CLOSE WINDOW

Gpb052.012: dpal zla gsang bag po rgya mtsho dug ri kha yak+Sha 'khor lo nag po gsang ba'i rgyud
Wyliee-texts produced with BDRC’s OCR application

ནས་བཀའ་ཡི་རྒྱས་བཏབ་པས།། སྒྱུ་མའི་ཕུང་པོ་འདི་དང་འགྲོགས་ནས་ས་ཡི་གཏེར་དུ་འཆི།། རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ཤྲི་ཙནྡྲ་གུ་ཧྱ་ཀརྨྨ་ས་མུནྟ་ཧ་ལ་ཙ་མ་རི ་ཡཀྵ་ཙཀྲ་ཀཱ་ལ་གུ་ཧྱ་ཏནྟྲ། བོད་སྐད་དུ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡཀྵ་འཁོར་ལོ་ནག་པོ་གསང་བའི་རྒྱུད། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས ་པའི་དུས་གཅིག་ན།། ལྷོ་ཕྱོགས་གཤིན་རྗེའི་གནས་རྒྱ་མཚོ་དུག་རི་ཁ་ཞེས་བྱ་བ་ན། དུག་མཚོན་ནག་པོ་རབ་ཏུ་འཇིགས་པ། རླུང་ནག་རྡོ་རྗེ་རྒྱ་གྲམ་གྱིས་བཏེག་པ། རབ་ཏུ་ཁོལ་བ། ཉམ་ང་ཞིང་འཇིགས་པ། མུན་པ ་ཆེན་པོའི་སྐྲག་ཏུ་གྱུར་པ། དུག་མཚོན་ཟ་ཚད་གཏིང་ཁོལ་གྱི་ནང་ན། ལྕགས་ཀྱི་ཁང་རོམ་འབར་བ།། བསྐལ་པ་སྦྲུལ་ནག་འཁྲིལ་པའི་ཕོ་བྲང་ན།། བཅོམ་ལྡན་འདས་དཔལ་ཡ་མན་ཏ་ཀ་ཉིད། ཁམས་གསུམ་གདུག ་པའི་ཀླུ་རྣམས་དབང་དུ་བསྡུ་བའི་ཕྱིར། དྲག་པོ་དཔའ་བརྟུལ་ཆེན་པོ་རྔམས་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། རྔམ་པའི་སྒྲ་ཆེན་པོ། ཨ་ལ་ལའི་གད་རྒྱངས་ཆེན་པོ་བསྒྲགས་པས། འཇིག་རྟེན་གྱི་ཀླུ་ཐམས ་ཅད་དང་། བདུད་དང་། གཟའ་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་འཁོར་དུ་འདུས་པར་གྱུར་ཏོ།། དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀླུ་དང་། རྟོག་པ ་ཡེ་ཤེས་ཀྱི་ཀླུ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་སོགས་པ་དང་། ས་དང་ལམ་ལ་གནས་པ་དང་། རང་རྒྱུད་པའི་ཀླུ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེ་དང་། དམངས་རིགས་དང་། གདོལ་པ ་ཅན་ལ་སོགས་པའི་ཀླུ་དང་། གཉེན་དང་། ས་བདག་དང་། དྲེགས་པ་ཅན་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ། དེ་ཡང་སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པ། རྒྱ་མཚོ་ཆེན་པོ་དང་བའི་གནས་ཆེན་པོ། ཕོ ་བྲང་སྒོ་བཞི་དང་བཅས་པའི་གནས་ན། ཀླུ་རིགས་ལྔ་དང་བཅས་པ་རིག་པའི་རྒྱལ་པོ་གནས། དེ་དག་འཁོར་དང་གཡོག་ཏུ་བཅས། ཁམས་གསུམ་དབང་སྡུད་དྲེགས་པའི་ཚོགས་ཐམས་ཅད་མ་ལུས་ཀུན་འདུས ་ཏེ། ཐམས་ཅད་ཀྱང་པེ་རཀྵ་ཞེས་བྱ་བའི་སྒྲས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀླུ་དང་། ཀླུ་སྲིན་ས་བདག་དང་། ཀླུ་བདུན་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་ཁེངས་པར་གྱུར་ཏོ།། དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ ་བས། འཁོར་གྱི་ནང་ནས་བཞེངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། རྒྱལ་བ་ཀུན་གྱི་རང་བཞིན་དངོས།། ལྔ་བརྒྱའི་སྙིགས་མ་བྱུང་བའི་ཚེ།། གདུག་བྱེད་ཀླུ་འདུལ་ནག་པོ ་ཡིས།། མཚོན་ཆ་ལས་ཀྱི་འཁོར་ལོ་དག། བསྟན་པ་བསྲུང་ཕྱིར་བཤད་དུ་གསོལ།། ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སྙིང་པོ་ཆེ།། ཆོས་ཀྱི་དབྱིངས་དང་རང་རིག་པའི།། ཡེ ་ཤེས་གཉིས་སུ་མེད་པ་ཡིས།། སྲས་མཆོག་རིག་པའི་རྒྱལ་པོ་ཡིས།། རྩ་བ་ཡན་ལག་རྫོགས་པ་ཡི།། འཕྲིན་ལས་རིམ་པས་ངས་བཤད་དོ།། ཞེས་གསུངས་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡི་གསང ་རྒྱུད་ལས། ལེའུ་སྟེ་དང་པོའོ།། དེ་ནས་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། གདུག་བྱེད་བདག་པོ་མཚོན་ཆ་འདི།། གཤིན་རྗེ་ལ་སོགས་འཆི་བདག་སྒྲུབ་པ་གང་།། བསྒྲུབས་ནས་གསད་པའི་ལས ་མཐའ་བསྡུ་བ་ཇི་ལྟར་བསྡུ།། དེ་ལ་ཡང་དག་རྫོགས་ཀྱིས་ངེས་གསུངས་པ། ཁམས་གསུམ་སེམས་ཅན་མ་རིག་ཤིང་དང་འདྲ།། དེ་ཡི་བླ་སྲོག་འཆང་བས་གཤིན་པོའི་རྗེ།། དེ་ཉིད་རིག་པའི་རྒྱལ་པོའི་གཤེད་ཅེས ་བྱ།། གཤིན་རྗེ་ལ་སོགས་འཆི་བདག་སེམས་ཅན་ཀུན་ལ་གནས།། ཉིན་བཞི་འཁོར་ལོས་བདུད་བཞི་རྩ་སྲོག་གཅོད།། ཉམས་པ་གང་ཡིན་གཤེད་མ་སྲོག་ལ་དབབ།། རྒྱུ་སྐར་ཀུན་གྱི་གཤེད་མ་གཟའ་ཆེན ་བརྒྱད།། གཟའ་ཡི་སྲོག་གཤེད་གཟའ་ཆེན་ར་ཧུ་ལ།། གཟའ་སྦྱང་འཆི་བདག་སེམས་ཅན་ཀུན་ལ་གནས།། ཉམས་པ་གང་ཡིན་གཤེད་མ་སྲོག་ལ་དབབ།། དེ་ཉིད་སྒྲུབ་པའི་རིམ་པ་བཤད་པ་ནི།། སྐུ་གསུང་ཐུགས ་ཀྱི་ཡོན་ཏན་འཕྲིན་ལས་ལྔ།། འཛམ་གླིང་ཀླུ་རྣམས་གཤེད་མར་རིགས་ལྔའི་ཀླུ།། དེ་ཡི་གཤེར་མར་རིག་པའི་ཀླུ་བདུད་ཆེ།། ཀླུ་ཡི་འཆི་བདག་སེམས་ཅན་ཀུན་ལ་གནས།། ཉམས་པ་གང་ཡིན་གཤེད ་མ་སྲོག་ལ་དབབ།། འཁོར་ལོ་ནག་པོ་གསང་བའི་ཡང་ཏིག་ཡིན།། ཀླུ་བདུད་སྦྲུལ་ནག་འཁོར་ལོས་བསྒྲལ་བ་དང་།། མཛེ་ནག་ལས་ཀྱི་འཁོར་ལོས་བསྒྲལ་བ་དང་།། ས་བདག་སྲོག་གི་འཁོར་ལོས་བསྒྲལ་པ ་དང་།། སྡིག་པ་ཕུང་གཤེད་འཁོར་ལོས་བསྒྲལ་པ་དང་། སྲལ་ནག་སྟོ་སྦྱོར་འཁོར་ལོས་བསྒྲལ་རྩ་བའི་ལས།། ཡན་ལག་ལས་ལ་མང་ཡང་བཀའ་རྒྱུར་འདིར།། ནཱ་ག་རཀྐ་ཀླུ་ལ་རང་གཤེད་དབབ།། ན་ག་ཡཀྐ་ཀླུ་ཡི ་ནོར་བུ་སྒྲུབ།། ན་ག་ཙིཏྟ་ཀླུ་ཡི་བྱད་ཁ་བཟློག། དུག་ཅན་ཀླུ་ལ་ཟས་སུ་དངོས་ལ་གཏད།། དྲེགས་པ་ཅན་ལ་གཤེད་མར་གཏད།། ཀླུ་མོའི་ཚོགས་ལ་གྲོགས་སུ་གཏད།། འགྲན་གྱི་དགྲ་སྐལ་ཚུལ་དུ་གཏད།། གསད ་པའི་ལས་མཐའ་བརྟུལ་བ་ནི།། ཚད་དང་ཚད་མེད་གང་དག་གིས།། ཕོ་བྲང་ཆེན་པོའི་སྲང་སྒོ་དང་།། བྱ་རའི་ས་དང་ལྐུགས་ས་རུ།། འཆི་བདག་ལྟོ་བ་གཤེགས་ལ་གཏད་པར་བྱ།། ཐེབས་དང་བཟློག་དང་འབྱམ་པ ་གསུམ།། འགོར་དང་རྟ་རག་ལོག་ནོན་འགུགས་དང་སྤོགས།། རིག་པ་ཅན་གྱིས་དེ་ཤེས་བྱ།། ཞེས་གསུངས་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡི་གསང་རྒྱུད་ལས། ལེའུ་གཉིས་པའོ།། །། དེ་ནས་རྡོ ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བསྟན་པ་དམ་པ་བསྲུང་བའི་ལས་མཆོག་སྟེང་།། ནག་པོ་ཀླུ་ལ་ཉམས་པ་གཏད་འདོད་ན།། འཛམ་གླིང་ཀླུ་རྣམས་ཐམས་ཅད་ཀུན།། དབང་དུ་བསྡུ་ན་གང་གིས་བསྡུ།། ཟིལ ་གྱིས་གནན་ན་གང་གིས་གནན།། ལས་ལ་རྦད་ན་གང་གིས་རྦད།། རྡོ་རྗེ་འཆང་གིས་ངེས་གསུངས་པ།། འཛམ་གླིང་ཀླུ་རྣམས་ཐམས་ཅད་ནི།། དབང་དུ་རིག་པའི་རྒྱལ་པོས་བསྡུས།། རྩ་བ་མི་འགྱུར་བྱང ་ཆུབ་སེམས།། བདེ་བ་ཆེན་པོའི་དབྱིངས་ཉིད་ནས།། རང་རིག་ཆེན་པོའི་ཕོ་ཉ་ནི།། ཐམས་ཅད་མཉམ་པ་ཉིད་ངང་དུ།། སྐད་ཅིག་སྲིད་གསུམ་དབང་དུ་བསྡུད།། ཟིལ་གྱི་སྦྲུལ་ནག་ཆེན་པོས་གནན།། ཆོས་སྐུ་ནམ ་མཁའི་ངང་ཉིད་ལས།། ལོངས་སྐུ་འབར་བྱེད་ཁྲོ་བོའི་སྐུ།། སྦྲུལ་སྐུ་རིག་པའི་རྒྱལ་པོའི་སྐུ།། ནཱ་ག་རཀྵ་འཇིགས་པའི་སྐུ།། སྦྲུལ་ནག་མགོ་དགུ་རྔམ་པའི་ཞལ།། ནཱ་ག་ཀླུ་ཡི་གཉེན་པོར་ཆེ།། ལས་ལ་ཀླུ་མོ་ནག་མོས ་གཟུང་།། སྲིད་གསུམ་ལྟོ་ན་ཡོད་པས་ན།། འཁྲུལ་འཁོར་ཡུམ་གྱི་ལྟོ་ན་འཆང་།། ངན་སྔགས་ཡུམ་གྱི་ལྟོ་ནས་འབྱུང་།། རྩ་བ་ཡན་ལག་བཅས་པ་ཡིས།། རྩ་བ་སྤུ་གྲི་འདབ་སྦྱར་བས།། ངེས་པར་ཀླུ་རྣམས་བྲན་དུ ་འཁོལ།། ཅེས་གསུངས་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་རྒྱུད་ལས། ལེའུ་གསུམ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོས།། ཡང་དག་རྫོགས་ལ་འདི་སྐད་གསོལ།། གཤིན་རྗེ་ཀླུ་བདུད་ནག་པོ་ཉིད།། ་ནག་པོ་འཇིགས་པའི་གཏུམ་བག་ཅན།། མཆོད་ཅིང་སྒྲུབ་པ་ཇི་ལྟར་ལགས།། ཡང་དག་རྔམ་པས་ངེས་གསུངས་པ། འཛམ་གླིང་ཀླུ་རྣམས་ཀུན་གྱི་གཤེད།། ནག་པོ་གེལ་བ་འཇིགས་པའི ་ཚོགས།། གཤིན་རྗེ་ནག་པོ་དགྲ་ཡི་གཤེད།། འཆི་བདག་བདུད་ཀྱི་གདུད་གཅིག་པོ།། གཤེད་པོ་འཆི་བྱེད་འདི་སྒྲུབ་ན།། ལུམ་གསུམ་མདོའམ་རྩི་ཤིང་འཐུག། བྲག་དང་ཆུ་འཐབ་བྱང་ཤར་བལྟ།། ཀླུ་སྲིན་མི་བསྒྲུངས ་གནས་ཕྱིན་ལ།། མཎྜལ་མཉམ་པོ་ཡིད་འོང་ལ།། དྲི་སྤོས་སྨན་གྱིས་ཆག་ཆག་གདབ།། དབུས་སུ་གྲུ་གསུམ་ལྡན་པ་ལ།། འཁོར་ལོ་རྩིབས་བཞི་མཛེས་པ་ལ།། སྒོ་དང་སྒོ་ཁྱུ་བར་ཁྱམས་ལྡན།། དབུས་སུ་སྣུམ་པའི་ས ་དག་ལ།། ཏི་པ་ཙ་ཡི་གཟུགས་བྱད་དགོད།། འཁོར་ལོ་བཞི་ལ་ཀླུ་བདུད་བཞི།། རིམ་པས་ཡིག་འབྲུ་དགོད་པར་བྱ།། ཟླ་གཾ་སྲོད་གཤེད་རྣམ་པ་གསུམ།། བར་ཁྱམས་སྣ་ཚོགས་ཀླུ་ཡི་རྟེན། ཁམས་པའི་བུམ་པ་མཆུ ་འཆང་བར།། ཀླུ་སྨན་སྣ་ཚོགས་འོ་མས་དགང་།། སྣ་ཚོགས་རྫས་རྣམས་ཚོགས་པ་དང་།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། སྤྲོས་མེད་མུན་པ་ལྟ་བུ་ཉིད།། རང་ཉིད་ཀུན་སྣང་ཡེ་ཤེས་ཉིད།། དེ་ལས་རྒྱུ་ཡི་རྣམ་པར ་ལྡན།། དུག་ཆེན་ཧ་ལའི་མདོག་འདྲ་བ།། སྔོན་དམར་འོད་ཆེན་འཕྲོས་པ་གཅིག། མདུན་གྱི་མཁའ་ལ་གསལ་བྱས་ལ།། འབྱུང་བ་རིམས་ཀྱིས་གསལ་བ་དང་།། ཕེ་ཤ་གང་དུ་བྲུཾ་ཞེས་པས།། བསྐལ་པ་སྦྲུལ་ནག ་འཁྱིལ་པའི་ཀློང་།། ཀུན་ཏུ་འབར་བྱེད་ཆེན་མོའི་དབུས།། བག་ཆགས་རྒྱ་མཚོའི་གཏིང་ཁོལ་འགྱུར།། རྒྱ་མཚོ་ཆེན་པོའི་དབུས་ཉིད་ན།། སྒོ་མེད་ལྕགས་ཁང་ཁང་རོམ་འབར།། སྦྲུལ་ནག་འབར་བའི་གཞལ་ཡས ་ཁང་།། ཆུ་སྲིན་འབར་བས་ཐོག་ཕུབ་སྟེ།། རུས་སྦལ་ཡ་ཐེམ་མ་ཐེམ་བྱས།། འཁོར་ལོ་རྩིབས་བཞི་བར་ཁྱམས་ལྡན།། གཟས་པ་ཕོ་མོ་གཅལ་དུ་བཀྲམ།། རླུང་གི་མེ་སྦར་རྒྱ་མཚོ་ཁོལ།། གཞལ་ཡས་ལྕགས་ཁང ་གསལ་བར་ལྡན།། བསྐལ་པ་སྦྲུལ་ནག་འཁྱིལ་པར་གནས།། རྒྱུ་ཡི་ཡིག་འབྲུ་རླུང་གིས་འཕངས།། དབུས་སུ་ཡིག་འབྲུའི་ངོ་བོ་ལས།། འཆི་བདག་གཤིན་རྗེ་ནག་པོ་སྟེ།། སྦྲུལ་ནག་འཁྱིལ་བའི་གཟུགས་འདྲ་ལ།། ཆུ ་སྲིན་དབུའམ་སྡིག་པའམ།། ཡང་ན་སྦྲུལ་ནག་མགོ་དགུ་བསམ། ཁ་ནས་མེ་ཡི་ཕུང་པོ་འབར།། སྤྱན་མིག་ཁྲག་གི་སྦྱིན་ཐང་འབབ།། དབུ་དགུ་ཕྱག་ནི་ཉིས་བརྒྱ་སྟེ།། སྦྲུལ་ནག་ཞགས་པ་ཆེན་པོ་དང་།། ནད་ཀྱི་རྐྱལ ་པ་བསྡེབས་ཤིང་འཐོར།། སྦྲུལ་གཞུག་རྒྱ་མཚོའི་གཏིང་དུ་བརྐྱང་།། སྐུ་ནི་རི་རབ་ངོས་ལ་བརྟེན།། དབུ་ནི་བར་སྣང་ཡོངས་སུ་འཕྱོ།། ཕྱག་ནི་སྟོང་ཁམས་ཀུན་ཏུ་ཉུལ།། དེ་ཡི་ཐུགས་ཁར་ཕེ་ཡིག་ལས།། ཡེ་ཤེས ་སེམས་དཔའ་འཆི་བདག་བསམ།། མདུན་དུ་ཀླུ་མོ་སྤྱན་གཅིག་མ།། རོ་སྟོད་མི་ལ་རོ་སྨད་སྦྲུལ།། སྦྲུལ་ནག་འབར་བའི་རལ་པ་ལ།། མཛེ་དང་ཤུ་བའི་ཚ་ཚ་འཕྲོ།། མིག་ནས་རཀྟའི་སྦྱིན་ཐང་འཁྲུག། སྣ་ནས་ནད་ཀྱི ་རླངས་པ་འབྱིན།། ཞལ་ནས་སྦྲུལ་ནག་སྦལ་པ་འགྱེད།། གཡས་འཁྱུད་སྦྲུལ་གྱི་ཞགས་པ་ལ།། གཡོན་གྱི་ནད་རྒྱལ་ཕྱོགས་བཅུར་འཐོར།། དེ་དང་གཉིས་སུ་མེད་པ་ལས།། ཟླ་གམ་གསུམ་ལ་གནས་པ ་ནི།། ཀླུ་བདུད་བགེགས་ཀྱི་གླང་པོ་དང་།། ས་བདག་སྦྲུལ་གྱི་རྒྱུ་མ་ཅན།། གཉེན་མར་གླང་གི་མགོ་ཅན་ནོ།། འཁོར་ལོ་བཞི་ལ་གནས་པ་ནི།། ཀླུ་བདུད་རིགས་བཞི་ཁྲོ་བོ་སྟེ།། རོང་ངེ་འཇིགས་ཚུལ་གཙོ་ལ ་བལྟ།། བར་ཁྱམས་ལ་ནི་རཀྵ་སྲིན།། ཀླུ་དང་གཉེན་དང་ས་བདག་དང་།། དྲེགས་པའི་ཚོགས་རྣམས་འདུ་བར་འགྱུར།། རྒྱ་མཚོ་དངས་མ་དུག་རི་ཁ།། ལས་ཀྱི་རླུང་སྟེངས་ཁང་རོམ་ནས།། འཆི་བདག་ཁང་རོམ ་གཤིན་རྗེ་རྣམས།། དྲག་པོ་སྔགས་ཀྱིས་སྤྱན་དྲངས་ལ།། ལས་ཀྱི་འཆི་བདག་འཁོར་བཅས་ལ།། སྦྲུལ་དང་སྦལ་བའི་ཤ་ཚིལ་གྱིས།། དུད་པ་གཏང་ཞིང་གཏོར་མ་སྦྱིན།། ཀླུ་སྨན་སྣ་ཚོགས་གཏོར་མ་བཏང་།། རྩ་བ ་རྒྱུན་གྱི་གསང་སྔགས་བཟླས།། དེ་ཚོ་གྲུབ་པའི་མཚན་མ་ཡང་།། འབྲི་རོག་གཡག་རོག་རོ་ཉེ་དང་།། མཛེ་ཅན་ཕོ་མོ་བྱུང་བ་དང་།། མོན་དང་སྦྲུལ་ནག་བྱུང་བ་དང་།། སྦལ་པ་ནག་པོ་ལ་སོགས་པ།། འོད་དང་སྒྲ ་དང་གཟུགས་བརྙན་དང་།། སྡུག་དང་མི་སྡུག་ཆོ་འཕྲུལ་དང་།། རྫས་དང་ལོངས་སྤྱོད་འཕེལ་བ་དང་།། བྱུང་ན་ལས་ལ་རྦད་པར་བྱ།། འཕྲིན་ལས་སྦྱོར་བ་དུག་མ་གྲུབ།། དཔལ་ཟླ་གསང་ནག་པོ་དུག་རི་ཁའི་གསང ་རྒྱུད་ལས། ཀླུ་བདུད་ནག་པོ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། འཆི་བདག་ནག་པོ་ཏི་བ་ཙ།། གསང་བ་སྦལ་ནག་ལྟོ་བཅོས་ཀྱིས།། ཉམས་པ་ཀླུ་ལ་གཏད་པ་གང་།། ལས་ཀྱི་དགྱིད་པ་ཇི ་ལྟ་བུ།། ཡང་དག་རྡོ་རྗེས་ངེས་གསུངས་པ།། སྦལ་ནག་སྐུ་ཡི་སྒྲུབ་པ་སྟེ།། རྒྱུད་ཀྱི་དམོད་པ་གསང་བའི་དོན།། སྦལ་ནག་འཁོར་ལོ་གབ་པའི་སྟེ།། ངེས་པར་གཏན་ལ་ཕབ་པ་སྟེ།། གཉེན་ར་འདུག་པའི་བདེ་གནས ་སུ།། མཎྜལ་མཉམ་པའི་ཡིད་འོང་ལ།། གྲུ་བཞི་རྒྱ་ཆད་རྩི་སྨན་བྱུག། སྟེང་དུ་གྲུ་གསུམ་ནང་མ་ལ།། ཀླུ་ཡི་རྫས་ཀྱིས་བྱུག་པར་བྱ།། ཀླུ་གཏོར་ཁྱད་པར་རྫས་ལ་བྱ།། གཟའ་བདུད་དང་ནི་སྲོག་བདག་ལ།། གཏོར་མ ་བཤོས་བུ་གསེར་ཕུད་བཤམ།། དེ་ལྟར་བཤམ་པ་ཀུན་རྫོགས་ནས།། རྒྱ་ཤོག་དང་ནི་ཀ་རི་ཀ། གཙང་མའི་རས་ལ་འཁོར་ལོ་བྲི།། སྦལ་པ་དཀར་གནག་ལྟོ་བ་རུ།། ཨ་མུ་ཀ་ཡི་གཟུགས་བྲིས་ལ།། ཀླུ་ཡི་ངན་སྔགས ་རིམ་པས་བསྐོར།། བཅུགས་གཞུག་སྐུད་པས་ཁ་སྦྱར་ལ། ཁྲམ་ལ་གདབ་པའི་ལས་ཀྱང་བྱ།། ག་འུ་འབྲུབ་ཁུང་ཕུར་པས་བསྟོད།། རྟགས་དང་སྦྱར་ལ་གཏད་པ་ཙམ། ཁ་སྦྱར་ཡི་གེ་ཕྱིར་བསྟན་ལ།། དྲག་པོ་སྔགས ་ཀྱིས་བྲབ་པར་བྱ།། ཐ་མ་རྫོགས་དང་ཀླུ་ལ་གཏད།། དང་པོ་སྟོང་པའི་ངང་ཉིད་ལས།། རིག་པས་ཡང་ནི་ཡི་གེ་ཕེ།། དེ་ལས་གྱུར་པའི་ཀླུ་བདུད་ཆེ།། ནག་པོ་འཇིགས་པ་བསྒོམ་པར་བྱ།། དེ་ལས་སྤྱན་དྲང་མཆོད་ཕུལ ་ལ།། གསང་སྔགས་ཡི་གེ་རིམ་པས་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་ནག་པོ་གསང་བའི་སྔགས་དེ་ཁོ་ན་ཉིད་འདི་གསུངས་སོ།། ཨོཾ་ནག་པོ་ཏི་པ་ཙ་ཡ་ཧཱུཾ་ཛཱ་ནཱ་ག་ཀྲོ་དྷི་ཤྭ་རི་ཧཱུཾ་ཛ་ན་ག་དུན་དུ་ན ་ཧེ་ལི་ཧེ་ལི་ནཱ་ག་འདུས་འདུས། ས་མ་ཡ་ཛ། བོད་པའི་སྔགས་སུ་ཤེས་པར་བྱ།། དགུག་པ་སྲོག་གི་སྙིང་པོ་ལ།། བྱེ་བ་རྗོད་ན་ལས་རྣམས་འགྲུབ།། ཨ་ཤ་ནག་པོ་ཏི་པ་ཙ་ཡ་ནཱ་ག་ཀྲོ་དྷཱི་ཤྭ་རི་ཏྲཾ་ཤཾ་རྦད་བུ་གུ་རཀྵ་རྦད།། ་ཏི་བ་ཙ་པ་ཙ་ཁ་ལ་བཾ་ཤ་ཏྲཾ་ཤ་མ་ར་ན་ཛ་ཛཱ། སྲོག་གི་སྙིང་པོ་ཤེས་པར་བྱ།། རྣོ་མར་ལས་ཀྱི་སྤུ་གྲི་འདི།། བྱེ་བ་བརྗོད་ན་ཀུན་ཀྱང་འཆི།། དུག་གི་སྤུ་གྲི་ཁ་འབར་ཡིན།། ནག་པོ་བཾ་ཙི་ཙི་རྒྱས། དྲག་ཐུར་སྙིང་ལ་གུལ། ་། མྱགས་མྱགས་རྩ་བཞི་བསྐུམ། ཤན་ཤན་སྲོག་ལ་ཤ་ན། ཟུར་རྦོད་རྦད་སྭཱ་ཧཱ། དེ་ལྟར་སྒྲུབ་པ་ཀུན་རྫོགས་ནས།། རིགས་བཞི་ཀླུའམ་གདོལ་པའམ།། དམངས་རིགས་ནག་པོ་དག་ལ་གཏད།། ཕོ་བྲང་རྒྱ་མཚོ་ཡིན་པས ་ན།། སྲང་མགོ་དག་ཏུ་གཏད་པར་བྱ།། རིགས་བཞི་གདོལ་པ་གར་གཏོད་ཀྱང་།། འཆི་བདག་ལྟོ་བ་གཤེགས་པ་གཅེས།། ཐེབས་པའི་དུས་ལ་གཏད་པར་བྱ།། ལྡོག་དང་འགྱངས་པ་དུས་ཡིན་པས། མཁས་པས་སྤང ་། བྱར་ཤེས་པར་བྱ།། ཐེབས་དང་ལྡོག་དང་འབྱམས་དང་འགོར།། ཐེབས་ན་གཏང་རག་གཏང་བར་བྱ།། ལོག་ན་ཤི་ས་བསྟན་པར་བྱ།། འགོར་ན་གཉེན་ས་བསྐོར་བར་བྱ།། གཏད་དམིག་ཡང་ཡང་དྲང་བར ་བྱ།། འབྱམས་ན་དགུག་པའི་ལས་བྱ་སྟེ།། དངོས་དང་ཡིད་དང་སྤྲུལ་པ་གསུམ།། མ་ནོར་རྒྱུ་དུས་ཤེས་པར་བྱ།། མི་ལྡོག་པ་ཡི་འབྲེལ་པ་ལྔ།། ཕྱི་མིག་མི་བལྟ་ཆོ་མི་བརྗོད།། དྲི་མ་མི་བཏང་གྲིབ་མ་སྤང་།། དྲག་པོ ་གཟའ་ཡི་གདོང་མི་བཟློག། ཉི་ཟླ་པང་དུ་བླང་བར་བྱ།། ཡང་ནས་ཡང་དུ་འཕྲིན་ལས་བཅོལ།། ཀླུ་བདུད་ཉིད་དང་སྤྲུལ་པ་དང་། གཟའ་དང་སྲོག་བདག་བསྐུལ་བར་བྱ།། དེ་ཡིས་ངེས་པར་བརླག་པར ་འགྱུར།། དཔལ་ཟླ་གསང་ནག་མོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། སྦས་ནག་འཁོར་ལོའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། རྒྱུད་ཀྱི་སྙིང་པོ་ལས་ཀྱི་གཅོང་།། མཛེ་ནག་ལས་ཀྱི་འཁོར་ལོ ་དག། བཅའ་བའི་རིམ་པ་ཇི་ལྟ་བུ།། སྔགས་རྣམས་བཟླས་པ་གང་དང་གང་།། དྲག་པོ་ཐུན་གྱིས་ཇི་ལྟར་བརྡེག། ཐ་མ་གཏད་དང་ཁྲམ་གྱི་ལས།། རྫོགས་པར་བསྟན་པ་ཇི་ལྟ་བུ།། ཡང་དག་རྡོ་རྗེས་ངེས་གསུངས ་པ།། བསྟན་པ་དམ་པ་བསྲུང་བའི་ཕྱིར།། གཉན་ར་གདུག་པའི་དབེན་གནས་སུ།། མཎྜལ་ལ་སོགས་བཤམ་པ་དང་།། མཛེ་ནག་ལས་ཀྱི་འཁོར་ལོ་བཅའ།། བརྐྱང་པ་དང་ནི་སྐྲག་པ་དང་།། སུམ་སྦྲེལ་དག་དང་རྔ ་། གླིང་དང་།། བདུན་བསྒྲགས་ལ་སོགས་རིམ་པ་བསྟན།། རབ་ཏུ་ཁོ་ཡི་ཕ་མེས་ལ།། འབྲིང་དུ་མཛེ་ཅན་ནག་པོ་ལ།། ཐ་མ་རབས་ཆད་ནག་པོ་ཤེས།། གཏད་པའི་རྒྱུ་རུ་ཡང་དག་བཤད།། དེ་ཉིད་གཟུགས་ཀྱི་ཕུང་པོ ་ལ།། གཏད་པའི་རྒྱུ་ནི་ཟ་མ་ལྔ།། གཏད་དང་ཁྲམ་དང་བསེ་བྱང་དང་།། སྦལ་ནག་དང་ནི་སྦྲུལ་ནག་གོ། ཨཱ་ཀར་ཤ་ཡ་ཨུ་ནན།། ཕེ་ལཾ་ཤག་ཤིག་ནརི་ཡན། དགྲ་བོ་མཱ་ར་ཡ་ཛ་རྦད། ནག་པོ་ཀླུ་ཡི་གསད ་སྔགས་ཏེ།། དུག་ཐུན་མཛེ་ནག་ལས་ཀྱི་ཐུན།། ཨ་ཤན་ནག་པོ་ཏི་པ་ཙ་ཡ། དགྲ་བོ་ཀྲོ་དྷི་ཤྭ་རི་ཏེ། ཤན་རྦད། ཕུ་ཤུན་ཐུན་རྦད་ཀུ་རག་ཤོ་རྦད། ཏི་པ་ཙ་ཡ་ཛ་ལ་ཛ་ལ། དགྲ་བོ་ཙི་ཙི་ཛ་ལ་ཁ་ཡན་ཧཱུཾ་ཤོ། ཆེ་གེ་མོ་མ ་རཡ་ཛ་ཛ། ཕུར་ཐུན་ནག་པོ་ལས་ཀྱི་ཐུན།། སྲོག་གཤེད་ལས་ཀྱི་བསད་པ་སྔགས།། ནག་པོ་ཏྲི་རཀྵ། དགྲ་བོའི་སྙིང་ལ་སྒྲ་ཟུམ་རིལ་མཱ་ར་ཡ་ཛ། དགྲ་བོའི་བླ་མཱ་ར་ཡ་ཁུག། བདུད་རོ་ཤ་ཕྲ་མ་ཡ། དགྲ་བོའི་སྙིང་ནག ་པོ་ཏྲག་ཤ་ཁུག། ཐུམ་རིལ་རྦད། ཁྲག་འབྱུང་པོ་མཱ་ར་ཡ་ཛ། ཕྲ་མ་ཕྲེཾ་ནག་པོ་ཏཱི་པ་ཙ་ཡ། ཏྲག་ཤ་རོལ་ཁུག། དགྲ་བོ་སྙིང་ཤ་རོ་ལ་རྦད། དགྲ་བོ་མཱ་ར་ཡ་ཛ། གཏད་དང་ཁྲམ་གྱི་ལས་བཤད་པ།། བསྟན་པ་འཇིག་པའི ་ཨ་མུ་ཁ།། སྟན་གྱི་རྫས་དྲུག་འདྲ་འབག་བྱ།། ནག་པོ་ཀླུ་ལ་གཏད་པར་བྱ།། གཏད་པ་མི་འཆོར་གཟེར་གདབ་པ། ཁྲི་དམར་བཏབ་ལ་ཁྲི་གནག་ནི།། རྡོ་རྗེ་ཁྲི་འདེབས་སྔགས་དང་སྐྲག། ཁྲི་དཀར་བཏབ་ལ་ཁྲག་ནག ་ལ།། གཤིན་རྗེ་ཁྲམ་འདེབས་སྔགས་སུ་སྐྲག། ཁྲམ་སྔོན་བཏབ་ལ་ཁྲམ་གནག་ལ།། ཀླུ་ཡི་ཁྲམ་འདེབས་སྔགས་དང་སྐྲག། དེ་ཡི་གསང་སྔགས་འདི་ལྟ་སྟེ།། ཨོཾ་བཛྲ་ནི་དུང་དུ་ནེ་དུ་ནེ། དུང་ཤིང་ཁྲམ་ཁྲི་ཤི་མ་ར་ཡ ་དུང་དུ། རུ་ཀ་ནི་དུང་དུང་དུ་ནེ་དུ་ནེ། དུང་ཤི་ཁྲམ་ཁྲི་ཤི་མ་ར་ཡ་དུང་དུ།། ཧཱུཾ་ཡ་ནི་དུང་དུ་ནེ་དུ་ནེ། ཤི་ཁྲྀ་ཁྲྀ་ཤི་མཱ་ར་ཡ་དུང་དུ། རཀྟ་ག་ནི་དུང་དུ་དུ་ནེ་དུ་ནེ། དུང་ཤི་ཁྲྀ་ཤིང་དུ་མཱ་ར་ཡ་དུང་དུ། ནཱ་ག་སྣི་དུང་དུ་དུ་ནེ ་དུ་ནེ་དུང་ཤི་ཁྲམ་ཁྲི་ཤི་མཱ་ར་ཡ་དུང་དུ། རའི་ནི་དུང་དུང་དུ་ནེ་དུ་ནེ་དུ་དུང་ཤི་མཱ་ར་ཡ་དུང་དུ། ཁྲི་ལ་གདབ་པའི་སྔགས་ཏེ། ཁྲི་གྱི་བདག་མོ་དུག་གི་སྔགས་རྩི་བ་མ་དག་ལ་ཤེས་པར་བྱའོ།། རབས་ཆད་མོན་ནམ་མཛེ ་ཅན་གསུམ།། གཅིག་ལ་རྫོགས་པར་བྱ་བ་ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས། གསང་བའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་དེས། དྲག་པོ་འཁོར་ལོའི་ངན་སྔགས། ནག་པོ་ཀླུ་ཡི་དུག་མདའ་འདི ་གསུངས་སོ།། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྐ་ཡཀྐ་ཡུ་ཤན་ཏེ་ཡུ་ནཱ་ག་ཡ་ནི། ཀུ་རུ་ཙ་ཡ། ཡཾ་ཡཾ་མཱ་ར་ཡ་ཛ་ཛ། རྦད་ཡ་རྦད་ཡ། ནག་པོ་ཏི་པ་ཙ་ཡ་ན་ག་རཀྵ་ཛ་ལ་བི་ར་ཛ་པ་ལ། དུ་ཤན་ཆེ་གེ་མོ་ལ་མ་ར་ཡ་རྦད་ཡཾ ་ཡཾ། ཨོཾ་ནག་པོ་ཏི་པ་ཙ་ཡ། ན་ག་རཀྟ་ཡཀྐ་ཁ་ཡ་ན། ཧཱུཾ་ཡ་ཧཱུཾ་ཡ་ནརི་ཛ། ཙཀྲ་ཐུམས་ཐུམས། རྦད་ཡ་རྦད་ཡ། ཨོཾ་ནག་པོ་ཏི་པ་ཙ་ཡ། སྭ་བྷ་རུ་པ་ཙ་ལ་ཕེ་ཤ་ན་ཧཱུཾ། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྵ་ཡཀྐ་ཙཀྲ་ཙཀྲ་རྦད ་རྦད། ཨོཾ་ཧྲི་ཥྚི་བི་ཀྲི་ཏཱ་ནན། ཧཱུཾ་ཕཊ་ཕཊ། མ་ར་ཡ། ཡབ་དང་ཡུམ་གྱི་འཁྲུལ་འཁོར་དང་།། སྟེང་གཅོད་དང་ནི་འོག་གཅོད་དང་།། མེ་དང་རླུང་གི་འཁོར་ལོ་སྟེ།། རྐྱང་པ་སྦག་མ་ལས་ཀྱི་སྡེབས།། མཛེ་ནག་ལས་ཀྱི ་འཁོར་ལོར་འདོད།། དེ་ལྟར་སྒྲུབ་པ་ཀུན་རྫོགས་ནས།། བསད་པའི་སྔགས་ལ་བསྐྱོད་པའི་ཐུན།། གཟིར་ང་ཕུར་བའི་ལས་ཀྱང་བྱ།། ཀླུ་ཡི་མིག་བལྟས་མ་མཐོང་དང་།། རང་ལུས་འཁྲིག་དང་སྤྲིང་དང ་འགུལ།། རྐང་འཁོར་བས་ལྗགས་བྱུང་བ་དང་།། མྱུར་དུ་གཏད་པའི་ལས་ལ་འཇུག། ཐོད་འཁོར་གཤིན་རྗེའི་ལྟོ་བ་དང་།། གླང་རུ་སྲིན་པོའི་ལྟོ་བ་དང་།། ར་རུ་བཙན་གྱི་ལྟོ་བ་དང་།། སྦྲུལ་ནག་ཀླུ་ཡི་ལྟོ་བ ་དང་།། སྦལ་ནག་ས་བདག་གི་ལྟོ་བ་དང་།། སྡིག་པ་གཉེན་གྱི་ལྟོ་བ་དང་།། སྦྲང་ཐོད་གྱིང་གི་ལྟོ་བ་དང་།། རུས་སྦལ་སྲིན་པོའི་ལྟོ་བ་བརྒྱད།། ནཱ་ག་གནས་པའི་ས་རུ་གཏད།། རིགས་བཞི་ཀླུ་ལ་གཏད་པ ་དང་།། གདོལ་པ་ཉིད་ལ་གཏད་པའོ།། རིག་པ་ཅན་གྱིས་སྐབས་སྦྱར་ལ།། གཏད་བྱ་ལམ་དང་དགྲ་ལ་བྱ།། ཕོ་བྲང་རྒྱ་མཚོ་དང་བ་སྟེ།། ཆུ་མིག་ཀླུ་ཡི་སྲང་སྒྲོ་ཡིན།། དེ་ལ་གང་དུ་གཏད་ཀྱང་ནི།། ཀླུ་ཡི་ཁྱིམ་མགོ ་ལམ་སྲང་ཡིན།། ཅེས་གསུངས་སོ།། དེ་ནས་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་མ་རྡོ་རྗེ་འཆང་རྒྱལ་བ།། ཕོ་བྲང་དེ་ལྟར་ཡིན་པས་ན།། ནཱ་ག་གནས་པའི་ཆུ་མིག་ལ།། རིགས་ཚད་མཉམ་པ་ཇི་ལྟར་ལགས།། ལུས་ཚད ་འཇལ་བ་ཇི་ལྟར་ལགས།། ཡང་དག་རྡོ་རྗེས་ངེས་གསུངས་པ།། ཀླུ་ཡི་ལུས་ལ་ངེས་མེད་པས།། ལུས་ཚད་འཇལ་བ་དོན་མེད་དེ།། ཅི་ཕྱིར་རི་བོ་ཉུངས་འབྲུའི་གཟུགས།། དེ་ཕྱིར་བསྟན་པ་བསྲུང་ཕྱིར་ཡང་།། རྣལ ་འབྱོར་ཡིད་ཀྱིས་སྤྲུལ་པ་ལྟར།། གང་ལྟར་མོས་པ་ལས་བྱེད་པས།། སྔགས་འཆང་ལུས་ཀྱི་ཚད་ཀྱིས་གཞལ།། རིགས་བཞི་ལས་བྱེད་སྒོ་བའི་ཚུལ།། བསོད་ནམས་ལུས་ཚད་རིམ་པས་ཡོད།། རྒྱལ་རིགས་དག་ལ ་འདོམ་བདུན་ཏེ།། ཕོ་བྲང་གྲོང་ཁྱེར་མདུན་ས་ལ།། འདོམ་ནི་བདུན་བདུན་ཡོད་པ་ཡིན།། བྲམ་ཟེར་ཀླུ་ལ་བརྐྱང་ཁྲུ་བདུན།། རྗེ་རིགས་ཀླུ་ལ་བསྐུམ་ཁྲུ་བདུན།། དམངས་རིགས་ལ་ནི་མདའ་བདུན་ཏེ།། གདོལ་པ་ལ ་ཡང་ཁྲུ་བདུན་ནོ།། ཕོ་བྲང་གྲོང་ཁྱེར་མདུན་ས་ལ།། རིམ་པས་ཤེས་པར་རིག་པར་བྱ།། ཙག་ཙག་ཙིག་ཙིག་མིག་གི་ཆུ།། ཆུ་མིག་ལྐུག་པ་སྣ་ཡི་ཆུ།། དྲག་པོ་སྐད་འདོན་ཁ་ཡི་ཆུ།། གསལ་ལ་དངས་པ་སྙིང་གི ་ཆུ།། རེས་དྲག་རེས་ཞན་མཚན་མའི་ཆུ།། རྒྱལ་པོ་བྲམ་ཟེ་རྗེའུ་རིགས་དམངས།། རེ་རེ་ལ་ཡང་ལྔ་ལྔ་སྟེ།། ཀླུ་རིགས་ཉི་ཤུ་རྩ་ལྔ་སྟེ།། ལོ་ཟླ་དུས་ཚོད་ཐུན་པ་ཕྱོགས།། རྟགས་ལ་རྒྱལ་རིགས་གཏན་ལ་དབབ།། ངེས ་པའི་ལས་དེ་རྫོགས་པར་བྱ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། མཛེ་ནག་ལས་ཀྱི་འཁོར་ལོའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། མཛེ་ནག་ལས་ཀྱི་འཁོར་ལོ ་ཡིས།། གསང་བའི་སྦྱོར་བ་དེ་ལྟར་ན།། ཀླུ་བདུད་སྤྲུལ་ནག་འཁོར་ལོ་ཡིས།། བསད་བའི་སྦྱོར་བ་ཇི་ལྟར་ལགས།། ཡང་དག་རྡོ་རྗེས་ངེས་གསུངས་པ།། ཀླུ་སྤྲུལ་ནག་པོ་བསད་པ་ཡི།། དཀྱིལ་འཁོར་རིམ་པ་འདི་ལྟ། ་སྟེ།། གཉེན་ར་འཇིགས་པའི་ས་དག་ལ།། དཀྱིལ་འཁོར་བཅས་ཏེ་ཀླུ་རྫས་བྱུག། དབུས་ནི་གྲུ་གསུམ་ཟླ་གཾ་དམར།། པདྨ་བཞི་ལྡན་སྦྲུལ་རིགས་བརྒྱན།། ཐོད་འཕྲེང་ལྡན་པས་སྒོ་ནི་མཛེས།། ཀུན་ཏུ ་སྦྲུལ་གྱིས་རྣམ་པར་རྒྱན།། ཤིང་སྦལ་ས་ཡི་ག་འུ་འམ།། ཕ་མེས་ཐོད་པ་མནན་པའི་རྫས།། རབས་ཆད་མོན་དང་མུ་སུ་ར།། དག་དིག་གླེན་པ་བཀྲ་མི་ཤིས།། གཤེགས་ལ་འཁོར་ལོ་བྲི་བར་བྱ།། ཀླུ་སྦྲུལ་ནག་པོ ་འཇིགས་པ་ལ།། ལྕགས་རུ་རབ་ཏུ་རྣོ་ཞིང་འཇིགས།། ལག་ན་སྦྲུལ་ནག་ཞགས་པ་བསྣམས།། ལྟོ་བར་འཁོར་ལོ་བྲི་བར་བཤད།། ཡང་ན་ཟོད་པའི་ཕྱི་རུ་བྲི།། མེ་རླུང་ལས་ཀྱི་འཁོར་ལོ་རྫོགས།། བརྣག་པའི་རྗེས་ལ ་། གོས་དུམ་སྐྲ།། དྲི་མ་ཆུ་དང་ཐིགས་པ་རྣམས།། རཀྟས་སྦྱར་ལ་བྲི་བར་བྱ།། སྙིང་ཁར་སྲོག་གི་ཡི་གེ་སྟེ།། མིང་རུས་བླ་དགས་རྫོགས་བྲིས་ལ།། གདུག་པའི་སྔགས་ཀྱིས་བསྐོར་བར་བྱ།། དེ་ནས་སྔགས་པ་བདག་ཉིད ་ནི།། སྟོང་པའི་ངང་ལས་ཡི་གེ་ཕེ།། དེ་ལས་སྦྲུལ་ནག་མགོ་དགུ་པ།། ལྕགས་རུ་འཇིགས་ལ་ནམ་མཁར་སླེབ། ཁ་རླངས་གདུག་པ་སྦྲུལ་དུ་འཁྱུག། དེ་ལྟར་བདག་ཉིད་ཡང་དག་སྒོམ།། གཟས་པ་སྔོན་དུ་གྱུར་པ ་དང་།། སྲོག་ལ་འཁོར་ལོ་བསྐོར་བྱས་ལ།། བྱང་ཕྱོགས་གདོལ་པའམ།། ཡང་ན་དམངས་རིགས་གང་ཡང་རུང་།། ནག་པོ་གནས་པར་ངེས་གཏད་ན།། ཀླུ་སྦྲུལ་ནག་པོ་ངེས་པར་འཆིང་།། དེ་ནས་བཅོམ་ལྡན་འདས།། ་ཀླུ་སྦྲུལ་ནག་པོའི་སྔགས་འདི་གསུངས། ཨོཾ་ནག་པོ་ཏི་པ་ཙ་ཡཾ། ནཱ་ག་གོ་ཤོ་ཆེ་གེ་མོ། ཧི་གུ་ལཾ་ཕེས་ཤན་ཕོས་ཤིག་ཤིག་ཆུ་ཚུ་ཧུ་ཡཾ་ཧུ་ཡཾ། ཀླུ་ནག་པོ་མགོ་དགུ་པ་དགྲ་བོ་མ་ར་ཡ་ཛ། ནག་པོ་ཏྲི་བཾ་ཙི་ཙི་ར་ལ་ཙ་ཙུར་ཙི ་ར་ཙི་ར། བེ་ར་རུ་ཤོན་ཆེ་གེ་མོ་ལཾ་ཡ། ནག་པོ་ཏི་པ་ཙ་བོ་ཙུ་ཏ་རཾ། ཙི་ཏྲ་རུ་ཁ་ལག་ཤོ་ཆེ་གེ་མོ་ཡཾ་ཡཾ། ཨ་ཤཾ་ནག་པོ་པ་ཙ་པུ། ནཱ་ག་དགྲ་བོ་ཀྲོ་ཏཱི་ཤྭ་རི་ཏི་ཤན་རྦད་པུ་ཤ་ན་རྦད། ཀུ་ར་ཀ་ཤོ་རྦད། ཏི་པ་ཙ་པྲ། ཛ་ལཾ་ཛ ་ལཾ། ཁོ་ཡན། ཧཱུཾ་ཤོང་། ཆེ་གེ་མོ་མཱ་ར་ཡ་ཛ། ཨོཾ་ནག་པོ་ཏི་པ་ཙ་ཡ། དགྲ་བོའི་གློ་སྙིང་མཱ་ར་ཡ་ཛ། ཀླུ་སྦྲུལ་ནག་པོ་ནཱ་ག་སྙིང་ལ་ཁྲུམ་ཕུ་ཡེ་ཛ། ནག་པོ་ཏཱི་པ་ཙ་ཡ་དགྲ་བོའི་གློ་སྙིང་ལ་ཡ། རྦད་བུ་ཡེ་བྲུཾ་རི་ལ་ཡེ་ཛ། ན ་ག་ཛ་ལ། ཛི་དགྲ་བོའི་སྙིང་ལ་རཾ་རཾ་རཾ་ཧ་ལ་དུས་རྦད། ནཱ་ག་ཛ་ལ་ཛི་དགྲ་བོའི་སྙིང་ལ་བཾ་བཾ་བཾ་དུས་མ་ར་ཡ། ནཱ་ག་ཛ་ལ་ཛི་ལ་དགྲ་བོའི་སྙིང་ལ་ལཾ་ལཾ་ལཾ་དུས། ནཱ་ག་ཛ་ལ་ཛི་ཧཱ་ལ་ཙ་མ་རི། དགྲ་བོའི་སྙིང་ལ་ཡཾ་ཡཾ ་ཡཾ་འདུས། དགུ་འདུས་ནག་པོ་སྙིང་ཟུར་དགྲ་ལ་བྷྱོ། སྟོང་ཕྲག་གསུམ་དང་གཉིས་དང་ནི།། གཅིག་ཏུ་བསྟན་པ་སྔགས་ཀྱིས་བསྡེབས།། ལས་ཀྱིས་ལུས་སྲོག་འབྱེད་པ་དང་།། གྲངས་སུ་མངས་ན་ཀུན་ཀྱང ་འཆི།། གནད་བརྡེག་ལས་ཀྱི་སྤུ་གྲི་དེ།། འབྱུང་བ་འཁྲུགས་པ་དུམ་རེ་གདགས།། ནཱ་ག་རཱ་ཛ་ཙིཏྟ་ཤོགས། ཆིངས་ཆིངས། ཤིག་ཤིག་ཆུ་ཆུ་རུ་ལ་ཡ། སྟིར་ཡ་མཱ་ར་ཡ་ཛ་ཛཱ། ཅིས་ནི་ལིང་ཀ་བསྐོར་བར་བྱ།། དཔལ་ཟླ ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་བའི་རྒྱུད་ལས།། ཀླུ་སྦྲུལ་ནག་པོའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས། ཀླུ་བདུད་སྦྲུལ་གྱི་ལས་དེ་ནི། སྡིག་པ་ནག་པོ་གསང་བའི་ཕུང ་བཤིག་དུག་མདའ་ཇི་ལྟར་ལགས། སྒྲུབ་པ་བརྩམ་པ་ཇི་ལྟར་ལགས།། ཆམ་ལ་དབབ་དང་གཏད་གནན་དང་།། གནད་ལ་དབབ་པ་ཇི་ལྟ་བུ།། ཡང་དག་རྡོ་རྗེས་ངེས་གསུངས་པ།། རྒྱ་མཚོ་འགྲམ་མམ་ཀླུ་གནས ་སར།། གྲུ་གསུམ་མཐིང་ནག་དལ་བརྩིགས་ལ།། མཛེ་ཅན་ཕོ་མོའི་ཐོད་པ་གཤེགས།། ས་མར་བྱུགས་ལ་རྒྱ་སྐྱེགས་ཀྱི།། འཁོར་ལོའི་རྩིབས་དྲུག་མཁས་པས་བྲི།། འཁོར་ལོ་ཀླུ་གླང་རྭ་ལ་བསྐྱང་།། ལིང་ག་མཛེས ་ལྡན་ཐོད་པར་གཞུག་ཁམ་པ་སྐྲ་ཤད་གོས་དུམ་ལ།། མཚན་དང་ལྡན་པའི་གཟུགས་བྱས་ལ།། འབྲུ་སྣ་རིན་ཆེན་སྣ་ལྔས་བྱུག། ནག་པོ་ཀླུ་ཡི་ལྟོ་བར་བཞག། དེ་ནས་མཆོད་པའི་རྫས་བཤམ་པ།། ལུང་པ་བདུན་དང ་དགུ་ཡི་ཆུ།། དམར་སེར་བ་ཡི་འོ་མ་དང་།། འབྲུ་སྣས་བརྒྱན་པའི་བྷ་ལིང་དག། དཀར་དམར་གཉིས་སུ་ཤེས་པར་བྱ།། ར་ཧུ་ལ་དང་སྲོག་བདག་ལ།། གསེར་སྐྱེམས་གཏོར་མ་བཤོས་བུ་གཏོང་།། བཅོ་བརྒྱད་སྔགས ་ཀྱིས་སྤྱན་དྲངས་ལ།། འབྲུ་དགུས་རྣམ་ཤེས་གཟུགས་ལ་འཆིང་།། སོ་བཞི་སྔགས་ཀྱི་གནད་ལ་དབབ།། སྡོང་སྔགས་དྲུག་གིས་འཕྲིན་ལས་བཅོལ།། དྲག་སྔགས་བདུན་པས་བརླག་པར་བྱ།། གཟེར་བཞི་ལས་གཉེར ་ཡོངས་སུ་གཏད།། གལ་ཏེ་གྲུབ་པར་མ་གྱུར་ན།། གདུག་པའི་ཤིང་ལ་ཧོ་བྱས་ཏེ།། ནག་པོ་ཀླུ་ཡིས་གསད་པར་བྱ།། བྲམ་ཟེ་ནག་པོའི་ངན་སྔགས་ཀྱིས།། དྲག་པོ་ལས་ཀྱི་སྦྱིན་སྲེག་བྱ།། ཐལ་བ་ནག་པོ་གནས་སུ ་སྦསྒྲ།། དེ་ནས་བཤམ་པ་ཀུན་རྫོགས་ནས།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ལས།། ཧཱུཾ་ནག་དུག་གི་ཚུལ་འདྲ་ལས།། ནག་པོ་འཇིགས་པ་རྔམ་པའི་ཞལ།། སྦྲུལ་ནག་ལུས་ལ་སྡིག་པའི་མགོ། ཕུང་ཤིང་ནག་པོ་ཧ་ལའི ་སྡོང་།། ལྷང་ལྷང་ཚེར་ཚེར་སྐད་ངན་གྱིས།། ཚངས་པའི་གནས་ཆེན་མན་ཆད་ཀྱིས།། སྐྲག་ཅིག་འགྱེལ་བའི་ཕུང་གཤིག་མགོ། ཀླུ་མོ་ནག་མོ་ཧབ་ཤ་དེ།། བུད་མེད་ལུས་ལ་སྦྲུལ་གྱི་གཞུག། ལག་ན་ནད་ཀྱི་རྐྱལ ་པ་ཐོགས།། སྲོག་གཤེད་དྲུག་དང་བཅས་པ་སྟེ།། གཤིན་རྗེ་ནག་པོ་སྟག་མགོ་ཅན།། ཀླུ་བདུད་སྦྲུལ་གྱིས་རྒྱུ་མ་ཅན།། བཙན་དམར་ཤུ་དོ་ཞགས་པ་ཅན།། བདུད་ཀྱི་དགྱེས་ལ་འཛུམ་མེད་པ་དང་།། གྱིང་ཆེན་འབྱུང ་པོའི་དེད་དཔོན་དང་།། མ་མོ་ལས་ཟོར་འཕེན་མ་དང་། ཁྲམ་ཤིང་ཐོགས་ཤིང་རྔམ་པའི་ཞལ།། བསྐྱེད་ལ་མཆོད་དང་འཕྲིན་ལས་བཅོལ།། ལས་ཀྱི་བྱ་བ་རྫོགས་པ་དང་།། ནག་པོ་ཀླུ་ལ་གནད་པར་བྱ།། དེ་ནས ་བཅོམ་ལྡན་འདས་ཀྱིས་སྡིག་པ་ནག་པོ་གསང་བའི་ངན་སྔགས་འདི་གསུངས་སོ།། ནཱ་ག་དུ་ན་ནཱ་ག་ཤན་དུ་ཧེ། ཧེ་ལི་ཧེ་ལི། ནཱ་ག་རཱ་ཛ་ཨ་པེ་ཤ་ཡ་ཨ། ཨོཾ་པདྨ་ནརི་ཛ། ཤང་ཀ་བ་ལ་ནི་ཛ། དགྲ་བོ་དམ་པ་ཡ་ནི་ཛ། ག ་ལ་གེའུ་ཕུ་རུ་ཛ། མི་འདི་ཀླུ་ནག་པོ་ཁྱོད་ལ་དོ་བརྡོ་བར་གདའ་འོ།། འདི་ཁྱོད་ལ་ཀོ་ལོང་གསལ་བར་གདའ་འོ།། འདིས་ནི་ཁྱོད་ཀྱི་གནས་འཕྲོག་པར་གདའ་འོ།། འདི་ལ་ནད་སྣ་ཚོགས་ཟོང་ཞིག་སྭཱཧཱ། ་ཨོཾ་ནག་པོ་ཏི་པ་ཙིཏྟ་ལ་རྒྱོབ། ཏྲག་ཐུར་སྙིང་ལ་ཕུར། སྙིང་གུལ་གུལ། མྱགས་མྱགས་རྩ་བཞི་སྐུམས། ཤན་ཤན་སྲོག་ལ་ཐུར་ཐུར་སྲོག་སོད་སྭཱ་ཧཱ། ཡ་མ་ར་ཛ་ནག་པོ་དགྲ་སྙིང་ལ་ཡ་ཡ། གཤིན་རྗེ་ནག་པོ་ཛ་ཐུར་དགྲ ་ལ་བྷྱོ། ནཱ་ག་ཀེ་ཙེ་དུས་དུས། ཛ་ཐུར་དགྲ་ལ་བྷྱོ། ཨ་བེ་ཤེ་ཏེ་ཐུམ་ཧེ་ཐུམ། ཛ་ཐུར་དགྲ་ལ་བྷྱོ། ནག་པོ་ཁ་ཐུན་ཏྲ་དེ་ཆོད། ཛ་ཐུར་དགྲ་ལ་བྷྱོ། ཛཱ་ཐུར་སྙིང་ལ་ཐུར་སྙིང་ལ་ཡཾ། བཛྲ་ས་དུ་སྙིང་ཐུར་དགྲ་ལ་བྷྱོ། ཛ་ཐུར ་སྙིང་ལ་ཡཾ། མ་སྙིང་ཐུར་དགྲ་ལ་བྷྱོ། ན་གཤན་ཏིང་དུན་སིབས། ནཱ་ག་རཱ་ཛ་ནན། ནཱ་ག་མི་ར་རྦུད། ཤན་ཏི་ཤན་ཏུ་ཚུབས། ནག་པོ་ཨོ་ར་ལོག་ཤམ། ནཱ་ག་དུན་དུས་གྱེན་གྱེན། ནཱ་ག་ཤ་དུ་ཡ་ཡ། ཙུབས་ཙུབས་དུ་ཤ ་དྲུད། རྟགས་ཀྱི་དྲོད་རྟགས་བྱུང་བ་ན།། ནཱ་ག་གནས་པའི་ས་ཕྱོགས་སུ།། དྲག་པོ་གནས་ཀྱི་ཀླུ་ལ་གཏད།། ཕོ་བྲང་རྒྱ་མཚོའི་སྲང་སྒོ་རུ།། གང་དུ་གཏད་ཀྱང་འགལ་བ་མེད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི ་ཁའི་གསང་རྒྱུད་ལས། སྡིག་པ་ཕུང་གཤེགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་རྡོ་རྗེ་སྙིང་པོ་ཡིས།། ལས་བཞི་འཁོར་ལོ་གསང་བ་ཡིས།། ཀླུ་བདུད་གཅིག་པ་ཞེས་བྱ་བ།། ས་བདག་སྲོག་གི་འཁོར་ལོ། ་གང་།། དེ་ལ་ངེས་པར་ཡང་དག་གསུངས།། ཡཀྐ་ནག་པོ་འཇིགས་བྱེད་ལ།། ས་བདག་གདུག་པ་སྒྲུབ་བྱེད་ན།། དང་པོ་བདག་ཉིད་བསྲུང་བ་ནི།། རྡོ་རྗེ་གཏུམ་པོ་སྒོམ་པའམ།། ཡང་ན་སྦྲུལ་ནག་ཆེན་པོ་ལ།། ཆུ་སྲིན ་གདུག་པའི་མགོ་བོ་ཅན།། ནཱ་ག་རཀྵ་ཀླུ་ཡི་བདུད།། དེ་ཡི་སྙིང་ལ་གནས་པ་ཡང་།། དུང་གི་བྱ་ཁྱུང་གསེར་མིག་འཁྱིལ།། གནམ་ལྕགས་རྡོ་རྗེ་སེན་མོ་འབར།། དེ་ལྟར་བསྒོམ་པར་བྱ་བའམ།། སྔོན་དུ་བྱ་ཁྱུང་བསྒོམ ་པར་བྱ།། དྲག་པོའི་དུས་སུ་དེ་ཉིད་མིན།། སྒྲུབ་པའི་དུས་སུ་བསྒོམ་བྱ་བ།། ལྕགས་ཀྱི་ཕོ་མོ་ནག་མོ་ལ།། ལྟོ་འཕྱེ་འཇིགས་པའི་དམ་ཤི་ཞོན།། ལྟོ་འཕྱེ་སྦྲུལ་གྱི་མགོ་བོ་ཅན།། སྦྲུལ་གྱི་གཞུག་མ་རབ་ཏུ་འཁྱིལ།། མི་ཡི ་ལུས་ལ་ལག་པ་གཉིས།། གཡས་ན་སྦལ་ནག་རྒྱལ་མཚན་འཕྱར།། གཡོན་ན་སྡིག་པའི་གཡང་གཞི་འཕྱར། ཁ་རླངས་ཁྲོས་པ་སྦྲུལ་དུ་འཁྱུག། གཟས་པ་པོ་ཡི་སྐྱེ་ལ་འཁྲིལ།། མ་ཧེ་དམར་པོའི་སྟེང་དུ་བསྐྱོན།། ལས ་ཀྱི་རླུང་གིས་རྒྱབ་ནས་ཕུལ།། བདག་གི་དྲུང་དུ་འོངས་པ་དང་།། བདག་གི་དམིགས་པ་སྦྲུལ་གཉིས་ཁོས།། དམིགས་པའི་མགོ་བོ་ཁར་བཅུག་ནས།། ཇི་ལྟར་སྟོབས་ཀྱིས་མཁའ་ལ་ལྡིང་།། སྙིང་ལས་ཁྲོས་པའི་འོད ་དཔུང་ལས།། ཀླུ་བདུན་ནག་པོ་ཞེས་བྱ་བ།། མི་ལུས་སྦྲུལ་གྱི་འཇུག་མ་ཅན།། ལག་གཡས་མཚོན་གྱི་རྐྱལ་པ་ཐོགས།། མཚོན་གྱི་ཆར་བ་དེ་ལ་འདེབས།། གཡོན་གྱིས་ནད་ཀྱི་རྐྱལ་པ་ཐོགས།། ནད་ཀྱི་དཔལ་ཡང་དེ ་ལ་འབེབས།། དེ་ལྟར་གཟས་པའི་དགྲ་བོ་དེ།། བདག་གི་དྲུང་ན་ཉམ་ཟག་ནས།། ཤིན་ཏུ་འདར་ཞིང་བྲེད་པར་སྒོམ།། དེ་ནས་ཀླུ་ཡི་གཉེན་པོ་ནི།། སྣ་ཚོགས་སྨན་གྱི་གཏོར་མ་རུ།། དཀར་གསུམ ་མངར་གསུམ་ཨརྒ་བསྒྲེང་།། མཁའ་འགྲོ་སྒྲོ་ལ་བྲིད་ཅིང་བསྟེན།། ཀླུ་ཤིང་རྒྱང་བུ་དངུལ་ཆུ་བསོག། དང་པོ་ཀླུ་ལ་སྙན་པར་བྱའོ།། དེ་ནས་ཀླུ་ལ་སྙན་པར་བྱའོ།། དེ་ནས་ཀླུ་ལ་མཆོད་པ་དང་།། དམ་ལ་བཏགས་པའི ་སྔགས་ཀྱང་བཟླས།། དམོད་པ་དུག་མདའི་གསང་སྔགས་ལ།། ས་ཡ་བརྗོད་ན་ཀུན་ཀྱང་འཆི།། དེ་ནི་ངན་སྔགས་ངོ་བོ་སྟེ།། བྱེ་བ་བརྗོད་ན་གདོན་མི་ཟ།། འབུམ་ཕྲག་བརྗོད་ན་འཆི་བར་འགྱུར། ཁྲི་ཁྲག་གིས་ཀྱང ་སྦྱོར་བ་རྫོགས།། དེ་ནས་བསད་པའི་སྦྱོར་བ་ནི།། མི་སྐྲ་ར་བལ་ཁྱི་བལ་དང་།། བྱ་སྒོང་སྦལ་པའི་ཤ་དང་ནི།། ཚ་དང་བ་གླང་མཁྲིས་པ་དང་།། སྐེ་ཚེ་དང་ནི་རམ་བུའི་ཕྱེ།། བསྲེག་པའི་སོལ་བ་དེ་དག་ལ།། རི་ལུ་སྲན ་མ་ཙམ་བྱས་ན།། དེ་ལ་སྔགས་ཤིང་གོ་གོན་ལ།། མགོ་ལ་མཁའ་འགྲོའི་སྒོ་དག་ཤིས།། ཤར་སྒོ་ནུབ་བྱང་ཕྱོགས་དག་གིས།། གང་དུ་ཁ་བལྟས་ཁྱིམ་དུ་ཡང་།། དེ་ལ་སྔགས་ཤིང་འཁྱམ་དུ་གཞུག་དེ་དག་ངན་སྔགས ་སྐྱོབ་པ་ཡིན།། དེ་ནས་ཡང་ནི་བཤད་བྱ་བ།། དར་དཀར་གྲོ་ག་ཤིང་ཤུན་ལ།། ཉམས་པའི་གཟུགས་བརྙན་བྲི་བར་བྱ།། རྟེན་གྱི་རྫས་ལྔ་རྫས་ལ་སྦྱར།། ཡན་ལག་རིགས་བཞི་སྦྲུལ་གྱིས་འཁྲིལ།། སྙིང་ལ་སྦྲུལ་ནག ་བ་བྲི།། ནད་དང་མཚོན་ཆ་སྣ་ཚོགས་བྲི།། ཟངས་ལྕགས་འཁར་བ་དེ་དག་ལ།། སྦལ་པ་ཁོག་སྟོང་བྱས་པའམ།། ཡང་ན་སའམ་ཤིང་ལ་བྱ།། ནང་དུ་དགྲ་གཟུགས་བཅུག་ནས་ཀྱང་།། ལ་ཆ་ཁམ་པའི་ག་འུར ་གསལ།། ལ་ཙ་ཁམ་པའི་ཁུག་པ་རུ།། ཀླུ་ཡི་ནོར་བརྒྱད་རྩལ་བར་བྱ།། ག་འུའི་ཕྱི་རྒྱབ་དག་ཏུ་ཡང་། ཁྱི་མོ་ནག་མོའི་སྣ་ཁྲག་དང་།། ཅོག་ལའི་ཁུ་བ་དམར་པོ་དང་།། རོ་བསྲེག་ཐལ་བ་སྦྱིན་སྦྱར་ལ།། བྱུགས་ཤིང ་ཚད་བྱ་ཁྱེར་ལ་ཡང་།། ཚ་གྲང་འབྱུང་བའི་སྒྲ་བྱུང་ཚེ།། མིས་མ་ཚོར་བར་ཁྱིམ་ནང་དུ།། སྦྱར་བ་མཁས་པས་གཞུག་པར་བྱ།། དེ་ནས་ཡང་དག་ངེས་བཤད་པ།། དུར་ཁྲོད་རས་སམ་དྲི་རྒོད་མིན།། གཙང་མའི་རས ་སམ་ཀ་རི་ཀ། མཁས་པས་འཁོར་ལོ་བྲིས་བྱས་ལ།། ལིང་ཀ་དང་བཅས་ཐོད་ཆེན་གཞུག། བྱང་ཕྱོགས་གདོལ་བའི་ཁྱིམ་དུ་གཞུག། དེས་ནི་རྩ་རྒྱུད་རླག་པར་བྱེད།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། སྐུ ་གསུང་ཐུགས་རྡོ་རྗེ་ལས། ས་བདག་སྲོག་གི་འཁོར་ལོའི་ངན་སྔགས་འདི་དག་འཐོན་ཏོ།། ཛ་ཡེ་ཕུ་བི་ཛ་ཡེ་ཕུ། ཙི་ཏི་ཙི་ཏི་ཕུ། ཙིཏྟ་ཨང་ཀེ་ཕུ། ན་ན་ལེ་ཕུ་ཤང་ཀ་རུ་ཏེ་ཕུ། ཀུ་ལུ་ཨུད་ཀ་ཏེ་ཕུད། གྲ་ཧེ་ཤ་ར་ཡ་ཕུ། ་ས་མ་ཡེ་ཕུ། ནཱ་ག་ཕུ་ན་ག་རཱ་ཛ་ཕུ་ཛྙཱ། ཨོཾ་ཡོ་ག་རཱ་ཛ་ཡོ་ག་རཱ་ཛ་བྲི་ཏེ། གྷ་གྷ་ཁ་ཁ་ནཱ་ག་དུཾ་པ་ལེ། ནཱ་ག་རཱ་ཛ་ཨ་ནན་ཏ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཤ་ཤ་ཤུ་ཤུ་ཤུ་མ་ལི་པ། ཀྱི་ཙ་ཀྱི་ཏི་ཧུ་ཡ་ཧུ་ཡ། ཧུ་ལི་ཧུ་ལི་སྭཱ་ཧཱ། ནཱ་ག་ཧཱ་ཡ ་བ་ལིང་དུང་སེ་ས་མ་ཡ། ཨ་ཏི་བ་ཆེ་གེ་མོ། ཐུན་སོང་ཟུང་ན་ག་ཤིག། རོ་ལ་ཐིབ་ཟིབ། དཾ་ཤི་མ་མ་མ་ཧཱ་ཡགྒ་ནཱ་ག་ཧུ་ཡ་བ་ལིང་དུང་བ། ཛ་ཛ་བྷྱོ་བྷྱོ་མ་ར་ཡ་རྦད། མ་མ་སྙིང་ཁྲག་དུན་ཏིང་། ན་ག་རྦྷ ་ཡ་ཧཱུཾ་བ་ལིང་དུ་བ་ཛ་ཛ་བྷྱོ། མ་ར་ཡ་རྦད། མ་མ་ཧ་ལ་དུན་བྷྱོ། ནཱ་ག་ཧུ་ཡ་བཱ་ལིང་དུ་བ་ཛ་ཛ་བྷྱོ་བྷྱོ་མ་ར་ཡ་རྦད། མ་མ་ཡཀྐ་མ་མེ་རཀྐ། རག་མོ་བ་ལིང་དུང་ཛ་ཛ་བྷྱོ་བྷྱོ་མཱ་ར་ཡ་རྦད། མ་མ་ཡཀྐ་རཀྑ་ཧུ་ར་ཧུ་ར། ནག ་མོ་བ་ལིང་དུང་བ་ཛ་ཛ་བྷྱོ་བྷྱོ་མཱ་ར་ཡ་རྦད། ཛ་ཛ་བྷྱོ་བྷྱོ་མཱ་ར་ཡ་རྦད། དགུག་དང་རྦད་དང་བསད་པ་ཡིས།། ངན་སྔགས་གནད་ཀྱི་སྦྱོར་བ་སྟེ།། ཞི་བར་སྒྲུབ་བམ་དྲག་པོར་སྒྲུབ།། གང་བསྒྲུབས་འབྲས་བུ་སྨིན་པར ་འགྱུར།། ཧེ་ཧེ་ཧེ་ས་བྱི་བ་ཙོག་གི་ལིང་མ་ལོངས་སོང་། དེ་དག་བརྗོད། དམོད་བཅོལ་བྱ། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ས་བདག་སྲོག་གི་འཁོར་ལོ། ཀླུ་བདུད་དམ་ཤི་ཕག་མིག་གི ་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་འདི་སྐད་ཅེས་གསོལ།། གདུག་པ་ཀླུ་ཡི་འཁྲུལ་འཁོར་ཏེ།། མཚོན་ཆ་ལས་ཀྱི་འཁོར་ལོ་འདིར།། རྩ་བའི་སྒྲུབ་པ་བཤད་ཀྱིས་ཀྱང་།། མ ་གྲུབ་སྤོགས་དང་གནད་གཅོད་ཀྱིས།། ཡན་ལག་སྒྲུབ་པ་བཤད་པར་མཛོད།། ཡང་དག་རྡོ་རྗེས་ངེས་གསུངས་པ།། གནད་གཅོད་གསང་བའི་སྦྱོར་བ་དག། ནག་པོ་ཀླུ་ཡི་ཚོགས་རྣམས་ལ།། ཟས་དང་གྲོགས་དང་དགྲ ་། སྐལ་དང་།། དུག་ཐུན་ནག་པོ་ཞེས་བྱའོ།། དང་པོ་ཟས་སུ་གཏད་པ་ནི།། གཉེན་ར་འདུག་པ་ཡོད་པའི་ས།། ནག་པོ་བླངས་ལ་སྦྲུལ་གཟུགས་བྱ། ཁོག་སྟོང་བྱས་ལ་མཎྜལ་བཞག། གྲོ་ག་དག་ལ་འཁྲུལ་འཁོར ་བྲི།། དབུས་སུ་དགྲ་བོའི་གཟུགས་བྱས་ལ།། བ་དམར་ར་དཀར་འོ་མ་དང་།། མཛོ་ཡི་འོ་མ་མངར་གསུམ་དང་།། རྩི་སྨན་སྣ་ཚོགས་སྦྱར་བྱས་ལ།། དམིགས་པའི་དྲི་དང་སྦྱར་བ་བྱུག། སྦལ་པའི་འཁོར་ལོའི་ལྟེ་བར ་བྲི།། ཐ་མ་སྔགས་ཀྱི་ཕྱི་ནང་བསྐོར།། དེ་ནས་དུག་སྦྲུལ་ནག་པོ་སྟེ།། ཏི་པ་ཙ་ཡི་སྐུར་བསྒོམས་ལ།། ངན་སྔགས་ཁྲི་ཕྲག་གསུམ་བཟླས་ལ།། ནཱ་ག་གནས་པའི་ས་དག་ཏུ།། དུག་སྦྲུལ་ལྟོ་བར་གྲུབས་ལ་ཡང་།། ཉི་ཟླ ་ས་འོག་སོང་ནས་གཏད།། ཀླུ་ཡི་ཟས་སུ་མྱུར་པར་ཟ།། ཡང་ན་འཁོར་ལོ་གོང་ལྟར་བྱ།། གླང་རུ་སྲིན་པོའི་ལྟོ་བར་གཞུགས།། ན་ག་གནས་པའི་ཁྱིམ་དུ་གནན།། ཀླུ་དང་གཉེན་དང་ས་བདག་གིས།། ཟས་སུ་མཐོང ་ནས་མྱུར་དུ་ཟ།། དེ་ཡི་ངན་སྔགས་འདི་ལྟ་སྟེ།། ཨོཾ་ནག་པོ་ཏི་པ་ཙ་ཡ། ན་ག་ར་རགྨ་ཆེ་གེ་མོ་ཧེ་ཀུ་ལ། ཕེ་ཤ་ན། ནག་པོ་ཤིག་ཤིག་ཚུམ་ཚེ།། ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ། དགྲ་བོ་ཆེ་གེ་མོ་ཟུང་ཟུང་། ཆིངས ་ཆིངས། ནཱ་ག་དུ་ནཱ་ག་དུ། ནཱ་གཤན་དུ། ཧེ་ལི་དུས་དུས། ནག་པོ་བཾ་ཙི་ཙི་རྒྱས། ཏྲག་ཐུར་སྙིང་ལ་གུལ། མྱགས་མྱགས། རྩ་གཞི་སྐུམ། ཤན་ཤན་སྲོག་ལ་ཤན། ཐུར་ཐུར་སོད་ནཱ་ག་གུར་ལིང་། སྙིང་ལ་དུས་དུས། སྙིང ་ཁྲག་བཾ་མོ་རླུལ། སྙིང་ལ་དུས་དུས་ས་མ་ཡཱ། ན་ག་ཀྱེན་ཙེ་སྙིང་ལ་དུས་དུས། ནཱ་ག་དུ་ནཱ་ག་ནརི་སྙིང་ལ་དུས་དུས། ནརི་ལོ་ནརི་ཆོད། ས་མ་ཡི་དཾ་དཾ་ཛ། ན་ག་རཀྐ་དགྲ་བོ་ཁ་ཁ་ཁཱའི། ཉམས་པའི་རུ་དྲ་དགྲ ་བོ་དེ།། ཟས་སུ་མཐོང་ནས་མྱུར་དུ་ཟ།། འདི་ནི་གསང་བའི་ཡང་ཏིག་ཡིན།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། དགྲ་ཟས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་དག ་བཤད་པ་ནི།། བཾ་ཆེན་ཐོད་ཆེན་ནག་པོ་གཤག། འབྱུང་བ་ལྔ་ཡི་གཤེད་རྩིས་ལ།། གཉེན་པོ་མ་ཐོད་དེ་དག་ལ།། འཆི་བདག་གཟུགས་དེ་མཁས་པས་བྲི།། གཅིག་ལ་དགྲ་གཟུགས་ལེགས་བྲི་ལ།། དྲག་པོ་སྔགས ་ཀྱིས་འཁོར་བར་བྲི།། ཁ་སྦྱར་གནད་ཀྱི་དྲ་བ་གཞུག། འབྱུང་བའི་གཉེན་པོ་སྟེང་འོག་རིམ།། ཤེས་ནས་ཡང་དག་སྒྲོལ་བར་བྱེད།། རྒྱལ་རིགས་ཀླུ་ལ་གཏད་པའམ།། ཡང་ན་གང་ཡང་རུང་བ་རུ།། ཐོད་ཆེན་འཁོར ་ལོར་བཞུགས་པའམ།། བདག་ཉིད་སྟོང་པའི་མུན་པ་ཉིད།། སྒྱུ་འཕྲུལ་ཡི་གེ་ཕེ་ལས་ནི།། སྤྲུལ་ན་ལུས་ལ་ཆུ་སྲིན་མགོ། ནཱ་ག་རཀྵ་བསྒོམ་པར་བྱ།། དེ་ཡི་ཐུགས་ལས་འོད་འཕྲོས་པས།། ཀླུ་བདུད་ནག་པོ་ཞེས་བྱ ་བ།། ནག་པོ་འཛིན་ཤེས་གཏོང་མི་ཤེས།། སྦྲུལ་ནག་ལུས་ལ་རྔམ་པའི་ཞལ།། དེ་ལ་དགྲ་བོ་དགྲ་ཏུ་གཏད།། བཙུགས་འཛུད་སྔགས་ནི་དྲི་དང་བཟླས།། སྦྱོར་བ་རྫོགས་ནས་གནན་པ་བྱ།། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ ་ག་རཀྟ་ཆེ་གེ་མོ་ཧེ་ཁུ་ལ་སེ་ཤན་པ་ཕོས་པོས། ཤིག་ཤིག་ཧཱ་ཡ་ཧུ་ཡ། ནག་པོ་མགོ་དགུ་པ་དགྲ་བོའི་སྲོག་ལ་བྲེང་ཤག། དྲིལ་མྱགས་རྦད། ཙིཏྟ་ཟུང་རྦད། རྩ་ཁྲག་ཟད། ཁཾ་རཾ་ཁེ་རཾ། སྙིང་ཏིག་རྩ་ཏིག་ཁྲག་ཏིག་རྦད། ་ཅེས་ནི་སྟོང་ཕྲག་གསུམ་དུ་བཟླས།། སྦྱོར་བ་བརྒྱ་བར་དག་ཏུ་ཡང་།། བཙུགས་སྔགས་བཟླས་ཤིང་གཏད་གཉེར་བྱ།། ཉམས་པའི་དགྲ་བོ་འདི་ཡིས་ནི།། ནག་པོ་ཀླུ་ཡི་གནས་འཕྲོག་གོ། མྱུར་དུ་བརླག་སྟེ་སྲོག་རྩ ་གཅོད།། ཅེས་བྱའོ།། རྟགས་ནི་ཛག་དང་ཙ་ར་དང་།། ར་མདའ་ཁུ་ལོག་དམག་འདྲེན་འོང་།། འཇིག་རྟེན་འཛམ་གླིང་ཀླུ་རྣམས་ཀྱིས།། ཡུལ་ཁམས་ངེས་པར་རླག་པར་བྱེད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི ་ཁའི་གསང་རྒྱུད་ལས། ཀླུ་བདུད་ནག་པོ་ལ་དགྲ་བོ་དགྲ་སྐལ་དུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གཏད་པའི་ལས་བཤད་པ།། ཀླུ་མོ་ནག་མོ་སྤྱན་གཅིག་མ།། དགྲ་བོ་གྲོགས་སུ་གཏད་པར ་བྱ།། དགྲ་བོ་ཟག་པ་ཟད་པའི་རྫས།། དུང་དང་མཚལ་དང་ཤུ་དག་དང་།། རྩི་སྨན་རྣམས་ཀྱིས་སྦྱར་ལ་ཡང་།། དམིགས་པའི་ལིང་ག་བྲི་བར་བྱ།། སྙིང་ཁར་བཅུག་པའི་ངར་བླུད་ལ།། ཀླུ་མོ་ནག་མོ་ཁ་སྦྱོར་བྲི།། རྒྱབ ་ཏུ་ས་ཡི་བདག་མོ་སྟེ།། གཡས་སུ་གཉེན་མོ་སྙིང་འབྱིན་མ།། གཡོན་དུ་ཀླུ་མོ་ལྟོ་འགྲོ་མ།། ལེགས་པར་གཟུགས་བྱས་ལིང་ཀ་དྲིལ།། སྦལ་པ་གའུའི་ནང་དུ་གཞུག། བྱང་ཕྱོགས་གདོལ་བའི་ས་རུ་གཏད།། ནཱ་ག་དུ་ནཱ ་ག་དུ། ཧེ་ལི་ཧེ་ལི། ནཱ་ག་དུས་དུས། ཨོཾ་ནཱ་ག་ཀྲོ་ཏི་ཤྭ་རི། ནཱ་ག་རག་མོ་ཧེ་ཞུ་ལ། ཕོས་ཕོས་ཤིག་ཤིག། ཧུ་ཡ་ཧུ་ཡ། ཀླུ་མོ་ནག་མོ་ཧ་ཞེ་ན། ཧུ་ཞེན་ནཱ་ག་ཞེན། ན་ག་ལེ་ཞེན་ན་ག་ལེ་ཞེན་ནཱ་ག་ལེ་ཞེ་ན། ་བུ་མེ་ཞེ་ན། ས་ཁྲག་ཞེ་ན། དབུགས་ལ་ཐུས་ཐུས་སྭཱ་ཧཱ། ངན་སྔགས་མཚོན་ཆའི་འཁོར་ལོ་འདི།། སྟོང་ཕྲག་གསུམ་ལས་གྲངས་མངས་ན།། ཀླུ་སྲིན་རྣལ་འབྱོར་ཉིད་ལ་འདུ།། དེས་ན་གཏད་པ་ཤིན་ཏུ་གཅེས།། དཔལ ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། གོགས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ལ་སྒྲུབ་ཐབས་མེད་དོ་སྐད།། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། རྡོ་རྗེ་འཆང་ལ་འདི་སྐད་གསོལ།། ངེས ་པར་གསང་རྒྱུད་མཚོན་ཆ་འདིར།། བསད་པའི་སྦྱོར་བ་གཞན་བཤད་ན།། སྲིན་པོ་བདུད་དང་གནོད་སྦྱིན་གཟའ།། འཆི་བདག་སྒྲུབ་པ་བཤད་པར་མཛོད།། ཅེས་གསུངས་པས། དེ་ནས་བཅོམ་ལྡན་འདས་ན་ག་རཀྵ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྲིན་པོ་སྲོག་གི་འཁོར་ལོའི་ངན་སྔགས་འདི་གསུངས་སོ།། ལས་ཀྱི་ནཱ་ག་གདུག་པ་ཡི།། མཚོན་ཆ་འཁོར་ལོ་ལོག་པའམ།། རང་རྒྱུད་རིགས་བཞི་གདོལ་བའི ་། དུག། འགྲོ་བ་ཡོངས་ལ་འཚེ་བའམ།། ནག་པོ་གདུག་པའི་ཀླུ་རྣམས་ཀུན།། ལས་མི་བྱེད་ན་ཨར་ལ་གཏད།། རང་ཉམས་དབེན་པའི་ས་ཕྱོགས་སུ།། ནཱ་ག་ཀླུ་ཡི་འཁོར་ལོ་ནི།། ཆོས་ཀྱི་འབྱུང་གནས་དབུགས་ལྡན ་པས།། འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན།། འཁོར་ལོ་རྫོགས་པ་རིགས་བཞི་སྟེ།། རྣམ་པ་སྲིད་པ་སྒྲུབ་པ་དང་།། བསྙེན་པ་སྒྲུབ་པ་ཡང་དག་བཤད།། སྟོང་ཉིད་སྙིང་རྗེའི་ངོ་བོ་ཉིད།། རྒྱུ་ཉིད་རྣམ་པར་ལྡན་པ ་ལས།། ནཱ་ག་རཀྵ་འཇིགས་པའི་སྐུ།། སྦྲུལ་ནག་ཆེན་པོ་འཇིགས་པ་ལ།། སྦྲུལ་མགོ་བརྒྱད་ནི་རབ་ཏུ་བརྗིད།། དབུ་དགུ་ཉིས་བརྒྱ་ཕྱག་དང་ལྡན།། སྦྲུལ་ནག་རལ་པ་མུན་ལྟར་གཏིབས།། མཛེ་ཤུའི་ནད་ཀྱི་ཚ་ཚར ་འཕྲོ།། ཞགས་པ་གཡས་ལ་ནད་རྒྱལ་གཡོན།། རིགས་བཞི་ཀླུ་ཡི་གདན་སྟེངས་ནས།། ཀླུ་བྲན་ཕོ་མོ་ཟས་སུ་ཟ།། འཇིགས་བྱེད་ཨི་ཤའི་སྒྲ་ཡང་སྒྲོགས།། ང་རོ་མི་སྙན་ལྷང་ལྷང་འབོད།། ཡུམ་ནི་འཇིགས་བྱེད་སྐུ་དང ་འདྲ།། སྙིང་ལ་ཡེ་ཤེས་སེམས་དཔའ་ལ།། སྔགས་ཀྱི་འཕྲེང་བ་མགལ་མེའི་ཚུལ།། དེ་ལྟར་བསལ་བར་བསྟན་པ་ནི།། ན་ག་ཀླུ་ཡི་གཤེད་མར་བྱུང་།། ཀླུ་ཡི་གྲོང་ཁྱེར་ཀུན་ཀྱང་བརླག། ནཱ་ག་རཀྐ་ཧེ་ལ་ཏ། ཧ་ལ་ནག། ་མོ་ཙ་མ་རི། དེ་ཡི་སྔགས་ལ་བཤད་བྱ་བ། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྵ། ཨོཾ་ཕེ་ལཾ་ཧཱུཾ། ནཱ་ག་རཀྵ། ནཱ་ག་སྲོག་ཧྲིལ་ཧུར་ཟུམས་རྦད། དེ་ཡི་ན་ག་ཀླུ་རྣམས་ཀུན།། སྲོག་དང་བྲལ་དུ་རེ་ནས་འགྱེལ་ཅིང་སྐྲག། ཨོཾ ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྟ། ནཱ་ག་ཧ་ཡཾ། ཐུན་གཟེར། བྲང་ཤག་མཱ་ར་ཡ་ཁཾ་ཤག་རྦད། ནཱ་ག་ཀླུ་ཡི་གཉེན་པོ་སྟེ།། ལྟས་ལོག་སྦྱོར་བ་ངན་ན་བྱ།། གཞན་དུ་ནམ་ཡོང་བྱ་བ་མིན།། གཞན་ཡང་ནཱ་ག་རཀྟ ་ཡི།། མཛེའམ་བསྲུང་བའི་ལས་བཤད་པ།། རིགས་བཞི་གདོལ་པའི་ནད་རྣམས་ཀུན།། འཇུགས་ངེས་པ་ཚད་མས་བརྟག། རྟགས་ཟིན་ནད་ཀྱི་འཁོར་ལོས་དཀྲུག། རྫས་དང་སྔགས་དང་ཏིང་འཛིན ་ནི།། སྦྱོར་བ་གསུམ་གྱིས་ངེས་པར་འཇོམས།། ས་ཆུ་མེ་རླུང་འབྱུང་བའི་དུག། འཁོར་ལོ་བཞི་ཡི་གནས་ཀྱིས་འཇོམས།། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ། རཾ་རཾ་རཾ་རཾ་ཙ་མ་རི་ཕྱུང་། ནཱ་ག་ཕུ་མ་ར་ཡ། ཨོཾ་ཕེ་ལཾ་ཧཱུཾ་ཁཾ་ཁཾ ་ཁཾ་ཁཾ་ཙ་མ་རི་ཕྱུང་། ནཱ་ག་ཕུ་མ་ར་ལ་ཡ། ཨོཾ་ཕེ་ལཾ་ཧཱུཾ་ཡཾ་ཡཾ་ཡཾ་ཡཾ། ཙ་མ་རི་ཕྱུང་། ནཱ་ག་ཕུ་མ་ར་ཡ། ཨོཾ་ཕེ་ལཾ་ཧཱུཾ། ལཾ་ལཾ་ལཾ་ལཾ། ཙ་མ་རི་ཕྱུང་ནཱ་ག་ཕུ་མ་ར་ཡ་ཨོཾ་ཕེ་ལཾ་ཧཱུཾ། འགུག་འདྲེན་འབྱུང་པོ་དགུག་པ་དང་།། ཡང ་སྙིང་བསྡེབས་ལ་ཤིས་པར་བརྡེག། སྤྱི་བོ་ས་ཡི་འཁོར་ལོ་དང་།། མགྲིན་པ་ཆུ་ཡི་འཁོར་ལོ་དང་།། སྙིང་ཁ་མེ་ཡི་འཁོར་ལོ་དང་།། ལྟེ་བ་རླུང་གི་འཁོར་ལོ་སྟེ།། ལས་ཀྱི་གནད་ནས་དཀྲུག་པའམ།། ཡང་ན་འཁོར་ལོ ་དྲིལ་བ་ཡི།། ཡང་སྙིང་ནག་པོ་གསང་བའི་མཆོག། ནཱ་ག་ཀླུ་ཡི་གཤེད་མར་ཆེ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡི་གསང་རྒྱུད་ལས། ནཱ་ག་རཀྵ་སྲིན་པོ་འཆི་བདག་གི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ ་ནས་ཡང་དག་རྫོགས་པ་ཡིས།། ནཱ་ག་རུ་དྲ་ཞེས་བྱ་བ།། ནག་པོ་སྙིང་གི་འཁྲུལ་འཁོར་འདི།། འཁོར་ལོ་ངེས་པར་བཤད་པར་བྱ།། བདུད་ཀྱི་རྨེ་ཏྲི་ནག་པོ་དང་།། ཤན་དམར་སྤུ་གྲི་ནང་འཐབ་པའི།། གསད་པའི་སྦྱོར ་བ་འདི་ལྟ་སྟེ།། བྲག་ནག་སྤུངས་པའི་རི་བོ་འམ།། ནག་པོ་འདུག་པའི་ས་དག་ཏུ།། དུར་ཁྲོད་རས་སམ་རྒྱ་ཤོག་ལ།། མཁས་པས་འཁོར་ལོ་བྲི་བར་བྱ།། སྡིག་པ་ནག་པོའི་ལྟོ་བ་རུ།། འཁོར་ལོ་རིམ་པ་གསུམ་དུ ་བསྐོར།། གྲུ་གསུམ་ཟླ་གམ་རྒྱ་གྲམ་ལྡན།། མུ་འཁྱུད་འཁོར་ལོ་རྫོགས་པ་ལ།། རྩ་བ་འབྱུང་བ་སྤུ་གྲི་སྔགས།། མཁས་པས་བཀོད་ལ་ཐོད་ཆེན་གཞུག། ཕུང་བའི་འབྲུབ་གནས་གྲུ་གསུམ་དུ།། མཁས་པས་གནས་ལ ་རྩང་དམར་བསྐོར།། ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་།། ཁྲག་དང་དུག་གི་སྦྱོར་བ་དང་།། ཟངས་ཕྱེ་ལྕགས་ཕྱེ་ལ་སོགས་བརྡེག། བདག་ཉིད་སྟོང་པའི་རང་བཞིན་ལས།། སྦྲུལ་ནག་མགོ་དགུ་འཇིགས་པ ་ལས།། རལ་པ་ཁཾ་ནག་ཚ་ཚ་འཕྲོ།། གཡས་ན་སྲོག་གཅོད་སྤུ་གྲི་ལ།། གཡོན་ན་སྦྲུལ་ནག་ཞགས་པའོ།། གཟས་པ་ཉམས་ན་མདུན་ན་གནས།། ལྕགས་ཀྱུའི་ཕོ་ཉས་ཁྲིད་ནས་ཀྱང་།། ལས་ཀྱི་རླུང་གིས་རྒྱབ་ནས ་ཕུལ།། བདག་གི་དྲུང་ན་ཉམ་ཟག་པ།། ཐུགས་ལ་ཛ་ཡི་འོད་ཟེར་ལས།། ཛ་དེ་གཟས་པའི་སྙིང་ལ་ཐིམ།། སྡིག་པ་མགོ་དགུ་གཅིག་ཏུ་གྱུར།། རྣམ་ཤེས་རྟེན་གྱི་རྩ་བརྒྱད་གཅོད།། ཧཱུཾ་ནམ་ཅེས་པས་སྲོག་གཤེད ་ནི།། སྡིག་པའི་ལུས་ལ་སྤུ་གྲི་ཐོགས།། ཞགས་པས་ཉམས་པ་ཁྲིད་ནས་ཀྱང་།། འཁོར་ལོའི་འཁྱམས་གང་དུ་འཆང་།། དེ་ལྟར་གསལ་བར་གྱུར་པ་དང་།། བཟླས་སྒོམ་བསྐུལ་རྣམས་ཐུན་དུ་གཅད།། ལས་ཀྱི་སྦྱོར་བ ་རྫོགས་པ་དང་།། ནག་པོ་གདོལ་པ་གནས་པར་གཏད།། ལས་འདི་ཁྱད་པར་མཆོག་ཅེས་པ།། འཆི་བདག་བདུད་ཀྱི་ངན་སྔགས་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་ལས།། ་གསང་སྔགས་འདི་དག་འཐོན་ཏོ།། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྵ་ཆེ་གེ་མོ་ཧེ་ཁུ་ལ་ཕེ་ཤན། ནག་པོ་ཕོས་ཕོས་ཤིག་ཤིག། ཆུ་ཆུ་ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ། དགྲ་བོའི་སྲོག་ལ་རྩ་ཁྲག་སྙིང་ཐུམ་རིལ་རཾ ་ཤག་རྦད། ནརི་ཧུར་ཐུམས་ཛ། ལ་ལཾ་སྙིང་ལ་ཛ་ཐུར་སོད། རཾ་རཾ་ཙ་ཁྲག་སྲོག་ཏི་གེ་རྦད། ཁཾ་ཁཾ་རྩ་ཁྲག་མྱགས་ཏི་རྦད། ཡཾ་ཡཾ་སྲོག་ལ་བྲེང་། ཤག་རྦད། དྲག་སྔགས་མཆོག་གིས་བརྡེག་པ་སྟེ།། ནག་པོ་ཀླུ་ཡི་སྙིང་ཏིག ་ཡིན། ཁྱད་པར་སྔགས་པ་ནང་འགྲས་སམ།། སྤུ་གྲི་རྣོ་དཔལ་འདྲེན་ན་བྱ།། ངན་སྔགས་དུག་རི་ཡི་གེ་སྟེ།། མེ་དང་ཉི་མ་རྒྱལ་པོ་བཞིན།། ཡང་དག་རྫོགས་ཀྱིས་ངེས་པར་གསུངས།། ཡང་ན་རུས་སྦལ་ཆེན་པོ་ལ།། མི ་བུབས་གཅིག་ལ་གཏད་རྒྱུ་ལྔ།། ཡང་སྙིང་སྦྲུལ་ནག་འཁྱིལ་པ་དང་།། ར་རྒྱས་ཆེ་དང་ཆུང་བ་དང་།། སྦལ་ནག་སྡིག་པ་ལ་སོགས་པས།། བདུན་ཕྲག་དག་གིས་ལས་བྱས་ན།། རྩ་རྒྱུད་བརླག་པར་དཔའ་བོས ་བཤད།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསྲུང་ཞིང་ཕྱིར་བཟློག་པའི།། འདིར་འཁོར་ལོ་འདི་དག་གསུངས་སོ།། བསམ་གཏན་སེམས་ཀྱི་འཁོར་ལོ་ནི།། དང་པོ་སྟོང་པ་ཉིད་དག་ལས།། ཕེ་ལས་འབྲུམ་ཞེས ་བརྗོད་པ་ལས།། འཁོར་ལོ་རྩིབས་བཅུ་ལྟེ་དབུས་ཟླུམ།། དབུས་ཀྱི་རྒྱལ་ཆེན་ཕོ་བྲང་དུ།། ཕེ་ལས་བདག་ཉིད་ཀླུ་བདུད་ཆེ།། ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཀྱི།། གཉིས་མེད་སྲས་མཆོག་ཏི་པ་ཙ།། སྦྲུལ་ནག་སྐུ་ལ ་སྦྲུལ་མགོ་བརྒྱད།། ཕྱོགས་མཚམས་ཀུན་ཏུ་བརྟགས་ནས་གཟིགས།། སྤྱི་གཙུག་རིན་ཆེན་ཕོ་བྲང་དུ།། བྲུཾ་ལས་གྱུར་པའི་རྣམ་པར་རྒྱལ།། ནག་པོ་ཞལ་གཅིག་ཕྱག་གཉིས་པ།། ཕྱག་གཡས་སྡིགས་མཛུབ་ལྕགས་ཀྱུ ་གཡོན།། ཞབས་གཉིས་དོར་ཐབས་ཁྲོས་པའི་ཚུལ།། དབུ་ཡི་གཙུག་ཏོར་དག་ཏུ་བསམ།། རྩིབས་ཆེན་བཅུ་ལ་ཁྲོ་བཅུ་བསམ།། སྦྲུལ་ནག་གདུག་པ་བཅུ་དགོད་དོ།། བསྲུང་ན་འཁོར་ལོ་གུར་གྱི་ཚུལ།། གནན་ན ་འཁོར་ལོ་རི་རབ་ཚུལ།། གསོད་པའི་འཁོར་ལོ་མཚོན་ཆ་སྟེ།། དམིགས་པ་དང་བཅས་དེ་བཞིན་ནོ།། གསང་སྔགས་རྒྱལ་པོ་འདི་དག་གོ། ཨོཾ་ཨཱ་ཨུཥྞཱི་ཥ་ཙཀྲ་སརྦ་ལོ་གི་སྭཱ་ཧཱ། ནག་པོ་ཏི་པ་ཙ་ནཱ་ག་རཀྵ་ཧེ་རུ་ཁུ་ལ་ཕེ ་ཤན་པོས་ཕོས་ཤིག་ཤིག་ཚུ་ཚུ་ཧུ་ཡ་ཧུ་ཡ་ཡནྟ་མནྟ་ཏནྟ་སརྦ་ལོ་ཀི་བྲུཾ་བྲུཾ་བྲུཾ་བྲུཾ་ཏྲུཾ་ཏྲུཾ་ཛུ་དུཾ་ཙཀྲ་ཁ་ར་ཏི་ཡེ་སརྦ་ལོ་ཀི་སྭཱ་ཧཱ། ནམ་མཁའ་ཉི་ཟླ་འོད་སྟོབས་དང་།། སྤུ་གྲི་རྣོ་དཔལ་འགྲན་པ་དང་།། སེང་གེ་ཁ་འཐབ་ལ ་སོགས་པའི།། བྱད་དང་རྦོད་གཏོང་སྔན་ཐབས་དང་།། སྦྱོར་བ་ཐམས་ཅད་འདིས་འཇོམས་པས།། ཡ་བག་ཤ་ཡ་ཞེས་བྱ་བ།། འཆི་བདག་ལས་ཀྱི་འཁོར་ལོར་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི ་གསང་རྒུད་ལས། འཆི་བདག་སྡིག་པ་ཕྱུང་གཤིག་སྤུ་གྲི་རྣོ་དཔལ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡིས།། ནཱ་ཡ་ཡཀྵ་ཞེས་བྱ་བ།། གསང་བའི་ཡང་སྙིང་ངེས་བཤད ་པ།། རྣལ་འབྱོར་དཔའ་བོ་སྟོབས་ལྡན་པས།། དབེན་པའི་གནས་སུ་འདུག་ནས་ཀྱང་།། སེམས་ཀྱི་དྲི་མ་ཀུན་སྤངས་ཏེ།། བདེ་བའི་ཡེ་ཤེས་རྒྱུན་དུ་རྟེན།། བྱམས་དང་སྙིང་རྗེ་ལྡན་པ་དེས།། སེམས་ཅན་ཀུན་ལ་སྨན ་པ་དང་།། བླ་མེད་འཕགས་པ་མཉེས་མཆོད་ཕྱིར།། ནོར་བུ་དམ་པ་བསྒྲུབ་པར་བྱ།། རིན་ཆེན་རྒྱན་ལྡན་གནས་ཁང་དུ།། གཙང་མའི་ས་དག་ཚོགས་པ་ལ།། བཙན་ཕྱུག་འཕན་གྱི་ཞིང་ས་བླང་།། དྲི་སྤོས་སྨན་དང་ལྡན ་བྱས་ལ།། ཡིད་འོང་མེ་ཏོག་ཚོམ་བུས་མཛེས།། རིན་ཆེན་མཛེས་པའི་སྣོད་ནང་དམ།། ཡང་ན་མཎྜལ་སྟེང་དུའམ།། རིན་ཆེན་ཟུར་བརྒྱད་ལྡན་པ་ལ།། དབུས་སུ་ཕོ་བྲང་ཟླུམ་པོ་ལ།། རིན་པོ་ཆེ་ལས་བྱས ་པའམ།། སྣུམ་པའི་ས་ལས་བྱས་པ་ཡིས།། ཏི་པ་ཙ་ཡི་སྐུ་གཟུགས་བྱས།། དབུ་དགུ་ཡན་ལག་བརྒྱད་ལྡན་ལ།། ཕྱག་ན་ནེའུ་ལེའི་རྐྱལ་པ་འཛིན།། ནང་དུ་གང་འདོད་དངོས་གྲུབ་དང་།། དྲི་སྤོས་སྨན་གྱིས་རབ་ཏུ ་དགང་།། དེ་ནང་བསྐྱེད་དང་སྤྱན་དྲང་བསྟིམ།། དངོས་གྲུབ་འདོད་པར་གསོལ་བ་གདབ།། མཛེས་པའི་རྒྱལ་མཚན་གདུགས་ཀྱིས་དབུབ།། མཆོད་པའི་བྱེ་བྲག་སྣ་ཚོགས་དབུལ།། མདུན་དུ་རིན་ཆེན་གའུ་རུ།། སྣ ་ཚོགས་གང་འདོད་རྫས་ཀྱིས་དགང་།། འབྲུ་སྣ་རིན་ཆེན་སྣ་ལྔ་དག། ལ་སོགས་ཁ་ནི་བརྒྱ་ཡིས་གདབ།། སྔགས་ཀྱིས་བསྙེན་པ་བདུན་འབུམ་མམ། ཁྲི་ཕྲག་བདུན་ནམ་སྟོང་ཕྲག་བདུན།། གང་ཟག་གསུམ་གྱིས ་འགྲུབ་པར་འགྱུར།། ནོར་བུ་རྫས་ཀྱིས་གའུ་འཕེལ།། རྨི་ལྟས་བཟང་པོ་བྱུང་བ་ན།། གའུ་བང་མཛོད་ནང་དུ་སྩལ།། སྐུ་གཟུགས་མཆོད་པའི་རྟེན་དུ་བཞག། གང་བསམས་ལས་ལ་ཐེ་ཚོམ་མེད།། དེ་ནས་ཡང་དག ་རྫོགས་པ་ངེས།། གསང་སྔགས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ།། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྑ་ཡགྣ་ན་ག་རཱ་ཛ་ས་མ་ཡ་གུ་རུ། ནཱ་ག་ལེ་ཚུ་རཏྣ་གེ་པོ་སྟངས་ཧི་སིདྡྷི་བྲག་ཤག་སྡུད་དཾ་ཧུར་ཁྲམ་སྭཱ་ཧཱ། ་སྔགས་ཀྱི་བསྙེན་པ་རྫོགས་པ་དང་།། གང་ལ་བྱ་བ་འགྲུབ་པར་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡི་གསང་རྒྱུད་ལས། གནོད་སྦྱིན་འཆི་བདག་ནོར་བུ་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས ་ཡང་དག་རྫོགས་པ་ཡི།། གཟའ་རྒོད་འཆི་བདག་ཅེས་བྱ་བ།། ལོ་ཏོག་གཞོམ་པའི་ལས་བཤད་པ།། གཅན་གཟན་མགོའམ་ཟོད་ཆེན་དུ།། གདུག་པ་གསུམ་གྱི་ཁྲག་གིས་བསྐུ།། དྲི་རྒོད་མགོ་ར་ཚེ་ཚེའི་ཁྲག། དུག ་དང་འབྲས་བུ་སྔོ་སྣ་བཅས།། སྦལ་པ་ནག་པོའི་གསོབ་ཏུ་བཅའ།། ཡུལ་དབུས་གཞུག་པའི་ཕོ་བྲང་གཞུག། དགོངས་དང་ས་སྲོས་དམར་ཐག་དབབ།། བཅོ་ལྔ་དགུ་གསུམ་བཞི་དག་ལ།། སྦྱོར་བ་རྫོགས་པས་གནན ་ན་ཡང་།། ཆུ་འཁྱགས་འཁྱག་རོམ་འབབ་པར་འགྱུར།། དེ་ཡི་ངན་སྔགས་འདི་དག་སྟེ།། ཨོཾ་ནག་པོ་ཏི་པ་ཙ་ཡཱ་ནཱ་ག་ཡཀྐ་ཡ་མ་ར་ཧུ་ལ་ཧེ་ཁུ་ལ་ཕེ་ཤན་ཕྲོ་དྲིལ་ཤར་ཤར། ནག་པོ་གུ་ཡ། དགྲ་བོའི་ལོ ་ཏོག་ལ་མཱ་ར་ཡ་ཧཱུཾ་ཕཊ། ས་ནཱ་ག་སྲོག་ཟིར་ཏྲིག་ནན། རཾ་ཤར་ཡ་ཕོབ་ཧྲིལ་ཕྲེཾ་བྷྱོ། ནག་པོ་ཏི་པ་ཙ་ཁ་ལ་འུར་འུར་ཁམ་ཁམ་ཡཾ་ཡཾ་དྲག་ཏུ་ཕོབ་ཕོབ། གཟེར་གྱིས་མྱུར་དུ་འབབ་པར་འགྱུར།། གལ་ཏེ་འབབ་པར་མ ་གྱུར་ན།། སེར་སྲུན་ཡུལ་མི་འབྲུ་སྣ་སྔོ།། དྲག་པོ་རྫས་དང་བཅས་པ་རྣམས།། ཚེར་མ་ཅན་གྱི་ཤིང་ལ་བསྲེག། ཁྲག་དང་དུག་རྫས་བསྲེས་པའི་ཐུན།། ཡུལ་ཞིང་བསྐོར་ཞིང་གཏིག་པ་དག། དུས་ཆེན་ཉི་མ་དག ་ལ་བྱ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས།། གཟའ་འཆི་བདག་གི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་ངེས་ཞུས་པ།། ཨེ་མ་རྡོ་རྗེ་འཆང ་རྒྱལ་ལ།། བསྟན་པའི་དགྲ་ལྔ་གདུལ་བའི་ཕྱིར།། རྩ་བ་ཡན་ལག་རྫོགས་པ་ཡིས།། སྒྲུབ་པའི་རིམ་པ་བཤད་ཀྱིས་ཀྱང་།། ནག་པོ་ཀླུ་ལ་གཏད་པ་ཡི།། གཏད་ཚད་ངེས་པའི་ཚད་མ་གང་།། ཚད་ཅན་དག་ཏུ་གཏད་པ ་གང་།། ཚད་མེད་དག་ཏུ་གཏད་པ་གང་།། ཀླུ་ཡི་བཅུད་ཕུར་ཇི་ལྟར་གདབ།། གཟེར་བཞི་གདབ་པ་ཇི་ལྟར་ལགས།། རྟགས་ཀྱི་ཚད་མ་གང་གི་བགྱི།། ཡང་དག་རྫོགས་ལ་བདག་ཉན་འཚལ།། དེ་ནས་ཡང་དག ་རྫོགས་པ་ཡིས།། རྡོ་རྗེ་ཅན་ལ་བཤད་བྱ་བ།། སྤྱིར་ན་གཏད་པ་ངེས་པ་ནི།། ཤར་བལྟས་རྒྱལ་པོ་བྲམ་ཟེ་ལྷོ།། ནུབ་ན་རྗེའུ་བྱང་ན་དམངས།། བྱང་ཤར་གདོལ་པ་ནག་པོ་སྟེ།། རེ་རེ་ལ་ཡང་ལྔ་ལྔ་སྟེ།། ཉི་ཤུ་རྩ་ལྔར ་གཏད་པའི་གྲངས། ཁྱད་པར་བྱང་དང་བྱང་ཤར་ཏེ།། ལས་བྱེད་དམངས་དང་གདོལ་པའོ།། ཚུར་ལ་མི་ལྡོག་ཕར་ལ་འགྲོ།། དེ་ཆུ་མདངས་ཆུ་ཆུ་ཆེན་སླེབས།། སྦྲུལ་ནག་འཁྱུགས་གཏད་པ་ཡིན།། བྲག་དང་ཆུ་རུ ་འབབ་པ་ཡིན།། རྨེ་དྲི་ཤན་དམར་ལོང་པ་དང་།། གཏད་ས་ངེས་པའི་ཚད་མ་ཡིན།། ཆུ་མིག་འཁྱིལ་དང་ལྐུགས་པ་དང་། ཁྱད་པར་ཡིན་ཏེ་གཏད་ས་ཡིན།། ནཱ་ག་ཧ་ལ་ཡོད་པས་ན།། ཆུ་མིག་ལྐུགས་པ་ཕྲུ་བའི ་ཁ། ནག་པོ་ཚིག་ཤུར་བྱ་བ་ཡིན།། འདི་ལས་མྱུར་པ་མེད་པས་ན། ཁྱད་པར་གཏད་པ་ངེས་པའོ།། ཡང་ན་ཀླུ་རིགས་ཉི་ཤུ་ལྔའི།། རྟགས་དང་དུས་ཚོད་མ་ནོར་ན།། ཀུན་ཀྱང་གཏད་ས་ངེས་པ་ཡིན།། དཔལ་ཟླ ་གསང་ནག་པོ་རྒྱ་མཚོ་དུག་རི་ཁ་ཡི་གསང་རྒྱུད་ལས། གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། ཡང་དག་རྫོགས་ཀྱི་ངེས་གསུངས་པ།། ནག་པོ་ཀླུ་ལ་གཏད་པ་ལ།། ལུས་ཚད་འཇམ་པ་འདི་ལྟ་སྟེ།། རི་རབ ་ཉུངས་འབྲུའི་ཚུལ་དག་ལ།། གཟུགས་ལ་ཚད་བཟུང་མི་སྤོགས་ཏེ།། རྣལ་འབྱོར་འཕྲིན་ལས་བྱེད་ཚུལ་གྱིས།། ཇི་ལྟར་བྱས་ཀྱང་ལས་རྣམས་འགྲུབ།། རྒྱལ་པོ་རྗེ་དང་བྲམ་ཟེ་དམངས།། གདོལ་པ་ལ་སོགས་ཀླུ་རྣམས ་ལ།། འདོམ་དང་བརྐྱང་བསྐུམ་བསྐུམ་ཁྲུ་དང་། མདའ་དང་ཁྲུ་རུ་རིམ་པས་ཡོད།། ཀུན་ལ་སྦྱར་དེ་ལྟར་ཡིན།། བྱང་དང་བྱང་ཤར་སྦྲུལ་ནག་འཁྱིལ།། མིག་ཏུ་བྱས་ཏེ་ཚད་གཞལ་བས།། གཏད་ས་བཅུ ་གཉིས་ཡོད་པ་ཡིན།། མིག་དང་འདོམ་གང་སྣ་རུ་འདོད།། དེར་གཏད་ཅི་ནད་ངེས་པར་འོང་།། སྣ་ནས་འདོམ་དོ་ཕར་ཚུར་བཅལ།། རྣ་བ་འོན་དང་སྐྲན་མཛེ་འོང་།། སྣ་ནས་འདོམ་གང་ཁ་ཡིན་ཏེ།། གླན་དིག་ལྐུགས ་པའི་ནང་དུ་འོང་། ཁ་ནས་འདོམ་གསུམ་སྙིང་ཁ་ཡིན།། སྙིང་ནད་སྣ་ཚོགས་འོང་བས་གཏད།། སྙིང་ནས་འདོམ་གསུམ་ལྟོ་བ་སྟེ།། དམུ་རྫིངས་སྐྲན་ནད་འོང་བས་གཏད།། ལྟོ་ནས་འདོམ་གསུམ་ལྟེ་བ་སྟེ།། སྲིད་པའི ་རྒྱུན་ཆད་འཆད་པས་གཏད།། དེ་ནས་འདོམ་གསུམ་ཆུ་སོ་ལ།། ཆུ་འགག་ཕོལ་འབྲས་འོང་བས་གཏད།། ཆུ་སོ་དང་ནི་སྙིང་ཁ་ནས།། ཕར་ཚུར་འདོམ་ནི་གསུམ་གསུམ་ན།། ཡན་ལག་གཏད་ན་ཞ་འབྲུམ་མཛེ།། དེ ་ནས་ཕྱིར་གཞན་མདའ་བཞིར་གཏད།། དྲེག་གྲུམ་མཛེ་འབྲས་གོང་པོར་འགྲོ།། མིག་ནས་འདོམ་བཞི་གྱེན་ལ་བཅལ།། སྤྱི་སྟེང་ས་སྟེ་མགོ་འཁོར་འོང་།། མཚན་མ་དག་ནས་འདོམ་བཞིན།། ཀ་རྟེན་ས་སྟེ་ཕྱེ་འོར ་འགྲོ།། དེ་དག་གཏད་ས་བཅུ་གཉིས་དག། སྤྱི་ནི་ཀུན་ལ་བཅའ་བ་སྟེ། ཁྱད་པར་སྤྲུལ་ནག་འཁྱིལ་བ་སྟེ།། བྱང་བལྟས་ལ་ཆུ་ངེས་བཅལ་བཤད། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཚད ་གཞལ་གཏད་པས་ནད་ཀྱི་དམིགས་རྟག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་དག་ངེས་གསུངས་པ།། ཚད་མེད་གཏད་པ་འདི་ལྟ་སྟེ།། ཀླུ་ཡི་ཕོ་བྲང་རྒྱ་མཚོ་དེར།། ཆུ་མིག་ཀླུ་ཡི་སྲང་མགོ་ཡིན།། རིགས ་བཞི་ཀླུ་ཡི་སྒོ་བ་ཡིན།། ཕོ་བྲང་སྲང་མགོ་བྱ་རའི་ས།། ལྐུགས་ས་ལ་སོགས་མདུན་ས་རུ།། གང་དུ་གཏད་ཀྱང་འགལ་བ་མེད།། ཡང་ན་ཆུ་མིག་དངོས་ཕྱུགས་གཞུག། སྣ་ཚོགས་ནད་དང་ཧུར་ཐུམས་བྱེད།། ཤར་གཏད ་རུས་མཛེ་ནག་པོ་འོང་།། ལྷོར་གཏད་ཁྲག་མཛེ་མཁྲིས་ནད་འོང་།། ནུབ་གཏད་གཉེན་དང་ལྷོག་པ་འོང་།། བྱང་གཏད་གཉེན་དང་འབྲུམ་བུ་འོང་།། བྱང་ཤར་འབྲུམ་བུ་འོང་།། དཀར་པོ་རྒྱལ་རིགས་ས་ཡི་དུག། བྲམ ་ཟེ་སེར་པོ་ཆུ་ཡི་དུག། དམར་པོ་རྗེ་རིགས་མེ་ཡི་དུག། ནག་པོ་དམངས་རིགས་རླུང་གི་དུག། སྔོན་པོ་གདོལ་པ་སྣ་ཚོགས་དུག། འཁོར་གྱི་སྣ་ཚོགས་ནད་གཏོང་བས། ཁ་དོག་རིགས་ཀྱིས་བརྟག་པར་བྱ།། འདོམ ་གང་ཐུར་ལ་བཅལ་བའམ།། ལྐུགས་པ་ཕྲུ་བ་ཁ་ཞེས་བྱ།། ནག་པོ་གཅིག་ཤུར་གནས་པས་ན།། ཧུར་ཐུམས་ལས་སུ་དེ་ཡིས་འགྲོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཚད་མེད་དུ་གཏད ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། བཅུད་ཕུར་རྣམ་ལྔ་མ་ཐེམས་ན།། ནག་པོ་ཀླུ་རྣམས་སྒྲུབ་པ་དང་།། ལས་འགྱངས་འོང་སྟེ་རང་ལ་ངན།། དེ་དོན་ངེས་པར་བཤད་བྱ་བ།། ལྟ་བ་ཆོས ་ཉིད་བཅུད་ཕུར་ནི།། ཆོས་ཀྱི་དབྱིངས་དང་རང་རིག་པ།། གཉིས་མེད་རིག་པ་མཆོག་གི་ངང་།། མ་བཅོས་བཅོས་མེད་བྱང་ཆུབ་སེམས།། ཏི་པ་ཙ་དང་སྤྱན་གཅིག་མ།། དབྱེར་མེད་ཐིག་ལེ་ཆེན་པོའི ་ངདང་།། ཆོས་ཉིད་མུན་པ་ལྟ་བུས་ཤེས།། ཐིག་ལེ་ཆེན་པོར་གཏོགས་པའོ།། གཉེན་པོ་ལྷ་ཡི་བཅུད་ཕུར་དག། སྦྲུལ་ནག་ཆེན་པོའི་ཏིང་འཛིན་གྱིས།། ནཱ་ག་བྲན་དུ་འཁོལ་བ་སྟེ།། དུག་གིས་དུག་འཇོམས་ལྷ་ཡི ་གནད།། དྲག་སྔགས་གནད་ཀྱི་བཅུད་ཕུར་ནི།། ནཱ་ག་རཀྵ་སྲིན་པོ་ཆེ།། ཀླུ་ཡི་གཤེད་འབྱུང་སྔགས་ཀྱིས་གནད།། རྟེན་འབྲེལ་རྫས་ཀྱི་བཅུད་ཕུར་ནི།། བྱུག་པའི་གདུག་པའི་སྒྲིབ་ཤིང་དག། དམ་ཤིང་རྫོགས་པ་རྫས ་ཀྱི་གནད།། ཕོ་ཉ་ལས་ཀྱི་བཅུད་ཕུར་ཏེ།། དུག་ལྔ་ལས་གྱུར་ལྷ་ཚོགས་ཏེ།། ཀླུ་བདུད་ནག་པོ་ཡབ་ཡུམ་དང་།། སྲོག་གཤེད་བྱད་ཀྱི་བཀའ་ཉན་ཚོགས།། རྟག་ཏུ་བསྐུལ་ཞིང་འཕྲིན་ལས་བཅོལ།། དྲག་པོ་གནད་ཀྱིས ་བསྐུལ་བའི་གནད།། གཟེར་བཞི་གདབ་པ་འདི་ལྟ་སྟེ།། སྤྱི་དང་ཁྱད་པར་གསང་བ་ཡི།། བསྙེན་པ་དྲོད་ཐོབ་ལྷ་ཡི་གཟེར།། སྒྲུབ་དང་མཆོད་པ་བསྟོད་པ་ནི།། རྫས་རྣམས་ཚོགས་པ་སྦྱོར་བའི་གཟེར།། ལྟོ་བ་བརྒྱད་པོ ་འཁྲུལ་འཁོར་གྱི།། དམིགས་པ་འཛུད་པ་ཁང་པའི་གཟེར།། མི་འགྱུར་བརྟན་པ་སྒྲུབ་བྱེད་རྐྱེན།། ཏིང་འཛིན་འཕྲོ་འདུ་དགོངས་པའི་གཟེར།། རྣལ་འབྱོར་ཅན་གྱིས་ཤེས་པར་བྱ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ ་དུག་རི་ཁའི་གསང་རྒྱུད་ལས། གཟེར་གདབ་པ་དང་། བཅུད་ཕུར་གྱི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡིས།། རྟགས་ཀྱི་ངེས་པ་བསྟན་པ་ནི།། གཡག་རྒོད་མཛོ་རྒོད་བྱུང་བ་ན།། ནག་པོ་ཚིག ་ཤུབུར་ཤེས་པ་ཡིན།། ལས་ནི་མྱུར་ལ་གཏད་པར་བྱ།། གཏད་པ་འགོར་ན་རང་ལ་གནོད།། རྟ་དང་བོང་བུ་བྱུང་བ་ན།། བཙུན་པ་ཨ་ཙ་ར་དང་ནི།། བུ་ཆུང་སྤྲེའུ་བྱ་དཀར་དང་།། རྒྱལ་རིགས་ལས་བྱེད་རྟགས་སུ ་བཟུང་།། དམུ་ཆུ་སྨྱོ་འབོག་ནད་ཀྱང་འབྱུང་།། ཕག་པ་རོག་པ་ཁྲ་བོ་དང་།། བུད་མེད་ནག་མོ་རལ་པ་ཅན།། ན་ཆུང་སྲིན་མོ་མཛའ་མོ་དང་། ཁྱི་དང་མཛོ་ནི་བྲམ་ཟེ་སྟེ།། གཏད་ན་དགྲ་བོ་མཛེ་ཡིས་འཛིན།། སྦྲང་པོ ་བྱུང་དང་རི་དྭགས་དང་།། རྟ་པ་སྐྱེས་པ་ཆས་བཟངས་དང་།། བྲག་དམར་ཆུ་འབྱུང་རྗེའུ་རིགས།། རྨེ་དྲི་ནག་པོ་འབྱུང་བར་འགྱུར།། བྱ་དང་བ་གླང་མཛོ་རྟ་རྣམས།། དམངས་རིགས་རྟགས་ཏེ་དྲི་རྒོད་འབྱུང་།། བནྡེ་བྱུང ་ན་སེར་པོ་སྟེ།། ལས་མྱུར་སྐོམ་མཛེ་འོང་བར་འགྱུར།། མི་རེང་བྱུང་ན་ཀླུ་དཀར་ཏེ།། སྐྲངས་སྤོས་འཆི་བར་བྱེད་པའོ།། བྱིས་པ་བྱུང་ན་གདོལ་པ་ཡིན།། དེ་ཡང་གྲི་རྒོད་དག་ཏུ་འཆི།། བུད་མེད་བྱུང་ན་དམར་པོའི ་རིགས།། རྩ་རྒྱུད་འཆད་པར་ཡང་དག་བཤད།། ལྷ་ཁང་བྱུང་ན་ཀླུ་རྣམས་ཀྱིས།། མདུན་སེར་སླེབ་པས་ནད་རྣམས་ཡོང་།། དམག་མི་བྱུང་ན་ཀླུ་བཙན་ཡིན།། རྟ་གྲི་རྦབ་གྲི་མཚོན་གྲིར་འཆི།། རྟགས་དང་སྦྱར་ཏེ ་གཏད་པ་དང་།། ལས་མྱུར་གཏད་པ་དེ་བཞིན་ཏེ།། ཡང་དག་བླ་མེད་དཔའ་བོས་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས།། རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་འདི་སྐད་གསོལ།། རྟགས་ཀྱི་ཚད་མ་དེ་ལྟར་ན།། གདུག་པ་ས་ལ་གནས་པའི་ཕྱིར།། རུས་སྦལ་ལྟོ་བར་ཇི་ལྟར་གཏད།། ལྟོ་འཕྱེའི་ལྟོ་རུ་གཞུག་པ ་གང་།། ས་བདག་ནག་པོའི་ལྕེ་མདུང་ལ།། ཉམས་པ་གཏད་པ་གང་དང་གང་།། ཡང་དག་རྫོགས་ཀྱིས་བཀའ་སྩལ་བ།། འཁྱིག་དང་ལྐུགས་པ་རུས་སྦལ་གནས།། གཅོད་པ་དུག་གི་བདག་ཉིད་ཅན།། རླུང་རྟ་སྲོག ་ལས་ཚེ་གནས་ཁྲུས།། ཤིས་པས་རུས་སྦལ་མཛོད་ལ་གཏད།། ཡན་ལག་ལྔ་དང་དབང་པོ་བརྒྱད།། ནང་གྲོལ་སྨན་ལྔ་ཚིགས་མགོ་བདུན།། ལུས་ཀྱི་བང་མཛོད་བཅུ་དྲུག་བཞི།། གནད་གཟིར་མགོ་དང་ཕོ་བྲང ་འབར།། བཞི་བཅུ་རྩ་གཅིག་དམིགས་བརྟགས་ལ།། དེ་ལ་གཏད་པའི་རིམ་པ་བྱ།། ཟ་ཆུང་ཤར་ལྷ་འབྲིང་པོ་ལྷོ།། ར་བ་ནུར་དང་ནུར་དང་བསྟོད།། བྱང་དུ་མགོ་ནི་ལྟས་པར་འགྱུར།། རྟག་ཏུ་སྒྲུབ་ལ་གུང་གཉིས ་ལྟལྷ།། ལོ་གཤེད་གཏད་པའི་སྦྱོར་བ་ནི། ཁ་རུ་སྦྲུལ་ལ་ར་གཡས་འབྲུག། ལག་གཡས་ཡོས་བུ་མཚན་གཡས་རྟ།། རྐང་གཡས་གླང་ལ་གསང་གནས་ཕག། གསང་གཡོན་བྱི་བ་རྐང་གཡོན་གྱི།། ལྟོ་གཡོན་བྱ་སྟེ་མཚན ་གཡོན་སྤྲེའུ།། ལག་གཡོན་ལུག་ལ་རྐང་གཡོན་རྟ།། གཤེད་བདག་ཉིད་ལ་གཏད་པ་ནི།། བྱི་ཕག་གཤིན་རྗེའི་འཆི་བདག་ལ།། བྱ་སྨྲེ་བདུད་པོ་འཆི་བདག་ལ།། རྟ་སྦྲུལ་སྲིན་པོ་འཆི་བདག་ལ།། གླང་ལུག་ཁྱི་འབྲུག ་བཞི་པོ་ནི།། གནོད་སྦྱིན་འཆི་བདག་དེ་ལ་གཏད།། རིགས་བཞི་དུག་བཞི་ནད་བཞི་འཇོམས།། ལོ་ཡི་གཤེད་གཅོད་སྦྱོར་བ་ཡིན།། ཁཾ་ཆེན་ལྔ་ཡི་སྲོག་ལུས་སྦྱར།། མགོ་དང་མཇུག་མ་གཡས་དང་གཡོན།། ཡན་ལག ་ཀུན་ལ་སྦྱོར་བ་ནི།། ཇི་ཁམས་འུ་དང་བཀག་དང་བཤང་།། ཀུང་ལ་སོགས་པ་འབྱུང་བ་ལྔ།། སྦྱོར་བ་ཁམ་ཆེར་སྦྱོར་བར་བཤད།། དབང་པོ་ལྔ་ཡི་ཤེས་པ་ནི།། མིག་དང་རྣ་བ་ཁ་དང་རྭ།། སྣ་དང་སྒོམས་དང་སྙིང་ཁ ་སྟེ།། རྒྱལ་པོ་རྗེ་དང་སྔགས་པ་དམངས།། བོན་པོ་ལྷ་དང་ཡུལ་བསྲུངས་དང་།། བློན་པོ་འགྲན་ཟླ་སྟོབས་ཀྱིས་ཏེ།། རྣམ་ཤེས་དབང་པོའི་སྦྱོར་བར་བཤད།། དོན་སྙིང་ལྔ་ཡི་ནད་དང་རིགས།། སྙིང་ལ་བསད་པ་གློ་བ ་སྨྱོ།། མཆིན་པས་འབོགས་འཐིབས་རྒྱུ་མས་རིམས།། མཁལ་མ་ལྷ་དང་དབྱེ་བའི་ལས།། གང་སྒྲུབ་ལས་ལ་ཐོགས་པ་མེད། ཁྱོན་ལ་སྦྱར་བ་འདི་ལྟ་སྟེ།། སྐྱེ་ལ་རེངས་དང་དགུག་པར་སྦྱར།། སོགས་པ་གཉིས་ལ ་གྲི་ཐོག་སྟེ།། བྱང་ཁོག་དབང་དུ་སྡུད་པ་ལ།། རྫིང་ལ་རྣོལ་དང་རྨེ་དྲི་སྟེ།། རྒྱུ་ཞགས་རིམས་དང་སྙོམ་བུ་ལ།། གསང་བར་སྐྱེ་རྒྱུན་གཅོད་དང་འཕོ།། ཆུ་ཤུལ་གནན་ན་ལས་ཀུན་འགྲུབ།། རུས་སྦལ་ལྟོ་བར་དཀྲུག་པར ་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། རུས་སྦལ་ལྟོ་དཀྲུག་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡི།། ལྟོ་འཕྱེ་འཆི་བདག་ནག་པོ ་ཡི།། གཏད་དམིགས་གཅིག་ལ་བཤད་པར་བྱ།། ས་བདག་རྒྱལ་པོ་ཧ་ལ་གནག། མགོ་ལ་གཏད་ན་བུ་མང་འཆི།། རྒྱབ་ཏུ་གཏད་ན་རང་ལ་ངན།། མཇུག་མར་གཏད་ན་ནོར་རྫས་འབྲི།། དེ་ཕྱིར་འཆི་བདག་ནས ་ལུགས་བསྟན།། དཔྱིད་ཟླ་གསུམ་ན་བྱང་ན་མགོ། ཤར་དུ་ཁ་བལྟས་མཇུག་མ་ལྷོ།། དབྱར་ཟླ་གསུམ་ན་ནུབ་ན་མགོ། བྱང་དུ་ཁ་ལ་མཇུག་མ་ཤར།། སྟོན་ཟླ་གསུམ་ན་ལྷོ་ན་མགོ། ནུབ་ན་ཁ་ལ་མཇུག་མ ་བྱང་།། དགུན་ཟླ་གསུམ་ལ་ཤར་དུ་མགོ། ལྷོ་རུ་ཁ་ལ་མཇུག་མ་ནུབ།། འཆི་བདག་ལྟོ་འཕྱེ་དེ་ལྟར་གནས།། དཔྱིད་གསུམ་ནུབ་ལྟས་བརྐོས་ན་ཐེབས།། ཤར་དང་ལྷོ་དང་བྱང་དུ་ནི།། འཆི་བདག་བུ་སྨད་ནོར་ལ ་ངན།། དེ་ཕྱིར་གསུམ་པོ་སྤང་བར་བྱ།། དབྱར་གསུམ་ལྷོར་བལྟས་བརྐོས་ན་ཐེབས།། བྱང་བལྟས་ཤར་དང་ལྷོ་དག་སྤང་།། སྟོན་གསུམ་ཤར་དུ་བལྟས་ལ་རྐོ།། དེ་བཞིན་གསུམ་པོ་སྤང་བར་བྱ།། དགུན་གསུམ་བྱང་དུ ་ཁ་བལྟས་བརྐོ།། གསུམ་པོ་སྤང་བར་བྱ་བ་སྟེ།། ལྟོ་འཕྱེའི་ལྟོ་བར་ཆུད་པ་ན།། ངེས་པར་ཕར་ལ་ཐེབས་པས་ན།། དེ་ཕྱིར་གསང་བའི་འཁྲུལ་འཁོར་བཤད།། དཔལ་ཟླ་གསང་ནག་པོ་དུག་རི་ཁའི་གསང་རྒྱུད་ལས།། ་འཆི་བདག་ལྟོ་འཕྱེ་ནག་པོ་ལྟོ་གཤག་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡི།། ས་བདག་ལྕེ་མདུང་ནག་པོ་བཤད།། ཆུ་དང་ཤིང་དང་བྲག་དང་ས།། ཀླུ་གཉེན་ས་བདག་གཟུགས་བརྙན ་ཏེ།། དཀར་པོ་རྒྱལ་རིགས་སེར་པོ་བྲམ་ཟེ་སྟེ།། དམར་པོ་རྗེ་རིགས་ནག་པོ་དམངས།། སྔོན་པོ་གདོལ་པའི་རིགས་བཞི་སྟེ།། འཁོར་དང་རྟགས་དང་དུས་ལས་སྦྱར།། སྦྲུལ་དང་སྦལ་པ་ཉ་དང་ནི།། ལྕོང་གེ་གླང་དང ་ཕག་པ་དང་།། སྡིག་པ་ཆུ་སྲིན་རྟ་བླའོ།། གྲོག་མོ་སྦྱར་པ་རུས་སྦལ་དང་།། དམུག་པའི་བུ་མོ་འདྲ་བ་དང་།། མགོ་ལྔ་མགོ་གསུམ་གཟུགས་འདྲ་བརྟག། སྦྲུལ་འདྲ་ལྔ་སྟེ་ནམ་མཁའ་བྲག། ས་དང་ཆུ་ཤིང་སྦྲུལ་ནག ་གི། མཇུག་མ་མདུང་ལ་གཏད་པ་དང་།། སྣ་གདོང་ལྕེ་ལ་གཏད་པ་དང་།། སྦལ་འདྲ་གསུམ་ལས་ས་རྡོ་རི། ཁ་ནི་ལྕེ་ལ་སྦལ་པ་མདུང་།། ལྕེ་མདུང་ལ་ནི་གཏད་པར་བྱ།། ཉ་ལ་གཉིས་ཏེ་ཆུ་དང་ས།། གཤོག་རྩེ་ལྕེ་ལ ་ཟེར་པ་མདུང་།། ལྕོང་ཀེ་བཞི་སྟེ་ན་ཆུང་དང་།། བྲག་དང་སའོ།། མཚུལ་པ་ལྕེ་ལ་མཇུག་མ་མདུང་།། གླང་ལ་གསུམ་སྟེ་གད་རྡོ་རིས།། དམིགས་བཞི་ལྕེ་ལ་རབ་རྩེ་མདུང་།། ཕག་ཀྱང་གསུམ་སྟེ་གད་རྡོ་རི། ཁ་ལ་ལྕེ ་སྟེ་སྣ་རྩེ་མདུང་།། སྡིག་པ་གསུམ་སྟེ་རི་ཆུ་བྲག། སྤྱི་མདོ་ལྕེ་ལ་རྭ་རྩེ་མདུང་།། ཆུ་སྲིན་གཉིས་ཏེ་རི་དང་ཆུ།། སྣ་རྩེ་ལྕེ་ལ་སྦལ་ལག་མདུང་།། རྟ་བླ་གཉིས་ཏེ་ལམ་དང་ས། ཁ་ལ་ལྕེ་ལ་ལག་པ་མདུང་།། གྲོག་མོ་གཉིས ་ཏེ་ས་དང་བྲག་ཁ་ལ་མདུང་ལ་ལག་པ་ལྕེ།། རུས་སྦལ་གནས་ཁང་བྲག་རི་སྟེ།། ལྟོ་པ་ལྕེ་པ་རྒྱབ་ན་མདུང་།། དམུགས་པ་འདྲ་བས་དང་བྲག། ར་ལ་ལྕེ་ལ་ཁ་ལ་མདུང་།། མགོ་ལྔ་ལ་སོགས་གཟུགས ་བརྙན་ལ། ཁ་ལ་ལྕེ་ལ་ལག་པ་མདུང་།། ས་བདག་ལྕེ་མདུང་འདི་དག་ལ།། གཏད་ན་གང་ཡང་བརླག་པ་སྟེ།། བསྐལ་པའི་མཐར་ཡང་མི་ཐར་བས།། བདུད་ཀྱི་བཙོན་རར་ཆུད་པས་ན།། ནག་པོ་ཀླུ་ཡིས་ཟིན་པ ་ཡིན།། ལས་ཀྱི་རྣམ་གྲངས་དུ་མ་ཀུན།། རྩ་བ་ཡན་ལག་གང་བྱེད་ཀྱང་།། འདི་བཞི་སྦྱར་ན་ལས་ཀུན་འགྲུབ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། སྦྲུལ་ནག་ལྕེ་མདུང་གི་ལེའུ་སྟེ་ཉི་ཤུ ་བཞི་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། བདེ་ཆེན་ལྷ་ལ་ཡང་དག་གསོལ།། འཇིགས་བྱེད་གདུག་པ་ཀླུ་ཡི་ཚོགས།། སྒྲུབ་ཅིང་དགྲ་བོ་གཏད་པ་དང་།། གཏད་པའི་འཁོར་ལོ་བསྟན་གྱིས་ཀྱང་།། བྱད་ཀྱི་བཀའ ་ཉན་ལས་ཀྱིས་བསྡེབ།། རྣོ་མྱུར་མགྱོགས་པའི་སྣ་འདྲེན་གང་།། ཡང་དག་རྡོ་རྗེས་བཀའ་སྩལ་པ།། སྲོག་གཤེད་བྱད་ཀྱི་བཀའ་ཉན་དུ།། འཆི་བདག་བདུད་དང་སྲོག་བདག་གཟའ།། བྱད་ཀྱི་བཀའ་ཉན་བསྒྲུབ་པར ་བྱ།། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན།། བདུད་དང་གཤིན་རྗེའི་ཕོ་ཉ་སྟེ།། གཤིན་རྗེ་དམར་པོ་ཡི་དྭགས་རྗེ།། སྒྲུབ་ཅིང་ལས་ལ་རྦད་པ་དང་།། ཀླུ་དང་གདོང་དུ་གཞུག་པ་དང་།། མགྱོགས་ཀྱི་སྣ ་འདྲེན་ཟད་པར་བྱ།། འབྲང་རྒྱས་བཤོས་བུ་རི་རབ་དང་།། དར་མདའ་ཟ་འོག་རྒྱན་ལྡན་ལུག། སྲིད་པ་བསྐོར་ལ་བྲིས་ལ་དབུལ།། རྟ་མགྲིན་དབང་ངམ་ཏིང་འཛིན་གྱིས།། དང་པོ་སྲོག་བདག་བོད་པར་བྱ།། གྲུབ ་རྟགས་སྔོན་དུ་བྱུང་བའི་ཚེ།། གཞལ་ཡས་དམར་པོའི་བསེ་མཁར་ནས།། ཡམ་ཤོད་དམར་པོ་བསྐུལ་བར་བྱ།། གདུག་པ་དགྲ་བོའི་གཟུགས་བྱས་ལ།། བསད་པའི་མཚོན་ཆ་དབབ་པར་བྱ།། སྲོག་གི་སྙིང་པོ་བོད་པར ་བྱ།། ཧཾ་ཤཾ་ཏྲི་ཏཾ་རྩ་ལ་ཏྲི་ར་གཾ་ས་མ་ཡ་ཛ། བྱིས་པ་ཁྱིའུ་དང་། རྟ་བ་དང་། འོད་ལ་སོགས་པ་བྱུང་ན་རྦད། ཧཾ་ཤཾ་ཏྲི་མཱ་ར་ཡ་བྷྱོ། ལས་ལ་རྦད་སྔགས། ཏྲི་ཁ་ཐུན་བྷྱོ། ཏྲི་ཁ་ཐུན་བྷྱོ། ཐིབ་ཧ་བ་ཧ་ར། ཏི་ལི་ཏི་ལི། ཏིབ ་ཏིབ་ཧཾ་ཧབ། ནཱ་ག་རཱ་ཛ་དགྲ་བོ་ལ་ཛ། དེ་ནས་ཀླུ་དང་སྡོང་པ་ནི།། ན་ག་ཀྲོདྷ་ནི། ནཱ་ག་ཀྲོ་ཏ་ནི། བཛྲ་རཀྵ་ཀྲོ་དྷེ་ནི། ན་ག་ན་ག་ནི། རི་མེན་ཏར་ཕྲན་དྷ་ཛ་ཛ། ཞེས་པའོ།། ཉི་མ་བྱང་ཤར་ཕ་གི་ན།། ཡམ་ཤོད་དམར ་པོ་སྲོག་གི་བདག། སྐྱེ་འགྲོ་ཚེ་ལ་མངའ་མཛད་པ།། འབྲུ་གཏོར་འོ་མ་ཆང་དང་ནི།། སྐྲག་རྒོད་ས་ཤིང་ཐུན་ཕྲོམ་གྱིས།། གསོལ་ལོ་ཡམ་ཤུད་དམར་པོ་མཆོད།། གཉེར་དུ་གཏད་དེ་ས་མ་ཡ།། ཀླུ་ཡི་སྣ་འདྲེན་ཆེན་པོ ་སྟེ།། མྱུར་མགྱོགས་དྲག་ཤུལ་གློག་གི་བང་།། གསང་བ་མཆོག་གི་སྒྲུབ་པར་བཤད།། ཀྱེ། འཇིག་རྟེན་འདས་དང་མཚམས་ཤེད་ན།། བདུད་དང་གཤིན་རྗེ་དེ་ན་གནས།། གཞལ་ཡས་དམར་པོ་བསེ་མཁར ་ན།། ཟངས་ལྕགས་རེ་ཟེམ་སྒོ་མོ་རྩལ།། བསེ་ལོགས་དམར་པོ་གྲུ་བཞི་ལ།། སྤྲུལ་པ་གློག་སྟོང་མང་པོ་འགྱུ།། སྤྲིན་དང་འོད་ཕུང་སྟུག་པོས་གཡོས།། དེ་ཡི་མཁར་གྱི་ནང་ཤེད་ན།། སྲོག་བདག་ཡཾ་ཤོད ་དམར་པོ་བཞུགས།། སྐུ་ལ་བསེ་ཡི་གློག་པ་གསོལ།། བསེ་ཡི་ལྗང་དཀར་ཕྱག་ན་བསྣམས།། ལེ་བརྒན་དམར་པོའི་ཟེ་བ་ཅན།། བྱེ་རུ་དམར་པོའི་སྐྱེ་ཆིངས་ཅན།། ར་གན་དམར་པོའི་ལྷམ་སྒྲོག་ཅན།། འོག་ན་བྱ་ཁྱུད ་སྨུག་པོ་ཞོན།། སྟེང་ན་བསེ་ཡི་བྱ་ཁྲ་ལྡིང་།། བསེ་ཡི་རུ་མཚོན་གནམ་དུ་འཕྱར།། སྤྲུལ་པ་མི་དམར་རྟ་དམར་འགྱེད།། མངག་གཞུག་འགོང་པོ་སྤྱང་ཁུ་གཏོང་།། ཡང་སྦྲུལ་ཐེའུ་བྲང་སུམ་བརྒྱ་འགྱེད།། བུད་མེད་ཆགས ་པ་ཆེ་བའི་རིགས།། སྙིང་དང་ཡིད་དུ་འོང་བ་ལ།། དེ་འདྲར་སྤྲུལ་ནས་ཚེ་སྲོག་འབྲེལ།། མི་རིགས་སྲིད་ཟག་རིང་བ་ལ།། བུ་ཆུང་འདྲ་བར་སྐྱེ་ཞིང་སླུ།། ཁྱོད་ནི་མི་རིགས་བདག་པོ་སྟེ།། གནམ་གྱི་དམར་པོ་ལ་སོགས ་པ།། ཀུན་ཀྱང་ཁྱོད་ཀྱི་བཀའ་བཞིན་བྱེད།། ར་ལྕགས་དཀར་པོའི་རུ་མཚོན་འཕྱར།། ཞགས་པ་དཀར་ནག་ཀླད་ལ་སྐོར།། དྲང་སྲོང་ཡབ་བཞིན་མཐུ་རྩལ་ཆེ།། བྲམ་ཟེ་ཡུམ་བཞིན་དམོད་མོ་རྣོ།། གཤིན་རྗེ་དམར་པོ ་ཡི་དྭགས་རྗེ།། ཉིན་བཞིན་མི་ཕྱུགས་བརྒྱ་བརྒྱ་གསོལ། ཁྱོད་ཀྱི་ཕུ་བོ་གཙོན་པོ་ལ།། རྟ་དཀར་ཕུམ་དམར་ཆིབས་སུ་བཅིབས།། བྱ་དཀར་ཟེ་དམར་ཀླད་ལ་ལྡིང་།། ཁྱི་དཀར་སྣ་དམར་ཕྱི་ནས་འབྲེང་།། ར་དཀར ་པགས་པ་སྐུ་ལ་གསོལ།། ར་ལྤགས་དཀར་པོའི་རྒྱལ་མཚན་ཅན།། ཉིན་བཞིན་བདུད་མོ་བརྒྱ་བརྒྱ་སྲོལ།། མཚན་བཞིན་ན་ཆུ་བརྒྱ་ལ་སྦྱོར།། འཁོར་ནི་འགོང་པོ་སྤུན་དགུ་དང་།། སྤྱི་ཡི་གླིང་དང་བཅས་པ་འགྱེད།། རྡོ ་རྗེ་འཆང་གི་བཀའ་མ་བཅག། ཡབ་ཤུད་དམར་པོ་དགྲ་ལ་ཡ།། དེ་སྐད་བསྐུལ་ཞིང་ལས་གཉེར་གཏད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཡམ་ཤོད་གཤེད་མར་སྒྲུབ་པའི་ལེའུ་སྟེ་ཉི ་ཤུ་ལྔ་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡིས།། སྲོག་བདག་ཆེན་པོའི་ལས་བཤད་པ།། ཀླུ་ཚ་གསང་བའི་ངན་སྔགས་ནི།། དབེན་པ་ཉམས་དགའ་ཡིད་འོང་བ།། ཞལ་ཟས་ཕུད་དང་གསང་ཕྱི་དང་།། རྒྱན་དང ་དམ་རྫས་ཀུན་བསོག་ལ།། རྣལ་འབྱོར་ཏིང་འཛིན་ལྡན་པ་ཡིས།། བསད་པའི་རྫས་ཀུན་རྫོགས་བསོགས་ལ།། གསང་སྔགས་འདི་ཡིས་བོད་པར་བྱ།། ཨོཾ་བཛྲ་སུམ་ཏྲི་རཀྵ། རཱ་ཛ་པ་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ནས ་རྦད་པའི་སྔགས་བསྟན་པ། སུམ་ཏྲི་རཀྵ་བྷྱོ། ར་ཛ་ནག་པོ་བྷྱོ། གིང་ཀ་ར་རྒྱལ་དུ་ཆུག། གནོད་སྦྱིན་ནག་པོ་ཆེ་ཚོ། དཀར་པོ་གྱུ་རེང་རྩ་ལ་རྒྱུག་བྲེང་། ནག་པོ་སྤུ་གྲི་རྩ་ལ་རྔུབས། དུན་གྱི་ཡཾ་ཡཾ་བྷྱོ། མཱ་ར་ཡ་མཱ་ར་ཡ་ནི ་ར་ཟུང་ཟུང་། ཞེས་རྦད་པར་བྱའོ།། རྟགས་ནི་ཙི་དིང་ཅི་བྱུང་ཡང་།། ཚུལ་ལ་འཁྱུ་དང་ལྡོག་ན་འདི་ཡིས་གནན།། ཨོཾ་ཨཱཿཧཱུཾ་མཱ་ར་ཡ་ནན་ཕྲ་མ་རཱ་ཛ་ཏྲིག་ནན། འཁུ་ན་རཀྵ་རྦུད་ལོང་། ཨོཾ་བཛྲ་བཛྲ་ཀྲོདྷ་ཀྲོདྷ་རཱ་ཛ་སིདྡྷི ་ཨ་མྲི་ཏེ་ཧཱུཾ་ཕཊ། རཱ་ཛ་ས་ཏི་ས་མ་ཡ་ཐིབས་ཛ། ཞེས་པས་རྒྱལ་པོའི་རང་གནད་ཡིན།། གྲུབ་པའི་རྟགས་རྣམས་བྱུང་བ་དང་།། ཀླུ་དང་སྡོང་དུ་འདིས་འཇུག་གོ། ན་ག་བྲེང་ནི། ཡ་མ་རཱ་ཛ་ནག་པོ་ཏི་པ ་ནི། སུམ་ཁྲི་རཀྴ་ཚལ་པ་སྙིང་།། བབ་དུམ་ཆོ་རྣོར་ཛ་ཛ། དགྲ་བོའི་སྲོག་ལ་རྒྱུག་བྲེངས་མཱ་ར་ཡ། དེ་ཡིས་ཀླུ་དང་སྡོང་དུ་གཞུག། ངན་སྔགས་དུག་གི་སྤུ་གྲི་སྟེ།། རྟགས་སྒུར་འབུམ་མམ་སྟོང་སྟོང་སྟེ།། ལས་འགྲུབ་ཛ ་ལ་ནག་པོའམ།། སྨྱོ་འབོག་ནད་ཀྱི་དམིགས་པ་བརླག། ཅེས་གསུངས་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། སྲོག་ཀླུ་ས་མ་ཏ་ལི་གཏད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་ཡང ་དག་རྫོགས་པ་ཡིས།། གཟའ་སྤྱང་ཆེན་པོའི་དྲག་སྔགས་བཤད།། ཀི་ཀང་རོག་ཏི་མི་བཟད་པ།། སྒྲུབ་དང་སྲོག་ལ་གཤེད་མར་དབབ།། ཀླུ་དང་སྡོང་པའི་ལས་དག་ནི།། བྲག་ནག་སྤུངས་པའི་ནགས་ཚལ་དུ།། ལྷ ་སྲིན་དྲག་པོའི་རྒྱུ་སྲང་དུ།། འབྲུབ་ཁུང་མཐིང་ནག་གྲུ་གསུམ་རྩིག། ར་རོག་སྙིང་དང་མཆིན་པ་དང་།། འབྲུ་དང་རྩི་སྨན་དཀར་གསུམ་བསག། བསད་པའི་དུག་ཁྲག་ཉུངས་ཀར་སྦྱར།། གསང་བའི་ངན་སྔགས་འདི ་ཡིས་བོད།། ཨོཾ་ཀེ་ཏ་ཀེ་ཏ་ར་ཤུལ་ཧུ་ལ་སྭཱ་ཧཱ། ཙ་བ་ཡ་ནི་ར་ཧཱ་ལ་དགྲ་བོའི་སྲོག་ལ་བྲེད་ཤག་རྦད། མ་ཤག་མུ་ཤག་རྦད།། ད་ནི་དུ་ནི་རྦད། ཙ་ཏྲ་མུ་ཏི་ནི་རྦད། ཁ་རག་སྨ་ཤ་དུན་དུན་ཛ་ཛ། ར་ཧུ་ལ་དགྲ་བོའི་སྲོག་ལ ་མ་ར་ཡ་བྲུཾ་བྲུཾས། ཨོཾ་ཙ་བ་མ་ནི་ར་ཧུ་ལ་ནཱ་ག་ར་ཛ་ས་དུ་དགྲ་སྙིང་ཚལ་པ་ཚལ་པ་ནཱཾ་ག་སྙིང་ཐུར་དགྲ་ལ་བྷྱོ། ཀི་ཀང་བརྒྱད་ཀྱི་དུས་དག་ཏུ།། གཏོར་མ་བཏང་ཞིང་འཕྲིན་ལས་བཅོལ།། རྣོ་མྱུར་ཤུགས་ལྡན་དྲང་སྲོང ་ཆེ།། གཟའ་རྒོད་གདུག་པའི་ངན་སྔགས་ཏེ།། མཚོན་ཆ་ལས་ཀྱི་འཁོར་ལོ་ཡིན།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས།། གཟའ་རྒོད་ར་ཧུ་ལའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །། དེ་ནས་ཡང ་དག་རྫོགས་པ་ཡིས།། བྱ་བྱེད་མང་པོ་འཇིགས་པ་སྟེ།། སྔོ་ནག་གཡུ་ཡི་གོ་ཟུ་ཅན།། བོད་དང་ལས་ལ་རྦད་པ་དང་།། ཀླུ་དང་སྡོང་དུ་གཞུག་པའི་ལས།། འཁོར་ལ་བཤད་པ་འདི་ལྟ་སྟེ།། དུང་ངམ་ཉ་ཕྱིས་དེ་དག ་ཏུ།། སྦལ་ལྕོང་ཉ་ཤ་ལ་སོགས་པ།། ཤ་སྣ་འབྲུ་སྣའི་གཏོར་མ་བཤམ།། མ་མོ་བོད་ཅིང་གཏོར་མ་སྦྱིན།། མཐིང་ནག་གུར་དང་བཅས་པར་སྒྲུབ།། ཏྲག་རཀྐ་མུ་ཏྲ་སྙིང་ཀ་རག་མ་བྷྱོ། ཨེ་ཙ་རཱ་ཛ་དགྲ་སྙིང་ལ་ཐུན། ཆེ ་གེ་མོ་རྩ་ཟང་མུ་ལེ་ཙིཏྟ་རྦད། ནཱ་ག་མ་མ་དགྲ་སྙིང་ཧུར་རྒུད་བྲུཾ། སྙིང་ཙིཏྟ་དུམ་བུ་ར་ཏི་རུ་ཏི་རྦད་ནཱ་ག་རཱ་ཛ་མ་མ་བྷྱོ། དགྲ་སྙིང་ལ་གུལ་མྱགས་མྱགས་ནཱ་ག་དགྲ་བོའི་སྲོག་ལ་བྷྱོ། གསང་བ་ལས་ཀྱི་ཡང་སྙིང ་སྟེ།། བྱད་ཀ་མ་མོ་ཀླུ་བདུད་ཀྱིས།། ཉམས་པ་དགྲ་བོ་སྒྲོལ་བར་བྱེད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཀླུ་དང་མ་མོས་བསྒྲལ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། དེ་ནས་ཡང་དག ་རྫོགས་པ་ཡིས།། དྲེགས་པ་མགྱོགས་བྱེད་ཤུ་བོ་ཡི།། ངན་སྔགས་ངེས་པར་བཤད་པར་བྱ།། བཙན་ར་དམར་པོའི་ཐོད་པ་རུ།། ལིང་ག་སྣ་ཚོགས་རྫས་ཀྱི་བྲུབ།། བཤོས་བུ་སུམ་བརྩེགས་ར་དམར ་དང་།། མི་དམར་རྟ་དམར་ཤ་བ་དག། ཀླུ་བཙན་ཆེན་པོ་ཉིད་ལ་དབུལ།། བདག་ཉིད་ཏིང་འཛིན་ལྡན་པ་ཡིས།། བཙན་བོད་སྲོག་ལ་གཤེད་དམར་དབབ།། ཐ་མར་ཀླུ་དང་སྡོང་པར་བྱ།། དེ་ཡི་གསང་སྔགས་འདི་དག ་གོ། ཨོཾ་ནཱ་ག་ཤུ་ལ་ཨ་ཏྲི་སེམས་དཔའ་ཛ་ཛ། ན་ག་ཨ་པི་ཤུ་ལ། ཙནྟ་ཙནྟི་ཧྲི་ཧྲི། རཾ་རཾ་ཁ་ལ་རཀྐ་རཀྟ་དུ་སི་དུ་སི། སྲོག་ལ་བྲེང་། ཤག་རྦད། གུལ་གུལ་སྐུ་མ་ཨ་ནེ་གུ་ཡེ་ཡེ། རུམ་གུ་དེ་ཡོ་སོད། མི་འདི་ནི་བདུད ་ཁལ་ཆེས་སོ།། བདུད་ལ་ལག་རིངས་སོ།། བཙན་ལ་ཁལ་ཆེས་སོ།། ལག་རིངས་སོ།། བདུད་བཙན་ཀླུ་དང་གསུམ་ལ་དབུལ་ལོ།། ཉི་མ་ནུབ་ཀྱི་བཙན། བྱ་ཡི་ལུས་པོ་ལ་སྦྲུལ་གྱི་མགོ་བོ་ཅན། ལྷོ་ཕྱོགས་ཀྱི་བཙན།། ་མི་ལྕགས་རྟ་ལྕགས་ཟངས་ཀྱི་ཚེམས་ཁྲབ་ཅན། ཤར་གྱི་བཙན་ཤལ་གྱི་མི་པོ་སྟག་གི་མགོ་བོ་ཅན། སྲིན་ཨ་ཏེ་རྒྱལ་བའི་ཕྱག་ཏུ་དབུལ་ལོ།། བཙན་ཁ་བཞི་ལ་གཏད་དོ།། བདུད་ནག་པོ་ལ་གཏད་དོ།། ཀླུ་གེལ་བ་ལ ་གཏད་དོ།། དེ་སྐད་བརྗོད་ལ་བྲག་དམར་པོའམ།། ཀླུ་བཙན་གནས་པའི་ས་རུ་གཏད།། ཐོགས་པ་མེད་པར་ལས་རྣམས་འགྲུབ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཀླུ་བཙན་ལ་གཏད ་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་འདི་སྐད་གསོལ།། གསང་བ་ཟླ་གསང་ནག་པོ་ཡི།། རྒྱ་མཚོ་དུག་རི་གསང་རྒྱུད་འདིར།། ཀླུ་ཡི་འཁྲུལ་འཁོར་བཤད་བྱ ་བ།། དབྱིངས་ཀྱི་ཀླུ་དང་བྱང་སེམས་ཀླུ།། སྤྲུལ་པའི་ཀླུ་དང་རང་རྒྱུད་ཀླུ།། གནས་པའི་ས་དང་མཐུན་པའི་གྲོགས།། འདུལ་བའི་གཉེན་པོ་གང་ལ་བགྱི།། མི་མཐུན་རྐྱེན་ཡང་ཇི་ལྟར་སྒྲུབ།། དེ་ལ་ཡང་དག་བཀའ་སྩལ ་པ།། དེ་ལ་དབྱིངས་ཀྱི་ཀླུ་ཞེས་པ།། ཆོས་དབྱིངས་རྣམ་དག་བདེ་ཆེན་གནས།། ལྷུན་གྱིས་གྲུབ་པའི་ཕོ་བྲང་ན།། ཡེ་ཤེས་ལྔ་དང་ལྷན་ཅིག་གནས།། རྣལ་འབྱོར་ཏིང་འཛིན་གོས་པ་ཡིས།། ཉོན་མོངས་སྤངས་ཏེ་བསྒྲུབ ་པར་བྱ།། ཇི་ལྟར་བྱང་ཆུབ་སེམས་དཔའི་ཀླུ།། འོག་མིན་ཕོ་བྲང་དག་པ་ན།། རིགས་ལྔའི་ལྷ་དང་ལྷན་ཅིག་གནས།། ཡེ་ཤེས་ལྔ་ཡི་རང་བཞིན་གྱིས།། ངར་འཛིན་ཤེས་པ་སྤངས་ཏེ་སྒྲུབ།། དེ་ལས་སྤྲུལ་པའི་ཀླུ་རྣམས ་ནི།། རི་རབ་ཟོམ་དང་རྒྱ་མཚོའི་གཏིང་།། འཇིག་རྟེན་ལྷ་ཀླུ་རྣམས་དང་བཅས།། ཀླུ་བདུད་ཆེན་པོའི་ཏིང་འཛིན་གྱིས།། ཟབ་གཞོབ་མི་གཙང་སྤངས་ལ་སྒྲུབ།། ཇི་ལྟར་འཇིག་རྟེན་རང་རྒྱུད་ཀླུ།། འཛམ་གླིང་ཡོངས་ལ ་ཁྱད་པར་གནས།། སྣ་ཚོགས་དོན་དང་བཅས་པ་ཉིད།། ལྟ་བ་གྱབས་དང་གཉེན་པོ་སྟོབས།། ཐབས་ལྡན་རྣམས་ཀྱིས་སྤངས་ལ་སྒྲུབ།། ཅེས་གསུངས་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད ་ལས། ཀླུ་བཞི་གནས་ཚུལ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། གདུག་པའི་ཀླུ་བདུད་ནག་པོ་འདི།། དང་པོ་སྐྱེ་བའི་རྒྱུད་ཉིད་གང་།། གནས་པའི་ཚུལ་ནི་ཇི་ལྟ་བུ།། ཕྱི ་དང་ནང་དང་གསང་བ་དང་།། ཀླུ་ཡི་གནས་ཚུལ་ཇི་ལྟར་ལགས།། འཁོར་ལོའི་དབྱེ་བ་ཇི་ལྟ་བུ།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། གདུག་པ་ཀླུ་བདུད་ནག་པོ་ནི།། ཆོས་ཀྱི་དབྱིངས་ཀྱི་ངང་ལས་བྱུང་།། ངར ་འཛིན་ཉོན་མོངས་དྲག་པོ་ལས།། གཏི་མུག་ནག་པོ་ཏི་པ་ཙ།། འདོད་ཆགས་ཀླུ་མོ་མགོ་དཀར་མོ།། ང་རྒྱལ་བགེགས་ཀྱི་གླང་པོ་དང་།། ཕྲག་དོག་གཉེན་དམར་གླང་གི་མགོ། ཞེས་སྡང་སྦྲུལ་གྱི་རྒྱུ་མ་ཅན།། དུག་ལྔའི ་རང་བཞིན་དྲག་པོའི་རྒྱུ།། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད།། གནས་ཚུལ་བསྟན་པ་འདི་ལྟ་སྟེ།། རྩ་བ་མི་འགྱུར་བྱང་ཆུབ་སེམས།། ཤེས་ཤིང་རིག་པའི་ངོ་བོ་ཉིད།། རིག་པའི་རྒྱལ་པོ་ཞེས་བྱ་སྟེ།། དེ་ཉིད་ངང་གིས་སྟོང་པས ་ན།། ཡུམ་ཆེན་ཀླུ་མོ་ནག་མོས་བྱ།། དུག་གསུམ་ཡེ་ཤེས་རོལ་པས་འདི།། སྲོག་གཤེད་གསུམ་གྱིས་རང་བཞིན་གྱིས།། སྒོ་ལྔ་ཡུལ་ལ་འཕྲོ་བ་ཉིད།། ཀླུ་རིགས་ལྔ་ཡི་རང་བཞིན་ཏེ།། ཡིད་ཚུལ་འཇིག་རྟེན་འདས་པའི ་ཀླུ།། ཀླུ་རིགས་དུ་མ་ཐམས་ཅད་ཀུན།། མི་རྟོག་མཉམ་པ་ཆེན་པོའི་དང་།། མི་ཕྱེད་མི་ཤིགས་རྡོ་རྗེའི་སྐུ།། ཆོས་ཉིད་མུན་པ་ལྟ་བུ་སྟེ།། དབུ་མར་མི་གནས་སྤྲོས་དང་བྲལ།། གཞི་དང་ལམ་དང་འབྲས་བུ ་གསུམ།། དབྱེར་མེད་ཆོས་དབྱིངས་གདལ་པའི་ཀློང་།། ཀླུ་ཡི་ཆོས་ཉིད་སྤྲོས་བྲལ་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཀླུ་ཡི་ཆོས་ཉིད་བསྟན་པའི་ལེའུ་སྟེ་སོ་གཅིག ་པའོ།། །། ཡང་དག་དཔའ་བོས་ངེས་གསུངས་པ།། ཕྱི་ནང་གསང་བ་འདི་ལྟ་སྟེ།། ཕྱི་ནི་གླིང་བཞི་རི་རབ་སྟེ།། སྲིད་པ་རུས་སྦལ་ལྟོ་ན་གནས།། སྣང་སྲིད་ཐམས་ཅད་འཁོར་བའི་བཞིའོ།། ཕོ་བྲང་རྒྱ་མཚོ་ལྷུན་པོ ་སྟེ།། ཞེ་སྡང་སྡུག་པ་ཏི་པ་ཙ།། ཕོ་བྲང་རྒྱ་མཚོ་མེར་བ་ནི།། ཀླུ་རིགས་དུ་མ་འཁོར་དང་བཅས།། རིགས་ལྔ་འཁོར་དང་བཅས་པ་རྣམས།། ཤར་ཕྱོགས་འཁོར་ལོའི་གླིང་ལ་གནས།། རྡོ་རྗེ་རིགས་ཀྱི་ཤིང་ཆེན ་ཏེ།། ཡོངས་སུ་རྫོགས་པ་ཞེས་བྱ་ན།། ཀླུ་ཡི་རྒྱལ་པོ་རྒྱལ་རིགས་ཏེ།། རིགས་ཀྱི་འཁོར་དང་རྣམ་པར་ལྡན།། རིན་ཆེན་སྤུངས་པ་ཞེས་བྱའི་ཤིང་།། ལྷོ་ཕྱོགས་འཁོར་ལོའི་གླིང་དག་ལ།། བྲམ་ཟེ་རྒྱལ་པོ་རྟ་མགོ ་གནས།། རིགས་ཀྱི་ཁྱད་པར་མངོན་པར་སྣང་།། པདྨོ་ཤིང་ཡོངས་བརྩེགས་པའི་ཞེས།། ནུབ་ཕྱོགས་འཁོར་ལོའི་གླིང་དག་ལ།། རྗེ་རིགས་ཝ་གདོང་རྒྱལ་པོ་གནས།། ཀླུ་རིགས་དུ་མ་ལྡན་པ་གནས།། བྱང་ཕྱོགས་པོ ་བྲང་འཁོར་ལོའི་གླིང་།། ལས་ལས་གྲུབ་པའི་ཤིང་དག་ལ།། དམངས་རིགས་རྒྱལ་པོ་བྱ་རོག་གདོང་།། རྒྱལ་རིགས་བྲམ་ཟེ་རྗེ་རིགས་དང་།། དམངས་དང་གདོལ་པ་ལ་སོགས་པ།། རེ་རེ་ལ་ཡང་བཞི་བཞི་སྟེ། ཀླུ ་རིགས་ཉི་ཤུ་རྩ་ལྔ་ཡིས།། བརྡུང་ཞིང་སེམས་ཅན་གཏུབ་ཅིང་གསོད།། འཁོར་ཀྱང་དཀོར་བདག་སྲོག་བདག་གི། དྲི་ཟ་ཟུར་ཕུད་ལྔ་པ་རུ།། ཡམ་ཤུད་ཀླུ་བཙན་གནམ་ཟེའུ་དང་།། རྒྱལ་བྲན་སུམ་བརྒྱ ་དྲུག་ཅུའི་བདག། རྒྱལ་རིགས་དག་གི་འཁོར་ནི་གནས།། ཀླུ་བསེན་མོ་དང་མཚོ་སྨན་དང་།། ཙ་མུན་ཏ་དང་བུང་བྱེད་གནག། ཀླུ་མོ་བདུད་མོ་མ་མོ་ཀུན།། བྲམ་ཟེ་རྗེ་རིགས་འཁོར་ན་གནས།། བཙན་དང་ཀླུ་དང་ཀླུ ་སྲིན་དང་།། ཞ་བོ་སྒུར་པོ་འོན་པ་རྣམས།། རྗེ་རིགས་ཀླུ་ཡི་འཁོར་ན་གནས།། དམ་སྲི་མོ་དང་ས་བསེན་དང་།། འབྱུང་པོ་བཙན་དང་སྣ་ཚོགས་སྟོན།། དམངས་རིགས་གདོལ་པའི་འཁོར་ན་གནས།། ཐེག་ཆེན་རྒྱལ་པོ ་ས་དང་འདྲ།། ཁྲུས་ལ་དགའ་བས་བྲམ་ཟེ་ཆུ།། ཚ་བདུད་མེ་འདྲ་རྗེའུ་རིགས།། ཡང་གཡོ་མི་བརྟན་དམངས་རིགས་ལ། ལྕི་འཐིབ་ཚ་བསྲེག་དྲང་ཞིང་བསིལ།། ཡང་ཞིང་གཡོ་བའི་དུག་ཀྱང་འཕྲོ།། རྒྱལ་རིགས་ཤ་དང ་མགོ་ལ་འཇུག། བས་ལྗགས་གཟེ་གུ་མེ་དཔའ་དང་།། འབྲུམ་ནད་ནད་ཀྱི་སྣ་ཚོགས་གཏོང་།། བྲམ་ཟེ་ཁྲག་དང་ཆུ་ལ་འཇུག་ཁྲག་སྐྱེ་བཙན་ལྟར་སྙིང་མི་དགའ།། འགྲོ་སྙིང་འདོད་དང་དུ་འདོད་གླ།། ཕྱོགས་སངས ་ཁྱེར་ཏེ་གཞན་ལ་འཕྲོ།། རྗེ་རིགས་དྲོད་ལ་འཇུག་སྟེ་སྐམས།། ཤ་མདངས་པར་ཟུག་ལུས་པོ་རྩེ།། སྐབས་སུ་ཕོ་ལོག་གླང་ནད་འོང་།། དམངས་རིགས་རླུང་གི་སྒོ་ནས་འཇུག། གླུ་ལེན་གར་བྱེད་མིག་རྩ་སྲུང་།། ནད ་། རིགས་དུ་མ་གཏོང་བ་སྟེ།། རིགས་བཞི་འཛམ་བུའི་གླིང་ན་གནས།། འགྲོ་བ་ཡོངས་ལ་འཚེ་བར་བྱེད།། བདུད་ཀྱི་ཁྱམས་ཀ་ནང་དུ་ཁྲིད།། གླིང་ཆེན་གཅིག་ལ་བརྩི་བའམ།། ཡང་ན་རི་བོ་གཅིག་ལ་ཡང་།། ཆུ་མིག ་། གཅིག་ལ་རིམ་པ་སྦྱར།། ས་དཀར་ས་སེར་དམར་དང་གནག། རིགས་ཀྱི་ལྷ་ཕྱོགས་ཀུན་ལ་ཁྱབ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། ཕྱི་གླིང་བཞི་རི་རབ་དང་བཅས་པ་ལ། ཀླུ་གནས ་ཚུལ་དང་། དེ་ཡི་འཁོར་དང་། དུག་དང་། ནད་དང་། རྟགས་བསྟན་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །། དེ་ནས་ཡང་དག་རྫོགས་པ་ཡིས།། འཁོར་ལ་ངེས་པར་བཀའ་སྩལ་པ།། སྲིད་པའི་རི་བོ་ལྷུན་པོ ་། ཡིས།། དཔག་བསམ་ལྗོན་ཤིང་རྫོགས་པའི་འོག། རྒྱ་མཚོ་འཁྱིལ་བ་ཞེས་པའམ།། འཇིག་རྟེན་འདས་དང་མ་འདས་པར།། གསོན་གཤིན་གཉིས་ཀྱི་ཟམ་ཁ་བ།། བདུད་པོ་ནག་པོ་སྐྱེ་འགྲོའི་བདུད།། སྐུ་ནི་རི་རབ ་ངོས་ལ་རྟེན།། ཞབས་ནི་རྒྱ་མཚོའི་གཏིང་དུ་བརྐྱང་།། སྤྱན་མིག་འགྲོ་བ་ཡོངས་ལ་གཟིགས།། ཕྱག་ནི་སྟོང་གསུམ་ཀུན་ཏུ་ཉུལ།། སྲིད་གསུམ་ཚངས་པའི་རྒྱལ་པོར་གནས།། སྲིད་གསུམ་འཇོམས་པ་གདུག་པའི ་ཡུམ།། དབང་པོ་ལྔ་ཉིད་ཀླུ་རིགས་ལྔ།། རྩ་རྒྱུས་རྒྱ་མཚོ་ལྗོན་ཤིང་ཚུལ།། ཁྱོན་དུ་རྫོགས་པའི་གཟུགས་གཉིས་ལ།། འཆི་བདག་ཀླུ་ཡི་རང་བཞིན་རྫོགས།། གསང་བར་མི་གནས་གཞེད་བྱེད་ཡུལ།། ཡང་དག་མཐའ་ལ ་རྣམ་པར་གནས།། གསང་བ་དབུས་ཀྱི་ཐིག་ལེ་ཉིད།། རིག་པའི་རྒྱལ་པོ་འཇིགས་བྱེད་སྒྲ།། འབྲས་བུ་མི་གནས་ཆོས་ཀྱི་དབྱིངས།། ཆོས་ཉིད་རྩ་ལ་རྒྱལ་རིགས་ཏེ།། ས་ཡི་འཇིགས་པ་རྣམ་དག ་ནས།། འབྲས་བུ་མེ་ལོང་ལྟ་བུའི་སྐུ།། ཡེ་ཤེས་རྩ་ལ་བྲམ་ཟེ་སྟེ།། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད།། ཡོན་ཏན་དེ་བཞིན་རྗེ་རིགས་ཏེ།། མེ་དང་མེ་རུ་འཛིན་པ་ཉིད།། སོ་སོར་ཀུན་རྟོག་ཡེ་ཤེས་དང་།། རང་རྒྱུད་རྩ་ལ ་དམངས་རིགས་ཏེ།། སྐྱོན་བྱེད་རླུང་ཉིད་བྱ་བ་གྲུབ།། ཚོགས་བརྒྱད་རྟེན་གྱི་སི་ར་བརྒྱད།། བྱང་སེམས་རྒྱལ་པོ་ནཱ་ག་བརྒྱད།། རྩ་བྲན་སྣ་ཚོགས་ནཱ་ག་ཀླུ།། ཡོན་ཏན་ལྷུན་གྲུབ་མངོན་སངས་རྒྱས།། ནཱ་ག་རཀྟ་ཡེ་ཤེས ་ཆོས་ཀྱི་སྐུ།། ཤེས་པ་འཕོ་བས་གཟུགས་བརྙན་ཉིད།། རྩ་བཞིའི་དགོངས་པ་ནམ་མཁའི་ཁོངས་སུ་སྡུད།། སྲིད་གསུམ་ལུས་དང་ཤེས་པའི་རྒྱུད་ལ་གནས།། འབྲས་བུ་མི་གནས་ཡེ་ཤེས་འཇམ་པའི་སྐུ།། ཞེས་གསུངས ་སོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། གཟུགས་ཀྱི་ཕུང་པོ་དང་། རྩ་བརྒྱད་ཤེས་ཡུལ་ཀླུ་དང་རང་བཞིན་གནས་པའི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ ་ཡིས།། འཁོར་ལོ་ནག་པོའི་དབྱེ་བ་བཤད།། འཁོར་ལོ་རྣམ་པ་གསུམ་ཡིན་ཏེ།། གནས་པ་རང་རྒྱུད་འཁོར་ལོ་དང་།། ལས་རྒྱུད་མཚོན་ཆའི་འཁོར་ལོ་བཤད།། གནས་པ་རང་རྒྱུད་འཁོར་ལོ་ལྔ།། སྤྱི་བོ་ས་ཡི་འཁོར་ལོ ་དང་།། མགྲིན་པ་ཆུ་ཡི་འཁོར་ལོ་དང་།། སྙིང་ཁ་མེ་ཡི་འཁོར་ལོ་དང་།། ལྟེ་བ་རླུང་གི་འཁོར་ལོ་དང་།། གསང་བ་སྐྱེ་གནས་འཁོར་ལོ་ལྔ།། བདེ་ཆེན་འདབ་བཞི་སུམ་ཅུ་གཉིས།། སྙིང་པོ་དབུས་ན་རྒྱལ་པོ ་རིགས།། དཀར་ཁྲ་སྦྲུལ་གྱི་འཁྲུལ་འཁོར་ཏེ།། པདྨ་ཀ་ལིའི་ཡིག་འབྲུ་གང་།། ཚངས་པ་བདེ་ཆེན་མགོ་ལ་གནས།། ལོངས་སྤྱོད་བདེ་ཆེན་རྫོགས་མཛད་པ།། བཞི་དབུས་བརྒྱད་གཉིས་ལྡན་པ་ལ།། དབུས་ན་སྙིང་པོ ་། བྲམ་ཟེ་གནས།། མི་ཡིག་ཨཱ་ལི་ལྡན་པར་གནས།། མགྲིན་པ་སྐྱོད་བྱེད་ལམ་ལ་གནས།། ཆོས་ཀྱི་འཁོར་ལོ་བཞི་དང་བརྒྱད།། ཚེ་སྲོག་འཛིན་འབྲུ་དེ་ཡིས་གང་།། རྗེ་རིགས་རིན་པོ་ཆེ་ལ་གནས།། སྤྲུལ་པ་བཞི་དབུས ་འཁོར་ལོ་ནི།། དྲུག་ཅུ་བཞི་ལྡན་དམངས་རིགས་དབུས།། རྒྱུ་ཡི་ཡིག་འབྲུ་ལྡན་པ་སྟེ།། རིན་ཆེན་རྫིང་ལ་རྟེན་པར་གནས།། གསང་བ་སྐྱེ་གནས་འཁོར་ལོ་ནི།། བཞི་བཅུ་རྩ་བཞི་བདེ་ཆེན་དྲོད།། བོང་བྱེད་ཡིག་འབྲུ ་དུ་མ་གང་།། གདོལ་པ་གསང་བའི་རྩ་ལ་གནས།། དྲུག་གིས་རང་བཞིན་རྗེས་སུ་འཇུག། སྒོར་གཡོ་སྡུད་པའི་དབུས་ན་ཡམ།། ཐིག་ལེ་བརྟེན་པའི་སྲོག་ཤིང་ཚུལ།། སྟེང་སྒོ་འོག་སྒོ་སྦྱོར་བའི་ས།། འཕེལ་འགྲིབ་སྲོག ་སྦྱོར་ཐབས་དང་ལྡན།། རང་གནས་བསམ་གཏན་འབྲེལ་བར་བཤད།། ལས་འགྲུབ་མཚོན་ཆའི་འཁོར་ལོ་དག། རྩ་བ་ཡན་ལག་ལོག་ཐེན་གསུམ།། འཁྲུལ་འཁོར་ནག་པོ་མ་རའི་དུག། རྫས་ཀྱི་སྦྱོར་བ་ཐམས་ཅད ་ཀྱིས།། སྔགས་ཀྱི་མཚོན་ཆ་གཅོད་པར་བཤད།། ནཱ་ག་སྐུ་ཡི་སྒྲུབ་པ་འདི།། སྦལ་ནག་ལྟོ་སྦྱོར་དགྲ་གཟུགས་ལ།། རྦད་བསད་དྲག་པོའི་ཡི་གེ་སྤྲས།། འཆི་བདག་སྲིན་པོ་ཤུ་བུ་ཡི།། ལྟོ་བར་གཏད་དེ ་མནན་པ་དག། སྦལ་ནག་ལྟོ་སྦྱོར་འཁོར་ལོ་བཤད།། ནཱ་ག་ཐུགས་ཀྱི་སྒྲུབ་པ་སྟེ།། ལྔ་ཕུང་ཚང་པའི་གཟུགས་ཕུང་ལ།། འཆི་བདག་ཡབ་ཡུམ་སྐུ་གཟུགས་དང་།། སྦྲུལ་བརྒྱད་དང་ནི་ཁྲམ་ཤིང་དང་།། སྦལ་ནག་ཉི་ཤུ ་རྩ་བརྒྱད་དང་།། ལྕེ་སྦྱང་ལ་སོགས་ས་བདག་གཟུགས།། ལྟོ་བརྒྱད་ལྡན་པའི་དབུགས་དྲིལ་ཏུ།། བདུན་བསྒྲགས་སུམ་བསྒྲགས་རྔ་གླིང་དང་།། དྲིལ་དང་སོ་སོར་གཏོར་བ་དང་།། རྣམ་གྲངས་དུ་མ་བྱེད་པ་སྟེ།། ཛེ་ནག ་ལས་ཀྱི་འཁོར་ལོ་གསུངས།། ནཱ་ག་གསུང་གི་སྒྲུབ་པ་སྟེ།། ཐོད་པ་གཤེགས་ནས་ཀླུ་གཟུགས་བྱ།། སྦྲུལ་ནག་གདུག་པའི་ར་ཅན་གྱིས།། ལྟོ་བར་འཁོར་ལོ་བྲིས་ནས་ནི།། སྔགས་གསུམ་བོད་རྦད་གསང་དང་གསུམ ་རྫོགས་ནས།། འབྱུང་བཞི་སྔགས་ཀྱིས་ལས་མཐའ་རྟུལ།། ཀླུ་བདུན་སྦྲུལ་ནག་འཁོར་ལོར་བཤད།། ཕུང་ཤིག་ནག་པོ་སྒྲུབ་པ་སྟེ།། མཛེ་ཐོད་ཕོ་མོར་འཁོར་ལོ་བྲི།། སྡིག་པ་དང་ལྡན་རྩ་སྔགས་སྟོང་།། དྲེགས་པ་དྲུག ་གིས་ཁྲམ་ལ་གདབ། ཁྲམ་སྔགས་བདུད་ཀྱིས་གསང་བ་ཙམ།། ཕུང་ཤིག་ངན་སྔགས་ལས་ཀྱི་གཅོང་།། ཕུང་བཤིག་སྡིག་པའི་འཁོར་ལོར་བཤད།། ཀླུ་བདུད་གཅིག་པ་ཞེས་བྱ་བ།། སྲོག་གི་སྦར་བུ་ནག་པོ་སྟེ།། རྟེན ་མཆོད་ལས་ཀྱི་དམ་ཤིག་བསད།། སྦྱོར་བ་མཁས་པས་ཁྱིམ་དུ་གཞུག། ས་བདག་སྲོག་གི་འཁོར་ལོར་བཤད།། ཡན་ལག་འཁོར་ལོར་བཤད་བྱ་བ།། སྦལ་པ་དཀར་ནག་ལྟོ་བ་རུ།། རྟེན་གྱི་ཡང་དག་ལིང་ག ་། སྔགས།། ནཱ་ག་ཀླུ་ལ་གཏད་པའི་ཟ་བྱེད་ནག་པོའི་འཁོར་ལོར་བཤད།། བམ་ཆེན་ཐོད་པ་རབ་གཤེགས་ལ།། འབྱུང་བ་དགྲ་གཤེད་ནག་པོའི་མིང་།། ཤན་པ་དགྲ་གཤེད་འཁོར་ལོར་བཤད།། མི་རུས་ལིང་གའི་མིག ་གཟུགས་གཉིས།། ལྟོ་སྦྱོར་གཡས་གཡོན་རྒྱ་དག་ཏུ།། འདུས་པའི་གཟུགས་ཀྱིས་སྤྲས་པ་སྟེ།། གྲོ་ག་སྐལ་པའི་ལས་དག་ནི།། སྡུག་བྱེད་ནག་པོའི་འཁོར་ལོར་བཤད།། ནཱ་ག་རཀྟ་ཞེས་བྱ་བ།། འཆི་བདག་སྲིན་པོའི ་སྒྲུབ་པ་སྟེ།། རང་གནད་སྟོབས་ཀྱི་འཁོར་ལོ་བཤད།། ནཱ་ག་རུ་ཏྲ་ཞེས་བྱ་བ།། སྤུ་གྲི་རྣོ་དཔལ་སྟོབས་འགྲན་པ།། སྡིག་པ་ཕུང་ཤིག་པོ་སྟེ།། ཨུར་མོ་སོགས་འདེབས་འཁོར་ལོར་བཤད།། ནཱ་ག་ཡཀྐ་གནོད་སྦྱིན ་ཀླུ།། ནོར་བུ་བུམ་པ་སྒྲུབ་པ་སྟེ།། གནོད་སྦྱིན་འཆི་བདག་ཅེས་བྱ་བ།། ལོངས་སྤྱོད་འཕེལ་བའི་འཁོར་ལོར་བཤད།། བཟའ་རྒོད་འཆི་བདག་ཅེས་བྱ་བ།། སྦྱོར་བ་ཀུན་གྱི་མཐུ་དྲིལ་བས།། འཇིག་རྟེན་ཆོ་འབྲང་རླག ་བྱེད་པ།། སྦྱིན་ཐང་ནག་པོའི་འཁོར་ལོར་བཤད།། ཡན་ལག་བསྡེབས་ཀྱི་འཁྲུལ་འཁོར་ནི།། བྱད་ཀྱི་བཀའ་ཉན་སྣ་འདྲེན་ནི།། སྲོག་བདག་ཡབ་ཤུད་སྒྲུབ་པ་སྟེ།། ཤན་པ་སྲོག་གི་འཁོར་ལོ་བཤད།། སྡོང་ཟླ་ནཱ་ག་ས ་མ་ཏི།། བོད་རྦད་ཀླུ་ཡི་སྡོང་ཟླ་ར་བཤད།། ཕུང་ཤིག་ནག་པོའི་འཁོར་ལོར་བཤད།། མྱུར་མགྱོགས་དྲག་ཤུལ་ཀི་ཀང་སྟེ།། དུས་ཚོད་སྟོབས་ཀྱིས་ཀི་ཀང་འབབ།། ཟ་བྱེད་སྲོག་གི་འཁོར་ལོར ་བཤད།། བྱད་མ་སྣ་ཚོགས་ནད་ཀྱི་བདག། སྔོན་མོ་གོ་ཟུ་རྦད་པ་ནི།། ནད་འབེབས་མ་མོའི་འཁོར་ལོར་བཤད།། ལོག་ཐེན་དཀྲུགས་ཅིང་བཟློག་པ་སྟེ།། སྔགས་བཟློག་འབྱུང་བ་དཀྲུག་པ་ནི།། ལས་ཀུན་གདུག ་པའམ་ཤིང་ཏུ་འཁོར།། ལན་གསུམ་ལས་ཀྱི་ཐུས་ཀ་དེ།། དེ་མ་ཡིན་པར་རང་ཉིད་བརླག། ཤི་ས་ནད་ཀྱི་འཁོར་ལོར་བཤད།། མཚོན་ཆའི་རྒྱལ་པོ་འཁོར་ལོ་དེ་དག་ལ།། རྟོག་པ་གནས་བསྒྱུར་འཁོར་ལོ་དང་།། སྦྱོར ་བརྟེན་བྱེད་རྫས་ཀྱི་འཁོར་ལོ་དང་།། དངས་སྙིགས་དབྱེ་བ་སྔགས་ཀྱི་འཁོར་གསུམ།། གང་གྲུབ་རེ་ལ་ཁྱབ་པར་བྱ་བ་གཅེས།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསར་རྒྱུད་ལས། འཁོར་ལོ་བསྟན་པའི ་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་འདི་སྐད་གསོལ།། སྙིགས་མ་ལྔ་ཡི་དུས་དག་ཏུ།། སངས་རྒྱས་བསྟན་པ་མི་གནས་ཚེ།། གལ་ཏེ་ལས་འགྱངས་དོན་མེད་པ།། ལྷོ ་དཀྲུགས་ཨར་ལ་གཏད་པ་དང་།། འབྱུང་པ་གཤེད་དུ་དབབ་པ་གང་།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། ལས་རྣམས་ཀུན་གྱིས་མ་བྱུང་ན།། སྲིད་པ་ལྟོ་བ་དཀྲུག་པར་བཤད།། དེ་མིན་རང་ལ་གནོད་པས ་ན།། འགའ་ལ་མ་ཡིན་སྨོས་ཚད་བརླག། དེ་ཡི་སྦྱོར་བ་བཤད་བྱ་བ།། རྒྱུ་བཞིན་ལྡན་པའི་འཁོར་ལོ་སྟེ།། ཀ་རི་ཀ་ལི་བྲི་བ་ཡང་།། སྦལ་བའི་ལྟོ་བ་དག་ལ་ནི།། དག་གཟུགས་ལུས་ལ་འབྱུང་བའི་སྔགས།། བསད་དང ་རྦད་པ་སྔགས་མགོ་ནང་།། གྲུ་གསུམ་ནང་ཚངས་བཅས་པ་ལ།། སྔགས་པ་མི་ལུས་སྦྲུལ་མགོ་བརྒྱད་པ་གདག་པའི་མཚོན།། སྔགས་ནི་སྤུ་གྲི་ནག་པོ་སྟེ།། ཨ་མུ་ཀ་ཡི་གནད་གཅོད་བྱེད།། འཁོར་ལོ་ཞག་གྲངས ་གསུམ་དུ་བསྐོར།། ངན་སྔགས་གདུག་པ་འདི་ལྟ་སྟེ།། ཛ་ཛ། ཎ་ར་མ་ཤ་ཏྲུཾ་ཤ་བཾ། ས་ལ་ལ་ཙ་པ་ཙ་པ། ཏི་རྦད། ཤ་རག་གུ་བུ་རྦད། ཤཻ་ཀྲི་རི་ཤ་ཏི་གྲོ་ག་ན་ཙ་བ་ཏི་པོ་ནག་ཤཾ་ནག་པོ་པཾ་ཀྲག་ཟུར་སྙིང་ལ། སྙིང་ལ ་ཙི་ཙི་རྒྱས། རྩ་བཞི་བསྐུམས། འགུལ་མྱགས་མྱགས།། ཟུར་སོད་སྭཱ་ཧཱ། སྲོག་ལ་བྲེད་ཤག། རཾ་རཾ་རཾ། ལཾ་ལཾ་ལཾ་ཁཾ་ཁཾ་ཁཾ། ཡཾ་ཡཾ་ཡཾ། ནག་པོ་སྙིང་ལ་ཐུར་ཐུར་གཤོགས། ཅེས་ནི་བཟླས་ཤིང་ཡུངས་ཀར་བྲབ།། འཁོར ་ལོ་ལྷོ་དཀྲུག་ཟོད་པར་གཞུག། ནག་པོ་ཀླུ་ཡི་གྲོང་ཁྱེར་གཏད།། མྱུར་དུ་བརླག་པར་ཡང་དག་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། སྦལ་ན་འཁོར་ལོ་ལྟོ་དཀྲུག་གི་ལེའུ་སྟེ་སུམ་ཅུ ་སོ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མཛེ་ལྡན་ཐོད་པ་ནག་པོ་བཞག། འཁོར་ལོ་ཡབ་ཡུམ་རྣལ་མ་ལས།། འཁོར་ལོ་ཉི་མ་བཞི་རུ་བསྐོར།། ལས་ཀྱི་ངན་སྔགས་ཐུན་བཞི་ཡང་།། ཉི་མ་བཞི་རུ་ཤེས ་པར་བྱ།། ཐོད་པ་འཁོར་ལོ་རེ་བས་གཏུམ།། གདུག་པ་གནས་པའི་ས་རུ་གཏད།། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྵ་ཆེ་གེ་མོ་ལ་ཧེ་ཁུ་ལ་ཕེ་ཤན་ཕོས་ཕོས་ཤག་ཤིག། ཆུམ་ཆུ་ཧུ་ཡ་ཧུ་ཡ་ཀླུ་ནག་པོ་མགོ ་དགུ་པ། དགྲ་བོའི་སྲོག་ལཾ་ལཾ་ནག་པོ་བཾ་ཙི་ཙི་རྒྱས།། ཧ་ལ་ཧ་ལ་ཛ་ལ་སྙིང་ལ་འདུས། ཤ་ཟུར་སོད་ཟད། དགྲ་བོའི་སྲོག་ལ་རཾ་རཾ་རཾ། ནག་པོ་ཙི་ཙི་རྒྱས། ཧ་ལ་ཧ་ལ་རྩ་མ་རི། རྩ་ལ་འདུས། བཾ་ཁྲིས་སྲོག ་ལ་ཐུར་ཐུར་སོད་རྦད། དགྲ་བོའི་སྲོག་ལ་ཁང་ཁཾ་ཁཾ་ཁཾ་ནག་པོ་རྩི་རྩི་རྒྱས། ཧ་ལ་ཧ་ལ། རྩ་མ་རི་ཁྲག་ལ་ཏིག་ཁཾ་འདུས་རོ་ལ་ཐི། ཤན་ཤན་ཙིཏྟ་རྦད། དགྲ་བོའི་སྲོག་ལ་ཡཾ་ཡཾ། ནག་པོ་བཾ་ཙི་ཙི་རྒྱས། ཏྲག་ཐུར་སྙིང ་ལ་ཧ་ཙ་མ་རི་ཡཾ་འགུལ་མྱགས་མྱགས་རྦད། ཉི་མ་བཞི་རུ་འཁོར་ལོ་བསྐོར།། དང་པོ་ཁ་ཐུན་སྔགས་དང་སྒྲགས།། གཉིས་པ་ཁྲག་ཐུན་བྲབ་པར་བྱ།། གསུམ་པ་ཕུར་ཐུན་དྲག་པོ་སྟེ།། བཞི་པ་དུག་གི་ཐུན་གྱིས ་བྲབ།། འཁོར་ལོ་རྫོགས་པར་གྱུར་པ་དང་།། ནཱ་ག་གནས་སར་གནན་གཏད་བྱ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། མཛེ་ནག་གནད་གཅོད་འབྱུང་བ་དཀྲུགས་པའི་ཕུང་ཤིག་ནག་པོའི ་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །། དེ་ནས་ཡང་དག་ངེས་བཤད་པ།། སྦྲུལ་ནག་གདུག་པའི་འཁོར་ལོ་སྟེ།། རས་སམ་ཐོད་པ་དེ་དག་ལ།། དུག་སྦྲུལ་ནག་པོ་འཇིགས་པ་ལ།། ལྕགས་ཀྱི་རྭ་བརྒྱད་འཇིགས་པའི ་ལྷོར།། འབྱུང་བའི་ངན་སྔགས་འཁྲུལ་འཁོར་བཅའ།། བདག་ཉིད་དུག་སྦྲུལ་ར་ཅན་གྱི།། རྣལ་འབྱོར་བྱས་ལ་སྔགས་འདི་བཟླས།། ཨོཾ་ནག་པོ་ཏི་པ་ཙ་ཡ། དགྲ་བོའི་གློ་སྙིང་ལ་མ་ར་ཡ་ཛ། ཀླུ་སྦྲུལ་ནག་པོ་སྙིང་ལ ་བུ་ཡེ་རྦད།། ནག་པོ་ཏི་པ་ཙ་ཡཱ། དགྲ་བོའི་གློ་སྙིང་ལ་ཡཱ། རྦད་བུ་ཡེ་བྲུཾ། རི་ལ་ཡེ་ཛ་ན་ག་རཀྵ་ཛ་ལ་ཙི། དགྲ་སྙིང་ལ་ཧ་ལ་འདུས། ལཾ་ལཾ་ལཾ་རྦད། ནཱ་ག་རཀྐ་ཛ་ལ་ཙི་དགྲ་སྙིང་ལ་ཧ་ལ་འདུས། རཾ་རཾ་རཾ་རྦད། ན་ག ་རཀྵ་ཛྭ་ལ་ཙི་འདུས། དགྲ་སྙིང་ལ་ཁཾ་ཁཾ་ཁཾ་རྦད། ནཱ་ག་རཀྵ་ཛ་ལ་ཙི། དགྲ་བོའི་སྙིང་ལ་ཧ་ལ་འདུས། ཡཾ་ཡཾ་ཡཾ་རྦད། དྲག་པོ་གནད་ཀྱི་དྲེགས་པ་སྟེ།། ཞག་གསུམ་རྫོགས་དང་གནན་པ་བྱ།། དཔལ་ཟླ་གསང་ནག་པོ ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། དུག་སྦྲུལ་ནག་པོའི་ལེའུ་སུམ་ཅུ་རྩ་བདུན་པའོ།། །། དེ་ནས་ཡང་དག་ངེས་བཤད་པ།། སྦལ་བའི་ལྟོའམ་སྦྲུལ་གྱི་ལྷོ།། ཨ་མུ་ཀའི་སྔགས་བྲིས་ལ།། འཁོར་ལོ་རྫོགས་པར་བྱ ་བ་འདོན།། བདག་ཉིད་ཀླུ་ཡི་རྣལ་འབྱོར་གྱིས།། བོད་རྦད་སྔགས་ཀྱི་གྲངས་ཐིམ་ནས།། འབྱུང་བཞི་མཚོན་ཆའི་འཁོར་ལོ་དཀྲུག། ནཱ་ག་ཧུ་ཡ་བྷ་ལིང་དུད་པ་ཆེ་གེ་མོ་བྲུཾ་སོད། ཟུང་ནཱ་གཤིག་རོལ་ཐིབ་ཐིབ། དམ ་ཤིག་མ་མ་མ་ཧཱ་ཡཀྐ་ན་ག་ཧུ་ཡ་བ་ལིང་དུང་བ་ལཾ་ལཾ་ལཾ་རྩ་ཏ་སྲོག་ལ་ཧུར་ཤག་མྱགས་མྱགས་ཁྲྀ་ཤིག་རྦད། མ་མ་སྙིང་ཁྲག་དུན་ཏིང་ན་ག་ཧཱུཾ་ཡ་ཧཱུཾ་བ་ལིང་དུར་པ་རཾ་རཾ་རཾ་ཙིཏྟ་སྲོག་ལ་མྱལ་ཏི་རྦད། ཙིཏྟ་བྲང་ཤག་མཱ ་ར་ཡ་རྦད། མ་མ་ཧ་ལ་དུན་བྷྱོ་ན་ག་ཧཱ་ཡ་བཱ་ལིང་དུང་པ་ཁཾ་ཁཾ་ཁཾ་ཁ་ལ་ཁྲག་ཏིག་མྱག་རྨུགས་ཙིཏྟ་ཤག་ཧུར་རྦད། མ་མ་ཡཀྐི་མ་ལ་རཀྵ་ཏྲག་མོ་བ་ལིང་དུ་བ་ཡཾ་ཡཾ་ཡཾ་སྲོག་ཕྱེ་ཤག་སྲོག་ཏིག་སྙིང་ལ ་རྒུད། མ་མ་ཡཀྐ་རཀྵ། ནག་མོ་བ་ལིང་དུང་པ་བཾ་རཾ་ཁཾ་ཡཾ། དགྲ་བོའི་སྙིང་ལ་ཧུར་རྒུད་ཐུམས་སོད། མ་ཧ་ཡཀྐ་རྦད། དམ་ཤི་ལྔ་ཡི་ངན་སྔགས་ལ།། འབྱུང་བ་དཀྲུག་པའི་སྔགས་བཏགས་ཏེ།། རྩ་རྒྱུད་ཤེས་པ་ཉེ་བར ་། གཅོད།། དུག་གི་སྤུ་གྲི་ནག་པོ་སྟེ།། ཡ་བཀྐའི་ལས་ཡིན་ཏེ། ཧ་ལ་ནག་པོ་སྦྲུལ་ཟིན་འདྲ།། བི་ཏག་ཏའི་ཁུ་བ་བཞིན།། བྱ་བ་གང་འགྲུབ་རླག་པར་བྱེད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་བའི་རྒྱུད ་ལས། སྲོག་པའི་འཁོར་ལོ་ནག་པོའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སྙིང་པོ་ཡིས།། ཡང་དག་རྫོགས་ལ་འདི་སྐད་གསོལ།། ཨེ་མ་བདེ་ཆེན་ཉིད་ཀྱི་སྐུ།། སངས་རྒྱས་དྲུག་གི་རྒྱལ་པོ་སྟེ།། རྡོ་རྗེ་འཆང ་གི་ངོ་བོ་ཉིད།། བཀའ་རྒྱུད་གསང་བའི་ངན་སྔགས་ཏེ།། མཚོན་ཆ་གསང་བའི་འཁོར་ལོ་འདི།། དང་པོ་གང་ནས་བྱུང་ཞིང་གང་དུ་རྒྱུད།། རྒྱུད་ཀྱི་མཚན་ཉིད་ཇི་ལྟར་ལགས།། འཆི་བདག་ངོ་བོ་ཇི་ལྟར་ལགས།། རྒྱུད ་ཀྱི་བཙལ་ཐབས་ཇི་ལྟར་ལགས།། རྡོགས་པར་གཏད་པ་གང་ལགས་པ།། ཡང་དག་རྫོགས་ལ་བདག་ཉན་འཚལ།། དེ་ནས་རྡོ་རྗེ་འཆང་ཆེན་པོས།། རྡོ་རྗེ་ཅན་ལ་བཀའ་སྩལ་བ།། ཨེ་མ་བདེ་བ་ཆེན་པོའི་སྐུ།། ཨེ ་མ་ཞི་བའི་རང་བཞིན་ཅན།། སྐྱེ་མེད་རྣམ་དག་ཆོས་དབྱིངས་ན།། སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུ།། རྡོ་རྗེ་འཛིན་ལ་ང་ཉིད་ཀྱིས།། བསྟན་པའི་དགྲ་ལྔ་འདུལ་སླད་དུ།། རྩ་བ་ཡན་ལག་སྤུ་གྲིའི་རྒྱུད།། ཟླ་གསང་ནག ་པོ་གསང་བའི་བཀའ།། གཤིན་རྗེ་གཤེད་ཀྱི་རང་བཞིན་དངོས།། གདུག་པའི་འཁྲུལ་འཁོར་རོལ་པར་ཤར།། ལྷོ་ཕྱོགས་འཇིག་རྟེན་གཤིན་རྗེའི་ཡུལ།། དུག་རི་རྒྱ་མཚོ་འཁྲུག་པ་རུ།། རྡོ་རྗེ་སྙིང་པོ་ཉིད་ལ ་ཡང་།། གསང་སྔགས་རྒྱུད་ཀྱི་དེ་ཉིད་བསྟན།། མཚན་ཉིད་ཟླ་གསང་ནག་པོ་སྟེ། ཧ་ལ་ནག་པོའི་དུག་བཞིན་དུ།། ཀུན་གྱི་བྱ་བ་མ་ཡིན་ནོ།། ལ་སོགས་གསལ་བར་བཀོད་བས་ན།། ལས་རྒྱུད་འཁོར་ལོ་རྒྱལ་པོར ་གསུངས།། ངན་སྔགས་གདུག་པོའི་མཚོན་ཆ་སྟོན་པས་ན།། མཚོན་ཆ་ལས་ཀྱི་འཁོར་ལོ་བཤད།། ཕུང་ཤིག་གདུག་པ་ཅན་གྱི་རྒྱུད།། སྲོག་རྒྱུད་ས་བདག་སྙིང་གི་རྒྱུད།། འཁྲུལ་འཁོར་མཛེ་ནག་ལས་ཀྱི་རྒྱུད།། ཕུང ་ཤིག་དུག་སྦྲུལ་ནག་པོའི་རྒྱུད།། ཟ་བྱེད་རོལ་བ་ཤན་དམར་རྒྱུད།། གསང་རྒྱུད་ངན་སྔགས་མཚོན་ཆ་སྟེ།། རྒྱ་མཚོ་དུག་རི་ཁ་རུ་བཤད།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། རྒྱུད་འབྱུང་བ ་དང་མཚན་ཉིད་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །། དེ་ལས་འཆི་བདག་ངོ་བོ་ནི།། ཆོས་སྐུ་སྟོང་པ་སྤྲོས་བྲལ་ལས།། ཡ་མན་ཏ་ཀ་འཇིགས་པའི་སྐུ།། སྦྲུལ་སྐུ་ནག་པོ་ཏི་བ་ཙ།། དུག་ལྔ་དབང་སྡུད་དྲེགས ་བའི་སྐུ།། རིག་པའི་རྒྱལ་པོ་གཤིན་རྗེ་གཤེད།། ཀླུ་རྣམས་ཀུན་གྱི་དེད་དཔོན་དེ།། ཏི་པི་ཙ་ཡ་ཞེས་སུ་བསྟན།། གཤིན་རྗེ་ཀུན་གྱི་དེད་དཔོན་ཏེ།། དབྱེ་བ་གུང་བྱིངས་ཞེས་སུ་བསྟན།། བདུད་ཀྱི་དེད ་དཔོན་ཆེན་པོ་ནི།། ཧ་ནུ་དཔག་ཤུ་གསོད་བྱེད་ཆེ།། གནོད་སྦྱིན་རྣམས་ཀྱི་དེད་དཔོན་ནི།། རལ་པ་ཚར་དགུ་ཞེས་སུ་བསྟན།། ལྷ་ཡི་དེད་དཔོན་མཛད་པ་ནི།། མ་ཧཱ་དེ་བ་ན་དགུར་གྲགས།། སྲིན་པོ་ཀུན་གྱི་དད་དཔོན ་ནི།། སྲིན་པོ་ཡཀྐ་མགོ་དགུར་གྲགས།། གཟའ་ཡི་དེད་དཔོན་ར་ཧུ་ལ།། སྲིད་པའི་མེ་པོ་ཚངས་པ་ནི།། ཚངས་པའི་ཤྲཱི་རལ་པ་ཅན།། དྲེགས་པ་ཆེན་པོས་འཛིན་པ་སྟེ།། ནཱ་ག་རཀྐ་གདུག་པའི་སྐུ།། རྒྱ་མཚོ་རླུང་གི་བར ་ན་གནས།། གཤིན་རྗེ་ནག་པོ་དགྲ་ཡི་གཤེད།། བདུད་པོ་མི་ཟན་སྐྱེ་འགྲོའི་བདུད།། སྐྱེ་དང་འཆི་དང་ན་བའི་ས།། སྲིད་པ་དབང་སྒྱུར་དྲེགས་པ་སྟེ།། ཀུན་གྱི་ལྷག་པའི་བདུད་ཁུང་ན།། སྲོག་བདག་ཆེན་པོ་དེ་ན ་གནས།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། འཆི་བདག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །། གསང་བའི་བཀའ་རྒྱུད་ལས་ཀྱི་འཁྲུལ་འཁོར་འདི། བཙལ་ཐབས་བསྟན་པ་འདི་ལྟ་སྟེ། ་དཔེར་ན་བརྗོད་པའི་རྒྱལ་པོ་སེང་གེ་གངས་ལ་སྦ། གཅན་གཟན་རི་དྭགས་ཡོངས་སུ་སྐྲག་པ་ལྟར།། དེ་བཞིན་རང་གནད་དུག་རི་རྒྱ་མཚོ་འདི།། སེམས་ཀྱི་དཀྱིལ་དུ་རང་རྒྱལ་བཏབ་ལ་སྦ།། ཨེ་མ་མཁའ་འགྲོ་ལྷ་དང ་མི།། གསང་བ་རྒྱུད་ཀྱི་སྤུ་གྲི་འདི།། རྣམ་རྒྱལ་ཕོ་བྲང་བྱང་ཤར་གྱི།། ཡོངས་སུ་ས་བརྟོལ་ཁོག་པ་རུ།། རིན་ཆེན་སྒྲོམ་བུ་རང་རྒྱས་བཏབ།། ཡང་ན་འཛམ་གླིང་ལྷོ་ཕྱོགས་གླིང་།། ཤ་མ་ཏའི་འཇིག་རྟེན་གྱི།། ཕོ་བྲང ་སྦྲུལ་རིལ་ཅན་འོག་ཏུ།། བསེ་ལྕགས་སྡིག་སྤྲུལ་བར་དུ་བཅའ།། གང་དག་ལྷ་ཡི་རྣལ་འབྱོར་གྱིས།། གསང་བའི་བཀའ་རྒྱུད་དེ་ལྟར་བཅའ།། ཆུ་སྲིན་གྲེ་བའི་རིན་ཆེན་ལྟར།། སྲིད་པ་འཁྲུགས་ཀྱང་ཁར་མི ་འབྱུང་།། ཞེས་ལུང་བཙའ་བར་དམ་བཅས་ཏེ།། རྒྱལ་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། རྒྱུད་བཙལ་བའི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པའོ།། །། དེ་ནས་ཡོངས་སུ་རྫོགས་པར་གཏད་དེ། ཆོས་ཉིད་སྤྲོས ་བྲལ་བདེ་བ་ཆེན་པོའི་ངང་།། འདུ་བྲལ་མེད་པའི་དོན་དུ་གཏད།། ཡེ་ཤེས་ལྷ་ཡི་རང་བཞིན་ལས།། འོག་མིན་ཕོ་བྲང་བརྡལ་བ་རུ།། ལོངས་སྤྱོད་རྫོགས་པ་རྒྱལ་བ་ཡི།། རང་དངས་རིག་པའི་ཡེ་ཤེས་ལ།། ངར་འཛིན། ་མེད་པའི་ཀློང་དུ་གཏང་།། དེ་བཞིན་བྱང་སེམས་རྡོ་རྗེ་ཡིས།། རི་རབ་ཟོམ་དང་རྒྱ་མཚོའི་ཀློང་།། དྲེགས་པའི་འཁོར་དང་ལྷན་ཅིག་ཏུ།། འགྲོ་བ་གདུལ་ཕྱིར་བཀའ་རྒྱུད་གཏད།། ལྷ་དང་མཁའ་འགྲོ་དྲེགས་པ ་དང་།། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་།། སྲོག་བདག་གནོད་སྦྱིན་ལྷ་ཀླུ་དང་།། བདུད་དང་སྲིན་བུ་ལྷ་མ་ཡིན།། ཀུན་ཀྱང་གཤིན་རྗེ་གཤེད་ཀྱི་འཁོར།། ལྷོ་ཕྱོགས་དུར་ཁྲོད་གཏུམ་དྲག་ཚལ།། རྒྱ་མཚོ་དུག་རི ་ཡོད་པའི་གནས།། འཇིགས་བྱེད་རྒྱ་མཚོ་འཁྲུག་པ་རུ།། གཤིན་རྗེ་གཤེད་པོ་དགེ་འདུན་དང་།། སྣ་ཚོགས་གཞན་དང་ལྡན་ཅིག་ཏུ།། རྡོ་རྗེ་འཆང་གི་ངོ་བོ་ཉིད།། ཕྱག་རྒྱ་ཆེན་པོ་རྔམ་པ་ཡིས།། ་བདག་བདུད་ཀྱི་འཁོར་ལོ་སྟེ།། དུག་གི་སྤུ་གྲི་གསང་རྒྱུད་འདི།། རྡོ་རྗེ་སྙིང་པོ་ཉིད་ལ་གཏད།། རྡོ་རྗེ་ཁྲོས་པའི་རྒྱལ་པོ་ཡིས།། ལྷ་དང་མཁའ་འགྲོ་རྣམས་ལ་གཏད།། ལྷ་དང་མཁའ་འགྲོ་མང་པོ་དེས།། འཛམ་གླིང་ང ་། ཕྱོགས་ལོ་ཀ་སྟེ།། ཤ་མ་ཏ་ཡི་ལོ་ཀ་རུ།། རིན་པོ་ཆེ་ཡི་རང་ནན་བྱས།། ལྷ་དང་དྲེགས་པའི་བཀའ་རྒྱས་བཏབ།། བསེ་ལྕགས་སྡིག་པའི་བར་དུ་གཏམས།། དེ་ནས་དེ་རྣམས་མི་སྣང་བར་གྱུར་ཏོ།། དཔལ་ཟླ་གསང ་ག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །། དེ་ནས་ལྷ་དང་མཁའ་འགྲོ་དེ་རྣམས་འདུས་ཏེ།། ཀླུ་རིགས་དུ་མ་དང་བཅས་པ་དེ་དག་གིས་བསྟོད་པ། ཨེ་མ་ཧོ།། ་སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་།། མི་རྟོག་དབྱིངས་ལས་ཐུགས་རྗེ་རོལ་པ་ཡིས།། འགྲོ་དྲུག་ཟུགས་རྗེས་འདུལ་མཛད་ཕྱག་རྒྱའི་སྐུ།། གཉིས་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད།། དྲེགས་པ་འཇོམས་མཛད ་འཇིགས་བྱེད་རྡོ་རྗེ་ཅན།། མཁའ་ལྟར་དག་པའི་སྐུ་ལྔ་འཇིགས་པའི་སྐུ།། རྡོ་རྗེ་སྙིང་པོའི་སྐུ་ལ་ཕྱག་འཚལ་བསྟོད།། དུག་ལྔ་འདུས་པའི་ཡེ་ཤེས་རྣམ་དག་སྐུ།། དབྱིངས་ལས་རོལ་པའི་རིག་པའི་རྒྱལ་པོ་སྟེ།། བདུད ་ཀྱི་བདུད་གཅིག་གཤིན་རྗེ་གཤེད་ལ་འདུད།། ཅེས་གསུངས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དཔལ་ཟླ་གསང་ནག་པོ་རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །། དུག ་གི་སྤུ་གྲི་ལྟ་བུའི་མཚོན་ཆའི་འཁོར་ལོ་ནག་པོ།། གསང་བའི་རྒྱ་མཚོ་དུག་རི་ཁ། ཡཀྐ་འཁོར་ལོ་ནག་པོ་འཆི་བདག་ཀླུ་ཡི་ཟླ་གསང་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོ་ཙྪ་བ་སྦུབས ་བན་རྡོ་རྗེ་ཁྲི་གཙུག་གིས་བསྐུར་བ། རྩི་ཡིས་བྱུགས་ལ་ཆུ་དང་བྲག་ལ་སྤོས། ཅེས་གསུངས་སོ།། མ་སཱ་མ་ཡཱ། ན་ར་ཀ་ན། གུ་ཧྱ། སྠིཿ།། ་