CLOSE WINDOW

Gpb051.004: pad+ma gtsug lag 'khor lo'i rgyud
Wyliee-texts produced with BDRC’s OCR application

ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། པདྨ་ཙཀྲ་ཀྲི་ཡི་ཏན་ཏྲ། བོད ་སྐད་དུ། པདྨ་གཙུག་ལག་འཁོར་ལོའི་རྒྱུད།། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས། དཔལ་ཀུན་ཏུ་བཟང་པོ་ལ་བསྟོད་པ། གསང་བའི་བདག་པོས ་མཆོད་པས་མཆོད་དོ།། གསང་བའི་གར་བརྒྱ་ཕྲག་དུ་མས་བྱ་གསང་བའི་བརྡ་བསྐུལ་བ་བྱས་པས།། བཅོམ་ལྡན་འདས་དབང་གི་རྒྱལ་པོ་གསང་བའི་མཁའ་ལས་བཞེངས་ནས། གསང་བའི་རིགས་ཀྱི་འཁོར་རྣམས ་ལ་ཇི་ལྟར་འདུལ་བ་བཞིན་མཁྱེན་ནས། དེ་རྣམས་ཐེ་ཚོམ་བཀའ་སྩལ་པ།། བསྐལ་པ་ཐ་མའི་བསྟན་པ་ལ།། ལས་ཀྱི་འཁོར་ལོ་བསྐོར་བ་དང་།། སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར།། པདྨ་དབང་གི་འཁྲུལ་འཁོར ་བཤད།། དབང་གི་རྒྱུད་དོན་འབུམ་ཕྲག་རྣམས།། ལྡེ་མིག་རྣམ་པར་གསུམ་གྱིས་དབྱེ།། ཐེམས་ནི་འཁོར་ལོ་ལྡེ་མིག་ཡིན།། ཚད་མ་སྔགས་ཀྱི་ལྡེ་མིག་ཡིན།། རྩིས་ནི་མན་ངག་ལྡེ་མིག་ཡིན།། དང་པོ་ཐེམས་ཀྱི་མན ་ངག་བསྟན།། རྩ་བའི་འཁོར་ལོ་བཞི་རུ་བཤད།། སྐུ་ལས་འབྱུང་བའི་འཁོར་ལོ་སྟེ།། རིམ་པ་གཉིས་དང་ལྡན་པ་ལ།། དབུས་སུ་སྐུ་གསུང་མཚན་མ་སྟེ།། འདུལ་བྱེད་འཁོར་ལོ་པདྨ་བཅུ།། ཡང་ནི་འབྲིང་དང་ཐ་མ ་གསུམ།། སྣ་ཚོགས་པདྨ་འབར་བ་ལ།། འདུལ་བྱེད་འཁྲུལ་འཁོར་བསྐོར་བར་བྱ།། དེ་ལ་སྐྱོན་ཡོན་རྣམ་བདུན་ལ་སོགས་པ།། ལྡོག་དང་འཁྱམ་དང་ལྟོ་བྲལ་དང་།། རྟག་འཁོར་རྟུག་དང་པོ་བ་དང་།། འཁོར་ལོ་འཆོས ་པ་བདུན་དུ་བཤད།། ཡན་ལག་གསུམ་དང་ལྡན་པའོ།། ཡན་ལག་ཉི་ཤུ་རྩ་བརྒྱད་ཀྱིས།། པདྨ་ཁྲོས་པའི་འཁོར་ལོ་རྫོགས།། བསྙེན་པའི་སྔགས་བདུན་བསྒྲུབ་པོ་བདུན།། ལས་ལ་བདུན་ལ་སོགས་པ་བདུན།། རྩ་བའི ་ཡི་གེ་བཅུ་བདུན་པ།། པདྨ་སྐུ་ཡི་བསྙེན་པར་བཤད།། དེ་ལས་ཕྱེ་བས་ལྔ་རུ་གསུངས།། རྩ་བའི་ཡི་གེ་བཅུ་དྲུག་པ།། པདྨ་གསུང་གི་བསྙེན་པར་བཤད།། དེ་ལས་ཕྱེ་བས་ལྔ་རུ་གསུངས།། རྩ་བའི་ཡི་གེ་འབྲུ་བཅོ་ལྔ ་པ།། ཐུགས་ཀྱི་བསྙེན་པར་རྒྱལ་བས་གསུངས།། དེ་ལས་ཕྱེ་བས་ལྔ་རུ་གསུང་།། རྩ་བའི་ཡིག་འབྲུ་བཅུ་བཞི་པ།། པདྨ་ཡོན་ཏན་བསྙེན་པར་བཤད།། དེ་ལས་ཕྱེ་བས་ལྔ་རུ་གསུངས།། རྩ་བའི་ཡིག་འབྲུ་བཅུ་གསུམ ་པ།། པདྨ་འཕྲིན་ལས་བསྙེན་པར་བཤད།། དེ་ལས་ཕྱེ་བས་ལྔ་རུ་གསུངས།། རྩ་བའི་ཡིག་འབྲུ་བཅུ་གཉིས་པ།། པདྨ་སྠི་དྲི་ལ་བསྙེན་པར་བཤད།། བསྡུས་པའི་ལས་དང་བདུན་དུ་བཤད།། བསྒྲུབ་དང ་ལ་སོགས་དེ་བཞིན་ནོ།། པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཐེམས་བསྟན་པའི་ལེའུ་སྟེ་དང་པོའོ།། །། གཉིས་པ་ཚད་མའི་ལས་རྣམས་ནི།། ཚད་མ་ཉི་ཤུ་རྩ་བརྒྱད་དེ།། སྐུ་ཡི་སྔགས་ལྔས ་སྐུ་རྣམས་བརླག། གསུང་གི་སྔགས་ལྔས་གསུང་རྣམས་དཀྲུག། ཐུགས་ཀྱི་སྔགས་ལྔས་ཐུགས་རྣམས་འཆིང་།། ཡོན་ཏན་སྔགས་ལྔས་ས་རྣམས་འཇིག། འཕྲིན་ལས་སྔགས་ལྔས་ལས་རྣམས་འགྲུབ།། གཅིག་ཏུ་དྲིལ ་བས་ཡོངས་སུ་རྫོགས།། བསྡུས་པས་ཆོས་ཀྱི་སྐུ་ཡང་འཇིག། བསྒྲུབ་པའི་གསང་སྔགས་སྡེ་བདུན་ལ།། གཅིག་ནས་བཟུང་ནས་ལྔ་ཡི་བར།། ཡན་ལག་ལྔ་ལྔར་ཤེས་པར་བྱ།། གཉིས་ནི་ཡོངས་སུ་རྫོགས་པ་སྟེ།། རྩ ་བདུན་པ་དང་རྩ་བཞི་པ།། རྩ་གཅིག་པ་དང་བཅུ་བདུན་པ།། བཅོ་ལྔ་པ་དང་བཅུ་གསུམ་པ།། བཅུ་གཅིག་པ་ཞེས་གྲགས་པ་ཡིན།། ལས་ཀྱི་གསང་སྔགས་སྡེ་བདུན་ལ།། དང་པོ་ནས་བཟུང་བཅུ་པར་དང་།། འབུམ་དུ ་སྦྱར་བ་ངས་ལུང་བསྟན།། སྤོག་པའི་ལས་བདུན་དེ་དང་འདྲ།། སྐུ་ཡི་དང་པོ་གསུང་གི་གཉིས།། ཐུགས་ཀྱི་གསུམ་པ་ཡོན་ཏན་བཞི།། འཕྲིན་ལས་ལྔ་བླང་བདུན་པར་སྦྱར།། གསང་བ་ཡུམ་གྱི་བདུན་པ་དང་།། ཆག་པ ་མ་ཡི་དང་པོར་སྦྱར།། གསང་བ་དཀྲུག་པའི་བདུན་པ་དང་།། སྦྱོར་བ་གཞིག་པའི་བརྒྱད་པར་སྦྱར།། དེ་ཡིས་ཐམས་ཅད་གསལ་བར་འགྱུར།། པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཚད་མ་བསྟན་པའི་ལེའུ ་སྟེ་གཉིས་པའོ།། །། གསུམ་པ་རྩིས་ཀྱི་ལས་རྣམས་ནི།། རྣལ་འབྱོར་ནང་པ་རྩོད་པ་ལ།། རིག་སྔགས་ཉི་ཤུ་རྩ་བརྒྱད་དེ།། དང་པོ་ནས་བཟུང་བདུན་པར་ནི།། རང་གི་སྡེབ་པ་བདུན་དུ་བསྒྲལ།། སྔགས་སྡེ་བདུན ་པའི་རིམ་ཆགས་སོ།། གཉིས་པ་ནས་བཟུང་བདུན་བར་ནི།། གཞན་སྡེ་ནང་པ་བདུན་དུ་བསྒྲལ།། སྔགས་སྡེ་བདུན་པའི་རིམ་ཆགས་སོ།། གསུམ་པ་ནས་བཟུང་བདུན་པ་གཏུག། ཉན་ཐོས་སྡེ་པ་བསྒྲལ་བར ་གསུངས།། བཞི་པ་ནས་བཟུང་བདུན་ལ་གཏུག། མུ་སྟེགས་སྡེ་ལ་བསྒྲལ་བར་གསུངས།། སྔགས་སྡེ་བདུན་པ་རིམ་ཆགས་སོ།། འཁོར་ལོ་བཞི་ནས་འབུམ་ལ་གཏུག། སྣ་ཚོགས་ལས་རྣམས་རིམ་ཆགས་སོ།། བརྟུལ ་ཞུགས་བརྒྱད་ལ་འཁོར་ལོ་བརྒྱད།། ཕོ་ཉ་དྲུག་ཅུ་འཁོར་ལོ་དང་།། དམུ་ལོང་འཁོར་ལོ་བརྒྱད་པ་སྟེ།། ཀླུ་དང་མ་མོ་བདུན་དུ་འགྱུར།། གནོད་སྦྱིན་དྲེགས་ལྡན་བཅོ་བརྒྱད་དོ།། གསང་སྡེ་ལས་ཀྱིས་བཅུ་རུ ་བཤད།། པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས།། རྩིས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། གསང་ཆེན་པདྨ་གསུམ་འཁོར་ལོ།། འདུས་པའི་རྒྱལ་པོ་རབ་གསང་ལ།། མངོན་ཕྱུང་གསང་བའི་རྒྱུད་རྒྱལ ་འདི།། དུས་ཀྱི་སྙིངས་པར་གྱུར་པའི་ཚེ།། རང་བཞིན་ཤུགས་ཀྱིས་འབྱུང་བར་འགྱུར།། ཨུཏྤལ་འདྲ་འམ་གསུམ་པོ་ལ།། བྱིན་ན་རྡོ་རྗེ་དམྱལ་བར་ལྟུང་།། རིན་ཆེན་ལྟ་བུས་གཏེར་ལྟར་བཙོས།། ཞེས་བཀའ་སྩལ་པས།། ་དྲག་པོ་གསང་བའི་བདག་པོ་ལ་སོགས་པ་འཁོར་རྣམས་ཡི་རང་སྟེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། རྗེས་སུ་ཡིད་རང་བའི ་ལེའུ་སྟེ་བཞི་པའོ།། །། པདྨ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཙཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་གཙུག ་