| Wylie | e-texts produced with BDRC’s OCR application |
ཏིང་གརྦྷ་དང་། བོད་ཀྱི་ལོ་ཙ་བ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་གྱིས། བསམ་ཡས་དབུ་ཚལ་གྱི་གླིང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། །། དེ་ནས་འཕགས་པ་འཇམ་དཔལ་གྱིས། བཅོམ་ལྡན་འདས ་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། སྔགས་ཀྱི་དེ་ཉིད་བཤད་པར་ཞུ།། ཤེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། སྔགས་དོན་ཞུ་བར་རབ་ཏུ་ལེགས།། སྔགས་ཀྱི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། དང་པོ་མིང་གི་རིག་པ་ཡང་།། ཀ་ཙན་རྡོ་རྗེའི་ཡི ་གེ་སྟེ།། ཨ་ཙན་པདྨའི་ཡི་གེའོ།། ཀ་ནི་ལས་ཀྱི་རང་བཞིན་ཏེ།། ཙ་ནི་འཁོར་ལོ་ཏ་ནི་མྱུར།། ཏྲ་ཡང་དེ་བཞིན་གཤེགས་པ་སྟེ།། པ་ནི་ཤེས་རབ་ཡཾ་ནི་རླུང་།། ཤ་ནི་སྟོང་པའི་རང་བཞིན་ཏེ།། རྡོ་རྗེའི་ཡི་གེ་དབྱེ ་བའོ།། ཨ་ནི་སེང་གེ་ཨེ་ནི་སྟག། ཨུ་ནི་གླང་པོ་རིན་ནི་དྲེད།། རི་ནི་ཕག་པ་ཨེ་ནི་ཁྭ།། ཨོཾ་ནི་ཁྲ་སྟེ་ཨཾ་ནི་ཁྱི། པདྨའི་ཡི་གེའི་དབྱེ་བའོ།། གསང་སྔགས་པ་དང་མ་གཉིས་ལས།། སྔགས་ཀྱི་དངོས་གྲུབ་སྣ་ཚོགས ་འབྱུང་།། བརྡ་ཡི་སྦྱོར་བ་བཤད་བྱ་སྟེ།། དེ་ཡི་རིག་པ་འདི་ལྟར་རོ།། ཟླ་བ་མིག་དང་ཡོན་ཏན་དང་།། རིག་བྱེད་འདས་དང་དབང་པོ་དང་།། རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས།། དྲེགས་པ་ཉི་མ་ཡན་ལགས།། ཆེ ་ཞེས་བྱ་བ་རབ་ཏུ་གྲགས།། བརྡ་ཡི་སྦྱོར་བས་རིག་པ་དྲག། ཐམས་ཅད་དུ་ནི་ཤེས་པར་བྱ།། ཚད་ནི་རྣམ་པ་བརྒྱད་ཡིན་ཏེ།། སོ་ནི་རྣམ་པ་ལྔ་ཡིན་ནོ།། ཐེབས་ནི་རྣམ་པ་ལྔ་ཡིན་ཏེ།། ས་ནི་བརྒྱ་དང་ལྔ ་བཅུའོ།། གཟིར་ནི་རྣམ་པ་གཉིས་ཡིན་ཏེ།། ཕྱི་བས་བརྒྱ་དང་ལྔ་བཅུ་འགྱུར།། སྡོམ་ནི་རྣམ་པ་བཞི་ཡིན་ཏེ།། རྩིས་ནི་ཐམས་ཅད་ཀུན་ཏུ་རྒྱུག། མིང་དང་གནས་དང་སྦྱར་བ་དང་།། ལྷག་དང་ཆད་དང་ནོར་བ ་དང་།། རྒྱུ་དང་དབྱེ་བ་དག་དང་བརྒྱད།། མགོ་ཅན་མགོ་ནི་གཅད་པ་དང་།། མགོ་མེད་མགོ་ནི་གདགས་པ་དང་།། འདུག་ས་གོང་འོག་སྤོ་བ་དང་།། མཐའ་རྟེན་རྣམས་ནི་གཞུག་པ་དང་།། ལོང་པ་རྒྱབ་སྦྲེལ་གཏང ་བའོ།། ཕྱི་དང་ནང་དང་གསང་བ་དང་།། གསང་ཆེན་དང་ནི་གཏེར་དུ་གནས།། སྭ་ནི་ལས་ཀྱི་རིག་པ་སྟེ།། བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར།། ལས་མཁན་དང་ནི་བསྒྲུབ་བྱ་བའོ།། བརྒྱ་དང་ལྔ་བཅུ ་སྐབས་དང་སྦྱར།། ཆོལ་བུ་ཀུན་ལས་བཏུས་པ་དང་།། མང་པོ་གཅིག་ཏུ་སྦམ་པ་དང་།། མེ་ཆུ་འགལ་བ་གསོག་པ་དང་།། འུར་བ་གཅིག་ཏུ་དྲིལ་བའོ།། ཡི་གེ་གྲངས་ཀྱི་ངོས་འཛིན་དང་།། ན་ཡ་བརྩི་བ་དག་ཏུ ་གསུངས།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་དག་ནི་སྐབས་ཀྱིས་འཇུག། སྲོག་སྙིང་རིག་པའི་དེ་ཉིད་ལ།། སྙིང་པོ་གཉིས་ཀྱི་རིག་པ་དྲང་།། དམ་ཚིག་རྗེས་དྲན་སྲོག་སྙིང་དང་།། རང་དབང་མེད་པར ་བོད་པ་དང་།། དངས་མ་བསྐྱེད་པའི་སྲོག་སྙིང་དང་།། རྣམ་པར་གཤེས་པའི་སྲོག་སྙིང་ལ།། སྐབས་ཀྱིས་ཡང་དག་ཤེས་བྱ་སྟེ།། སྔགས་ཀྱི་ཚད་མ་གཏན་ལ་དབབ།། བཀའ་ཡི་གསང་རྒྱུད་ཇི་སྙེད་དུ།། གསུངས་པའི ་སྔགས་རྣམས་ཐམས་ཅད་ལ།། འདི་བཞིན་ཀུན་ལ་ཤེས་པར་བྱ།། སྔགས་ཀྱི་གཏན་ཚིག་ཚད་མ་འདི།། ཐབས་ཀྱི་རྒྱལ་པོར་འདི་གནས་སོ།། འདི་དང་ལྡན་པའི་རྣལ་འབྱོར་གང་།། སྔགས་ཀྱི་དངོས་གྲུབ་རང་ལ ་ཤར།། ཡིད་བཞིན་ནོར་བུ་མ་བཙལ་རྙེད།། བྱ་བའི་ལས་ལ་ཐེ་ཚོམ་མེད།། འདི་དང་མི་ལྡན་རྣལ་འབྱོར་གང་།། ཕྱོགས་འགའ་ཙམ་ལ་བསྟེན་པ་སྟེ།། སྔགས་ཀྱི་དེ་ཉིད་མ་རྟོགས་པས།། བྱ་བའི་ལས་རྣམས་ཀུན་ལ ་རྨོངས།། ཞེས་གསུངས་སོ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། སྔགས་ཀྱི་གཏན་ཚིགས་ཚད་མས་གཏན་ལ་དབབ་པ་དང་སྔགས་རྣམས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཀུན་ཏུ ་བཟང་པོའི་སྤྲུལ་པ་འཇམ་དཔལ་གཤིན་རྗེ་གཤེད་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་།། ཐབས་དང་ཤེས་རབ་ཡི་གེ་ལས།། སྔགས་ཀྱི་ན ་ཡ་བརྩི་བའམ།། ཡི་གེ་བཏུ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བཀའ་སྩལ་པ།། ཉོན་ཅིག་འཇམ་དཔལ་གཤིན་རྗེ ་གཤེད།། སྐྱེ་བ་མེད་པའི་རང་བཞིན་ལས།། སྐྱེ་བའི་ཆོ་འཕྲུལ་བསྟན་པ་ནི།། ཐབས་དང་ཤེས་རབ་ཡི་གེ་སྟེ།། ཐབས་ནི་རྡོ་རྗེ་རང་བཞིན་ལ།། ཤེས་རབ་པདྨའི་རང་བཞིན་ནོ།། ཐབས་དང་ཤེས་རབ་གཉིས་མེད ་ལས།། སྔགས་ཀྱི་སྒྲ་ནི་སྣ་ཚོགས་འབྱུང་།། དེ་ཡི་དོན་རྣམས་འདི་ལྟར་བཤད།། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཌ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཨ་ཀྵ། སྒྲའི་གནས་བརྒྱད་ནས ་འབྱུང་བ་འདི་རྣམས་ནི་ཐབས་རྡོ་རྗེ་ཡི་གེ་སྟེ། སྡེ་ཚན་བརྒྱད་པའོ།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ་ལི་ལཱི། ཨེ་ཨཻ། ཨོ་ཨོ། ཨཾ་ཨཿསྡེ་ཚན་བརྒྱད་དང་སྦྱོར་བའོ།། དབྱངས་ཀྱི་ཡི་གེ་བཅུ་དྲུག་པ་འདི་རྣམས་ནི་ཤེས་རབ ་པདྨའི་ཡི་གེའོ།། གཉིས་སུ་མེད་པའི་རང་བཞིན་ལས།། ཡི་གེ་བཏུ་བ་འདི་ལྟར་བཤད།། ཐམས་ཅད་ཀུན་གྱི་དང་པོ་ལ།། དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན།། དབྱངས་ཡིག་དགུ་པས་སྟེང་དུ ་བརྒྱན།། དེ་ལ་དབྱངས་ཡིག་བཅུ་གཅིག་པས།། སྟེང་དུ་མཛེས་པར་ཤེས་པར་བྱ།། འདི་ནི་ཡེ་ཤེས་རྫོགས་པ་ཡིན།། སྔགས་རྣམས་ཀུན་གྱི་མགོ་ལ་གཞག། ཨོཾ། པ་ཚན་གསུམ་པ་གཞག་པར་བྱ།། དེ་དང་ཙ་ཚན ་གསུམ་པར་ལྡན།། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། ཀ་ཚན་དང་པོ་གཞག་པར་བྱ།། དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན།། ཏ་ཚན་ཡི་གེ་བཅུ་གསུམ་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ ་གཞག། ཤ་ཙན་ཡི་གེ་བཞི་པ་གཞག། ཤ་ཙན་ཡི་གེ་དང་པོ་གཞག། ཡ་ཙན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག ་བརྒྱན།། ཡ་ཙན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཀ་ཙན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར།། པ ་ཙཅན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཉིས་པ།། ཆེ་མཆོག་ཧེ་རུ་ཀའི་སྙིང་པོ་སྟེ།། གཙོ་བོ་སྔགས་སུ་ཤེས་པར་བྱ།། ཡེ ་ཤེས་ལྔ་རྫོགས་དབུ་རུ་གཞག། ཡ་ཙན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཡ་ཙན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་ལ ་དབྱངས་ཡིག་ལྔ་པས་བརྒྱན།། ཡ་ཙན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཤ་ཙན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཙ་ན་ཡི ་གེ་གསུམ་པ་གཞག། དེ་འོག་ཤ་ཙན་བཞི་པས་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་བརྒྱན།། དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན།། ཤ་ཙ་ན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང ་དུ་ཐིག་ལེས་མཛེས་པར་བྱ།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གསང་སྔགས་ཡི་གེ་འབྲུ་བརྒྱད་པ།། ཆེ་མཆོག་ཡབ་ཡུམ་ལ་སོགས་པ།། གཙོ་འཁོར་བཅས་པའི་སྙིང་པོར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། པ་ཙན ་ཡི་གེ་དང་པོ་གཞག། དེ་དང་ཏ་ཙན་གསུམ་པར་ལྡན།། པ་ཙན་ཡི་གེ་ལྔ་པ་གཞག། དེ་དང་ཏ་ཙན་ལྔ་པར་ལྡན།། ཏ་ཙན་ཡི་གེ་དང་པོ་གཞག། ཡ་ཙན་གསུམ་པས་འོག་ཏུ་སྤྲས།། དབྱངས་ཡིག་གསུམ་པས་སྟེང་དུ ་བརྒྱན།། དེ་དང་ཏ་ཚན་གསུམ་པར་ལྡན།། པ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཙ་ཚན་གསུམ་པར་ལྡན།། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། ཀ་ཙན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་གཉིས་པ་གཞག། ཀ་ཚན་ཡི་གེ་གསུམ་པ ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཡ་ཚན་ཡི་གེ་གཉིས་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས ་པར་བྱ།། ཨོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧཱུཾ། གསང་སྔགས་ཡིག་འབྲུ་བཅུ་གསུམ་པ།། པདྨ་དབང་ཆེན་སྙིང་པོར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། ཙ་ཚན་ཡི་གེ ་གསུམ་པར་ལྡན།། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། ཀ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཡ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཀ་ཚན་ཡི་གེ ་དང་པོ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཡ་ཚན་ཡི་གེ་བཞི་པ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས ་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་དགུ་པ།། དཔལ་ཆེན་བཛྲ་གཞོན་ནུ་ཡི།། གསང་སྔགས་སྙིང་པོ་མ་འཁྲུགས ་པ།། ཕུར་པ་རྩ་བའི་སྙིང་པོར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། ཐམས་ཅད་ཀུན་གྱི་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས ་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན།། ཀ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པར་ལྡན།། ཏ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང ་པོ་གཞག། རིན་པོ་ཆེ་ཡི་ཕྲ་ཡིས་གཅད།། ཤ་ཚན་ཡི་གེ་བཞི་པ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཏ་ཚན་ཡི་གེ་གཉིས་པ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཏ་ཚན་ལྔ་པར ་ལྡན།། ཙ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། ཨོཾ་ཨ་ཀྲོ ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་བདུན་པ།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི།། སྐུ་ཡི་སྙིང་པོ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། ཀ་ཚན་ཡི་གེ་དང་པོ ་གཞག། ཡ་ཚན་ཡི་གེ་བཞི་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། པ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང ་དུ་ཐིག་ལེ་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། ཐམས་ཅད་ཀུན་གྱི་དང་པོ་གཞག། རིན་པོ་ཆེ་ཡི་ཕྲ་ཡིས་གཅད།། ཨོཾ་ཀ་ལ་རུ་པ་ཧཱུཾ་ཕཊ་ཨ། གསང་སྔགས ་ཡི་གེ་འབྲུ་དགུ་པ།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི།། གསུང་གི་སྙིང་པོ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས ་ཡིག་གསུམ་པས་བརྒྱན།། ཤ་ཚན་ཡི་གེ་གསུམ་པ་གཞག། ཏ་ཚན་དང་པོས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། པ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཀ་ཚན ་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པ་སྤྲས།། ཤ་ཚན་ཡི་གེ་གསུམ་པ་གཞག། ཏ་ཚན་དང་པོས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། པ་ཚན་ཡི་གེ ་གསུམ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཀ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་ལྔ ་པ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། རིན ་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་ཧྲི་ཥྚི་བི་ཀྲྀ་ཏ་ཨཱ་ནན། ཧཱུཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཅིག་པ།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི།། ཐུགས་ཀྱི་སྙིང་པོ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ ་གཞིག། ཤ་ཚན་ཡི་གེ་གསུམ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་ཏ་ཚན་ལྔ་པར་ལྡན།། དབྱངས་ཀྱི་ཡི་གེ་གཉིས་པ་གཞག། དེ་དང་ཙ་ཚན་གསུམ ་པར་ལྡན།། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཤ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས ་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ར་ཚན་གསུམ་པས་འོག་ཏུ་སྤྲས།། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། པ་ཚན་ཡི་གེ་དང་པོ་གཞག། ཙ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག་རྒྱན།། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་ལ ་དབྱངས་ཡིག་བཅུ་གསུམ་བརྒྱན།། ཏ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་རྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། ཙ་ཚན ་ཡི་གེ་གསུམ་པ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། ཤ་ཚན་ཡི་གེ་གསུམ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ ་པ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། དབྱངས་ཀྱི་ཡི་གེ་གཉིས་པ་གཞག། ཙ་ཚན་ཡི་གེ་གསུམ་པར་ལྡན།། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཤ་ཙན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། བ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང ་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། ཙ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཐམས་ཅད་ཀུན་གྱི་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན།། ཀ་ཚན ་ཡི་གེ་དང་པོ་གཞག། ཙ་ཙན་ཡི་གེ་གསུམ་པ་གཞག། ཏ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་གསུམ་པར་རྒྱན།། ཙ་ཚན་ཡི་གེ་གསུམ་པ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཏེ་ཚན་ཡི་གེ་དང་པོ ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། ཀ་ཚན་ཡི་གེ་གསུམ་པ་གཞག། ཡ་ཚན་ཡི་གེ་གསུམ་པར་ལྡན།། དེ་དང་ཀ་ཚན་གསུམ་པར་ལྡན།། ཤ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ ་དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་གསུམ་པས་འོག་ཏུ་སྤྲས།། ཤ་ཚན་ཡི་གེ་གསུམ་པ་གཞག། ཙ་ཚན་ལྔ་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། དེ་དང་ཀ ་ཚན་ལྔ་པར་ལྡན།། ཀ་ཚན་ཡི་གེ་གཉིས་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཀ་ཚན་གསུམ་པར་ལྡན།། པ་ཚན་ཡི་གེ་ལྔ་པ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། ཤ་ཚན་བཞི་པས་འོག་ཏུ་སྤྲས།། དེ ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། དེ་དང་ཀ་ཚན་གསུམ་པར་ལྡན།། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཏ ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག་རྒྱན།། ཀ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་ལྔ་པས་རྒྱན།། དེ་དང་ཏ་ཚན་ལྔ་པར་ལྡན།། པ་ཚན་ཡི་གེ་ལྔ་པར་ལྡན།། ཙ་ཚན་ཡི་གེ་གསུམ་པ ་གཞག། ཀ་ཚན་ཡི་གེ་གཉིས་པ་གཞག། ཡ་ཚན་ཡི་གེ་བཞི་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། པ་ཚན་ཡི་གེ་གསུམ་པ་གཞག། ཤ་ཚན་བཞི ་པས་འོག་ཏུ་སྤྲས།། དེ་ལ་དབྱང་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། པ་ཚན་ཡི་གེ་གསུམ་པ་གཞག། ཤ་ཚན་བཞི་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས ་@ཡིག་བཅུ་གསུམ་རྒྱན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཡ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། དེ་དང་ཏ་ཚན་ལྔ་པར་ལྡན།། ཙ་ཚན་ཡི་གེ ་དང་པོ་གཞག། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་གསུམ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་བཞི་པ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། ཤ ་ཚན་བཞི་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། པ་ཚན་ཡི་གེ་གསུམ་པ་གཞག། ཤ་ཚན་བཞི་པས་འོག་ཏུ་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཙ་ཚན ་ཡི་གེ་གསུམ་པ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་སྤྲས།། ཤ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཙ་ཚན་ལྔ་པས་སྤྲས།། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། དེ་ལ་ཀ་ཚན་ལྔ་པར་ལྡན།། ཀ་ཚན་ཡི་གེ་གཉིས་པ ་གཞག། ཡ་ཚན་ཡི་གེ་གསུམ་པ་བཞག། དེ་དང་ཀ་ཚན་གསུམ་པར་ལྡན།། པ་ཚན་ཡི་གེ་ལྔ་པར་གཞག། ཤ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཡ་ཚན་གསུམ་པས་སྤྲས།། དེ་ལ ་དབྱངས་ཡིག་བཅུ་གསུམ་རྒྱན།། དེ་དང་ཀ་ཚན་གསུམ་པར་ལྡན།། ཡ་ཚན་ཡི་གེ་བཞི་པ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཤ་ཚན་བཞི་པས་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས ་ཡིག་བཅུ་གསུམ་རྒྱན།། པ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཤ་ཚན་བཞི་པས་སྤྲས།། དེ་ལ་དབྱངས་ཡིག་བཅུ་དྲུག་རྒྱན།། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་ས་མ་ཡ་མཉྫུ ་ཤྲི་མུ་དྲ་ཡ་མན་ཏ་ཀ། པ་ཙ་ཏེ་རོ་ནི་ཧཱུཾ་ཛ། ཨོཾ་ས་མ་ཡ་མཉྫ་ཤྲི་ཡ་མན་ཏ་ཀ་མ་ཡ་ར་ཙ་མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུཾ་མ་མ་ཛ་ཛ་ཁ་ལ་མ་ཧྲིང་བྷྱོ་བྷྱོ། ཡ་ཡ་ལོན། ཙིཏྟ ་མ་ལ་བྷྱོ་བྷྱོ། ཛཱ་ཛ། སྙིང་ཁ་རག་མ་སྲོག་ལ་བྷྱོ་བྷྱོ། གསང་སྔགས་ཡིག་འབྲུ་བརྒྱད་ཅུ་རྩ་བདུན་པ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་ཡོན་ཏན་སྙིང་པོ་ཡིན་པར་བཤད། ཡེ་ཤེས་ལྔ་རྫོགས་དབུ་ལ ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། ཙ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་གསུམ་པ་གཞག། ཏ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ ་གསུམ་རྒྱན།། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་བཅུ་གཅིག་རྒྱན།། ཡ་ཚན་ཡི་གེ་དང་པོ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཡ་ཚན་ཡི་གེ་དང་པོ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། དེ་ལ ་དབྱངས་ཡིག་བཅུ་གཅིག་རྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པ་བརྒྱན།། ཏ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་དང ་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང་པོ ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཡ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་དང་པོ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཏ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས ་ཡིག་གསུམ་པས་རྒྱན།། ཡ་ཚན་ཡི་གེ་གསུམ་པ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཤ་ཚན་དང་པོས་སྤྲས།། དེ་ལ་དབྱངས་ཡིག་བཅུ་གཅིག་རྒྱན།། ཡ་ཚན་ཡི་གེ་དང་པོ ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་བཅད།། ཡ་ཚན་ཡི་གེ་དང་པོ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་བཅད།། ཡ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཤ་ཚན་དང་པོས་སྤྲས།། དེ་ལ་དབྱངས་ཡིག ་བཅུ་གཅིག་རྒྱན།། ཡ་ཚན་ཡི་གེ་དང་པོ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཡ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཤ་ཚན་དང་པོས་སྤྲས།། ཡ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཤ ་ཚན་དང་པོས་སྤྲས།། དེ་ལ་དབྱངས་ཡིག་བཅུ་གཅིག་རྒྱན།། ཡ་ཚན་ཡི་གེ་དང་པོ་གཞག། ཙ་ཚན་ཡི་གེ་གསུམ་པ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཡ་ཚན་ཡི་གེ་གསུམ ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཡ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་འོག་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང ་ཏ་ཚན་དང་པོར་ལྡན།། ཨོཾ་ཡ་མ་ར་ཛ་ས་ཏོ་མེ་ཡ།། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ།། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཛ་ནི་ར་མ་ཡ་ཧཱུཾ་ཕཊ། ཡིད་བཞིན་ནོར་བུའི་སྔགས། གསང་བ་རིན་ཆེན་ཐུགས་ཀྱི་གཏེར།། ཡིག་འབྲུ་སུམ ་བཅུ་རྩ་གཉིས་པ།། མགོ་དང་མཐའ་རྟེན་གཉིས་དང་ལྡན།། འཁོར་ལོ་བསྐོར་བའི་གསང་སྔགས་འདི།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི།། འཕྲིན་ལས་སྔགས་ཀྱི་རྩ་བར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཙ་ཚན་གསུམ་པར་ལྡན།། དེ་འོག་ཡ་ཚན་གསུམ་པས་སྤྲས།། ཙ་ཚན་ཡི་གེ་དང་པོ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་གསུམ་པ་གཞག། ཤ་ཚན་ཡི ་གེ་གསུམ་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་པ་ཚན་གསུམ་པ་གཞག། ཏ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག་ལྔ་པས་བརྒྱན།། ཤ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཏ་ཚན་དང་པོས ་སྒྲསྤྲས།། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་དང་པོ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། ཏ་ཚན་ཡི་གེ་བཞི་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། པ་ཚན་ཡི་གེ་དང ་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག ་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དག་ཏ་ཚན་དང་པོར་ལྡན།། ཤ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཡ་ཚན་གཉིས་པས ་སྒྲས།། ཤ་ཚན་ཡི་གེ་བཞི་པ་གཞག། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསང་སྔགས་ཡིག་འབྲུ་རྩ་གཉིས་པ།། ཕྱག་ན་རྡོ་རྗེ་གཏུམ་པོ་ཡི།། སྐུ་ཡི་སྙིང་པོ ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། ཙ་ཚན་ཡི་གེ་དང་པོ་གཞག། དེ་དང་ཏ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་གསུམ་པ་གཞག། དེ་འོག་ཤ་ཚན་བཞི་པས་སྤྲས།། པ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན ་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་བཅུ་གསུམ་རྒྱན།། ཤ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས ་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོ་ལྡན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་ཙཎྜ་མ་ཧ་རོ་ཥ་ན་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་པ་འདི།། ཕྱག་ན་རྡོ་རྗེ་འཇིགས་བྱེད་ཀྱི།། གསུང ་གི་སྙིང་པོ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། ཡ་ཚན་ཡི་གེ་བཞི་པ་གཞག། དེ་དང་པ་ཚན་ལྔ་པར་ལྡན།། པ་ཚན་ཡི་གེ་གསུམ ་པ་གཞག། དེ་དང་ཙ་ཚན་གསུམ་པར་ལྡན།། དེ་འོག་ཡ་ཚན་གསུམ་པས་སྤྲས།། ཏ་ཚན་ཡི་གེ་གསུམ་པ་གཞག། ཡ་ཚན་ཡི་གེ་གསུམ་པ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཙ་ཚན་གསུམ་པར་ལྡན།། དེ ་འོག་ཡ་ཚན་གསུམ་པས་སྤྲས།། པ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་བརྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས ་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་ནཱི་ལཾ་བཛྲ་པ་ནི་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཅིག་པ།། ཐུགས་ཀྱི་སྙིང་པོ་ཡིན་པར་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ ་གཞག། པ་ཚན་ཡི་གེ་གསུམ་པ་གཞག། དེ་དང་ཙ་ཚན་གསུམ་པར་ལྡན།། དེ་འོག་ཡ་ཚན་གསུམ་པས་སྤྲས།། པ་ཚན་ཡི་གེ་དང་པོ་གཞག། ཏ་ཚན་ཡི་གེ་ལྔ་པ་གཞག། དེ་ལ་དབྱངས་ཡིག་གསུམ་པས་རྒྱན།། ཙ་ཚན ་ཡི་གེ་དང་པོ་གཞག། དེ་དང་རྟ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ་གསུམ་པ་གཞག། པ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། ཙ་ཚན་ཡི་གེ་ལྔ་པ་གཞག། དེ་དང་རྟ་ཚན་ལྔ་པར་ལྡན།། ཏ་ཚན་ཡི་གེ ་བཞི་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་རྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་རྒྱན།། སྟེང་དུ་ཐིག ་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་ཙཎྜ་ཧཱུཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གསུམ་པ། ཁྲོ་ཆེན་ཕྱག་ན ་རྡོ་རྗེ་ཡི།། ཡོན་ཏན་གྱི་ནི་སྙིང་པོ་བཤད།། ཡེ་ཤེས་ལྔ་རྫོགས་དབུ་རུ་བཞག། པ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། ཀ་ཚན་ཡི་གེ་དང་པོ་གཞག། དེ་འོག་ཡ་ཚན་གསུམ་པས་སྤྲས།། དེ་འོག ་དབྱངས་ཡིག་བཅུ་གསུམ་རྒྱན།། ཏ་ཚན་ཡི་གེ་དང་པོ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་རྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན ་དང་པོར་ལྡན།། རིན་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་བདུན་པ། ཁྲོ་བོ་འབུམ་གྱིས་དབང་བསྐུར་བའི།། སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡི།། འཕྲིན་ལས་རྩ་བའི་སྙིང་པོ ་བཤད།། ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག། དབྱངས་ཡིག་གཉིས་པ་གཞག་པར་བྱ།། དེ་དང་ཀ་ཚན་གསུམ་པར་ལྡན།། དེ་འོག་དབྱངས་ཡིག་གཉིས་པས་སྤྲས།། ཡ་ཚན་ཡི་གེ་གསུམ་པ་གཞག། དེ་ལ་དབྱངས་ཡིག ་ལྔ་པས་རྒྱན།། ཏ་ཚན་ཡི་གེ་ལྔ་པ་གཞག། ཤ་ཚན་ཡི་གེ་བཞི་པ་གཞག། དེ་ལ་དབྱངས་ཡིག་དྲུག་པས་རྒྱན།། སྟེང་དུ་ཐིག་ལེས་མཛེས་པར་བྱ།། པ་ཚན་ཡི་གེ་གཉིས་པ་གཞག། དེ་དང་ཏ་ཚན་དང་པོར་ལྡན།། རིན ་པོ་ཆེ་ཡི་འཕྲ་ཡིས་གཅད།། ཨོཾ་ག་རུ་ན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་དྲུག་པ།། གསེར་གྱི་བྱ་ཁྱུང་རྒྱལ་པོའི་སྔགས་སུ་བཤད།། ངན་སྔགས་གཙུག་ལག་གི་རྒྱུད་ལས། ཡི་གེ་བཏུ་བའི་ལེའུ་སྟེ་གཉིས ་པའོ།། །། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས་ཞུས་པ། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས།། སྔགས་ཀྱི་བྱེ་བྲག་ངེས་པ་རྣམས།། འགྲོ་ལ་ཕན་ཕྱིན་བཤད་པར་ཞུ།། ཞེས་པ་དང་། སྟོན་པས་བཀའ ་སྩལ་པ། ཆེ་མཆོག་ཧེ་རུ་ཀའི་སྙིང་པོ་ནི།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྙིང་པོ་ཡིན་པར་བཤད།། པདྨ་དབང་ཆེན་སྙིང་པོ་ནི།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་སྙིང་པོ་ཡིན ་པར་བཤད།། རྡོ་རྗེ་གཞོན་ནུའི་སྙིང་པོ་ནི།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་སྙིང་པོ་ཡིན་པར་བཤད།། འཇམ་དཔལ་གཤིན་རྗེའི་སྙིང་པོ་ནི།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། ཡོན ་ཏན་སྙིང་པོ་ཡིན་པར་བཤད།། ཕྱག་ན་རྡོ་རྗེའི་སྙིང་པོ་དང་།། མཁའ་ལྡིང་རྒྱལ་པོའི་སྙིང་པོ་ནི།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། འཕྲིན་ལས་སྙིང་པོ་ཡིན་པར་བཤད།། སྐུ་གསུང་ཐུགས་དང་ཡོན་ཏན ་དང་།། འཕྲིན་ལས་དག་དང་ལྔ་རྣམས་ནི།། རེ་རེ་ལ་ཡང་ལྔ་ལྔ་སྟེ།། སྐུ་ལ་ལྔ་སྟེ་གསུང་ལ་ལྔ།། ཐུགས་ལ་ལྔ་སྟེ་ཡོན་ཏན་ལྔ།། འཕྲིན་ལས་དག་ལ་ལྔ་རུ་བཤད། ཁྱད་པར་ཐབས་ནི་གསང་བ ་སྟེ།། སྔགས་ནི་ཐམས་ཅད་གྲུབ་པར་བྱེད།། རིག་པ་སེམས་ཀྱི་རང་བཞིན་ཏེ།། ལས་ལ་བསྔགས་པས་སྔགས་ཞེས་བྱ།། སེམས་ཀྱི་དྲན་པ་བཟུང་ལ་སྟེ།། ཀུན་ལ་སྔགས་པས་སྔགས་ཤེས་བྱ།། རིག་པ་སེམས་ཀྱི་ཐིག ་ལེ་སྟེ།། ལེན་པའི་ཕྱིར་ན་སྙིང་པོར་བཤད།། སྣང་བ་སྐུ་ཡི་རང་བཞིན་ལ།། བསྒྱུར་བའི་ཕྱིར་ན་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གསང་བ་སྔགས་ཀྱི་སྙིང་པོ་ལ།། སྲོག་ཅེས་བྱ་བའི་མིང་ཡང ་མེད།། གསང་བ་སྲོག་གི་སྙིང་པོ་ནི།། མི་རྟག་ཆོས་ཅན་ཡིན་པའི་ཕྱིར།། འཇིག་རྟེན་པ་ལ་གནས་པའོ།། གསང་བ་སྔགས་ཀྱི་སྙིང་པོ་ནི།། འཇིག་རྟེན་འདས་དང་འཇིག་རྟེན་པ།། ཐམས་ཅད་ཀུན་ལ་གནས་པར ་བཤད།། ངན་སྔགས་གཙུག་ལག་གི་རྒྱུད་ལས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་བ་སྲོག་གི་སྙིང་པོ ་དང་། གསང་སྔགས་ཀྱི་སྙིང་པོ་རྣམས་བཤད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ལ། འཇམ་དཔལ་གཤིན་རྗེ་གཤེད་པོས་གསོལ་པ། བསྟན་པ་བསྲུང་བའི་འདོད་ཆེད་དུ།། འཇིག་རྟེན ་འདས་དང་འཇིག་རྟེན་པའི།། སྔགས་ཀྱི་འཕྲེང་བ་ཇི་ལྟར་ལགས།། ཀུན་བཟང་ཡབ་ཀྱིས་བསྟན་དུ་གསོལ།། ཞེས་པ་དང་། སྟོན་པས་བཀའ་སྩལ་པ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྔགས་ཀྱི་འཕྲེང་བ ་ངས་བཤད་ཀྱིས།། ཉོན་ཅིག་འཇམ་དཔལ་གཤིན་རྗེ་གཤེད།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དན་ཌ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨརྠ ་ཨ་ཙ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྡ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཏེ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་ཕཊ། ཕྱོགས་བཅུ་ཁྲོ ་བོཔོའི་གསང་སྔགས་ཀྱི་འཕྲེང་བའོ།། ལས་སྔགས་སྤྱི་དང་མཐུན་པར་བཤད།། དེ་ནས་ཡང་དག་བཤད་བྱ་བ།། ཧཱུཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི་སྟཾ། ཧཱུཾ་ཧ་ཧེ་ཕཊ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། མ་མ་ཡོ་གི ་ནི་རུ་ལུ་བྷྱོ། ཉིད་བཞི་མུ་ཁ་ལེ། ཀྲོ་དྷི་ཤྭ་རི་བྷ་ག་པདྨ་རྒྱ། བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ག་ཡུ་ཏེ་བྷྱོ།། འདི་ལྔ་ནི་མཁའ་བཞི་དབྱིངས་དང་ལྔ་ཞེས་བྱའོ།། དབྱིངས་ཀྱི་ཡུམ་དྲག་གོ། མ་ཧཱ་ལཾ་ཏེ་ཧ། གྲིན་ས་མུ་ཧཱ ་ཛ་ལ་རྩ་རཾ་ཧ། བི་ཤ་སན་ཏི་ཧ། བི་ཡང་ཡང་ཏེ་ཧ། ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་བྷ་ག་པདྨ་རྒྱ་ཧཱུཾ་ཧཱུཾ། བཛྲ་ཤན་ཏིང་པདྨ་ཀ་རུ་ཏིང་བྷྱོ།། མུ་ཏྲི་ནི། ཨ་ཤན་ཏྲི་ནི། བྷ་ག་དུན་ཏྲི་ནི། བཛྲ་སུཪྻ་བི་དྷ་མ་ཧོ་ཡེ། བཛྲ་པདྨ་བི་དམ་ཏོ ་ཡི་བཛྲ་ཁ་རག་བི་ཏ་མ་ཏོ་ཡེ། བཛྲ་སིང་གྲོ་བ་དི་མ་ཏོ་ཡེ། བཛྲ་ཀེ་བཛྲ་ཀོ། བཛྲ་ཏ་ཀེ་བཛྲ་ཏ་ཀོ། བཛྲ་ནི་ལ་བཛྲ་ནི་ལ། བཛྲ་ལན་དྷ་བཛྲ་ལན་དྷ། བཛྲ་ས་གྷྲི་ནི་མུ་གྲྀ་རཾ་ཤང་། བཛྲ་ཁ་རག་སྙིང་ཁ ་རག། ཏྲག་རག་ཤ་ཏྲག་རག་ཤ་མུ་ཏྲ་ནན། ཁ་མུད་ཏྲ་པ་ཏ་རག་ཤ། པྲ་བ་ན་པྲ་ཀ་ར་གང་ཏི་སྟ་བྷྱོ། པྲ་ཀྲིང་གང་གི་ཤང་བྷྱོ། བྷྱོ་ཧཱཾ་ཀ་རི་ཀ། བ་རོད་ད་རོད། ནི་ལ་ཆུར་མི་དྷ། ཁ་དོང་ཁ། ད་ལ་ཛ་ལ། པདྨ་ཙན་དྷ་མ་རུ ་ར་ག་ཏོ། ཏིང་སཾ་ཏིང་སཾ། ཨེ་ཨ་ར་ལི། བུ་བྱི་རུ་ལུ་བྷྱོ། བུ་བྱི་རུ་ལུ་བྷྱོ། ཏྲག་རག་ཤ་ཏྲག་རག་ཤ་བྷྱོ། ཨ་ཏི་བྷྱོ། བྷོ་ཏིང་བྷྱོ། པུས་ཏིང་བྷྱོ། མུ་ཏིང་བྷྱོ། བཛྲ་ཤན་ཏིང་བྷྱོ། དུན་ཏིང་བྷྱོ། ཧར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཏེ ་པབཔ་བྷྱོ། ཨ་བར་དྷ་ལ་བྷྱོ། ད་ལ་དུན་བྷྱོ། དྷི་ན་མ་མ་ག་ཡ་ས་བྷྱོ། མ་ནུ་རག་ཤ་སི་བྷྱོ། པྲ་མ་ནི་བྷྱོ་ཞེས་པ་ནས་བཛྲ་ལཾ་བོ་དྷ་ར་ཡ་བྷྱོ།། ཞེས་པ་ཉི་ཤུ་རྩ་བརྒྱད་ནི་སྤྱིར་ཤེས་པར་བྱའོ།། དེ་རྣམས་ནི་མ་མོ་དྲག་ཅུ་རྩ ་བརྒྱད་འཁོར་བཅས་ཀྱི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མ་མ་སྙིང་ཁ་ར་ག་ན།། མ་མ་རག་ཤ་མ་མ་རག་ཤ། རག་མོ་སྙིང་ཁ་རག་མདུན ་དུན། ཏྲག་རག་ཤ་མ་སྙིང་ཏེ་ཀོ་མ་མ་བྷྱོ་བྷྱོ། རུ་ལུ་རུ་ལ་བྷྱོ། སྙིང་ཁ་རག་མ། མ་མ་ས་མ་ཡ། དཾ་དཾ་ཛ་ཛ། རུ་སྙིང་ཁ་ལ་རག་ཤ་ནི་རྦད་ཟུམ་རི་ལ་ལི་ལི་བྷྱོ་བྷྱོ། ནི་ཤ་ཀུ་རུ་རག་ཤ་ཁ་རཾ་ནི་རྦད་བྲུཾ། རི་ལ་ལི་ལི་བྷྱོ། ་སྙིང་ཁ་ལ་རག་ཤ་ནི་ཏི་སྟ་རྦད་ཐུམ་རི་ལ་ལི་ལི་བྷྱོ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་ནི་རྦད་བྲུཾ་རི་ལ་ལི་ལི་བྷྱོ། དེ་རྣམས་ནི་གཙོ་མོ་ལྔའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར ་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། ག་ན་བ་ཏི་གུ་ན་བུ་ཏི་དུན་དུན་ཛ་ཛ། དེ་ནི་ཐོག་གི་བུ་ཡུག་མའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མ ་མ་ཏྲག་ཤ་མུ་ཏྲ་ཁ་མུན་ཏྲ་རུ་ལུ་རུ་ལུ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛ་ཕ་ལ་མ་ཧིང་བྷྱོ། རུ་ལུ་རུ་ལུ་བྷྱོ། དེ་ནི་ཨེ་ཀ་ཛ་ཏི་སྒྲོལ་བྱེད་མའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་བཤད།། དེ་ནས་ཡང་དག ་བཤད་བྱ་བ།། མ་མ་ཏྲག་ཤག་ཤ་གུ་ར་ཧེ་སེ་ཨེ་ཤམ་བྷྱོ་རུ་ལུ་རུ་ལུ། དེ་ནི་དཀར་མོ་སྤྱིའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དང་བཤད་བྱ་བ།། མ་མ་ཏྲག་རག་ཤ ་ཙིཏྟ་ཨ་རུ་ན། ནན་ཛ་ཛ། དེ་ནི་དཀར་མོ་འབུམ་གྱི་གཙོ་མོ་ཉི་ཟླ་ཐོད་འཕྲེང་ཅན་གྱི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། ཏྲག་རག་ཤ་ཏྲིག་ཏྲིག་ཙིཏྟ ་ཧྲིང་ཧྲིང་ཛ་ཛ། དེ་ནི་སྨུག་མོ་འབུམ་གྱི་གཙོ་མོ་སྨུག་མཐིང་རྒྱལ་མོའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མ་མ་ཏྲག་ཤ་མུ་ཏྲ་བི་ཤ་ཏྲཾ་ཧྲིང་ཛ། དེ་ནི ་ནག་མོ་འབུམ་གྱི་གཙོ་མོ།། ནག་མོ་ཆེན་མོའི་སྔགས་སུ་ཤེས་པར་བྱ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཛ་ཛ། དེ་ནི་ལྷ་མོ ་ནག་མོ་རེ་མ་ཏིའི་སྔགས་སོ།། དེ་ནས་ཡང་དག་བཤད་བྱ་བ། ཁ་ཐུན་རག་ཤ། མ་ཏྲང་རུ་ཏྲ་དྲན་བྷྱོ། རག་མོ་ཤ་ཁྲག་དུན་བྷྱོ། སྨག་རྒྱགས་དུན་དུན་རྒྱུག་ནི་ཛ། སྐྱུགས་རྒྱགས་སརྦ་དུན་བྷྱོ། ཡ་ཐ་ཡ་འབུམ་རྦད་ཏེ་པྲཾ ་ཟེ་མོ་ནག་མོ་བྷྱོ། རུ་ལུ་ཙ་པ་ལ། རུ་ཏྲི་རུ་ལེ་ཤ་ཕཊ་སོད་སོད། དུ་ནི་དུན་ཏིང་དུ་ལ་ཡ་ཛ། དུ་རུ་ཛ་ལ་ནི་ཧ་ན་ཛ། དུ་མ་ར་ཧ་ཏེ་ཛ་བྷྱོ་ཛ། དེ་རྣམས་ནི་བདུད་ཁ་རག་ནག་པོ་བཀྲག་མེད་དང་། སྲིན་མོ་ཁ་འདར་མགོ ་དགུ་མ་དང་། བལ་མོ་སྤུན་གསུམ་དང་། ནག་མོ་ཕུང་གསུམ་མའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། སུམ་བཛྲ་ར་ག་ཤ་ཀེ་ཏེ། ཏྲག་ཤ་ཐང་ཟང ་ཛམ་མ་རག་མོ་ནག་ཤ་ཐུན་ན་ག་དུཾ་བ་ལེ་ཛ། བི་ཤ་མི་དུ་རུ་མ་ཤི་གེ་ཙ་པ་ནི།། ར་ཧུ་ལ་ཛ། རག་མོ་རག་མོ་སྙིང་ཙ་ལ་མ་མ་མ་བྷྱོ། རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་སྙིང་ཁ་རག་མ་བྷྱོ། རག་མོ་རག་མོ་ཙབ་མོ་ཙབ ་མོ། ཁྲག་ལ་མུ་ཤཾ་བྷྱོ། རག་མོ་རག་མོ་ཏྲག་མོ་ཏྲག་མོ།། ཤིག་ཤིག་སྙིང་ཁ་རག་མ་བྷྱོ། རག་མོ་སྙིང་ཙ་རུ་རུ་ཙབ་མོ་སྙིང་ཁ་རག་གུ་སི་དན་མ་ཤག་མུ་ཤག་མ་བྷྱོ། དེ་རྣམས་ནི་སྲིན་མོ་རག་ཤ་ནག་མོ་གློག་འཕྲེང་ཅན ་དང་། སྲིན་མོ་སྦལ་མགོ་ཁྲག་མི་མ་དང་། གཟའ་གདོང་མིང་སྲིང་སྔའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། སུ་ཀྲི་པ་ཡ་བ་ར་ཙིཏྟ། ཡོ་གི་ཤྭ་རི་མ་མ ་ཙིཏྟ་དུན་དུན་ཛ། དེ་ནི་གསེ་མོ་སྙིང་ཟན་མ་བཞིའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་ཀྱི་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མ་ཧཱ་ཀ་ལ། རུ་པཾ་པཾ་སྨཻ། ཨ་ཀྲོ་ཏཾ། མ་ཧ་ཤ་པ་ཧ་ནཾ། ན ་རག་སིང་ཧ། སརྦ་བྷཱུ་ཏ། ཨ་ཏི་པ་ཏ་ཡ། ཡ་མ་ར་ཛ་དུན་དུན་ཛ། དེ་ནི་འཆི་བདག་གཤིན་རྗེ་ནག་པོའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། ཨོཾ་མ ་ཧ་དེ་བ་ཙིཏྟ་ཧྲིང་ཧྲིང་ཛ། དེ་ནི་ལེགས་ལྡན་དབང་ཕྱུག་ཆེན་པོའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མ་ཧཱ་ཀཱ་ལ་གུ་ཡི་ཧྲི་ཏ་ཧཱུཾ་ཕཊ། དེ་ནི་མགོན་པོ ་ལེགས་ལྡན་ནག་པོའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། མར་ནི་རུ་ཏྲ་ཀ་ལ་བྷྱོ།། དེ་ནི་ཡབ་བདུད་ཀུན་གྱི་གཙོ་བོ་ནག་པོ་མེའི་ཁ་རླངས་ཅན་ཅེས ་ཀྱང་བྱ།། སྐོས་རྗེ་བྲང་དཀར་ཞེས་ཀྱང་བྱ།། ཡ་བདུད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་བའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། བི་ཤ་མ་ཧཱ་ར་ཛ་ཧྲཱིཾ་ཧྲཱི་ཛ། དེ ་ནི་སྲོག་བདག་རྒྱལ་པོ་ལི་བྱིན་ཧ་རའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། ཀུ་བེ་ར་ཙིཏྟ་ཧྲིང་དྲིང་ཛ་ཛ། དེ་ནི་གནོད་སྦྱིན་སྲོག་བདག ་རྒྱལ་པོ་གནོད་སྦྱིན་མ་རུ་ཙེའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར་གསུངས།། དེ་ནས་ཡང་དང་བཤད་བྱ་བ།། རྒྱུན་བྲེང་ཐུ་རི་ལ། ཏཾ་པ་ཀ་སོ་སོ་བ་ཏེ། བཛྲ་ཙ་ལོ་ཀི། བཛྲ་ཀི་ལི་ཀི་ལ་ཡ། ་ཤར་གར་ལི་ཕྲི་པྲི་མི་ལི། བཛྲ་སྭ་དྷཱ་ས་མ་ཡ། ར་པཾ་ཛ་ཛ་དུན་བྷྱོ། དེ་ནི་བློ་བུར་དང་ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་བདག་པོ་གྱིང་ཆེན་རྡོ་རྗེ་ལེགས་པའི་སྔགས་སུ་ཤེས་པར་བྱའོ།། ལས་སྔགས་སྤྱི་དང་མཐུན་པར ་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། ཀ་ལ་ཏི་པ་ཙ། ནཱ་ག་རག་ཤ་ཆེ་གེ་མོ་རྟི་ཀུ་ལ་ཕེ་བན་ཤན་ཕོས་ཕོས། ཤིག་ཤིག། ཆུ་ཆུ། ཧཱུཾ་ཡ་ཧཱུཾ་ཡ། ཀླུ་ནག་པོ་མགོ་དག་པ་ཆེ་གེ་མོ་ཛ་ཛ། དེ་ནི་མཛེ་ནད་ལས་ཀྱི ་འཁོར་ལོའི་སྔགས།། འཆི་བདག་མགོ་དགུ་པའི་སྔགས་སུ་ཤེས་པར་བྱའོ།། འདི་ནི་ལས་སྔགས་རྣམ་པ་གསུམ།། རྣལ་མ་ཟློག་དང་ལྷ་དཀྲུག་གསུམ། ཤིན་ཏུ་གབ་པའི་ཙཀྲ་བསྐོར། བཀའ་ཡི་གསང་རྒྱུད་ཇི་སྙེད ་དུ།། གསུངས་པའི་སྔགས་རྣམས་ཐམས་ཅད་ལ།། འདི་བཞིན་ཀུན་ལ་ཤེས་པར་བྱ།། ངན་སྔགས་གཙུག་ལག་རྒྱུད་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི་སྔགས་ཀྱི་འཕྲེང་བ་བསྟན་པའི་ལེའུ་སྟེ་བཞི ་པའོ།། །། དེ་ནས་འཕགས་པ་འཇམ་དཔལ་གྱིས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཞུས་པ། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས།། སེར་བ་ཞེས་བགྱི་ཇི་ལྟ་བུ།། ལོ་ཡི་ནད་ཅེས་ཇི་ལྟ་བུ།། གློག ་ཅེས་བྱ་བ་ཇི་ལྟ་བུ།། འབྲུག་ཅེས་བྱ་བ་ཇི་ལྟ་བུ།། འབྱུང་བ་རླུང་ཞེས་ཇི་ལྟར་ལགས།། དེ་རྣམས་འབྱུང་བའི་དུས་རྣམས་སུ།། སེར་བ་འབྱུང་བར་ངེས་པ་ན།། དུས་ཀྱི་ཆར་བ་འབྱུང་བའི་ཚེ།། སེར་བ་མེད་པ་ཇི་ལྟར ་ལགས།། མ་བསྒྲུབ་པར་ཡང་འབབ་འགྱུར་ན།། བསྒྲུབས་ནས་ངེས་པ་ཇི་ལྟར་ལགས།། བཅོམ་ལྡན་བདག་ལ་བཀའ་དྲིན་གསུངས།། ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་འཇམ་དཔལ ་ཁྱོད་ཉོན་ཅིག། མ་འོངས་རྣམས་ཀྱི་དོན་དུ་བཤད།། སེར་བ་ཞེས་བྱའི་དེ་ཉིད་ནི།། སྔགས་ཀྱི་འོད་ཟེར་བསམ་ཡས་འཕྲོ།། མ་མོ་མཁའ་འགྲོ་ལས་མཁན་ཉིད།། མཁའ་འགྲོའི་ང་རོ་འབྲུག་གི་སྒྲ།། གཟི་མདངས་གློག ་ཏུ་འབྱུང་བ་ཡིན།། དེ་ཡི་ཁ་རླངས་སྤྲིན་དུ་འབྱུང་།། སྤྲུལ་བ་སེར་བ་ཆེན་པོ་འབབ།། དེ་ནི་སེར་བའི་སྒྲ་རུ་ངེས།། དབུགས་ནི་འབྱུང་བ་རླུང་ཡིན་ཏེ།། ཤིན་ཏུ་དྲག་ལ་གྲང་བ་འབྱུང་།། དེས་ནི་སེར་བའི་སྣ་ཡང ་འདྲེན།། འདི་རྣམས་སེར་བའི་སྒྲ་རུ་ངེས།། ཀླུའི་ང་རོ་འབྲུག་གི་སྒྲ་རུ་འབྱུང་།། གཟི་མདངས་གློག་ཏུ་འབྱུང་བའི་ཚེ། ཁ་རླངས་སྤྲིན་དང་ན་བུན་འཐིབས།། དེ་ཡི་སྤྲུལ་པ་ཆར་དུ་འབབ།། འདི་ནི་འབྱུང་བ་རང་བཞིན ་ཚ་གྲང་འཁྲུག། དཔེ་དོན་གཉིས་སུ་དེ་བཞིན་ཁྱད་པར་ཆེའོ།། སེར་བའི་ཏིང་འཛིན་བསྟན་པ་ནི།། འཁོར་ལོ་རྣམ་པ་གསུམ་དུ་ངེས་པ་ནི།། སྙིང་ཀར་གནམ་གཟེར་ནམ་མཁའི་འཁོར་ལོ་ཅན།། ནམ ་མཁའི་དཀྱིལ་འཁོར་ཤིན་ཏུ་ཟླུམ་ཞིང་འཁྱིལ་བ་ལ།། དབུས་སུ་ཧཱུཾ་བཀོད་སྟེང་དུ་ཕྲོམ།། འོག་ཏུ་ཧྲིལ་ལ་ཤར་དུ་ཤར།། ལྷོ་རུ་མ་བཀོད་ནུབ་ཏུ་ར།། བྱང་དུ་མ་བཀོད་སྟེང་སྒོར་བྷྱོ། ཐམས་ཅད་བྱང་ཆུབ་སེམས་ཀྱི་རང ་བཞིན་བསམ།། གཟས་པའི་ཡུལ་ཡང་དེ་བཞིན་གང་བར་བསྒོམ།། བར་གཟེར་རི་རབ་འཁོར་ལོ་ཅན།། རི་རབ་ཆེན་པོ་ཤིན་ཏུ་བརྗོད་པ་ལ།། ལྟེ་བར་ས་ཡི་མཎྜལ་བསྒོམ།། ཡིག་འབྲུ་དགོད་པ་གོང་བཞིན་བྱ།། ས ་གཟེར་ཡུལ་ཞིང་སེ་འབྲུང་འཁོར་ལོ་ཅན།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ།། འདབ་བརྒྱད་དབུས་སུ་ཟླུམ་ཞིང་འཁྱིལ་བར་བསྒོམ།། ཡིག་འབྲུ་དགོད་པ་གོང་བཞིན་སྦྱར། ཁྲག་གསུམ་ཡུངས་ཀར་རྒྱལ་པོ ་དང་།། སྙིང་དང་གུ་གུལ་ནག་པོ་དང་།། དུག་སྣ་གསུམ་ལ་སྦྱར་བྱས་ནས།། སེར་བའི་བུ་གཞག་རི་ལུ་བྱ།། ཤེས་རབ་ཅན་གྱི་འགྱུར་བ་དང་།། ཤེས་རབ་ཆུང་ན་གསུམ་དུ་ངེས།། དང་པོ་ལ་ནི་ཉི་ཤར་ལྟ་བུ ་སྟེ།། གཉིས་པ་ལ་ནི་ཕུ་ཆུ་འབྲུག་པ་འདྲ།། གསུམ་པ་བྱ་རྒོད་གཟན་ལ་འཇུག་པ་ལྟར།། དྲག་པོ་སྔགས་ཀྱི་འོད་ཟེར་ལས།། བདག་ཉིད་ཡེ་ཤེས་ཚོགས་ཀྱི་གསང་བ་དང་།། རྫས་རྣམས་མཁའ་འགྲོའི་ཚིགས་ཀྱིས་གང ་བ་གཉིས།། ཡུལ་གསུམ་གཤེད་མའི་ཚོགས་ཀྱིས་གང་བ་གསུམ།། དབྱེར་མེད་མ་འདྲེས་གཅིག་གི་ངང་དུ་གསལ།། གང་ཞིག་ལས་ལ་སྦྱར་བའི་རྟགས་བྱུང་ན།། དེ་དུས་ལས་ལ་སྦྱར་བ་ཤིན་ཏུ་གཅེས། ཁྲག་རྣམས ་། ཁོལ་ན་ཁྲག་ཟོར་བརྡེག། ཟོར་གྱི་ཕེབས་ཞེས་རྒྱལ་བས་གསུངས།། རི་ལུ་འཕར་ཞིང་འོད་འབྱུང་རི་ལུ་འཕང་།། རི་ལུས་ཕེབས་ཞེས་ངེས་པར་རྒྱལ་བས་གསུངས།། ཐོད་པ་འཕྲོག་ལ་འཚེག་ཅིང་འོད་བྱུང་ན།། གཟེར ་གྱི་ངེས་པར་ཕེབས་ཞེས་རྒྱལ་བས་གསུངས།། ཕུར་པ་འཕར་ཞིང་འོད་བྱུང་ཕུར་གཟེར་གདབ།། ཕུབ་པས་ངེས་པར་ཕེབས་ཞེས་རྒྱལ་བས་གསུངས།། ཡུངས་ཀར་འཕར་ཞིང་སྔགས་སྒྲ་མང་དུ་སྒྲོགས།། གང་གི་ཡུལ ་དེ་ཐུན་གྱིས་ཕབ་གྱུར་ན།། ཡུངས་ཐུན་ཕེབས་ཞེས་རྒྱལ་བས་ངེས་པར་གསུངས།། ངན་སྔགས་གཙུག་ལག་གི་རྒུད་ལས། སེར་བའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས ་དཔལ་ཀུན་ཏུ་བཟང་པོ་ལ།། འཕགས་པ་འཇམ་དཔལ་གྱིས་ཞུས་པ།། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས།། ཐོག་གི་དེ་ཉིད་བཤད་པར་ཞུ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ ་པ།། རྡོ་རྗེ་ཐོག་གི་ལས་རྣམས་ནི།། ལོ་གྲངས་རྩིས་ཀྱིས་ཤེས་བྱ་སྟེ།། གང་ཞིག་རྟ་ཡི་ལོ་བྱུང་ན།། དྲག་པོ་སྔགས་ཀྱི་དངོས་གྲུབ་མྱུར།། སྦྲུལ་གྱི་ལོ་ཡང་དེ་བཞིན་ནོ།། གང་ཞིག་བྱི་བའི་དུས་ཀྱི་ཚེ།། དེ་ཚེ་འདི་བསྒྲུབ ་མ་ཡིན་ཏེ།། ཕག་གི་ལོ་ཡང་དེ་བཞིན་ནོ།། མི་བྱར་མི་འདོད་དུས་བྱུང་ན།། རྟ་ཡི་ཟླ་བ་རྟ་ཡི་དུས།། སྦྲུལ་གྱི་ཟླ་བ་སྦྲུལ་གྱི་དུས།། ཉི་མའི་དུས་ཚོད་བརྩི་ལ་འཇུག། གང་དུ་འཕེབས་པའི་ས་ཚད ་དེ།། གཟེར་གདབ་པ་ཡང་དེ་བཞིན་ནོ།། གང་ཞིག་དངོས་གྲུབ་འབྱུང་བའི་ཚེ།། རྟ་མ་གཞུག་པའང་དེ་བཞིན་ནོ།། མིང་གི་རྣམ་པ་སོ་སོ་ཡང་།། ལས་ཀྱི་འབྲས་བུ་གཅིག་པས་ན།། དོན་གྱི་མན་ངག་གཅིག་ཡིན ་ནོ།། ཐོག་ལ་དབྱེ་བའི་རྣམ་པ་ལྔ།། དང་པོ་སེར་ཐོག། གཉིས་པ་ལྕགས་ཐོག། གསུམ་པ་ཟངས་ཐོག། བཞི་པ་འཁར་བའི་ཐོག། ལྔ་པ་ལ་ནི་རྡོ་རྗེའི་ཐོག། དེ་ལྟར་རྣམ་པ་ལྔ་རུ་གསུངས།། འདི་ཡི་རྫས་རྣམས་བསྟན ་པ་ཡང་། ཁྲག་གསུམ་ཡུངས་ཀར་རྒྱལ་པོ་དང་།། སྙིང་དང་གུ་གུལ་ནག་པོ་ཡང་།། སོ་ན་དང་ནི་དེ་ཡི་གྲོགས།། བྱི་ལ་གབ་པའི་ཁྲག་གམ་ནི།། ན་ཆུང་མ་ཡི་ཁྲག་ཏུ་གསུངས།། འདི་ཡི་འཕེན་བྱེད་རྣམ་པ ་གཉིས།། དྲག་པོའི་སྔགས་ཀྱི་འཕང་བ་དང་།། དྲག་པོའི་དམ་རྫས་འཕང་བའོ།། དྲག་པོའི་སྔགས་ཀྱི་འཕང་བ་ནི།། མ་ར་ཡ་ལ་ཧྲིལ་བརྟགས་ལ།། བྷྱོ་ཞེས་རིག་པ་དྲངས་ལ་འཕང་།། འདི་ལས་རྫས་ཀྱི་འཕང་བ ་ནི།། དྲི་མོའི་སྐྲ་ཤད་འུར་རྡོ་ལ།། ཞིང་གི་རས་མས་སྦྱངས་བྱས་ལ།། ཤེས་རབ་ཡི་གེ་ཡམ་བསྐྱོད་ལ།། ལན་གསུམ་བསྐོར་ལ་འཕང་བཏང་ན།། གར་འདོད་གནས་སུ་ཕེབས་པར་ངེས།། འདི་ཡི་ཏིང་འཛིན་བསྟན་པ ་ནི།། སྙིང་ཁར་ཆོས་ཀྱི་འཁོར་ལོ་ལ།། མེ་ཡི་འཁོར་ལོ་ཟུར་གསུམ་བསྒོམ།། རྩེ་མོ་སྟེང་སྒོར་བསྟན་པ་ལ།། ཡི་གེ་ཛ་བཞག་གཡས་པ་ལ།། གཡོན་པར་ར་བཀོད་དཀྱིལ་དུ་ཧཱུཾ།། དེ་འོག་བྷྱོ་ལ་དེ་སྟེངས་ཡཾ།། ཕཊ ་ནི་ཀུན་ཏུ་ཁྱབ་པར་བསྒོམ།། མ་ར་ཡ་དང་གྲོགས་པོ་ནི།། ཛ་ལ་རམ་ཞེས་མཐར་གཞག་པར།། སེར་བ་འདུ་བའི་དྲག་སྔགས་ཡིན།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ།། པད་དཀྱིལ་མེད་པའི་འཁོར་ལོ་ནི།། གོང ་མ་བཞིན་དུ་གསལ་བར་བྱ།། ཉི་ཤར་ལྟ་བུའི་ཏིང་འཛིན་གྱིས།། འོ་མ་རག་ཏ་བསྲེག་པའི་ཚེ།། བདག་ཉིད་མེ་དཔུང་ཆེན་པོ་ལ།། ཏིང་འཛིན་སྔགས་ཀྱི་འོད་ཟེར་གྱིས།། འོ་མ་རག་ཏ་སོན་ཞུ།། མེ་ལོང་དཀྱིལ་ནས ་བླང་བྱས་ལ།། གོང་བཞིན་རྫས་ཀྱི་དཀྱིལ་དུ་གཞག། སྤེལ་བ་འདུས་ཏི་ཧྲིལ་དང་སྤེལ།། མེ་མདའ་ལྟ་བུའི་ཏིང་འཛིན་གྱིས།། གོང་བུ་གཅིག་ཏུ་དྲིལ་བ་དང་།། སེར་ཐོག་བརྒྱབ་པའི་ཏིང་འཛིན་གྱིས།། དཀྱིལ་དུ ་བཅུག་ལ་འཕང་བར་བྱ།། གང་འདོད་གནས་སུ་ཕེབས་པར་ངེས།། འདི་ཡི་དུས་ཚོད་བསྟན་པ་ནི།། སྒྲུབ་པའི་དུས་ནི་རྟ་སྤྲུལ་ལ།། ཟླ་བའི་དུས་ཀྱང་རྟ་སྤྲུལ་ཏེ།། ཉི་མའི་དུས་ཀྱང་རྟ་སྦྲུལ་ངེས།། ཕྱེད་གོང་སྦྲུལ་ལ་ཉི ་ཕྱེད་རྟ་ཡི་དུས།། གང་ཞིག་དྲེགས་པ་འདུལ་དོན་དུ།། འཇུག་པའི་དུས་ཚོད་འདི་ལྡན་ན།། རྣལ་འབྱོར་པ་ལ་དངོས་གྲུབ་ཉེ།། འདི་རྣམས་དུས་དང་མ་ལྡན་ན།། རང་ག་འཆི་འམ་འཁོར་རྣམས་ཕུང་།། ཡུལ་རིགས་ཕུང ་བར་ཐེ་ཚོམ་མེད།། ཐེབས་པའི་དུས་ཚོད་བསྟན་པ་ནི།། སྤེན་པ་ས་ཁམས་གསེར་གྱི་དུས།། ལག་པ་ཕུར་པ་རྡོ་རྗེའི་དུས།། མིག་མར་ཉི་མ་ཟངས་དང་ལྕགས་ཀྱི་དུས།། འདི་ལ་ལས་རྣམས་འགྲུབ་པར ་གདོན་མི་ཟ།། ཤེད་མས་སྲོག་ལ་དབབ་པའི་དུས་ཚོད་བསྟན་པ་ནི།། རྡོ་རྗེ་ས་ཁམས་སྤེན་པའི་དུས་སུ་བརྡེག། གསེར་དངུལ་ཟངས་ལྕགས་མིག་མར་དུས་སུ་བརྡེག། འཕྲོ་བྱེད་ལྕགས་ཐོགས་ཤིང་ཁམས་ཕུར་བུའི ་དུས་སུ་བརྡེག། འདི་ལ་ཟོར་བརྒྱབ་ཐེབས་པ་ཐེ་ཚོམ་མེད།། ནམ་མཁའ་ས་གཞི་བར་སྣང་ཁམས།། ཐམས་ཅད་ཡེ་ཤེས་མེ་དཔུང་འབར།། འདུས་ཏི་ཧྲིལ་ཞེས་མི་ཐོགས་མ་ངེས་ཡོངས་ཀྱང་འཚིག། འདི་དང་ལྡན་ན ་གཟས་པ་གདོན་མི་ཟ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། ཐོག་གི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་གཤིན་རྗེ་གཤེད་ཀྱིས། དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ ་། སྤྲི་དཔལ་ཆེན་པོ་ཀུན་ཏུ་བཟང་།། ལས་རྣམས་གྲུབ་པར་བྱ་བའི་ཕྱིར།། སྔགས་ཀྱི་ས་རྣམས་བསྟན་དུ་གསོལ།། ཞེས་ཞུས་པ་དང་། ཀུན་ཏུན་བཟང་པོས་བཀའ་སྩལ་པ།། འཕྲིན་ལས་ཐམས་ཅད་བྱེད་པ ་། ཡི།། སྔགས་ཀྱི་ས་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། ཛ་ཡི་བསྙེན་པ་བགྲངས་ན་ནི།། ཐམས་ཅད་མ་ལུས་འགུག་པར་བྱེད།། ཧཱུཾ་གི་བསྙེན་པ་བགྲངས་ན་ནི།། ཐམས་ཅད་དབང་དུ་སྡུད ་པར་བྱེད།། ཕཊ་ཀྱི་བསྙེན་པ་བགྲངས་ན་ནི།། ཆེ་བས་ཆེ་བའི་མཐུ་དཔུང་འཇོམས།། བྷྱོ་ཡི་བསྙེན་པ་བགྲངས་ན་ནི། ཐམས་ཅད་ལས་ལ་བསྐུལ་བར་བྱེད།། ཡ་ཡི་བསྙེན་པ་བགྲངས་ན་ནི།། ཐམས་ཅད་ལས་ལ ་འཛུད་པར་བྱེད།། གང་འདོད་དམིགས་པ་སྤྲད་ནས་ནི།། ཛ་ཞེས་བྱ་བའི་མཐའ་བརྗོད་ནས། ཁམས་གསུམ་ཐམས་ཅད་འགུགས་པར་བྱེད།། ཧཱུཾ་གིས་ཐམས་ཅད་སྡུས་པར་བྱེད།། བྷྱོ་ནི་རྦད་པའི་སྔགས་ཡིན ་ཏེ།། ཕཊ་ནི་སྤྲོ་བའི་སྔགས་ཡིན་ནོ།། ཕཊ་ཊ་སྤྲད་པའི་སྔགས་ཡིན་ནོ།། རྦད་ནི་གསོད་ཅིང་གཅོད་པའི་སྔགས།། མ་ར་ཡ་དང་ཕཊ་ཅེས་པས།། བསད་པའི་དྲག་སྔགས་ཡིན་པར་བཤད།། མ་ར་ཡ་དང་རྦད་ཅེས ་པ།། གསོད་པའི་ངན་སྔགས་ཡིན་པར་བཤད།། ཛ་ལ་རཾ་ཞེས་བྱ་བ་ནི།། བསྲེག་པའི་སྔགས་སུ་ཤེས་པར་བྱ།། ཨ་དང་ཏྲག་དང་ཕྱེ་དང་ཤད།། ལྷ་དང་དབྱེ་བའི་སྔགས་སུ་བཤད།། མ་ར་ཡ་དང་ཕྱེ་ཞེས་པས།། དགྲ ་བོ་གཉེན་དང་དཔྲལ་བའི་སྔགས་སུ་བཤད།། མ་ར་ཡ་དང་ཐུན་དང་བྷྱོ།། ཐུན་དང་ཟོར་གྱི་སྔགས་སུ་བཤད།། མ་ར་ཡ་དང་དཀྲུག་དང་ནན།། དགྲ་སྡེ་དཀྲུག་པའི་སྔགས་སུ་བཤད།། ཨུ་ཙན་དྷ་ཡ་ཕཊ་ཅེས ་པས།། དགྲ་བགེགས་བསྐྲད་པའི་སྔགས་སུ་བཤད།། ཨཱ་ཀར་ཤ་ཡ་ཛ་ཞེས་པས།། སྐྱེས་པ་དགུག་པའི་སྔགས་སུ་བཤད།། ཨཱ་ཀར་ཤ་ཡ་ཧྲིལ་ཞེས་པས།། བུད་མེད་དགུག་པའི་སྔགས་སུ་བཤད།། ཤན་ཏིང་ཀུ་རུ་སྭཱ ་ཧ་ནི།། ཐམས་ཅད་ཞི་བར་བྱེད་པའོ།། པུཥྚི་ཀུ་རུ་སྭཱ་ཧཱ་ནི།། ཐམས་ཅད་རྒྱས་པར་བྱེད་པའོ།། པ་ཤཾ་ཀུ་རུ་ཧོ་ཞེས་པ།། ཐམས་ཅད་དབང་དུ་སྡུད་པའོ།། ཕྲ་མ་ཡ་དང་རྦད་དང་ཡ།། དམིགས་པའི་མགོ ་བོཔོ་འཁོར་བ་ཡི།། ལས་ཀྱི་ས་རུ་བཤད་པའོ།། རག་ཏ་ཙ་ར་ཡ་དང་ནི།། རྦད་དང་ཡ་ཞེས་བྱ་བ་ནི། ཁྲག་ཏུ་སྐྱུག་པ་བྱེད་པ་ཡི།། ལས་ཀྱི་སྔགས་སུ་བཤད་པའོ།། མ་ར་ཛ་ཡ་དང་རྦད་དང་ཡ།། དྲན་པ་མྱོས་བྱེད་ལས ་ཀྱི་སྔགས་སུ་བཤད།། མ་ར་ཡ་དང་ཟད་དང་ཡ།། གསོད་པར་བྱེད་པའི་སྔགས་སུ་བཤད།། སྙམ་པ་ཡ་དང་ནན་ཞེས་པ་དང་།། གནན་པའི་སྔགས་སུ་བཤད།། ཏྲིག་ནན་ཞེས་པའི་གསང་སྔགས་ནི།། ཐམས་ཅད ་གཟིར་བའི་སྔགས་སུ་བཤད།། ཙིཏྟ་རྦད་དང་གནན་ཞེས་པ།། དྲག་པོ་གཟིར་བའི་སྔགས་སུ་བཤད།། རྦད་དང་ནན་ཞེས་བྱ་བ་ནི།། བཙན་ཐབས་གཟིར་བའི་སྔགས་སུ་བཤད།། ཧེ་ཙ་དུན་དང་ཕོབ་ཅེས་པས།། ལྟས ་ངན་སྒྲུབ་པའི་སྔགས་སུ་བཤད། ཁུ་ཙ་ཧེ་དང་ཕཊ་ཅེས་པ།། ལྟས་ངན་འཕང་བའི་སྔགས་སུ་བཤད།། ལི་ཙ་རྦད་ཅེས་བྱ་བ་ནི།། སེར་བ་གཅོད་པའི་སྔགས་སུ་བཤད།། བཛྲ་ལི་ཙ་རྦད་ཅེས་པ།། ཐོག་དང་སེར་བ ་གཅོད་པའོ།། དུད་ཕྲོམ་སེར་བ་འདྲིལ་བའི་སྔགས་སུ་བཤད།། ཧྲིལ་དང་ཤར་དང་ཕོབ་དང་བྷྱོ།། སེར་བ་དབབ་པའི་སྔགས་སུ་བཤད།། ཤར་ལ་བྷྱོ་ཡི་བསྐུལ་བ་ནི།། སེར་བ་ལམ་བསྟན་སྔགས་སུ་བཤད།། ཆེ་གེ ་མོ་ཡི་ལོ་ཐོག་ལ།། ཨཱ་བེ་ཤ་ཡ་ཨ་ཞེས་པ།། གཟན་ལ་དབབ་པའི་སྔགས་སུ་བཤད།། རཾ་རཾ་ཞེས་པའི་སྔགས་ནི།། ཐོག་གི་དྲིལ་སྔགས་དག་ཏུ་བཤད།། དྲིལ་དང་ཤར་དང་བྷྱོ་ཞེས་པ།། ཐོག་རྣམས་འཕང་བའི ་སྔགས་སུ་བཤད།། འདུས་སྟེ་ཧྲིལ་དང་བྷྱོ་དང་ཕོབ།། ཐོག་གི་འཕང་སྔགས་དག་ཏུ་བཤད། ཁྱུག་ཁྱུག་ཡཾ་ཡཾ་ཞེས་པ་ནི།། གློག་དང་རླུང་གི་སྔགས་སུ་བཤད།། འུར་འུར་ཆེམ་ཆེམ་ཞེས་པ་ནི།། འབྲུག་གི་སྙིང་པོ་དག ་ཏུ་བཤད།། ནི་ཤ་ཀུ་རུ་ཞི་ཞེས་པ།། སྲིན་པོ་གདོང་དམར་སྙིང་པོ་ཡིན།། ཆེ་གེ་མོ་ཞེས་བྱ་བ་ནི།། བཏགས་པའི་མིང་གི་སྙིང་པོ་ཡིན།། གསང་བ་སྲོག་གི་སྙིང་པོ་འམ།། བཏགས་པ་མིང་གི་སྙིང་པོ་ཡིན།། དམིགས་པ ་སྤྲོསྤྱོད་ལ་བཟླས་པར་བྱ།། རྒྱུད་ནི་གསུངས་པའི་སྔགས་ལ།། མཁས་པས་དབྱུང་དང་གཞུག་པ་དང་།། འཁྲུགས་དང་བསྡེབས་པ་ཤེས་པར་བྱ།། བཀའ་ཡི་གསང་རྒྱུད་ཇི་སྙེད་པ།། གསུངས་པའི་སྔགས་རྣམས་ཐམས ་ཅད་ལ།། འདི་བཞིན་ཀུན་ལ་སྦྱར་བར་བྱ།། དེ་ནས་ཡང་དག་བཤད་བྱ་བ།། ཛ་ཛ། ཧཱུཾ་ཧཱུ~ཾ། བཾ་བཾ། ཧོ་ཧོ། ཧ་ཧ། ཧི་ཧི། ཧཱ་ཧཱ། ཧེ་ཧེ་ཧོ་ཧོ། སྭཱ་ཧཱ་ས་མ་ཡ་ཏཱཾ། བྷྱོ་བྷྱོ། ཡ་ཡ། ཕཊ་ཕཊ། ཛ་ལ་རཾ། བྲུཾ་རི་ལ། ཟློས་ཟློས། ་རྦད་རྦད། རྦུད་རྦུད། སད་སད། རྦད་ལིང་། རྦུད་ལིང་། རྦད་བྲུས། རྦད་ཡ། རྦད་ཡ། རྦད་ཤག། རྦད་མྱོགས། རྦད་ཡཾ། རྦད་ཐིབས། རྦད་མྱོགས་མྱོགས། རྦད་རྨུགས།། རྦད་རྦུད། རྦད་རཾ། རྦད་ནན་ནན། རུ་པ ་སད། བག་སད། ཙིཏྟ་སད། ཊུ་རི་ལ་སད། རཀ་ཏ་ས། ཏི་ཏ་སད། སྐ་ནད་སད། རུ་བ་རྦད། བཱ་ག་རྦད། ཙིཏྟ་རྦད། བྲུཾ་རི་ལ་རྦད། རག་ཏ་རྦད། ཏི་ཏ་རྦད། སྐན་ད་རྦད། རྦད་ཟས། ཤིག་ཐིབས། ཁས ་ཁས། ཤག་ཤག། ཤིག་ཤིག། སད་སད། རྔུབས་རྔུབས། རྦད་ཁས། ཚལ་པ་ཚལ་པ་རྦད། ཧྲིང་ཧྲིང་ཛ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཨ་པྲ་བེ་ཤ་ཡ་ཕཊ། བེ་ཏ་ཤ་ཡ་ཕཊ། བཛྲ་ཨཾ་གུ་ཤ་ཛ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ ་བཾ། བཛྲ་གན་ཌ་ཧོ། ཛ་ཧཱུཾ་བཾ་ཧོ། གརྫ་གརྫ་མཱ་ར་ཡ་ཕཊ། ཧ་ན་ཧ་ན་མཱ་ར་ཡ་ཕཊ། ད་ཧ་ད་ཧ་མཱ་ར་ཡ་ཕཊ། པ་ཙ་པ་ཙ་མཱ་ར་ཡ་ཕཊ། བན་དྷ་བན་དྷ་མཱ་ར་ཡ་ཕཊ། ཧཱུ་ལུ་ཧཱུ་ལུ་མཱ་ར་ཡ་ཕཊ། ཊིཥྚ་ཊིཥྚ་མཱ་ར་ཡ་ཕཊ། ་ཚིན་དྷ་ཚིན་དྷ་མཱ་ར་ཡ་ཕཊ། བིན་དྷ་བིན་དྷ་མཱ་ར་ཡ་ཕཊ། ཕོ་ཊ་ཕོ་ཊ་མཱ་ར་ཡ་ཕཊ། རྦ་ན་རྦ་ན་ཕཊ། རྦན་རྦན་ཕཊ། ཐུན་བྷྱོ་ཐུན་བྷྱོ་ཕཊ། ཧ་ས་ཛ་ལ་བྷི་ཤ་ཧ་ལ་ཧ་ལ་བྷྱོ་བྷྱོ་ཕཊ། ཨེ་སྭཱ་ཧ། ཡཾ་སྭཱ་ཧཱ། རཾ་སྭཱ་ཧཱ། བཾ ་སྭཱ་ཧཱ། སུཾ་སྭཱ་ཧ། ཨེ་མ་ཧཱ། ཡཾ་མ་ཧཱ། རཾ་མ་ཧཱ། བཾ་མཧཱ། སུཾ་མ་ཧཱ། ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཡཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། བཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། སུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་ཨེ་རྦད། ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་ཡཾ་རྦད། ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་རཾ་རྦད། ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་བཾ་རྦད། ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་སུམ་རྦད། ཆེ་གེ་མོ་སུམ་རྦད། ཆེ་གེ ་མོ་མཱ་ར་ཡ་ཕཊ། ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨེ་ཡཾ་ཆེ་གེ་མོ་མཱ་ར་ཡ་ཡཾ། རཾ་ཆེ་གེ་མོ་མཱ་ར་ཡ་རཾ། བཾ་ཆེ་གེ་མོ་མཱ་ར་ཡ་བཾ། སུམ་ཆེ་གེ་མོ་མཱ་ར་ཡ་སུཾ། སུཾ་བཾ་རཾ་ཡཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨེ་ཡཾ་རཾ་བཾ་སུཾ་ཆེ་གེ་མོ་མཱ་ར་ཡ ་ཕཊ། ཨེ་ཨག་ནེ་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཡཾ་ཀ་ར་མ་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། རཾ་ཛ་ལ་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། བཾ་པ་ཏི་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། སུཾ་ཏིཥྛ་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། མ་ཧ ་མཎྜལ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཐང་ཐང་ཛ། མོ་ཧ་ཡ་ཆེ་གེ་མོ་ཧཱ་ཡ། བག་རྦད་ནན་སྟཾ་པ་ནན།། ཛ་ལ་པ་ཡ་ཛ་ལ་པ་ཡ་ཛ་ལ་ནི་སྟཾ་པ་ནི་མ་ཧཱ་མན་ཏྲ། ཤ་རི་ར་ནི་ཕཊ་ཕཊ་ཕཊ། ངན་སྔགས་གཙུག་ལག་གི་རྒྱུད་ལས། ་། སྔགས་ཀྱི་ས་བརྒྱད་བཅུ་རྩ་གཅིག་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས་གསོལ་བ།། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས།། སྔགས་དང་རྫས་དང་ཏིང་འཛིན ་གྱི།། ཉམས་སུ་བླངས་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང་།། སྟོན་པ་ཀུན་དུ་བཟང་པོས་བཀའ་སྩལ་པ།། སྔོན་དུ་འགྲོ་བའི་ལས་དག་ནི།། རྣམ་པ་གཉིས་སུ་ཤེས་པར་བྱ།། ཡེ་ཤེས་ལྷ་ཡི་བསྙེན་བསྒྲུབ ་དང་།། འཇིག་རྟེན་དྲེགས་པའི་བསྙེན་བསྒྲུབ་གཉིས།། ཉམས་སུ་བླང་བའི་རིམ་པ་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ཕྱི་བསྒྲུབ་ནང་བསྒྲུབ་གསང་བསྒྲུབ་དང་།། གསང་ཆེན་ཡང་གསང་གཏེར་དུ་བསྒྲུབ ་དང་ལྔའོ།། རྡུལ་ཚོན་དཀྱིལ་འཁོར་ཕྱི་བསྒྲུབ་བོ།། ལུས་ལ་ལྷ་བཀོད་ནང་བསྒྲུབ་པོ།། སྙིང་ལ་ལྷ་བཀོད་གསང་བསྒྲུབ་བོ།། རྩ་ལ་ལྷ་བཀོད་གསང་ཆེན་ནོ།། སེམས་ཉིད་ལྷར་བསྒོམ་ཡང་གསང ་གཏེར།། སྔགས་དང་ཕྱག་རྒྱའི་ཏིང་འཛིན་དང་།། ཆོ་ག་ལས་ཀྱི་རིམ་པ་རྣམས།། རང་གི་བསྒྲུབ་ཐབས་གཞུང་བཞིན་བྱ།། ལས་ལ་སྦྱར་བའི་རིམ་པ་རྣམས།། རྫས་དང་སྔགས་དང་ཏིང་འཛིན་གྱི།། སྦྱོར་བ་རྣམ་པ ་གསུམ་གྱིས་ནི།། རྟེན་འབྲེལ་འཛོམ་པའི་ནུས་མཐུ་དང་།། ལས་རྣམ་གྲུབ་པའི་ནུས་མཐུ་ཡིས།། ལས་རྣམས་འགྲུབ་པར་བྱེད་པའོ།། ལས་ཀྱི་དཀྱིལ་འཁོར་རྣམ་པ་བཞི།། ཞི་བ་ཟླུམ་ལ་དཀར་བའོ།། རྒྱས་པ་གྲུ་བཞི ་སེར་པོའོ།། དབང་ལ་ཟླ་གམ་དམར་པོའོ།། དྲག་པོ་གྲུ་གསུམ་མཐིང་ནག་གོ། བསྟེན་དང་མཆོད་དང་ལས་ཀྱི་རྫས།། འཁོར་ལོ་བསྐོར་དང་ཐུན་གྱི་རྫས།། ཡུངས་ཀར་ཡུངས་ནག་ཁྲག་དང་དུག། ལྕགས་ཕྱེ་ཟངས ་ཕྱེད་རྡོ་ཕྱེ་དང་།། གནམ་ལྕགས་གྲི་ལྕགས་ཕུར་པ་དང་།། དུག་ཤིང་དག་གི་ཕུར་པ་གདབ།། གང་བྱེད་རང་གི་གཞུང་དང་སྦྱར།། ལས་མཁན་གང་ཡིན་སྲོག་སྙིང་དང་།། དམིགས་པ་གང་ཡིན་སྲོག་དང་ནི།། འཕྲིན ་ལས་གང་བྱེད་ལས་ཀྱི་སྦ།། མཁས་པས་སྡེ་པ་ཤེས་པར་བྱ།། ལས་ཀྱི་བཟླས་པ་གང་འདོད་བྱ།། བདག་ཉིད་ཡི་དམ་ལྷར་བསྒོམ་ནས།། སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས།། སྔགས་བདག་དམ་ཅན་རྒྱུད་བསྐུལ ་བས།། ཇི་ལྟར་འདོད་པའི་ལས་རྣམས་ནི།། ཐོགས་པ་མེད་པར་བྱེད་པར་བསྒོམ།། ཞི་བ་རྒྱས་པ་དབང་དང་གསུམ།། ལས་གཞུག་སྦྱིན་སྲིད་དག་གིས་གཅད།། དྲག་པོའི་ལས་ནི་ཐམས་ཅད་ཀྱི།། ལས་གཞུག་གཅད ་པའི་རིམ་པ་ནི།། བསྲེགས་དང་ཟོར་དང་གནན་པས་བཅས།། ལ་ཏ་བསོད་ནམས་ཆུང་གྱུར་པའི།། སྔགས་པས་འཕྲིན་ལས་མ་འགྲུབ་ན།། སྔོན་དུ་བསོད་ནམས་ཚོགས་བསགས་ལ།། དེ་ནས་བསྙེན་བསྒྲུབ་གཞུང ་བཞིན་བྱ།། དེ་ནས་འཕྲིན་ལས་ལན་གསུམ་སྤོགས།། ལས་གཞུང་སྔ་མ་བཞིན་དུ་བྱའོ།། དེས་ཀྱང་འགྲུབ་པར་མ་གྱུར་ན།། སྔོན་དུ་འགྲོ་བ་ཀུན་བྱས་ལས།། དམ་ཅན་གནད་ལ་དབབ་པར་བྱ།། བཟློག་ཅིང་གསད ་པར་བྱ་བ་དང་།། དཀྲུག་ཅིང་གསད་པར་བྱ་བ་དང་།། གཟིར་ཞིང་བསད་པའི་ལས་བྱའོ།། དེ་ནས་རྣལ་འབྱོར་དམ་པ་དེས།། རང་ལ་བར་ཆད་མི་ཚུགས་ཕྱིར།། ཡི་དམ་ལྷ་ཡི་བསྒོམ་བཟླས་བྱ།། རྒྱུན་གྱི་ཏིང་འཛིན ་བརྩོན་པར་བསྒོམ།། ཐ་མལ་ལུས་སུ་མི་བསམ་ཞིང་།། སྣང་སྟོང་གཉིས་སུ་མི་བསམ་ཞིང་།། སྣང་སྟོང་གཉིས་སུ་མེད་པར་བསྒོམ།། དེ་ནས་ལས་རྣམས་གྲུབ་པ་དང་།། འཇིག་རྟེན་འདས་དང་འཇིག་རྟེན ་པའི།། སྔགས་བདག་བསྲུང་མ་དམ་ཅན་ལ།། མཆོད་པ་དབུལ་ཞིང་དམ་ཚིག་བསྐངས།། རྡོ་རྗེ་ས་ལ་གནས་གྱི་བར།། རང་གི་ཡི་དམ་རྒྱུན་དུ་བསྒོམ།། སྤྱོད་ལམ་བཀའ་ཡི་གཞུང་བཞིན་བྱ།། སྣང་སྟོང་གཉིས་སུ་མེད ་པར་བསྒོམ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། རྫས་དང་། སྔགས་དང་། ཏིང་འཛིན་གྱི་བསྒོམ་བསྒྲུབ་དང་། འཕྲིན་ལས་ཉམས་སུ་བླང་བའི་ལེའུ་སྟེ་བརྒྱད་པའོ།། །། ངན་སྔགས་གཙུག་ལག ་གི་རྒུད་ཕྱི་མ། ཕྱི་མའི་ཡང་ཕྱི་མ་ཤིན་ཏུ་གསང་བ་རྫོགས་སོ།། །། སྣོད་ལྡན་ཀུན་ལ་ཡོད་ན་ངོ་མཚར་ཆུང་།། ཡོངས་ལ་སྤེལ་ན་དམྱལ་བའི་རྒྱུ།། སྣོད་ལྡན་མེད་ན་གཏེར་དུ་སྤོས།། ངག་འཇམ་ཞེ་ངན་ཅན་ལ་ཤོར ་རོ་རེ།། ལན་གཅིག་ཚེ་ཡི་དུས་བྱས་ནས།། སྣོད་ལྡན་ཡོད་ན་དེ་ལ་གཏོད།། གླེན་པ་བྱོལ་སོང་ལྟ་བུས་སྨྲས་པ་རེ།། གཅོལ་ཆུང་ཏ་ཐ་ར་ཡིས་སྤེལ་ལ་རེ།། ཨཱི་ཐི། ཨ་ཐིམ། ཀུན་ས་མ་ཡ་ཐིམ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། ་ཤིན་ཏུ་གསང་བའི་རྒྱུད་ཆེན་འདི། རྒྱ་ཡིས་བཏབ་ནས་གཏེར་དུ་སྦས་སོ།། །། @#།། རྒྱ་གར་སྐད་དུ། ཨེ་མན་ཏྲ་མར་ཀ་ལ་ཏནྟྲ། བོད་སྐད་དུ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད། ་