CLOSE WINDOW

Gpb051.011: rdo rje gtsug lag drag po ngan sngags sdig pa phung byed 'khor lo gsal ba'i rgyud ces bya ba
Wyliee-texts produced with BDRC’s OCR application

འཕྲེང་བའི་འཁོར་ལོའི་མན་ངག་རྫོགས་སོ།། །། མན་ངག་དོན་བཀྲོལ་གྱི་རྒྱུད་རྫོགས་སོ།། ཐི་རྒྱཿནི་རྒྱཿསུ་རྒྱ།། ། @#།། རྒྱ་གར་སྐད་དུ། ཀྲི་ཡི་བཛྲ་ཨུ་ཀྲན་བི ་པཱ་པཾ་མ་ར་ཙཀྲ་ཨ་ལོ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྡིག་པ་ཕུང་བྱེད་འཁོར་ལོ་གསལ་བའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས ་དཔའ་ལག་ན་རྡོ་རྗེས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་གསང་བའི་མཆོད་པས་མཆོད་ནས་འདི་སྐད་གསོལ་ཏོ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། གོང་དུ་གསུངས་པའི་རྒྱུད་རྣམས ་ཀྱིས།། སྡིག་པ་ཕུང་བར་བྱེད་པ་ལ།། དལ་དྲག་བྲིད་སྡིག་ཇི་ལྟར་བྱ།། རྒྱུད་འདི་ཇི་ལྟར་གཟུང་བར་བྱ།། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཨེ་མ་རྡོ་རྗེ་འཆང་ཆེན་པོ།། སྡིག་པ་ཕུང་བར ་བྱེད་པ་ལ།། དང་པོར་དལ་བའི་ལས་བདུན་བཤད།། ཆོས་ཉིད་དོན་བསྒོམ་དལ་པ་གཅིག། ཟབ་མོའི་དོན་བརྗོད་དལ་བ་གཉིས།། ཅི་ཏེ་སྐུ་བཞེངས་དལ་བ་གསུམ།། འབྱུང་བ་ཚིམ་བྱས་དལ་བ་བཞི།། ཟབ་མོའི ་སྔགས་བཟླས་དལ་བ་ལྔ།། སེམས་ཅན་སྦྱིན་སྲེག་དལ་བ་དྲུག། སེམས་ཅན་དོན་བྱ་དལ་བ་བདུན།། གསུམ་པ་དྲག་པོའི་ལས་སུ་བཤད།། མཚན་བཅས་སྐུ་བསྒོམ་དྲག་པོ་གཅིག། དྲག་པོའི་མདོ་བརྗོད་དྲག་པོ ་གཉིས།། ཅི་ཏེ་སྐུ་བཞེངས་དྲག་པོ་གསུམ།། ནང་གི་ཚོགས་འཁོར་དྲག་པོ་བཞི།། དྲག་པོར་སྔགས་བཟླས་དྲག་པོ་ལྔ།། གཞན་གྱི་ཚེ་སྲོག་དྲག་པོ་དྲུག། ལས་ཀྱི་སྦྱོར་མཚམས་དྲག་པོ་བདུན།། གསུམ་པ་སྲིད་པའི ་ལས་བདུན་ནི།། དགེ་སྡིག་ཆོས་བཤད་བྲེད་པ་གཅིག། ཟབ་མོའི་མདོ་བརྗོད་བྲེད་པ་གཉིས།། ཅི་ཏི་སྐུ་བཞེངས་བྲིད་པ་གསུམ།། མཐུན་པའི་རྫས་མཆོད་བྲིད་པ་བཞི།། གསོ་བའི་སྔགས་བཟླས་བྲིད་པ་ལྔ།། སྨན་གྱི ་ད་གསོ་བྲིད་པ་དྲུག། དྲུག་རྣམས་བྱ་བ་བྲིད་པ་བདུན།། བཞི་པ་སྡིག་པའི་ལས་བདུན་བཤད། ཁྲོ་བོ་སྐུ་འཕྲོག་བསྡིག་པ་གཅིག། དྲག་པོའི་མདོ་བརྗིད་བསྡིག་པ་གཉིས།། དྲག་པོའི་ཅི་ཏི་བསྡིག་པ་གསུམ།། དྲག ་པོའི་གཏོར་མ་བསྡིག་པ་བཞི།། སྡེབས་བཅས་དྲག་སྔགས་བསྡིག་པ་ལྔ།། དྲག་པོའི་ཐུན་བཅའ་བསྡིག་པ་དྲུག། དྲག་པོའི་གནད་བསྲེག་བསྡིག་པ་བདུན།། དལ་ཅིག་དྲག་ཅིག་བསྡིག་དང་བྲིད།། སྦྱོར་བ་ཤེས་ནི ་རགས་གསུམ་འབྱེད།། རབ་དང་འབྲིང་དང་ཐ་མ་གསུམ།། དལ་དང་བྲིད་ནི་རབ་ཡིན་ནོ།། དྲག་དང་བསྡིག་པ་ཐ་མ་སྟེ།། བཞི་པ་ལས་ནི་འབྲིང་དུ་བརྗོད།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྡིག་པ་ཕུང་བྱེད ་འཁོར་ལོ་གསལ་བའི་རྒྱུད་ལས།། དལ་དྲག་བྲིད་ཀྱི་སྡིག་པ་ཕུང་པར་བྱེད་པའི་ལེའུ་སྟེ་དང་པོའོ།། །། སྡིག་པ་ཕུང་བར་བྱེད་པ་ལ།། དལ་དང་འབྲེལ་བའི་ལས་བདུན་བསྟན།། དྲུག་གི་རྒྱུད་དྲུག ་འབྲེལ་པ་སྟེ།། བཟླས་ཐབས་དྲུག་དང་ཏིང་འཛིན་གསུམ།། དེ་ལ་བསྙེན་པའི་ལས་བྱ་བ།། དང་པོར་རྒྱུད་ལ་བསྙེན་པ་གསུམ།། སྔོན་དུ་བྱ་དང་ལས་སུ་བྱ།། ལས་ལ་སྦྱར་བ་རྣམ་པ་གསུམ།། གཉིས་པའི་རྒྱུད་དུ ་བསྙེན་པ་གསུམ།། དྲག་པོའི་མན་ངག་ཟབ་མོ་གསུམ།། གསུམ་པའི་རྒྱུད་དུ་བསྙེན་པ་གསུམ།། ཕྱི་དང་ནང་དང་གསང་བ་གསུམ།། བཞི་པའི་རྒྱུད་དུ་བསྙེན་པ་གསུམ།། གཟས་པ་པོ་དང་སྒྲོལ་རྫོགས་གསུམ།། ལྔ ་པའི་རྒྱུད་དུ་བསྙེན་པ་གསུམ།། མན་ངག་ཤུག་དང་ནོར་བུ་ལུག། དྲུག་པའི་རྒྱུད་ཏུ་བསྙེན་པ་གསུམ།། གྲངས་དང་སྒོ་དང་བསྒྱུར་དང་གསུམ།། མ་ར་ཡ་ཡི་བསྙེན་པ་གསུམ།། བརྟེན་དང་བརྟེན་མེད་བསྡུས་པ ་གསུམ།། དེ་ཡི་རྣམ་གྲངས་འགྲུབ་པར་འགྱུར།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྡིག་པ་ཕུང་བྱེད་འཁོར་ལོ་གསལ་བའི་རྒྱུད་ལས། འབྲེལ་བའི་ལས་བདུན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། སྡིག་པ ་ཕུང་བར་བྱ་བ་ལ།། དྲག་དང་འབྲེལ་བའི་ལས་བདུན་བསྟན།། རྒྱུད་ཆེན་དྲུག་ལ་བསྒྲུབ་པ་དྲུག། མཱ་ར་ཡ་ཡི་འཕྲེང་བ་བདུན།། རང་རང་འཁོར་ལ་ལས་གཟུད་པ།། བཞི་བཞིས་ལས་ལ་བསྐུལ་བར་བྱ།། མཚན་ཐོབ ་གཟུང་དང་བྱེད་དུ་གཞུག། དབང་དུ་བསྡུ་བར་བཤད་པ་ཡིན།། འཁོར་གྱི་སྔགས་བཞི་བཤད་པ་ལ།། རྩ་བ་བསྐྱེད་དང་བསྙེན་དང་ལས།། མ་ནོར་བ་ཡི་སྔགས་བཞི་ཡིན།། མཚན་ཐོབ་རང་རང་བསྙེན་པའི ་སྔགས།། གཟུད་པ་བྷྱོ་རུ་ཤེས་པར་བྱ།། དབང་དུ་བསྡུ་ལ་ཧཱུཾ་གསུམ་ལས།། བྱེད་དུ་གཞུག་པ་བརྒྱ་ལྔ་བཅུ།། དེ་ཡིས་ཡོངས་སུ་འགྲུབ་པར་འགྱུར།། རྡོ་རྗེ་གཙུག་ལག་སྡིག་པ་ཕུང་བྱེད་གསལ་བའི་རྒྱུད་ལས། དྲག་པོ ་དང་འབྲེལ་བའི་ལས་བདུན་གྱི་ལེའུ་སྟེ་གསུམ་པའོ།། །། སྡིག་པ་ཕུང་བར་བྱ་བ་ལ།། བྲིད་དང་འབྲེལ་བའི་ལས་བདུན་བསྟན།། རྒྱུད་ཆེན་དྲུག་ལ་ལས་སྦྱར་དྲུག། མཱ་ར་ཡ་ཡི་འཕྲེང་བ་བདུན།། དང་པོ་རྣམ་ཤེས ་བཞི་བྱ་སྟེ།། རྣམ་ཤེས་རེ་དང་སྭཱ་ཧཱ་སྦྱར།། དེ་འོག་ལུས་ཀྱི་གདུག་པ་བཞི།། སྙིངས་མའི་སྔགས་ལ་ཤིནྟཾ་སྦྱར།། མིང་དང་སྐུ་རུ་སྭཱ་ཧཱ་སྦྱར།། དེ་ནས་བསྲུང་དང་དགུག་པ་དང་།། ཟེར་ཀ་བསྒྱུར་དང་དམོད་ཟོར ་བཟློག། དུག་རྣམས་ཞི་བར་བྱ་བ་དང་།། ཟུག་པ་དབྱུང་དང་ཞེན་པ་བཟློག། བྱད་དགྲོལ་པ་ཡི་རིམ་པ་བྱ།། དེས་ཀྱང་ཉན་དུ་མ་འདོད་ན།། བཅིང་དང་གཟིར་དང་གནན་དང་བཟློག། གཞིག་བྱ་གཞོམ་དང་གདུལ་བ ་དང་།། དེ་ལ་དང་དྲག་པོ་བྱ་བ་སྟེ།། དེས་ཀྱང་ཉན་དུ་མ་འདོད་ན།། རང་བཞིན་དྲག་པོ་བཙན་ཐབས་དང་།། དུག་ལྔ་ལ་སོགས་གཤེད་དུ་དབབ།། ཕྱི་བསྒྲུབ་སྦྱོར་བ་བརྩམ་པ་ཡིན།། རྡོ་རྗེ་གཙུག་ལག་དྲག་པོ་ངན ་སྔགས་སྡིག་པ་ཕུང་བྱེད་འཁོར་ལོ་གསལ་བའི་རྒྱུད་ལས། བྲིད་པ་དང་འབྲེལ་བའི་ལས་བདུན་བསྟན་པའི་ལེའུ་སྟེ་བཞི་པའོ།། །། སྡིག་པ་ཕུང་བར་བྱེད་པ་ལ།། བསྡིག་དང་འབྲེལ་བའི་ལས་བདུན ་བསྟན།། རྒྱུད་ཆེན་དྲུག་དང་ལས་སྦྱར་དྲུག། མཱ་ར་ཡ་ཡཾ་འཕྲེང་བ་བདུན།། ནང་དང་གསང་བ་གསང་ཆེན་ཏེ།། ལས་རྣམས་རྫོགས་པའི་སྦྱོར་བ་བྱ།། རྟགས་ནི་རྣམ་པ་གཉིས་སུ་འགྱུར།། རང་གི་ཡུལ་ལ་བརྟག་པ ་དང་།། རང་གི་ལུས་ལ་བརྟག་པ་གཉིས།། དང་པོ་མཱ་ར་ཡ་ཡི་རྟགས།། ལུས་ལ་གཡོ་ཐོབ་བརྟག་པར་འབྱུང་།། ཤ་འགུལ་གཡོ་སྟེ་ཐོབ་བརྟན་འབྱུང་།། ཤེས་འཕྲོགས་རྟགས་སུ་བདག་སྙིང་འཕྱོ།། རྒྱན་ཕྲོག་སྙིང་ཕྱུང ་ལ་སོགས་འབྱུང་།། གཟིར་བ་ལུས་ལ་ཉམས་ཆུང་འགྱུར།། རིས་དམན་ངུ་འབོད་ལ་སོགས་འབྱུང་།། གསད་པ་རང་ཉམས་ཤིན་ཏུ་ཁྲོ།། མཁར་གཤིག་ཤིང་གཅོད་བཙས་རྔ་དང་།། སྔོན་དང་སྲོག་ཆགས་གསོད་པ ་འབྱུང་།། དེ་ནས་ཕྱག་ཆ་བསྐོར་སོགས་ཚེ།། ལུས་འབྱུང་དང་སྙིང་རུ་ལག་འབྱུང་།། ཤིན་ཏུ་ཁྲོས་པས་མ་ཡིན་ཏེ།། སྦྱོར་བའི་ཤུགས་ཀྱིས་སྐད་ཅིག་ཁྲོ།། དེ་ནས་ཆོས་ཉིད་དོན་ལ་དམིགས།། རྡོ་ལ་གསེར་འགྱུར་བཏང ་བ་བཞིན།། ཐབས་ཀྱི་སྡེ་དཔོན་རྣམས་འདུལ་ལ།། ཐབས་མེད་རང་དང་འཁོར་དུ་གསོད།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྡིག་པ་ཕུང་བྱེད་འཁོར་ལོ་གསལ་བའི་རྒྱུད་ལས། བསྡིག་པ་དང་འབྲེལ་བའི་ལས ་བདུན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། སྡིག་པ་ཕུང་བྱེད་འཁོར་ལོ་འདི།། ཤིན་ཏུ་གབ་སྦས་མ་གསང་ན།། སྡིག་པས་མ་ཉིད་གསོད་པ་བཞིན།། སྤེལ་པས་རང་ཉིད་དམྱལ་བར་ལྟུང་།། མ་བསད་དང་འདྲ་ཡ་ཁ ་སྡིག། འབྱུང་བས་ཤིན་ཏུ་གབ་གསང་ཐོས།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་སྡིག་པ་ཕུང་བྱེད་འཁོར་ལོ་གསལ་བའི་རྒྱུད་ལས། སྡིག་པ་དང་འདྲ་བས་གཟུང་བའི་ལེའུ་སྟེ་དྲུག་པའོ།། རྫོགས་སོ།། །། མན ་ངག་གི་རྒྱུད་ཅེས་བྱ་བ། ཟི་རྒྱ། ནི་རྒྱ། སུ་རྒྱཿ།། ། @#། རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཟ་བ་ར་པ་ནི་ད་ར་ཙཀྲ་དྷ་ར་ཨི་ཀ་ཀ་ལ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གཙུག ་