| Wylie | e-texts produced with BDRC’s OCR application |
@#།། རྒྱ་གར་སྐད་དུ།། ཨུ་གྲན་བི་མན་དྲ་བྱཱ་ཁྱཱ་ཏ་ཏཾ་ཏྲ། བོད་སྐད་དུ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད།། བཅོམ་ལྡན་འདས་རང་བཞིན་དང་། སྤྲུལ་པ་དང་། ལས་ལ་སྒྲུབ་བྱེད་ཟུང་གི་གཤེད ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གསང་བ་ཆེན་པོའི་གནས་ན་ལྔ་བརྒྱ་ཐ་མའི་སེམས་ཅན་ལ་ཐུགས་རྗེ་གསུམ་གྱིས་བཟུང་ཟིན་ཞིང་། རུ་ཏྲ་རྣམ་གསུམ་དང་དྲེགས་པ་ཅན ་བཏུལ་ནས། བཞུགས་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ། གསང་བ་དྲུག་གི་ངང་ལ་གནས་པ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཨེ་མ་རྡོ་རྗེ་གཤིན་རྗེ ་གཤེད།། འཕྲིན་ལས་རྒྱལ་པོ་གྲུབ་པའི་ལས།། གོང་དུ་གསུངས་པའི་རྒྱུད་རྒྱལ་ལ།། བཤད་པའི་མན་ངག་མི་འཚལ་ལམ།། ཐུགས་རྗེ་ཅན་གྱིས་བཀའ་དྲིན་གསུངས།། ལོག་ལྟ་ངན་པའི་ངང་ཚུལ་ཅན།། སེམས་ཅན ་རྗེས་སུ་གཟུང་དུ་གསོལ།། དེ་སྐད་གསོལ་བཏབ་གསན་ནས་ནི།། གསང་དྲུག་ཏིང་འཛིན་ལ་ཞུགས་ནས།། སྤྲུལ་པ་ཆེན་པོ་བཅུ་དགུ་མཛད།། བརྡ་དང་སྒྲུབ་ལུགས་སྐད་རྣམས་དང་།། རིག་པའི་བྱེ་བྲག་ཚོགས ་བརྟོལ་ནས།། མན་ངག་གཏེར་རྒྱ་རབ་ཕྱེ་ནས།། སྒོ་བཞི་དག་ནི་དབྱེ་བར་བྱ།། མ་མཐོང་རྨོངས་ལ་བསྟན་པ་དང་།། གབ་པ་དག་ནི་གྲོལ་བར་བྱེད།། དྲེགས་པ་ཐམས་ཅད་སྲོག་འཕྲོག་པའི།། ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས།། སྲོག་གནས་གཡས་གཡོན་སྲོག་ཕྲོགས་སོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ཀྱི་ཁྱད་པར་འདི་གསུངས ་སོ།། དྲག་པོ་ངན་སྔགས་བཟླས་པའི་གནས།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། འཇིག་རྟེན་འདས་དང་འཇིག་རྟེན་པའོ།། འདས་པ་རྣམ་པ་དྲུག་ཡིན་ཏེ།། བཀྲ་ཤིས་ཉམས་དགའ་བྱིན་ཆེ་དང་།། མཚན་དང་ལྡན་པ ་བཞི་རུ་བཤད།། འཇིག་རྟེན་གནས་ནི་རང་རང་རྒྱུད།། གྲགས་པའི་གནས་སུ་བསྒྲུབ་པར་བྱ།། བར་ཆོད་བསལ་བའི་ཆོ་ག་ནི།། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། དང་པོའི་ལས་སུ་འབུམ་ལྔ་བྱ།། དེ་རྗེས་སྟོང་ཉིད ་གོམས་པར་སྒོམ།། གཉིས་པའི་ལས་སུ་བྱ་བ་ནི།། རྒྱུད་གཞན་དག་ནས་གྲགས་བཞིན་བྱ།། དེ་ལྟར་ལས་ནི་བྱ་བ་དང་།། ཉམས་ཀྱི་མན་ངག་རང་ལས་འབྱུང་།། དེ་ནས་དྲག་པོ་ངན་སྔགས་སྤྱད།། དྲག་པོ་ངན་སྔགས ་ཀྱི་བཤད་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལྟ་བ་འདི་གསུངས་སོ།། རྒྱུད་དྲུག་མན་ངག་རྗེས་འབྲངས་ནས།། ཆོས་ཉིད་གསལ་བ་གཉིས་སུ་མེད།། བདེ་ཆེན ་ཆོས་རྣམས་རང་བཞིན་སྣང་།། དེ་ལྟར་སྤྱད་ན་ངན་སྔགས་འགྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་གི ་གནས་ལུགས་འདི་གསུངས་སོ།། གནས་ལུགས་གཉིས་ལ་རྟེན་ས་ལྔ།། ཕྱི་དང་ནང་དང་གསང་བའི་གནས།། གསང་ཆེན་ཡང་གསང་གཏེར་དུ་སྦས།། འབྱུང་བ་སྙིང་དང་རྩ་ཡིག་རླུང་།། དེ་ལ་བསྟན་པའི་ཤེས་པ ་ནི།། ཉོན་མོངས་ལྔ་དང་ལྡན་པའོ།། དེ་ཉིད་མི་རྟག་རླུང་རྒྱུན་འབྲལ།། དེ་བྲལ་ཕྱིར་ན་སྲོག་ཏུ་བཤད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས ་བཅོམ་ལྡན་འདས་ཀྱིས་བསྒྲལ་བའི་ཞིང་འདི་གསུངས་སོ།། བསྒྲལ་བའི་ཞིང་ནི་གསུམ་ཡིན་ཏེ།། རང་བཞིན་བསྒྲལ་བའི་ཞིང་བཅུ་དང་།། ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་དང་།། མི་བསྒྲལ་མི་རུང་ཞིང ་བཅུའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འཇིག་རྟེན་འདས་པའི་དྲག་པོ་ངན་སྔགས་བསྟན་པར་བྱ་སྟེ། དྲག་སྔགས་ཐེམས་གསུམ་ཤེས་པར ་བྱ།། ལས་མཁན་བསྐལ་པར་བཏབ་པ་དང་།། དམིགས་པ་གང་ཡིན་བཏབ་པ་དང་།། མཐའ་བསྒྱུར་ལས་སྔགས་བཏབ་པའོ།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། ཟབ་མོ་མན་ངག་དྲག་པོ་གསུམ།། རྫས་ནི་རྣམ་པ ་གསུམ་ཡིན་ཏེ།། མཆོད་དང་གཏད་དང་གསད་དང་གསུམ།། ཏིང་འཛིན་རྣམ་པ་གསུམ་ཡིན་ནོ།། ཁྱད་པར་ལས་ཀྱི་ཏིང་འཛིན་སྦྱར།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས། ཆེ་མཆོག་ཧེ་རུ་ཀའི་ངན་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་པདྨ་དབང་ཆེན་གྱི་ངན་སྔགས་འདི་གསུངས་སོ།། དྲག་པོ་པདྨའི་ཐེམས་གསུམ་བཤད་པར་བྱ།། རེ་རེ་ཡན་ལག ་གསུམ་འགྱུར་ཏེ།། ཟབ་མོ་མན་ངག་དྲག་པོ་སྟེ།། རྫས་ནི་མཆོད་གཏད་གསད་པ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས། པདྨ་དབང་ཆེན་དྲག་སྔགས་སུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕུར་པའི་ངན་སྔགས་འདི་གསུངས་སོ།། ཕུར་པའི་ཐེམས་གསུམ་ཤེས་པར་བྱ།། རེ་རེ་ཡན་ལག ་གསུམ་འགྱུར་ཏེ།། ཟབ་མོ་མན་ངག་དྲག་པོ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྡོ་རྗེ་ཕུར་པའི་ངན་སྔགས་ཀྱི ་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་བཅུའི་ངན་སྔགས་འདི་གསུངས་སོ།། ཁྲོ་བཅུ་ཐེམས་གསུམ་ཤེས་པར་བྱ།། དེ་རེ་ཡན་ལག་གསུམ་འགྱུར་ཏེ།། ཟབ་མོ་མན་ངག་དྲག་པོ་གསུམ།། རྫས ་ནི་མཆོད་གཏད་གསད་པ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁྲོ་བཅུ་ངན་སྔགས་ཀྱི་ལེའུ་སྟེ་དགུ ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱི་ངན་སྔགས་འདི་གསུངས་སོ།། དགྲ་ཡི་ཐེམས་གསུམ་ཤེས་པར་བྱ།། དེ་རེ་ཡན་ལག་གསུམ་འགྱུར་ཏེ།། ཟབ་མོ་མན་ངག་དྲག་པོ་གསུམ།། དྲག ་སྔགས་ལྔ་ལ་རིམ་བཞིན་སྦྱར།། རྫས་ནི་མཆོད་གཏད་གསད་པ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གཤིན་རྗེའི ་ངན་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེའི་དྲག་སྔགས་འདི་གསུངས་སོ།། གསང་བདག་ཐེམས་གསུམ་ཤེས་པར་བྱ།། དེ་རེ་ཡན་ལག་གསུམ་འགྱུར་ཏེ།། ཟབ་མོ་མན ་ངག་དྲག་པོ་གསུམ།། དྲག་སྔགས་ལྔ་ལ་རིམ་བཞིན་སྦྱར།། རྫས་ནི་མཆོད་གཏད་གསད་པ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་རྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད ་རྒྱུད་ལས། ཕྱག་ན་རྡོ་རྗེ་དྲག་པོ་ངན་སྔགས་གསུམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཁྱུང་གི་ངན་སྔགས་འདི་གསུངས་སོ།། ཕོ་མོ་ལས་ཀྱིས་དབྱེ་བ་ཡི། ཁྱུད ་གི་ཐེམས་གསུམ་ཤེས་པར་བྱ།། དེ་རེ་ཡན་ལག་གསུམ་འགྱུར་ཏེ།། རྫས་ནི་མཆོད་གཏད་གསད་དང་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ་བསྟེན་ལ་བསྒྲུབ།། དྲག་པོ་ངན ་སྔགས་ཀྱི་བཤད་རྒྱུད་ལས། ཡེ་ཤེས་ཁྱུང་གི་ངན་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གསོ་བའི་ལས་འདི་གསུངས་སོ།། གསོ་བ་རྣམ་པ་བཞི་ཡིན་ཏེ།། རྫས་དང ་སྔགས་དང་ཏིང་ངེ་འཛིན།། རྐང་པའི་རྫས་ཀྱིས་གསོ་བའོ།། རྫས་ནི་ཁུས་འདེབས་སྦྱོར་བ་སྟེ།། བསྲུང་རྫས་གསད་རྫས་གསོ་བའི་རྫས།། སྡུག་སྦྱིན་རྫས་དང་གསད་པའི་རྫས།། ཕྱི་རྫས་ནང་རྫས་མཐར་ཐུག ་རྫས།། གཉེན་པོའི་རྫས་དང་འབྲེལ་བའི་རྫས།། ཤི་རི་ལོག་གི་རྫས་བརྒྱད་དེ།། གོང་གི་རྫས་རྣམས་བཅུ་བཅུར་འགྱུར།། རྫས་ནི་བརྒྱ་རྩ་བརྒྱད་དུ་བསྟན།། སྔགས་ནི་སྡེ་དྲུག་ལས་དང་བཅས།། གསང་སྔགས་རིག ་སྔགས་གསུངས་པ་དང་།། སྙིང་པོ་ལས་སུ་བསྟན་པ་ལ།། བོད་ཐབས་རྣམ་པ་བཞིར་འགྱུར་རོ།། དེ་ལས་ཆེ་བས་བརྗོད་ལས་འདས།། ཏིང་འཛིན་རྣམ་པ་གཉིས་སུ་བསྟན།། མཚན་ཆས་དང་ནི་མཚན་མེད་དོ།། རེ་རེ ་ཡན་ལག་རྣམ་གཉིས་ཏེ།། རྟེན་པ་དང་ནི་རྟེན་མེད་དོ།། བསྐང་བའི་རྫས་ཀྱིས་གསོ་བ་ནི།། རང་རང་རྒྱུད་སྡེ་མཐའ་དག་བལྟ།། སྤྱི་ཡི་བུམ་པའི་སྦྱོར་བ་ནི།། ཆུ་དང་འོ་མ་སྨན་གསང་ཁྲུས།། བུམ་པ་ཕྱི་ནང་གསང་བ ་གསུམ།། གསོ་བའི་ལས་སུ་བསྟན་པ་ཡིན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གསོ་བའི་ལས་བཤད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ལྡན་ཀྱིས་ཆེ་མཆོག་ཧེ་རུ ་ཀའི་ཆུ་འཁྱགས་ཀྱི་ལས་འདི་གསུངས་སོ།། དབབ་ཐབས་རྣམ་པ་བཞི་ཡིན་ཏེ།། བསྒྲུབ་པས་བཙུན་གྱིས་དབབ་པ་དང་།། མཐའ་རྒྱ་ཟོར་གྱིས་དབབ་པ་དང་།། རྣལ་འབྱོར་ཐབས་ཀྱིས་དབབ་པ་དང་།། སྦྱོར་ཀ་ལས ་ཀྱིས་དབབ་པའོ།། བསྒྲུབ་པས་བཙུན་ལ་གཉིས་ཡིན་ཏེ།། བསྒྲུབ་པ་དང་ནི་འབྲེལ་བའོ།། སྔགས་ལ་རྣམ་པ་བཞི་ཡིན་ཏེ།། ཐེམས་དང་འཁྲུལ་དང་ཨར་གཞུང་དང་།། རྫས་ནི་རྣམ་པ་བཞི་རུ་བསྟན།། བསྒྲུབ་དང ་རྣོལ་དང་སྦྱོར་རྫས་བཞི།། ཏིང་འཛིན་གསལ་བ་གསུམ་དང་ལྡན།། དེ་ཡིས་སྦྱིན་ཐང་གདོན་མི་ཟ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཆེ་མཆོག་ཧེ་རུ་ཀའི་སེར་བ་དབབ་པའི་ལེའུ་སྟེ་བཅུ་བཞི ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་པདྨ་དབང་ཆེན་གྱི་ཆུ་འཁྱགས་ཀྱི་ལས་འདི་གསུངས་སོ།། དབབ་པ་བཞི་དང་སྔགས་ཐེམས་བཞི།། རྫས་བཞི་ཏིང་འཛིན་གསལ་གསུམ་ལྡན།། དེ་ཡིས་སྦྱིན་ཐང་གདོན ་མི་ཟ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། པདྨ་དབང་ཆེན་གྱི་སེར་བ་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཕུར་པའི་ཆུ་འཁྱགས་ཀྱི་ལས་འདི་གསུངས་སོ།། དབབ་ཐབས ་བཞི་དང་སྔགས་ཐེམས་བཞི།། རྫས་བཞི་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕུར་པའི་སེར་བ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ ་བཅུའི་ཆུ་འཁྲུགས་ཀྱི་ལས་འདི་གསུངས་སོ།། དབབ་ཐབས་བཞི་དང་སྔགས་ཐབས་བཞི།། རྫས་བཞི་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁྲོ་བཅུའི་སེར་བ་དབབ་པའི་ལེའུ་སྟེ ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་གཤེད་ཀྱི་སེར་བ་དབབ་པའི་ལས་འདི་གསུངས་སོ།། དབབ་ཐབས་བཞི་དང་སྔགས་ཐེམས་བཞི།། རྫས་བཞི་ཏིང་འཛིན་གསལ་གསུམ ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཤིན་རྗེ་གཤེད་ཀྱི་སེར་བ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོའི་ཆུ་འཁྲུགས་དབབ་པ་འདི་གསུངས ་སོ།། དབབ་ཐབས་བཞི་དང་སྔགས་ཐེམས་བཞི།། རྫས་བཞི་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས། ཕྱག་ན་རྡོ་རྗེའི་སེར་བ་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཁྱུང་གི་ཆུ་འཁྱགས་ཀྱི་ལས་འདི་གསུངས་སོ།། དབབ་ཐབས་བཞི་དང་སྔགས་ཐེམས་བཞི། རྫས་བཞི་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཡེ ་ཤེས་ཁྱུང་གི་སེར་བ་དབབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་གི་ལས་འདི་གསུངས་སོ།། བསྒྲུབ་ལུགས་གསུམ་དང་ལྗགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན ་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཆེ་མཆོག་གི་ཐོག་དབབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། པདྨ་དབང་གི་ཐོག་ཆེན་ནི།། བསྒྲུབ་ལུགས་གསུམ་ལ ་སྔགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། པདྨ་དབང་ཆེན་གྱི་ཐོག་དབབ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྡོ ་རྗེ་ཕུར་པའི་ཐོག་ཆེན་ནི།། བསྒྲུབ་ལུགས་གསུམ་ལ་སྔགས་ཐེམས་ཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། རྡོ་རྗེ་ཕུར་པའི་ཐོག་དབབ་པའི་ལེའུ་སྟེ་ཉེར་གསུམ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། ཁྲོ་བཅུ་ཐོག་ཆེན་དབབ་པ་ནི།། བསྒྲུབ་ལུགས་གསུམ་ལ་སྔགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁྲོ ་བཅུ་ཐོག་དབབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཤིན་རྗེ་གཤེད་ཀྱི་ཐོག་ཅན་དབབ།། བསྒྲུབ་ལུགས་གསུམ་ལ་སྔགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཤིན་རྗེ་གཤེད་ཀྱི་ཐོག་དབབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་བའི་བདག་པོའི་ཐོག་ཆེན་ནི།། བསྒྲུབ་ལུགས་གསུམ་ལ ་སྔགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕྱག་ན་རྡོ་རྗེའི་ཐོག་དབབ་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས ་ཁྱུང་གི་ཐོག་ཆེན་ནི།། བསྒྲུབ་ལུགས་གསུམ་ལ་སྔགས་ཐེམས་བཞི།། རྫས་གསུམ་ཏིང་འཛིན་གསལ་གསུམ་ལྡན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཡེ་ཤེས་ཁྱུང་གི་ཐོག་དབབ་པའི་ལེའུ་སྟེ་ཉེར་བདུན ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་སེར་བཅད་པའི་ལས་འདི་གསུངས་སོ།། གཅད་ཐབས་རྣམ་པ་གཉིས་ཡིན་ཏེ།། མངལ་སེར་རྒྱལ་སེར་རྣམ་གཉིས་སོ།། མངལ་སེར་ཕུར་པ་ལྐོག་མོ་དང་།། མཆོད ་རྟེན་རྫས་བརྒྱད་སྦྱོར་བ་བྱ།། ཉི་ཤུ་རྩ་གཅིག་རྫས་དང་ལྡན།། རྒྱལ་སེར་རྣམ་པ་བཞི་རུ་བསྟན།། ཞེ་སྡང་གོ་བྲལ་ང་རྒྱལ་བཅག། ལྟོང་མེད་མདའ་འཕང་འདོད་ཆགས་སྤང་།། བླ་བཅང་སྲིན་གནན་གནང་ལ ་དབབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཐོར་སེར་གཅད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྒྲོལ་བའི་དབང་བསྐུར་བཤད་པར་བྱ།། ནུས་པ་སེམས་དང་ཤེས་པར ་དོན།། བྱ་བ་ལས་ཀྱི་དབང་རྣམས་བསྐུར།། སྔགས་དང་སྔགས་བདག་མ་བྲལ་བའོ།། དེ་ལ་བྱིན་བརླབས་རྣམ་གསུམ་བྱ།། གདམས་ངག་རྣམ་གསུམ་མཆོད་པར་བཅད།། དྲག་པོ་ངན་སྔགས་ཀྱི་བཤད ་རྒྱུད་ལས། དབང་བསྐུར་བྱིན་གྱིས་བརླབ་པ་དང་མན་ངག་གི་གནང་བ་གནོད་པའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་མ་མོའི་ངན་སྔགས་འདི་གསུངས་སོ།། མ ་མོའི་ཐེམས་གསུམ་ཤེས་པར་བྱ།། རེ་རེ་ཡན་ལག་གསུམ་དང་ལྡན།། ཟབ་མོ་མན་ངག་དྲག་པོ་གསུམ།། རྫས་ནི་མཆོད་གཏད་གསད་པ་གསུམ།། ཏིང་འཛིན་རང་དང་ཁྱད་པར་གཉིས།། དཀྱིལ་འཁོར་རྣམ་གསུམ ་བསྟེན་ལ་བསྒྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མ་མོའི་ངན་སྔགས་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཙོ་མོ་ཐེམས་གསུམ་ཤེས་པར་བྱ།། བསྒྲུབ་ལུགས་བཞི ་ལ་ལས་བདུན་ཏེ།། བསད་དང་གསོ་དང་དབབ་དང་བཅད།། གནན་དང་གཟིར་དང་ཆོ་འཕྲུལ་ལ།། བཟླས་དང་བསྡེབ་ནི་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཙོ་མོ་ལྔའི་སྔགས་ཀྱི་ལེའུ་སྟེ་སོ ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཐོག་གི་བུ་ཡུག་ངན་སྔགས་བསྟན།། རྟེན་གསུམ་དག་ལ་བསྒྲུབ་ལུགས་གསུམ།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས། ཐོག་གི་བུ་ཡུག་གསུམ་གྱི་སྦྱོར་བའི་ངན་སྔགས་ཀྱི་ལེའུ་བྷ་སོ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཨེ་ཀ་ཛ་ཏིའི་ངན་སྔགས་ནི།། བསླབ་ལུགས་རྣམ་པ་གསུམ་པོ་ལ།། མན་ངག་རྫོགས་པ ་སྦྱོར་བ་བྱ།། དྲག་པོ་ངན་སྔགས་བཤད་རྒུད་ལས།། ཨེ་ཀ་ཛ་ཏིའི་ངན་སྔགས་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དཀར་སྤག་ནག་མོ་གསུམ་པོ་ནི།། བསླབ་ལུགས་གསུམ་གསུམ་དབྱེ ་བར་བྱ།། མན་ངག་རྫོགས་པའི་སྦྱོར་བ་ཟ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དཀར་སྡུག་ནག་མོ་གསམ་གྱི་ངན་སྔགས་ཀྱི་ལེའུ་སྟེ་ས་བཞི་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ས་ཨོཾ་ནག ་མ་ཏིའི་ངན་སྔགས་བསྟན།། བསླབ་ལུགས་རྣམ་པ་གསུམ་ཤེས་བྱ།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས། ལྷ་མོ་ནག་མོ་རེ་མ་ཏིའི་ངན་སྔགས་ཀྱི་ལེའུ་རྩེ་སོ་ལྔ་པའོ།། །། དེ ་ནས་ཡང་དག་བཞད་བྱ་བ། ཁ་རག་སྲིན་མོ་བལ་མོ་གསུམ།། ནག་མོ་སྲང་གསུམ་དམ་ཅན་རྣམས།། བཟླབ་ལྤགས་དྲུག་ལ་རྟེན་ནས་ནཾ།། མ་མོ་དབྱེ་གསལ་བྱས་ནས་ཀྱང་།། མན་ངག་རྫོགས་པའི་སྦྱོར་བ་ཐ།། དྲག ་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ནག་མོ་ཡབ་ཡུམ་འཁོར་བཅས་ཀྱི་ངན་སྔགས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཟའ་གདོང་ཡབ་ཡུམ་མི་སྲིང་གི། བསྒྲུབ་ལུགས་བཞི་ལ ་བརྟེན་ནས་ནི།། བཅུ་དྲུག་གསང་བའི་སྦྱོར་བ་རྣམས།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཟའ་གདོང་མིང་སྲིང་ཡབ་ཡུམ་འཁོར་བཅས་ཀྱི་ངན་སྔགས ་གཏན་ལ་དབབ་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བསེ་ཡི་ལྷ་མོ་བཞི་རྣམས་ལ།། བསྒྲུབ་ལུགས་བཞི་ལ་གཟུགས་བཞིར་སྣང་།། ཕྱག་བརྙན་གཡོག་འཁོར་བཅས་པ་ཡིན།། མན ་ངག་རྫོགས་པའི་སྦྱོར་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བསེ་མོ་བཞིའི་ངན་སྔགས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མ་མོ་སྤྱི་ཡི་མན་ངག་བསྟན།། སྐྱོན་སྤངས་ཡོན ་ཏན་བཅུ་བཞི་ལྡན།། དམ་ཚིག་ལ་སོགས་ཀུན་ལ་ཡང་།། ཡན་ལག་གསུམ་གསུམ་ཀུན་ལ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མ་མོ་སྤྱིའི་ངན་སྔགས་ཀྱི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་ཡང་དག ་བཤད་བྱ་བ།། ལས་ཀྱི་གཤིན་རྗེའི་དྲག་སྔགས་ནི།། བསྒྲུབ་ལུགས་གསུམ་ལ་གང་བརྟེན་ནས།། མན་ངག་རྫོགས་པའི་སྦྱོར་བ་བྱ།། སྦྱོར་བ་ཉི་ཤུ་རྩ་གཅིག་ནི།། དྲག་པོ་ངན་སྔགས་ཀུན་ལ་བརྩི།། དྲག་པོ་ངན ་སྔགས་ཀྱི་བཤད་རྒྱུད་ལས། ལས་ཀྱི་གཤིན་རྗེའི་ངན་སྔགས་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ།། ཡབ་ལ་གསུམ་ལ་ཡུམ་ལ་དྲུག། བསྒྲུབ་པ ་ལེགས་པར་དབྱེ་བར་བྱ།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་ངན་སྔགས་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་ཡང་དག་བཤད ་བྱ་བ།། ལེགས་ལྡན་ནག་པོ་ཆེན་པོ་ཡི།། བསྒྲུབ་ལུགས་དྲུག་ལ་བརྟེན་པ་ལ།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལེགས་ལྡན་ནག་པོ་ངན་སྔགས་ཀྱི་ལེའུ་སྟེ་ཞེ་གཉིས ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡ་བདུད་མེ་ཡི་ཁ་རླངས་ཅན།། བསྒྲུབ་ལུགས་ལྔ་ལ་གང་བརྟེན་པའི།། མན་ངག་རྫོགས་པའི་སྦྱོར་བ་བྱ།། བདུད་ནག་མོ་ཡི་ཁ་རླངས་ཅན།། དེ་ལ་གསང་གསུམ་སྦྱོར་བ ་བརྩམ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཡ་བདུད་མེའི་ཁ་རླངས་ཅན་གྱི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྲོག་བདག་དཀར་པོ་སྙིང་འབྱིན་གྱི།། བསྒྲུབ་ལུགས ་ལྔ་ལ་བསྟེན་ནས་ནི།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྲོག་བདག་དཀར་པོའི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གྱད་ཀྱི་གཙོ ་མོ་ཞེས་བྱ་བའི།། བསྒྲུབ་ལུགས་བཞི་ལ་བརྟེན་ནས་ནི།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། བར་སྣང་ཁམས་ཀྱི་ལྷ་འདྲེ་ཆེན་པོ་བསྒྲུབ་པའི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་ལྔ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གིང་ཆེན་རྡོ་རྗེ་ལེགས་པ་ཡི།། དྲག་པོ་ངན་སྔགས་བསྟན་པ་ནི།། བསྒྲུབ་ལུགས་བདུན་ལ་གང་བསྟེན་པའི།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གིང་ཆེན་རྡོ་རྗེ་ལེགས་པའི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི།། བསྒྲུབ་ལུགས་བཞི་ལ་གང་བརྟེན ་པ།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དྲེགས་པ་སྡེ་བརྒྱད་ཀྱི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཆི་བདག་ནག་པོ་མགོ་དགུ ་པའི།། བསྒྲུབ་ལུགས་བཞི་ལ་གང་བརྟེན་པའི།། མན་ངག་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། འཆི་བདག་ནག་པོ་མགོ་དགུ་པའི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས ་ཡང་དག་བཤད་བྱ་བ།། དྲེགས་པ་རྣམས་ཀྱི་རྫས་བསྟན་པ།། མི་ལྡོག་མི་འཁུ་དམ་ལ་གནས།། རྟེན་རྫས་མཆོད་རྫས་ལས་ཀྱི་རྫས།། བསྲུང་རྫས་གསོ་རྫས་གཟིར་བའི་རྫས།། བསྡུས་པས་རྣམ་པ་དགུ་རུ ་འགྱུར།། ཏིང་འཛིན་སྦྱོར་བ་དེ་དང་འདྲ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྫས་དང་ཏིང་འཛིན་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྔགས་ཀྱི་དྲོད་ཚད་བསྟན་པ ་ནི།། ལྷ་ཡི་དྲོད་ཚད་བསྟན་པ་དང་།། ཡི་དྭགས་བགེགས་ཀྱི་དྲོད་ཚད་དོ།། དང་པོ་བགེགས་ཀྱི་རྟགས་འབྱུང་སྟེ།། རྨི་ལམ་ཉམས་དང་དངོས་སུ་སྣང་།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། གཡོ་དང་ཐོབ་དང་བསྟན་པ ་གསུམ།། གཡོ་བ་དང་པོ་བར་མཐའ་གསུམ།། ལྷ་ཡི་དྲོད་ཚད་རྟགས་བསྟན་པ།། བྱིན་རླབས་རྨི་ལམ་ལྷ་རྟགས་གསུམ།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། གཡོ་དང་ཐོབ་དང་བརྟན་པ་གསུམ།། ནོར་བ་དང་ནི་མ ་ནོར་གཉིས།། ཕྱི་དང་ནང་དང་གཉིས་སུ་བསྟན།། རེ་རེ་ལ་ཡང་གསུམ་གསུམ་འགྱུར།། ལྷ་ལ་འཁོར་དང་གཙོ་བོ་གཉིས།། གཙོ་བོ་གཡོ་རྟགས་དྲོད་རྩེ་མོ།། གཙོ་བོ་ཐོབ་མཐོང་རྨི་ལམ་མོ།། གཙོ་བོ་བསྟན་པ་ཆོས་ཀྱི ་སྐུ།། དྲག་པོ་ངན་སྔགས་བསྟན་པ་ཡི།། སྟོང་དང་ཁྲི་དང་འབུམ་དུ་གྲགས།། དུས་ནི་བདུན་ནམ་བཅུ་ཞིའམ།། ཉི་ཤུ་གཅིག་ཏུ་བཟླས་པར་བྱ།། ལོ་ཡི་གྲངས་དང་ཞག་གྲངས་སོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས། དྲོད་ཚད་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ངན་སྔགས་དམོད་མོ་གང་བྱེད་ཀྱང་། ཁ་སྦྱོར་རྣམ་གསུམ་སྦྱོར་བ་ཡི།། ཉམས་པ ་ལྷ་དང་དབྲལ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁ་སྦྱོར་རྣམ་གསུམ་གྱི་ལེའུ་སྟེ་ལྔ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཆེ་མཆོག་ཧེ་རུ་ཀའི་འཁྲུལ་འཁོར་བཤད།། རྫས་དང་སྔགས ་དང་ཏིང་འཛིན་གྱིས།། འཁྲུལ་འཁོར་རྣམ་གསུམ་བསྐོར་བ་བྱ།། རྫས་ཀྱི་འཁྲུལ་འཁོར་ཕྱི་ནང་གསུམ།། བསྡུས་དང་རྒྱས་དང་འབྲིང་དང་གསུམ།། ནམ་མཁའ་བར་སྣང་ས་གསུམ།། སྔགས་ནི་གསང ་དོན་དགུ་བཅུའོ།། ཏིང་འཛིན་སྦྱོར་བ་རྫས་དང་འདྲ།། དྲག་སྔགས་དུས་སུ་ལྕགས་ཁང་བཅའ།། རྟེན་འབྲེལ་སྐྱེ་བཞི་རྟེན་དང་བཅས།། མི་ཟར་སྒོ་མེད་ལྕགས་ཁང་འདྲ།། གསུམ་འགྱུར་གསུམ་པའི་ཁང་པ ་ནི།། སྔགས་ཀྱི་རྟེན་དུ་བཤད་པ་ཡིན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཆེ་མཆོག་ཧེ་རུ་ཀའི་འཁྲུལ་འཁོར་བསྐོར་བ་དང་དྲག་སྔགས་བཅའ་བའི་ལེའུ་སྟེ་ང་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ ་པ།། གཙོ་འཁོར་འཁྲུལ་འཁོར་བསྐོར་བ་ནི།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུ་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཙོ ་འཁོར་འཁྲུལ་འཁོར་བསྐོར་བ་དང་། ལྕགས་ཁང་གི་ལེའུ་སྟེ་ང་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། པདྨ་དབང་གི་འཁྲུལ་འཁོར་བཤད།། སྔགས་དང་རྫས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི ་ཏིང་འཛིན་སྐུལ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དབང་གི་འཁྲུལ་འཁོར་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་ང་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ ་བ།། རྡོ་རྗེ་ཕུར་པའི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྡོ་རྗེ་ཕུར ་པའི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་ང་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཁྲོ་བོ་བཅུ་ཡི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁྲོ་བོ་བཅུའི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་ང་དྲུག་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། འཇམ་དཔའ་སྐུ་ཡི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲགས་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད ་རྒྱུད་ལས། འཇམ་དཔལ་སྐུའི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་ང་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་གསུང་གི་འཁྲུལ་འཁོར་བཅའ།། རྫས་དང་སྔགས་དང ་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། འཇམ་དཔལ་གསུང་གི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི ་ལེའུ་སྟེང་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་ཐུགས་ཀྱི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས ་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། འཇམ་དཔལ་ཐུགས་ཀྱི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་ང་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཇམ ་དཔལ་ཡོན་ཏན་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། འཇམ་དཔལ ་ཡོན་ཏན་གྱི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་དྲུག་བཅུ་ཟམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་འཕྲིན་ལས་འཁོར་ལོ་བཤད།། རྫས་དང་སྔགས་དང་ཏིང་འཛིན ་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། འཇམ་དཔལ་འཕྲིན་ལས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་གཅིག་པའོ།། །། དེ ་ནས་ཡང་དག་བཤད་བྱ་བ།། གསང་བདག་ལྷ་ཡི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི ་བཤད་རྒུད་ལས། ཕྱག་ན་རྡོ་རྗེ་སྐུའི་འཁོར་ལོ་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་རེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་བདག་གསུང་གི་འཁོར་ལོ་བཤད།། སྔགས་དང་རྫས་དང ་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕྱག་ན་རྡོ་རྗེ་གསུང་གི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི ་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་བདག་ཐུགས་ཀྱི་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང ་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕྱག་ན་རྡོ་རྗེ་ཐུགས་ཀྱི་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་རེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་བདག་ཡོན ་ཏན་འཁྲུལ་འཁོར་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕྱག་ན་རྡོ་རྗེ་ཡོན་ཏན ་འཁྲུལ་འཁོར་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་རེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་བདག་འཕྲིན་ལས་འཁོར་ལོ་བཤད།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུ ་ཏིང་འཛིན་དགུ།། དྲག་སྔགས་ལྕགས་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཕྱག་ན་རྡོ་རྗེ་འཕྲིན་ལས་ཀྱི་འཁོར་ལོ་བསྐོར་བ་དང་ལྕགས་ཁང་བཅའ་བའི་ལེའུ་སྟེ་རེ་དྲུག ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་ཁྱུང་ཆེན་འཁྲུལ་འཁོར་བཤད།། ཕོ་མོ་བྱེ་བྲག་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་ནོ།། དགུ་བཅུ་རྩ་དགུའི་ཏིང་འཛིན་དགུ།། དྲག་སྔགས་ལྕགས ་ཁང་བཅའ་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བྱ་ཁྱུང་འཁྲུལ་འཁོར་བསྐོར་བ་དང་དྲག་སྔགས་ལྕགས་ཁང་པ་བཅའ་བའི་ལེའུ་སྟེ་རེ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མ་མོའི ་འཁྲུལ་འཁོར་བསྐོར་བར་བྱ།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། བདག་གཞན་སྔགས་ཀྱི་དབྱེ་བ་ནི།། བདག་ལ་སྣང་བ་གསུམ་ཡིན་ཏེ།། གཞན་ལ་སྣང་བ་བཞི་རུ་སྦྱར།། སྔགས་ལ་གསུམ་ལ་གཅིག་བཅུར ་བ། ཐུན་གྱི་མན་ངག་བཞི་དང་སྦྱར།། ཚད་མ་རྣམ་པ་བཅུ་པོ་ལ།། གཞན་ལ་ཅི་རིགས་སྦྱར་བར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མ་མོ་འཁྲུལ་འཁོར་བསྐོར་བའི་ལེའུ་སྟེ་རེ་བརྒྱད་པའོ།། དེ ་ནས་ཡང་དག་བཤད་བྱ་བ།། གཙོ་མོ་ལྔ་ཡི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གཙོ་མོ་ལྔའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་དགུ་པའོ།། །། དེ ་ནས་ཡང་དག་བཤད་བྱ་བ།། ཐོག་གི་བུ་ཡུག་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཐོག་གི་བུ་ཡུག་འཁོར་ལོ་བསྐོར་བའི་ལེའུ་སྟེ་བདུན་ཅུ་ཐམ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཨེ་ཀ་ཛ་ཏིའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཨེ་ཀ་ཛ་ཏིའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དཀར་སྨུག་ནག་མོ་གསུམ་གྱིས་འཁོར་ལོ་བསྐོར།། བདག་གཞན་ངན་སྔགས་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། མ་མོ་དཀར་སྨུག་ནག་མོ ་གསུམ་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལྷ་མོ་ནག་མོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད ་རྒྱུད་ལས།། ལྷ་མོ་ནག་མོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བདུད་ནག་ཁ་རག་བཀྲག་མེད་ཀྱི།། དྲག་པོ་འཁོར་ལོ་བསྐོར་བར་བྱ།། བདག་གཞན་སྔགས་ཀྱི ་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁ་རག་ནག་མོ་བཀྲག་མེད་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། ཁ་འདར་ནག་མོའི་འཁོར་ལོ ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁ་འདར་ནག་མོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བལ ་མོ་སྤུན་གསུམ་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། བལ་མོ་སྤུན་གསུམ་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་དྲུག་པའོ།། །། དེ་ནས་ཡང་དག ་བཤད་བྱ་བ།། ནག་མོ་ཕུང་གསུམ་གྱིས་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ནག་མོ་ཕུང་གསུམ་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བདུན ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གློག་འཕྲེང་ནག་མོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གློག་འཕྲེང་ནག་མོའི་འཁོར་ལོ་བསྐོར་བའི ་སྟེ་དོན་བརྒྱད་པའོ།། དེ་ནས་ཡང་དག་བཤད་བྱ་བ།། སྒལ་མགོ་ཁྲག་མིག་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། སྒྲས་མགོ་ཁྲག་མིག་མའི ་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཟའ་བདུད་ཆེན་པོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ་གཟའ་མཆོག་ཆེན་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བརྒྱད་བཅུ་ཟམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གདོང་མོ་བཞི་ཡི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི ་བཤད་རྒྱུད་ལས། གདོང་མོ་བཞི་ཡི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བསེ་མོ་བཞི་ཡི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན ་སྔགས་ཀྱི་བཤད་རྒྱུད་ལས། བསེ་མོ་བཞི་ཡི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་གཤིན་རྗེ་སྐུ་ཡི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ ་བརྩི།། གཤེད་མ་བདུད་བསླང་འཆི་བདག་འཁོར་ལོ་བསྐོར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ལས་ཀྱི་གཤིན་རྗེ་སྐུའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ ་བ།། ལས་ཀྱི་གཤིན་རྗེ་གསུང་གི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། ལས་ཀྱི་གཤིན་རྗེ་གསུང་གི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི ་གཤིན་རྗེ་ཐུགས་ཀྱི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལས་ཀྱི་གཤིན་རྗེ་ཐུགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་ལྔ་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། ལས་ཀྱི་གཤིན་རྗེ་ཡོན་ཏན་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལས་ཀྱི་གཤིན་རྗེ་ཡོན་ཏན་གྱི་འཁོར་ལོ་བསྐོར ་བའི་ལེའུ་སྟེ་གྱ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་གཤིན་རྗེ་འཕྲིན་ལས་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལས་ཀྱི་གཤིན ་རྗེ་འཕྲིན་ལས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྩ་བ་གཅིག་དྲིལ་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད ་ལས།། ལས་ཀྱི་གཤིན་རྗེ་གཅིག་ཏུ་དྲིལ་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དབང་ཕྱུག་ཆེན་པོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དབང་ཕྱུག་ཆེན་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མགོན་པོ་ལེགས་ལྡན་ནག་པོའི་འཁོར་ལོ་བསྐོར།། བདག ་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ནག་པོ་འཁོར་ལོ་བདུན་པ་བསྐོར་བའི་ལེའུ་སྟེ་དགུ་བཅུ་ཐམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡ་བདུད་མེ་ཡི་ཁ་རླངས ་ཅན།། འཁོར་ལོ་དྲུག་ཏུ་བསྐོར་བར་བྱའོ།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བདུད་ནག་པོ་མེ་ཡི་ཁ་རླངས་ཅན་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་གཅིག ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྲོག་བདག་རྒྱལ་པོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྲོག་བདག་སྲིད་པའི་རྒྱལ་པོའི་འཁོར་ལོ ་བསྐོར་བའི་ལེའུ་སྟེ་གོ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྲོག་བདག་དམར་པོའི་འཁོར་ལོ་བསྐོར།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། སྲོག་བདག་དམར ་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གིང་ཆེན་རྡོ་རྗེ་ལེགས་པའི་ཆོ་ག་བཤད།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ་གིང་ཆེན་རྡོ་རྗེ་ལེགས་པའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི།། དྲག་ཏུ་འཁོར་ལོ་བསྐོར་བར་བྱ།། བདག་གཞན་སྔགས་ཀྱི་ཚད་མ ་བརྩི།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཆི་བདག་རྒྱལ་པོ་མགོ་དགུ་པའི།། དྲག་པོ་འཁོར ་ལོ་བསྐོར་བར་བྱ།། བདག་གཞན་སྔགས་ཀྱི་ཚད་མ་བརྩི།། སྤྱིར་ན་འཁོར་ལོ་ཐམས་ཅད་ལ།། གྲུབ་པོ་བཞི་པོ་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། འཆི་བདག་རིགས་པའི་འཁོར ་ལོ་བསྐོར་བའི་ལེའུ་སྟེ་གོ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྟེན་ཅན་རྣམས་ཀྱི་འཁོར་ལོ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། ནམ་མཁའ་བར་སྣང་ས་གཞི་གསུམ།། ཐམས་ཅད་རིགས་ཀྱིས་མཚོན ་པར་བཤད།། རྩིབས་དང་རྩིབས་རྟེན་ཡིག་གྲགས་བཞི།། དྲན་བྱེད་གནས་སུ་བསྒྲུབ་བྱ་བྲི།། གབ་པ་མངོན་དུ་བསྟན་པའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྟེན་གྱི་འཁོར་ལོ་སྟེན་པའི་ལེའུ་སྟེ་གོ་བདུན ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གལ་ཏེ་སྔགས་པ་དམ་ཅན་དེས།། མི་བྱར་མི་འདོད་དུས་བྱུང་ན།། རྟེན་ཅན་རྫས་ཀྱི་འཁོར་ལོ་དེ།། ཆུ་མིག་དགུ་ཡི་གནས་དག་ཏུ།། ཀླུ་ཡི་ལུས་ངག་ཡིད་གསུམ ་གྱི།། གནས་ལུགས་ངེས་པར་བསྟན་པ་ནི།། ཡར་ནི་ལུས་ཏེ་མར་ངག་གོ། བར་ན་ཡིད་ཀྱི་གནས་ནི་གནས།། རིགས་དགུ་ཀུན་ལ་མཁས་པས་བྱ།། འཁོར་ལོ་བཟློག་དང་འཁྱམ་པ་དང་།། ལྟོ་བྲལ་རྟོག་ཏུ་འཁོར་བ ་བཞི།། རྟོག་པ་བཞི་ལ་འཁྱམ་པ་བཞི།། ལྟོ་བྲལ་བཞི་ལ་འཁོར་ལོ་བཞི།། འཁྱམ་པ་འདྲེན་བྱེད་མན་ངག་བཞི།། ལྷ་བྲལ་ཁ་སྦྱོར་རྣམ་པ་བཞི།། འཁོར་ནི་གཤེགས་པ་རྣམ་པ་བཞི།། འཁོར་ལོ་རིམ་པ་མདོར་བསྡུས ་པའོ།། རྒྱས་པར་འཁྲུལ་འཁོར་གཙུག་ལག་ནི།། རྒྱུད་སྡེ་བཅོ་བརྒྱད་རྒྱས་པར་བཤད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། འཁོར་ལོ་གཏད་ཁྲམ་མནན་པའི་ལེའུ་སྟེ་གོ་བརྒྱད་པའོ།། །། དེ་ནས་ཡང་དག ་བཤད་བྱ་བ།། དྲག་སྔགས་འཁོར་ལོ་གང་བསྒྲུབ་དང་།། རྫས་ནི་རྣམ་པ་བཅུ་རྣམས་ལ།། གོང་འོག་ནོར་བ་དུག་ཡིན་ནོ།། སྔགས་ནི་དྲག་སྔགས་རྣམས་དགུ་དང་།། བཅུ་དྲུག་འཁྲུལ་པ་དུག་ཡིན་ནོ།། དྲུག་བྲན་དབྱེ ་བ་བཞི་འམ་བཅུ།། དེ་ལས་ཕྱེ་བས་བཞི་བརྒྱ་ལྔ་བཅུ།། ཏིང་འཛིན་དུག་ནི་གཉིས་སུ་འགྱུར།། ཡེ་ཤེས་བྲལ་དང་མཚན་བཅས་འཁྲུལ།། སྔགས་བཞི་རྟེན་དང་ལྡན་པས་དབྱུང་།། གྲོགས་ཀྱི་དུག་ནི་གཉིས་སུ ་འགྱུར།། སྤྱི་དང་ཁྱད་པར་དམ་ཉམས་པའོ།། བགེགས་ཀྱི་དུག་ནི་གཉིས་སུ་འགྱུར།། རང་བཞིན་བགེགས་དང་རྟེན་འབྲེལ་བགེགས།། ལྔ་ཕྱུང་བས་ནི་རྒྱན་དུ་འགྱུར།། གཞན་ཡང་བསྒྲུབ་པ་གདེང་ལྡན་པས།། ཉོན ་། མོངས་ལྔ་ཡི་དུག་དབྱུང་ཞིང་།། མན་ངག་རྒྱན་ལྔ་གདགས་པར་བྱ།། རེ་རེ་ཡན་ལག་བཞི་བཞི་སྤགས།། དོན་དང་རྟགས་དང་ཆེན་པོ་འགྲུབ།། སྤངས་པས་དངོས་གྲུབ་ཡུན་དུ་འབྱུང་།། དྲག་པོ་ངན་སྔགས་ཀྱི་བཤད ་རྒྱུད་ལས། དུག་ལྔ་དབྱུང་ཞིང་རྒྱན་ལྔ་གདགས་པའི་ལེའུ་སྟེ་གོ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲག་སྔགས་དམ་ཚིག་བསྟན་པར་བྱ།། དམ་ཚིག་རྣམ་པ་གསུམ་ཡིན་ཏེ།། མཆོག་དང་ཐུན་མོངས ་ཁྱད་པར་རོ།། མཆོག་ནི་སྤྱི་ཡིན་ཐུན་མོང་བདུན།། ཁྱད་པར་རྣམ་པ་བཅུ་དགུ་ཡིན།། རང་རང་རྒྱུད་དུ་གྲགས་པར་བཤད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ ་བརྒྱ་ཟམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཐེག་པ་ཆེ་ལ་གནས་པ་དང་།། བདག་དོན་གཞན་དོན་བསྒྲུབ་པའི་ཕྱིར།། སྡིག་ཅན་གནས་པར་འདི་ལྟར་བྱ།། བསྒྲལ་བ་རྣམ་པ་བཞི་ཡིན་ཏེ།། ཤེས་པ་ཆོས ་ཉིད་རྣམ་ཤེས་མཁའ།། ཕུང་པོ་དུར་ཁྲོད་རྟོགས་ཚོགས་ལྷ།། ཐུན་མོང་རྒྱུད་དུ་གྲགས་ཞེས་བཤད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྡིག་ཅན་གནས་སྦར་གྱི་ལེའུ་སྟེ་བརྒྱ་གཅིག་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། ལྔ་བརྒྱ་དུས་ཀྱི་སྙིག་མ་ལ།། སྔགས་པ་ནང་རྒྱས་བྱེད་པའི་དུས།། ལྷ་སྲིན་སྟོབས་འགྲན་བྱེད་པའི་དུས།། སྔགས་པ་མཐུ་འགྲན་བྱེད་པའི་དུས།། གཅིག་ལ་གཅིག་སྨོད་དྲག་སྔགས་འགྲན།། དེ་ཚེ ་རང་བཞིན་ཕྱག་ཆ་བསྐོར།། རང་བཞིན་རྣམ་པ་ལྔར་གྱུར་ཏེ།། ཕྱི་དང་ནང་དང་གསང་བ་དང་།། གསང་ཆེན་དང་ནི་སྦེད་པའི་གཏེར།། ཕྱི་ནི་རྒྱང་དེད་གསུམ་པ་སྟེ།། འཕྲོག་དང་གཟིར་དང་གསད་པ་གསུམ།། ནང ་ལ་འཁོར་ལོ་གསུམ་སྦྱར་ཏེ།། སྒྲུབ་བྱེད་དངས་མ་སྙིང་པོ་གསུམ།། གསད་པ་དྲག་སྔགས་དགུས་བསྐོར་ཏེ།། སུམ་འགྱུར་གསུམ་པའི་དྲག་སྔགས་ཡིན།། གསང་ཆེན་བསྙེན་བསྒྲུབ་དགུ་བསྐོར་ཏེ།། བསྙེན་དང་ཉེ ་བསྐོར་སྒྲུབ་ཆེན་དྲུག། སྦས་པ་གཏེར་ནི་སྒྲུབ་པ་དགུ།། སུམ་འགྱུར་གསུམ་པའི་དྲག་སྔགས་སོ།། དེ་རྣམས་ལས་ནི་གང་བྱེད་ཀྱང་།། དྲན་པ་ལྔ་དང་བསྐྱེད་པ་ལྔ།། སྐྱེས་བུ་ལྔ་ཡི་གནད་ལ་དབབ།། ལས་ཀྱི་མཐའ ་གསུམ་རྫོགས་པར་སྦྱར།། དེ་ཚེ་རང་བཞིན་ཕྱག་ཆ་བསྐོར།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས། རང་བཞིན་ཕྱག་ཆ་བསྐོར་བའི་ལེའུ་སྟེ་བརྒྱ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོའི་ཕྱག ་ཆ་བསྐོར་བར་བྱ།། དྲག་པོ་རྣམ་པ་ལྔས་བསྒྱུར་ཏེ།། ཕྱི་དང་ནང་དང་གསང་བ་དང་།། ཡང་གསང་དང་ནི་གཏེར་དུ་གནས།། ཕྱི་ནི་དྲག་པོ་རྐྱང་དེད་གསུམ།། གསུང་བ་དྲག་པོ་སྔགས་དགུ་སྟེ།། གསང་ཆེན་དྲག་པོ ་བསྙེན་བསྒྲུབ་དགུ།། སྦས་པ་དྲག་པོ་དཀྲུག་པ་དགུ།། དེ་རྣམས་ལས་ནི་གང་བྱེད་ཀྱང་།། དྲན་པ་དྲུག་དང་བསྐྱེད་པ་དྲུག། སྐྱེས་བུ་དྲུག་གིས་གནད་ལ་དབབ།། ལས་ཀྱི་མཐའ་གསུམ་རྫོགས་པར་བྱ།། དེ་ཚེ་དྲག་པོའི ་ཕྱག་ཆ་བསྐོར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དྲག་པོ་ཕྱག་ཆ་བསྐོར་བའི་ལེའུ་སྟེ་བརྒྱ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བཙན་ཐབས་ཕྱག་ཆ་བསྐོར་བར་བྱ།། བརྩན་ཐབས་རྣམ་པ་ལྔ ་འགྱུར་ཏེ།། ཕྱི་དང་ནང་དང་གསང་བ་དང་།། གསང་ཆེན་དང་ནི་གཏེར་དུ་གནས།། ཕྱི་ནི་རྐྱང་དེད་བཙན་ཐབས་གསུམ།། ནང་ནི་བཙན་ཐབས་འཁོར་ལོ་གསུམ།། གསང་བ་བཙན་ཐབས་སྔགས་དགུ་སྟེ།། གསང ་ཆེན་བཙན་ཐབས་བསྙེན་སྒྲུབ་དགུ།། སྦས་པ་བཙན་ཐབས་དགུག་པ་དགུ།། དེ་རྣམས་ལས་ནི་གང་བྱེད་ཀྱང་།། དྲན་པ་བདུན་དང་བསྐྱེད་པ་བདུན།། སྐྱེས་བུ་བདུན་གྱིས་གནད་ལ་དབབ།། ལས་ཀྱི ་མཐའ་གསུམ་རྫོགས་པར་སྦྱར།། དེ་ཚེ་བཙན་ཐབས་ཕྱག་ཆ་བསྐོར།། ཕྱག་ཆ་ཡན་ལག་མ་ཚང་ན།། བསྐོར་ཀྱང་འཁོར་བ་མི་འགྱུར་རོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བཙན་ཐབས་ཕྱག་ཆ་བསྐོར་བའི ་ལེའུ་སྟེ་བརྒྱ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲག་སྔགས་ཕྱག་ཆ་བསྐོར་བའི་ཚེ།། དྲེགས་པའི་དེ་ཉིད་ཤེས་པར་བྱ།། དེ་ཉིད་མ་ཤེས་བསྐོར་མི་ནུས།། དྲེགས་པ་སྦྱིན་དང་སྒོས་སྒོས་ལ།། དེ་ཉིད ་རྣམ་པ་གསུམ་གནས་ཏེ།། བསྐྱེད་པ་རྒྱུད་དང་སྨིན་པ་འབྲས།། མཚོན་ཆ་བསྐོར་བ་དེ་ཉིད་དོ།། རྒྱུ་ཡི་དེ་ཉིད་བསྟན་པ་ནི།། སྤྱི་ལ་མི་དགེ་བཅུ་གནས་ཏེ།། རྒྱུ་ནི་མ་རིག་སྔོན་དུ་འབྱུང་།། མཚན་ཉིད་གསུམ་དང་ལྡན ་པའོ།། གཤིན་རྗེ་གསོད་གཅོད་དག་ལ་བསྟན།། མཚན་ཉིད་ལྔ་དང་ལྡན་པའོ།། མ་མོ་བྷ་ག་འདོད་འཚོན་ལྔ།། མཚན་ཉིད་བཞི་དང་ལྡན་པའོ།། མུ་སྟེགས་རྟག་ཆད་བདག་ཉིད་དེ།། མཚན་ཉིད་གསུམ་དང་ལྡན ་པའོ།། བདུད་ནི་མ་ཏྲང་ལས་བསྐྱེད་དེ།། མཚན་ཉིད་ལྔ་དང་ལྡན་པའོ།། བདུད་མོའི་མཚན་ཉིད་དེ་དང་འདྲ།། རུ་ཏྲ་ལོག་ལྷ་མེད་ལས་སྐྱེས།། མཚན་ཉིད་གསུམ་དང་ལྡན་པའོ།། གནོད་སྦྱིན་འདོད་སེམས་ནོར་ལ ་ཆགས།། མཚན་ཉིད་གསུམ་དང་ལྡན་པའོ།། གནོད་སྦྱིན་མོ་ཡང་དེ་དང་འདྲ།། སྲིན་མོ་ཞེ་སྡང་ནལ་ལས་སྐྱེས།། སྲིན་པོ་དག་ཀྱང་དེ་དང་འདྲ།། མཚན་ཉིད་ལྔ་དང་ལྡན་པའོ།། རྒྱལ་པོ་སེར་སྣ་བསྣོལ་ལས ་སྐྱེས།། མཚན་ཉིད་ལྔ་དང་ལྡན་པའོ།། དམུ་ནི་བྱོལ་སོང་གཏི་མུག་སྐྱེས།། མཚན་ཉིད་གསུམ་དང་ལྡན་པའོ།། བཙན་ནི་ང་རྒྱལ་ཆགས་ལས་སྐྱེས།། མཚན་ཉིད་ལྔ་དང་ལྡན་པའོ།། ཐེ་བྲང་ཟས་ཆགས་ང་རྒྱལ ་སྐྱེས།། མཚན་ཉིད་བཞི་དང་ལྡན་པའོ།། ལྷ་ནི་དྲེགས་པ་བསོད་ནམས་སྐྱེས།། མཚན་ཉིད་བདུན་དང་ལྡན་པའོ།། འགོང་པོ་སེར་སྣ་ཟས་ཆགས་སྐྱེས།། མཚན་ཉིད་དགུ་དང་ལྡན་པའོ།། དམ་སྲི་ལོག་ལྟ་ཚུལ་ཁྲིམས ་འཆལ།། མཚན་ཉིད་བདུན་དང་ལྡན་པའོ།། ཀླུ་ནི་ཞེ་སྡང་ཚུལ་ཁྲིམས་འཆལ།། མཚན་ཉིད་དྲུག་དང་ལྡན་པའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དྲེགས་པའི་དེ་ཉིད་བསྟན་པའི་ལེའུ་སྟེ་བརྒྱ་ལྔ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པའི་བླ་རྡོ་བཤད་པར་བྱ།། དྲེགས་པ་སྠི་ལས་ལྕགས་སྡིག་པ།། གཤིན་རྗེ་སྡིག་པ་དངོས་པོ་ཉིད།། མ་མོ་སུམ་ལུགས་མཇོ་མོའི་སྙིང་།། མུ་སྟེགས་སྡིག་པ་རུ་ཏྲ ་ནི།། ཐལ་ཆེན་དབང་ཆེན་དག་ཏུ་བསྟན།། བདུད་པོ་བདུད་མོ་ཟངས་ལྕགས་ཁབ།། གནོད་སྦྱིན་ཕོ་མོ་ནོར་བུ་ཉིད།། དེ་ལ་རྟེན་འབྲེལ་སྦྱོར་བས་བསྒྱུར།། ལྷ་ལ་གཡག་ལུག་དཀར་པོའི་སྙིང་།། སྲིན་པོ་སྲིན་མོ་སྙིག ་པ་ཉིད།། རྒྱལ་པོ་ཤེལ་རྡོ་བཙན་མཆོད་དམར།། དམུ་ལ་མཐོང་སྨུག་ཐེ་བྲང་ནི།། ཕ་ཝང་ལོང་བུ་དག་ལ་བརྟེན།། འགོང་པོ་ཟ་སེར་བདག་པོར་གྲགས།། དམ་སྲི་འཕྲེང་བའི་བདུད་འཛིན་ནམ།། རུས ་པ་དག་ལ་བརྟེན་པར་གསུངས།། ཀླུ་གཉེན་ས་བདག་རིན་ཆེན་ལྔ།། དེ་ལྟར་བླ་རྡོ་ཐམས་ཅད་ཀུན།། རིགས་ཀྱི་མཚམས་མེད་སྙིང་ཁར་སྦ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དྲེགས་པའི་བླ་རྡོ་བསྟན་པའི ་ལེའུ་སྟེ་བརྒྱ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལས་རྣམས་ཐམས་ཅད་བསྒྲུབས་པ་ཡི།། འབྲུ་གསུམ་ལས་རྣམས་ཐམས་ཅད་བྱེད།། རང་བཞིན་དྲག་པོ་བཙན་ཐབས་ལ།། རང་བཞིན་བཤོར་བའི ་འབྲུ་གསུམ་དང་།། ཐོག་མར་རྦད་ལ་མཐའ་མར་ཕཊ།། བར་དུ་རླུང་གི་ཡིག་འབྲུ་གཅིག། རང་བཞིན་སྐུགས་ཀྱི་འབྲུ་གསུམ་ནི།། རྦད་དང་ཕཊ་ཀྱི་ཐོག་མཐའ་རུ།། རླུང་གི་ཡི་གེ་གཉིས་གཞུག་གོ། སྤོགས་པ་ཕཊ ་ནས་རྦད་ལ་གཏུགས།། དྲག་པོ་ཆུ་ཡིག་བཙོག་པ་དང་།། གཉིས་ནི་མགོ་མཐའ་སྦྱོར་བར་བྱ།། བཙན་ཐབས་ས་ཡི་ཡི་གེ་ལ།། མགོ་དང་མཐའ་གཉིས་སྦྱོར་བར་བྱ།། དེ་ལྟར་དྲག་སྔགས་རྣམ་གསུམ་དང་།། འཁོར་བ ་རྩད་གཅོད་ཡིག་འབྲུ་དགུ།། གཟེར་དང་སྤུ་གྲི་ནང་ནས་སྦྱར།། གོང་འོག་སྡེབས་དང་བཅས་པས་བཟླས།། དེ་ལ་དྲག་བྲིད་བསྡིགས་སྔགས་དང་སྦྱར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མན་ངག་ཉམས་ལེན ་འབྲུ་གསུམ་དང་འཁོར་བ་རྩད་གཅོད་ཀྱི་ལེའུ་སྟེ་བརྒྱ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར།། ངན་སྔགས་ཐུན་གཟེར་བསྟན་པར་བྱ།། ཕྱི་དང་ནང་དང་གསང ་བ་དང་།། གསང་ཆེན་དང་ནི་གཏེར་དུ་གནས།། གསུམ་དང་བཞི་དང་ལྔ་དང་དྲུག། བདུན་གྱི་བར་དུ་ཤེས་པར་བྱ།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། ངན ་སྔགས་ཐུན་གཟེར་ལས་སུ་བསྟན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ངན་སྔགས་ཐུན་གཟེར་གྱི་ལེའུ་སྟེ་བརྒྱ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དཀོན་མཆོག་སྐུ་དགྲ་གསད་པ་དང་།། རྣལ ་འབྱོར་སྒོས་དགྲ་གསད་པའི་ཕྱིར།། དུག་ལྔ་གཤེད་དུ་དབབ་ཅིང་བསླང་།། ཕྱི་དང་ནང་དང་གསང་བ་དང་།། གསང་ཆེན་དང་ནི་སྦས་པ་གཏེར།། གསུམ་དང་བཞི་དང་ལྔ་དང་དྲུག། བདུན་གྱི་བར་དུ་ཤེས་པར ་བྱ།། བཤོར་དང་སྐྱུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། དུག་ལྔ་གཤེད་ཀྱི་ལས་སུ་དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དུག་ལྔ་གཤེད་དུ་དབབ་པ་དང་ཟླ་བའི་ལེའུ་སྟེ་བརྒྱ ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དཀོན་མཆོག་སྐུ་དགྲ་གསད་པ་དང་།། རྣལ་འབྱོར་སྒོས་དགྲ་གསད་པའི་ཕྱིར།། དུག་གསུམ་གཤེད་དུ་དབབ་ཅིང་བསླང་།། ཕྱི་དང་ནང་དང་གསང་བ ་དང་།། གསང་ཆེན་དང་ནི་སྦས་པ་གཏེར།། གསུམ་དང་བཞི་དང་ལྔ་དང་དྲུག། བདུན་གྱི་བར་དུ་ཤེས་པར་བྱ།། བཤོར་དང་སྔགས་གཞུགས་སྤོགས་པ་གསུམ།། དུག་གསུམ་གཤེད་ཀྱི་ལས་སུ ་བསྟན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དུག་གསུམ་གཤེད་དུ་དབབ་ཅིང་བསླང་བའི་ལེའུ་སྟེ་བརྒྱ་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འབྱུང་བ་གཤེད་དུ་དབབ་ཅིང་བསླང་།། དགྲ་བགེགས ་རྩད་ནས་བཅད་པའི་ཕྱིར།། འབྱུང་བའི་ནད་སྔགས་རབ་ཏུ་གསང་།། ཕྱི་དང་ནང་དང་གསང་བ་དང་།། ཡང་དག་དང་ནི་གཏེར་དུ་གནས།། གསུམ་དང་བཞི་དང་ལྔ་དང་དྲུག། བདུན་གྱི་བར་དུ་ཤེས་པར་བྱ།། བཤོར ་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། འབྱུང་བ་གཤེད་ཀྱི་ལས་སུ་བསྟན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། འབྱུང་བ་གཤེད་དུ་དབབ་པ་དང་བསླང་བའི་ལེའུ་སྟེ་བརྒྱ ་བཅུ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དུས་ཀྱི་སྙིགས་མ་ཟད་ཀ་རུ།། སེམས་ཅན་བསོད་ནམས་ཆུང་དུས་ན།། ཞི་ཁྲོའི་དངོས་གྲུབ་ཡལ་ཙམ་ན།། དབང་ཆེན་དངོས་གྲུབ་ཡལ་ཙམ་ན།། ཕུར་པའི ་དངོས་གྲུབ་ཡལ་ཙམ་ན།། འཇམ་དཔལ་དངོས་གྲུབ་ཡལ་ཙམ་ན།། སྟོབས་ཆེན་དངོས་གྲུབ་ཡལ་ཙམ་ན། ཁྱུང་ཆེན་དངོས་གྲུབ་ཡལ་ཙམ་ན། ཁྲོ་བཅུའི་དངོས་གྲུབ་ཡལ་ཙམ་ན།། མ་མོའི་དངོས་གྲུབ་ཡལ་ཙམ ་ན།། གཤིན་རྗེའི་དངོས་གྲུབ་ཡལ་ཙམ་ན།། སྡེ་བརྒྱད་དངོས་གྲུབ་ཡལ་ཙམ་ན།། སྒྲོལ་གིང་དངོས་གྲུབ་ཡལ་ཙམ་ན།། དེ་ཚེ་གདབ་པ་དྲག་སྔགས་བརྡེག། བྷྱོ་ནས་གཟུང་ནས་རྦད་ལ་གཏུགས།། རྦད་ནས་གཟུང ་ནས་ཕཊ་ལ་གཏུག། གླང་དམར་ར་ནས་རྫས་བདུན་འཕང་།། སྤྱིར་ན་དྲག་སྔགས་རྣམ་པ་གསུམ།། བསྒྲུབ་དང་དམོད་པ་གདབ་པ་གསུམ།། ཕྱེ་བས་རྣམ་པ་དགུ་རུ་འགྱུར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས།། གདབ་པའི་ངན་སྔགས་ཀྱི་ལེའུ་སྟེ་བརྒྱ་བཅུ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲག་སྔགས་སོ་ཐེམས་རྒྱས་པ་ནི།། མིང་གི་བྱེད་བྲག་ཤེས་པར་བྱ།། ཐབས་དང་ཤེས་རབ་བྱེ་བྲག་གི། མིང་ནི ་སུམ་ཅུ་རྩ་གཉིས་དང་།། བཅུ་དྲུག་ཀླ་ཀློའི་ཡི་གེ་བརྒྱན།། བསྐོར་ཐབས་རྣམ་པ་གསུམ་ཡིན་ཏེ།། ཐབས་དང་ཤེས་རབ་མ་ནིང་གསུམ།། དེ་རེ་ཡན་ལག་གསུམ་དང་ལྡན།། བསྙེན་བསྒྲུབ་ལས་ལ་སྦྱར་བར་བྱ།། ལས ་བཞི་གསང་བའི་འཁོར་ལོར་གྲགས།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མིང་གི་རྩིས་ཀྱི་ལེའུ་སྟེ་བརྒྱ་བཅུ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གནས་ཀྱི་བྱེ་བྲག་ཤེས་པར་བྱ།། སྤྱི་ཡི་གནས ་ནི་རྣམ་པ་གཉིས།། སྦགས་པ་གསུམ་ན་རྐང་པ་གཉིས།། རྫོགས་པར་བྱ་བའི་གནས་དག་དང་།། ཕོ་དུས་ཕོ་ལ་གཉིས་སུ་བསྟན།། ཕོ་ཡི་ཕོ་དང་ཕོ་ཡི་མོ།། མོ་དུས་མོ་ལ་གཉིས་སུ་བསྟན།། མོ་ཡི་མོ་དང་མོ་ཡི ་པོ།། བཞི་ཡིས་ཕོ་མོ་གནས་སུ་བསྟན།། མ་ནིང་གཉིས་སྲེགས་བཞི་སྤགས་ནས།། སྤོགས་པ་ལྷ་ཀླུ་མོའི་གནས་བསྟན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གནས་བསྟན་པའི་ལེའུ་སྟེ་བརྒྱ་བཅུ ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྦྱར་བའི་ལས་སུ་བསྟན་པ་ནི།། འཇིག་རྟེན་ལས་ལ་སྦྱར་བ་དང་།། འཇིག་རྟེན་པ་ལ་སྦྱར་བ་དང་།། དམེ་འཁྲུག་དུས་སུ་སྦྱར་བར་དང་།། མཐུ་འགྲན་ཟློག་ལ་སྦྱར ་བ་གཉིས།། ཐུབས་གཅད་ཀུན་ལ་སྦྱར་བར་བྱ།། ཞི་རྒྱས་དབང་དང་དྲག་པོར་སྦྱར།། ཕོ་མོ་མ་ནིང་སྦྱར་བ་དང་།། སྤོགས་པ་ལྷ་ཀླུ་མི་བཟློག་སྦྱར། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། སྦྱར་བ་བསྟན་པའི་ལེའུ ་སྟེ་བརྒྱ་བཅོ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྒྱུ་ཡི་བྱེ་བྲག་ཤེས་པར་བྱ།། རྒྱུ་ནི་བརྟེན་པའི་རྫས་སུ་བསྟན།། ཐུན་མོང་དང་ནི་སེམས་ཡེ་ཤེས།། ཕ་ཡི་འཁོར་ལོའི་རྒྱུ་དང་ནི།། མ་ཡི་འཁོར་ལོའི་རྒྱུ ་དག་དང་།། མ་ནིང་རྒྱུ་དང་གཞན་སྦྱར་རྒྱུ།། ཕྱི་དང་ནང་དང་གསང་བའི་རྒྱུ།། ཡང་གསང་སྦས་པ་གཏེར་གྱི་རྒྱུ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྒྱུ་བསྟེན་པའི་ལེའུ་སྟེ་བརྒྱ་བཅུ་དྲུག་པའོ།། །། དེ་ནས ་ཡང་དག་བཤད་བྱ་བ།། ལྷག་པ་སྦྱིན་པའི་རིམ་པ་བཤད།། ལྷག་པ་སྦྱིན་པ་གཉིས་ཡིན་ཏེ།། ལྷ་ཡིས་བསྟན་པ་བོར་བ་དང་།། རྟེན་འབྲེལ་སྔགས་ཀྱི་སྦྱིན་པ་གཉིས།། རྟེན་གྱི་ཡི་གེ་རྫོགས་པ་ནི།། སུམ་ཅུ་རྩ་དྲུག ་ལྡན་པས་སྦྱིན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལྷག་པ་དབྱུང་བའི་རིམ་པ་སྟེ་བརྒྱ་བཅུ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཆད་པ་བསྐང་བའི་རིམ་པ་བཤད།། ཆད་པ་བསྐང་བ་གཉིས ་ཡིན་ཏེ།། ལྷ་ཡིས་བསྟན་པ་གཞུག་པ་དང་།། རྟེན་འབྲེལ་སྦྱོར་བ་བསྐང་བ་གཉིས།། རྟེན་འབྲེལ་བསྐང་བའི་རིམ་པ་ནི།། ཡི་གེ་དབྱེ་བསལ་བྱས་པ་ནི།། སུམ་བཅུ་རྩ་བཞི་བཅུ་དྲུག་བསྐང་།། རང་གི་གསང ་སྔགས་ཐེམས་ལ་གཏད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཆད་པ་བསྐང་བའི་རིམ་པ་སྟེ་བརྒྱ་བཅོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ནོར་བ་བཟློག་པའི་ཆོ་ག་བསྟན།། ལྷ་ཡིས་བཟློག་པ ་བསྟན་པ་དང་།། རྟེན་འབྲེལ་བཟློག་པའི་སྦྱོར་བའོ།། དབྱངས་དང་གསལ་བྱེད་གནས་སྤོས་པས།། ཇི་ལྟར་ནོར་ཡང་བྱིན་རླབས་བྱུང་།། གཞན་ཡག་ལྷག་ཆད་ནོར་བ་གསུམ།། ཨོཾ་དང་ཨཱཿདང་ཧཱུཾ་དང་ཕཊ། རིམ་པ ་བཞིན་དུ་དབྱུང་གཞུག་བྱ།། རྟགས་བྱུང་རྟགས་མེད་རྣོ་རྟུལ་དང་།། བདག་ལ་རྩོད་དང་བཀྲ་མི་ཤིས།། དེ་ལ་སྦྱོར་བ་མཁས་པས་བརྡེག། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ནོར་བ་ཟློག་པའི་ལེའུ་སྟེ་བརྒྱ་བཅུ ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དབྱེ་བའི་ལས་སུ་བསྟན་པ་ནི།། ཀང་ཀ་དཀར་པོ་བཀྲ་ཤིས་བརྒྱད།། བཻ་ཌཱུར་སྔོན་པོ་དབང་པོར་གྲགས།། ར་ག་དམར་པོ་རིག་བྱེད་གྲགས།། ཨིན་དྲ་ལྗང་ཁུ་དབང ་པོ་གྲགས།། རྡོ་རྗེ་དམར་སེར་དབང་བདག་སྟེ།། རིན་ཆེན་སྨུག་པོས་རིག་བྱེད་བསྐུར།། པདྨ་དཀར་པོ་བཀྲ་ཤིས་བརྒྱད།། འཁོར་ལོ་ལྕགས་ཀ་དབང་པོ་ཡིན།། ཡུལ་བརྒྱད་ནང་ན་གནས་པ་ནི།། ཟླ་བ ་བཀྲ་ཤིས་ཡིན་པར་གྲགས།། མིག་ནི་དབང་བདག་ཡིན་ཞེས་བསྟན།། ཡོན་ཏན་རིག་བྱེད་བསྟན་པ་ནི།། རིག་བྱེད་དབང་པོར་བཤད་པ་ཡིན།། བརྡ་ནི་བཀྲ་ཤིས་ཞེས་སུ་བཤད།། དབང་པོ་དབང་པོའི་བདག་པོར ་འགྱུར།། རྒྱ་མཚོ་དབང་པོར་བཤད་པ་ཡིན།། བཀྲ་ཤིས་རིག་བྱེད་ཅེས་ནི་གྲགས།། ལས་ཀྱི་འཁོར་ལོ་གང་བསྐོར་དང་།། མིང་དེས་ངེས་པར་འཁོར་བར་འགྱུར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ལས་དབྱེ ་བའི་ལེའུ་སྟེ་བརྒྱ་ཉི་ཤུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མགོ་ཅན་མགོ་བཅད་མགོ་མེད་གདགས།། མགོ་ཅན་རྣམ་པ་བཅུ་ཡིན་ལ།། འཁོར་ལོ་རྡོ་རྗེ་པདྨ་དང་།། ཚེ་བྲལ་འདྲེན་པའི་ཡི་གེ་དང་།། རྣམ ་ཤེས་བདུད་དང་ལྷུང་བྱེད་དང་།། བྲམ་ཟེ་བཞི་ཡི་ཡི་གེ་དང་།། རྣམ་པ་བཅུ་ནི་གདགས་པར་བྱ།། བཅད་པ་དེ་བཅུ་བཅད་པ་ཡིན།། དྲག་པོ་དྲག་སྔགས་ཀྱི་བཤད་རྒྱུད་ལས། མགོ་ཅན་མགོ་གཅད་པ་དང་མགོ་མེད ་མགོ་གདགས་པའི་ལེའུ་སྟེ་བརྒྱ་ཉེར་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འདུག་ས་སྤོ་བ་རྣམ་པ་གཉིས།། ལྷ་དང་སྔགས་ལ་སྤོ་བའོ།། ལྷ་ལ་སྤོ་བ་གཉིས་སུ་བསྟན།། དང་པོ་གཉིས་ལ་ཐ་མ ་གཉིས།། སྔགས་ལ་སྤོ་བ་ལྔ་རུ་འགྱུར།། ཕྱི་དང་ནང་དང་གསང་བ་དང་།། གསང་ཆེན་དང་ནི་གཏེར་དུ་གནས།། སྤྱིར་ན་རྣམ་པ་དགུ་རུ་འགྱུར།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། འདུག་སེ་གོང་འོག་སྤོ་བའི་ལེའུ ་སྟེ་བརྒྱ་ཉེར་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མཐའ་རྟེན་རྣམས་ནི་གདགས་པར་བྱ།། མཐའ་རྟེན་གཞུག་པ་གཉིས་ཡིན་ཏེ།། ལྷ་དང་སྔགས་ཀྱི་མཐའ་རྟེན་ནོ།། ལྷ་གཞུག་པ་ལ་གཉིས་ཡིན། ་ཏེ།། འཇིག་རྟེན་པ་དང་འདས་པ་གཉིས།། སྔགས་ལ་རྣམ་པ་གཉིས་སུ་བཤད།། དྲག་སྔགས་དང་ནི་བཀའ་སྔགས་གཉིས།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས།། མཐའ་རྟེན་གཞུག་པའི་ལེའུ་སྟེ་བརྒྱ་ཉེར ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལོང་པ་རྒྱབ་སྦྲེལ་བཏང་བ་ནི།། ཡེ་ཤེས་ལྷ་ཡི་དྲག་སྔགས་ལ།། འཇིག་རྟེན་དྲག་སྔགས་གཏང་བ་སྟེ།། བཏང་ཐབས་རྣམ་པ་གསུམ་ཡིན་ཏེ།། འཁོར་ལོ་བསྐོར ་བའི་རིམ་པ་འདྲ།། རྟེན་གྱིས་ཕྱེ་བས་དྲུག་ཏུ་འགྱུར།། ཐབས་ཀྱིས་ཕྱེ་བས་གསུམ་དུ་འགྱུར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ལོང་པ་རྒྱབ་སྦྲེལ་གཏང་བའི་ལེའུ་སྟེ་བརྒྱ་ཉེར་བཞི་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། ཉིན་སྲིབས་དབྱེ་ཞིང་སོ་རྣམས་གདགས།། དྲག་པོ་ངན་སྔགས་གཅིག་གཅིག་ལ།། ལས་བཞིའི་དབྱེ་བ་ཤེས་པ་དེ།། ཉིན་སྲིབས་དབྱེ་ཞེས་བསྟན་པ་ཡིན།། དེ་ཡང་དབྱེ་བ་གཉིས་ཡིན་ཏེ།། ཏིང་ངེ ་འཛིན་དང་སྔགས་གཉིས་སོ།། སྔགས་ལ་དབྱེ་བ་གཉིས་ཡིན་ཏེ།། རང་གིས་སྒྱུར་དང་གཞན་ལ་གདགས་པའི་སྒྲ་རྣམས་ནི།། བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར།། གཅིག་བསྒྲུབ་པ་ལ་གཞན་བཏགས ་ན།། ཉིན་སྲིབས་མ་ཕྱེད་སྭ་བཏགས་པས།། ལས་རྣམས་འགྲུབ་པ་ག་ལ་འགྱུར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཉིན་སྲིབས་དབྱེ་ཞིང་སྭ་གདགས་པའི་ལེའུ་སྟེ་བརྒྱ་ཉེར་ལྔ་པའོ།། །། དེ་ནས་ཡང ་དགས་བཤད་བྱ་བ།། མང་པོ་གཅིག་ཏུ་སྦམ་པ་ནི།། རྣམ་པ་དྲུག་ཏུ་ཤེས་པར་བྱ།། རྩ་སྔགས་ལས་སྔགས་སྡེབས་དང་བཅས།། ཕྱི་ནང་གསང་ཆེན་པར་དག་དང་།། སྐབས་ཀྱི་མང་པོ་གཅིག་དུ་སྦྲམ།། ཕོ་མོ་ཕྱེ་བས ་བཅུ་གཉིས་ཡིན།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། མང་པོ་གཅིག་ཏུ་སྦམ་པའི་ལེའུ་སྟེ་བརྒྱ་ཉེར་དྲུག་པའོ།། །། དེ་ནས་ཡང་བཤད་བྱ་བ།། མེ་ཆུ་འགལ་བ་བསོགས་པར་བྱ།། འགལ་བ་བསོགས་པ ་གཉིས་ཡིན་ཏེ།། ལྷ་ལ་བསོགས་དང་སྔགས་ལ་བསོགས།། ལྷ་ལ་བསོགས་པ་གཉིས་ལས་བཞི།། སྔགས་ལས་བསོགས་པ་འབྱུང་བཞི་སྤྲད།། མེ་ཆུ་འགལ་སོགས་སྐབས་དང་སྦྱར།། རྟགས་གསུམ་ངེས་པར་འབྱུང ་བ་སྟེ།། ལུགས་ལས་འབྱུང་དང་སྙིགས་འབྱེད་ཡིན།། ལོག་པར་ལྷ་དང་གསུམ་དུ་བཤད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མེ་ཆུ་འགལ་བ་བསོགས་པའི་ལེའུ་སྟེ་བརྒྱ་ཉེར་བདུན་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། ཚོལ་བུ་ཀུན་ལས་བཏུ་བ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། རང་ལས་བཏུ་དང་གཞན་ལས་བཏུ།། སྤྱི་ཡི་རྒྱུད་ནས་བཏུ་བའོ།། རང་ལས་བཏུ་བ་བཞི་ལས་དབྱེ།། གཞན་ལས་བཏུ་བ་སྐབས ་དང་སྦྱར།། སྤྱི་ནས་བཏུ་བ་ཤིན་ཏུ་བཅོས།། གར་བཏུ་རང་བྱད་ཉམས་དང་སྦྱར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཆོལ་བུ་ཀུན་ལས་བཏུ་བའི་ལེའུ་སྟེ་བརྒྱ་ཉེར་བརྒྱད་པའོ།། །། དེ་ནས་ཡང་དག ་བཤད་བྱ་བ།། འུར་བ་གཅིག་ཏུ་དྲིལ་བ་ནི།། ཤིན་ཏུ་གྲགས་པ་བསྟན་པ་སྟེ།། འུར་བ་གཅིག་དྲིལ་རྣམ་པ་ལྔ།། ལས་ཀྱི་དབྱེ་བ་བཞི་ལ་སོགས།། བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར།། རྟགས་གསུམ་སྦྱར་ལ་སྐབས ་ཀྱིས་འཇུག། བྱ་རོག་མིག་ལྟར་ལས་ལ་སྦྱར།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། འུར་བ་གཅིག་ཏུ་དྲིལ་བའི་ལེའུ་སྟེ་བརྒྱ་ཉེར་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་ནི་རྣམ་པ་བདུན་ཡིན ་ཏེ།། ནང་ལ་བཞིར་འགྱུར་གསང་བ་གསུམ།། གསང་ཆེན་གཉིས་ཡིན་ཡང་གསང་གཅིག། བཀའ་བསྒྲུབ་དྲག་སྔགས་གཉིས་ཀ་ལ།། མཁས་པས་ཐེབས་ལྔ་སྦྱར་བར་བྱ།། སྦྱོར་བ་ལྔ་ཡི་རིམ་པ་སྦྱོར།། དྲག་པོ་ངན ་། སྔགས་ཀྱི་བཤད་རྒུད་ལས། ཐེམས་ལྔ་བསྟན་པའི་ལེའུ་སྟེ་བརྒྱ་སུམ་ཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཀུན་ཏུ་རྒྱུག་གི་ལེའུ་ནི།། རྩ་བ་ལྷ་དང་འཁོར་ལོ་དང་།། གཉེན་པོ་སྦྱོར་བ་ལྔ་ལྔར་འགྱུར།། ཡི ་གེ་ཐུགས་སུ་གཅད་པ་དང་།། འགྲེང་བུ་ཞབས་བསྐྱེད་སྤོ་བ་དང་།། གནམ་ས་ཡིན་མེན་བཟློག་པ་དང་།། ཀུན་ཡང་སྦྱོར་བ་སྡེབ་པའོ།། འགྲེང་བུ་ཞབས་བསྐྱེད་བཅོ་ལྔ་སྟེ།། ཡི་གེ་ཐུགས་ཅན་རྣམ་པ ་ལྔ།། གསུམ་བཞི་ལྔ་དྲུག་བདུན་དུ་གཅད།། དེ་ཡིས་སྙིང་ལྔ་གནད་ལ་དབབ།། གནམ་ས་ཡི་མེན་རྩ་ཟློག་གཅིག། ཀུན་ཡང་སྦྱོར་སྡེབ་གཉིས་སུ་འགྱུར།། ལྷ་དང་བདུད་དུ་ངེས་པར་སྦྱར།། དྲག་པོ་ངན་སྔགས་ཀྱི ་བཤད་རྒྱུད་ལས། ཀུན་ཏུ་རྒྱུག་གི་ལེའུ་སྟེ་བརྒྱ་སོ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྲོག་གི་སྙིང་ལྔའི་རིག་པ་བཤད།། རྣམ་པར་ཤེས་པའི་སྙིང་པོ་དང་།། ཤ་ཁྲག་དང་སྐྱེད་སྙིང་པོ་དང་།། རྗེས་སུ ་མཐུན་པའི་སྙིང་པོ་དང་།། རང་དབང་མེད་པར་གནད་ལ་དབབ།། དམ་ཚིག་རྗེས་དྲན་སྙིང་པོ་དང་།། རྣམ་ཤེས་སྲོག་ནི་གཅིག་ཡིན་ཏེ།། ཤ་ཁྲག་དང་བསྐྱེད་བསྙེན་པའི་སྔགས།། རྗེས་མཐུན་བསྒྲུབ་པའི་སྔགས་སུ ་བསྟན།། རང་དབང་མེད་ལས་སྤོགས་པའི་སྔགས།། དམ་ཚིག་རྗེས་དྲན་ལས་སྔགས་ཏེ།། རྒྱལ་བའི་སྤྱན་སྔར་རང་དམ་བཅའ།། གསང་བའི་བཀའ་རྒྱུད་ཇི་སྙེད་པ།། ཐམས་ཅད་ཀུན་ལ་ཤེས་པར་བྱ།། དྲག་པོ་ངན ་སྔགས་ཀྱི་བཤད་རྒྱུད་ལས། སྲོག་སྙིང་ལྔའི་རིག་པའི་ལེའུ་སྟེ་བརྒྱ་སོ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དུཾ་དུཾ་ཁྲིགས་ནི་རྣམ་པ་བདུན།། ལྟ་བ་ལྷ་དང་སྔགས་དང་རྫས།། ཏིང་འཛིང་ལས་དང ་བསྒྲུབ་བྱའོ།། དུཾ་དུ་ཁྲིགས་ནི་བདུན་ཡིན་ལ།། གང་བྱེད་ལས་རྣམས་ཐམས་ཅད་ལ།། མན་ངག་ཐོབ་པས་སྦྱར་བར་བྱ།། དྲི་མེད་རྒྱུད་རྣམས་ཐམས་ཅད་ལ།། གཏན་ལ་ཕབ་ལ་སྤྱད་པར་བྱ།། རྒྱུད་འགའ་ཙམ་གྱི་དོན ་གྱིས་ནི།། གཏན་ལ་ཕེབས་པར་ག་ལ་འགྱུར། ཁ་ཅིག་མན་ངན་མ་ཐོབ་པར།། རྒྱུད་ལ་མངོན་པའི་ང་རྒྱལ་སྨྲ།། དྲག་སྔགས་སྦྱོར་བ་མ་ཤེས་པར།། བྱིན་རླབས་འབྱུང་བར་ག་ལ་འགྱུར།། དྲག་པོ་ངན་སྔགས ་ཀྱི་བཤད་རྒྱུད་ལས།། དུཾ་དུ་ཁྲིགས་བདུན་དང་མན་ངག་གི་ལེའུ་སྟེ་བརྒྱ་སོ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དར་བཞིན་ཡེ་ཤེས་སྤྲུལ་པ་ལས།། སྒྲུབ་བྱེད་སྐྱེས་བུ་ཆེན་པོ་ལྔ།། འཁོར་ལོ་དང་ནི ་ལིང་ག་དང་།། ཉི་མ་དང་ནི་གཤིན་རྗེ་དང་།། གསང་སྔགས་དང་ནི་ཏིང་འཛིན་དང་།། ཕྱི་དང་ནང་དང་གསང་བ་གསུམ།། རྒྱུ་དང་ངོ་བོ་དགྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད ་ལས། འཇམ་དཔལ་འཁོར་ལོའི་ཚིག་དོན་འགྲོལ་བའི་ལེའུ་སྟེ་བརྒྱ་སོ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་ཁྲོ་བོ་དང་།། ཉི་མ་དང་ནི་ལིང་ག་དང་།། གསང་སྔགས་ཏིང་འཛིན་དག ་དང་དྲུག། ཕྱི་དང་ནང་དང་གསང་བ་གསུམ།། རྒྱུ་དང་གནས་དང་བསྒྲལ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁྲོ་བོའི་ཚིག་དོན་དགྲོལ་བའི་ལེའུ་སྟེ་བརྒྱ་སོ་ལྔ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་པདྨ་དང་།། ཉི་མ་དང་ནི་ལིང་ག་དང་།། གསང་སྔགས་དག་དང་ཏིང་འཛིན་དྲུག། ཕྱི་དང་ནང་དང་གསང་བ་གསུམ།། རྒྱུ་དང་གནས་དང ་དགྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། པདྨའི་ཚིག་དོན་དགྲོལ་བའི་ལེའུ་སྟེ་བརྒྱ་སོ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་ཕུར་པ ་དང་།། ཉི་མ་དང་ནི་ལིང་ག་དང་།། གསང་སྔགས་ཏིང་འཛིན་དག་དང་དྲུག། ཕྱི་དང་ནང་དང་གསང་བ་དང་།། རྒྱུད་དང་གནས་དང་བསྒྲལ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། ཕུར་པའི་ཚིག་དོན་དགྲོལ་བའི ་ལེའུ་སྟེ་བརྒྱ་སོ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་རྡོ་རྗེ་དང་།། གསང་སྔགས་ཏིང་འཛིན་དག་དང་དྲུག། རྒྱུད་དང་གནས་དང་སྒྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཕྱག་ན་རྡོ་རྗེའི་ཚིག་དོན་དགྲོལ་བའི་ལེའུ་སྟེ་བརྐུ་སོ་བརྒུད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་བྱ་ཁྱུང་དང་།། ཉི་མ་དང་ནི་ལིང་ཁ་དང་།། གསང་སྔགས ་ཏིང་འཛིན་དག་དང་དྲུག། ཕྱི་དང་ནང་དང་གསང་བ་དང་།། རྒྱུ་དང་གནས་དང་སྒྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། བྱ་ཁྱུང་གི་ཚིག་དོན་དགྲོལ་བའི་ལེའུ་སྟེ་བརྒྱ་སོ ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་མ་མོ་དང་།། ཉི་མ་དང་ནི་ལིང་ག་དང་།། གསང་སྔགས་ཏིང་འཛིན་དག་དང་དྲུག། ཕྱི་དང་ནང་དང་གསང་བ་དང་།། རྒྱུ་དང་གནས་དང་སྒྲ་དང ་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། མ་མོའི་ཚིག་དོན་དགྲོལ་བའི་ལེའུ་སྟེ་བརྒྱ་བཞི་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དང་ནི་ལས་མཁན་དང་།། ཉི ་མ་དང་ནི་ལིང་ག་དང་།། དྲག་སྔགས་ཏིང་ངེ་འཛིན་དང་དྲུག། དེ་ནས་ནང་དང་གསང་བ་དང་།། རྒྱུད་དང་གནས་དང་སྒྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས།། འཇིག་རྟེན ་ལས་འདས་པའི་ཚིག་གི་དོན་དགྲོལ་བའི་ལེའུ་སྟེ་བརྒྱ་ཞེ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱས་པ་བཤིག་པའི་ལས་བྱ་བ།། བྱས་པ་བཤིག་པ་གཉིས་ཡིན་ཏེ།། ཕྱི་བས་རྣམ་པ་བཅུ་གཅིག ་འགྱུར།། བཤོར་དང་སྐུགས་གཞུགས་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ཤིག་ཕཊ། སྡེབས་སྔགས་བཅས་པས་བཤིག་པར་བྱའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བྱས་པ ་བཤིག་པའི་ལེའུ་སྟེ་བརྒྱ་ཞེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་གཞོམ་པའི་ལས་བྱ་བ།། སྦྱོར་གཞོམ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག ་དང་རྣམ་མ་དཀྲུག་པ་གསུམ།། རྦད་ནན་སད། སྡེབས་དང་བཅས་པས་གཞོམ་པར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྦྱོར་བ་གཞོམ་པའི་ལེའུ་སྟེ་བརྒྱ་ཞེ་གསུམ་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། ཞེན་པ་ཟློག་པའི་ལས་བྱ་བ།། ཞེན་པ་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ཕྱུང་ཐུམ་རིལ་ས་བྷྱོ། སྡེབས ་གཅེས་བཟློག་པའི་ལས་བྱའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཞེན་པ་བཟློག་པའི་ལེའུ་སྟེ་བརྒྱ་ཞེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཟུག་པར་དབྱུང་བའི་ལས་བསྟན་པ།། ཟུག་པ་གཉིས ་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། ཏིག་ན་ཕཊ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། ཟུག་པ་དབྱུང་བའི་ལེའུ་སྟེ་བརྒྱ་ཞེ་ལྔ ་འོ།། དེ་ནས་ཡང་དག་བཤད་བྱ་བ།། གནས་པ་སྤོ་བའི་ལས་བསྟན་པ།། གནས་པ་གཅིག་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད ་ནན་ཛ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གནས་པ་སྤོ་བའི་ལེའུ་སྟེ་བརྒྱ་ཞེ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བཅིངས་པ་དགྲོལ་བའི་ལས་བསྟན་པ།། བཅིངས་པ་གཉིས་ལས་བཅུ་གཅིག ་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ཕྱེ་ཤག་ཁྲོལ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། བཅིངས་པ་དགྲོལ་བའི་ལེའུ་སྟེ་བརྒྱ་ཞེ་བདུན ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བཀའ་ཟློག་ཆེན་པོའི་ལས་བསྟན་པ།། བཀའ་ཟློག་གཉིས་ལ་བཅུ་གཅིག་འགྱུར།། བཤོར་ད་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ ་གསུམ།། རྦད་ཟུམ་རིམ་བྷྱོ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བཀའ་ཟློག་ཆེན་པོ་བཤད་པའི་ལེའུ་སྟེ་བརྒྱ་ཞེ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ནན་ལ་དབབ་ལ་བསྟན་པ།། ནན་དབབ ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ཟུམ་རིལ་ནན། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ནན་ལ་དབབ་པའི་ལེའུ་སྟེ་བརྒྱ་ཞེ ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གདུལ་བའི་རིམ་པ་བསྟན་པ་ནི།། གདུལ་བ་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་བཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ ་གསུམ།། རྦད་ནན་ནན། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གདུལ་བའི་ལེའུ་སྟེ་བརྒྱ་ལྔ་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གནོད་ཟློག་ལྔ་ཡི་ལས་བསྟན་པ།། མན་ངག་མ་གྲུབ་བགེགས ་མི་ཐུབ།། རྐྱེན་འབྱུང་ལོང་མེད་གློ་བུར་དགྲ།། སྦྱོར་བ་མཁས་པས་སྦྱོར་བར་བྱ།། འདི་ཡི་གནན་ཟློག་ལྔ་པོ་ནི།། དྲག་སྔགས་འབའ་ཞིག་སྦྱོར་བ་སྟེ།། བཤོར་བ་གསུམ་བྱ་སྐུགས་གསུམ ་གཞུག། སྤོགས་པ་གསུམ་བྱ་དཀྲུག་པ་གསུམ།། དེ་ཡི་སྦྱོར་བས་ལས་རྣམས་འགྲུབ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གནོད་ཟློག་ལྔའི་ལས་བསྟན་པའི་ལེའུ་སྟེ་བརྒྱ་ང་གཅིག་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ། ཁ་བཅིངས་ལས་སུ་བསྟན་པ་ནི། ཁ་བཅིངས་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། རྦད་ཐབས། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཁ་བཅིངས ་པའི་ལེའུ་སྟེ་བརྒྱ་ང་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་དབུག་པར་བྱ་བ་ནི།། དགུག་པ་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ ་མ་དགུག་པ་གསུམ།། ཨཾ་གུ་ཤ་ཛ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། རིག་སྔགས་དབུག་པའི་ལེའུ་སྟེ་བརྒྱ་ང་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་བསྲུང་བའི་རིམ་པ་ནི།། བསྲུང ་བ་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རཀྵ་རཀྵ་སྭཱ་ཧཱ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རིག་སྔགས་བསྲུང་བའི་ལེའུ་སྟེ ་བརྒྱ་ང་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་མནན་པར་བྱ་བ་ནི།། མནན་པ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ ་གསུམ།། སྙམ་པ་ཡ་ནན། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རིག་སྔགས་ནན་པའི་ལེའུ་སྟེ་བརྒྱ་ང་ལྔ་པའོ།། །། དེ་ནས་ཡང་དང་བཤད་བྱ་བ།། རིག་སྔགས་གཟིར་པ་བསྟན་པ་ནི།། གཟིར་བ་གཉིས་ལ ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། ཏྲིག་ནན། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རིག་སྔགས་གཟིར་བའི་ལེའུ་སྟེ་བརྒྱ་པ་དྲུག ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་དབང་གི་ལས་བསྟན་པ།། དབང་སྡུད་གཉིས་ལས་བཅུ་གཅིག་འགྱུར།། བཤོར་དང་སྐུགས་བཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ ་གསུམ།། སྟཾ་བཾ་བཾ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རིག་སྔགས་དབང་དུ་བྱ་བའི་ལེའུ་སྟེ་བརྒྱ་ང་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་དྲལ་བའི་ལས་བསྟན་པ།། དྲལ་བ་གཉིས ་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ཏྲ་ཐཱ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རིག་སྔགས་དྲལ་བའི་ལེའུ་སྟེ་བརྒྱ་པ་བརྒྱད ་པའོ།། །། དེ་ནས་ཡང་དང་བཤད་བྱ་བ།། དྲག་པོ་ཟེར་ཁ་བསྐུར་བ་ནི།། བསྒྱུར་པ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ ་གསུམ།། ཧ་སྦྱར། ཧཱུཾ་སྦྱར། ཡེ་མོ་ཚོལ་སྦྱར། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དྲག་པོ་ཟེར་ཀ་སྐུར་བའི་ལེའུ་སྟེ་བརྒྱ་ང་དགུ་པའོ།། །། དེ་ནས་དེ་ནས་ཡང་དང་བཤད་བྱ་བ།། དྲག་པོ་དམོད་ཟོར་ཟློག་པ ་ནི།། དམོད་ཟོར་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་རྦད་བཟློག་མཱ་ར་ཡ་ཕཊ་བྷྱོ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དྲག་པོ་དམོད་ཟོར་ཟློག་པའི ་ལེའུ་སྟེ་བརྒྱ་དྲུག་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དུག་རྣམས་དབྱུང་བའི་རིམ་པ་བཤད།། དུག་དབྱུང་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ ་མ་ཀྲུག་པ་གསུམ།། སརྦ་རོ་ཁ་ཕྱུང་ཟད།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། དུག་དབྱུང་བའི་ལེའུ་སྟེ་བརྒྱ་རེ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱད་རྣམས་དགྲོལ་བ་བསྟན་པ་ནི།། བྱད ་དགྲོལ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། སརྦ་བྱ་ཏེ་སྭཱ་ཧཱ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། བྱད་དགྲོལ་བའི་ལེའུ་སྟེ་བརྒྱ ་རེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བསྲུང་མ་རྣམ་མཐར་བསྐྱལ་བ་ནི།། བསྐལ་པ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་བ་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ ་གསུམ།། རྦད་བྱེར་ཕཊ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། སྲུང་མ་རྣམ་ཐར་བསྐྱལ་བའི་ལེའུ་སྟེ་བརྒྱ་རེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྒྱས་འདེབས་ལས་སུ་བསྟན་པ་ནི།། རྒྱས ་འདེབས་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། རྦད་ནན་ཛ་ཧཱུཾ་བཾ་ཧོ་ཕཊ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྒྱས་འདེབས་ཀྱི ་ལེའུ་སྟེ་བརྒྱ་རེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཞི་བའི་ལས་སུ་བསྟན་པ་ནི།། ཞི་བ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ ་གསུམ།། ཤན་ཏིང་ཀུ་རུ་སྭཱ་ཧ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། ཞི་བའི་ལེའུ་སྟེ་བརྒྱ་རེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྒྱས་པའི་ལས་སུ་བསྟན་པ་ནི།། རྒྱས་པ་གཉིས་ལ་བཅུ་གཅིག ་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། པུཥྚིཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྒྱས་པའི་ལེའུ་སྟེ་བརྒྱ་རེ་དྲུག་པའོ།། །། དེ་ནས་ཡང་དག ་བཤད་བྱ་བ།། དབང་གི་ལས་སུ་བསྟན་པ་ནི།། དབང་གསུམ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣམ་མ་དཀྲུག་པ་གསུམ།། པ་ཤཾ་ཀུ་རུ་སྭཱ་ཧཱ། ་དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། དབང་གི་ལེའུ་སྟེ་བརྒྱ་རེ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་གསད་པའི་ལས་རྣམས་བཤད།། གསད་པ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང ་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། ཤ་ཏྲུཾ་ནི་མཱ་ར་ཡ་ཕཊ། གཅིག་གསད་པ་དང་སྡེ་གསད་གཉིས།། སྡེ་ཡི་གཅིག་གསད་གཅིག་གི་སྡེ།། གསད་ཐབས་རྣམ་པ་བཞི་རུ ་གྲགས།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། གསད་པའི་ལེའུ་སྟེ་བརྒྱ་རེ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གནན་པའི་ལས་ནི་མཐའ་རྟུལ་བཤད།། གནན་པ་གཉིས་ལ་བཅུ་གཅིག ་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ་གསུམ།། ནན། ཕག་ཐོད་ངན་དུ་གནན་པར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། གནན་པའི་མཐའ་རྟུལ་བའི་ལེའུ་སྟེ ་བརྒྱ་རེ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བསྲེག་པ་ལས་ཀྱི་མཐའ་རྟུལ་ལ།། བསྲེག་པ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། ཟློག་དང་རྣལ་མ་དཀྲུག་པ ་གསུམ།། རཾ། དུག་ཤིང་ཧོ་ལ་བསྲེག་པར་བྱ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། བསྲེག་པའི་མཐའ་བརྟུལ་བའི་ལེའུ་སྟེ་བརྒྱ་བདུན་བཅུ་ཟམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འཕང་བ་ལས་ཀྱི ་མཐའ་རྟུལ་ནི།། འཕང་བ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། བྷྱོ། རབས་ཆད་ཐོད་ནག་ནང་དུ་གནན།། དྲག་པོ་ངན་སྔགས་ཀྱི ་བཤད་རྒྱུད་ལས།། འཕང་བ་མཐའ་རྟུལ་གྱི་ལེའུ་སྟེ་བརྒྱ་དོན་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྗེས་མེད་རླུང་ལྟར་དམོ་བ་ནི།། དམོ་བ་གཉིས་ལ་བཅུ་གཅིག་འགྱུར།། བཤོར་དང་སྐུགས་གཞུག ་སྤོགས་པ་གསུམ།། བཟློག་དང་རྣལ་མ་དཀྲུག་པ་གསུམ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས། རྗེས་མེད་རླུང་ལྟར་དམོ་བའི་ལེའུ་སྟེ་བརྒྱ་དོན་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བཅོམ ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོས་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ཚོགས་རྣམས་ལ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་འདི་གཏད་དོ།། འཇིག་རྟེན་ན་མཐུ་ཆེ་བའི་མ་མོ་མཁའ་འགྲོའི ་ཚོགས་རྣམས། གཤིན་རྗེ་དང་། སྡེ་བརྒྱད་དང་། སྒྲོལ་གིང་རྣམས་ལ། དྲག་སྔགས་སྲོག་གི་སྙིང་པོའི་རྗེས་འབྲིངས་ལ་བསྟན་པ་གཉེན་པོ་སྲུངས་ཤིག། བཀའ་བཞིན་དུ་མ་བྱས་ན། སྲོག་གི་སྙིང་པོས་གཤེད་ལ་ཕབ ་ནས་རྡུལ་དུ་བརླག་པར་འགྱུར་རོ།། ངན་སོང་དུ་ལྟུང་བར་འགྱུར་རོ།། དམ་ལས་མ་འདའ་ཞིག། ཅེས་རྒྱུད་ཡོངས་སུ་གཏད་དོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒུད་ལས། རྒུད་ཡོངས་སུ་གཏད་ཅིང ་འཕྲིན་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་བརྒྱ་དོན་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་དཀོན་མཆོག་གི་བསྟན་པ་སྲུང་བའི་འཕྲིན་ལས་མཐར་ཕྱིན་ནས། ཆོས་ཉིད་མ་བཅོས་པའི་ངང་ལ་བཞུགས ་སོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་ལས།། རྣམ་རྟོག་ཆོས་ཉིད་དུ་བརླངས་པའི་ལེའུ་སྟེ་བརྒྱ་དོན་བཞི་པའོ།། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད་རྫོགས་སོ།། །། རྒྱ་རྒྱ་རྒྱ། རྒྱ་གར་གྱི་སློབ་དཔོན་ཕུང་བྱེད་ཤན ་ཏིང་གརྦྷ་དང་། བོད་ཀྱི་ལོ་ཙ་བ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་གྱིས། བསམ་ཡས་དབུ་ཚལ་གྱི་གླིང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། །། དེ་ནས་འཕགས་པ་འཇམ་དཔལ་གྱིས། བཅོམ་ལྡན་འདས ་