛ།། ཤང་ཀ་པ་ལ་ནི་ཛ། ཨོཾ་དགྲ་བོ་ནི་ཛ། ཨོཾ་ག་ལ་གེའུ་བུ་ནི་ཛ། དགྲའོ་ཙེ་ཙི་ཙི་རྒྱས། ཏྲག་ཏུར་སྙིང་ལ་འགུལ་འགུལ། མྱགས་མྱགས ་། རྩ་བཞི་སྐུམ་ཤན་ཤན། ཚ་ཐུར་ནག་པོ་སོད་སྭཱ་ཧཱ། ཀི་ན་ག་དུན། ནཱ་ག་དུན་ནཱ་ག་ཤ་ལ་དུན། ཧེ་ལིང་ཧེ་ལིང་ནཱ་ག་འདུས་འདུས། པདྨ་ཧཱུཾ་ཛ། པདྨ་ནི་ཛ་ཧཱུཾ་བཾ་ཧོ། ནཱ་ག་རཱ་ཛ་ཧཱུཾ་ཛ། ཨོཾ་ནཱ་ག་རཱ་ཛ་ཧཱུཾ་ཛ། ཙ་ཏ་ཙ་ཏ་ཤ་ཏ ་ཤ་ཏ། བི་ཤ་ཏ་བི་ཤ་ཏ། ནཱ་ག་ཙ་ནན་སྭཱ་ཧཱ། ཕུ་ཨཱཾ། ཨཽ་ཕེ། ཨོཾ་པོ། ཨཽ་པ། ཨཽ་སྭ། ཨོཾ་ག། ཨོཾ་ག། ཨོཾ་ཀྵ་ནཱ་ག་ཕྲ་བན་ཙ་ཙ་པུ་ཉེ་ཁ་དན་གངས་སྨིན་བྲི་སྨིན་ཀ་ན་ག་ཡ་ཤུ་ཕྲི་སྨི་ཀ། ནཱ་ག་སེང་ཧེ་པྲ་ཉེ་གེ། ནཱ་གིའི་ཏྲ ་ཀུ་རྩང་ཉ་ག་སུ་རྔ་ནཱ་ག་ཁུ་ལ་ཡས་པ་ལྕི་ནཱ་ག་ཕྱི་ལ་ཡུ་ཏི་མུག་སྭཱ་ཧཱ། ཨོཾ་གེ་རེ་གེ་རེ་ཀུ་རུ་ཀུ་རུ་ཁཾ་སྭཱ་ཧ། ཏ་ཐི་ག་ཏྲི་ཧྲི།། ད་ཡ་མཱ་ར་ཡ་ཕཊ། ཙ་ལེ་ཙ་ལེ་མཱ་ར་ཡ་རྦུད། ག་རྫ་ག་རྫ་མཱ་ར་ཡ་རྦུད། ཝ་ནེ་བེ་ར་ཤ་མཱ་ར་ཡ ་རྦུདྲུད། ས་མ་ཛི་སྲིད་ཏྲ་མཱ་ར་ཡ་རྦུད། ཀྲོདྷ་ནི་ཀྲོ་དྷ་ནི་མཱ་ར་ཡ་ཕཊ། ཨོཾ་བུར་གུམ་མ་ག་མཱ་ར་ཡ་རྦུད། ཨོཾ་ནི་ཤེ་མ་ག་ཀྲོདྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་སང་མཱ་ར་ཡ་ཕཊ། ཨེ་ཧ་ཨེ་ཧ་ཨ་ཧ་སི་རི་སི་རུ་སུ་རུ་སུ་རུ། སྲེད་སྲེད་རི ་ཕཊ། ཨ་པྲ་ཏེ་པྲ་པྲ་ཏེ་ཨེ་ཏ་ན། ཨེ་དད་སད་སད་ཆོམ་ཆོམ་ཐུལ་ཐུལ། ཧ་ཞེ་ན་ཧ་ཞེན་ནཱ་ག་ཞེ་ན། ལོག་ཏྲི་ཏྲ་སོད། ཨ་ཤུ་ཏེ་སོད། ནེ་ཀ་པྲ་ཏི་སོད། ཧེ་ཧེ་ཕཊ། ཧེ་དུ་སོད། སིན་ཏི་སོད། སེན་མེན་དུན་ཏིང་སོད་ཨཏྲི ་ནིར་ཏྲི་ཨ་ཏྲི་སོད། ཀྲོ་སོད་དུ་དུ་སོད་ཡ་ཡ་ཏྲི་སོད།། བ་ཏྲི་ཏ་སོད། ནང་དུ་ཡ་སོད། ནང་དུ་ཡེ་སོད། ཨ་ལུ་ཏི་ཏེ་སོད། གུ་ལ་ནད་ཏོ་ཏེ་སོད། ན་ག་ཤན་ཏྲི་དུ་བ་སི་བས། ནཱ་ག་རཱ་ཛ་ནན། ནཱ་ག་ཙེ་ར་ནན། ནཱ་ག་མིར ་རྦུད། ཤན་ནི་ཏ་ཙུབས། མོ་ན་མོར། ལིག་ཤཾ་པ། ནཱ་ག་དུ་ན་དུན་དུན། གྱེན་གྱེན་ན་ན་ཤ་དུ་ཡ་མ་ཙུབས་ཙུབ་དུ་ཤ་རྦུད། ཨོཾ་པདྨ་ནི་ཛ། ག་ལ་འགེའུ་རི་ནི་ཛ། བི་སི་ནི་ཨ་ནི་སི་དྷ་ན་ཨ་ལོག་ནན། དེ་ཧེ་ཨ་ལོག་གན ་དེ། ཧོ་ཨ་ལོག་ཏེ་ཏོ་སོད། ན་གིའི་སོ་ནག་ཁའི་ནཱ་ག་ལེ་ཨ་གེ་ཨ་གེ། ནཱ་ག་རཱ་ཛ། ཙི་ཏི་ཙི་ཏི། དུ་ཤེ་དུ་ཤེ། དུ་པ་ལ་དུ་པ་ཡ། ནཱ་ག་རཱ་ཛ་སྭཱ་ཧཱ།། ནག་པོ་བི་ཙི་ཙི་རྒྱས་ཙ་དུར་སྙིང་ལ་འདུལ་གུར། མྱགས་མྱགས། ་བ་ནི་བསྐུམས། ཤན་ཤན་སྲོག་ལ་ཤན། ཚ་དུར་ནག་པོ་སོད་སྭཱཧཱ། ནཱ་ག་དུ་ན་ནཱ་ག་དུ་ན་ནཱ་ག་ཤ་དུན་དུན། ཧེ་ལི་ཧེ་ལི་ན་ག་དུས་འདུས། ཨོཾ་ཤན་ཏ་ཤན་ཏ་བི་ཤན་ཏ་བི་ཤན་ཏ། ཙ་ཏ་ཙ་ཏ་སྭཱ་ཧཱ། ཨོཾ་ཙི་ཏ་ཙ་ཨོ་བི ་ཙ་ཏ་བི་ཙ་ཏ། ཤ་ཏ་ཤ་ཏ་སྭཱ་ཧཱ། ཟབ་མོ་སྔགས་ཀྱི་སྦྱོར་བ་ཡིས། ཀླུ་རྣམས་ཀུན་གྱི་སྙིང་བསྐུལ་ནས། སྲིད་གསུམ་མ་ལུས་རྡུལ་དུ་རློག། སངས་རྒྱས་ཀུན་གྱི་ཐུགས་བཤད་པའོ།། རྟོག་པའི་རྒྱལ་པོ ་མཆོད་རྟེན་གྱི་རྒྱུད་ལས། གསང་སྔགས་ཟབ་མོའི་ལེའུ་སྟེ་ཞེ་གསུམ་པའོ།། །། དེ་ནས་སྔགས་ཀྱི་ཡོན་ཏན་བཤད།། སྔགས་ཀྱི་སྦྱོར་བ་བྱེད་པ་ནི།། རྣལ་འབྱོར་དེས་ནི་དོན་གྲུབ་པོ།། ནག་པོ་ཆེན ་པོས་དོན་བྱེད་ན།། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ།། རང་གི་མ་ཉེས་དཔང་ཡང་གཟུགས།། རིགས་དྲུག་གཏོར་མ་རྟག་ཏུ་གཏང་།། སྔགས་ཀྱི་འཁོར་ལོ་རྟག་ཏུ་བསྐོར།། བཅོམ་ལྡན་འདས་ཀྱི་སྤྱོད་ལམ་བྱ།། དོན ་དང་ལྡན་པའི་རྫས་ཀྱང་བསགས།། སྔགས་ཀྱི་སྦྱོར་བ་རྒུན་མི་གཅད།། སྔགས་ཀྱི་སྦྱོར་བའི་ཡོན་ཏན་ནི།། ནག་པོ་བམ་གྱི་སྔགས་འདི་ཡང་།། ས་ཡ་བརྗོད་ན་ཀུན་ཀྱང་འཆི།། བྱེ་བ་བརྗོད་ན་རྫོགས་པར་འགྱུར། ཁྲི ་ཕྲག་གིས་ཀྱང་གདོན་མི་ཟ།། དམ་ཤེས་བག་མེད་ཅེས་བྱ་བ་ཡིས།། བྱོལ་སོང་ཁྱད་པར་ཅན་རྣམས་ཀྱང་།། མ་མོ་དག་དང་བསྡོངས་ནས་ནི།། རྫོགས་ནས་ཉམས་ལྕི་འཆི་བར་འགྱུར།། བདུད་དང་བསྡོངས་ནས་ཁྲག ་དུ་སྐྱུག། བཙན་དང་བསྡོངས་ན་གྲི་ཐབས་འཆི།། དམུ་བདུད་དག་དང་བསྡོངས་གྱུར་ནས།། ལྦོས་ནས་སྐྲང་ཞིང་འཆི་བར་འགྱུར།། ན་ག་གཅིག་པོས་ཟིན་གྱུར་ན།། ཆུ་སེར་ནག་པོས་ཟིན་པར་འགྱུར།། ས་བདག་དག ་དང་བསྡོངས་གྱུར་ན།། ལུས་སྦྲིད་རྐང་ལག་དག་ཀྱང་སྐམ།། གཤིན་རྗེ་དག་དང་བསྡོངས་གྱུར་ན།། སྨྱོ་འབོག་ལྷོག་པས་འཆི་བར་འགྱུར།། གདུག་པ་གནས་པའི་ས་དེ་ན།། དེ་རྣམས་གཅིག་དང་ཕྲད་པར ་འགྱུར།། ནག་པོ་བམ་གྱི་ངན་སྔགས་འདི།། སངས་རྒྱས་ཀུན་གྱིས་སྲུངས་མར་བསྡོགས།། འཛམ་བུའི་གླིང་ནས་རྙེད་པར་དཀའ་འོ།། རྟོག་པའི་རྒྱལ་པོ་ལས། དྲག་པོའི་སྔགས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཞེ་བཞི ་པའོ།། །། དེ་ནས་བྱེ་བྲག་བསྙེན་པ་ཡིས།། ནང་བསྒྲུབ་གཉིས་པ་བཤད་པར་བྱ།། མཎྜལ་ཆ་སྙོམས་ཡིད་འོང་དང་།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན།། གྲུ་ཆད་སྒོ་བཞི་རིགས་དང་བསྟུན།། དེ་ལ་ཡིག་འབྲུ ་དགོད་པར་བྱའོ།། ཤར་གྱི་རྩིབས་ལ་ཡི་གེ་ན།། ལྷོར་ར་ནུབ་ཏུ་ས་སྟེ་བྱང་དུ་མ།། ཤར་ལྷོར་ག་སྟེ་ལྷོ་ནུབ་ཙ།། ནུབ་བྱང་ཡ་སྟེ་བྱང་ཤར་ཛ།། ཕོ་བྲང་ཟླུམ་པོ་ཡི་གེ་ཧཱུཾ། དམ་ཚིག་དཀྱིལ་འཁོར་བྲིས་ནས་སུ།། ཡི་གེ ་དགུ་པ་འདི་ཡིས་བོད།། ཧཱུཾ་ནཱ་ག་ར་ཛ་ས་མ་ཡ་ཛ། ཞག་བདུན་བར་དུ་གོང་གི་དམ་ཚིག་སྲུང་།། ཉ་ཤ་སྒོག་བཙོང་སྤང་བར་བྱ།། ཤིན་ཏུ་བསྣོལ་ལ་གཟེམ་པར་བྱ།། དེ་ཡི་གྲུབ་རྟགས་འབྱུང་བ་ནི།། བས་ལྗགས་ཤུ ་བ་ཟོར་པ་འབྱུང་།། དེ་ནས་གནན་པའི་ལས་བྱ་སྟེ།། དེ་ནས་རླུང་ལ་གཏོར་འདོད་ན།། ཀླུ་ལ་ཡང་ནི་རྣམ་བཞི་སྟེ།། རྒྱལ་རིགས་རྗེ་རིགས་བྲམ་ཟེ་གདོལ་པ་ཅན།། ནག་པོ་དམངས་རིགས་བཞིར་ཤེས་བྱ།། མ་ར་ཡའི ་མིང་རུས་གཞུག་པར་བྱ།། རིགས་བཞིའི་དྲག་སྔགས་བརྡེག་པར་བྱ།། ཐུན་དུ་འཕེན་ན་མཛེ་ཐོད་དུ།། མཛེ་དང་དྲེག་དང་ཕོལ་མིག་དང་།། ཤུ་བ་ཅན་དང་གཡན་པ་ཅན།། ནད་ངན་སྣ་ཚོགས་ཁྲག་སྦྱར་ལ།། དྲག ་སྔགས་བཟླས་ལ་ཐུན་དུ་འཕང་།། དེ་ནས་གཏད་པའི་གནས་འདོད་ན།། ཆུ་མིག་ཕྱོགས་བལྟས་ས་དག་ལ།། མཛེ་ནད་སྦྲུལ་གྱི་ཆན་པའོ།། ཆག་ཚད་མ་ནོར་གཏང་བར་བྱ།། མཛེ་རིགས ་དུག་ཐབས་ཐམས་ཅད་དང་།། ཕོལ་མིག་གཡན་པས་འཛིན་པར་འགྱུར།། གང་ལ་བྱ་བའི་གྲོང་ཡུལ་དུ།། ཐུན་འཕངས་ནད་ངན་སྣ་ཚོགས་སུ།། གང་ལ་བྱ་བ་ཐོགས་མེད་ཅེས།། མཐུ་སྟོབས་པ་དག་རབ་ཏུ ་བཤད།། མཛེ་ནད་སྤུ་གྲི་ཆེན་པོའོ།། དེས་ནི་གདོན་མི་ཟ་བར་ངེས།། རྟོག་པའི་རྒྱལ་པོ་ལས། མཛེ་ནད་སྤུ་གྲི་ཆེན་པོ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་མཛེ་ཐུན་རྒྱས་པར་བཤད་པ།། གང་གནས་ས་ཡི། ་བདག་པོ་ལ།། ས་གཞན་སྦྱིན་དང་ལེགས་བསྲེས་ལ།། ཀླུ་ཡི་རྒྱལ་པོའི་གཟུགས་བྱ་སྟེ།། ལུས་གཅུས་མགོ་གཅིག་སྦྲུལ་མགོ་བདུན།། ཕྱག་གཡས་རིན་ཆེན་འབར་བའི་བུམ་པ་ཐོགས། ཁ་དོག་མཐིང་ཁ་ལུས་ཀྱིས་ཆུ ་སྲིན་མནན།། དེ་ནས་གཟུགས་དེ་བསྐྱེད་པར་བྱའོ།། ཨོཾ་སྤུའི་ཡི་གེ་འདི་ནི་འདིའི་རྒྱུ་ཡིན་ཏེ།། ནཱ་ག་རཱ་ཛ་བ་སུ་གྱི་ནི་སྟམ།། ཞེས་པས་ཀླུ་རྒྱལ་སྐུ་བསྐྱེད་ལ།། དེ་ནས་ཡེ་ཤེས་སེམས་དཔའ་དགུག་བྱ་སྟེ།། ནཱ་ག་རཱ་ཛ ་བ་སུ་གི་ནི་ཛ།། ཞེས་པ་དེ་ནི་ལེགས་བཀུག་ལ།། དེ་ནས་གསལ་ནས་བསྙེན་པ་བརྩམ།། ནཱ་ག་རཱ་ཛ་ཨ་ར་ད་ན། ནཱ་གི་ཕག་ཧཱུཾ་ཛ་ཧཱུཾ་ཛ། ཨོཾ་ཆེ་གེ་མོ་ཛ་ཛ། ཇི་ལྟར་ནུས་ཚད་བཟླས་པར་བྱ།། དེ་ལྟར་བཟླས་ནས ་གཟུགས་ག་འུར་གཞུག། གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད།། རྟགས་དང་མཚན་མ་རང་གི་གཟུགས་སུ་འབྱུང་།། བཟླས་པ་སྐྱོ་ན་མཆོད་པ་དབུལ།། ཨུ་ནཱ་ག་རཱ་ཛ་བ་སུ་ཀ་ན་ཨརྨི་ཐ་སརྦ་ས་མ་ཡ། ནཱ་ག་རཱ ་ཛ་གཟུགས་ལ་ཐིམ་པར་བསམ།། དེར་གཏད་པའི་ལས་དག་བྱེད་པར་འདོད་ན།། བདག་ཉིད་བྱ་ཁྱུང་རྒྱལ་པོར་གསལ་བྱས་ལ།། ཆུ་གཏོར་མར་དང་ལྡན་པར་སྦྱིན་བྱས་ལ།། སེང་ལྡེང་ཕུར་བུ་བདག་དང་འདྲ་བར ་བསམ།། དེ་ནས་གསང་སྔགས་ཉིད་ཀྱིས་བྱིན་གྱིས་བརླབས།། གང་གིས་དེ་ཉིད་དྲིལ་ཞིང་ནཱ་ག་བསྡིགས།། ཀ་ལ་རུ་བ་ཆག་མེད་བཟླ།། བརྒྱའམ་སྟོང་དུ་བཟླས་པ་བྱས་ནས་ནི།། སྔགས་བདག་འདི་ཡིས་གཏད་པ ་བྱ་བར་གསུངས།། ཨོཾ་ནཱ་ག་རཱ་ཛ། ཛཿཧཱུཾ་བཾ་ཧོ། ཆེ་གེ་མོ་ཨ་ཀར་ཤ་ལ་ཨ་ཀར་ཤ་ཡ། ཧཱུཾ་ཚིན་དྷ་ཡ་ཚིན་དྷ་ཡ། ལེན་ཡང་ལེན་ཡ། ནཱ་ག་ཚི་ས་ནཱ་ག་ཚི་ས། ནཱ་ག་སྡོམས་ནཱ་ག་སྡོམས། དེ་སྐད་ཅེས་ནི་རབ་ཏུ་ལན ་གཉིས་བརྗོད།། མི་འདི་བདུན་རྒྱུད་ཚུན་ཆད་རྩད་གཅོད་དོ།། དེ་སྐད་ཅེས་ནི་གནད་ལ་བོར།། གདུག་པ་ཀླུ་ཡིས་དགྲ་འདི་མ་གསད་ན།། ཕྱག་ན་རྡོ་རྗེས་རང་གི་མགོ་འགེམས་སོ།། ཁོང་ནས་སྙིང་འཛག་པར ་བྱེད།། འདི་སྐད་ཅེས་བརྗོད་གནད་ལ་བོར།། ན་ག་རཱ་ཛ་དུད་ལིང་ཁྲི་ཕྲག་བརྒྱས་ནི།། ཀུ་ཀུ་རུ་ནཱ་ག་ཤུ་བའི་སྲེ་ཡ་ཀ་ཀུ་རུ་སྭཱ་ཧཱ། དེ་ནས་གནན་པ་འདི་གསུངས་སོ།། མཛེ་ཐོད་དམར་པོ་ཕ་མེས་ཐོད་པ་རུ།། མིང ་དང་རུས་བཅུག་སྐུད་པ་སྔོན་དམར་དཀྲི།། བུད་མེད་ཞབས་མས་གཏུམས་ལ་ཁྱིམ་གྱི་དབུས་སུ་གཞུག། ཁྱིམ་གྱི་ཕྱོགས་ཀྱང་གོང་བཞིན་སྦྱར་རོ།། རྟོག་པའི་རྒྱལ་པོ་ལས། མཛེ་ཐུན་རྒྱས་པར་བསྟན ་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་གཏད་པའི་ལས་ཅིག་ནི། ཁང་པའི་མི་ཡིས་སྨིན་མའམ།། ཡང་ན་ལ་ཆའི་སྦལ་པ་དག་ཁོག་སྟོང་དང་དག་ཏུ་ལེགས་བྱས་ལ།། དམ་ཉམས་དགྲ་བོ་གོམས་བདུན་ས།། དལ ་ཆཚད་འཕྱོངས་པའི་འཕོངས་ས་དང་།། བོང་བུའི་བདུད་རྩི་ཤེལ་དང་མ་ཚལ་ཁྲག། ལེགས་པར་རུང་བར་ནན་ཏན་བྱ།། མིང་དང་བླ་དགས་འབའ་ཡིས་མཚན།། སྦྱོར་བའི་དུས་སུ་མཁས་པས་སྤྱད།། ཤར་ལྷོ་ནུབ་བྱང ་། ཕྱོགས་དག་གི། རིགས་བཞི་ཁྱིམ་གྱི་བདག་པོ་ལ།། ཤ་ཁྲག་རུས་པའི་ཆུ་རྒྱུས་གླུད།། གཏོར་མ་དཀར་ནག་ཕྱོགས་དང་སྦྱར།། ན་ག་སྤུ་འདིས་བྱོབས་བྱས་ལ།། གང་ལ་མངག་པའི་བདག་པོ་དེ།། མཆོད་ཅིང་མཆོད ་ཅིང་གཏད་ཁྲམ་བྱ།། དེ་ནས་རྫས་ཀྱི་རིམ་པའོ།། ནཱ་ག་རཱ་ཛ། ཨོཾ་ཡུ། ཨོཾ་པ། ཨོཾ་ཕུཾ། ཨོཾ་ཕི། ཨོཾ་ཕེ། ཨོཾ་ཕོའུ། ནཱ་ག་རཱ་ཛ་བ་ལིང་པུ་ཙ་སྭཱ་ཧཱ། རྒྱལ་པོ་བརྒྱད་མཆོད་པའོ།། ནཱ་ག་ཡུ་ཡུ་ནཱ་ག་རཱ་ཛ་རུ་ཛ་རུ་ཙ་ན་ག་པུ། ནཱ ་ག་ལེ་ནཱ་ག་ལེ་སྭཱ་ཧཱ། བྱོལ་སོང་ཧ་ལམ་མཆོད་པའོ།། ན་ཧུ་ཡ་བ་ལིང་དུང་པ་གར་པ། ཨ་ཐུགས་སོད། གར་པ་ཨ་ལ་ཟུང་ནཱ་ག་དཀྲིས་དཀྲིས། ནཱ་ག་འཁྱུད་འཁྱུད། རོལ་ཐིམ་ཐིམ་རྦད་པའོ།། ནཱ་ག་སྦྱོར་བའི་རིམ་པ ་ནི།། མཛོའམ་ཁྱུ་བ་ནག་པོའམ།། དམར་པོར་གྱུར་པའི་ཙོ་ཏོའི་ནང་།། བསྒྲུབ་བྱ་གནས་མཐུན་ས་དང་ནི།། སྣང་མཛད་ཤེལ་ཐུག་སྣང་བ་དང་།། འཛག་མ་རུས་མི་བླ་དགས་གཞུག། བར་དུ་རྒྱ་ཚིལ་གུ་གུལ ་གནག། ཚིལ་ཆེན་དག་ནི་དེ་འོག་ཏུ།། མཐའ་རུ་སྨྲ་བའི་མེས་བསྣུན་ལ། ཁ་ལ་འབའ་ལི་བཅས་པའི།། ཐེ་ནི་མ་ཆུས་ཚུགས་མི་བྱ།། ཡོད་ངེས་ཁྱིམ་གྱི་བདག་པོ་ལ། ཁྱིམ་ནང་བཅུག་ལ་མྱུར་དུ་འབྲོས།། ཕྱིར་ཡང་ལྟ ་བར་ཡོང་མི་བྱ།། ཡང་ན་རྫས་ཀྱི་སྦྱོར་བ་ལ།། བསྒྲུབ་པ་པོ་ཡི་དྲི་ཆེན་དང་།། རྒྱ་མཚོ་བསྐམས་པའི་ས་གཉིས་དང་།། གནས་མཐུན་ས་དང་བཅས་པ་ལ།། ཞེ་སྡང་སྤྲུལ་པ་གཉིས་ཀྱིས་ནི།། ཡན་ལག་གཉིས་ན་འདུད ་པར་བྱ།། ཙ་རུ་རའི་ར་དོམ་ཞུག། བྱང་ཤར་ཁ་བལྟས་ནག་པོ་ལ།། ཤ་ཁྲག་ཆུ་རྒྱུས་གླུད་གཏོར་སྦྱིན།། ནཱ་ག་ཕུ་ཡིས་བོས་ནས་ཀྱང་།། མཆོད་ཅིང་མཆོད་ཅིང་གཏད་ཁྲམ་བྱ།། ཡང་ན་རྫས་ཀྱི་རིམ་པ་ལ།། རས་སམ ་ཤིང་ཤུན་གྲོ་ག་ལ།། སྨེ་བའི་ཁྲག་གིས་བྲི་བར་བྱ།། ཤི་བའི་སྒྲ་ཡིས་པིར་བྱས་ལ།། སྒྲུབ་པ་པོ་ཡི་གཟུགས་བྱས་ལ།། སྨེ་བའི་ཀུན་གྱིས་གདུགས་བྱས་ལ།། སྔོན་དམར་ཐག་པས་བཅིངས་བྱས་ལ།། རོ་ངེས་གཟུང་གི ་ཁ་རུ་བཙང་།། ནཱ་ག་གདུགས་པའི་ཁྱིམ་དུ་གཏད།། བྱོལ་སོང་ཧ་ལའི་སྦྱོར་བ་འདི།། ཟབ་མོའི་སྦྱོར་བ་དམ་པ་ཡིན།། རྟོག་པའི་རྒྱལ་པོ་ལས་ཟབ་མོ་སྦྱོར་བས་དགྲ་བོ་གཏད་པའི་ལེའུ་སྟེ་ཞེ་བདུན་པའོ།། །། དེ ་ནས་ཀླུ་གླང་གླེན་པའི་ལས་ཅིག་བཤད།། གཏད་པའི་ལུགས་ཅིག་འདི་ལྟར་རོ།། ཁྱུང་རྒོད་སྔགས་ཀྱིས་བདག་ལུས་བསྲུང་།། ཐོག་མར་བྱ་ཁྱུང་བསྒོམས་བྱས་ལ།། དེ་ནས་ཁྱིམ་བདག་གང་ཡིན ་ལ།། བུམ་པའི་མགུལ་བཅིངས་ལས་འདི་ལ།། ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀྱི། ཁྱིམ་དང་ཁྱིམ་སྒོ་ཤེས་བྱས་ལ།། བ་ལིང་དམ་རྫས་ཕྱོགས་དང་སྦྱར།། ཤར་དུ་ཁ་བལྟས་ཁྱིམ་གྱི་བདག་པོ་ལ། ཁ་དོག་དཀར་པོ ་མ་སྤྱད་སར་ཀ་ལག་ཤར།། ཤ་ཁྲག་རུས་པ་ཆུ་རྒྱས་གླུད་སྣ་གསལ།། བ་མར་དུན་ཏིང་འབྲུ་སྣ་ཚོགས་བླུགས།། བསྒྲུབ་བྱའི་མིང་དང་དྲི་མ་རུས་རྣམས་གཞུག། རྡོ་རྗེ་རྒྱ་གྲམ་ཁ་གཅད་ལ་ཅས་བསྐུལ།། བཞི་བརྒྱད་ལྔ ་པའི་ཡི་གེ་ཉི་ཤུ་ལ།། ལ་དག་གྲངས་འབུམ་ཉུངས་དཀར་དག་ལ་བཟླས། ཁྱིམ་བདག་སྙིང་པོ་ཀ་ལག་ཤ་རུའོ།། རྟོག་པའི་རྒྱལ་པོ་ལས། བུམ་པ་མགུལ་ཆིངས་ཤར་དུ་བལྟས་པའི་ཆུ་མིག་ལ་གཏད་པའི་ལེའུ་སྟེ་ཞེ ་བརྒྱད་པའོ།། །། དེ་ནས་མགུལ་ཆིངས་ལས་ཅིག་བཤད།། ལྷོ་རུ་བལྟས་པའི་ཁྱིམ་གྱི་བདག་པོ་ལ།། བ་ལི་ལམ་གྱི་མདོག་བསྐུར་ལ། ཁ་དོག་སྔོན་པོ་མ་སྤྱད་ཀ་ལག་ཤར། ཁྲག་དང་ཆུ་རྒྱུས་རུས་པའི་གླུད་རྣམས ་སྦྱིན།། བསྒྲུབ་བྱའི་དྲི་མ་མིང་བྱང་རུས་པ་ཀུན།། ཉུངས་ཀར་སྔགས་བཟླས་ཀ་ལག་ཤ་རུའོ།། རིན་ཆེན་འབར་བས་ཁ་བཅད་ལ་ཆས་བསྣུན།། ལ་དག་གྲངས་མེད་ཉུངས་ཀར་ཛ་པ་ཏེ།། རྟོག་པའི་རྒྱལ་པོ་མཆོད་རྟེན ་ལས། བུམ་པ་མགུལ་ཆིངས་ལྷོར་བལྟས་པ་ཆུ་མིག་ཏུ་གཏད་པའི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་མགུལ་ཆིངས་ལས་ཅིག་བཤད།། ནུབ་ཏུ་བལྟས་པའི་རྗེ་རིགས་ལ།། མེ་ཏོག་དམར་པོ་མདོག་བསྒྱུར་འབའ་ལི ་སྦྱིན། ཁ་དོག་དམར་པོ་མ་སྤྱད་ཀ་ལག་ཤར།། ཤ་ཁྲག་ཆུ་རྒྱུས་སྔོན་བཞིན་མིང་རུས་གཞུག། བཞི་བརྒྱད་ལྔ་པོ་ཉུངས་ཀར་རྒྱལ་པོ།། ཉུངས་ཀར་སྔགས་ལ་ཞུགས།། པདྨ་འབར་བས་ཁ་གཅད་ལ་ཅས་བསྣུན།། ནུབ ་ཏུ་ཁ་བལྟས་རྗེ་རིགས་དག་ལ་གཏད།། རྟོག་པའི་རྒྱལ་པོ་ལས། བུམ་པ་མགུལ་ཆིངས་ནུབ་ཏུ་བལྟས་པའི་ཆུ་མིག་ལ་གཏད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས་མགུལ་ཆིངས་ལས་ཅིག་བཤད།། བྱང་བལྟས་ཆུ ་ཁྱིམ་གྱི་བདག་པོ་ལ།། འབའ་ལི་མེ་ཏོག་ནག་པོ་སྦྱིན། ཁ་དོག་ནག་པོ་མ་སྤྱད་ཀ་ལག་ཤར།། རྫས་ཀྱི་རྣམ་པ་གོང་བཞིན་བླུག་པར་བྱ།། མཆོད་ཅིང་མཆོད་ཅིང་གཏད་ཁྲམ་བྱ།། ཤར་ལྷོ་ནུབ་བྱང་ཕྱོགས་ཀྱི་བདག་པོ ་ལ།། གཅེར་བུ་སྤྱི་གཙུག་འོ་དོད་ལན་གསུམ་འབོད།། ནཱ་ག་རཱ་ཛ་ཨ་ར་ཏ་ནན། ནཱ་ག་སུ་ཀ་ནཱ་ག་པུ། ཧཱུཾ་ཛ་ཧཱུཾ་ཛ། དེ་ནས་གནན་པའི་ལས་འདི་བྱ།། རང་ཉིད་བྱ་ཁྱུང་ཏིང་འཛིན་ལྡན་པ་ཡིས།། སྒོ་འབྱེད་རང་གི་ལག ་པ་ཁྱུང་སྔགས་བཟླས།། སྒོ་བཅད་རང་གི་རྐང་པ་རྡོ་རྗེ་རྒྱ་གྲམ་བསམ།། སྔགས་འདི་བཟླས་ཤིང་ཁྱིམ་སྒོ་གཅད་པར་འབྱུང་།། ཨོཾ་ཨཱ་མུ་ཀ་སྟཾ་པ་ན་ལང་ནན། མཱ་ར་ན་སྟཾ་པ་ན་ནཱ་ག་ལང་ནན། དེ་ནས་ལས་རྣམས་བྱས ་ནས་ནི།། འགྲོ་ཚེ་རྒྱབ་ཀྱིས་མི་ཕྱོགས་པར།། རྦད་སྔགས་བཟླས་ཏེ་ཁྲག་རྗེས་གཅད།། ནཱ་ག་རཱ་ཛ་ནན། ནཱ་ག་རཱ་ཛ་ཀུ་མ་བྷྱོ། ནཱ་ག་རཱ་ཛ་ཀུ་མ་བྷྱོ། ནཱ་ག་རཱ་ཛ་ཁྲུག་ཁྲུག་བྷྱོ། སྠི། གནན་པའི་ལས་དེ ་གོང་མ་གསུམ་ལའང་སྦྱར།། རྟོག་པའི་རྒྱལ་པོ་ལས། བུམ་པའི་མགུལ་ཆིངས་བྱང་དུ་བལྟས་པའི་ཆུ་མིག་ལ་གཏད་པའི་ལེའུ་སྟེ་ང་གཅིག་པའོ།། །། ཀླུ་གླང་གླེན་པའི་ལས་ཅིག་བཤད།། ཐོག་མར་བྱ་ཁྱུད་དོན ་ཤེས་བྱ།། དེ་ནས་གླེན་པའི་ལས་འདི་སྒྲུབ།། དེ་ནས་ཕྱོགས་ཀྱི་བདག་པོ་ལ།། ཀླུ་སྨན་སྣ་ཚོགས་སྦྱིན། རས་དང་གྲོ་གཤོག་བུ་ལ། ཨ་མུ་ཀ་ཡི་མིང་གཟུགས་བྲི།། དེ་ནས་གདུག་པ་སྦྲུལ་གཉིས་ཀྱིས།། དམིགས་པའི ་གཟུགས་ཀྱིས་ལག་པ་ཁར་བཅུག་བྲི།། དེ་ནས་སྐུད་པ་སྔོན་དམར་བཅིངས།། རོ་ཉེས་གཟུང་ཞིང་ཁ་རུ་གཙང་།། ར་ཙ་ནག་པོ་ར་ཁྱེ་ཞུགས།། ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང་།། ལན་ཚྭ་ནག་པོ་ཉུངས་གསུམ ་ལ།། སྔགས་ཀྱི་རྒྱལ་པོ་ཉི་ཤུ་བྲབ།། ནཱ་ག་གནན་པའི་ཁྱིམ་སྒོ་དབྱེ།། གདུག་པ་གླེན་པའི་ལག་ཏུ་གཏད།། ཡང་ན་ལས་འདི་བྱ་བ་ཡང་།། ཨ་མུ་ཀ་ཡི་ཁང་པ་ལ།། མ་མ་ས་རག་ཏར་བཅས་པ་དང་། རྒྱ་མཚོ་དབྱེ་བའི ་ས་གཉིས་དང་།། གནས་མདུན་ས་དང་རྫས་རྣམས་ལ།། ཨ་མུ་ཀ་ཡི་གཟུགས་བྱས་ཏེ།། སྡིག་པ་ནག་པོ་ཟས་སུ་སྦྱིན།། ཡང་ན་ལྷོ་ཕྱོགས་ལུང་མདོ་འམ།། ཀླུ་བཙན་ཆེན་པོ་གནས་པའི་སར།། བདག་པོ་དེ་གཟུགས ་སྒྲ་ཚིལ་བྱ།། དེའི་མགོ་རས་སེར་ལའོ།། བསྒྲུབ་བྱ་ལུས་པོ་སྤྲ་ཚིལ་ལའོ།། བདག་པོ་དེ་དང་བསྒྲུབ་བྱ་དེ།། དེ་བཙམ་བསྣུན་ཏེ་སྦྱར་བར་བྱ།། དེ་ནས་སྦྱར་བའི་དམོད་མོ་འདི།། རས་སམ་ཤོག་བུ་དག་ལ་བྲིས།། ཀླུ ་བཙན་ཆེ་གེ་མོ་ཤག་སོར་ཤག་སམ།། དེ་ལྟར་བྲོ་བའི་ནང་དུ་དེ།། གོང་གི་སྦྱོར་བ་ཟབ་མོ་གཞུག། དེ་ཡང་ཙ་ར་ཁང་འདིར་སྐྱེས་བུ་དག་གི་ནང་།། དེ་ནས་བཟླས་པ་རྫོགས་པ་དང་།། དྲག་པོ་ལས་ཀྱི་སྦྱོར་བ་ནི།། ཟླ ་བ་ནག་པོའི་མར་ཚེས་སམ། ཁྱབ་འཇུག་རྒྱུ་བའི་དུས་ཉིད་དུ།། མཐུན་པའི་དམ་རྫས་ས་ར་སྦྱིན།། བོས་ཤིང་ཤོས་གཏད་ཁྲམ་བྱ།། རྟོག་པའི་རྒྱལ་པོ་ལས།། ནཱ་ག་ཀླུ་བཙན་དང་སྡིག་པ་ལ་གཏད་པའི་ལེའུ་སྟེ་ང ་གཉིས་པའོ།། །། འགལ་བ་ཆམ་ལ་དབབ་པའི་ཕྱིར།། བྲག་སྲིན་བྱད་ལེའུ་བཤད་པར་བྱ། དེ་ནས་བྲག་སྲིན་རུབ་པ་ཡང་།། ཆག་གང་འཇིག་པ་ཀ་ཀ་རུ།། སྦྱོར་བ་མཁས་པས་ལྕགས་ལ་བྱ།། དེ་ནས་བསྒྲུབ་བྱའི ་ལུས་པོ་ཡང་།། མཛུབ་གང་ཚད་ཙམ་སྤྲ་ཚིལ་དག་གིས་བྱ་བར་ཤིས།། ཏ་ལའི་བྱང་བུ་སོར་ཚད་བཞི།། བྲག་ལ་དབང་བའི་བདག་པོའོ།། མིང་དང་སྔགས་དགུ་མཁས་པས་བྲི།། ཕཊ་དང་ཕྱག་འཚལ་ཐོག་མར ་བྱ།། ཀ་ཤུ་ཏི་ཤུ་རང་པུ་པས་ན།། བདུག་དང་འབྲེལ་བྱས་བདག་པོའི་སྔགས།། དེ་ནས་ཏ་ལའི་བྱང་བུའི།། དངོས་ཅིག་བསྒྲུབ་བྱའི་མིང་དང་བརྡ།། རྩ་བའི་སྔགས་འདི་ལེགས་པར་བྲི།། བ་ར་ཤུ་པ་ཀུ་ཤ་ཡ་བྲུཾ།། ཞེས ་པའི་སྔགས་བརྒྱད་པོ་བྲི་བར་གདོན་མི་ཟ།། དེ་ནས་སྦྱོར་བ་མཁས་པ་ཡིས།། བསྒྲུབ་བྱའི་རུས་པ་གང་ཡིན་དེ།། ཀ་ཀ་རུའི་རྭ་བྲག་གཞུག། རྭ་དང་རུས་པའི་བར་དུ་ཡང་།། གོང་གི་སྦྱོར་བ་བྱང་བུ ་སྟེ།། བསྒྲུབ་བྱའི་མིང་སྔགས་བདག་པོ་ལས།། བདག་པོ་མིང་སྔགས་བསྒྲུབ་བྱ་བསྟན།། ཀེང་རུས་བསྲེགས་པའི་ཙིཏྟ་དང་།། བསྣུན་ཏེ་སྦྱོར་བ་མཁས་པར་སྦྱར།། ཙན་ཏ་ཀ་ལ་མར་ཚེས་ལ།། བདུད་ཀྱི་སྲུང་བྱ་བྱུང ་བའི་ཚེ།། གང་གིས་སྦྱོར་བ་བསྒོམ་དུ་ཤེས།། སྦྱོར་བ་དེ་ཡང་ཀ་ལ་ཏེ། ཁ་གཅད་མཁས་པས་རྒྱ་བསྣན་ཏེ།། ར་ཙ་ནག་པོ་ར་སྐྱེད་དུ། ཁ་གཅད་པྲ་གི་ཤ་ཀ་རུ། ཁྲུ་གང་གཏིང་བྲུས་ན་ཕྱེ་ནས།། བྲག་ལ་གནས་པའི ་བདག་པོ་ལ།། ལེགས་པར་མགུ་བྱས་གཏད་ཁྲམ་བྱ།། དེ་ལྟར་བྱས་ནས་ལྷ་དང་ཡང་།། ལུས་དང་ཡན་ལག་སྐམས་པར་འགྱུར།། ཨོཾ་ཀ་ཤལ་ཅན་གྱི་རློ་ཏོལ་གཅས་དགའ། རས་དང་གྲོ་ག་དག་ལ་བསྒྲུབ་བྱ་བྲི། འཆི ་རྐྱེན་དངོས་པོ་གང་མཚན་མར་བྱ། ཐང་སྐམ་ཤིང་རྡོ་ཡང་ན་ཆུ། ཡང་ན་མཁས་པས་ནན་ཏན་བྱ་བ་ཡང་།། ཡོད་ངེས་ཀླུ་དབང་གནས་དེར་སྦ་བ་དང་།། ཤིན་ཏུ་གནོད་དེ་ངེས་པར་མྱུར་བའོ།། ཡང་ན་མཁས་པས་ནན ་ཏན་བྱ་བ་ཡང་།། སྙིང་ཕགས་མེད་པ་མཆུ་གསུམ་ཐོད་པ་ལ། ཁ་མ་སྦྱིན་ལ་གཟུགས་བྱས་བསྲེག་བཅུག་སྟེ།། འབྲུ་དང་སྨན་ཡང་བླུགས་སྦབ་ནི། ཁམས་པས་གཏུམས་ནས་ས་ལ་བསྐུལ་བྱ་ཏེ།། བསྲེས་ཤིང་སྦྱིན་སྦྱར ་ཆུ་ཉིད་གཏིང་དུ་སྦ།། ཡང་ན་ནན་ཏན་གྱིས་འདི་ལྟར་བསྒྲུབ་པར་བྱ།། ནུབ་མོ་སོ་སོར་ཉལ་བའི་རྐང་རྗེས་གཉིས།། ནུབ་མོ་ལྟ་བའི་པགས་པས་གྲིལ་བྱས་འཆི།། ཡང་ན་སྔགས་པ་མཁས་པས་བསྒྲུབ་བྱ་བ།། བསྒྲུབ ་བྱའི་རྐང་རྗེས་དྲི་ཆེན་གཟུགས་དྲིལ་བའི།། གཟུགས་བརྙན་ལེགས་བྱས་ཇི་ལྟར་འཆི་འདོད་པས།། རབ་ཏུ་མནམ་ཞིང་མེ་ཏོག་དག་གི་ཁྲུས།། ཕྱི་མདོག་སྔོན་པོར་བྱུང་ལ་སྤྱི་དང་སྦྱར།། དེ་ནས་གསུས་པས་འདྲུད་པའི ་པགས་པས་གཏུམ།། དེ་ཉིད་གླང་ངར་བཅུག་ཅིང་ཤིང་ངམ་རྩེ།། ཡང་ན་ཡིད་ཆེས་ཀླུ་དབང་གནས་སར་གནན།། ཡང་ན་རབ་ཏུ་ཁྲོས་པའི་སྔགས་པ་ཡིས།། མཛེ་གཅད་མགོ་གས་གཅད་པ་ལ།། བདག་དང་སྔགས ་ཀྱི་མཐའ་མར་བྲི།། ཉི་རྣམས་སོ་ཏོག་ཕྱེ་སྦྱིན་དངོས་པོ་ལ།། བ་ཚ་ཆུ་ཚན་དག་གིས་དེ་བཀྲུས་ལ། ཁ་སྐམ་ལ་དམར་བའི་བྱ་ལྤགས་གཏུམ་ལ།། གླུ་བཟང་གཟི་བརྗིད་ཅན་གྱི་ཁྱིམ་དུ་གཞག། ཤིན་ཏུ་མྱུར་བར་ཁྲོས ་ནས་སུ།། ཨོཾ་ཆེ་གེ་མོ་ཛ་ཛ་ས་མ་ཡ་ཛ་ནཱ་ག་ཧཱུཾ། གཟུགས་དང་ལིང་ག་བཅའ་བའོ།། ཨོཾ་ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོ། ཆེ་གེ་མོ་ཨ་ཀར་ཤ་ཡ་ཨ་ཀར་ཤ་ཡ་ཧཱུཾ། གནན་པ་ཐམས་ཅད་དོ།། ཨོཾ་ཆེ་གེ་མོ་ལམ་ནན། ར་ན་སྙམ་པ ་ན་མ་ར་ནན། གནན་པ་ཉིད་དོ།། ནཱ་ག་རཱ་ཙ་ནན། ནཱ་ག་ཀུར་མ་ར་བྷྱོ། ཕྱིས་རྦད་པའོ།། དུག་དང་འདྲ་བའི་མཚོན་ཆ་འདི།། སྟན་ལ་བསམ་འགའི་དགྱེ་བ་ཡང་།། རང་འདོད་ཕྲ་མོར་བསྒྲུབ་འདོད་སྡིག ་པའི་རྒྱུ།། ཆུང་ལ་མི་བྱ་ཆེ་ལ་བརྙས།། ཡང་ས་གནོད་མཛེས་བྱ་ཁ་ལ་བསྣུན།། དེ་ཡི་ཚད་ནི་སྙིམ་པ་གསུམ་པར་བྱ།། དེ་ཡི་ནང་དུ་ཀླུ་ཡི་སྙིང་པོ་དང་།། ཀླུ་ཡི་མེ་ཏོག་ནང་དུ་བླུགས་པ་དང་། ཁྲག་དང ་རུས་པ་རང་གི་ཤ་རྒྱུས་དང་།། སྡུག་བསྔལ་སྐྱབས་དང་འདམ་བུའི་རྩ་བ་དང་།། ཀླུ་ནད་གསོ་ཞིང་ཚེ་ཚད་སྲིང་བ་དང་།། འགའ་རུ་རའི་སྐྱབས་དང་འོ་མའི་མཚོ།། འདི་དག་མང་དུ་སྦྱར་ནས་ཁྱིམ་ནས་ནི།། གོང་པ ་བཅུ་གཅིག་ཚད་དུ་གཞག་པའམ།། བསྒྲུབ་བྱའི་གཟུགས་ནི་ཤིང་ལ་བྱ་བ་དང་།། མིང་དང་རུས་ནི་གང་ཡིན་གསལ་བྱས་ནས། ཁྲུ་གང་འོག་ཏུ་གནན་ཅིང་སྟེང་དུ་སྟེ།། རྡོ་ཡིས་པར་གཅད་སྟེ་ནས་འབྲས་བྱ་སྟེ།། རྟག ་ཏུ་གཞག་ན་བདག་དང་མཐུན་པ་དང་།། འགོར་ཡང་མཐའ་མ་ཕུང་བར་འགྱུར།། ཀླུ་ནད་མང་དང་གློ་བུར་ཉིད་དུ་གནོད།། ཡང་ན་བྲམ་ཟེའི་རིགས་ཅན་དཀར་པོ་ལ།། ཤར་ལྟར་གང་དུ་གཏོར་མ་གང་ཕུལ་ཏེ།། དར ་དཀར་དག་ལ་གཟུགས་བྲིས་ཤིང་སྒོམ་གཞུག། ཁྱིམ་ནས་འོག་ཏུ་གོམ་བདུན་འོག་ཏུ་བཞག། ཡང་ན་ལྷོར་བལྟས་ཁྱིམ་གྱི་ས་སེར་ལ།། བསྒྲུབ་བྱའི་གཟུགས་ནི་སེར་པོ་དྲུག་བྱས་ཏེ།། ས་སྦྱིན་གྱིས་མཐའ་བྱས་པར་དུ ་ཆུ་དུབ་སེར། ཁྱིམ་གྱི་གཡོན་ཕྱོགས་ཁྲུ་གང་ཉིད་དུའོ།། ནུབ་ཏུ་ཁ་བལྟས་གཟའ་གང་རུང་།། ཟངས་སམ་གཟུགས་ཀྱང་མན་དྲི་དམར་པོ་དྲོལ། ཁྲག་མེད་དམར་བྱས་མེ་ཏོག་རྗེའུ་ལ་ཕུལ།། པར་བུ་དག་བྱས་ནང་དུ ་མེ་ལྕེ་བྲི། ཁྱིམ་གྱི་ཕུགས་སུ་དམ་པོ་གནན་ན་གནོད།། བྱང་དུ་ཁ་བལྟས་ཁྱིམ་གྱི་བདག་པོ་ལ།། གཏོར་མ་རྣག་བྱས་དམངས་ལ་ཕུལ་ནས་ཀྱང་།། བསྒྲུབ་བྱའི་གཟུགས་ནི་ལྕགས་ལ་ལེགས་བྱས་ཏེ།། ཆུ་ཤིང་ངམ་ནི ་ནག་པོར་གྱུར་པའི་ར།། དེ་དང་ཆས་པར་གདོང་སྐྱལ་བར་ནི།། དབུགས་ཀྱིས་བསྐྲད་པ་མཛེ་ཆེན་བུམ་པའི་ཀླུ། ཁྱིམ་ནས་ཐུར་དུ་རྐང་པ་དགུ་ཡི་ཚད།། རྡོ་སྒྲོམ་བྱས་ཏེ་དམ་དུ་སྦ་བ་ནི།། ས་ཆུ་སོགས་ནང་དུ་མི་འགྲོ། ་བར།། ལེགས་པར་བྱས་ནས་གས་ཤིང་ལྦོས་པའམ།། ཡང་ཞིང་གཡོ་བའི་དུག་གིས་འཆི།། མདོར་ན་རིགས་བཞིའི་དུག་གིས་འཆི་བ་སོགས།། ཡང་ན་འདི་དག་བྱ་བར། རྟོག་པའི་རྒྱལ་པོ་ལས། བྲག་སྲིན་བྱད་ཀྱིས ་ལེའུ་བསྟན་པ་སྟེ་ང་གསུམ་པའོ།། །། དེ་ནས་རུ་ཏྲའི་ལས་བཤད་པ།། བྲག་ལ་དབང་བའི་བདག་པོ་ལ།། མཆོད་ཅིང་གཏད་ཁྲམ་བྱ་བ་ཡང་།། འདག་པ་རུ་ཏྲའི་སྤྲ་ཚིལ་བྱ།། མཛུབ་གང་ཚད་ལ་ལྷོ་མ་རྨིག། བྲག་ལ ་གནས་པ་རླུང་ཟའི་གཟུགས།། ཏ་ལའི་བྱང་བུ་སོར་གསུམ་ལ།། བྲག་བདག་སྔགས་བཅུག་འདི་ལྟ་སྟེ།། ག་ཤུ་ཏྲི་མུ་ཏྲི་ཞེས་པ་དང་།། ཀང་ཤང་ཀ་ཞེས་ལན་གཉིས་བྲི།། བདག་པོའི་མིང་དང་སྔགས་བཅུ་དག། བསྒྲུབ ་བྱ་ཁོག་ཏུ་ལེགས་བཅུག་སྟེ།། དེ་ནས་བསྒྲུབ་བྱའི་མིང་སྔགས་ཡང་།། སྦྱོར་བ་མཁས་པས་བྲག་བདག་ལ།། དེ་ནས་བདག་པོ་བསྒྲུབ་བྱ་གཉིས།། སྦྱོར་བ་མཁས་པ་རྒྱབ་སྦྱར་ཏེ།། ཧ་ཏི་ཕྱིར་བཀན་སོ་སོར ་འཁྱུད།། གྲོ་ག་ཤོག་བུ་ཤིང་རས་ལ།། སྦྱོར་བ་མཁས་པས་ནན་ཏན་བྲི།། དེ་བ་སྟད་ཏྲ་ཤ་ཏོ་སུ་མུ་ཏུ་ཕཊ། དུན་ཏ་ཡ་དུན་ཏ་ཡ་དུན་ཏ་ཨ་ཕཊ། སྲི་ཏཾ་སོ་ཏཾ་ཕཊ། ཙཀྲ་ཙ་པ་རུ་ཏ་ཕཊ། ཏིཥྛ་ཏིཿཕཊ། ་པྲ་ཀ་ར་སི་ཏི་ཕཊ། དེ་ཏེ་ཧ་ཏི་བསྣོལ་མར་བཅིངས།། ཡང་ན་རྣམ་ལྔའི་སྦྲུལ་གྱིས་བཅིངས།། སྦྲུལ་ཚད་འདོམ་གང་མཐོ་དོ་ཤིས།། སྣརེལ་དྲིར་མུ་བྲི་ཟོད་པར་བཅུག། དེ་ནས་གཡག་བལ་དོག་པས་བཅིང་།། མེ་ཟབ ་ནག་པོའི་ས་ཕུ་རུ།། སྨེ་ཁྲག་བླུག་སྟེ་སྦྱོར་བས་བཅུག། དམར་ནག་བྲག་བདག་ཡོད་པའི་སར།། མཐུན་རྫས་སྦྱིན་ཞིང་ལས་བཅོལ་ཏེ།། འདོམ་གང་ས་སྲུབས་སྦྱོར་བ་བཞག། གན་དེ་སྣ་གསུམ་མེ་སྦར་ལ།། སྦྱོར་བ ་ཤེས་པས་ཁྲུ་ཁྲག་སྐམ།། རྡོ་རྗེ་འཛིན་པ་ཡང་སྐམ་པར་འགྱུར།། དེ་འདྲའི་སྦྱོར་བ་ཟབ་མོ་ནི།། འཛམ་བུའི་གླིང་ནས་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། ཀླུ་ཏའི་སྦྱོར་བ་དགྲ་བོ་གསད་པའི་ལེའུ་སྟེ་ང་བཞི ་པའོ།། །། དེ་ནས་ཀླུ་བརྒྱད་ལ་བཤད་དེ།། ཀླུ་བརྒྱད་རྣམས་ལ་ཕྱག་འཚལ་ཏེ།། དང་པོ་དཀྱིལ་འཁོར་བྲི་བར་བྱ།། དེ་འོག་སྔགས་རྣམས་བྲི་བར་བྱ།། བན་དྷ་ཕྱི་ནང་ཙན་དན་བྱུགས།། བྱུག་པའི་ནང་དུ་ཆུ་གཏོར ་སྨན།། ཀླུ་ཡས་སྣ་ཚོགས་བླུགས་ལ་གཞག། གསང་སྔགས་ཁྲི་བཟླས་ཆུ་མིག་གཉར།། གཏད་ཁྲམ་བྱ་བ་ཐེ་ཚོམ་མེད།། བཟླས་ལ་གཏོར་མ་བྱས་པ་ལ།། དཀར་གསུམ་ལ་སོགས་ཀླུ་སྨན་སྣ་ཚོགས་བླུགས།། ཞག་རེ ་ཕོགས་རེ་ཆུ་མིག་རྩ་རུ་བསྐྱལ།། ཞག་བདུད་རྫོགས་ནས་ལས་རྣམས་འགྲུབ་པར་འགྱུར། དེ་རྣམས་ཀྱི་སྔགས་ནི། ཨོཾ་ཕུ་ཨ་ནན་ཧ་ར་སྭཱ་ཧཱ། ཨོཾ་ཕུབ་སུ་ཀ་ཡ་སྭཱ་ཧཱ། ཨོཾ་གང་ག་ཏོ་ཀ་སྭཱ་ཧཱ། ཨོཾ་སོ་ཀྱེ་ཡི་སྭཱ་ཧཱ། ཨོཾ་ཕུ་པདྨ ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡ་སྭཱ་ཧཱ། ཨོཾ་ཕུ་སང་ཀ་པ་ལ་ཡ་སྭཱ་ཧཱ། ཨོཾ་ཕུ་ཀུ་ལ་ཀ་ཡ་སྭཱ་ཧཱ། ཀླུ་ཆེན་བརྒྱད་ཀྱི་གསང་སྔགས་མཆོག། བཟླས་པས་སྟོང་གསུམ་སེམས་ཅན་བསྲེག། ཙི་ཙི་ཛ་ལ་གདོན་མི་ཟ།། རྟོག་པའི་རྒྱལ་པོ ་ལས། ཀླུ་ཆེན་བརྒྱད་ཀྱི་སྦྱོར་བ་འགལ་བ་ཆམ་ལ་དབབ་པའི་ལེའུ་སྟེ་ང་ལྔ་པའོ།། །། དེ་ནས་འགལ་བ་ཆམ་ལ་དབབ་པའི་ཕྱིར།། ཀླུ་རྒྱལ་ལས་ཀྱི་གཟེར་ཆེན་གཤད།། རྫས་དང་ཡོ་བྱད་ལེགས་བསགས ་ལ།། དགྲ་ཕྱོགས་ཁ་བལྟས་ཉུངས་ཀར་དག་གིས་བྲབ། ཨོཾ་ནཱ་ག་ཤི་ཏི་སྟར་ཙ་བྲི། ས་མྱག་པ་ཤ་ནི། བྲ་ཟེར་དུ་པྲ་ནི། ཤར་དུ་པ་ནི། སུ་ཏྲ་ནི་ར་ཤ་ནི། ན་ག་ཆེ་གེ་མོ་སོད་སྭཱ་ཧཱ། ཞེས་ནི་བདུན་འབུམ་ཉི་ཁྲི ་བཟླས།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། སངས་རྒྱས་ཀྱིས་ཀྱང་མི་རྙེད་དོ།། རྟོག་པའི་རྒྱལ་པོ་ལས། ཀླུ་རྒྱལ་ལས་ཀྱི་གཟེར་ཆེན་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། །། ནཱ་ག་ཆེན་པོའི་ལས་ཅིག་བཤད།། ཨོཾ་པྲ། ཡི ་གེ་གཉིས་པོ་འདི་དག་ནི་ཀླུའི་རྒྱུ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་ནི་སྟཽ། ཀླུ་རྒྱལ་སྔོན་བཞིན་བསྐྱེད་པའོ།། ཨོཾ་ནཱ་ག་ར་ཛ་བ་སུ་ཀ་ཛ་ཛ་ཆེ་གེ་མ་ར་ཡ་ཧཱུཾ་ཛ་ཛ་ཧཱུཾ་ཕཊ། བསྙེན་པ་ཇི་ལྟར་ནུས་ཚད་དོ།། གསད་པའི་ཐབས་ནི ་འདི་ལྟར་ཤེས་པར་བྱ།། ཤང་ཕོར་བུ་སྲུབས་མེད་མཛེས་པ་ལ།། བྱི་དོར་བྱས་ཏེ་ནང་དུ་ཀླུ་དབང་གཞུག། ནས་འོག་ཏུ་སྒྲ་ཚིལ་དག་ལ་ཡང་།། དམིགས་པའི་གཟུགས་བྱས་མདུན་དུ་ཁ་སྦུབ ་ལ།། གདམ་ཁྲི་བྱས་ཏེ་ཁྱིམ་གྱི་གཉར་གཞག་ལ།། མཚམས་མེད་ལེགས་པར་གནས་པ་ནི།། དེ་ཉིད་སྤོས་ཤིང་གསང་སྟེ་འཆི་བར་བཤད།། ལས་ཆོག་ཟབ་མོ་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། ཐི་བརྙས ་ལས་ཀྱི་སྦྱོར་ཀའི་ལེའུ་སྟེ་ང་བདུན་པའོ།། །། དེ་ནས་ཕག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་གསོལ་པ། ནང་བསྒྲུབ་ལས་ཀྱི་སྦྱོར་བ་ཡིས།། འགལ་བ་མ་ལུས་ཆམ་ལ་འབེབས།། ཕྱི་བསྒྲུབ་ལས་ཀྱི་སྦྱོར་བ ་ཡིས།། འགལ་བ་ཇི་ལྟར་ཆམ་ལ་དབབ།། བདག་གིས་མི་འཚལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ ་གཅིག་ཡིད་ཀྱིས་ཉོན།། དེ་ནས་མཛེ་ཐུན་ལས་བཤད་དེ།། རྒྱ་མཚོའི་ངོས་སམ་རི་བོའི་རྩེ།། ཤིང་ཆེན་པོའམ་ཁར་མཛེས་གནས།། ཆུ་མིག་ནེའུ་འམ་ཡིད་འོང་སར།། སྔོན་དུ་བསྙེན་པ་བསྐྱལ་ནས་ཀྱང་།། མཎྜལ་གྲུ ་བཞི་ལེགས་བྱས་ལ།། དེ་དབུས་གྲུ་གསུམ་ལྷོར་བལྟས་བྲུ། ཁ་ཁྱེར་དག་ལ་ཕུར་པ་བཅུ་ཡང་དགོད།། དེ་ནས་ཡ་སྟགས་བསག་བྱ་སྟེ།། མཛེ་ཐོད་རབས་ཆད་ཐོད་ནང་དུ།། ཤོག་ཤོག་དག་ལ་རུས་སྦལ་ནག ་པོའི་གཟུགས།། ལེའུ་དགུ་པའི་འཁོར་ལོ་བྲིས་ལ་གཞག། ཆུ་སྲིན་གཉིས་ཀྱི་འཁོར་ལོ་བསྐོར།། དེ་ཡང་ཁ་སྤྲད་འཇུག་མ་བསྒྲིལ་བར་བྱ།། ལེའུ་ཚེ་དགུའི་ནང་དུ་ཕུ་ཡང་བྲི།། ཕུ་ཡི་ནང་དུ་བརྣག་བྱའི་མིང་།། ཕུ་ཡི ་མཐའ་མ་ཕོ་མོའི་སྔགས་ཀྱིས་བསྐོར།། དེ་ནས་འཁོར་ལོ་ཐོད་པའི་ནང་དུ་གཞུག། ཐོད་པའི་ཁ་ལ་དར་ནག་གིས།། གྲུ་གསུམ་དག་ཏུ་དགབ་པར་བྱ།། དེ་སྟེང་གཡམ་པ་དག་ལ་ནི།། རི་རབ་རྡོ་རྗེ་རྒྱ་གྲམ་བྱས་ལ ་དགབ།། དེ་སྟེང་རྡོ་རྗེ་དྲིལ་བུ་གཉིས་ཀྱང་གཞག། དེ་ནས་བདག་གཞན་ལེགས་བསྐྱེད་ལ།། དགྲ་བོ་དག་ནི་དགུག་གཞུག་བྱ།། དེ་ནས་བཟླས་པ་བྱ་བ་སྟེ།། མཐའ་རྟེན་ཆེ་གེ་མོ་མཱ་ར་ཡའོ།། སྐབས་ལ་བཟློག་ཐུན ་རྫས་དག་གིས་བྲབ།། སྐེ་ཆེ་རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་དང་།། ཉུངས་ཀར་གུ་གུལ་ནག་པོ་དུག་ཆུ་སོགས།། ཐུན་རྫས་ཀྱིས་བྲབ་པར་བྱ།། དེ་ནས་དགྲ་བོ་ལྷ་དང་དབྲལ་བའི་ཕྱིར།། གུ་གུལ་ནག་དང་རྟ་བླ་དང་།། བོང ་བུ་སྦྱང་ཁྱིའི་ལུད་ར་དུག་དང་།། བུད་མེད་ཞགས་མ་སྲེགས་སྲོགས་དུད་པས་བདུགས།། དེ་ནས་འཁོར་ལོ་བསྐོར་བར་བྱ།། དེ་ནས་ལས་གཞུག་ནན་པས་གཅད།། དེ་ལ་ཡང་ནི་རྣམ་གཉིས་ཏེ།། གཤེར་ལ་གནན ་དང་སྐམ་ལའོ།། དེས་ནི་རིང་པོ་མི་ཐོག་འཛམ་གླིང་མཛེ་རུ་འགྱུར།། རྟོག་པའི་རྒྱལ་པོ་ལས། མཛེ་ནད་སྤུ་གྲི་ཆན་པའི་ལེའུ་སྟེ་ང་བརྒྱད་པའོ།། །། དེ་ནས་ཀླུ་གནས་ལུགས་བཤད་དེ།། ནཱ་ག་མི་ཡི་གཟུགས་སུ ་ཡོད།། དེ་ཡི་གནན་པའི་ས་བསྟན་པ།། ར་བྲག་དག་ཏུ་ཁྲུ་དོའོ།། རྭ་ལ་ཁྲུ་དོ་མགོ་ལ་སོར་ནི་ཉི་ཤུ་བཞི།། བྱད་ལ་མཐོ་དོ་སོར་བཞིའོ།། སྙིང་ནས་ལྟེ་རུ་མཐོ་གང་སོར་བཞིའོ།། ཕྲག་པ་གཉིས་ཀྱི་བར་དུ ་མཐོ་དོ་སོར་བཞིའོ།། གསང་བདག་ནས་ལྟེ་བར་མཐོ་གང་ངོ་།། རྐང་པ་དག་ལ་ཁྲུ་བཞིའོ།། རྐང་པ་བགྲད་པའི་བར་དུ་རྐང་མདོ་གསུམ།། དེ་ལྟར་ཚད་གཞལ་ལུས་དེ་ལ།། གནན་པའི་ས་ནི་བཅུ་གཉིས་ཏེ།། རྭ་བྲག ་དག་ཏུ་རྟོལ་བུ་ག་པའི་ཐོད་པའོ།། དཔུང་པ་གཉིས་ཀྱང་དེ་དང་མཚུངས།། མཆན་ཁུང་གཡས་པར་དབྱི་ཐོད་དོ།། མཆན་ཁུང་གཡོན་དུ་རོག་པོ་རའི་ཐོད་པའོ།། བརྒྱལ་ནད་དག་གིས་ཐེབས་པར་འགྱུར།། སྙིང་ཁར ་སྨེ་བ་མཛེ་ཐོད་དོ།། མཛེ་ཅན་དག་ཏུ་གདོན་མི་ཟ།། ལྟེ་བར་མཛོ་ཐོད་དག་ཏུ་གནན།། མཛེ་ཅན་ངེས་པར་འོང་བར་འགྱུར།། གསང་བར་དྲེའུའི་ཐོད་པར་གནན།། བུ་འཆི་རབས་ཀྱང་འཆད་པར་འགྱུར།། བླ་བྲག ་གཡས་སུ་བུད་མེད་ནག་མོའི་ཐོད་པར་གནན།། སྐྱེ་རྒྱུད་འཆད་པར་གདོན་མི་ཟ།། བླ་བྲག་གཡོན་དུ་དེ་དང་མཚུངས།། སྨྱོ་ཞིང་འཁྱམ་པར་གདོན་མི་ཟ།། རྐང་པ་གཡས་པའི་མཐིལ་ལ་རེག་ཙམ་དུ།། བོང་བུ་ག ་པའི་ཐོད་པར་གནན།། གཡོན་པའི་མཐིལ་ལ་རེག་ཙམ་དུ།། རྟ་ནག་ཐོད་པས་གནན་པར་བྱ།། དེ་ལྟར་བཅུ་གཉིས་གནས་སུ་གནན་ན་གདོན་མི་ཟ།། བླ་དང་ལག་པ་གཉིས་དང་རྐེད་པ་དང་།། རྐང་པ་གཉིས་དང་སྐེ ་དང་མགོ་བོ་བྱེད།། དེ་ཀུན་མི་གནན་ཚུར་ལ་ལྡོག་སྲིད་པས།། དེས་ན་དེ་རྣམས་དག་ཏུ་མི་གནན་ནོ།། མཛེ་ནད་ལས་ཀྱི་ཚད་མཆོག་འདི།། འཛམ་བུ་གླིང་ནས་རྙེད་པ་དཀའ།། རྟོག་པའི་རྒྱལ་པོ་ལས། ཀླུའི་ལུས་ངག ་གི་ལེའུ་སྟེ་ང་དགུ་པའོ།། །། དེ་ནས་བཟློག་པའི་འཁོར་ལོ་བཤད།། བན་བོན་དག་དང་འགྲས་པའམ།། ལྷ་དབང་ཉིད་དང་འགྲས་ན་ཡང་།། དྲག་པོར་ཟོར་གྱི་ལས་བྱ་སྟེ།། ཟངས་སམ་ལྕགས་སམ་འཁར ་གཞོང་དུ།། བག་ཕྱེ་དག་ལ་བྱས་པའི་གཏོར་མ་ནི།། པདྨ་འདབ་བཞིའི་གཟུགས་བྱས་དག། གཏོར་མའི་དཀྱིལ་དུ་དགྲ་བཤོས་ཟུར་གསུམ་པ།། དུ་ཡོད་གྲངས་དང་བསྟུན་ལ་གཞག། དགྲ་བཤོས་རེ་ལ་མིང་བྱང ་རེ།། འདི་བཟློག་བྱ་བ་བྲིས་ལ་གཞག། དེ་ཡི་དབུས་སུ་སྔགས་བདག་གི་གཟུགས་བརྙན་གཅིག་ཀྱང་གཞག་པར་བྱ།། དེ་ན་ཀླུ་སྨན་སྣ་ཚོགས་དང་།། བུ་རམ་ལ་སོགས་མངར་གསུམ་དང་།། ཀུན་ཀྱང་བླུགས་ལ ་གཞག་པར་བྱ།། དེ་ནས་བཟླས་པ་འབུམ་ཚོ་བསྐྱལ།། ཟླ་བ་ཉའམ་སྟོང་དག་ལ།། དགྲ་ཕྱོགས་དག་ཏུ་འཕང་བར་བྱ།། འདི་ཟློག་བྱས་ལ་ཟོར་དུ་འཕངས།། དེ་ནི་ལྷ་དབང་ཉིད་ཀྱང་བཟློག། རྟོག་པའི་རྒྱལ་པོ་ལས།། ་ཀླུ་རྒྱལ་བཟློག་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །། དེ་ནས་སྐམ་ལ་གནས་པ་བཤད།། ཤོག་བུ་རས་སམ་གྲོ་ག་ལ།། ཤིང་ལོ་དག་ལ་འཁོར་ལོ་ནི།། རྩིབས་བརྒྱད་ཚད་ལྡན་བྲིས་ནས ་ཀྱང་།། དབུས་སུ་དུ་ཡོད་དགྲའི་མིང་བྲིས།། མཐའ་མ་ཕོ་མོའི་སྔགས་ཀྱིས་བྲིས་ལ་གཞག། ལིང་ཁའི་སྙིང་ཁར་གཞུག་པར་བྱ།། དེ་ནས་ཐོད་ངན་ནང་དུ་བཅུག། ཙིཏྟའི་སྙིང་པོའམ་རྒྱ་གྲམ ་དུ།། གཞུག་པར་བྱ་བར་ཐེ་ཚོམ་མེད།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། ཇི་ལྟར་དར་ཡང་རྒུད་པར་འགྱུར།། རྟོག་པའི་རྒྱལ་པོ་ལས། སྐམ་ལ་གནན་པའི་ལེའུ་སྟེ་རེ་གཅིག་པའོ།། །། དེ་ནས་འགལ་བའི་སེམས ་བཤད་བྱ།། དགྲ་བོའི་བུ་སྲིན་མགོ་བོ་རུ།། རྩིབས་བརྒྱད་འཁོར་ལོ་སྔོན་བཞིན་བཅའ།། བཟླས་པ་འབུམ་ཚོ་གཅིག་བྱས་ལ།། དགྲ་བོའི་དུར་དུ་བཅུག་ལ་གཞག། འཇུག་ཏུ་མཐའ་རྟེན་སྙམ་པ་ལ།། དེ་ལྟར་སྦྱོར་བ ་ཟབ་མོ་འདི།། འཇིག་རྟེན་གསུམ་ནས་རྙེད་པར་དཀའ་འོ།། དེ་ནས་དགྲ་བོ་ཁ་ཡང་གཏད།། རྟོག་པའི་རྒྱལ་པོ་ལས། ཉམས་པ་དུར་སེལ་ལ་གཞུག་པའི་ལེའུ་སྟེ་རེ་གཉིས་པའོ།། །། དེ་ནས་ཕུར་བུའི་གནན་ལས ་བཤད།། རུས་སྦལ་ལེའུ་ཚེ་དགུ་པའི།། འཁོར་ལོ་ལེགས་བྱས་བཅོ་བརྒྱད་ཕུའི་མཛེས། ཕུ་ནང་དུ་ཡོད་མིང་བྱང་བྲི། ཕོ་མོའི་སྔགས་ཀྱིས་བསྐོར་བར་བྱ།། མཛེ་ཟོད་ཁ་སྦྱར་ནང་དུ་བཞུག། ཟོད་སྲུབས་ལ་ཆས་སྦྱར ་ལ་ཕྱི་རུ་ཚིལ་ཆེན་བྱུག། ཐོད་པ་རེ་བས་གྲིལ་ལ་ཁྱིམ་དུ་གཏད།། ཚད་བཞིན་གནན་པ་གོང་བཞིན་སྦྱར།། ཟླ་བ་གཅིག་ན་ནཱ་གས་འཛིན་པར་ངེས།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། སངས་རྒྱས་ཀུན་གྱིས་རྙེད་པར ་དཀའ།། རྟོག་པའི་རྒྱལ་པོ་ལས། ཕུར་པས་གཤེད་ལ་གནན་པའི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་ངག་རེངས་བཤད་པར་བྱ།། སྙིང་ནས་རྒྱས་པའི་དགྲ་བོ་ལ།། པུ་རྩེ་སྐེ་ཚེ་ལན་ཚྭ་གནག། གུ་གུལ་ཀུན་ལ ་དགྲ་བོའི་གཟུགས།། ལུག་ལ་ཕྱིན་ཕྱོགས་བསྐྱོན་ལ་མཎྜལ་ཁར།། སྦྲུལ་དཀར་དག་གིས་ཕྲག་གོང་བསྣོལ་ལ་དཀྲི།། དེ་ནས་བདག་གཞན་ལེགས་བསྐྱེད་དེ།། བཀའ་བསྒོ་སྣ་ཚོགས་བྱས་ནས་ཀྱང་།། དགུག་གཞུག ་བྱས་ཏེ་གཟུགས་ལ་བསྟིམ།། དེ་ནས་བདག་གི་ཐུགས་ཁ་ནས།། ཡི་གེ་ཧཱུཾ་གཅིག་འཕྲོས་གྱུར་ནས།། བརྣག་བྱའི་ལྕེ་འོག་སོང་བས་རྡོ་རྗེ་རྒྱ་གྲམ་བསམ།། སྔགས་བདག་ཐུགས་ཁ་ནས་ཕུ་འཕྲོས་པས།། རྣག་བྱའི ་ལྕེ་ཐོག་སོང་བས་རི་རབ་བསམ།། དེ་ཉིད་རྗེ་ཆེ་སོང་བས་ལྕེ་ཡང་ན།། དེ་འདྲའི་རང་ཉམས་ནམ་བྱུང་ན།། གནན་པར་བྱ་བར་ཐེ་ཚོམ་མེད།། ཏི་རྩེ་རྙིང་པའི་འོག་ཏུའོ།། དེ་ནས་མཐའ་རྟེན་གདགས་པ་ནི།། ཕོ་མོའི ་སྔགས་ཀྱི་ཤམ་བུ་ངག་སྙམ་ཡ་བཏགས་ནས་བཟླས་ན། བརྟགས་གདོན་མི་ཟ། ཟླ་བ་གསུམ་དུ་སྦྱོར་བ་བརྩམས་ན་ལྷ་ཆེན་དག་ཀྱང་རིག་པར་འགྱུར།། རྟོག་པའི་རྒྱལ་པོ་ལས། ཀླུ་རྒྱལ་དག་རེངས་སུ་གཞུག་པའི ་ལེའུ་སྟེ་རེ་བཞི་པའོ།། །། དེ་ནས་ཕྱི་བསྒྲུབ་རིམ་པའོ།། གྲོང་ཁྱེར་ཆེན་པོ་དཀྲུག་པར་བྱ།། དང་པོ་མཎྜལ་ཟླུམ་པོར་བྱས་ལ།། སྐེ་ཚེ་ཉུངས་ཀར་ཏིལ་འབྲས་དང་།། ལན་ཚྭ་ནག་པོ་བག་ཟན་ལ།། རྔ་མོ ་མོའི་གཟུགས་ལ་དགྲ་བོ་དུ་ཡོད་བསྐྱོན།། ཕྱིན་ཕྱོགས་དག་ཏུ་ཤེས་པར་བྱ།། ཐུགས་ལས་འོད་སྤྲོས་མཎྜལ་རླུང་གིས་ནི།། དཀྱིལ་འཁོར་བསམ་པ་གྲ་བཞིར་བ་དན་བཞི།། དེ་ནས་སྔགས་བཟླས་འོད ་ཟེར་འཕྲོ་འདུ་ཡིས།། བ་དན་དག་ལ་ཕོག་པས་རླུང་གི་དཀྱིལ་འཁོར་བསམ།། ཐོགས་པར་རྒྱུགས་པའི་དངོས་པོར་བསམ།། དེས་ནི་གྲོང་ཁྱེར་འཁྲུགས་པར་འགྱུར།། དེ་ལྟར་སྦྱོར་བ་ཟབ་མོ་ཡིས།། སངས་རྒྱས་ཉིད ་ཀྱང་འཁྲུགས་འགྱུར་ན།། དམ་ཉམས་དགྲ་ལ་སྨོས་དགོས།། རྟོག་པའི་རྒྱལ་པོ་ལས། གྲོང་ཁྱེར་དཀྲུགས་པའི་ལེའུ་སྟེ་རེ་ལྔ་པའོ།། །། དེ་ནས་རིམས་ཀྱི་སྦྱོར་བ་བཤད།། དུར་ཁྲོད་གྱོ་མག་དག་ལ་འཁོར་ལོ་རྩིབས ་བརྒྱད་བྲི།། ཙི་ཏྲ་ཀ་དང་དུག་དང་ཨ་ཀའི་ཞོ།། སྐེ་ཚེ་ཁྲག་གིས་བྲབ་པར་བྱ།། སེང་ལྡེང་མེ་ལ་བསྲོ་ཞིང་ཁྲོས་པས་གསང་སྔགས་བཟླས།། ལྔ་བརྒྱ་དག་ཏུ་བཟླས་ན་མོད་ལ་རིམས་སུ་འགྱུར།། རྟོག་པའི་རྒྱལ་པོ་ལས།། ་། རིམས་ཀྱིས་གསད་པའི་ལེའུ་སྟེ་རེ་དྲུག་པའོ།། །། དེ་ནས་སྨྱོ་བའི་ལས་བཤད་དེ། ཁྱི་སྨྱོན་ཐོད་པར་འཁོར་ལོ་གོང་བཞིན་བྲི།། མི་ཐོད་ཅིག་གིས་ཁ་གཅད་ལ།། དུར་ཁྲོད་དུ་རྩ་སྔགས་བཟླས་ན།། གོང་གི་མིང ་བཅུག་ཐམས་ཅད་སྨྱོ་བར་འགྱུར།། འཁོར་ལོ་སྙོམས་བྱེད་ཁུ་བས་བྲི།། དེས་ནི་འཛམ་གླིང་ཀུན་ཀྱང་སྤྲོ།། རྟོག་པའི་རྒྱལ་པོ་ལས། སྐྱོ་རུ་གཞུག་པའི་ལེའུ་སྟེ་རེ་བདུན་པའོ།། །། དེ་ནས་དབང་དུ་བྱ་བ ་བཤད།། རང་བྱུང་མེ་ཏོག་དག་གིས་འཁོར་ལོ་སྔོན་བཞིན་བྲི།། སྤྲ་ཚིལ་དག་གིས་བྱུག་པར་བྱ།། རྒྱལ་སྐྱེགས་ཁུ་བས་ཀྱང་ནི་བྱུག། དེ་ནས་རང་ཉིད་གར་ཉལ་འོག་ཏུ་བཅུག་ལ་ཉལ།། གང་གིས་མིང་བྲིས་དེ་ནི ་དབང་དུ་འགྱུར་བ་གདོན་མི་ཟ།། དེ་ལྟར་སྦྱོར་བ་ཟབ་མོ་འདིས།། ལྷ་ཀླུ་དག་ཀྱང་ཉམས་འགྱུར་ན།། ཉམས་པའི་དགྲ་ལ་སྨོས་ཅི་དགོས།། རྟོག་པའི་རྒྱལ་པོ་ལས། དགྲ་བོ་དབང་དུ་བྱ་བའི་ལེའུ་སྟེ་རེ་བརྒྱད ་པའོ།། །། དེ་ནས་བཅིང་པའི་ལས་བཤད་དེ། ཁམ་ཕོར་མེ་བསྲེགས་ཁ་སྦྱར་ན།། སྨྱོ་བྱེད་ཁུ་བས་འཁོར་ལོ་བྲི།། དུར་ཁྲོད་སོལ་བ་བཙག་རྣམས་ཀྱིས།། བསྲེས་ལ་བྲི་བར་ཡང་དག་བཤད།། མི་རོ་བསྲེགས་པའི ་ས་དང་ཐལ་བས་གནན་ལ་གཞག། དེ་ཡི་མིང་དང་སྤེལ་ནས་བརྒྱ་རྩ་བརྒྱད།། བཟླས་ན་འཆིང་བར་གདོན་མི་ཟ།། དེ་ལྟར་སྦྱོར་བ་ཟབ་མོ་ནི།། ལྷ་ཆེན་དག་ཀྱང་འཆིང་འགྱུར་ན།། དམ་ཉམས་དགྲ་ལ་སྨོས་ཅི ་དགོས།། རྟོག་པའི་རྒྱལ་པོ་ལས། དགྲ་བོ་འཆིང་བའི་ལེའུ་སྟེ་རེ་དགུ་པའོ།། །། དེ་རྣམས་ཀུན་གྱི་གསང་སྔགས་ཀྱིས།། གང་ཡིན་ངོ་བོ་བཤད་པར་བྱ།། བསྙེན་སྔགས་བྱེ་སྩོལ་བྱས་ལ།། འཁོར་ལོ་བསྐོར་སྔགས ་སོ།། ཨོཾ་སྥུ་ཏ་སྥུ་ཏ་མ་ཧཱ་ཀྲོདྷ་ཧཱུཾ། སིདྡྷི་སིདྷི། སྥོ་ཏ་ཡ་ཧཱུཾ་ཕཊ། དེ་ནི་ནཱ་ག་ནཱ་ག་མོ་སི་དེ་སི་དི་མ་ཡ་དུ་སེ་ནཱ་ག་ན་མོ་བྷྱོ་ཏོ་ན་ཙ། ཀྱི་ན་མ་ར་ནཱ་ག་མ་རཱ་ཡ་ན། ཆེ་གེ་མོ་མཱ་ར་ཡ་ཛ། ཟབ་མོ་སྔགས་ཀྱི་སྦྱོར་བ ་ཡིས།། སྲིད་པ་གསུམ་ཡང་འཚིག་འགྱུར་ན།། ཉམས་པའི་དགྲ་ལ་སྨོས་ཅི་དགོས།། རྟོག་པའི་རྒྱལ་པོ་ལས། གསད་པ་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། དབུལ་བ་སྤང་ཕྱིར་གཏེར་བསྒྲུབ་པ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ།། གཏེར་དང་ལོངས་སྤྱོད་ཀླུ་ལ་ཡོད།། ཕྱི་བསྒྲུབ་ནང་བསྒྲུབ ་གསང་བསྒྲུབ་ཀྱིས།། ཀླུ་རྒྱལ་གཏེར་གྱི་ལས་བཤད་དོ།། དེ་ལ་ཕྱི་བསྒྲུབ་གཏེར་ཆེན་བཤད།། དབེན་པའི་གནས་སམ་ཁྱིམ་གྱི་ནང་། ཁྲུ་དོ་བརྐོས་པའི་ནང་དུ་ནི།། གཡམ་ཁང་གྲུ་བཞི་བྱ་བར་བསྟན།། དེ་དབུས ་སྲན་ཆུང་ས་སྦྱིན་དང་།། ཀླུ་གནས་ཆུ་ཡི་འཇིག་པར་བྱ།། སྦྲུལ་མགོ་བདུན་པ་ཚད་ལྡན་བྱ། ཁ་དོག་གུར་གུམ་ཆུ་ཡིས་བསྒྱུར། ཁང་བུའི་དབུས་སུ་གཞུག་པར་བྱ།། ཤར་ལྷོ་མཚམས་སུ་ཉ་དོང་གཞག། ལྷོ་ནུབ ་མཚམས་སུ་ཆུ་སྲིན་ནོ།། ནུབ་བྱང་མཚམས་སུ་སེང་གདོང་གཞག། དཀར་དང་སྔོ་སེར་ནག་ཞལ་བཞི་པའོ།། ཟངས་ཀྱི་གླང་བུ་ལེགས་བྱས་ལ།། གསེར་དངུལ་ཟངས་ལྕགས་ཕྱེ་མ་དང་།། གཡུ་དང་བྱུ་རུ་མན་ཤེལ ་སོགས།། ཕྱེ་མར་བརྡུངས་བླུགས་པར་བྱ།། དར་ཟབ་རས་ཀྱི་སྣལ་མ་བཞག། དེ་རྣམས་ཁང་བུའི་དབུས་སུ་གཞག། ནོར་གྱི་རྟ་རུ་གཟུངས་པར་ཡིན།། ས་སྦྱིན་དག་ལ་བཟོ་བ་ཡིན།། རིན་པོ་ཆེ་ཡི་གཟུགས་བརྙན ་ནི།། སོར་གསུམ་ཚད་ལྡན་ཁ་དོག་སྔོ། ཁང་བུའི་དབུས་སུ་བཞག་པར་བྱ།། དེ་ཡང་རྟེན་གྱི་གཞི་རུ་གཟུང་།། དེ་ནས་གཏོར་མ་རྒྱས་པ་བཞི།། ཤར་ཕྱོགས་གཏོར་མ་རྟག་ཏུ་གཏང་།། ལྷོ་ཕྱོགས་གཏོར་མ་ཐུགས་དམ ་བསྐང་།། ནུབ་ཕྱོགས་གཏོར་མ་རྟ་རུ་གཟུང་།། བྱང་ཕྱོགས་གཏོར་མ་ཟོར་དུ་འཕང་།། ནུབ་ཕྱོགས་གཏོར་མ་འབྲུ་སྣ་དང་།། རིན་པོ་ཆེའི་ཕྱེ་མ་བླུགས།། དེ་ཡང་ནོར་དང་དམ་རྫས་ཡིན།། དེ་ནས་བདག་གཞན་ལེགས ་བསྐྱེད་ལ།། བཀའ་བསྒོ་རིམ་པ་རྫས་སྤེལ་བྱའོ།། དེ་ནས་སྔགས་ཀྱང་རྒྱུན་དུ་བཟླས།། ཨོཾ་སྥུ་ཏ་སྥུ་ཏ། མ་ཧཱ་ཀྲོདྷ་ཏཱཾ། སིདྷི་སིདྡྷི་སྥོ་ཏ་ཡ་ཧཱུཾ་ཕཊ། ནཱ་ག་ར་ཛ་རད་ན་སིདྷི། འབའ་ཧཱུཾ་ཏ། པ་ཏ་ཡ་པ་ཏ་ཡ་སྭཱ་ཧཱ། སྟོང་ཚེ ་རེ་ཞིང་བདུད་རྩི་དབུལ།། སྔོན་བཞིན་ཤེས་པར་བྱ།། བཟེད་ཞལ་དུ་བླུག་ཆུ་ལ་དབོའོ།། ཁང་བུའི་ཁ་རུ་བཟེད་ཞལ་གཞག་ཁང་བུའི་ནང་དུ་སྤོས་མེ་ཡང་།། རྒྱུན་མི་འཆད་པར་གཏང་བར་བྱ།། སྐབས་སུ་ཁང་བུ་སྒོ་ཕྱེ ་ལ།། མ་ལུས་འཚོགས་པའི་འབྲུ་སྣ་དང་།། རིན་ཆེན་ནོར་གྱི་ཕྱེ་མ་དང་།། ཀླུ་སྨན་ཀུན་ཀྱང་གཏོར་བར་བྱ།། ནང་ནུབ་མེད་པར་ཡི་དམ་དུ།། སྟོང་ཚོ་བཟླས་ལ་མཆོད་པ་དབུལ།། རྒྱུན་མི་འཆད་པར་བྱས་ནས ་ནི།། དབུལ་པོ་ཡིན་ཡང་གཏེར་ལྡན་འགྱུར།། ཁང་བུ་གཟུགས་བརྙན་མ་ལུས་ཀུན།། གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད།། རྨི་ལམ་བཟང་པོ་སྐབས་སུ་འབྱུང་།། ནོར་བུ་གཡུ་དང་བྱུ་རུ་དང་།། མུ་ཏིག་གསེར ་དངུལ་མང་པོ་དང་། ཁང་བུ་གྲུ་བཞི་ཐོགས་པ་ཡིས།། མི་མང་བྱིས་ཆུང་མང་བྱུང་ན།། རྨི་ལམ་བཟང་སྟེ་རྫས་ཆེན་འབུལ།། གཡག་ཆེན་སྟོང་ལ་སྤྲོ་བ་བཀལ་བ་དང་།། མི་ནོར་མང་པོ་བཀའ་ནས ་ནི།། བདག་ལ་སྟེར་དང་བདག་གིས་བྱེད།། རང་གི་ཁྱིམ་དུ་འོང་རྨི་ན།། དེ་ཡང་བཟང་བས་རྫས་ཆེན་དབུལ།། ས་ཡི་གཏིང་ནས་འཆད་པའམ།། དུར་རམ་མི་ནོར་ཡོད་ཟེར་བའམ།། བདག་གིས་ཀློགས་ན་བདག་ལ ་ནི།། ཀློགས་ཅིང་ཟེར་བའི་སྒྲ་བྱུང་ན།། དེ་ཡང་བཟང་པས་རྫས་ཆེན་འཕེལ།། དེ་རྣམས་མ་བྱུང་བར་དུ་ནི།། བཟླས་དང་མཆོད་པ་རྒྱུན་མི་གཅད།། དེ་ལྟར་གྲུབ་ན་ཚེ་འདི་ལ།། ཀླུ་རྣམས་དགེས་ནས་དངོས་གྲུབ ་ནི།། རྗོད་ཀྱིས་མི་ལང་བ་ཡང་འབྱུང་།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། རྒྱན་མི་ཆད་པར་བྱས་གྱུར་ན།། ནོར་དང་བུ་ཚ་རྒྱས་པ་དང་།། ཚེ་འཕེལ་བྱིས་པ་ལེགས་མོ་སྐྱེ།། རྟོག་པའི་རྒྱལ་པོ་ལས། ཕྱི་བསྒྲུབ་གཏེར་གྱི ་ལས་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །། དེ་ནས་ནང་བསྒྲུབ་རྟེན་ཆེན་བཤད།། དེ་ཡང་རྣམ་པ་གཉིས་སུ་སྟེ།། དང་པོ་འདི་ལྟར་ཤེས་པར་བྱ།། མཎྜལ་གྲུ་བཞིའི་སྟེང་དུ་རྩིག། སྟེགས་བུ་ནང་དུ་གཡམ་སྒོམ ་བྱ།། སྒྲོམ་གྱི་ནང་དུ་ཟངས་ལ་ནི།། གླང་བུ་དམར་པོ་བྱས་ལ་གཞུག། དེ་ནས་ཤོག་བུ་དག་ལ་ནི།། སྦལ་པ་ནག་པོའི་གཟུགས་བྲིས་ལ།། རྒྱབ་ཏུ་ལེ་ཚེ་དགུ་པའི་འཁོར་ལོ་བྲི།། ལེའུ་ཚེ་དགུ་ལ་སྔགས་ཚན་དགུ། སྦྱོར ་བ་མཁས་པས་བྲི་བར་བྱ།། དང་པོ་ལ་དབང་དུ་བསྡུ་མནའ་བསྒག་གཉིས། གཉིས་པ་དག་ལ་སྙིང་པོ་བྲི།། གསུམ་པ་དག་ལ་ཉེ་སྙིང་བྲི།། བཞི་པ་དག་ལ་རྒྱལ་རིགས་སྔགས།། ལྔ་པ་དག་ལ་བྲམ་ཟེའི་རིགས་སྔགས ་བྲི།། དྲུག་པ་རྗེ་རིགས་བདུན་པ་དམངས་རིགས་སྔགས།། བརྒྱད་པ་གཉེན་ཏེ་དགུ་པ་ས་བདག་རིགས།། དེ་ལྟར་བྲིས་ནས་མཐའ་མ་ཧཱུཾ་གིས་བསྐོར། ཁ་ཡི་ཟད་ཀར་གཏེར་བསྒྲུབ་ལས་ཀྱིས་བྱ།། དེ་ནས་གཟུགས་དེ ་དྲིལ་ལ་གླང་བུའི་ཁོག་པར་གཞུག། དེ་ནས་གསེར་སོགས་རིན་ཆེན་ཕྱེ་མ་བླུགས།། དེ་ནས་གཟུགས་དེ་སྒྲོམ་དུ་གཞུག། དེ་ནས་གཏེར་རྫས་རྣམས་ཀྱང་གཞག། གོང་གི་ཕྱི་བསྒྲུབ་དག་དང་མཚུངས།། དེ་ནས་མཎྜལ ་སྟེང་དུ་བྱ་ཁྱུང་གཟུགས།། ནཱ་ག་གནས་པའི་པ་དང་སྦྱིན་པོ་ཡི་ས་བདག་དང་།། ལེགས་པར་བྱས་ཏེ་གསེར་ཆུས་བྱུག། དེ་ནས་བདག་ཉིད་ཁྱུང་གི་སྐུར་བསྒོམ་པ་ལིང་བཏང་།། དེ་ནས་གླུ་གཏོར་རྒྱས་པ་ལ། ཁྱུང་གི ་ཕྱག་རྒྱ་བཅའ་ཞིང་སྔགས་དགུ་བཟླས།། ཤམ་བུ་ན་ག་རད་ན་སི་དྷི། འབབ་ཧཱུཾ་བྱའོ།། དེ་ནས་ཀླུ་སྨན་བདུད་རྩི་འབའ་ལིང་ཀུན།། གཉན་པའི་ཁྱིམ་དུ་བསྐལ་བར་བྱ།། དེ་ལྟར་མཆད་ན་རྨི་ལམ་བཟང་པོ་དག་ཀྱང ་འབྱུང་།། རྨི་ལམ་གོང་དང་སྦྱར་བར་བྱའོ།། གཏེར་ཆེན་རྙེད་དང་རྫས་ཆེན་འཕེལ།། ཀླུ་རྣམས་བྲན་བཞིན་འགྱུར་པར་ངེས།། གང་ལ་བྱ་བ་གདོན་མི་ཟ།། རྟོག་པའི་རྒྱལ་པོ་ལས། གཏེར་གྱི་བསྒྲུབ་པ་ཆེན ་པོའི་ལེའུ་སྟེ་དོན་གཉིས་པའོ།། །། དེ་ནས་ནང་བསྒྲུབ་གཉིས་པ་ཡི།། གཏེར་ཆེན་བསྒྲུབ་པ་བདག་གིས་བཤད།། ཀླུ་གནས་དགུ་ཡི་ཆུ་དང་ནི།། ནཱ་ག་ཁྱིམ་དགུའི་ས་བདག་ལ།། སྦྱིན་པོའི་ས་དང ་དཀར་གསུམ་བསྲེ།། ཀླུ་སྨན་ཀུན་ཀྱང་འཚོགས་སར་བྲེ་དགུ་བསྲེ།། སྦྲང་རྩི་དག་གིས་སྦྲུས་ནས་ནི།། ནཱ་ག་རཱ་ཛའི་གཟུགས་བརྙན་ནི།། ལུས་བཅུས་སྦྲུལ་མགོ་བདུན་པ་བྱ།། སྐུ་མདོག་གནག་ཅིང་རོ་སྨད་སྦྲུལ་དུ ་འཁྱིལ།། དེ་འདྲའི་གཟུགས་དེ་ཤིང་ངམ་ཟངས་ཀྱི་སྒྲོམ་དུ་གཞུག། དེ་ཉིད་དབེན་པའི་མཎྜལ་རྩར།། གཞག་ལ་བསྐྱེད་ཅིང་གཏེར་ཡང་བླང་།། གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད།། སྐུ་བསྐྱེད་ལས ་སྦྱོར་སྔགས་སྦྱོར་གོང་གི་གནན་པའི་དུས་དང་སྦྱར།། དེ་ནས་བསྙེན་པ་ཉི་ཤུ་ཡང་དྲང་།། གཏེར་གྱི་ཤམ་བུ་གོང་དང་མཚུངས།། བ་ལིང་བདུད་རྩི་རིམ་པ་གནན་པའི་དུས་བཞིན་དབུལ།། ནོར་གྱི་དམ་རྫས་གཏེར ་རྣམས་ཕྱི་བསྒྲུབ་ཇི་བཞིན་སྦྱར།། དེ་ནས་བསྙེན་པ་དྲང་བས་རྟགས་ནི་སྔོན་དང་སྦྱར།། རྟོག་པའི་རྒྱལ་པོ་ལས། ནང་བསྒྲུབ་གཉིས་པ་གཏེར་གྱིས་ལས་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། །། དེ་ནས་བྱི་དོར ་ལས་བཤད་དེ།། དང་པོ་ནཱ་ག་གནས་པའི་ཆུ་དང་ས་བླངས་ལ།། སྦྱིན་པོའི་ས་དང་བསྲེས་ཏེ་གཟུགས་བརྙན་བཅའ།། དེ་ནས་སྦྲུལ་དང་སྦལ་པ་ཉ་དང་ལྕོང་།། ཆུ་རྟ་ཆུ་ལུག་ཆུ་གླང་རིགས་དང་སྦྱར།། བརྒྱ་རྩ་བརྒྱད ་ཀྱི་གཟུགས་བརྙན་ནི།། རེ་རེ་ལ་ཡང་སྦྱར་བར་བྱ།། དེ་ནས་སོག་མ་མེད་ཀྱི་གཟུགས།། ཚད་ལྡན་གཅིག་ཀྱང་བྱ་བར་ཤིས།། པདྨ་འདབ་ཆེན་ལ་སོགས་ཀླུ་ཆེན་བརྒྱད།། རོ་སྨད་སྦྲུལ་ལ་རོ་སྟོད་མི།། ཐལ་མོ་སྦྱར ་ནས་བཀའ་སྟོད་བརྒྱད་ཀྱང་བྱ།། དེ་རྣམས་དེ་བས་བསྣུན་ཏེ་ཟངས་ཀྱི་ནང་དུ་བླུགས། ཁ་དོག་བསྒྱུར་ཏེ་ས་ཡི་ནི།། གཏིང་དུ་དེ་རྣམས་སྦ་བར་བྱ།། དེ་ནས་ནང་ནུབ་མ་ཆད་པར།། བདག་ཉིད་གཉེན་པོ་གང་རུང་བྱ ་ཞིང་།། ཀླུ་རྣམས་ཕུ་ལས་བསྐྱེད་བྱ་ཞིང་།། སྒོ་བ་གཏེར་ཆེན་འདི་བསྒྲུབ་བྱ།། བསྙེན་པའི་ཤམ་བུར་སྔགས་བདག་ཏེ།། རྒྱུན་མི་ཆད་པར་བཟླས་པར་བྱ།། ཀླུ་རྣམས་སྙིང་པོའི་ཤམ་བུར་གྱི་སྙིང་པོ་བཏགས།། དེ་ནས ་བ་ལིང་བདུད་རྩི་རྣམས།། ནཱ་ག་ཀུན་ལ་སྔགས་བདག་འབུལ།། ནཱ་ག་ར་ཛ་གཏེར་བསྒྲུབ་བསྒོ།། དེ་ནས་རྨི་ཁམ་ལྟས་རྣམས་དེ་བཞིན་བསྒོ།། ངེས་པར་ནོར་དང་ལྡན་པར་འགྱུར།། དབུལ་པོ་ཡིན་ཡང་གཏེར་དང ་ལྡན་པའོ།། རྟོག་པའི་རྒྱལ་པོ་ལས། མཆོད་ལ་སྤྱི་བསྒྲུབ་གཏེར་གྱི་ལས་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། འགལ་བ་ཆམ་ལ་དབབ་པའི ་ཕྱིར།། ཀླུ་རྒྱལ་ལས་ཀྱི་སྦྱོར་བ་ཡིས།། སེར་བས་སྟོང་གསུམ་ཇི་ལྟར་གདུལ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ ་གཅིག་ཡིད་ཀྱིས་ཉོན།། སར་བ་ལ་ཡང་རྣམ་གསུམ་སྟེ།། ཕྱི་བསྒྲུབ་སྔགས་ཀྱིས་དབབ་པ་དང་།། ནང་བསྒྲུབ་སྔགས་ཀྱིས་དབབ་པ་དང་།། རིགས་དྲུག་སྔགས་ཀྱིས་དབབ་པའོ།། དེ་ལ་ཕྱི་བསྒྲུབ་རིམ ་པ་ནི།། བ་ཡི་རྣམ་ལྔ་ཁྱིམ་གྱི་ས་དང་ཆུ།། ཡུལ་གྱི་ས་སྦྱིན་དག་དང་བསྲེ།། སྦྲང་གིས་སྦྲུས་ཏེ་སྔགས་བདག་གཟུགས་ཀྱང་བྱ།། ཚད་ལྡན་སྦྲུལ་མགོ་བདུན་པ་བྱ།། དེ་ནས་གཡམ་ཁང་གྲུ་བཞི་བརྩིགས།། ལི་ཁྲིས ་བསྐུས་ཏེ་ཁང་དུ་གཞག། དེ་ནས་ཁང་དུ་གྲུ་བཞི་རུ།། གཏོར་མ་རྒྱས་པ་བཞི་ཡང་གཞག། དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་དང་།། སྔོ་སྣ་འབྲུ་སྣ་ཚོགས་པ་གཏོར་མར་བླུགས།། དེ་ནས་བསྙེན་པ་བྱེ་བ ་བསྐྱལ་བར་བྱ།། དེ་ནས་པྲ་ལྟར་བརྟགས་ལ་འབུམ་ཚོ་གཅིག་བཟླས།། གཏོར་མ་གཅིག་ཀྱང་རྟ་རུ་བསྐྱལ་བྱས་ལ།། ཤམ་བུ་དག་ལ་སྔགས་གཟུགས་བྲིས་ནས།། སྦྲུལ་གསེབ་སྔགས་ཀྱིས་དགང་བྱ་ཞིང་།། ཡུལ ་ཕྱོགས་དེ་ཡི་མིང་དང་ནི།། ལྷ་རྟེན་ལ་སོགས་མིང་ཡང་བྲི།། དེ་ནས་གཟུགས་ཏེ་གཏོར་མར་བཅུག་ནས་ཀྱང་།། ཡུལ་ཕྱོགས་འདི་རུ་སེར་བ་ཕོབ་ཅིག་སོགས།། ཤོག་བུ་དག་ལ་ལེགས་བྲིས་གཏོར་མ་གཞུག། དེ་ནས ་དེ་ཞིང་གི་སྔོ་དཀྱིལ་དག་ཏུ་གཞུག། དེ་ནས་བཟླས་པ་འབུམ་ཚོ་གཅིག་བསྐུལ་ལ་གཏོར་མ་ཅིག། སྔགས་བདག་གཟུགས་སོགས་སྔ་མ་བཞིན་དུ་གསལ་ནས་ཀྱང་།། ཡུལ་ཕྱོགས་དེ་ཡི་ལྷ་རྟེན་ས་བདག་གམ།། ཆུ ་མིག་ནེའུ་གསིང་གཉེན་པོར་ཕོ་བྲང་གདབ།། དེ་ནས་འབུམ་ཚོ་གཅིག་བཟླས་སྔགས་བདག་གཟུགས། ཁྱེར་ཏེ་དགྲ་ཕྱོགས་རི་མཐོན་པོའམ།། བྱང་དུ་ཁ་བལྟས་ཆུ་མིག་གཉེན་པོར་ཁྱེར་ནས་ཀྱང་།། གཟུགས་དེ་གན ་རྒྱརྐྱརྒྱལ་བསྒྱེལ་ནས་ཀྱང་།། ཡུག་ས་མོའམ་རབས་ཆད་མོའམ།། ཡང་ན་མཛེ་མོའི་ཞབས་མ་ཡིས།། སྔགས་གཟུགས་བརྡ་ཞིང་སེར་བར་བྱ།། དེ་ནས་སེང་ལྡེང་ཕུར་བུ་དྲིལ་ཞིང་གསང་སྔགས་བཟླས།། གཏོར་མ་གཅིག ་དང་ཉུངས་ཀར་སྐེ་ཚེ་འོ་མ།། ཉ་དང་སྦལ་ལྕོང་སྦྲུལ་གྱི་ཁྲག། ཉ་ལྕིབས་དང་བསྲེས་སྔགས་བཟླས་ལ་ཟོར་དུ་འཕང་།། དེ་ནས་དྲག་པོའི་ཕུར་པས་སྔགས་བདག་གཟིར།། དེས་ནི་ངེས་པར་ཕེབས་ནས་ཀྱང་།། སོག ་མ་ཡན་ཆད་མེད་པར་བྱེད།། ཡང་ན་ཀླུ་བསྒྲུབ་དཀྱིལ་འཁོར་ལེགས་བཅས་ལ།། བསྙེན་པ་བསྐྱལ་ནས་ཡ་སྟགས་ཀུན་ཀྱང་དགྲ་ཡུལ་གཉེན་སར་བསྐྱལ།། དེ་ནས་བདུད་རྩིའི་མཆོད་པ་འབུལ།། གཏོར་མ་འབུལ།། ་བསྒོ་བ་ཀླུ་ཚོགས་སེར་བ་ཕོབ་བྱ།། དེ་ནས་གཟུགས་བརྙན་ཀུན་ཕྱིང་དཀར་སྟེང་གཞག་ལ།། སེང་ལྡེང་ཕུར་བས་ཚོགས་ཅིང་སེར་སྔགས་བཟླས།། རིང་པོ་མི་ཐོགས་དགྲ་ཕྱོགས་ཕུང་ནས་ཀྱང་།། སོག་མ་ཡན་ཆོད ་དེས་ཀྱང་མེད་པར་བྱེད།། དེ་ལྟར་བྱས་པས་མ་ཕེབས་ན།། གོང་གི་གཏོར་མ་གཅིག་ལ་འབུམ་ཚོ་དག་བཟླས་ལ།། གྲ་མའི་ཧོ་ཤིང་ཁྲུ་གང་ལ།། གསང་སྔགས་མང་བཟླས་དགྲ་ཕྱོགས་གནས་སར་ཁྱེར།། གཏོར་མ ་གཏང་ལ་སྔགས་བདག་སེར་བ་ཕོབ་བྱ།། དེ་ནས་ཧོམ་ཡང་བསྲེགས་ལ་ངེས་པར་རླུང་ལ་བསྐུར།། དེ་ནས་རྟ་གདོན་ཀླུ་བསྒྲུབ་བྱ་མདོས་གཏང་།། ཀླུ་མཆོད་རྫོགས་པར་བྱས་ལ།། སྔགས་བདག ་གཟུགས་ཀྱང་སྤོས་ཆུས་བཀྲུ།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། འཛམ་བུ་གླིང་ནས་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། དྲག་པོའི་སེར་བས་སོག་མ་ཡན་ཆད་མེད་པར་བྱེད་པའི་ལེའུ་སྟེ་དོན་ལྔ་པའོ།། །། དེ ་ནས་ནང་བསྒྲུབ་སེར་བ་བཤད།། དེ་ལ་རྣམ་གཉིས་དང་པོ་བཤད་པར་བྱ།། རིགས་བཞིའི་ཀླུའི་སྦྲུལ་ཆེན་བཞི་བྱས་ལ།། རིགས་ཀྱི་ཁྱིམ་དང་། ཁྱིམ་བཞི་རིགས་ཀྱི་ཆུ་བཞི་དང་།། བ་གཟན་སྦྲང་རྩི་འོ་མ་བསྲེས་པ ་ལ།། རིགས་བཞིའི་གཟུགས་ཆེན་བཞི་བྱས་ལ།། བའི་རྣམ་ལྔས་བྱུག་མཎྜལ་གྲུམ་བཞིའི་ཁར།། ཟངས་གཞོང་ནང་དུ་རིགས་བཞིའི་ཀླུ་བཅུག་ལ།། འཁོར་ལོ་རྩིབས་བཞི་དག་ལ་དབུས་སུ་ཡུལ་མིའི་མིང་བྲི།། རྩིབས ་བཞི་དག་ལ་རིགས་བཞི་སྟན་སྦྲུལ་བཞི་བྲི།། རྩིབས་ཀྱི་ཕྱི་རོལ་མུ་ཁྱུད་དག་ལ་ནི།། བ་སོའི་སྔགས་དང་རིགས་བཞི་སོ་སོའི་སྔགས།། ཤམ་བུ་ནཱ་ག་ཙ་པྲ་ཏ་པ་ཏ་ཡ། བཏགས་ལ་བསྒྲུབ་པའི་ཤམ་བུ་བྲི།། དེ་ནི ་གཏོར་མ་རྒྱས་པའི་ཁར་གཞག་གོ། དེ་ནས་བཟླས་པ་མང་དུ་བསྐྱོལ་བ་དང་།། དགྲའི་ཡུལ་གྱི་ཀླུ་ཡོད་ས་རུ།། འཁོར་ལོ་དེ་དང་གཏོར་མ་གཞུག་པར་བྱ་བར་གདོན་མི་ཟ།། དེ་ནས་ནང་པར་གཏོར་མ་བག་ཟན ་ཁྱེར།། དགྲ་བོ་ཡུལ་གྱི་རྩེར་ཕྱིན་སེར་བ་དབབ།། བདག་ཉིད་བྱ་ཁྱུང་སྐུར་བསྒོམས་ལ།། བྱ་ཁྱུང་ཕྱག་རྒྱ་བཅས་ཤིང་གཟུགས་ལ་སྔགས་ཀྱིས་བྲབ།། ནཱ་ག་སེར་བ་ཕོབ་ལ་སོགས་པ་བྱའོ།། དེས་ཀྱང་ངེས་པར་ཕེབས ་པར་འགྱུར།། གལ་ཏེ་མ་ཕེབས་ན་ཆུ་མིག། གྲ་མའི་ཧོ་ལ་རིགས་བཞིའི་གཟུགས་བརྙན་བསྲེག་ཅིང་འདུག། དེས་ནི་འཛམ་གླིང་ཕུང་བར་འགྱུར།། རྟོག་པའི་རྒྱལ་པོ་ལས། རིགས་བཞིའི་ཀླུའི་སེར་བ་དབབ་པའི ་ལེའུ་སྟེ་དོན་དྲུག་པའོ།། །། སྲིད་གསུམ་མ་ལུས་ཕུང་བར་བྱེད།། བ་སུ་རིགས་དྲུག་སེར་བ་འབབ།། དེ་ལ་དང་པོ་བསྙེན་པ་ནི།། མཎྜལ་ལྟེ་བར་ཕྱག་ན་རྡོ་རྗེ་བསྐྱེད།། པདྨ་དྲུག་ལ་བ་སུ་ཏ།། རིགས་དྲུག་དག་ནི ་དགོད་པར་བྱ།། གྲ་བཞིར་ལྷ་མོ་བཞི་ཡང་དགོད།། ལྕགས་རི་ཁ་ཊྭཱཾ་ཀ་ཡིས་བསྐོར།། དེ་ལ་བ་སུ་རིགས་དྲུག་ནི།། ཤར་དུ་རྒྱལ་རིགས་དཀར་ཁྲ་སྟེ།། ལྷོ་རུ་རྗེ་རིགས་སེར་ཁྲ་སྟེ།། ནུབ་ཏུ་དམངས་རིགས་དམར་ཁྲ ་སྟེ།། བྱང་དུ་གདོལ་ཅན་སྔོ་ཁྲའོ།། གཉིས་ནི་རིགས་མ་ཨི་ཞེས་བྱ།། ཉི་མ་མེ་ཤེལ་ཟླ་བ་ཆུ་ཤེལ་གཉིས།། གྲུ་ཆད་གྲུ་བཞི་སྡོང་མོ་བཞི་རུ་བསམ།། དེ་ནས་བསྙེན་པ་དྲངས་པར་བྱ།། ཨོཾ་ན་བ་ག་བ་ཏི་རིག་ཁྲུ་མི་ར་ཡ ་ཧཱུཾ་ཕཊ། བདུན་འབུམ་དག་ཏུ་དྲང་བར་བྱ།། དེ་ནས་ཤོག་བུ་དག་ལ་ནི།། འཁོར་ལོ་པདྨ་འདབ་དྲུག་ལ།། གོང་གི་མཎྜལ་ཇི་བཞིན་བྲི།། དབུས་སུ་པྲ་ལྟར་པ་ཏོ་ཡ།། དེ་ཡི་ཕྱི་རོལ་མུ་ཁྱུད་ལ།། གོང་གི ་བསྙེན་པའི་སྔགས་ཀྱིས་བསྐོར།། པདྨ་དྲུག་པའི་རིགས་ཁྲུང་མེ་རི་ཡ་ཧཱུཾ། ཡུལ་ཆེ་གེ་མོར་ཕོབ་བྱ་བའི།། སྔགས་ཀྱང་ཡང་དག་བྲི་བར་བྱ།། མཆོད་རྟེན་ནག་པོའི་ཟུར་གསུམ་དག་ཏུ་གཞུག། གོང་གི ་བསྙེན་བསྒྲུབ་འདི་ནི་རྟ་བསྒྲུབ་བོ།། དེ་ནས་རྟ་ཡང་གཞུག་པར་བྱ།། གསེར་སྐྱེམས་གཏང་ལ་མ་ཉེས་དབང་ཡང་གཟུགས།། གོང་གིས་ས་ཚོན་དེ་རྣམས་ལེགས་གསུམ་ལ།། གྲུ་གསུམ་དག་ཏུ་ལེགས་བསྐོར་ལ།། ས ་ཚོན་དེ་རུ་མཎྜལ་དཀྱིལ་འཁོར་དག་ཏུ་བསྐོར།། མཆོད་རྟེན་སྤྱི་ཚུགས་ཁ་ཞབས་བཟློག་ལ་གཞག། ཟངས་ཕྱེ་ཚ་ཕྱེ་རྡེག་ཅིང་བྲབ།། བ་ག་པ་ཏི་བཟླས་ཤིང་དེ་རུ་བླུགས།། རྡོ་ལེབ་ཤིང་ལེབ་དག་གིས་ཁ་བཅད་དམ ་པ་བསྡིག། དེ་ནས་རང་རང་ནམ་འབེབས་ཚེ།། རྫས་ལྷག་ཅིག་དང་ལམ་པོ་སྣ།། ཟངས་དུང་དུ་བླུགས་བུས་ཤིང་སྔགས་བཟླས་ན།། ངེས་པར་ཕེབས་ནས་ཡུལ་འཁོར་ཤྭ་ཡིས་ཁྱེར།། གྲུབ་པའི་རྟགས་སུ་ཆུ་བོ་ཆེན ་པོའམ།། རླུང་ཆུབ་ཆེན་པོས་ལུག་ཁྱུད་འདོད་པའོ།། ནམ་བྱུང་ཚེ་ན་དབབ་པར་བྱའོ།། དབབ་སྔགས་ལ། ཨོཾ་ན་མོ་བྷ་ག་བ་ཏི། རུ་ཏ་ཡ་ཡ་སརྦ་ནཱ་ག་ཨ་ཏི་པ་ཏ་ཡེ་པྲ་ཏ་རྠཾ་པྲ་པར་ཤ་ཡ། སརྦ་ན་གན་མ་ཧེ་ཤས། ལོ ་ཏོ་ཀྱ། ཨ་ཏི་པ་ཏ་ཡེ། ཨད་ཏ་པ་ཡ་སྭཱ་ཧཱ། ངེས་པར་ཕེབས་པར་གདོན་མི་ཟ།། རྟོག་པའི་རྒྱལ་པོ་ལས། ཀླུ་རིགས་དྲུག་སེར་བ་དབབ་པའི་ལེའུ་སྟེ་དོན་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། བརྒྱ ་དང་བཅུ་དགུའི་གྲངས་སྔགས་འདི།། བགེགས་ལ་བགྱིད་ན་ཇི་ལྟར་ལགས།། དགྲ་ལ་བགྱིད་ན་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས ་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཤོག་བུ་གྲོག་རས་དག་ལ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། མུ་ཁྱུད་གཉིས་ཀྱིས་བསྐོར་བར་བྱ།། མུ་ཁྱུད་ཕྱི་རོལ་དག་ཏུ་ནི།། སྦྲུལ་ནག་གཉིས་ཀྱིས ་ལེགས་པར་བསྐོར།། སྐེ་འཁྲིལ་མཇུག་མ་གཉིས་ཀྱང་འཁྲིལ།། འཁོར་ལོ་ལྟེ་བར་བགེགས་ཀྱི་མིང་བྱང་བྲི།། མུ་ཁྱུད་གཉིས་པ་ལ་ནི་བརྒྱ་དང་བཅུ་དགུ་པའོ།། འཁོར་ལོ་རྩིབས་ལ་སྤུ་ཏའི་སྔགས།། མཐའ་རྟེན་བཞི ་དང་ལྡན་པར་བྲི།། ཤར་དུ་སྔགས་བདག་ནུབ་ཏུ་ཕྱག་ན་རྡོ་རྗེའི་སྐུ།། བདག་གཞན་བསྐྱེད་ཅིང་བཀའ་སྒོ་བྱ།། བགེགས་རྣམས་བཀུག་ལ་མིང་རུས་དག་ལ་བསྟིམ།། དེ་ཡང་མཎྜལ་ཁར་གཞག་ལ།། ཉུངས་ཀར་ལ ་སོགས་བྲབ་ཅིང་སྔགས་རྣམས་བཟླས།། བསྙེན་སྔགས་དག་ལ་བརྒྱ་དང་བཅུ་དགུ་གདགས།། མཐའ་རྟེན་བཞི་ལ་གང་འདོད་ཤམ་བུ་གདགས།། ཏིང་འཛིན་ལྡན་པས་རྟག་ཏུ་བཟླས།། དེ་ནས་འཁོར་ལོ་གནན ་པར་བྱ། ཁྱིམ་བྱ་ནག་མོའི་སྒོ་ང་རུ།། འཁོར་ལོ་བཅུག་ལ་ཙིཏྟའི་འོག། གནན་པས་བགེགས་རྣམས་ངེས་པར་འཆི།། ལྷ་ཆེན་དག་ཀྱང་འཆི་འགྱུར་ན།། འབྱུང་པོ་བགེགས་ལ་སྨོས་ཅི་དགོས།། རྟོག་པའི་རྒྱལ་པོ་ལས།། ་འབྱུང་པོ་ཐམས་ཅད་རྡུལ་དུ་རློག་པར་བྱེད་པའི་ལེའུ་སྟེ་དོན་བརྒྱད་པའོ།། །། དེ་ནས་དགྲ་བོ་བརླག་འདོད་ན།། འཁོར་ལོ་དེ་དག་ཉིད་ལ་ནི།། སྦྲུལ་བཞི་མུ་ཁྱུད་བསྐོར་བ་རིགས་བཞིའི་ཀླུ།། དབུས ་ཀྱི་ལྟེ་བར་དགྲ་བོའི་མིང་བྱང་བྲི།། རྩིབས་བཞི་དག་ལ་མཐའ་རྟེན་བཞི་པའོ།། མུ་ཁྱུད་དག་ལ་བརྒྱ་དང་བཅུ་དགུ་བྲི།། མིང་སྔགས་བྲིས་ལ་བཟླས་པར་བྱ།། དེ་ནས་བདག་གཞན་བསྐྱེད་ཅིང་དགུ་གཞུག་བྱ།། དེ ་ནས་སྦྲུལ་ཆེན་བཞིས་ཀྱང་ཁ་རླངས་བརྡེག་པར་བྱ།། དེ་ནས་སྔགས་ཀྱང་ནུས་ཚད་བཟླས།། དོན་གྱི་རྣལ་འབྱོར་སྤོ་བར་བྱ།། དེ་ཉིད་ངེས་པའི་སྔགས་ཡིན་པས།། ཉི་ཤུ་རྩ་གཅིག་གིས་དགྲ་རྣམས་འཆི།། ཉུངས་ཀར ་སྐེ་ཚེའི་ཐུན་གྱིས་བྲབ།། དེ་ནས་མཐའ་མ་གནན་པ་ནི།། གོང་གི་རིགས་བཞིའི་ཀླུ་ལ་གཏད།། གཏད་པའི་ལས་ནི་ནང་བསྒྲུབ་དག་དང་མཚུངས།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། འཇིག་རྟེན་གསུམ་ན་རྙེད་པར ་དཀའ།། རྟོག་པའི་རྒྱལ་པོ་ལས། ཟབ་མོའི་ལས་ཀྱིས་དགྲ་གསད་པའི་ལེའུ་སྟེ་དོན་དགུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེ་གསོལ་བ།། ཀྱེ་ཀྱེ་བཅོམ་ལྡན་དགེས་ཆེན་པོ།། ནང་བསྒྲུབ་ལས་ཀྱི་སྦྱོར་བ་ཡིས།། གསད ་པའི་སྦྱོར་བ་བཤད་པས་ལེགས།། དེ་རྣམས་དུག་གིས་ཟིན་པ་ལ།། གསོ་བའི་ལས་ནི་ཇི་ལྟར་བགྱི།། དུག་གི་མ་ནི་ཇི་ལྟར་ལགས།། ཕྱི་བསྒྲུབ་ཀླུ་སྒྲུབ་མ་ལགས་པར།། ནང་བསྒྲུབ་གསོ་བའི་རིམ་པ་ཞིག། བདག ་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། སྤྱིར་ན་ནང་བསྒྲུབ་རིམ་པ་ཡིས།། དྲག་པོའི་གཏད་པའི་ལས་རྣམས ་གཅེས།། གལ་ཏེ་གསོ་བར་འདོད་པ་ན།། དང་པོ་མཎྜལ་གྲུ་བཞི་བྱ།། དབུས་ཀྱི་ལྟེ་བར་མུ་ཁྱུད་དགོད།། པདྨ་བརྒྱད་ལ་རིགས་བཞིའི་ཀླུ་ཆེན་བརྒྱད།། གྲུ་ཆད་བརྒྱད་ལ་གཉེན་ཆེན་འབར་བ་བརྒྱད།། ལྷ་རྣམས་དག ་ལ་རིགས་སུ་ཕྱེ་བྱས་པའི།། ཉ་དང་སྦལ་པ་ལྕོང་མོ་ཆུ་གླང་ཀླུ།། སྒོ་ལ་སྦྲུལ་མགོ་བྱས་པ་ཡི།། ནང་གི་བར་ཁྱམས་ལ།། ས་བདག་ས་སྲིན་ཚོགས་རྣམས་མཁས་པས་དགོད།། པདྨ་རིགས་བཞིའི་ཀླུ་ཆེན་བརྒྱད་པོ ་ནི།། ནོར་རྒྱས་བུ་དང་དུང་སྐྱོང་གཉིས་ནི།། རྒྱལ་རིགས་ཡིན་ཏེ་ས་ལ་དབང་།། སེར་པོ་གཉིས་ནི་ཤར་དང་ལྷོའི་པདྨ་ལའོ།། དགའ་བོ་རིགས་ལྡན་གཉིས་ནི།། བྲམ་ཟེ་རིགས་ཏེ་ཆུ་ལ་དབང་།། དཀར་པོ་རོ་ཉེ་གཉིས ་ནི་ལྷོ་དང་ལྷོའི་པདྨ་ལའོ།། པདྨ་འཇོག་པོ་གཉིས་ནི།། རྗེའུའི་རིགས་ཡིན་མེ་ལ་དབང་།། དམར་པོ་རོ་ཉེ་གཉིས་ནི་ནུབ་དང་ནུབ་བྱང་པདྨ་ལའོ།། ཀར་ཀོ་ཏ་དང་སྟོབས་ཀྱི་རྒྱུ་ནི།། དམངས་རིགས་ཡིན་ཏེ་རླུང་ལ ་དབང་།། བྱང་དང་བྱང་ཤར་པདྨ་ལའོ།། དེ་བཞིན་ཤར་དང་ཤར་གྱི་སྒོ་ལ་གནས་པ་ཡང་།། རིགས་བཞི་དག་ཏུ་ཀུན་ཤེས་བྱའོ།། གཟུགས་བརྙན་ཁ་དོག་རྣམས་ཀྱང་དེ་ལྟར་བསྒྱུར།། གཉེན་དང་ས་བདག་ཁྲ་བོའོ།། ་རྒྱུ་ནི་བག་ཟན་ཡིན་ཏེ་འོག་ཏུ་ཕུལ་དོའོ།། དེ་ནས་བདུད་རྩིའི་བུམ་པ་དག་ཀྱང་གཞག། དེ་ནི་བཅའ་གཞིའི་རིམ་པའོ།། དེ་ནས་བདག་ཉིད་བྱ་ཁྱུང་དུ་བསྒོམས།། ཕྲ་ལས་ནཱ་ག་རྣམས་ཀྱང་བསྐྱེད།། ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ་པར་བྱ།། ཀླུ་རྣམས་ལ་ཡང་བསྒོ་བ་ནི།། ང་ཡི་ལས་འདི་གྱིས་ཤིག་བྱ།། དེ་ནས་མཆོད་པ་བརྩམ་བྱ་སྟེ།། བྱ་ཁྱུང་ལ་ནི་ཆང་གཏོར་ཉ་ཤ་རྣམས།། གསང་བསྒྲུབ་གཉིས་པ་ཇི ་བཞིན་བྱ།། རྣམ་ལྔ་དུག་དང་གཏོར་མ་དང་།། བྱ་ཁྱུང་ཕྱག་རྒྱ་བཅས་ལ་ཁྱུང་ལ་དབུལ།། དེ་ནས་ཀླུའི་གཏོར་མ་དབུལ་བྱ་སྟེ།། ཧཱུཾ། ཀླུ་ཆེན་བརྒྱད་པོ་སྤྱན་འདྲེན་ན།། ནོར་རྒྱས་ཀླུ་ཆེན་སྤྱན་འདྲེན་ན།། དུང་སྐྱོང་ཀླུ། ་ཆེན་སྤྱན་འདྲེན་ན།། དགའ་བོ་ཀླུ་ཆེན་སྤྱན་འདྲེན་ན།། རིགས་ལྡན་ཀླུ་ཆེན་སྤྱན་འདྲེན་ན།། པདྨ་ཀླུ་ཆེན་སྤྱན་འདྲེན་ན།། འཇོག་པོ་ཀླུ་ཆེན་སྤྱན་འདྲེན་ན།། འཁྱེད་པོ་ཀླུ་ཆེན་སྤྱན་འདྲེན་ན།། དཀར་གསུམ་དག་གི ་བདུད་རྩི་འབུལ།། མངར་གསུམ་དག་གི་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་འགྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས་ཀྱང་།། ཀླུ་ཆེན་བརྒྱད་པོ་མདངས་དང་ལྡན་གྱུར་ཅིག། ཀླུ་སྨན་རྣམ་པ་སྣ་ཚོགས་ནི།། གོང ་གི་ཀླུ་བསྒྲུབ་ཇི་བཞིན་སྦྱར།། གཉན་གྱི་ཀླུ་ཚོགས་སྤྱན་འདྲེན་ན།། རྒྱལ་རིགས་ཀླུ་ཚོགས་སྤྱན་འདྲེན་ན།། བྲམ་ཟེའི་ཀླུ་ཚོགས་སྤྱན་འདྲེན་ན།། རྗེ་རིགས་ཀླུ་ཚོགས་སྤྱན་འདྲེན་ན།། དམངས་རིགས་ཀླུ་ཚོགས་སྤྱན ་འདྲེན་ན།། ས་བདག་ས་སྲིན་སྤྱན་འདྲེན་ན།། བྱ་ཁྲུང་ཕྱག་རྒྱ་བཅས་ལ་ཤག་ཏེ་ཡིས།། བདུད་རྩི་དག་ཀྱང་ཀླུ་ལ་འབུལ།། དེའི་སྔགས་ནི། ཡུ་ནཱ་ག་རཱ་ཛ་བྷ་ཧཱུཾ་ཏ་ཨ་མྲྀ་ཏ་བྷ་ཧཱུཾ་ཏ་སི་ཏ་སྭཱ་ཧཱ། དེས་ནི་བདུད་རྩིའི་ཆར ་པ་འབབ་པར་བསམ།། དེ་ནས་བཟླས་པ་བརྩམ་བྱ་སྟེ།། ཀླུ་ཆེན་བརྒྱད་དང་ཕྱོགས་བཞིའི་ཀླུ།། རིགས་བཞི་ཡིན་ཏེ་རང་རང་སྙིང་པོ་བཟླས།། གཉེན་རྣམས་གཉེན་གྱི་དྲག་སྔགས་བཟླས།། ས་བདག་ས་སྲིན་ཉིད་ཀྱི ་དྲག་སྔགས་བཟླས།། དེ་རྣམས་བཟླས་པའི་སྔགས་རྣམས་ནི།། ནང་བསྒྲུབ་སྔགས་ཀྱི་ལེའུ་ནས་ཤེས།། ཤམ་བུ་ན་གཤན་ཏིང་ཀུ་རུ་གདགས་པར་བྱ།། དེ་ནས་གདུག་རྩུབ་དུག་རྣམས་ནི།། རིགས་བཞི་ཁམས་བཞི ་རྩིབས་ལ་གདན།། དེ་རྣམས་དུག་གི་ངོས་གཟུང་ལ།། རྒྱལ་རིགས་ས་ལ་དབང་སྟེ་ལྕི་ཞིང་འཐིབས་པའི་དུག། བྲམ་ཟེ་ཆུ་ལ་དབང་སྟེ་གྲང་ཞིང་བསིལ་བ་འདར་བ་ཆུ་ཡི་དུག། རྗེའུ་རིགས་མེ་ལ་དབང་སྟེ་དྲོ་ཞིང་ཚ་བ ་མེ་ཡི་དུག། དམངས་རིགས་རླུང་ལ་དབང་སྟེ་ཡང་ཞིང་གཡོ་བ་རླུང་གི་དུག། གཉེན་དང་ས་བདག་ཁམ་བཞིའི་ཁྲོག་དུའོ།། དེ་རྣམས་དུག་ནི་ངོས་ཟིན་ན། ཁམས་བཞིའི་གཤེད་བརྩིས་དུག་ཀྱང་འདོན།། ས་ཡི་དུག ་གིས་ཟིན་གྱུར་ན།། རྟའི་རིགས་སྔགས་བཟླས་མཐའ་རུ་རྒྱལ་རིགས་གཞུག་རྗེའི་རིགས་འཆི་བདག་རྒྱལ་རིགས་དག་ལ་བསྐུལ། རྨ་བྱ་ཐོགས་ལ་འདི་སྐད་བརྗོད།། ཧཱུཾ། རྗེ་རིགས་ཆེན་པོ་ཚུར་ཉོན་ཅིག། ང་ནི་བྱ་ཁྱུང ་རྒྱལ་པོ་སྟེ།། རྒྱུ་སྦྱོར་ཡོན་བདག་རིགས་འདི་ལ།། ས་ཡི་དུག་གིས་ཟིན་ནས་འདུག། ས་ཡི་གཉེན་པོ་མེ་ཡིན་ཏེ།། མེ་ཡི་དུག་གིས་རྒྱལ་རིགས་བསྲེགས།། ཡིད་ཀྱི་དུག་རྣམས་མེད་པར་གྱིས།། ལྕི་ཞིང ་འཇིབས་པ་ཡིད་ཀྱི་དུག། དྲོ་ཞིང་ཚ་བས་ས་འདི་བསྲེགས།། རྗེ་རིགས་ཆེན་པོ་ཚུར་ཉོན་ཅིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་དུག་འདི་ཁྱོད་ཀྱིས་ཐོན།། སྦྲུལ་གྱི་དཀར་ཁྲ་འདི་ལས་ཐོན།། སྦལ་པ་དཀར་པོ ་འདི་ལས་ཐོན།། ཉ་མོ་དཀར་མོ་འདི་ལས་ཟོན།། ཆུ་རྟ་དཀར་པོ་འདི་ལས་ཐོན།། ཆུ་གླང་དཀར་པོ་འདི་ལས་ཟོན།། ཆུ་ལུག་དཀར་པོ་འདི་ལས་ཐོན།། གཉེན་ཆེན་དཀར་ཁྲ་འདི་ལས་ཐོན།། ས་བདག་དཀར་ཁྲ་འདི ་ལས་ཐོན།། སྤུ་སྡུག་དེ་ནི་རྨ་བྱ་དང་།། རྗེ་རིགས་ཆེན་པ་འཆི་བདག་གིས།། སེར་པོའི་དུག་རྣམས་ཕྱིར་ཕྱུང་ཞིག། རྗེ་རིགས་ཀླུ་ཆེན་ད་ཚུར་ཉོན།། དེ་རིང་མི་འདི་མི་གཏོང་ཞིང་།། དེ་རིང་དུག་འདི་མི་འདོན་ན། ཁྱོད ་ཀྱི་ཤི་ས་བསྟན་པ་ནི།། བྱ་ཁྱུང་རྒྱལ་པོའི་བཀའ་བཅག་ནས།། ལུས་ཀྱང་རུལ་ཞིང་མེ་འབར་འགྱུར།། མགོ་བོ་འགས་ཤིང་སྙིང་ཡང་འབྱུང་།། འོ་ན་དེ་ལ་མ་ཐུག་གིས།། ལས་འདི་དེ་རིང་གྲུབ་པར་གྱིས།། ཆུ་ཡི་དུག ་གིས་ཟིན་པ་ལ།། དམངས་རིགས་སྔགས་མཐའ་རུ་བྲམ་ཟེ་གཞུག། དམངས་རིགས་འཆི་བདག་བྲམ་ཟེ་དག་ལ་བསྐུལ།། རྨ་བྱ་ཐོགས་ལ་འདི་སྐད་བསལ།། ཧཱུཾ། དམངས་རིགས་ཆེན་པོ་ཚུར་ཉོན་ཅིག། ང་ནི་བྱ་ཁྱུང ་རྒྱལ་པོ་སྟེ།། རྒྱུ་སྦྱོར་ཡོན་བདག་རིགས་འདི་ལ།། ཆུ་ཡི་དུག་གིས་ཟིན་ནས་འདུག། ཆུ་ཡི་གཉེན་པོ་རླུང་ཡིན་ཏེ།། རླུང་གི་དུག་གིས་ཆུ་འདི་གཏོར།། སྦྱོར་བའི་དུག་རྣམས་མེད་པར་གྱིས།། གྲང་ཞིང་འདར་བ་ཆུ་ཡི ་དུག། ཡང་ཞིང་གཡོ་བ་རླུང་གིས་གཏོར།། དམངས་རིགས་ཆེན་པོ་ཚུར་ཉོན་ཅིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་དུག་འདི་ཁྱོད་ཀྱིས་ཐོན།། སྦྲུལ་གྱི་སེར་ཁྲ་འདི་ལས་ཐོན།། སྦལ་པ་སེར་པོ་འདི་ལས་ཐོན ་དང་།། ཉ་མོ་སེར་མོ་འདི་ལས་ཐོན་དང་།། ལྕོང་ཀེ་སེར་པོ་འདི་ལས་ཐོན་དང་།། ཆུ་རྟ་ཆུ་ལུག་ཆུ་གླང་སེར་པོ་འདི་ལས་ཐོན་དང་།། གཉན་ཆེན་སེར་ཁྲ་འདི་ལས་ཐོན་དང་།། ས་བདག་སེར་ཁྲ་འདི་ལས་ཐོན ་དང་།། སྤུ་སྡུག་དེ་ནི་རྨ་བྱ་དང་། དམངས་རིགས་ཆེན་པོ་འཆི་བདག་གིས།། སེར་པོའི་དུག་རྣམས་ཕྱིར་ཕྱུང་ཞིག། དམངས་རིགས་ཀླུ་རྣམས་ཚུར་ཉོན་ཅིག། དེ་རིང་མི་འདི་མི་གཏོང་ཞིང་།། དེ་རིང་དུག་འདི་མི་འདོན ་ན། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། བྱ་ཁྱུང་རྒྱལ་པོའི་བཀའ་བཅག་ནས།། ལུས་ཀྱང་རུལ་ཞིང་མེ་འབར་འགྱུར།། མགོ་ཡང་འགས་ཤིང་སྙིང་ཡང་འགས།། འོ་ན་དེ་ལ་མ་ཟུག་གིས།། ལས་འདི་དེ་རིང་གྲུབ་པར ་གྱིས།། མེ་ཡི་དུག་གིས་ཟིན་པ་ལ།། བྲམ་ཟེ་འཆི་བདག་རྗེའུའི་རིགས་དག་བསྐུལ།། རྨ་བྱ་ཐོགས་ལ་འདི་སྐད་བརྗོད།། ཧཱུཾ། བྲམ་ཟེ་ཆེན་པོ་ཚུར་ཉོན་ཅིག། ང་ནི་བྱ་ཁྱུང་རྒྱལ་པོ་སྟེ།། རྒྱུ་སྦྱོར་ཡོན་བདག་རིགས ་འདི་ལ།། མེ་ཡི་དུག་གིས་ཟིན་པ་ལ།། མེ་ཡི་གཉེན་པོ་ཆུ་ཡིན་ཏེ།། ཆུ་ཡི་དུག་གིས་རྗེ་རིགས་གཤེར། ཁ་རླངས་དུག་རྣམས་མེད་པར་གྱིས།། ཚ་ཞིང་དྲོ་བ་མེ་ཡི་དུག། གྲང་ཞིང་གཤེར་བས་འདི་སོད ་ལ།། བྲམ་ཟེ་ཆེན་པོ་ཚུར་ཉོན་ཅིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་དུག་འདི་ཁྱོད་ཀྱིས་ཐོན།། སྦྲུལ་གྱི་དམར་པོ་འདི་ལས་ཐོན།། སྦལ་པ་དམར་པོ་འདི་ལས་ཐོན།། ཉ་མོ་དམར་མོ།། ལྕོང་གེ་དམར་པོ། ཆུ ་རྟ་དམར་པོ། ཆུ་གླང་དམར་པོ། ཆུ་ལུག་དམར་པོ། གཉན་ཆེན་དམར་ཁྲ།། ས་བདག་དམར་ཁྲ་འདི་ལས་ཐོན་དང་།། སྤུ་སྡུག་དེ་ནི་རྨ་བྱ་བ།། བྲམ་ཟེ་ཆེན་པོ་འཆི་བདག་གིས།། དམར་པོའི་དུག་རྣམས་ཕྱིར་ཕྱུང ་ཞིག། བྲམ་ཟེའི་ཀླུ་ཆེན་ཚུར་ཉོན་ཅིག། དེ་རིང་མི་འདི་མིང་གཏོང་ཞིང་།། དེ་རིང་དུག་འདི་མི་འདོན་ན། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། བྱ་ཁྱུང་རྒྱལ་པོའི་བཀའ་བཅག་ནས།། ལུས་ཀྱང་རུལ་ཞིང་མེ་འབར ་འགྱུར།། མགོ་ཡང་འགས་ཤིང་སྙིང་ཡང་འགས།། འོ་ན་དེ་ལ་མ་ཟུག་གིས།། ལས་འདི་དེ་རིང་གྲུབ་པར་གྱིས།། རླུང་གི་དུག་གིས་ཟིན་གྱུར་ན།། རྒྱལ་རིགས་སྔགས་བཟླས་མཐའ་ནི་དམངས་རིགས་གཞུག། རྒྱལ ་རིགས་འཆི་བདག་དམངས་རིགས་དག་ལ་བསྐུལ།། རྨ་བྱ་ཐོགས་ལ་འདི་སྐད་བརྗོད།། ཧཱུཾ། རྒྱལ་རིགས་ཆེན་པོ་ཚུར་ཉོན་ཅིག། ང་ནི་བྱ་ཁྱུང་རྒྱལ་པོ་སྟེ།། རྒྱུ་སྦྱོར་ཡོན་བདག་རིགས་འདི་ལ།། རླུང་གི་དུག་གིས་ཟིན ་ནས་འདུག། རླུང་གི་གཉེན་པོ་ས་ཡིན་ཏེ།། ས་ཡི་དུག་གིས་དམངས་རིགས་རླག། རེག་པའི་དུག་རྣམས་མེད་པར་གྱིས།། ལྕི་ཞིང་འཐིབ་པ་ས་ཡི་དུག། ཡང་ཞིང་གཡོ་བ་འདི་ལྕིར་ཆུག། རྒྱལ་རིགས་ཆེན་པོ་ཚུར་ཉོན ་ཅིག། དེ་རིང་མི་འདི་ཁྱོད་ཀྱིས་ཐོང་།། དེ་རིང་དུག་འདི་ཁྱོད་ཀྱིས་ཐོན།། སྦྲུལ་གྱི་ནག་ཁྲ་འདི་ལས་ཐོན།། སྦལ་པ་ནག་ཁྲ། ལྕོང་གེ་ཉ་མོ། ཆུ་རྟ་ཆུ་གླང་ཆུ་ལུག། གཉན་ཆེན་ནག་ཁྲ། ས་བདག་ནག་ཁྲ་འདི ་ལས་ཐོན།། སྤུ་སྡུག་དེ་ནི་རྨ་བྱ་དང་།། རྒྱལ་རིགས་ཆེན་པོ་འཆི་བདག་གིས།། ནག་པོའི་དུག་རྣམས་ཕྱིར་ཕྱུང་ཞིག། རྒྱལ་རིགས་ཀླུ་རྣམས་ཚུར་ཉོན་ཅིག། དེ་རིང་མི་འདི་མི་གཏོང་ཞིང་།། དེ་རིང་དུག་འདི་མི་འདོད ་ན། ཁྱོད་ཀྱི་ཤི་ས་བསྟན་པ་ཡིན།། བྱ་ཁྱུང་རྒྱལ་པོའི་བཀའ་བཅག་ནས།། ལུས་ཀྱང་རུལ་ཞིང་མེ་འབར་འགྱུར།། མགོ་ཡང་འགས་ཤིང་སྙིང་ཡང་ཕྱུང་།། འོ་ན་དེ་ལ་མ་ཐུག་གིས།། ལས་འདི་དེ་རིང་གྲུབ་པར ་གྱིས།། དེ་ལྟར་བྱས་ན་དུག་རྣམས་ཀུན།། ཀླུ་རིགས་ཉིད་ཀྱིས་འདོན་པར་འགྱུར།། གལ་ཏེ་དེས་ཀྱང་མ་ཟོན་ན། ཁྱུང་དཀར་སྟོང་བཟློག་ངན་སྔགས་ཀྱིས།། ཀླུ་རིགས་ཀུན་ལ་བྲབས་ནས་ནི།། ཀུན་ཀྱང་གོང་བཞིན ་འདོན་པར་བྱ།། རྨ་བྱས་དུག་རྣམས་བྱབས་པའི་ཚེ།། ནད་ཀྱི་དངོས་པོ་གདོན་པར་བསམ།། བ་ཐག་ཚུལ་དུ་ནད་བྱུང་བསམ།། དེ་ནི་ནད་རྣམས་འདོན་པར་འགྱུར།། དེ་ནས་སྐབས་སུ་མཆོད་པ་འབུལ།། དེ་ལྟར་སྦྱོར ་བ་ཟབ་མོ་ཡིས།། གདུག་པས་ཟིན་པ་ཀུན་འཚོ་བར་འགྱུར། ཇི་ལྟ་བུ་ཡང་འཚོ་བར་འགྱུར།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། དེ་ནས་ཆོ་ག་རྫོགས་པ་དང་།། ཡེ་ཤེས་སེམས་དཔའ་གཤེགས་སུ ་གསོལ།། དམ་ཚིག་སེམས་དཔའ་ཕྱིར་བཟློག་ལ།། འཇིམ་པའི་དངོས་པོར་གྱུར་བར་བསམ།། དེ་ནས་གཟུགས་བརྙན་ཆུ་ལ་དབོ།། ས་ཚོན་ཕྱགས་ཏེ་ཆུ་ལ་དབོ།། དེ་ནས་ཕྱོགས་བཅུར་ལྷ་ཕྱག་འཚལ་བར་བྱ།། དེས ་ནི་ཀླུ་སྒྲུབ་རིམ་པ་རྫོགས།། རྟོག་པའི་རྒྱལ་པོ་ལས། ནང་བསྒྲུབ་ལས་ཀྱི་ཕན་བྱ་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དགེས་ཆེན་པོ།། ནང་བསྒྲུབ་ལས་ཀྱི ་རིམ་པ་ཡིས།། ངེས་པར་འགལ་བ་ཇི་ལྟར་གདུལ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། རས་སམ་གྲོ ་གཤོག་བུ་ལ།། ཉམས་པ་དགྲ་ཡི་གཟུགས་བྲིས་ལ།། གདུག་པ་རྣམས་ཀྱིས་ཟ་རུ་གཞུག། ལྟོ་བ་སྦྲུལ་ཆེན་གཉིས་ཀྱིས་བསྐོར།། མགོ་བོ་སྣ་བུག་གཞུག། མགོ་ལ་རྒྱལ་རིགས་ཡིན་ཏེ་རོ་ཉེ་དཀར་པོའོ།། སྐེ་ལ་བྲམ ་ཟེ་རིགས་ཏེ་སེར་པོ་རོ་ཉེའོ།། ལག་གཉིས་དམངས་རིགས་ཡིན་ཏེ་སྔོན་པོ་རོ་ཉེ་གཉིས།། རྐེད་པ་རྗེ་རིགས་ཡིན་ཏེ་དམར་པོ་རོ་ཉེ་གཉིས།། རྐང་པ་གདོལ་བའི་རིགས་ཏེ་ནག་པོ་རོ་ཉེ་གཉིས།། ལྟེ་བ་གཉེན་ཏེ་མཛོ ་རྟོལ་གཉིས།། ལྟེ་བ་དག་ལ་རིགས་བཞི་རྟ་དང་གླང་།། ལྟེ་བ་དག་ལ་རིགས་བཞིའི་སྦལ་ལྕོང་ཉ།། ལྟེ་བ་དག་ལ་ས་བདག་རིགས་ཏེ་སྡིག་པ་གཉིས་དང་སྡོམ་གཉིས།། ལྟེ་བའི་དཀྱིལ་འཁོར་གྲུ་གསུམ་ཕྱི་རོལ་ཟླུམ་པོ ་ཆུ།། དེའི་ཕྱི་འཕྱན་དག་ཏུ་གཟུགས་བརྙེད་ཀུན་གྱིས་ཟ་རུ་གཞུག། རྐང་པར་ཆུ་བྱ་གཉིས་ཀྱང་འདུད་དུ་གཞུག། ཕྱི་རོལ་རྒྱ་མཚོའི་ཚུལ་དུ་བྱའོ།། ཕྱི་རོལ་ཟླུམ་པོ་ཆུ་ལ་སྔགས་ཀྱིས་བསྐོར།། དེ་ཡང་བི་སིའི་སྔགས ་དང་སྦྲུལ་གྱིས་བསྐོར་བ་བཅིང་།། ནག་པོའི་བམ་དང་རྦད་སྔགས་རྣམས།། གཅིག་ཏུ་དྲིལ་ཏེ་བཟླས་ན་ནི།། མཚན་རྟགས་བྱུང་ནས་ན་གའི་ས་རུ་སྦ།། དེ་ནས་སྔགས་བཟླས་ཕྱོགས་སུ་ཆུ་ལ་གཏོར།། གྲུབ་པའི་དུས ་ན་བཅོལ་བསྐུལ་རྒྱུན་མི་གཅད།། ཉུངས་ཀར་དག་གིས་བྲབ་ཅིང་བཟླས།། དེས་ནི་ཉམས་པ་གདོན་མི་ཟ།། རྟོག་པའི་རྒྱལ་པོ་ལས།། ནང་བསྒྲུབ་ལས་ཀྱི་རིམ་པའི་འགལ་བ་ཆམ་ལ་དབབ་པ་བསྟན་པའི་ལེའུ་སྟེ་གྱ ་གཅིག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཕྲན་ཚེགས་ལས་ཀྱི་སྦྱོར་བ།། སེམས་ཅན་དོན་རྣམས་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ། ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དེ་ནས་དང་པོ་བག་ཟན་ལ།། སྦྲུལ་མགོ་བདུན་པ་ལེགས་བྱས་ལ།། མཚལ་གྱི་ཐིག་གིས་ལེགས་བྱུགས་ལ།། ཟངས ་སམ་འཁར་བའི་གཞོང་པར་གཞག། བདུད་རྩིའི་བུམ་པ་དག་ཀྱང་གཞག། མཎྜལ་སྟེག་དུ་གཟུགས་བརྙན་གཞག། དེ་ནས་གཏོར་མ་རྒྱས་པར་གཞག། དེ་ནས་རྨ་བྱ་དག་ཀྱང་གཟུགས།། དེ་ནས ་བདག་གཞན་ལེགས་བསྐྱེད་ལ།། བཀའ་བསྒོ་རིམ་པ་སྣ་ཚོགས་བྱ།། དེ་རིང་སྤོགས་ཐོན་བྱའོ།། དེ་ནས་མཆོད་པ་དབུལ་བར་བྱའོ།། ཧཱུཾ། སྔགས་ཀྱི་བདག་པོ་སྤྱན་འདྲེན་ན།། དཀར་གསུམ་དག་གི་བདུད་རྩི ་འབུལ།། དཀར་གསུམ་དག་གིས་བདུད་རྩི་ཡིས།། ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག། ཟས་ཀྱི་རོ་མཆོག་ལྡན་ནས་ཀྱང་།། ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག། མངར་གསུམ་དག་གི་བདུད་རྩི་ནས།། ཀླུ་སྨན་སྣ ་ཚོགས་ཡན་ཆད་ནི།། ཀླུ་བསྒྲུབ་རིམ་པ་ཇི་བཞིན་ནོ།། དེ་ནས་ཤུག་དེ་དག་ཀྱང་ནི།། སྔགས་རིངས་ཀླག་ཅིང་བདུད་རྩི་འབུལ།། ཨུ་ནཱ་ག་རཱ་ཛ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བྱ། བདུད་རྩི་སྔགས་བདག་ལ་དབུལ་བར་ཐེ་ཚོམ ་མེད།། དེ་ནས་བསྙེན་སྔགས་དག་ལ་ནི།། ཤན་ཏིང་བཏགས་ལ་སྟོང་ཚེ་བཟླས།། དེ་ནས་དུག་དང་གདུག་རྩུབ་ནི།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། ང་ནི་ཕྱག་ན་རྡོ་རྗེ་ཡིན།། ཀླུ་བརྒྱད་ཟས་སུ་ཟ་བ ་ཡིན།། ཀླུ་བརྒྱད་དགོས་སུ་གོན་པ་ཡིན།། ཀླུ་འབུམ་སྟན་དུ་འདིངས་པ་ཡིན།། ཀླུ་ལྔས་དབུ་ལ་བརྒྱན་པ་ནི།། ཤ་ཟ་ཀླུ་ཡི་གདུག་རྩུབ་ཕྱུང་།། ཉ་ཡི་ཀླུ་ཡི་གདུག་རྩུབ་ཕྱུང་།། ལྟོ་འཕྱེ་ཀླུ་ཡི་གདུག་རྩུབ་ཕྱུང་།། རྒྱལ ་རིགས་ཀླུ་ཡི་གདུག་རྩུབ་ཕྱུང་།། བྲམ་ཟེ་ཀླུ་ཡི་གདུག་རྩུབ་ཕྱུང་།། རྗེ་རིགས་ཀླུ་ཡི་གདུག་རྩུབ་ཕྱུང་།། དམངས་རིགས་ཀླུ་ཡི་གདུག་རྩུབ་ཕྱུང་།། གདོལ་ཅན་ཀླུ་ཡི་གདུག་རྩུབ་ཕྱུང་།། གཉེན་གྱི་རིགས་ཀྱི་གདུག་རྩུབ ་ཕྱུང་།། ས་བདག་ས་སྲིན་གདུག་རྩུབ་ཕྱུང་།། གདུག་རྩུབ་དུག་རྣམས་ཕྱིར་ཕྱུང་ཞིག། དེ་ནས་དུག་བྱ་བ་སྟེ། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། དོ་ནོད་ནམ་གྱི་གུང་གསུམ་ལ།། སྤུ་སྡུག་དེ་ནི་རྨ་བྱ་དང་།། སྔགས ་ཀྱི་དེ་ནི་བདག་པོ་ཡིས།། དུག་རྣམས་ཕྱིར་ཕྱུང་ཞིག། རེག་པའི་དུག་རྣམས་ཕྱིར་ཕྱུང་ཞིག། ལྟས་པའི་ཁ་རླངས། སྦྱོར་བའི་ཡིད་ཀྱིས། ཀླུ་ཆེན་བརྒྱད་པོ་དུག་རྣམས་ཕྱིར་ཕྱུང་ཞིག། གཞན་འདྲེ། རྒྱལ་རིགས། བྲམ་ཟེ།། ་རྗེ་རིགས། དམངས་རིགས། གདོལ་པ་ཅན། ས་སྲིན་ས་བདག། ནད་རྣམས་ཐམས་ཅད་ཕྱིར་ཕྱུང་ཞིག། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། གདུག་རྩུབ་བདུག་རྣམས་མི་འདོད་ཅིང་།། རིགས་འཛིན་བཀའ ་ལས་འདའ་བྱེད་ན།། ནད་རྣམས་མ་ལུས་མི་འདོན་ཅིང་།། དེ་རིང་སྤོགས་འདི་མི་འདོན་ན། ཁྱོད་ཀྱི་ཤི་ས་བསྟན་པ་ནི།། དམ་ཚིག་སྔགས་ཀྱི་བྱིན་རླབས་དང་། ཁྲོ་བོ་ཡག་ཤའི་མེ་དཔལ་གྱིས།། མཛེ་ནད་སྣ་ཚོགས ་། ཁྱོད་ལ་འོང་།། འོན་པ་ལོང་པ་ཁྱོད་ལ་འོང་།། ཤ་བཀྲའི་ནད་རྣམས་ཁྱོད་ལ་འོང་།། འོ་ན་དེ་ལ་མ་ཐུག་གིས།། ནད་རྣམས་ཐམས་ཅད་ཁྱོད་ཀྱིས་ཐོན།། སྦྲུལ་གྱི་དཀར་ལ་སོགས་པ་ཀླུ་བསྒྲུབ་བཞིན་བྱ།། ་ཁྲག་ནད་ཆུ་སེར་འདི་ལས་ཐོན་དང་།། རླུང་ནད་མཁྲིས་པ་བད་ཀན་མཛེ་ནད་འདི་ལ་སྔགས་ཀྱིས་གདབ་བོ། ཁྱེའུ་ཆུང་གཞོན་ནུ། གཞོན་ནུ་གཏུམ་པོ། སྦྲུལ་མགོ་བདུན་པ། ཟུར་ཕུད་ལྔ་པ། སྲིད ་གསུམ་དབང་སྡུད། གདུག་པས་དུག་ལྔ་སྐྱེད་པ་སྟེ།། དུག་ལྔས་ནད་ལྔ་རྒྱས་པར་བྱེད།། ནད་རྣམས་ཐམས་ཅད་འདོན་མཛད་པ།། སྔགས་བདག་ཁྱོད་ལ་ཕྱག་འཚལ་ལོ།། དེ་ལྟར་རྨ་བྱས་བྱབས་པའི་ཚེ།། ནད་ཀྱི ་དངོས་པོ་ཐོན་པར་བསམ།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། ཞག་བདུན་བར་དུ་མ་བཅད་ན།། ཇི་ལྟ་བུ་ཡང་ཐོན་པར་འགྱུར།། དེ་ནས་གཟུགས་བརྙན་ཆུ་ལ་དབོ།། གཏོར་མ་རྒྱས་པར་གཏང་བར་བྱ།། འཇིག་རྟེན ་གསུམ་ན་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། སྔགས་བདག་ལས་ཕྲན་ཚེགས་སྤོགས་འདོན་པའི་ལེའུ་སྟེ་གྱ་གཉིས་པའོ།། །། དེ་ནས་ཆང་སྲུང་སྦྱོར་བ་བཤད།། ཟན་ལ་སྦྲུལ་མགོ་བདུན་པ་ལེགས་བྱས ་ལ།། གཙང་མའི་སྣོད་དུ་བཅུག་སྟེ་ཟངས་ཀྱི་འགྲམ་དུ་གཞག། དེ་ནས་བདག་གཞན་བསྐྱེད་ཅིང་བཀའ་སྒོ་ཆང་བསྲུང་བྱ།། དེ་ནས་སྔགས་བཟླས་མནན་པའི་སྟེང་དུ་གཞག། དེ་ནས་ཆང་ཕུད་གཙང་མ་དག་ཀྱང ་གཙང་སར་བསྐྱལ།། དེ་ལྟར་བྱས་ན་ཆང་ཡང་སྲུང་བར་འགྱུར།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། རྟོག་པའི་རྒྱལ་པོ་ལས།། ཆང་སྲུང་བའི་ལེའུ་སྟེ་གྱ་གསུམ་པའོ།། །། དེ་ནས ་རལ་གྲིའི་ཆོ་ག་བཤད།། ཤིང་ངམ་ལྕགས་སམ་ཟངས་དག་ལ།། རལ་གྲི་འབར་བ་འདོམ་གང་ཚད་བྱས་ལ། ཁ་དོག་སྔོན་པོར་བསྒྱུར་ལ།། གསང་བ་སྒྲུབ་སྔགས་ཀྱི་བརྙེན་པ་བྱ།། འབུམ་ཚོ་གཅིག་ཏུ་བཟླས་ནས ་ཀྱང་།། དེ་ནས་ལས་རྣམས་མ་ལུས་བརྩམ།། གསང་ཆེན་སྐུ་རུ་བསྐྱེད་ནས་ཀྱང་།། གཉེན་གསར་བཅུག་ནས་ཀླུ་རྣམས་དུམ་བུར་གཏོང་། ཡང་ན་འབྱུང་པོ་གནོད་སར་བཅུག་ན་འབྱུང་པོ་རླག་པར་འགྱུར། ཡང་ན ་སེར་བ་བབས་སར་སྟེགས་བུ་བཅས་ལ་རལ་གྲི་བསྒྲེང་ནས་སྔགས་བཟླས་ནས། ཇི་ལྟར་ཕབ་ཀྱང་བཟློག་པར་འགྱུར། རྟོག་པའི་རྒྱལ་པོ་ལས། དགྲའི་ཆོ་གའི་ལེའུ་སྟེ་གྱ་བཞི་པའོ།། །། དེ་ནས་དབང་དུ་བུད་མེད ་འདུ་འདོད་ན།། མེ་ཏོག་ཀན་ཏ་ཀ་དང་བུད་མེད་ཀྱིས།། རང་གི་ག་པུར་འདོམས་ཀྱི་སྤུ།། དེ་རྣམས་ཞིབ་ཏུ་བཏགས་ཏེ་ལྡེ་གུ་བྱ།། དེ་ལ་སྤུ་ཏ་འབུམ་ཚོ་བཟླས་ཤིང་གཏོར་མ་གཏོང་།། བསྒོ་བ་འདི་ཁུག་ཅིག་བྱ།། དེ ་ནས་མཐའ་རྟེན་ཆེ་གེ་མོ་འདི་ཁུག་ཅིག་བྱ།། སྤྱི་བོར་ལྡེ་གུ་ཕྱེ་མ་གདབ།། དེ་ནས་རང་འགུགས་ཕྱག་རྒྱ་ལེགས་བྱས་ལ། ཁྱིམ་དུ་སྔགས་ཀྱང་བཟླས་བྱས་ལ།། དེ་ནས་མོད་ལ་ཤུལ་དུ་ཁྱི་བཞིན་འབྲེང་།། དེ་ལྟར་སྦྱོར ་བ་ཟབ་མོ་འདི།། སངས་རྒྱས་ཀྱིས་ཀྱང་མི་རྙེད་དོ།། རྟོག་པའི་རྒྱལ་པོ་ལས། བུད་མེད་དབང་དུ་བསྡུད་པའི་ལེའུ་སྟེ་གྱ་ལྔ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེ།། ཀླུ་ཆེན ་བརྒྱད་ཀྱི་སྦྱོར་བ་ཡིས།། པ་རི་ཤ་ཡ་ཇི་ལྟར་འབབ།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས ་ཉོན།། དེ་ནས་ནཱ་ག་ཡོད་ངེས་སུ།། མཎྜལ་པདྨ་འདབ་བརྒྱད་བྲི།། ཤར་ཕྱོགས་སུ་ནི་མཐའ་ཡས་སོ།། ལྷོ་ཕྱོགས་སུ་ནི་ནོར་རྒྱས་སོ།། ནུབ་ཕྱོགས་སུ་ནི་འཇོག་པོའོ།། བྱང་ཕྱོགས་སུ་ནི་པདྨའོ།། དབང་ལྡན་དུ་ནི་པད ་ཆེན་ནོ།། མེ་མཚམས་སུ་ནི་དུང་སྐྱོང་ངོ་།། སྲིན་པོའི་མཚམས་ནི་སྟོབས་ཀྱི་རྒྱུ།། རླུང་མཚམས་སུ་ནི་མ་དྲོས་སོ།། དེ་རྣམས་ཀྱི་ཁ་དོག་ནི།། དཀར་དང་སྔོ་དང་དམར་དང་ལྗང་།། སེར་དང་དུད་ཀ་ལྗང་སེར ་དང་།། རིན་ཆེན་འབར་བའི་གདེང་ཁ་མཐོ།། ཐལ་མོ་མཆོག་ཏུ་སྦྱར་ནས་ནི།། ཕྱག་ན་རྡོ་རྗེའི་ཞལ་དུ་ལྷ།། འཇོག་པོ་ཡིས་ནི་བཀའ་སྡོད་ཅིང་།། བཀྲག་དང་བཅས་པར་བལྟ་བར་བྱ།། ཀླུ་རྣམས་ཀུན་གྱི་སྙིང་ཁ ་རུ།། ཧཱུཾ་ནི་ཧཱུཾ་བྲིས་པར་བྱ། དེ་ནས་བྲིས་སྐུལ་དམིགས་ཤར་དུ་ཁ་བལྟས་ལ། གསང་སྒྲུབ་དང་པོ་སྔགས་ཀྱང་བཟླས་པར་བྱ། འབུམ་གྱིས་མངོན་སུམ་དག་ཏུ་ངེས་པར་འགྱུར། ཕྱག་ན་རྡོ་རྗེའི་བཀའ་ཡིས་ཆར ་འབེབས་སོ།། དེ་ནས་ཀླུ་རྣམས་ཀྱི་སྙིང་པོ་བཟླས། ཨོཾ་ཨང་ཨ་ནན་ཏ་ཨ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། མཐའ་ཡས་ཀྱིའོ།། ཨོཾ་བཾ་བ་སུ་ཀི་ནི་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། ནོར་རྒྱས་སོ།། ཨོཾ་ཏཾ་ཏ་ཀ་ན་ཤཾ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། འཇོག་པོའོ།། ཨོཾ་བཾ་པདྨ་ཧཱུཾ་ནཾ ་ཧཱུཾ་སྭཱ་ཧཱ། པདྨའོ།། ཨོཾ་མ་ཧཱ་པདྨ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། པདྨ་ཆེན་པོའོ།། ཨོཾ་སཾ་སཾ་ཀ་པ་ལ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། དུང་སྐྱོང་གིའོ།། ཨོཾ་ཀ་ར་ཀ་ཏ་ཀ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། སྟོབས་ཀྱི་རྒྱུའོ།། ཨོཾ་ཨ་ཨ་ན་པ་ཏ་པ་ཏ་ཧཱུཾ་ནཾ་ཧཱུཾ་སྭཱ་ཧཱ། མ་དྲོས་པའོ།། ཁྲོ ་བོ་བསྒོམས་པས་ཁྲི་ཕྲག་ཏུ་བཟླས་པས་དབུལ་ལོ།། མི་སྨྲ་བར་གྱུར་ཅིག་ཤིན་ཏུ་མཉམ་པར་གཞག་པས་འོ་མ་དང་འབྲས་ཟན་བཟའ་བར་བྱ། ཀླུའི་གཏོར་མ་དང་ལྡན་ཞིང་འོ་མས་ཁྲུས་བྱས་འོ་མས་སྦྱིན་སྲེག ་དབུལ།། འོ་མ་ཅན་གྱི་ཤིང་དག་ལ།། འོ་མ་ཅན་ལ་སྐྱེས་པའི་ཤིང་བུ་ཡིས།། མཐོ་གང་ཚད་ལྡན་འོ་མ་རང་དང་ལྷན་ཅིག་བསྲེ།། བུམ་པ་འོ་མས་བཀང་སྟེ་འོ་མ་དང་བཅས་གཏོར་མས་ཕྱོགས་བཅུར་འཕང་། ཞག ་གཅིག་ལ་ཐུན་བཞིར་བཤད། དེ་ལྟ་བུའི་མཆོད་པ་དུས་བཞི་སྟོང་ཕྲག་བཟླས་བྱ་ཞིང་། ཞག་བདུན་དག་གིས་ཆར་ཡང་ངེས་པར་འབབ། འཛམ་བུ་གླིང་ནས་རྙེད་པར་དཀའ། རྟོག་པའི་རྒྱལ་པོ་མཆོད་རྟེན་ལས། ཀླུ ་ཆེན་བརྒྱད་ཀྱིས་ཆར་དབབ་པའི་ལེའུ་སྟེ་གྱ་དྲུག་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ནད་རྣམས་ཐམས་ཅད་གསོ་བའི་ཕྱིར།། ཀླུ་གཉེན་ས་བདག་ཇི་ལྟར་གནས།། མི ་རྣམས་ལ་ཡང་ཇི་ལྟར་གནོད།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོ་ཁྱིམ་གྱི་རྟིང་ཤེད ་ན།། གཞལ་ཡས་ཕྱི་ནང་ཚུལ་དུ་གནས།། དང་པོ་གསེར་གྱི་གཞལ་ཡས་ཁང་།། གྲུ་བཞི་ལམ་པ་ཕྱི་ནང་ཀུན་ཏུ་གསལ།། དེ་ཡི་ནང་ན་རྒྱལ་རིགས་ལ་སོགས་ཀྱི།། གཙུག་ན་རིན་ཆེན་བྱ་བའི།། གཙོ་བོ ་དཔུང་གཟུངས་ལ་སོགས་ཀྱི།། ཀླུ་ཡི་རྒྱལ་པོ་འཁོར་བཅས་དེ་ན་གནས།། དེ་ན་དངུལ་ལས་བྱས་པའི་གཞལ་ཡས་ཁང་།། གྲུ་བཞི་ལྷམ་པ་ཕྱི་ནང་ཀུན་ཏུ་གསལ།། དེ་ཡི་ནང་ན་གཉེན་ཆེན་འབུམ་སྡེ་བཞུགས།། དེ ་ལས་ཟངས་ལས་བྱས་པའི་གཞལ་ཡས་ཁང་།། གྲུ་བཞི་ལྷམ་པ་ཕྱི་ནང་ཀུན་ཏུ་གསལ།། དེ་ཡི་ནང་ན་ས་བདག་ས་སྲིན་འཁོར་བཅས་བཞུགས།། དེ་ནས་ལྕགས་ལས་བྱས་པའི་གཞལ་ཡས་ཁང་།། གྲུ་བཞི་ལྷམ་པ་ཕྱི ་ནང་ཀུན་ཏུ་གསལ།། དེའི་ནང་ན་འཇིག་རྟེན་ཐེ་བྲང་སོགས་པ་འབྱུང་།། དེ་ནི་གནས་པའི་རིམ་པ་བསྟན།། དེ་ནས་གདོན་པའི་རིམ་པ་བཤད།། དང་པོ་ལས་དང་རྐྱེན་དུ་ཕྲད་པའི་གང་ཟག་གིས།། མི་གཙང་ཟབ ་གཞོབ་ལ་སོགས་པ།། བྱས་ནས་ནཱ་ག་ཡོད་ངེས་སར་ཕྱིན་ནས་བཞི་ཡིས་མི་ཐེ་བྲང་དག་གིས་མཐོང་། ཐེ་བྲང་རིགས་ཚོགས་འཇིག་རྟེན་ཁམས་ནས་འགྲུབ།། དེ་ཡིས་མཐོང་ནས་གནོད་པ་ཞད་ཙམ་བྱེད།། དེ་ཡང་མི ་དགའ་སེམས་འཕྱོ་འགྲོ་སྙིང་འདོད།། ཉམས་ཆུང་འཐིབས་དང་མོ་ཏོ་ངན།། ཡང་ཡོང་ནད་དང་བཏབ་བསྣོལ་འོང་།། ཚོར་ན་ལེགས་པར་བཅོས་ཀས་བཟློག། དེ་ནས་ས་སྲིན་དག་ནས་བཟླས་གྱུར་ན།། ས་སྲིན ་རིགས་ཀྱིས་མི་ལ་གནོད་པ་བྱེད།། དེ་ཡང་ལུས་སྦྲིད་ཤ་འཕྲིག་ཤ་རོ་འབྱུང་།། བྱད་དང་ལུས་སོགས་ཀུན་ལ་ཤ་བཀྲ་ཐོར་པ་ལྡོག་འགྱུར་འོང་།། མོ་ལྟས་ལ་སོགས་ས་བདག་གདོན་ཟེར་ན།། ཚོར་ན་ལེགས་པར་ཆོས ་ཀས་བཟློག། དེ་ནས་ས་བདག་དག་ལ་བཟླས་གྱུར་ནས།། བྱད་ལ་ལྡོག་འགྱུར་ཤིན་ཏུ་ཆེ།། གསལ་པོར་བྱུང་དང་རྨའོ་མང་།། ས་བདག་དག་གིས་ཟིན་པར་ངེས།། ཚོར་ན་ངེས་པར་བཟློག་པར་ངེས།། དེ་ནས་གཉེན ་ཆེན་དག་ལ་བཟླས་ནས་ནི།། ཤིན་ཏུ་ཚབས་ཀྱང་ཆེ་བར་འགྱུར།། རྐང་ལག་ཞ་གྲུམ་དྲི་མ་ལྡོག། ཤ་ཁྲག་ལུད་ནས་མིག་ཀྱང་སླེ། ཁ་ཡང་ཡོ་སྙམ་མཆུ་སོས་ཟས་མི་ཐུབ།། བྱད་ལ་ཆུ་བུར་བྱུང་ན་གཉེན་གྱི་ཟིན་པར ་ངེས།། ཤིན་ཏུ་ཚོར་བས་མི་ཆོག་སྒྲིབས་ལ་བྱ།། དེ་ལ་ཐེ་བྲང་ཡན་ཆོད་ཀྱིས།། དབུས་ཀྱི་གསེར་གྱི་ཁང་སྒོ་ནས།། དང་པོ་གཉེན་གྱི་ལེགས་ཉེས་གཏམ་ཡང་ཟློས།། དེ་ནས་རིམ་གྱིས་ཐེ་བྲང་ཚོགས་ཀྱིས་དང་པོའི་ལོ ་རྒྱུས་ཟློས།། དེ་ནས་རིགས་ངོ་གང་ཡིན་ཀླུ་རྒྱལ་གཙུག་ན་རིན་ཆེན་དེས།། གཟུགས་དེ་གདུག་པ་འཕྲུལ་དུ་བསྐུར་ཏེ་འཇུག་ཏུ་འགྲོ།། དེ་ཡང་འཇུག་སྒོ་བཞི་ནས་འཇུག། ལག་པའི་ཨ་སོ་ལིང་ཀའི་རྩ་གཉིས ་དང་།། ནུ་མ་གཉིས་ཀྱི་རྩ་གཉིས་ཨ་སོ་ལིང་ཀ་བཞི།། རྩ་བཞི་དག་ནས་སྦྲུལ་གྱིས་ཞུགས་ནས་སྙིང་ལ་འགྲོ།། དེ་ཡང་རྐང་ལག་སོར་མོ་ཆད་ནས་དྲི་མ་ཤིན་ཏུ་ལྡོག། བསམ་པ་ངན་ཏེ་བརྡ་མི་ཕྲད།། སྣ་ལ་ཆུ་བུར་བྱུང ་ནས་གས་ཤིང་རྨ་རུ་འགྲོ།། དེ་འདྲའི་ནད་ནི་རྟགས་ཡིན་ཏེ།། སངས་རྒྱས་ཀྱིས་ཀྱང་མི་བཟློག་གོ། གོང་གི་བཞི་ནི་བརྡ་བཞི་ཡིན་ཏེ།། སྔགས་ཀྱི་སྦྱོར་བས་གསོ་རུ་བཏུབ།། དེ་རྣམས་གནས་དང་གནོད ་པ་ལེགས་ཤེས་ན།། དེ་ནས་གསོ་བའི་རིམ་པ་བཤད།། དང་པོ་ཐེ་བྲང་གནོད་པའི་ཚེ།། བདག་གཞན་བསྙེན་པ་ལེགས་བསྒྲུབ་ནས།། རྫས་ཆེན་ཆོ་ག་ལུགས་བཞིན་བསྒྲུབ་བཏགས་ན།། ཐེ་བྲང་གནོད་པ་སེལ་ནས ་བགེགས་ཀྱིས་ཚུགས་མི་འགྱུར།། གསང་བསྒྲུབ་བསྙེན་པ་ཕྱི་བསྒྲུབ་གཉིས་ཀ་རྫོགས།། ཀླུ་མདོས་རྒྱས་པ་གཏང་ཞིང་སྔགས་བསྒྲུབ་བྱ།། དེས་ནི་ས་སྲིན་རིགས་གནོན་སེལ་ནས་ཚུགས་མི་འགྱུར།། དེ་ནས་ས་བདག ་གཉེན་གཉིས་གནོད་པའི་ཚེ།། གསང་བསྒྲུབ་ཕྱི་གཉིས་གྲུབ་པའི་རྣལ་འབྱོར་པས།། ཀླུ་བསྒྲུབ་རྒྱས་པ་བཞེངས་ཤིང་གདུག་རྩུབ་བྱ།། དེ་ལྟར་བྱས་ན་ཇི་ལྟར་བུ་ཡང་འཚོ་བར་ངེས།། རྟགས་ཆེན་ལུས་ལ་ཞུགས་ཙམ ་ན།། དང་པོ་ཨ་སོ་ལི་ཀའི་སྒོ་བྱུང་སྟེ།། ཨ་སོ་གའི་སྒོ་རུ་གུ་གུལ་དཀར་པོའི་ལྡི་གུས་ཐིག་ལེ་བྱ།། དེ་ཡི་སྟེང་དུ་ཧཱུཾ་དང་ཕུ་གཉིས་ལས།། ཕྱག་རྡོར་སྔགས་བདག་མཐེ་བོའི་ཚད་ཙམ་བསྐྱེད།། ཕྱི་རོལ་དག་ཏུ་སྔགས ་བདག་གཟུགས་བཅུག་ན།། གཟུགས་གཉིས་བྱས་ལ་གནས་ནས་བཏོན་པའི་དུག་གཉིས་བསྟིམ།། དེ་ལྟར་སྤྱི་གསང་གཉིས་ཀྱི་སྔགས་བཟླས་རྨ་བྱས་དུག་ལ་བྱབ་ཅིང་གཟུགས་ལ་བསྟིམ།། དེ་བཞིན་གོང་གི་ཨ་སོ། ་ལི་ག་དག་ཀྱང་དེ་ལྟར་ཕྱག་རྡོར་སྔགས་བདག་སྒོམ་ཞིང་སྔགས་ཀྱང་བཟླས།། སྙིང་ལ་མ་བྱུང་བར་དུ་བཟློག་པར་འགྱུར།། སྙིང་ལ་བསླབས་ནས་བཟློག་མི་སྲིད།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། འཇིག་རྟེན་གསུམ ་ནས་རྙེད་པར་དཀའ།། རྟོག་པའི་ནད་ཙི་ཙི་ཛ་ལ་ཆེན་པོ་གསོ་བའི་ཐབས་ཆེན་པོ་བརྟགས་པའི་ལེའུ་སྟེ་གྱ་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། སྔགས་དང ་གཟུགས་བརྙན་བཅས་པ་ལ།། སྤྱན་དབྱེའི་རིམ་པ་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས ་ཉོན།། དང་པོ་ཀླུ་བསྒྲུབ་དཀྱིལ་འཁོར་བྲི།། དེ་ནས་གཏོར་མ་གཉིས་ཀྱང་བཤམ།། ཆང་གནོད་བཅུ་ཡང་གཞག་པར་བྱ།། མེ་ཏོག་ལ་སོགས་མཆོད་པ་ལྔ་ཡང་བཤམ།། དེ་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས ་དཀྱིལ་འཁོར་དབུས་སུ་མན་འཛིའི་ཁར།། སྔགས་བདག་གཟུགས་བརྙན་ལེགས་གཞག་ལ།། དང་པོ་བདག་ཉིད་ཧཱུཾ་ལས་ཕྱག་རྡོར་སྐུ།། སྔ་མ་ཇི་བཞིན་བསྒོམ་པར་བྱ།། དེ་ནས་གསང་བསྒྲུབ་སྙིང་པོ་འབུམ་ཚོ ་བཟླས།། དེ་ནས་ཕུ་ལས་གཟུགས་བརྙན་སྔགས་བདག་ཉིད་དུ་བསྐྱེད།། དེ་ནས་སྤུ་ཏ་འབུམ་ཚོ་འགའ་ཙམ་བཟླས།། དེ་ནས་ཕྱག་ན་རྡོ་རྗེ་ལ།། སྔགས་རིངས་བཀླག་ཅིང་མཆོད་པ་རྣམ་པ་ལྔ་ཡང་འབུལ།། དེ་ནས ་སྔགས་བདག་ལ་ཡང་མཆོད་པ་རྣམ་པ་ལྔ་དབུལ།། ཧཱུཾ། སྔགས་ཀྱི་བདག་པོ་ཚུར་ཉོན་ཅིག། རྒྱ་མཚོ་ཡངས་པའི་དཀྱིལ་ཤེད་ནས།། ཀླུ་རྒྱལ་ཆེན་པོ་གཤེགས་སུ་གསོལ།། སྔོན་གྱི་ཐ་ཚིགས་བགོས་པ ་བཞིན།། ཀླུ་ཆེན་རྒྱལ་པོ་འོད་འབར་བ།། སྐུ་ལ་མན་ངག་འབུམ་སྡེ་མཁྱེན།། ཆོ་འཕྲུལ་འབུམ་སྡེ་འགྱེད་མཛད་པ།། འདིར་སྤྱོན་འདིར་བཞུགས་སྤྱན་དབྱེ་མཛོད།། རིས་སུ་བྲིས་དང་འབུར་དུ་གཏོད།། ལུགས ་སུ་བླུགས་པའི་རྟེན་ཆེན་འདིར།། སྔགས་ཀྱི་བདག་པོ་འདིར་བཞུགས་ལ།། གཟུགས་འདི་བྱིན་གྱིས་བརླབ་ཏུ་གསོལ།། གཉིས་སུ་མེད་པར་ཐིམ་ནས་ཀྱང་།། རྟེན་ཆེན་འདི་ཡི་བྱིན་རླབས་མཛོད།། བྱས་ཏེ་མཆོད་པ ་རྣམ་པ་ལྔ་ཡང་སྔགས་རིངས་ཀྱིས་དབུལ། དེ་ནས་ཉིད་རེ་བཞིན་དུ་གཏོར་མ་ཡང་གཏང་ཞིང་ལས་ཀྱང་བཅོལ་བར་བྱ། བསྙེན་པ་མང་དུ་བཟླས་ཤིང་བདུད་རྩི་རྣམས་ཀྱང་དབུལ། སྔགས་ཀྱི་བདག་པོ་སྤྱན་འདྲེན ་ན།། དཀར་གསུམ་དག་གི་བདུད་རྩི་འབུལ།། དཀར་གསུམ་དག་གི་བདུད་རྩི་ཡིས།། སྔགས་བདག་མདངས་དང་ལྡན་གྱུར་ཅིག། སྔགས་བདག་མདངས་དང་ལྡན་ནས་ཀྱང་།། དེ་རིང་སྤྱན་དབྱེའི་ལས་མཛོད ་ཅིག། དེ་སྐད་བྱ་ཞིང་མཆོད་པ་དབུལ་བ་ནི།། ཀླུ་སྒྲུབ་ནས་འབྱུང་བ་བཞིན་དབུལ།། དེ་ནས་མེ་ཏོག་འཕྲེང་བ་དག་ཀྱང་གཏོར།། ཟླ་བ་ཕྱེད་དུ་བསྒྲུབས་གྱུར་ན།། སྔགས་བདག་དངོས་སུ་འོངས་ནས་གཟུགས་ལ ་ཆགས།། དེ་ནས་སྔགས་བདག་དབེན་པའི་གནས་སུ་གཞག། རྟག་ཏུ་གཏོར་མ་རྒྱུན་དུ་གཏང་།། གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད།། དེ་ལྟར་བྱས་ན་སྔགས་བདག་ལས་ཀྱང་ཅི་ཡང་འགྲུབ།། དེ་ལྟར་སྦྱོར ་བ་ཟབ་མོ་ནི།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། སྔགས་བདག་སྤྱན་དབྱེ་བའི་ལེའུ་སྟེ་གྱ་བརྒྱད་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དགེས་ཆེན ་པོ།། ཀླུ་རྒྱལ་ལས་ཀྱི་གཟུགས་བརྙན་གྱིས།། ཚ་བའི་ནད་རྣམས་སེལ་བར་བྱེད།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆར། ཁྱོད་ལ་ང་ཡིས་བཤད་པར། ཁྱོད་ཀྱང་རྩེ་གཅིག ་ཡིད་ཀྱིས་ཉོན།། དེ་ནས་ནད་པ་མཎྜལ་ཁར་ལེགས་པར་བཞག་ལ།། དེ་ནས་ཤཱུནྱ་ཏ་བརྗོད་པས།། སྟོང་པ་ཉིད་དུ་བསྒོམ།། དེ་ནས་ཡཾ་ལས་རླུང་གི་མཎྜལ།། དེ་སྟེང་རཾ་ལས་མེའི་དཀྱིལ་འཁོར།། དེ་སྟེང་བཾ་ལས་ཆུའི ་དཀྱིལ་འཁོར།། དེ་སྟེང་ཧཱུཾ་ལས་ཕྱག་རྡོར་སྐུ།། ནད་པ་ཉིད་ཀྱང་བསམ་པར་བྱའོ།། སྤྱི་བོ་པདྨའི་སྟེང་དག་ཏུ།། ཟླ་བའི་དཀྱིལ་འཁོར་ཆེ་བསམ་སྟེ།། དེ་སྟེང་ཐིག་ལེ་སྔོན་པོ་ནི།། འཕང་ལོ་ཙམ་དུ་ལེགས་བསམ ་ཏེ།། དེ་ལ་འོད་ཟེར་འཕྲོས་པ་ཡིས།། བདུད་རྩི་འོ་མའི་ཆུ་རྒྱུན་འབབ།། དེ་ཡང་ཉིན་དང་མཚན་དུའོ།། ལྟེ་བའི་དཀྱིལ་འཁོར་དག་ཏུ་ནི།། ཟླ་བ་ཉི་མའི་དཀྱིལ་འཁོར་བསམ།། ཐིག་ལེ་ལས་ཀྱང་འོ་མའི་རྒྱུན།། ཉིན ་མཚན་མེད་པར་བསམ་པར་བྱ།། དེས་ནི་ལུས་ཀྱང་རྒྱས་པར་འགྱུར།། དེ་ནས་མགོ་བོའི་ཚངས་པ་རུ།། ཡི་གེ་ལཾ་ལས་དབང་ཆེན་དཀྱིལ་འཁོར་བསྒོམ།། དེ་སྟེང་ཀླུ་རྒྱལ་གཞོན་ནུ་ནི།། གཏུམ་པོ་དག ་ཀྱང་བསྒོམ་པར་བྱ།། སྦྲུལ་མགོ་བདུན་གྱི་གདེངས་ཀར་མཛེས།། སྦྲུལ་མགོའི་བར་དུ་ཐིག་ལེ་བརྒྱན།། ཐིག་ལེ་ལས་ནི་ཆར་པའི་རྒྱུན།། དེ་འདྲའི་བདུད་རྩི་ཟབ་པར་འབབ།། ཡི་གེ་ཨི་ནི་བདུད་རྩིའི་རྒྱུན།། མི ་གཉིས་སུ་ནི་དགོད་པར་བྱ།། ཀུན་ཏུ་ཟླ་བ་དཀར་དང་མཚུངས།། བདུད་རྩིའི་རྒྱུན་ནི་འབབ་པར་བསམ།། སྟེང་དུ་སྤྲིན་གྱིས་གཡོགས་བྱ་བ།། འབྲུག་དང་གློག་གིས་བརྒྱན་པ་ནི།། ནམ་མཁའི་ཁམས་ཀུན་ཁྱབ་པར ་བསམ།། སྤྲིན་གསེབ་ཐིག་ལེ་སྔོན་པོ་ལས།། བདུད་རྩིའི་ཆུ་རྒྱུན་རབ་བབས་པས།། གྲོང་ཁྱེར་མཐའ་ནི་ཞི་བར་བྱེད།། བསྒྲུབ་བྱའི་སྟེང་དུ་འདུག་བསམས་ལ།། དུག་དང་ཚ་བའི་རིམས་ལ་སོགས།། བསམ་པ་ཙམ ་གྱིས་སེལ་བར་བྱེད།། དཀྱིལ་འཁོར་དབུས་སུ་ཁ་དོག་དབྱིབས།། གང་ཞིག་རྟག་ཏུ་བསམས་བྱས་ན།། དེ་ཡི་ཚེ་ཡང་ཟད་འགྱུར་བ།། ཚེ་རིངས་པར་ནི་གྱུར་པ་ཉིད།། ལོག་གཅིག་བར་དུ་རབ་སྦྱར་ན།། རྒས་པ་མེད ་ཅིང་འཆི་བ་མེད།། ནད་སོགས་ཀྱིས་གདུངས་ཚུགས་མི་འགྱུར།། ཀླུ་ཆེན་རྣམ་པ་བརྒྱད་རྣམས་ཀྱིས།། གལ་ཏེ་ཟིན་པའི་དུས་ཆེ་ཡང་།། བཀོད་པས་དུག་མེད་པ་སྟེ།། དུག་གིས་འཆི་བའང་སློང་བར་བྱེད།། དུས་མེད ་འཆི་བ་ལས་རྒྱལ་བར་འགྱུར།། ནད་ལས་རྣམ་པར་གྲོལ་བར་འགྱུར།། བསྒྲུབ་བྱ་ནད་པ་གང་ཡིན་པ།། སྟོན་ཀའི་དུས་ཀྱི་ཟླ་འདྲ་ལ།། ལག་པ་གཡོན་པའི་མཐེ་བོང་ལ།། ཟླ་གཟུགས་ཡི་གེ་བཾ་འཕྱང་བ།། བདུད་རྩི ་ཡང་དག་རྩིར་བ་ནི།། རིམས་ཀྱིས་དུས་མེད་འཆི་བ་འཇོམས།། དེ་ལྟར་སྦྱོར་བ་ཟབ་མོ་ནི།། རིམས་དང་དུག་གིས་ཟིན་པ་ལ།། འཇིག་རྟེན་གསུམ་ན་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་ལས། དུག་དང་རིམས་གསོ ་ཞིང་ཚེ་བསྲིངས་པ་ཞེས་བྱ་བའི་ལེའུ་སྟེ་གྱ་དགུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། གསང་བསྒྲུབ་དང་པོའི་སྔགས་སྦྱོར་གྱིས།། ལས་ཕྲན་ཚེགས་ཀྱི་ལེའུ་བཤད་དུ ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། གསང་བསྒྲུབ་སྙིང་པོ་འབུམ་ཚོ་ལེགས་བཟླས་ལ།། ལས་རྣམས་མ་ལུས་སྦྱོར་བ་ཟབ་མོ ་བརྩམ།། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། ལན་སྟོང་ཡོངས་སུ་བཟླས་བྱ་སྟེ། ཁང་སྟོང་དག་ཏུ་ལེགས་བཙུགས་ལ།། རླུང་དང་སད་དང་སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ།། ལོ་ཏོག་མེ་ཏོག་འབྲས་བུ ་དང་།། འདབ་མ་མ་རུངས་བྱེད་པ་ཡི།། སྲོག་ཆགས་རྣམས་མེད་པར་གདོན་མི་ཟ།། ཤ་སྦྲང་སྦྲང་བུ་པི་ཙ་ཀ་དང་།། བྱི་བ་སྦྲང་མ་འབུ་སྲིན་དང་།། ཏྲེ་ཏཾ་པུ་ཀ་དང་། ཏྲེ་ལ་ཏ་དང་། བྱི་ཤ་ཀ་ཏི་དང་། ཉ་ཕྱིས་དང་། 1 ་དང་། ལོ་མི་ཀ་དང་། སྦལ་པ་དང་། ནེའུ་ལེ་དང་། ཕག་པ་དང་ཤིན་ཏི་ཀ་དང་། སེང་གེ་དང་། རྐང་གཅིག་པ་དང་། རུས་སྦལ་དང་། གྲོག་མོ་དང་། སྦྲང་རྩིའི་སྦྲང་མ་དང་། ཐང་ཀའི་སྦྲང་མ་དང་། ་བུང་བ་དང་། ནག་པོ་དང་། ཤང་ཀ་ནི་ཀ་དང་། སའི་འོག་ནས་བྱུང་བ་དང་། མ་ལུས་ཤི་ཀ་དང་། བུག་པ་དང་། བྱི་བ་དང་། མཆུ་རིངས་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་མེད་པར་འགྱུར་རོ།། མི ་འབྱུང་བར་འགྱུར་རོ།། ཐམས་ཅད་ཕུང་བར་འགྱུར་རོ།། བྱ་རོག་དང་། བྱེའུ་དང་། ཁུག་རྟ་དང་། ཕུ་རོན་དང་། མན་དུ་རི་ཀ་དང་། འུག་པ་དང་། ཀ་མ་བྱ་ནག་དང་། ནེ་ཙོ་དང་། རི་སྐེགས་ལ་སོགས་བྱ་ཐམས་ཅད ་མེད་པར་འགྱུར་རོ།། རྟོག་པའི་རྒྱལ་པོ་ལས། སེང་ལྡེང་གི་ཕུར་པས་ཐམས་ཅད་ཞི་བར་བྱེད་པའི་ལེའུ་སྟེ་དགུ་བཅུ་པའོ།། །། དེ་ནས་གསང་བསྒྲུབ་ཀྱི་ཆོ་ག་བཤད་པ་ཙམ་གྱིས། ཀླུ་རྣམས་ཁྲོ་བོ་ཞི་བར་བྱེད་པ ་འདི་བརྗོད་དོ།། ལག་ན་རྡོ་རྗེས་གཟི་བརྗིད་འབར།། སྙིང་པོ་འདི་བརྗོད་པ་ཙམ་གྱིས་ལས་གྲུབ་སྟེ།། ཐོག་མར་གནམ་དུ་རབ་བལྟས་ཏེ།། ཉུངས་ཀར་ཆུ་བསྲེས་གནམ་ཏུ་རབ་གཏོར་ན།། སད་དང་སེར་སྤྲིན་ཐམས ་ཅད་ཐུབ།། ཀུན་ཀྱང་བཅིང་བར་གདོན་མི་ཟ།། ཀླུ་རྣམས་འདར་ཞིང་འཁོད་པར་འགྱུར།། ཐལ་བ་ཆུ་བསྲེས་དག་ལ་ནི།། ཉི་ཤུ་རྩ་གཅིག་བཟླས་བྱས་ཏེ།། སེམས་ཅན་གང་ལ་དབང་བསྐུར་ན་གང་བསྐུར་བ་དེ ་བསྲུང་བར་འགྱུར། འབྲུག་རྣམས་དབྱར་ཁ་ཟེར་བའི་ཚེ།། ཉུང་ཀར་དག་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ན་ནི། ཆུ་ལ་ཡང་ལན་བདུན་བཟླས་ནས་ནི།། གནམ་གྱི་སྤྲིན་ཡང་འཆིང་བར་འགྱུར།། དེ་ནས་སྤྲིན ་ལ་བལྟས་ཏེ།། ཉུངས་ཀར་གཏོར་ན། མེ་ཏོག་འབྲས་བུ་ཐམས་ཅད་བསྡུས་ནས་སྟེང་དུ་ལྟུང་། སྔགས་ཀྱིས་བརྗོད་ཅིང་ཁྲོས་པས། ཕཊ་ཅེས་བྱ་བ་ལ་ལན་གསུམ་གྱིས། ཀླུ་ཡི་ཕྲུག་གུ་རྣམས་ཀྱང་ལྟུང་བར་འགྱུར། ཀླུ ་རྣམས་ལུས་ཀྱང་ཞིག་སྟེ་ཐལ་བར་འགྱུར། བལ་པོ་སེའུའི་ཤིང་གི་ལྕགས་མ་ལ། ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་བྱས་ནས་ཏེ། འཁོར་ལོའི་ཚུལ་དུ་ལན་གསུམ་བསྐོར་བྱས་ཏེ། ཀླུ་རྣམས་ཀྱིས་སད་དང་སེར་བ་སྤྲིན ་དང་རླུང་། ས་ལ་ཡང་ནི་མི་ཐབས་སོ།། མགོ་བོ་ཚལ་བ་བདུན་དུ་འགས།། ཤིན་ཏུ་ཁྲོས་པས་བརྒྱ་རྩ་བརྒྱད་བཟླས་ན།། ཀླུ་རྣམས་རིགས་དང་དཔོན་གཡོག་བཅས་ཏེ་ས་ལ་ལྷུང་།། ཀླུ་ཡི་ཁྱིམ་དང་གཞལ་མེད་ཁང་པ ་དང་།། ཆུ་དང་ཤིང་དང་ནགས་ཚལ་བཅས་པ་དག། མེ་ལྕེ་འབར་བ་གཅིག་ཏུ་འགྱུར་བར་ངེས།། ཀླུ་རྒྱལ་ཆེན་པོ་གཟི་བརྗིད་ཆེན་ཡང་།། ཀླུ་ནད་དྲག་པོས་བཏབ་འགྱུར་ཏེ།། གལ་ཏེ་རིགས་འཛིན་གྱིས་ང་ཡིས་མ ་སྐྱབས་ན།། ཀླུ་རིགས་ཐམས་ཅད་ཕུང་བར་འགྱུར།། བུ་དང་ཚ་བོ་འཁོར་དང་གཞོན་པར་བཅས།། རྣམ་པར་འཇིག་པར་འགྱུར་ཏེ་མིག་མེད་པར་འགྱུར། ཆར་མེད་པའི་དུས་སུ་ཉུངས་ཀར་ལ་ཡོངས་སུ་སྟོང་བཟླས་ཏེ། ་ཁྱིམ་ལ་གཏོར་མ་ཐག་ཏུ་ཀླུ་རྣམས་འདར་ཞིང་ཁྱིམ་དང་མཚོ་རྣམས་མེ་ལྕེར་འགྱུར་འདོད་བཞིན་དུ་ཆར་པ་རྒྱུན་ཡང་འབབ། གང་ཚེ་ཆར་པ་འབེབས་འདོད་ན།། ཉུངས་ཀར་དག་ལ་བརྒྱ་རྩ་བརྒྱད ་སྔགས་བཟླས་ལ། མཐོན་པོ་སོང་སྟེ་ཤར་ཕྱོགས་སུ་ཁ་བལྟས་ཏེ། ཆུ་སྙིམ་པ་བདུན་ལ་སྔགས་ལན་བདུན་ཡོངས་སུ་བཟླས་ཏེ། ཤར་ཕྱོགས་དག་ཏུ་གཏོར། རྒྱལ་པོ་ཀུན་ཀྱང་འདུས་ཏེ་ཆར་པའི་རྒྱུན་ཡང་འབེབས། ་སྐྱ་རེངས་དང་པོ་ཤར་བའི་དུས་ཚོད་ན།། ཉུངས་ཀར་གུ་གུལ་ཆུར་བསེས་ལ་ལན་གསུམ་བཟླས་བྱས་ཏེ། ཕྱོགས་མཚམས་གཏོར་ཞིང་སྟེང་འོག་དག་ཏུ་གཏོར།། སད་དང་སེར་བ་རླུང་དང་སྤྲིན་རྣམས་ལ།། འབྲུམ་བུ ་གཅིག་ཀྱང་གཉང་སེམས་མེད་ན།། ཀླུ་མི་སྲུན་པ་ཐམས་ཅད་ཀུན་ཀྱང་བཅིངས་པར་འགྱུར། རྟོག་པའི་རྒྱལ་པོ་ལས། གསང་བསྒྲུབ་ལས་ཕྲན་ཚེགས་རྒྱས་པར་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། །། དེ་ནས་ཕྱག ་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཀླུ་རྒྱལ་ཆེན་པོའི་སྒྲུབ་ཐབས་ཀྱིས།། མངག་གཞུག་ལས་རྣམས་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་པ།། དེ་བར་བླངས་ཏེ་དེ་ཉིད་ལྔ་དང་བསྲེས།། ས་ཏིའི་ཙ་ཀ་དང ་བག་ཕྱེད་དང་། ཐམས་ཅད་བསྲེས་ལ་དགུ་བཅུ་རྩ་གཉིས་བཟླས།། དེ་ནས་སྔགས་བདག་གཟུགས་ཀྱང་གཞག་པར་བྱ།། སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན།། ལུས་བཅུས་སྐྱིལ་མོ་ཀྲུང་དུ་བྱ།། ཐལ་སྦྱར་ནས ་བཀའ་ནོད་པའོ།། ཙན་དན་དཀར་པོ་དང་ནི་གུ་གུལ་ཆུ་ཡིས་བཀྲུ།། གཙང་མའི་སྟེང་དུ་ལེགས་གཞག་ལ།། དར་གྱི་ཅོད་པན་གྱིས་དབང་བསྐུར་རོ།། མེ་ཏོག་གི་ནི་འཕྲེང་བ་གདགས།། དཀྱིལ་འཁོར་གྲུ་བཞི་བྱས་ཏེ ་མེ་ཏོག་སིལ་མ་གཏོར།། བུམ་ཆུ་གང་བ་བཞི་ཡང་མཎྜལ་གྲུ་བཞིར་གཞག། མདའ་བཞི་གཙུགས་ཏེ་བ་དན་དཀར་པོ་བཞི་ཡང་གཞག། མཎྜལ་དབུས་སུ་གཏོར་མ་གཞག་པར་བྱ།། ཟུར་བཞིར་སེང་ལྡེང་ཕུར་པ་བཞི ་ཡང་གཟུགས།། ཚོན་སྣ་ལྔ་ཡི་སྐུད་པས་ལན་ལྔ་བསྐོར།། ཀུན་ལ་ཉི་ཤུ་རྩ་གཅིག་བཟླས་ཏེ་ལས་བྱའོ།། བུམ་པའི་མགུལ་དུ་དར་གྱིས་བཅིང་བར་བྱའོ།། ན་ད་ལ་དང་སྲི་སྲི་ཕོག། རྒྱ་སྤོས་དང་ནི་ཀུ་རུ་ར།། སེན་མོ་ན ་ག་པུས་པ་དང་།། ཡུངས་ཀར་དང་ཤ་ཀར་ལེགས་བསྲེས་ལ།། བརྒྱ་རྩ་བརྒྱད་སྔགས་བཟླས་བདུག་པར་བྱ།། བདུག་བྱས་འདི་སྦྱར་དེ་ནས་རིགས་འཛིན་གྱིས།། ཤིན་ཏུ་ཁྲུས་བྱས་གོས་གཙང་གོན།། དེ་ནས་ནཱ་ག་ཁ ་ནི་ཤར་དུ་བསྟན་ཏེ་གཞག། རིགས་འཛིན་ཀླུ་ལ་ལྟས་ཏེ་དཀྱིལ་མོ་ཀྲུང་དུ་ལེགས་འདུག་ལ།། སྤུ་ཏའི་སྔགས་ཀྱིས་དགུག་པར་བྱ།། གཏོར་མ་མེ་ཏོག་བདུག་པས་སླར་གཏང་ངོ་།། དེ་ནས་རིགས་འཛིན་པ་ཡིས་སྟོང ་རྩ་བརྒྱད་དུ་བཟླས་པར་སྟེ། ཉུངས་ཀར་རེ་རེ་ལ་བཟླས་གཟུགས་ལ་བསྣན་པར་བྱ། མར་མེ་ཁ་བཞི་དག་ཀྱང་བུད་པར་བྱ།། ཀླུ་ཡི་མིང་ཡང་བྲི་བར་བྱ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ནས།། ཀླུ་རྒྱལ ་ཆེན་པོ་དག་ཀྱང་དབང་བསྐུར་འགྱུར།། ཐམས་ཅད་སྟོན་པར་འགྱུར་རོ།། ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། དབང་རྣམས་ཐམས་ཅད་སློགས་པར་འགྱུར་རོ།། རང་གི་སྐྱེ་བོའི་འཁོར་དུ་བཅས་པ ་དང་།། བུ་དང་མ་འཁར་ཚ་བོ་ཐམས་ཅད་དབང་དུ་འགྱུར་རོ།། ཐམས་ཅད་ལས་ཀྱང་བྱེད་པར་འགྱུར།། རང་གི་ཁྱིམ་བཞིན་ཡོངས་སུ་སྐྱོང་བར་འགྱུར།། གཟུགས་དེ་དབེན་པར་གཞག་ལ།། མེ་ཏོག་གདུག་པ ་སྦྱིན།། ལེ་ལོ་མེད་པར་གཞག་ཅིག་མི་མཐོང་བར་བྱེད་དེ།། སུ་ལ་ཡང་ནི་བསྟན་པར་མི་བྱ་སྟེ།། རང་གི་སྤྱོད་ཡུལ་ཤིན་ཏུ་ཟབ།། གཙང་མའི་གོས་ཀྱིས་ལེགས་བཀབ་ལ།། གསང་སྔགས་བཟླས་ཤིང་ཏིང་འཛིན ་གསལ་བར་བྱ།། ནམ་དགོས་ཡོད་པ་དེའི་ཚེ།། ཉུངས་ཀར་དག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བསྣུན།། དགོས་པ་ཐམས་ཅད་བྱེད་པར་འགྱུར།། གར་གཏང་དེར་འགྲོ་ཡང་འོང་བར་འགྱུར།། དགྲ་བགེགས་ཀུན་གྱི ་ལས་འགྱེད་པར་འགྱུར། རྨི་ལམ་དག་ཏུ་ཅི་དགོས་ཐམས་ཅད་སྟོན་ཅིང་ལས་བྱེད་འགྱུར། གང་ཚེ་དུས་མ་ཡིན་པའི་སྤྲིན་དང་རླུང་དང་སེར་བ་དང་། སད་རྣམས་འབྱུང་བའི་ཚེ། སྐེ་ཚེ་འབྲུ་དང་ཉུངས་ཀར་དག་བསྲེས ་ཏེ། བརྒྱ་རྩ་བརྒྱད་དུ་བཟླས་ནས་ཀྱང་། ཁྲོས་པས་ཀླུ་ཡི་གཟུགས་ལ་བསྣུན།། སྐད་ཅིག་དེ་ལ་རླུང་དང་སེར་བསད།། སྤྲིན་ལ་སོགས་པ་མེད་པར་འགྱུར།། ཐམས་ཅད་དུ་ཡང་བཅིང་བར་འགྱུར།། ཟན་པ་བྱུང ་བའི་ཚེ་ཡང་ཡི་གེ་ལེགས་བྲིས་ཏེ།། སྐུད་པ་དམར་པོས་དཀྲིས་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར།། ཀླུའི་ཡུལ་དུ་བཏགས་ལ་སྤྱི་བོར་ཉི་ཤུ་རྩ་གཅིག་བཟླས་བྱས་ལ། སྐད་ཅིག་དེ་ལ་ཆར་གྱི་རྒྱུན་འབེབས་ཏེ།། བསྒྲུབ ་པ་པོའི་འདོད་པ་བཞིན་དུ་ཆར་འབེབས་སོ།། རྟོག་པའི་རྒྱལ་པོ་ལས། ཀླུ་རྒྱལ་མངག་གཞུག་བསྒྲུབ་པའི་ལེའུ་སྟེ་གོ་གཉིས་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་བ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ཀླུ ་རྒྱལ་གཟུགས་ཀྱི་བསྒྲུབ་ལུགས་ཀྱིས།། ལས་རྣམས་ཇི་ལྟར་བསྒྲུབ་པར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག ་ཡིད་ཀྱིས་ཉོན།། ནཱ་ག་ཆེན་པོའི་གཟུགས་དག་བྱ།། སྒྲ་ཚིལ་དག་ལ་ཀླུ་གཟུགས་ནི།། སོར་བཞི་པ་ལ་སྦྲུལ་མགོ་བདུན་མགོ་ལྔ།། གསེར་གྱིས་གཡོགས་ལ་སྟེང་གོས་དཀར་པོས་གཡོགས།། ཕྱི་བསྒྲུབ་སྙིང་པོ་སྤུ་ཏ ་ཡིས།། སྟོང་ཚོ་གཅིག་ཏུ་བཟླས་བྱས་ལ།། མ་ཕུད་བུམ་པ་གསར་པར་གཞུག། ལུས་ལ་གོས་ཀྱིས་དཀྲིས་ཏེ་རྒྱས་གདབ་བོ།། བ་ཡི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ།། ལེགས་པར་འབྲས་ཡོས།། ཉུངས་ཀར་དག ་གིས་གཏོར་བར་བྱ།། བདུག་པས་བདུགས་ཏེ་སྔགས་སྦྱོར་བྱ།། བལ་པོ་སེའུའི་ལྕུག་མ་ལ།། ལན་བདུན་བཟླས་ཏེ་བུམ་པ་ལ།། དལ་དུས་གཞུག་སྟེ་སེར་བ་ཐམས་ཅད་བུམ་པར་འོང་།། ཐམས་ཅད ་དབང་དུ་གྱུར་ཏེ་ཀླུ་ཡི་གཟུགས་ཀྱང་སྒྲ་ཚིལ་ལ།། བྱས་པ་ཀླུ་རྣམས་ཐམས་ཅད་མིང་བྲིས་ལ།། གོང་གི་མིང་བྲིས་རིག་པ་འདི་བརྗོད་ལ།། ཀླུ་དེ་དབང་དུ་ཡང་དག་འགྱུར།། འཁོར་དང་བཅས་པའི་བྲམ་ཟེ ་ཡི།། མདུན་དུ་འདུག་ཅིང་བྲམ་ཟེའི་དགོས་པ་ཐམས་ཅད་བྱེད།། ཀླུ་ཡི་རྒྱལ་པོའི་ཅོད་པན་མ་ཡིན་པར།། ཡུལ་ཡང་ཡོངས་སུ་མི་སྐྱོང་ལོ་ཏོག་དང་།། མེ་ཏོག་འབྲས་བུ་ཆུད་གསོན་དང་།། ཀླུ་དེ་དེ་ཡི་ཁྱིམ་དུ ་སོང་།། ཤིན་ཏུ་ཁྲུས་བྱས་གོས་དག་གཙང་མ་བགོས་བྱ་ལ།། ཉི་ཤུ་རྩ་གཅིག་བཟླས་བྱས་ན།། ཀླུ་དེའི་ཁྱིམ་ནས་བུད་མེད་རྒན་མོ་དག་བྱུང་ཞིང་།། རིག་པ་འཛིན་པ་ཅི་ཚོལ་ཟེར་ནས་ལན་མི་གདབ་པར་རྡོ་རྗེ་ས་ལ ་བརྡབ་ཕཊ་ཅེས་བརྗོད་པར་བྱའོ།། ཀླུ་རྒན་མོ་དེ་དུས་དེ་ཤིའོ་ཤིའོ་ཟེར་ཞིང་ཁྱིམ་དུ་འཇུག། ཁྱིམ་ན་འགྱོད་པ་སྨྲ་བ་མཐོང་།། དེས་སྤྲས་རིག་པ་འཛིན་པ་མཚོ་ཡི་ཁྱིམ་ན་འདུག། དེ་ནས་ཀླུ་རྣམས་སྐྲག་པར་འགྱུར་ཏེ། ་ཁྱེའུའི་གཟུགས་སུ་གྱུར་ནས་རིགས་འཛིན་མདུན་ན་འདུག། ཀྱེ་རིག་པ་འཛིན་པ་ཅི་ཞིག་འཚོལ། རིག་པ་འཛིན་པས་སྔར་སྔགས་རིངས་བརྗོད་པས། ཁྲོས་པས་བལ་པོ་སེའུའི་ལྕུག་མ་ས་ལ་བརྡབ་པ་དང་།། ཀླུ ་ཁྱེའུའི་གཟུགས་ཅན་དེ་ས་ལ་འགྲེ་ལྡོག་ཅིང་།། ཀྱེ་རིག་པ་འཛིན་པ་ཅིག་ཞིག་ཚོལ་ཞིག་ཅེས་སྨྲས་སོ།། རིག་པ་འཛིན་པ་སྙིང་རྗེ་མེད་པར་བྱེད་སྟེ།། བསྒྱེལ་བའི་ཚུལ་བསྒྱེལ་བ་དང་།། འདི་སྐད་ཅེས། ཀྱེ་རིག་པ ་འཛིན་པ་བསྒོ་བ་ཐམས་ཅད་བྱེད་དོ་ཞེས་སྨྲས་སོ།། དེ་ནས་རིག་པ་འཛིན་པ་དེས་འདི་སྐད་བརྗོད་དོ།། དེ་བཞིན་གཤེགས་པའི་དམ་ཚིག་སྲུངས་ཤིག། དགེ་བ་བཅུ་ཟུང་ཞིག། གསུམ་ལ་སྐྱབས་སུ་གཏང་ངོ་།། དེ ་ནས་གསོལ་པ། འཛིན་ཏོ་རབ་ཏུ་འཛིན་ཏོ།། རིག་པ་འཛིན་པ་ཞེས་གསོལ་ཏོ།། འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པའི་དམ་ཚིག་གི་རྗེས་སུ་སློབས་ཅིག། གདོད་ཕུར་བུ་དབྱུང་ངོ་ཞེས་བྱའོ།། འོན་ཏང་ཀླུ ་དེའི་འཁོར་བཅས་ཏེ་གཟིགས་ལ་ཟུག་གོ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་པ་འདི་སྐད་བརྗོད་དོ།། དགེ་བ་བཅུའི་ལས་ཀྱི་ལམ་རྗེས་ལ་སྦྱིན་པར་བྱའོ།། དེ་ནས་ཕུར་བུ་བྱུང་ལ། དེ་ཉིད་དུ་ཁ་ཟས་སྦྱིན་པར ་བྱའོ།། དེ་ལྟར་བྱས་ན་ཀླུ་ཐམས་ཅད་དང་དུ་འགྱུར། རྟོག་པའི་རྒྱལ་པོ་ལས། ཀླུ་རྒྱལ་གཟུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་གོ་གསུམ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ ་ཅན།། བུམ་པ་ཆུ་ཡིས་སྦྱོར་བ་ཡིས།། ནད་སོགས་མ་ལུས་ཞི་བྱེད་པ།། སྦྱོར་བ་མ་ལུས་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ་སའམ་འཁར་བཟངས་གསེར་དངུལ།། ཆུ་སྣ་དགུ་ཡི་ཆུ་ཡང་བླུགས།། དེ་ནས་མཎྜལ་གྲུ་བཞིའི་སྟེང་།། གཙང་མ་རས་ཀྱིས་བུམ་པ་གཏུམ། ཁ་རྒྱན་བུམ་པ་ལེགས་བྱས་ལ།། ནང་དུ་ཕྱག་རྡོར་སྔགས ་བདག་ཀྱང་།། སྔ་མ་ཇི་བཞིན་བསྐྱེད་པར་བྱ།། དེ་ནས་ཉུངས་ཀར་དག་ལ་ནི།། སྔགས་བཟླས་བུམ་པའི་ནང་དུ་བླུགས།། ཉུངས་ཀར་ཁྲོ་ཆུང་དག་ཏུ་སྒོམ།། ཆུ་སྔགས་ཆུར་བྱིན་གྱིས་བརླབ།། དེ་ནད་པའི་སྲིན་ལག ་བུམ་པ་དག་ལ་རྟག་ཏུ་སྦྲེལ།། དེ་ནས་བདག་གཞན་ལེགས་བསྐྱེད་ལ།། བཀའ་བསྒོའི་རིམ་པ་སྣ་ཚོགས་བྱ།། དེ་ནས་ནད་པ་དག་ལ་སྔགས་ཆུས་གདབ།། བྱད་དང་ལུས་པོ་སྔགས་ཆུས་གདབ།། ལག་པའི་ཀྱོར་བས ་ཆུ་བླངས་ནད་པའི་ས་རུ་གདབ།། དེ་ནས་ཏིང་འཛིན་རིམ་པས་ནི།། དེ་ཡི་ཞུ་འདུལ་རིམ་པ་བཞིན།། དེས་ནི་ནད་རྣམས་མ་ལུས་སེལ།། དུག་རྣམས་ཀུན་ཀྱང་འཐོན་པར་འགྱུར།། དེ་ནས་ལུས་ཀུན་ཁྲུས་ཀྱང ་བྱ།། དེས་ནི་མཛེ་དང་ཤུ་བ་དང་།། གཡན་པའི་ནད་རྣམས་ཞི་བར་བྱེད།། རྟོག་པའི་རྒྱལ་པོ་ལས། བུམ་པ་ཆུའི་སྦྱོར་བ་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ ་ལྡན་ཐུགས་རྗེ་ཅན།། སྔགས་བདག་ནས་གཟུངས་སྲིན་པར། ཀླུ་གཉེན་དགེས་པར་མཛད་པ་ཡི།། ཀླུ་བཤགས་རིམ་པ་ཇི་ལྟར་ལགས།། བདག་གིས་མི་འཚར་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དང་པོ་ཕྱག་ན་རྡོ་རྗེ་ལ།། འདི་ལྟར་བཤགས་པར་བྱའོ།། ཧཱུཾ། བདག་ཅག་མཚོར་དབང་གི་ན།། ཟབ་གཞོབ་མི་གཙང་འཁོན་ལ ་སོགས།། བགྱིས་ཤིང་ཁྱེད་ཀྱི་ཐུགས་དང་ཅི་འགལ་བ།། ལྷ་ཚོགས་ཕྱག་ན་རྡོ་རྗེའི་སྐུ་ལ་མཐོལ་ལོ་བཤགས།། ཧཱུཾ། བདག་ཅག་མ་ཚོར་དབང་གིས་ན།། ཟབ་གཞོབ་མི་གཙང་འཁོན་ལ་སོགས།། བགྱིས་ཤིང་ཐུགས ་དང་ཅི་འགལ་བ།། ལས་མཁན་ཆེན་པོའི་སྐུ་ལ་མཐོལ་ལོ་བཤགས།། དེས་བརྩོན་འགྲུས་མཆོག། ཐོས་བསམ་སྒོམ་ལ་རབ་ཏུ་སྦྱངས།། ཀླུ་རྒྱལ་ཆེན་པོ་བསྒྲུབ་ལ་བརྩོན།། སྔགས་དང་གཟུགས་བརྙན་ལ་མོས ་ཤིང་།། ལྷ་བསྒོམ་ཏིང་འཛིན་རྒྱུན་མི་གཅོད།། གང་བྱེད་ལས་ལ་བརྩོན་འགྲུས་ཆེ།། ལུས་དང་ལོངས་སྤྱོད་ཆགས་མེད་གཏོང་།། དེ་ནི་སྐྱེས་བུ་རིན་ཆེན་རིགས།། དེ་ལ་རྒྱུད་འདི་ངེས་པར་གཏད།། རིགས་གསུམ ་མགོན་པོའི་སྤྲུལ་པ་ཡིན།། དེ་ཡང་འཛམ་བུ་གླིང་ན་དཀོན།། འདྲེ། སྦྲུལ་མགོ་བདུན་པའི་སྐུ་ལ་མཐོལ་ལོ་བཤགས། ཁྱེའུ་ཆུང་གཞོན་ནུ་འདྲེ། ཀླུ་ཆེན་བརྒྱད། གཉེན་རྣམས། རིགས་ལྔའི་ཀླུ། ས་བདག་ས་སྲིན་ཀུན ་ལ་རིམ་པས་ཤེས་པར་བྱའོ།། རྟོག་པའི་རྒྱལ་པོ་ལས། ཀླུའི་བཤགས་པའི་ལེའུ་སྟེ་གོ་ལྔ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། སྲིད་གསུམ་སེམས་ཅན་ཕན་བཏགས ་ཕྱིར།། ནང་བསྒྲུབ་སྔགས་ཀྱི་སྦྱོར་བ་ཡིས།། ཀླུ་རྒྱལ་ཆེན་པོའི་སྙིང་སྩལ་ན།། ཕན་བྱ་གནོད་བྱའི་ལས་མཆོག་རྣམས།། རྫས་དང་སྔགས་ཀྱི་སྦྱོར་བ་ཡིས།། ཡ་མཚན་ཆེན་པོའི་ལས་མཆོག ་རྣམས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། དེ་ལ་ཕན་པར་བྱ་བ་ནི།། སྔགས་དང་བསྒྲུབ་པས་ཀླུ ་རྣམས་འཐེམས་བྱས་ནས།། སྔགས་དང་སྨན་རྣམས་ཀྱིས་ནི་ནད་སོགས་ཁོང་ནས་འདོན། ཁུ་བར་ས་ཡན་མཆོག་ཤེས་པ།། དེ་ལ་རྣམ་པ་གསུམ་དུ་ཤེས་བྱ་སྟེ།། བདུད་རྩིའི་ཁུ་བ་ཕྱེ་རྡེ་རོ་ཧེ་ཧེ།། དེ་ཡི་རྒྱུ་ཡི་མཚན ་ཉིད་བསྟན་པ་ནི།། ནག་པོ་ཏི་ཙས་བསྣུན་ན་པུས་ཟེར་ན།། བཙོས་ནས་ས་ལ་བཙུགས་ནས་སྐྱེ་ན་བདུད་རྩི་ཡིན།། དཀར་པོ་སེར་པོ་བརྟག་མི་དགོས་ཏེ་ཤིན་ཏུ་བཟང་།། དངོས་གྲུབ་མང་ན་ར་ས་ཡ་ན་ཐམས་ཅད ་ཡིན།། སྨན་དང་སྔགས་འདི་དག་ལས་ཉེ་བ་མེད།། ཅིའི་ཕྱིར་ན་ཟས་དང་ཀླུ་བསྒྲུབ་ཕྱིར་ཉེ།། ཚེ་དང་སྟོབས་ནི་བདེ་བ་ལ་སོགས་བྱེད།། ཅི་ཕྱིར་གསོ་དང་ཁོང་པའི་སྨན་དང་འབྲས།། མཛེ་དང་རྨ་གཉིས་རེད་པར ་གྱུར་པ་དང་།། རྣག་ཁྲག་འཁྱིལ་དང་གཅིན་ནད་ཉི་ཤུ་སྲོང་།། མ་ཞུ་བ་དང་ནད་ཀུན་སེལ་ཏེ་ཚེ་རིང་སྟོབས་ཀྱང་ཆེ།། དེར་མ་ཟད་དེ་བཞི་བརྒྱ་རྩ་བཞི་ཀུན་ཀྱང་སེལ།། རྣམ་ཤེས་སྒོ་བསལ་ཡེ་ཤེས་ཐམས་ཅད་སལ ་ལེ་མཁྱེན།། མངོན་པར་ཤེས་པ་ལྔ་དང་ལྡན་ཏེ་བྱིན་རླབས་ཤིན་ཏུ་ཆེ།། ཡེ་ཤེས་ཁོང་ནས་འབར་ཏེ་ཕྱི་རོལ་དག་ཏུ་སྨིན།། ས་ལ་མི་འདུག་ནམ་མཁར་འཕུར་ཏེ་ལུས་ཀྱི་བག་ཀྱང་བརྗེས།། དེ་ནི་སྨན་གྱི་ཡོན་ཏན ་ནོ།། དེ་ནས་སྨན་གྱི་སྦྱར་ཐབས་ནི།། ཤུན་ལྤགས་རྩ་བ་མཐོ་དོ་གསིལ་ཏེ་སླར་ལ་སྤངས།། དབུས་ཀྱི་རྒྱུས་པ་ཀུན་མང་དབྱུང་བར་བྱ།། སིངས་པོ་བརྔུབས་ལ་རས་ནི་དག་ཏུ་བཙགས།། འཁར་བཟངས་ཀྱི་ནང་དུ ་གཞག། བརྔུབ་པའི་རྩིགས་མ་གྲིབ་སྐམས་དག་ཏུ་བྱ།། ཕྱེ་མར་བཏགས་ཏེ་ཕུར་ལ་གཞག། ཆུ་སེར་པོའི་རྩི་དང་བསྲེ།། བདག་ཉིད་ལུས་ཀྱང་ཁྲུས་བྱས་གོས་འཇམ་སྟེ།། དབེན་པའི་གནས་སུ་འདུག་སྟེ་སྨན་གྱི་སྦྱོར ་བ་བརྩམས།། དེ་ལ་དང་པོ་སྨན་རྣམས་སྦྱོར་བ་ཙམ་ནི།། ཆུ་དང་ཁུ་བ་འོ་མ་གསུམ།། ཤིན་ཏུ་བསྙམས་ཏེ་བདུ་བ་མར་གྱི་ཆེ་ཆུང་ཚད།། དེས་ནི་བཞི་ཀ་ཅིག་སྟེ་ཤིན་ཏུ་འབར།། དེ་ཡང་མར་གྱི་ངོ་བོར་གྱུར་ནས་སྨན ་སྙིགས་གཏིང་དུ་འགྲོ།། དུ་བའི་ཚད་ཀྱིས་དཔོག་པར་རྒྱལ་བས་གསུངས།། དེ་ནས་བུ་རམ་དག་སྦྱར་ཏེ་ཞག་གསུམ་དག་ན་གཏང་། དེ་ནི་སྨན་གྱི་སྦྱར་ཐབས་སོ།། དེ་ནི་གཏང་བའི་རིམ་པའོ།། སྤྱིར་ན་བཟའ་ཤིང་ཁུ ་བ་སྦྲང་རྣམས་གཏང་།། རོ་ཧེ་དག་ཀྱང་བཟའ་ཞིང་ཁམ་ཕྱེ་དག་ཀྱང་བཟའ།། འོ་མ་ཞོ་ཡིས་བསྔལ་ཞིང་འཁྱིལ་བའི་ཁ་ལེན་བྱ།། དེ་ནས་ཟླ་དྲུག་བསྒྲུབ་བྱས་ན།། ནམ་མཁར་འཕུར་ཞིང་མངོན་ཤེས ་དྲུག་དང་ལྡན།། གང་བསྒྲུབ་ལྷ་ཡང་ཉེ་ཞིང་གཞན་གྱི་སེམས་ཀྱང་ཤེས།། ན་བ་མེད་ཅིང་རྩ་བ་མེད།། འཆི་བ་མེད་ཅིང་རྒས་པ་མེད།། ལུས་ཀྱི་པགས་པ་དག་ཀྱང་བརྗེས་ནས་ཤིན་ཏུ་བཀྲག། གཏིང ་ནས་འཇམ་སྟེ་བུ་ཆུང་བཞིན།། བྱུང་བའི་སོ་ལ་སེའུ་ཡང་སྐྱེ་བར་འགྱུར།། ཀླུ་རྣམས་ཀྱང་བྲན་དང་ཕོ་ཉ་བྱེད།། ལྷ་རྣམས་ཀུན་ཀྱང་གཟིགས་ནས་རྩེ་འཇོ་མཛད།། མི་རྣམས་ཀུན་གྱིས་མཐོང་ནས་དད་པ་སྐྱེད།། དེ ་ནི་སྤྱིའི་གྲུབ་པའོ།། དེ་ནས་བྱེ་བྲག་ནད་པའི་གཏང་ཐབས་ནི།། ནང་བསྒྲུབ་སྔགས་ཀྱིས་ནད་པའི་སྨན་ལ་གདབ།། ནང་པར་ལྟོ་སྟོང་དག་ལ་ཁྱིམ་དུ་འཕེལ་འགྲིབ་གཏང་།། དེ་ནས་ཉི་མ་དྲོས་ཀྱིས་དུས་ཚོད ་ལ།། ལུས་པོ་མཐའ་དག་བཀྲུས་ཏེ་སྨན་བརྩིགས་དག་གིས་བསྐུ་མཉེ་བྱ།། དེ་ནས་བསྟན་དང་སྟེང་འོག་གོས་ངན་མ་འཐུལ་ཤ་སྟན་དག། སླད་མ་མལ་ཆ་མང་སྟེ་སེར་བུ་ཚོར་མི་སྲིད།། དེ་ནས་ཚད་ལྡན་འདུག་སྟེ ་ཕྱེད་འདོན་པའི་སྨན།། དཀྲུགས་ཏེ་ཤིན་ཏུ་དཀྲུག་ཏེ་ཁོང་དུ་གཏང་།། དེས་ནི་བཅུང་ལོན་ཉི་མའི་ཕྱོགས་དེ་ཡི།། བ་སྤུ་དག་ནས་ཆུ་སེར་ནད་རྣམས་དངོས་སུ་འབྱུང་།། དེ་ལྟར་ནང་གཅིག་བཞིན་དུ་སྨན་རྣམས་ཁྱིམ་བུ ་རེ་རེ་བསྐྱེད།། དེ་ལྟར་བྱས་ན་ནད་རྣམས་ཀུན་ཀྱང་ཐོན།། མཛེ་དང་ཚ་རོ་ཤུ་བ་རྐང་པོ་མཐའ་དག་ལ།། གཏང་བས་འཚོ་བར་གདོན་མི་ཟ།། དེ་ལྟར་སྨན་རྣམས་གཏང་བའི་ཚེ།། རྟགས་ཀྱང་ཡང་དག་འབྱུང་བར ་འགྱུར།། དང་པོ་ཉམས་དགའི་རྨི་ལམ་བཟང་པོ་འབྱུང་།། དེ་ནས་ལུས་ཡང་དེ་ནས་འཁྲུ།། དེ་ནས་པ་སྤུ་དང་སྐྲ་ཡང་འབྱི།། དེ་ནས་རློག་པ་སྲས་མོ་དག་ཀྱང་འཇུས།། དེ་ནས་གཉེར་མ་མེད་དེ་གཞོན་ནུར་འགྱུར།། དེ ་ནས་འཕགས་ཏེ་མཇུག་ཏུ་གནམ་ལ་འཕུར།། བཟའ་བའི་དམ་ཚིག་བག་ཆགས་པས་ས་དང་གནམ་གྱི་དངོས་གྲུབ་བདག་ལ་འབྱུང་།། བདུད་རྩི་འདི་ནི་སུས་ཟོས་པ།། དངོས་གྲུབ་ཚེ་འདི་དག་ལ་སྟེར།། རྡོ་རྗེ་སེམས ་དཔའི་ཚེ་སྒྲུབ་ཡིན།། དཔེར་ན་ཀླུ་རྣམས་སྨན་གྱིས་གསོ་བའི་ཚེ།། ལུས་རྒྱལ་ནད་མེད་ལོངས་སྤྱོད་ཆེ།། ཡིད་གཞིན་ནོར་བུ་ཡོད་པ་སྨན་གྱི་མཐུ།། དེ་བཞིན་ར་ས་ཡ་ན་ཟོས་པ་ཡིས།། ལོངས་སྤྱོད་ཡོན་ཏན་གོང ་འདྲའི་མཐུ་མང་འབྱུང་།། ཤིང་རྣམས་ལ་ཡང་ཆུ་གཏང་མེ་ཏོག་འབྲས་བུ་སྐྱེ།། དེ་བཞིན་ར་ས་ཡ་ནའི་ནུས་མཐུ་ཡིས།། ལུས་དང་དབང་པོ་རྣམས་ཀྱང་རྒྱས་པར་འགྱུར།། མེ་ཏོག་ལ་གསིལ་བའི་ཆུས།། བདུད་རྩིའི་ཆུ ་སྟེ་མེ་ཏོག་རབ་ཅིག་མཚན་མོ་ཁ་ཡང་འབྱེ།། དེ་བཞིན་ར་ས་ཡ་ན་སྦྱར་ནས་མེ་ཏོག་རྒྱས།། ལོ་ནི་ལྔ་བརྒྱའི་བར་དུ་རྒས་པ་མི་འབྱུང་ཞིང་།། བཅུ་དྲུག་ལོན་པའི་གཞོན་ནུ་འདྲ།། འཕགས་པ་འཇམ་དཔལ་ཚེ་དང་འདྲ ་བཔབར་གསུངས།། རོ་ཧེ་བཟའ་ཞིང་གམ་ཕྱེ་སྐམ། ཁུ་བ་སྦྲང་དང་བ་མར་འོ།། དེ་རྣམས་བཏུང་ཞིང་བུ་རམ་བསྟེན།། ཤིན་ཏུ་གྲུབ་ནས་ཙམ་པ་དག་ཀྱང་སྤང་།། དེ་ལྟར་སྦྱོར་བ་ཟབ་མོ་ནི།། འཇིག་རྟེན་གསུམ་ན་རྙེད ་པར་དཀའ་བ།། སངས་རྒྱས་ཀུན་གྱི་སྤྱི་ཐུན་ཡིན།། མཛེ་ནད་དག་ནི་ཤིན་ཏུ་བཟློག། རྟོག་པའི་རྒྱལ་པོ་ལས། སྨན་བཅུད་ལེན་སྦྱར་བར་ནད་གོས་པའི་ཐབས་ཀྱི་ལེའུ་སྟེ་གོ་དྲུག་པའོ།། །། དེ་ནས ་ཡ་མཚན་ལས་དག་བཤད།། ནཱ་ག་བྱི་སྲམ་བྱ་བའི་པགས་པ་རུ།། ཉམས་པ་དགྲའི་མིང་བྱང་དང་།། དྲི་ཆེན་དག་ལ་གཟུགས་བྱ་དོག་པ་ལྔ་ཡིས་བཅིངས།། དམ་པར་བཀྱིག་རྟེ་དཔྱང་ལ་གཏགས་ཤིང་ནང ་བསྒྲུབ་སྔགས་ཀྱིས་བྲབ།། དེས་ཀྱང་གདོན་མི་ཟ་བར་སྤོས་ནས་འཆི།། རྫས་ལ་བྱ་བས་སྐུད་བུ་རུ།། གང་ལ་དམིགས་པའི་དྲི་ཆེན་གཟུགས།། སྤྲེའུའི་རྒྱུས་པས་ཁ་བཅིངས་ན།། སྤྲོས་ནས་འཆི་བར་གདོན་མི་ཟ།། བྱི ་བ་ཟེང་ངའི་སྐུད་བུ་རུ།། གང་གིས་དམིགས་པའི་དྲི་ཆེན་གཞུག། རྩངས་པའི་འོག་དང་སྡིག་པའི་རྩེར།། བཅུག་ལ་ནང་བསྒྲུབ་སྔགས་བཟླས་ན།། ཞག་བདུན་དག་གིས་རྒྱུ་མ་འགོངས་ནས་འཆི།། མ་ཡོས་སྐུད་བུར་དྲི ་ཆུ་བླུགས།། སྟག་ཤ་བཅུག་པས་དབང་པོ་ཀུན་ཀྱང་འཆི།། ནང་བསྒྲུབ་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས།། གདོན་མི་ཟ་བའི་ལས་ཡིན་ནོ།། རྫ་གསར་ནང་དུ་ཉམས་པའི་དྲི་ཆེན་གཞུག། སྡིག་པའི་རོ་ཡིས་ངེས ་པར་སྟེང་ནས་དགབ།། གཉན་སར་བཅུག་ན་ཟླ་དུས་སུ་མཛེ་འོང་།། ནང་བསྒྲུབ་སྔགས་ཀྱི་འཛུད་དཀར་རྒྱ་མཚོ་ལས།། དུར་ཁྲོད་ས་ལ་འཁོར་ལོ་བྲི།། གཡམ་པས་ཁ་གཅད་ས་གཉེན་སར།། དམིགས་པ་སྡིག་པ་ལྷོ ་སྦྱར་ཏེ།། དེ་ཉིད་བར་དུ་མིང་བྱང་བྲི།། གཟེ་མའི་ཚེར་མས་ཁ་རུ་གཞུག། ནང་བསྒྲུབ་སྙིང་པོ་བརྒྱ་རྩ་བརྒྱད་དུ་བཟླས།། བདག་གཞན་བསྐྱེད་ཅིང་ཀླུ་རྒྱལ་ལས་ལ་གཟུད།། དབུགས་མི་བདེ་བར་འཆི་བར་ངེས།། རྒྱ ་རྫ་དཀར་པོ་ཁ་སྦྱར་དུ།། དམ་ཉམས་དགྲ་བོའི་གཅིན་རྟུག་ལ་སོགས་བླུག་པའི་སྟེང་དུ་སྦལ་པའི་རོ།། སྡོམ་གྱི་རོ་དང་སྡིག་ནག་རོ།། སྦྲུལ་གྱི་རོ་རྣམས་ལེགས་གཞག་ལ།། གཉན་སར་སྦས་ནས་ནང་བསྒྲུབ ་བཟླས།། དེས་ཀྱང་ངེས་པར་མཛེ་རུ་འགྱུར།། སྲེ་མོ་ཤི་བའི་ཐོད་པར་དམ་ཉམས་ཀླད་པར་ལྡན།། དེ་ཡི་ནང་དུ་ཁོ་ཡི་རྟུག་པ་གཅིན།། ལུས་ཀྱི་དྲི་མ་ལེགས་བླུག་ལ།། གོས་ཀྱི་དུམ་བུས་ཁ་གཅད།། སྦལ་པ་གཉིས ་ཀྱིས་རོས་ཁ་གཅད་ལ།། གཉན་སར་བཅུག་ལ་ནང་བསྒྲུབ་བརྒྱ་རྩ་བརྒྱད་བཟླས།། རིངས་པོ་མི་ཐོགས་མཛེ་རུ་འགྲོ་བར་ངེས།། ནུབ་མོ་སླ་བའི་བྲུན་དང་བ་ཚ་དང་།། སླ་ངར་རྡོས་ལ་ཐལ་བར་བྱ།། མེ་མར་གང་བྱེད ་ས་ལ་བསྐུས་ནས་ནི།། མར་མེ་གཏང་ལ་བལྟ་བར་བྱ།། སུས་ལྟས་པ་དེ་ཡོང་བར་འགྱུར།། བུད་མེད་གཅིན་གཏང་ས་བླངས་སླ་ངར་བླུག། ཆུ་ཡིས་འདག་པ་བྱས་ཏེ།། མོ་མཚན་གཟུགས་བྱས་གདུག་པའི་ཚེར་མས ་བཙུགས།། ཤིན་ཏུ་སྐྲངས་ནས་འཆི་བར་འགྱུར།། ནང་བསྒྲུབ་སྔགས་བཟླས་གོང་དང་མཐུན།། དམ་ཉམས་དགྲ་ཡི་སྒྲ་དང་སྣབས་ལ་སོགས།། གཉེན་ས་འདག་པ་བསྲེས་ནས་ནི།། ཤིན་ཏུ་ལེགས་པའི ་ལིང་ག་བཅའ།། སྡིག་པའི་ཚེར་མས་ལུས་པོ་བསྡམས།། ས་བདག་ཡོད་ངེས་གནས་དག་ཏུ།། ནང་བསྒྲུབ་བཟླས་པ་བྱ་ཞིང་ལེགས་གཞག་ལ།། ཞག་བདུན་དག་ཏུ་མཛེ་རུ་འགྱུར།། དེ་ལྟར་སྦྱོར་བ་ཟབ ་མོ་ཡིས།། སངས་རྒྱས་ཀྱིས་ཀྱང་མི་བརྙེས་སོ།། རྟོག་པའི་རྒྱལ་པོ་ལས། མངན་ཐམས་ཀྱི་ལེའུ་སྟེ་གོ་བདུན་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། གསང་བསྒྲུབ་ནང ་བསྒྲུབ་ཕྱི་བསྒྲུབ་ཀྱིས།། བསྲུང་བ་ཆེན་པོ་ཇི་ལྟར་བགྱི།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ཤིན་ཏུ ་དབེན་པའི་ས་དག་ཏུ།། མཎྜལ་སྟེང་དུ་བ་ལིང་གཉིས།། གཞག་ལ་གསང་བསྒྲུབ་བཟླས་པ་བྱ།། དེ་ནས་ཕྱི་བསྒྲུབ་ནང་བསྒྲུབ་ཀྱི།། བསྙེན་པ་དག་ཀྱང་འབུམ་ཚོ་བསྐུལ།། རས་སམ་གྲོ་ག་ཤོག་བུ་ལ།། དང་པོ་འཁོར ་ལོ་རྩིབས་བཞི་བྲི།། དེའི་རྒྱབ་ཏུ་འཁོར་ལོ་རྩིབས་བརྒྱད་བྱ། དེའི་རྒྱབ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་བྱ། དེའི་རྒྱབ་ཏུ་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་བྱ། འཁོར་ལོའི་ཕྱི་རིམ་མེ་རིས་བསྐོར།། མེ་རིའི་ཕྱི་རིམ་རྡོ་རྗེ ་ར་བའོ།། དེ་ལ་དང་པོ་སྤུ་ཏ་རྒྱབ་ཏུ་བྲི།། གཉིས་པ་དག་ལ་ནང་བསྒྲུབ་སྙིང་པོ་བྲི།། གསུམ་པ་དག་ལ་གསང་བསྒྲུབ་སྙིང་པོ་བྲི།། བཞི་པ་དག་ལ་སྔགས་རིངས་བྲི་བར་བྱ།། དབུས་སུ་བགེགས་ཀྱི་སྙིང་པོ་བྲི་བར ་བྱ།། དེ་ལྟར་འཁོར་ལོ་ལེགས་བྲིས་སྔགས་ཀྱི་ཤམ་བུ་ཆེ་གེ་བསྲུངས་ཀྱང་བྲི།། དེ་ནས་ཐོད་པ་ངན་པའི་ནང་དུ་འཁོར་ལོ་ལེགས་བཅུག་ལ། ཁ་ནས་ཐོད་པ་གཅིག་གིས་དགབ་པར་བྱ།། དེ་ནས་མན་འཛིའི་ཁ་རུ་ཐོད ་པ་ལེགས་གཞག་ལ།། དེ་ནས་བསྒྲུབ་པ་རྣམས་ཀྱང་བརྩམ་པར་བྱ།། བདག་གཞན་བསྐྱེད་རྫོགས་གཞན་དང་མཐུན།། བཀའ་བསྒོ་རིམ་པ་བདག་གིས་ལེགས་བསྲུངས་བྱ།། དེ་ནས་དང་པོ་ནང་གི་སྔགས་གཉིས ་འབུམ་ཚོ་བསྐྱལ།། དེ་རྟིང་གཉིས་པའི་སྔགས་གཉིས་སྟོང་ཚོ་བསྐུལ།། དེ་རྟིང་གསུམ་པའི་སྔགས་ལའང་སྟོང་ཚོ་བསྐུལ།། དེ་རྟིང་བཞི་པའི་སྔགས་ལ་བརྒྱ་ཚར་བསྐྱལ།། འཁོར་ལོའི་ཕྱི་རིམ་དག་ཏུ་སྔགས་བདག ་གཟུགས་ཀྱང་བྲི།། དེ་ནས་བགེགས་གནོད་པའི་ཐེམ་པ་དག་ལ་ནི།། ཐོད་པ་གཉིས་བལ་ཚོན་སྣ་ལྔས་དཀྲིས་ཏེ་བཏགས་ན།། དེ་ནི་བགེགས་དང་འབྱུང་པོ་མི་མ་ཡིན།། གནོད་སྦྱིན་སྲིན་པོ་ས་བདག་ཀླུ་གཉེན ་ཚོགས།། ཀུན་ཀྱང་འབྲོས་ཏེ་རླག་པར་འགྱུར།། ཀླུའི་གནས་སུ་གཞག་ན་ཀླུ་རྣམས་རྡུལ་དུ་རློག། བགེགས་གནོད་དག་གི་སྐེ་རུ་འཁོར་ལོ་དྲིལ་ཏེ་བཏགས་ན་ངེས་པར་འཚོ་བར་འགྱུར། གལ་ཏེ་བན་དེ་དམོད་མོ་བྱེད ་ན་གནས་ཀྱི་སྒོར་བཏགས་ན། དེས་ཀྱང་བཟློག་སྟེ་ཤིན་ཏུ་ཚུགས་མི་འགྱུར། དེ་བཞིན་བསམ་པ་ཐམས་ཅད་འགྲུབ་སྟེ་མཆོག་ཏུ་བྱིན་ཡང་ཆེ། རྟོག་པའི་རྒྱལ་པོ་ལས། བསྲུང་བ་ཆེན་པོས་བགེགས ་བཟློག་པའི་ལེའུ་སྟེ་གོ་བརྒྱད་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། དྲག་པོ་བརྩེགས་པའི་འཁོར་ལོ་ཡིས།། དགྲ་བགེགས་མ་ལུས་ཇི་ལྟར ་འདུལ།། བདག་གི་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། རས་སམ་ཤོག་བུ་གྲོ་ག་ལ།། དང་པོ་གྲུ་གསུམ་བཅུ་དྲུག ་བྲི།། དེ་ནས་གྲུ་གསུམ་བརྒྱད་པ་བྲི།། དེ་ནས་གྲུ་གསུམ་བཞི་པ་བྲི།། དེ་ནས་གྲུ་གསུམ་གཅིག་པ་བྲི།། དེ་ནས་དང་པོ་དག་ལ་སྔགས་དང་ཤམ་བུ་བརྒྱ་དང་བཅུ་དགུ་བཏགས་པ་བྲི། གཉིས་པ་དག་ལ་གསང་བསྒྲུབ། ་ཤམ་བུ་བརྒྱ་དང་བཅུ་དགུ་བཏགས་པ་བྲི། གསུམ་པ་དག་ལ་ཉེ་སྙིང་ཤམ་བུ་བརྒྱ་དང་བཅུ་དགུ་བཏགས་ལ་བྲི།། བཞི་པ་དག་ལ་སྤུ་ཏའི་སྔགས་དང་ཤམ་བུ་བརྒྱ་དང་བཅུ་དགུ་བཏགས་ལ་བྲི། དབུས་སུ་བགེགས་ཀྱི ་མིང་བྱང་བྲི།། གྲུ་གསུམ་མཐའ་ལ་སྦྲུལ་བཞི་དག་གིས་བསྐོར།། དེ་ནས་གོང་བཞིན་བསྒོམ་བྱས་ལ།། མཎྜལ་སྟེང་དུ་འཁོར་ལོ་གཞག། དེ་ནས་བཟླས་པ་དག་ཀྱང་བྱ།། དང་པོ་སྔགས་རིངས་དག་ལ་བཅུ་ཚོ་རེ།། དེ ་ནས་གསང་བསྒྲུབ་དག་ལ་ཉི་ཤུ་རེ།། དེ་ནས་ཉེ་སྙིང་དག་ལ་བཞི་བཅུ་རེ།། དེ་ལྟར་བཟླས་པ་ཉུངས་ཀར་མིང་བྱང་ལིང་ག་དག་ལ་བྲབ།། ཏིང་ངེ་འཛིན་གྱིས་བགེགས་ཀྱང་སྔགས་ཀྱིས་འོད་ཀྱིས་ཁུགས་པར ་བསམ།། དེ་ལྟར་སྦྱོར་བ་ཟབ་མོ་འདི།། ཟླ་བ་ཕྱེད་དུ་མ་གཅད་ན།། བརྒྱ་བྱིན་ལྟ་བུའང་འཆི་འགྱུར་ན།། དམ་ཉམས་དགྲ་བགེགས་སྨོས་ཅི་དགོས།། འཇིག་རྟེན་སུམ་ན་རྙེད་པར་དཀའ།། རྟོག་པའི་རྒྱལ་པོ་མཆོད ་རྟེན་གྱི་རྒྱུད་ལས། དྲག་པོ་རྩེ་མོས་བགེགས་འདུལ་བའི་ལེའུ་སྟེ་གོ་དགུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ལས་རྣམས་ཐམས་ཅད་རྒྱུད་རྣམས་ཀྱིས།། གདམས་པའི ་རིམ་པ་ཇི་ལྟར་ལགས།། བདག་གིས་མི་འཚལ་བཤད་དུ་གསོལ།། ལེགས་སོ་དཔལ་ལྡན་ཕྱག་ན་རྡོ་རྗེ། ཁྱོད་ལ་ང་ཡིས་བཤད་པར་བྱ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། རྒྱུད་རྒྱལ་མཆོད་རྟེན་ལས་རྒྱུད ་འདི།། སེམས་ཅན་ཀུན་གྱི་ཡིད་བཞིན་ཡིན།། ཟབ་མོ་སྔགས་ཀྱི་སྦྱོར་བ་ཡིན།། ལྷ་དབང་རང་ངམ་ཡང་ན་ནི།། དེ་དང་མཚུངས་པའི་རིགས་འཛིན་མཆོག། བླ་མ་ལ་གུས་རིན་ཆེན་རིགས།། ཞབས་རྡོལ་མེད་དེ ་གསང་ཚིག་ཐུབ།། ཟབ་མོའི་སྦྱོར་བ་བྱེད་ལ་བརྩོན།། དམ་ཚིག་སློབ་དཔོན་གྲོགས་ལ་སྲུན།། གང་འཇུག་ཆོས་ཀྱི་དབང་ཡང་བསྐུར།། སྒྲོ་སྐུར་མེད་ཅིང་དད་པ་ཆེ།། ཤེས་རབ་མིག་ལྡན་དེ་ལྟར་མ་གྱུར་སྣོད་ངན ་ལ།། ནམ་ཡང་སྦྱིན་པར་མི་བྱ་སྟེ།། མནར་མེད་དམྱལ་བར་ལྟུང་བར་འགྱུར།། དེ་བས་རྒྱུད་འདི་རབ་ཏུ་དགབ།། སྤྱིར་ན་ཟབ་མོའི་རྒྱུད་མཆོག་འདི།། ལས་མང་བསྒྲུབ་དོན་མ་འབྱུང་ཡང་། ཁྱད་པར་ཀླུ་ཆེན་ལས ་རིགས་ཡིན།། ཕན་འདོགས་གནོད་རིགས་སྦྱོར་བ་ཡིས།། ན་གའི་ལས་མཆོག་འདི་རུ་རྫོགས།། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་ཁྲོ་བོའི་ཚོགས་དུ་མ་དང་། སྔགས་བདག་ལ་སོགས་ཏེ་ཀླུའི་རིགས་དུ ་མ་ཡང་ཤིན་ཏུ་ཡིད་དགའ་སྟེ་གསོལ་བ་བཏབ་བོ།། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན།། ལས་མཆོག་འབུམ་སྡེའི་གདམ་ངག་འདི།། ཡེ་ཤེས་ཐུགས་ལས་སེམས་ཅན་དོན་ཕྱིར་སྤྲོས།། ལས་དང་རྐྱེན་དུ་འཛོམ་ནས ་སངས་རྒྱས་བཀའ་མི་སླུ།། བདག་ཅག་འཁོར་དང་བཅས་པའི་ཀླུ་རྣམས་ཀྱང་།། དེ་ལ་འགོ་ཞིང་གསང་སྔགས་ནུས་ལྡན་འགྱུར།། ཞེས་གསུངས་ནས་འཁོར་རྣམས་རབ་ཏུ་དགའ་སྟེ། ཡིད་མཐུན་པའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་སོ།། རྟོག་པའི་རྒྱལ་པོ་མཆོད་རྟེན་གྱི་རྒྱུད་ལས། གདམས་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །། རྫོགས་སོ།། འཕག་པ་རྟོག་པའི་རྒྱུད་ལེ་འདི། འགྲོ་ལ་ཕན་པའི་རིན་ཆེན་ནོར་བུ་འདི།། སེམས་ཅན ་དོན་ཕྱིར་སྒྲ་དང་ཡི་གེའི་བརྡ་བསྒྱུར་བས།། བདག་ཀྱང་ཕྱག་ན་རྡོ་རྗེའི་སྐུ་ཐོབ་ཤོག། རྒྱ་གར་གྱི་མཁན་པོ་བཙུན་མོ་ཅན་དང་།། བོད་ཀྱི་ལོ་ཚ་བ་བླ་མ་ལེང་སྟོན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། བཀའ ་གསང་སྦས་པའི་རྒྱུད་མཆོག་འདི།། འཛམ་གླིང་མི་ལ་ཕན་གདགས་ཕྱིར།། བཅོམ་ལྡན་ཤཱཀྱ་ཐུབ་པས་གསུངས།། སྡུད་པ་ཕྱག་ན་རྡོ་རྗེས་སྡུད།། ཚ་བ་ཐང་གི་མཆོད་རྟེན་མཛེས་པར་གཞག། ཀླུ་ཡིས་བསྟན་པ་འཛིན ་པའི་ཚེ།། སངས་རྒྱས་བསྟན་པ་དེར་ཡང་ཚུགས།། དེ་ནས་རིམ་གྱི་བརྒྱུད་པ་འདི།། འཕགས་པའི་སྐུ་སྤྲུལ་པ་ཎ་ཏ་བཙུན་མོ་ཅན།། ཟབ་མོ་འདི་ལ་རྨོངས་པའི་གདམ་པའི་རྒྱུད་མཆོག་འདི།། བོད་ཀྱི་བླ་མ་ལེང་སྟོན་ལོ ་ཚ་བས།། རིན་ཆེན་ཆབ་གསེར་གཞོང་པ་བཀང་ནས་ཕུལ།། ཐུགས་ཀྱི་སྒོ་ལྕགས་བཀྲོལ་ནས་པན་ཏ་ཆེན་པོས་གནང་།། དེ་ཡང་ཤངས་ཀྱི་གཙང་བ་རས་སྒོམ་གྱིས།། ལེང་སྟོན་ཞབས་དྲུང་འཁོར་ནས་རྒྱུད་མཆོག ་གཏད།། བོད་ཡུལ་འཕེལ་གྱི་དོགས་ནས་རྒྱུད་མཆོག་གཏེར་དུ་སྦས།། དེ་ནས་ཤངས་ཀྱི་ཇོ་སྲས་དར་གྲགས་ལ།། བསྒོམ་མོ་སྦས་པ་སྟོན་ནས་བསྟན།། དེ་ནས་ཇོ་སྲས་དར་གྲགས་ཀྱིས།། དགེ་བཤེས་ཁྱུང་པོ་རྡོ ་གཤེར་ལ་གནང་།། དེ་ནས་ཁྱུང་པོ་ལ་འཁུན་སྟོན་དར་སྙིང་ལ་གནང་། དེ་ནས་འཁུན་སྟོན་ལ།། དེ་ནས་མར་སྟོན་ལ། དེས་མདའ་མི་དར་མ་འབར་ལ་གནང་བ་ལགས་སོ།། སྟྲཱི། རྫོགས་སོ།། ། སྔོན་སངས་རྒྱས་ཀྱི ་བསྟན་པ་ལ། མུ་སྟེགས་ཀྱི་དགྲ་བོ་གསུམ་བྱུང་སྟེ། དགྲ་ཐ་མ་ལ་ཕན་པའི་ཐབས་ལྔ་བརྒྱ་གྲོས་བྱེད་ཅིང་འདུག་པས། སློབ་དཔོན་གསང་པ་ནཱ་ག་གཏེས། ཚངས་པ་ཀླུ་གཉེན་གྱི་གནས་སུ་ཁམས་སེང་དུ་བྱོན་པ་ལ། ་བསེའི་བཀའ་བ་དམར་པོའི་རྩར་དགོད་པ་བྱེད་ཅིང་འདུག་པ་ལས། ཀ་བའི་ནང་ནས་ལྕགས་ཀྱི་སྦལ་པ་ཁ་དགུ་མིག་དགུ་པ་མགོ་དགུ་པ་གཅིག་བྱུང་ནས། རང་ཤ་རང་ཟ་རང་ཁྲག་རང་འཐུང་ཞིང་འདུག་པ་ལས།། ་མཐིང་གི་ཤོག་བུ་ལ་གསེར་གྱི་ཡི་གེ་བྲིས་པ་གཅིག། རང་ལ་ནི་རང་བཟློག། རང་ལ་ནི་རང་ཤེད་ཅིག་འདུག་པ་ལ། སློབ་དཔོན་གྱིས་དབུགས་ཐུམས་ཐུམས་བྱེད། ཡི་དམ་གྱི་ལྷ་ལ་གཏོར་མ་ཞག ་གསུམ་གཏང་ནས། སངས་རྒྱས་ཀྱི་བསྟན་པ་བསྲུན་པ་ཅིག་ཡིན་ནམ་སྙམ་ནས་གཟིགས་པས། ལྕགས་ཀྱི་སྦལ་པ་ན་རེ། ང་ནི་ཀླུའི་རྒྱལ་པོ་སོག་མ་མེད་ཅེས་བྱ་བ་ཡིན་ཏེ། སྔོན་ཡང་སྲོག་དང་དབུགས་ལ་དབང ་སྦྱར། ད་ལྟའང་སྲོག་དང་དབུག་ལ་དབང་སྐུར་ཟེར་ནས། དེར་སློབ་དཔོན་གྱི། ཀླུའི་རྒྱལ་པོ་སོག་མ་མེད་དེ་དམ་ལ་བཏགས་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་པར་གདམས་སོ།། ཀླུའི་རྒྱལ་པོ་སོག་མ་མེད ་དེས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་དམ་བཅས་སོ།། །། དང་པོ་སྔགས་བདག་མདུན་གནས་པ་དེས། སྔགས་བདག་ནད་པ་ལ་བསྟིམ་ལ། ནད་པ་སྔགས་བདག་དངོས་སུ་བསམས་ལ། དྲག་སྔགས་གསང་སྔགས་གནན ་། གྱིས་བརྡེགས་ཏེ། ཨོཾ་ཧཱུཾ་ཧཱུཾ་མ་ཧཱ་ཀྲོདྷ། སྥོ་ཏ་ཡ་ཧཱུཾ་ཕཊ། ཀྲོ་ཏ་ར་ཙ་ལི་རྦུད། ན་ག་ནཱ་ག་སྠ་ཏ་སྠ་ཏ་ཆོམ་གེལ་དུམ་ཆུག་ཆུམ་རྦུད། མ་ཧཱ་རག་ཤ་ཀྲོ་དྷ་བིག་ནན་ཡ་ཐུམ། མཱ་ར་ཡ་རྦུད་ཆེམ་གློགས་སརྦ་སྭཱ་ཧཱ། ལྔ་བཅུ་རྩ་གཅིག་དྲག་སྔགས ་མཆོག། དགྲ་བགེགས་རྣམས་མ་ལུས་རླག་པར་བྱེད།། ཚིག་པར་ལྷག་ཆད་བྱུང་ན་ནུས་པ་ཉམས། ཆད་ལྷག་ནོར་དང་གསུམ། མ་རིག་འཁྲུལ་དང་བཞི། ཀླུ་རྒྱལ་སྐུ་བཟོད་པར་གསོལ།།་