CLOSE WINDOW

Gpb048.001: ma mo e ka dza Ti spyang rgyal nag mo'i rgyud ces bya ba
Wyliee-texts produced with BDRC’s OCR application

། མ་མོ་ཨེ་ཀ་ཛ་ཊི་སྤྱང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ། གཡུའི་སྦྲང་སྔོན་མོའི་རྒྱུད་ཅེས་ཀྱང་བྱ། མ་ཚང་བ་ཁ་བསྐང་བའི་རྒྱུད་ཅེས་ཀྱང་བྱའོ།། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག ་འཚལ་ལོ།། དེ་ནས་དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ་དེ་ཡང་འོག་མིན་གྱི་གནས་ནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོར་བཤེགས་ཏེ་མི་རྟོག་པའི་དོན་ལ་རྟོག་པ་མེད་པར ་བཞུགས་སོ།། མི་འཕྲོ་བའི་དོན་ལ་སྤྲོས་པ་མེད་པར་བཞུགས་སོ།། མི་དམིགས་པའི་དོན་ལ་དམིགས་པ་མེད་པར་བཞུགས་སོ།། མི་སྐྱེ་བའི་དོན་ལ་སྐྱེ་བ་མེད་པར་བཞུགས་སོ།། མི ་འགག་པའི་དོན་ལ་འགག་པ་མེད་པར་བཞུགས་སོ།། མི་འཕྲོ་བའི་དོན་ལ་སྤྲོས་པ་མེད་པར་བཞུགས་སོ།། མི་གནས་པའི་དོན་ལ་གནས་པ་མེད་པར་བཞུགས་སོ།། མི་འགྱུར་བའི་དོན ་ལ་དུས་གསུམ་དུ་འགྱུར་བ་མེད་པར་བཞུགས་སོ།། ལྷན་ནེ། ལྷག་གེ་ལྷན་ལྷམ་མེར་གནས་ཏེ། དེའི་ཚེ་དེའི་དུས་ན་ལྷ་མོ་བདེ་བྱེད་མ་དེ་ཡང་ཉིད་ཀྱི་སྐུ་གསུང་ཐུགས་དང ་དབྱེར་མེ་ཕྱེད་པར་གནས་སོ།། དེ་ནས་ལྷ་མོ་བདེ་བྱེད་མ་དེ་ཡང་མི་དམིགས་པའི་དབྱིངས་ལས་མ་གཡོས་ཀྱང་། དམིགས་པའི་ཚུལ་དུ་ཉིད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས་བྱུང་སྟེ།། ་ཉིད་ཀྱི་མདུན་གྱི་ཚོད་ཙམ་སྟེ་དོན་ཆོས་ཉིད་ཀྱི་ཕྱོགས་ན་གནས་ཏེ། འཁོར་ལྷ་མོའི་ཚོགས་དང་། ཤ་ཟ་དང་། ཁྲག་འཐུང་དང་། ནད་གཏོང་དང་། ཁྲམ་འདེབས་དང་། ཆགས་བྱེད་མ ་དང་། བདེ་བྱེད་མ་དང་། ཟ་བྱེད་མ་དང་། གསོད་བྱེད་མ་དང་། རྨུག་བྱེད་མ་དང་། འཕེལ་བྱེད་མ་ལ་སོགས་པ་མོའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན ་ལྷ་མོ་ནག་མོ་བདེ་བྱེད་མ་དེ་ཡང་བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དང་། སྙིང་རྗེས་འགྲོ་བའི་དོན་བྱ་བ་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོས་སེམས་ཅན་གྱི་དོན་བྱ་བ་དང་། ལྷ ་བ་དང་། སྤྱོད་པ་དང་། བསྒོམ་པ་དང་། དབང་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། འཕྲིན་ལས་དང་། སྔགས་དང་། ཕྱག་རྒྱ་དང་། མ་ནུའི་དོན་བྱ་བའི་ཡིད་ལ་དགོངས་ནས་འཁོར་རྣམས་དང་ལྷན་ཅིག་ཏུ ་དུས་གཅིག་ལ་མེ་ཏོག་གི་ཚོགས་འདི་ལྟ་སྟེ། ཨུ་ཏྤལ་དང་། ཨུཏྤལ་ཆེན་པོ་དང་། ཀུན་མུ་ཏ་དང་། པདྨ་དང་། པདྨ་ཆེན་པོ་དང་། ཁུ་བྱུག་ལྟ་བུ་དང་། འདི་ལྟར་ལྷ་ལས་བྱུང་བ་དང་། ལྷ་མ་ཡིན་ལས་བྱུང་བ་དང་། མི ་ལས་བྱུང་བ་དང་། ཡིད་ལས་བྱུང་བ་དང་། ས་ལས་བྱུང་བས་ཀྱང་གཏོར་རོ།། ཀུན་ཏུ་གཏོར་རོ།། རབ་ཏུ་གཏོར་རོ།། གཞན་ཡང་བདུག་སྤོས་ཀྱི་ཚོགས་ཙན་དན་ཕྱེ་མ་ལ་སོགས་པ་དང་། གཞན་ཡང་ཟས་ཀྱི་རྣམ་པ ་དང་། ཕྱི་དང་ནང་དང་། གསང་བའི་མཆོད་པ་དཔག་ཏུ་མེད་པ་རྣམས་ཡིད་ལས་བྱུང་སྟེ། ཐོགས་ནས་ལན་བརྒྱ་སྟོང་དུ་མར་བསྐོར་ཞིང་མཆོད་དེ་འདི་སྐད་དུ། ཀྱེ་ཀྱེ་དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། བཞེངས་ཤིག ་ཆོས་ཀྱི་དབྱིངས་ནས་བཞེངས།། བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ།། གཤེགས་ཤིག་འཕྲིན་ལས་བདག་མོར་གཤེགས།། བསྐུལ་ལོ་འཕྲིན་ལས་བདག་མོར་བསྐུལ།། མི་དམིགས་དབྱིངས་ནས་མ་གཡོས་ཀྱང་།། ་འཇིགས་ཚུལ་གཟུགས་སུ་བསྟན་དུ་གསོལ།། མི་རྟོག་དང་ལས་མ་གཡོས་ཀྱང་།། རྟོགས་པ་བསལ་ཕྱིར་དབྱིངས་ནས་བཞེངས།། བདག་མ་ཡིན་པར་ཡིད་ཆེས་ཕྱིར།། འགྲོ་བའི་དོན་ལ་གསོལ ་འདེབས་ན།། གནས་ནས་ཕན་པ་གདགས་ཕྱིར་ན།། བསྟན་པའི་དོན་ལ་དགོངས་ཏེ་གཤེགས།། ཞེས་གསོལ་པས། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་དེ་ཡང་མི་རྟོགས་པའི་དོན་ལས་མ་གཡོས་ཀྱང་། འགྲོ་བའི ་ལོག་རྟོག་བསལ་ཞིང་བསྡུ་བའི་ཕྱིར། སྐྱེ་བའི་ཆོ་འཕྲུལ་བསྐུར་བཞེངས་ཏེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་མཆེ་བ་གཙིགས་པ། རལ་པས་ས་གཞི་ཁེབས་པ། སྤྱི་བོའི་གཙུག་ན་གཡུའི་རལ་པ་གྱེན་དུ ་བསྒྲེང་བ། ཞབས་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་གཡས་ན་བམ་ཆེན་པོའི་ཙིཏྟ་སྲོག་པ་རྩ་དང་བཅས་ནས་འཛིན་པ། གཡོན་ན་གཡུའི་སྦྲང་མོ་ཁྲ་ཐབས་སུ་བསྣམས་པ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གོང ་དང་མཐུན་པར་བསམ་གྱིས་མི་ཁྱབ་སྟེ། སྐད་ཅིག་ཙམ་དབྱིངས་རྣམ་པར་དག་པའི་ངང་ལས་བཞེངས་ཏེ། དཔེར་ན་ནམ་མཁའ་སྟོང་པའི་ངང་ལས་སྤྲིན་འདུས་པ་བཞིན་དུ་འམ། ཆུ་ལ་ཆུ་བུར་བྱུང་བ་ལྟར་བུར་བྱོན ་ཏོ། དེ་ནས་དེའི་ཚེ་དེའི་དུས་ན་དཔལ་ལྷ་མོ་ཆེན་མོ་རང་བྱུང་གི་རྒྱལ་མོ་དེ་ཉིད་ཀྱི་ཕོ་བྲང་ཐུགས་ལས་བསྐྱེད་ཅིང་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ་སྤྲོས་པ། ཨེ་ཡཾ་རཾ་ཙཾ་ཀཻ་བྷྲཱུཾ་རྨེ་སྒྲ་ར་ན་ཕཊ་ཅེས་པས། ་ནམ་མཁའ་ཀུན་ཏུ་བཟང་མོར་བསྐྱེད་དོ།། དེའི་སྟེང་དུ་ཡཾ་ཕ་ར་ན་ཕཊ་ཅེས་པས། རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ་བསྐྱེད་དོ།། དེའི་སྟེང་དུ་རཾ་སྥ་ར་ན་ཕཊ་ཅེས་པས། ར་ལས་རཀྟིའི་རྒྱ་མཚོ་ཟབ་ཅིང་གཏིང ་རིང་བ་བསྐྱེད་དོ།། དེའི་སྟེང་དུ་བཾ་ལས་ཞིང་ཆེན་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་བསྐྱེད་དོ།། དེའི་སྟེང་ལས་སྥ་ར་ན་ཕཊ་ཅེས་པས། ཀེང་རུས་ཀྱི་རི་རབ་དཔག་ཅིང་ཚད་ལས་འདས་བསྐྱེད་དོ།། དེའི་སྟེང་དུ་བི ་ཤ་བི་ཤུར་དྷེ་བན་དྷ་ཛྙ་ན་མཎྜལ་ལ་ཨེ་བྷྱཱཾ་ཞེས། བན་དྷ་ཐོད་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཤར་ཤེར་དཀར་ལྟར་དཀར་བ། ལྷོ་བཻ་ཌཱུཪྻ་ལྟར་སྔོ་བ། ནུབ་བྱི་རུ་ལྟར་དམར་བ། བྱང་ཨིན་ཏྲ་ཎཱི་ལ་ལྟར་ལྡང་བ། འོག ་མཐིང་ནག་གྲུ་གསུམ་དྲག་པོ། དེའི་མཐའ་མ་དབང་གི་ཟླ་གམ་དམར་པོ། དེའི་མཐའ་བཞི་ཟླུམ་པོ་དཀར། དེའི་མཐའ་གྲུར་ཆད་རྣམས་བཞི་ལྗང་། དེའི་མཐའ་རྒྱས་པ་གྲུབ་བཞི་སེར་མོ། དེའི་མཐའ་སྒོ་བཞི་རིགས ་དང་མཐུན་པ། དེའི་མཐའ་མུ་ཁྱུད་ནག་མོ་མེ་རི་དང་བཅས་པ་སྟེ་གོང་དང་འདྲ་བར་བསྐྱེད་དོ།། དེའི་དབུས་སུ་མ་རུ་ཏྲ་སྟི་ར་བཾ་ཞེས་པས། བདུད་མ་ཏྲང་ཀ་རུ་ན་དང་། སྟི་ར་ཕོ་མོའི་སྙིང་པོའོ།། དེའི་སྟེང་དུ་ཉིད་ཀྱི ་ཐུགས་ཀ་ནས་མ་སྤྲོས་ཏེ། མ་སུ་ཪྻ་མཎྜལ་ཞེས་པས་ཉི་མའི་དཀྱིལ་འཁོར་བསྐྱེད་དོ།། དེའི་སྟེང་དུ་ཏྲག་རག་ཏཾ་ཁ་ཏི་ར་བཾ་ཞེས་བརྗོད་དོ།། ནམ་མཁའ་སྟོང་པ་ལ་ཐོགས་བབས་པ་ལྟར་རང་བབས་ཏེ་གནས་པ་ལ ་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ། རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་འདར། རབ་ཏུ་འདར། འུར་འུར། རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག་དེའི་ཚེ་ལྷ་དང་ཀླུ་དང་བདུད་དང་། མུ ་སྟེགས་དང་། གཤིན་རྗེ་ལ་སོགས་པ་ཐམས་ཅད་ཀྱིས་བྲན་དང་གཡོག་ཏུ་ཁས་བླངས་སོ།། དགྲ་དང་བགེགས་རྣམས་ནི་རང་དུལ་དུ་གནས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་དགེས་ཏེ། ཨ་ཨ་ཧི ་ཧི་ཨ་ལ་ལ་ཞེས་གསུང་ཞིང་ཡི་རང་ངོ་།། གླེང་གཞིའི་སྐབས་ཏེ་དང་པོའོ།། །། དེའི་ཚེ་དེའི་དུས་ན་དཔལ་ལྷ་མོ་བདེ་བྱེད་མས།། དགྱེས་དགྱེས་རབ་ཏུ་དགྱེས། མགུ། རབ་ཏུ་མགུ་ནས། ཧི་ཧི་ཞེས་དགེས་པའི ་སྒྲ་བྱུང་སྟེ། ཡང་གོང་ལྟར་འཁོར་རྣམས་དང་བཅས་ཏེ་བསྐོར་བ་མང་པོ་བྱེད་ཅིང་ཞེས་ཕྱི་ནང་གི་མཆོད་པ་དང་མེ་ཏོག་འཐོར་ཞིང་འདི་སྐད་དུ། ཀྱེ་ཀྱེ་དཔལ་ལྡན་རང་བྱུང་རྒྱལ་མོ་སྟེ།། བདག་གིས་བསྟོད་ཅིང་གསོལ ་བ་ལས།། ཐུགས་རྗེས་བྱོན་པ་རྗེས་ཡི་རང་།། ཀྱེ་མ་རང་བྱུང་རྒྱལ་མོ་ཉིད།། བདག་ནི་རྟག་ཏུ་ཁྱོད་ལ་འདུད།། བདག་ནི་ཁྱོད་ལ་གུས་ཕྱག་འཚལ། ཁྱོད་ལ་གུས་པས་ཕྱག་འཚལ་ནས།། བདག་མ་ཡིན་པ་ཡིད་ཆེས ་ཕྱིར།། གོང་དུ་གསུངས་པའི་དོན་རྣམས་ལ།། མ་ཚང་བ་ཡི་ཁ་ཚར་རྣམས།། བདག་ལ་ལེགས་པར་བསྟན་དུ་གསོལ།། ལྟ་བ་སྤྱོད་པ་བསྒོམ་པ་དང་།། འབྲས་བུ་བྱ་བ་ཇི་ལྟ་བུ།། བདག་ལ་བསྟན་ཞིང་བཤད་དུ ་གསོལ།། ཞེས་གསོལ་བ་གསན་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། ང་ནི་མི་དམིགས་མི་རྟོགས་པའི།། ཆོས་དབྱིངས་བྷ་གའི་ཀློང་གནས་ཚེ།། འགྲོ་བའི་དོན་ལ་གསོལ ་འདེབས་པ།། ལྷ་མོ་བདེ་བྱེད་རྗེས་ཡི་རང་། ཁྱོད་ཀྱི་ཞུས་པའི་དོན་རྣམས་ཀྱིས།། མ་ཚང་བ་ཡི་ཁ་ཚར་རྣམས།། ལེགས་པར་བཤད་ཀྱིས་གོ་བར་ཉོན།། ང་ནི་རང་བྱུང་རྒྱལ་མོ་སྟེ།། ང་ནི་ཨེ་ཀ་ཛ་ཏི་ཡིན།། ཨེ་ཞེས ་བྱ་བ་ལྟ་བ་ཡིན།། ཨེ་ནི་ནམ་མཁའ་ཀུན་ཏུ་བཟང་།། ཨེ་ནི་སརྦ་དྷརྨའི་སྒྲས།། ཆོས་རྣམས་ཐམས་ཅད་ནམ་མཁའ་ཡིན།། ནམ་མཁའ་ཀུན་ཏུ་བཟང་མོ་ཡིན།། ཀུན་ནི་མང་པོ་ཐམས་ཅད་ཡིན།། ཏུ་ནི་རིགས་ཅིང ་འདུས་པ་ཡིན།། བཟང་མོས་སྤང་བླང་མེད་པ་ཡིན།། ཨ་ནི་ཆོས་དབྱིང་ནམ་མཁའ་ཡིན།། ཨ་ནི་དབུ་མ་ཆེན་པོ་ཡིན།། ཨ་ནི་སྐྱེ་བ་མེད་པ་ཡིན།། ཨེ་ནི་ཆོས་དབྱིངས་ནམ་མཁའ་ཡིན།། སྐྱེ་བ་མེད་པའི་དོན་རྟོགས ་པ།། དེ་ནི་ཡི་གེ་ཨ་རུ་བསྟན།། ཀ་ནི་སྤྱོད་པའི་འཕྲིན་ལས་ཡིན། སརྦ་ཀུ་རུ། ཀརྨ་ཀ་ར་ཀ་ཡི་སྒྲས།། ཐམས་ཅད་བྱ་བཙལ་འཕྲིན་ལས་ཡིན།། སྤྱོད་པ་བྱ་བྱེད་འབད་རྩོལ་རྣམས།། གོང་མའི་སྐྱེ་མེད་དང་དུ་སྤྱོད། ་སྐྱེ་མེད་དམིགས་མེད་ཨ་རུ་སྤྱད།། ཨ་ནི་སྐྱེ་བ་མེད་པའི་དོན།། ཨེ་ནི་འགག་མེད་ཡུམ་གྱི་དབྱིངས། སྐྱེ་མེད་འགག་མེད་ཆོས་དབྱིངས་ལས།། མ་གཡོས་རྣམས་པར་བྱེད་སྤྱོད་སྤྱད།། ཏི་ནི་ཏིཥྛ་བརྟན་པ་སྟེ།། བརྟེན ་པའི་དགྲ་ནི་ཏིཥྛ་ཡིན།། ཏིཥྛ་མ་ནོར་བརྟན་པ་ཡིན།། བརྟན་པ་སེམས་ཉིད་བསྒོམ་པ་ཡིན།། སྒོམ་པ་ཏིང་ངེ་འཛིན་པ་ཡིན།། འཛིན་པ་མི་སྟོང་སྟོང་པ་ཡིན།། བརྟན་པ་འཛིན་དང་མི་སྟོང་པ།། དེ་ནི ་ཏིང་འཛིན་མ་ཡེངས་ཡིན།། སེམས་ཉིད་མ་སྐྱེས་མི་འགག་ལ།། འཛིན་དང་བརྟན་དང་མ་ཡེངས་ན།། ཏི་ནི་ཏིང་ངེ་འཛིན་པ་སྟེ།། རང་གི་སེམས་ཉིད་ཏིཥྛ་ཡིན།། འཛིན་ནི་འབྲས་བུར་བསྟན་པ་སྟེ།། ལྟ་བ་དག་པར ་བསྟན་པ་ནི།། སྣང་སྲིད་ཡོད་མེད་བདེ་སྡུག་རྣམས།། ཡེ་ནས་རྣམ་དག་ཆོས་ཀྱི་སྐུ།། དེ་ལྟར་རྟོགས་པ་ལྟ་བའི་དོན།། དེ་ལ་གནས་པ་སྒོམ་པ་ཡིན།། རྟོག་དང་གནས་དང་མ་ཡེངས་ན།། ལྟ་སྒོམ་མཐའ་རུ་ཕྱིན་པ ་ཡིན།། རྟོགས་དང་གནས་དང་མ་ཡེངས་རྣམས།། མངོན་དུ་གྱུར་པ་འབྲས་བུ་ཡིན།། ལྷག་པར་ཁྱད་པར་མངོན་གྱུར་ན།། འབྲས་བུ་ཡིན་ཏེ་ཛ་རུ་བཤད།། ཅེས་གསུངས་ཏེ།། གླེང་བསླང་ཞུ་བ་ཕུལ་ནས་ལྟ་སྤྱོད་ཞུས ་པའི་སྐབས་ཏེ་གཉིས་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། ཀྱེ་དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ཨེ་ཀ་ཛ་ཊི་ཞེས་བྱ་བའི།། ངོ་བོ་དབྱེ་བ་ངེས་ཚིག་དང་།། གནས་དང་འཁོར་དང་འདུལ་བའི་ཞིང་།། དེ ་དག་བྱེད་བྲག་བཤད་དུ་གསོལ།། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། ཨེ་ཀ་ཛ་ཏི་ཞེས་བྱ་ཡི།། དེ་ཡི་ངོ་བོ་འདི་ལྟར་ལགས།། ཆོས་ཀྱི་ཆོས་ནི་དག་པ་དང་།། རིགས ་པའི་སེམས་ཉིད་སྟོང་པ་ནི།། ཨེ་ཀ་ཛ་ཏིའི་ངོ་བོ་ཡིན།། ཆོས་ཉིད་སྟོང་པའི་ངང་ཉིད་ལ།། རིག་པའི་སེམས་ཉིད་གཞག་པ་ནི།། ཨེ་ཀ་ཛ་ཏིའི་ངོ་བོ་ཡིན།། དོན་དམ་ཆོས་ཉིད་རྟོགས་པ་དང་།། རྟོགས་པའི་དོན་ལ ་གནས་པ་དང་།། དེ་ལས་མངོན་དུ་གྱུར་པ་ནི།། ཨེ་ཀ་ཛ་ཊིའི་ངོ་བོ་ཡིན།། ཨེ་ཀ་ཛ་ཏིའི་དབྱེ་བ་ནི།། ཡེ་ཤེས་ཨེ་ཀ་ཛ་ཊི་དང་།། ལས་ཀྱི་ཨེ་ཀ་ཛ་ཏི་དང་།། སྤྲུལ་པའི་ཨེ་ཀ་ཛ་ཏིའོ།། སྔགས་ཀྱི་ཨེ་ཀ་ཛ་ཊིའོ།། ཡེ ་ཤེས་ཨེ་ཀ་ཛ་ཏི་ནི།། གོང་མའི་ཨེ་ཀ་ཛ་ཊི་ཡི།། ངོ་བོ་དེ་ལས་མ་གཡོས་པའོ།། སྤྲུལ་པའི་ཨེ་ཀ་ཛ་ཊི་ནི།། གོང་མའི་དེ་ལས་མ་གཡོས་ངང་ལས་སྐུ་སྤྲུལ་ནས། སྤྲུལ་པའི་སྐུ་རུ་ཚུལ་བསྟན་ནས།། གསང་སྔགས་ཕྱི ་ནང་བཀའ་བསྲུངས་ཞིང་།། དམ་ཚིག་ཉམས་པའི་སྲོག་ཀྱང་གཅོད།། དམ་ལ་གནས་པའི་ཚེ་ཡང་འཛིན།། བཀའ་ལས་འགལ་བའི་སྙིང་ཡང་འབྱིན།། དམ་ཚིག་ཅན་གྱི་གྲོགས་ཀྱང་བྱེད།། བསྒྲུབ་པ་པོ་ཡི་ལས་བྱེད ་ཅིང་།། རྣལ་འབྱོར་ཡོངས་ཀྱི་སྐུ་འཚོལ་བ།། སྔགས་ཀྱི་ཨེ་ཀ་ཛ་ཏི་དང་།། ལས་ཀྱི་ཨེ་ཀ་ཛ་ཊིའོ།། ཨེ་ཀ་ཛ་ཊིའི་ངེས་ཚིག་ནི།། ཨེ་ནི་ལྟ་བར་བསྟན་པ་དང་།། ཀ་ནི་སྤྱོད་པར་བསྟན་པ་དང་།། ཊི་ནི་བསྒོམ་པར་བསྟན ་པ་དང་།། ཛ་ནི་འབྲས་བུར་བསྟན་པ་ནི།། ཨེ་ཀ་ཛ་ཊིའི་ངེས་ཚིག་ཡིན།། དོན་དུ་ལྟ་སྤྱོད་རྣམ་པ་བཞི།། ཨེ་ཀ་ཛ་ཊིའི་ངེས་ཚིག་ཡིན།། ཡང་ན་ངེས་ཚིག་འདི་ལྟར་ལགས།། ཨེ་ཀ་བྱ་བ་གཅིག་ལ་ཟེར།། ཛ་ཏི་བྱ་བ ་རལ་པ་སྟེ།། རལ་གཅིག་མ་ཞེས་བྱ་བ་ཡིན།། དོན་དུ་སྤྱི་བོའི་གཙུག་རུམ་ན།། གཡུ་ཡི་རལ་པ་ཡོད་པ་ལ།། ངེས་པའི་ཚིག་ཏུ་བོས་པ་ཡིན།། རང་བཞིན་གཅིག་ཏུ་ངེས་པ་མེད།། གོང་ལྟར་བཏགས་པ ་དེ་ལྟར་ཡིན།། ཨེ་ཀ་ཛ་ཏི་བྱ་བ་ཡིན།། ཨེ་ནི་ཡུམ་གྱི་བྷ་ག་ཡིན།། ཀ་ནི་འཕྲིན་ལས་བདག་མོ་ཡིན།། ཏི་ནི་རིག་པའི་སེམས་ཉིད་ཡིན།། ཛ་ནི་དཔལ་ཆེན་གཟུངས་མ་ཡིན།། ཀུན་ཏུ་བཟང་མོ་བྱ་བ་བའང་ཡིན།། རང ་བྱུང་རྒྱལ་མོ་བྱ་བའང་ཡིན།། སྒེག་མ་ཆེན་མོ་བྱ་བ་ཡིན།། དཔལ་གྱི་གཟུངས་མ་བྱ་བ་ཡིན།། སྣ་ཚོགས་རང་བཞིན་ཐ་དད་མེད།། ཅེས་གསུངས་སོ།། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་བསྟན་པའི་སྐབས་ཏེ་གསུམ ་པའོ།། །། རང་བྱུང་རྒྱལ་མོས་འདི་སྐད་གསུངས། ཨེ་ཀ་ཛ་ཊིའི་གནས་དང་འཁོར།། གནས་ནི་ཆོས་ཀྱི་དབྱིངས་ལ་གནས།། ཡེ་ཤེས་རིག་པའི་འཁོར་གྱིས་བསྐོར།། གནས་ནི་རིག་པའི་སེམས་ལ་གནས།། ་རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་བསྐོར།། འདུལ་བའི་ཞིང་ཡང་འདི་ལྟ་སྟེ།། སེམས་ལས་བྱུང་བ་ཐམས་ཅད་དང་།། ནམ་མཁའ་ཁྱབ་པ་ཐམས་ཅད་ལ།། ཨེ་ཀ་ཛ་ཏིའི་ཐུགས་ཀྱིས་སྦྲུལ།། གཟུགས་སུ་སྣང་བ ་ཐམས་ཅད་ཀུན།། ཨེ་ཀ་ཛ་ཊིའི་སྐུ་ཡིས་འདུལ།། སྒྲ་རུ་གྲགས་པ་ཐམས་ཅད་ཀུན།། ཨེ་ཀ་ཛ་ཏིའི་གསུང་གིས་འདུལ།། འདུལ་དང་མེད་འདུལ་གང་ཡང་མེད།། ཐམས་ཅད་སེམས་སུ་མངོན་ཤར་བས།། སེམས་ཉིད ་ནང་དུ་ཀུན་ཀ་རྫོགས།། སེམས་ཉིད་དབྱིངས་སུ་ཀུན་དགའ་གནས།། སེམས་ཀྱི་དབྱིངས་ལ་ཀུན་གྱིས་བསྐོར།། སེམས་ཉིད་རྟོགས་ན་ཐམས་ཅད་དུལ།། སེམས་ཉིད་རྣམ་པར་དག་པ་ལ།། གནས་དང་འཁོར་དང ་འདུལ་བའི་ཞིང་།། བྱེ་བྲག་གྲངས་ཀྱིས་བགྲང་དུ་མེད།། ཅེས་གསུངས་ཏེ། གནས་དང་། འཁོར་དང་། འདུལ་བའི་ཞིང་བསྟན་པའི་ལེའུ་སྟེ་བཞི་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། ཨེ་མཧོ་རང་བྱུང ་རྒྱལ་མོ་ཆེ།། དོན་དམ་ཆོས་ཉིད་བདག་མོ་ལགས།། དོན་དམ་ཡང་དག་ཉིད་དུ་ནི།། གནས་དང་འཁོར་རྣམས་མ་མཆིས་ཀྱང་།། ཀུན་རྫོབ་བསྒྲུབ་པའི་རྣལ་འབྱོར་པས།། གནས་ནི་གང་དང་གང་དུ་བསྒྲུབ།། དུས་ནི ་གང་དང་གང་ལ་གཏད།། དཀྱིལ་འཁོར་མཎྜལ་ཇི་ལྟར་བྲི།། བསྒྲུབ་པའི་རྫས་རྣམས་ཇི་ལྟར་དགོད།། གཟས་པའི་མིང་རུས་ཇི་ལྟར་བྲི།། བསྐྱེད་དང་སྤྱན་དྲངས་ཇི་ལྟར་བགྱི།། མཆོད་ཅིང་བསྟོད་པ་ཇི་ལྟར་ལགས།། ་རྦོད་རྦད་གསད་པའི་སྔགས་ནི་གང་།། བསྐུལ་ཞིང་འཕྲིན་ལས་ཇི་ལྟར་བཅོལ།། ཕོ་སྔགས་མོ་སྔགས་གང་དང་གང་།། དབྱེ་བའི་ཐབས་དང་དབྱེ་སྔགས་དང་།། བརྟག་པའི་ཐབས་ནི་གང་རྣམས་ཡིན།། ཕྱི་རྟགས ་ནང་རྟགས་གསང་རྟགས་དང་།། རྟགས་མེད་དཀྲུག་ཅིང་གནད་ལ་བོར།། བརྡེག་པའི་རིམ་པ་ཇི་ལྟར་ལགས།། ལས་གྲུབ་མཐའ་བརྟུལ་སྦྱིན་སྲེག་དང་།། མནན་ཞིང་གཟེར་བའི་འཕྲིན་ལས་དང་།། མཚན་མའི ་བར་ཆོད་བརྟགས་པ་དང་།། བསྐང་བའི་ཐབས་དང་སྤོགས་པའི་ཐབས།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། ཞེས་གསོལ་པས།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ། ་ཨེ་ཀ་ཛ་ཊི་བསྒྲུབ་པའི་གནས།། གནས་ནི་དབེན་ལ་ཉམས་དགའ་དང་།། བཀྲ་ཤིས་ཡོ་བྱད་ཕུན་སུམ་ཚོགས། རི་གསུམ་རྩེ་དང་ཆུ་གླིང་དང་།། བྲག་དམར་དུར་ཁྲོད་ཤིང་གཅིག་དྲུང་།། ངམ་ཕུག་གྲོག་ཕུག་ཕུ ་རྡུཐུགས་དང་།། རི་གསུམ་དང་ནི་མི་ཁྱིམ་མེད།། དེ་ལྟ་བུ་རུ་བསྒྲུབ་པར་བྱ།། དུས་ནི་ཟླ་བ་བཟང་པོ་དང་།། བརྒྱད་དང་བཅུ་གསུམ་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས།། ཉི་ཤུ་ལྔ་དང་གནམ་སྟོང་ལའོ།། ་དཀྱིལ་འཁོར་བྲི་ལས་རྣམ་བཞི་སྟེ།། དབུས་སུ་གྲུ་གསུམ་མཐིང་ནག་དྲག། དེ་མཐའ་ཟླ་གམ་དམར་པོ་དབང་།། དེ་མཐའ་ཞི་བ་ཟླུམ་པོ་དཀར།། དེ་མཐའ་རྒྱས་པ་གྲུ་བཞི་སེར།། དེ་མཐའ་སྒོ་བཞི་རིགས་དང་སྦྱར།། ་དེ་མཐའ་ལྕགས་རི་ཟླུམ་པོ་མེ།། ལྷོ་ནུབ་དཔལ་གཏོར་བྱང་ཤར་ཡང་།། ཤར་ལྷོ་ལིང་ག་བྱང་ནུབ་དུག། བྱང་ཤར་ཚེ་དང་ཉུངས་ཀར་རོ།། གཞན་ཡང་ཅེས་ཤིང་དགོས་པ་རྣམས།། རྣལ་གྲི་མོ་ཡི་བན་དྷ་ལ།། སྔགས ་དང་རྫས་བླུགས་དར་གྱིས་དྲིལ།། བྱང་གི་དབང་ལ་བླ་རྡོའི་ཁར།། དབུས་སུ་སྐུ་རྟེན་འཁར་བ་ལ།། ལིང་ག་བཏགས་ལ་རྨེ་ལ་བཞག། མིང་རུས་བྲི་བ་འདི་ལྟར་བྲི།། མགོ་ལ་མིང་བྲིས་སྙིང་ཁར་རུས།། འདོམས་སུ ་ཕཊ་བྲི་ཐ་མ་ཛ།། དང་པོར་ཆོས་ཉིད་དེ་བཞིན་ཉིད།། གཉིས་པ་ཀུན་སྣང་གསུམ་པ་རྒྱུ།། དེ་ལ་སྐུ་བསྐྱེད་ཧེ་རུ་ཀ། ཐུགས་ལས་ཨེ་ཡཾ་རཾ་བཾ་ཀེ་བྷྲཱུཾ།། འབྱུང་བ་རིམ་པར་བརྩེགས་པའི་སྟེང་།། བྲུཾ་ལས་བན་དྷའི་གཞལ ་ཡས་ཁང་།། ནང་དུ་གདན་བཏིང་ཐུགས་ལས་ཏྲག། སྐུར་བསྐྱེད་སྤྱན་དྲངས་བཞུགས་གསོལ་ཕྱག། མཆོད་ཅིང་བསྟོད་ལས་འཕྲིན་ལས་བཅོལ།། རྦོད་ཅིང་རྦད་པ་འདི་རྣམས་སོ།། སུམ་ཅུ་རྩ་གཉིས་བོད་པས་སྔགས།། ་ཏྲག་ནས་བྷྱོ་རྦད་རྦད་པའི་སྔགས།། ཏྲག་ནས་སོད་མཆོད་སོ་བཞི་པ།། རྦོད་དང་གསད་པའི་སྔགས་རྣམས་སོ།། བསྐུལ་ཞིང་འཕྲིན་ལས་བཅོལ་བའི་ཚིག་ནི།། མི་མངོན་མཁའ་དབྱིངས་བདེ་ཆེན་བྱ་བ་དང་།། འཕྲིན ་ལས་རྣམ་བཞི་བྱ་བས་བསྐུལ།། ཕོ་སྔགས་བསྟན་པ་ནི། ཕོ་སྔགས་ཏྲིག་ཏྲིག་ཅེས་པ་ནི།། ཡུལ་ལ་བརྡེག་པའི་ཕོ་སྔགས་དང་།། ཅིང་ལྡིང་ཏ་རི་དོན་ལ་བརྡེག། ཏྲིག་ཏྲིག་ཕོ་ལ་ཅི་ལྡེ་མོ།། དབྱེ་བའི་སྔགས་ནི་འདི་ལྟར ་རོ།། ཨེ་ཕཊ་དགའ་བའི་མཆོད་ཅེས་པས།། དབྱེ་བའི་སྔགས་སུ་ཤེས་པར་བྱའོ།། བརྡེག་པའི་སྔགས་ནི་འདི་ལྟར་རོ།། གྲིས་སུ་སྐུད་པ་བཅད་ཅིང་བརྡེག། སྤྱི་དང་ཁྱད་པར་གང་ཡིན་རྣམས།། བྱེ་བྲག་ཕྱི་ལ་ཤེས་པར ་བྱ།། ཕྱི་རྟགས་ནང་རྟགས་གསང་བའི་རྟགས།། དེ་ལ་ཕྱི་རྟགས་འདི་རྣམས་སོ།། གྲུ་གསུམ་དབུས་སམ་དཀྱིལ་འཁོར་འཁར།། འབུ་དྲུད་འདྲ་དང་བྱི་བའི་རྗེས།། རྟ་གླང་རྗེས་དང་ཕག་པས་རློགས།། ཀོ་ཀཾ་སྙིང་བུས ་རྩོལ་འདྲ་བ།། དེ་རྣམས་བྱུང་ན་ཕྱི་རྟགས་སོ།། ནང་རྟགས་བྱ་ནག་འོང་བ་དང་།། བུད་མེད་ནག་མོ་བྱུང་བ་དང་།། ལིང་ག་འདར་དང་ཁྲག་ཟུན་ལུད།། དེ་ནི་ནང་རྟགས་རྫོགས་པའོ།། གསང་བའི ་རྟགས་ནི་འདི་རྣམས་སོ།། འོད་དང་སྒྲ་སྐད་སྙན་པོ་སྒྲོགས།། སྐུ་གཟུགས་མངོན་དུ་སྟོན་པ་དང་།། ཙིཏྟ་སྔོན་དུ་འོང་བ་དང་།། བླ་རྟགས་མངོན་དུ་འོང་བ་ནི།། གསང་བའི་རྟགས་རྣམས་རྫོགས་པའོ།། དཀྲུག་ཅིང ་གནད་ལ་བོར་བ་ནི།། ཨེ་ཏྲག་རག་ཤ་མུ་ཏྲ་བྷྱོ། རུ་ལུ་རུ་ལུ་ནག་མོ་ཧ་མ་ཧ་ནི་བྷྱོ། རུ་ལུ་རུ་ལུ་ནག་མོ་ཙིཏྟ་མ་ལ་བྷྱོ།། རུ་ལུ་རུ་ལུ་ནག་མོ་མུ་ཏི་མཁའ་འགྲོ་ཏི་ཏི་བྷྱོ། རུ་ལུ་རུ་ལུ་ནག་མོ་ཧ་ར་ཧ་ར་ཧཱུ་ར་དུག་ཏི་ཧེད་བྷྱོ། ་རུ་ལུ་རུ་ལུ་ཞེས་དཀྲུག་པར་བྱའོ།། དེས་ཀྱང་གྲུབ་པར་མ་གྱུར་ན།། གནད་ལ་འདི་ཡིས་བོར་བར་བྱ།། མ་མོའི་སྐུ་གཟུགས་བྱས་ནས་ཀྱང་།། རང་གི་རྐང་པའི་འོག་ཏུ་གཞུག། མ་མ་ཏྲག་རཀྵ་སྙིང་ཁ་རག། མ ་མའི་ལིང་ལིང་། དུ་མ་ལིང་ལིང་། དུ་མ་ར་ན་ལིང་ལིང་། ཧུ་ར་ཏི་ཧུ་ར་ཏྲ། མ་ཁ་ལེ་མ་ཏང་ཡཾ་ཡཾ་ཞེས་བརྗོད་དོ།། མ་མོ་ཐམས་ཅད་ལྦུ་འདྲེ་སྟེ།། དུག་གཏོར་ནང་དུ་ཆུད་པར་བསམ། དེ་ནས་ཤི་ས་བསྟེན་བྱ་ཞིང་། ་གནད་ལ་རབ་ཏུ་བོར་བར་བྱ།། བརྡེག་པའི་རིམ་པ་འདི་ལྟར་བྱ།། རྟགས་མཚན་མངོན་དུ་བྱུང་འགྱུར་ནས།། དགྲ་བོ་དགུག་པའི་ཚད་ལྡན་ན།། དང་པོ་ཕུར་བུ་ཉུངས་ཀར་དང་།། གྲི་དང་འཁར་བ་བླ་རྡོ་དང་།། དུག ་དང་ཁྲག་དང་རྩང་གིས་བརྡེག། དེ་དག་སོ་སོའི་སྔགས་དང་བཅས།། རིམ་པ་བཞིན་དུ་བརྡེག་པར་བྱའོ།། དེ་ནས་སྦྱིན་སྲེག་འདི་ལྟར་རོ།། བྱང་ཤར་མཚམས་སུ་དུག་ཤིང་ལ།། ཧོ་ཐབ་ཁྲུ་གང་རྩིག་བྱ་སྟེ།། རྐང་གླིང ་ནང་ནས་མེ་སྦར་ཏེ།། སྙིང་གི་ནང་དུ་མིང་རུས་བཅུག། གྲི་དང་ཕུར་བུས་གདབ་ཅིང་གཏུབ།། སྙིང་དང་ལིང་ག་གཏུབ་བྱ་ཞིང་།། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི།། སྔགས་ཀྱི་སྦྱིན་སྲེག་བྱ་བར་བཤད།། ཡང་ན་སྦྱིན་སྲེག ་འདི་ལྟར་བྱ།། མ་མོའི་འཕྲིན་ལས་གཞུང་བསྲང་སྟེ།། བསྐྱེད་ཕྱག་སྤྱན་དྲངས་བཞུགས་གསོལ་བྱ།། མཆོད་ཅིང་བསྟོད་པ་ཕུལ་ནས་སུ།། སྦོད་རྦད་གསད་པའི་སྔགས་ཀྱི་བསྲེག། གནན་པའི་ཐབས་ཀྱང་འདི་ལྟར་རོ།། ་སྐུ་རྟེན་འཁར་བ་ས་ཚོན་རབ་བསྡུས་ལ།། འཁར་བའི་འོག་ཏུ་ལིང་ག་གཞུག། ས་གཡོས་འཕྲིན་ལས་རྣམ་བཞིས་གནན།། མཚན་མའི་བར་ཆོད་འདི་རྣམས་ཀྱང་།། བསྙེན་དང་བསྒྲུབ་པའི་དུས་སུ་སྤང་།། དེ ་ཡང་གང་དང་གང་ཞེ་ན། ཁྱི་དང་བུད་མེད་མི་བསྙེན་ཞིང་།། འདོད་ཆགས་ཅན་ལ་རྫས་མི་བསྟན།། མི་ནག་མི་དང་ཁ་མི་ཕྲད།། སྔགས་ལ་མི་ཚིག་སྤེལ་མི་གཞུག། སྤོགས་པའི་ཐབས་ནི་འདི་ལྟར་བྱ།། དང་པོར ་གནས་པ་འཁར་བའི་རྗེ།། མཎྜལ་བྲི་ཞིང་རྫས་རྣམས་དགོད།། འཕྲིན་ལས་གཞུང་བསྲང་བཟླས་བརྗོད་དབུལ།། སྐབས་སུ་ཚོགས་དང་ཕུད་ཀྱིས་བསྐང་།། རྨེ་བཤགས་གདུང་ཞིང་མཆི་མ་དབྱུང་།། དམོད་གཟུགས ་དམ་བརྡར་འོ་འདོད་བོད།། དེ་ལྟར་ལན་གསུམ་བར་དུ་བྱ།། དེ་ལྟར་བྱས་ནས་གདོན་མི་ཟ།། ཞེས་གསུངས་སོ།། འཕྲིན་ལས་རྒྱས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། བདེ་བྱེད་ལྷ་མོས་ཡང ་གསོལ་པ།། ཨེ་མ་ཧོ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། འཕྲིན་ལས་རྒྱས་པའི་བདག་མོ་ནི།། ཉིད་ཀྱིས་འཕྲིན་ལས་བཏུས་པ་གང་།། ཕྱི་རབས་བློ་དམན་དོན་ཆེད་དུ།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། རང ་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། འདི་དག་དོན་ཀུན་ཤིན་ཏུ་ཟབ།། ང་ཡིས་བཤད་ཀྱི་གོ་བར་གྱིས།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། ཐུགས་ཀྱི་བསྒྲུབ་པ་འདི་ལ་ནི།། དཀྱིལ་འཁོར ་འཕྲིན་ལས་རྣམ་བཞིར་བྱ།། དབུས་སུ་ཞིང་གི་སྙིང་ཁྲག་གིས།། རྒྱུ་ཡི་སྙིང་པོ་ཏྲག་ཅིག་བྲི།། དབུས་སུ་སྐྱེར་བའི་འཁར་བ་ལ།། ཤེས་རབ་མཚལ་དང་ཨ་མྲྀ་ཏ།། རྒྱ་བོ་ཁྱི་ཡི་སྙིང་ཁྲག་དང་།། དབང་བསྐུར་བྱས་ལ ་ལིང་ག་གདགས།། ཡུངས་ཀར་ཡུངས་ནག་བསྔགས་ལ་བརྡེག། རྣལ་གྲི་མོ་ཡི་བན་དྷ་ལ།། སོལ་རིས་བྱས་ལ་ཁྲག་སྣ་གསུམ།། དཀར་ཀོར་གསུམ་གྱི་བསྐྱེད་བུ་ལ། བྱང་གིས་དབང་ལ་དར་གྱིས་དྲིལ།། མ་མོའི ་སྙིང་པོ་གང་ཡིན་བཟླས།། རག་ཏ་ཁོལ་དང་ཙིཏྟ་དང་།། དོན་པོ་དེ་ཡི་རྗེས་ངན་ཡོང་།། དངོས་གྲུབ་རྣམ་གསུམ་རང་དབང་བསྐུར།། དེ་ལྟར་མངོན་དུ་གྱུར་པ་དང་།། ཨེ་ཕཊ་ཅེས་ནི་དཀྲུག་པར་བྱ།། དེ་ནས་བྱང་ཤར ་ཧོ་ཁུང་དུ།། ར་དུག་ར་ལྕགས་སྦྲང་ཚེར་ཧོ།། རྣམས་ཀྱི་གླིང་བུས་མེད་སྦར་ལ།། སྦར་ནས་མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི།། སྔགས་ཀྱིས་སྦྱིན་སྲེག་བྱ་བའོ།། ཙིཏྟ་བྱུང་བར་གྱུར་པ་ན།། འཁར་བའི་མིང་རུས་ནང་དུ་གཞུག ་གོང་ནས་འཕྲེང་བའི་མདོ་འཛིན་ལ།། ལྕགས་ཕུར་མཚོན་གང་བ་ཅིག་གདགས།། བྱིན་གྱིས་བརླབས་ཏེ་སྙིང་ལ་བརྡེག། སྟོང་ངམ་ཁྲི་ཡིས་འདེབས་པ་དང་།། གླིང་བུས་ཨ་འདར་བྱས་པ་ལ།། འཇམ་དཔལ་གྱིས་ནི ་གཏུབ་བྱ་ཞིང་།། སྔགས་ཀྱི་སྦྱིན་སྲེག་བྱ་བའོ།། ཞེས་བྱ་བའོ།། འཕྲིན་ལས་བཏུས་ནས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། ཨེ་མ་ཧོ་རང་བྱུང་རྒྱལ་མོ་ཆེ།། འཕྲིན་ལས་དོན་ནི ་རབ་ཏུ་ཟབ།། དེ་དོན་ཡང་དག་བཤད་དུ་གསོལ།། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། དེ་དོན་མན་ངག་འདི་ལྟར་ལགས།། འདི་ལ་ཐོག་མར་བསོད་ནམས་ཚོགས ་བསག་རབ་ཏུ་བཅས།། རྫས་དང་ཡོད་བྱད་བསགས་ཤིང་སྒྲུབ་ཏུ་ཤིས་པ་ལ།། གཟའ་སྐར་དྲག་ལ་གཏད་དེ་ཕྱི་མཚམས་ནང་མཚམས་བཅད།། བདག་ཉིད་ཆེ་མཆོག་བསྒོམས་ཏེ་ཏྲག་ལས་མ་མོ་བསྐྱེད།། ཞི་བ་རྒྱས ་པ་དབང་དང་དྲག་པོའི་ནང་།། སྐུ་རྟེན་བཙུགས་ཏེ་སྤྱན་དྲངས་མཆོད་བསྟོད་བྱ།། བླ་རྡོ་སྩལ་ཏེ་བྱང་ཕྱོགས་ཟླ་གམ་ལ། ཁ་ལ་ཐོད་བསྐྱོན་ནང་དུ་སྙིང་ཁྲག་བླུགས།། སོལ་རིས་བྲིས་ལ་དམ་ཉམས་བླ་རྡོ་གཞུག། ལེ ་བརྒན་དམར་པོས་དྲིལ་ལ་སྟེང་ནས་རྒྱ་ཡིས་གདབ།། དར་ལ་སྐར་ཁུང་བཏོད་ལ་དྲག་སྔགས་དེ་རུ་བསྟིམ།། ལིང་ག་བརྒྱངས་ལ་སྐུ་རྟེན་དག་ལ་གདགས། ཁྲག་ཁོལ་རླངས་པ་བྱུང་ན་གྲུབ་པའི་རྟགས།། ་རྒྱ་ཞིག་ཙིཏྟ་བྱུང་ན་གྲུབ་པའི་རྟགས།། ཙིཏྟ་མངོན་དུ་བྱུང་ན་དབང་བསྐུར་དགོངས་པ་བྱ།། དེ་ནས་ཕྱུག་ལ་གྲུ་གསུམ་ནང་བཅུག་སྟེ།། སྔགས་པ་བྱུང་བ་ལྟ་ཕྱོགས་བཞིར་མདའ་ཐུན་བརྡེག། དེ་སྟེང་ཕུར་པས་བརྡེག ་ཅིང་མཚོན་གྱི་ཆར་པ་དབབ། ཁྲག་ཐུན་ཕབ་ལ་བླ་རྡོས་བརྡུང་བར་བྱ།། རོ་རྣམས་བསྡུས་ཏེ་བྱང་ཤར་ཧོ་དུ་བསྲེག། རྣམ་བཞིའི་སྟབས་ཀྱི་ཐལ་བ་ཧོ་དུ་གནན།། ཡང་ན་གིང་གི་བདག་པོ་དག་ལ་གཏད།། ཐུན་ལམ ་བསལ་ཞིང་ཐུན་ཁྲག་དགྲ་ལ་བརྡེག། སྐུ་རྟེན་ས་ཚོན་བཅས་པ་དགྲ་ལ་རྩེ་བསྟན་གནན།། དགྲ་ལ་རྟགས་བྱུང་བླངས་ཏེ་གཏང་རག་གཏང་།། གཙང་མར་སྦས་ལ་རྟག་པར་དེ་ལ་མཚོན།། ལས་ལ་ཕྱི་ནས་སྦྱོར་ཡང ་འཁར་བ་དེ་ལ་བྱ།། ཞེས་གསུངས་སོ།། འཕྲིན་ལས་མངོན་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་བ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། སྤྱི་རུ་སྒྲུབ་ཐབས་དུ་རུ་བསྟན།། ་ཕྱི་ལྟར་བསྟན་ཅིང་བཤད་པ་དང་།། ནང་ལྟར་བསྟན་ཅིང་བཤད་པ་དང་།། གསང་བར་བསྟན་པ་ཇི་ལྟར་ལགས།། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། སྒྲུབ་ཐབས ་རྣམ་པ་དྲུག་ཏུ་བསྟན།། སྐུ་ནི་འཁར་བ་ལེས་བརྟེན་ལ་བསྒྲུབ།། གསུང་ནི་ཁྲག་ལ་བརྟེན་ལ་བསྒྲུབ།། ཐུགས་ནི་སྙིང་ལ་བརྟེན་ལ་བསྒྲུབ།། ཡོན་ཏན་དུག་ལ་བརྟེན་ལ་བསྒྲུབ།། འཕྲིན་ལས་ཕུར་པ་དག་ལ་བརྟེན་ལ ་བསྒྲུབ།། དྲག་སྔགས་ཡུངས་ཀར་དག་ལ་བརྟེན་ལ་བསྒྲུབ།། སྐུ་ཡི་སྒྲུབ་པ་གོང་དུ་བསྟན།། དེ་ལ་བྱེ་བྲག་ཤེས་པར་གྱིས།། དེ་ནས་ནང་ལྟར་བསྟན་པ་ནི།། གསུང་གི་བསྒྲུབ་པ་ཡང་དག་བཤད།། དེ་དག་ནང་ལྟར ་བསྟན་པ་ནི།། དབང་ཐོབ་གདེང་ལྡན་རྣལ་འབྱོར་གྱིས། ཁྲག་ཐུན་མངོན་དུ་བསྒྲུབ་འདོད་ན།། ས་ཡི་ཆོ་ག་གཞུང་བཞིན་བྱ།། བསྒྲུབ་པའི་དཀྱིལ་འཁོར་ཚུལ་བཞིན་བྲི།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ།། ་སྐྱེད་བུ་གསུམ་ཁར་ཐོད་ཁྲག་གཞག། རྒྱས་གདབ་སོལ་རིས་ལེ་བརྒན་གུར།། བྱ་རྒོད་སྒྲོ་རྩ་དག་ནས་བསྔགས།། སྒོ་བཞི་འབྱེད་པའི་ཕོ་ཉ་བཏང་།། སྔོན་དམར་གཟུངས་ཐག་ལྕགས་ཕུར་གཏོད།། འབྱུང་བཞིའི་མ ་མོར་བསྒོམ་ལ་གདབ། ཁྲག་ཐུན་མངོན་དུ་བསྒྲུབ་པར་བྱའོ།། ཞེས་གསུངས་སོ།། ཁྲག་ཐུན་གྱི་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། ཁྲག ་ཐུན་མངོན་དུ་བཤད་དུ་གསོལ།། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ལྷ་མོ་བདེ་བྱེད་ཚུར་ཉོན་ཅིག། དེ་ལ་དྲག་པོའི་ཐུན་བསྒྲུབ་ནི།། བསྣོལ་གྲི་མོ་ཡི་ཐོད་པ་རུ།། པདྨ་རཀྟ་བམ་སྙིང་ཁྲག། རྒྱ ་བོ་ཁྱི་ཡི་སྙིང་ཁྲག་དང་།། ར་ཡི་སྙིང་ཁྲག་བླུགས་ནས་སུ།། ཡ་ཐའི་སྔགས་དང་ཡུངས་ཀར་བླུགས།། ལེ་བརྒན་དར་གྱིས་ཁ་བཅད་ལ།། ཚོན་སྣ་ལྔ་ཡིས་བཅིངས་ལ་བཞག། སྟེང་འོག་ཐལ་ཆེན་རཀྟ ་ཡིས།། གཡུང་དྲུང་རྒྱ་ཡིས་གདབ་པར་བྱ།། དོན་བདུན་མ་བྷྱོའི་ཐོག་མཐའ་ཅན།། རྒྱུན་དུ་གྲངས་པས་ལས་རྣམས་བྱེད།། མ་མོའི་རྟགས་རྣམས་བྱུང་བར་འགྱུར།། རྒྱ་ཞིག་ཙིཏྟ་འཕར་བ་འོང་།། གལ་ཏེ་བྱུང་བར་གྱུར ་པ་ན།། ལས་ལ་གཟུད་པ་རྦད་པའི་སྔགས།། བརྒྱད་པ་མ་ཧྲིང་ཐོག་མཐའ་ཅན།། གོང་དང་སྤེལ་ཏེ་བཟླས་བྱས་ན།། གོང་གི་རྟགས་རྣམས་འབྱུང་བར་འགྱུར།། མཚན་མ་རྟགས་ལ་ཕེབས་པ་དང་།། གསད་པའི་དྲག ་སྔགས་དྲག་ཏུ་བཟླས།། རྩ་དགུ་མ་ཡི་ཐོག་མཐའ་ཅན།། རྟག་ཏུ་བཟླས་པས་ལས་བྱེད་འགྱུར།། གདུག་པའི་མཚོན་གྱི་གྲིས་གཏུབ་ཅིང་།། ཀཱི་ལ་ཡ་ཡིས་བརྡེག་པར་བྱ།། རོ་ཅིག་ཨོཾ་ཡའི་ཐོག་མཐའ་ཅན།། རྩ་བརྒྱད ་ཏྲག་ཏུ་བཟླས་ལ་བཏགས།། དྲག་པོའི་མ་མོ་ཐམས་ཅད་བསྐུལ།། ཙིཏྟ་ལིང་ག་ཧཽ་ལ་བསྲེག། ཐུན་ཁྲག་ལུས་སམ་ཁྱིམ་ལ་གཏོང་།། མ་མོ་བསྐུལ་པ་འཕང་བར་བྱ།། ཞེས་གསུངས་སོ།། ཐུན་ཁྲག་མངོན་དུ་བསྟན ་པའི་ལེའུ་སྟེ་དགུ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། ཨེ་མ་རང་བྱུང་རྒྱལ་མོ་ཆེ།། སྙིང་ཐུན་མངོན་དུ་བསྒྲུབ་པ་གང་།། བདེ་བྱེད་ལྷ་མོས་བཤད་དུ་གསོལ།། ཞེས་གསོལ་པས། རང་བྱུང་རྒྱལ་མོས ་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། དེ་ལ་སྙིང་ཐུན་བསྒྲུབ་འདོད་ན།། མངོན་དུ་བྱ་བ་རྫོགས་པ་དང་།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ།། དབུས་སུ་བན་དྷ་ཁ་སྦྱར་ལ།། ཕྱི་རོལ་དུག་ཁྲག་དམར ་ནག་བྱུག། གྲི་མོར་ཤི་བའི་སྙིང་ཆེན་ལ།། ནང་དུ་སྙིང་ཕྱེ་སྣ་ཚོགས་བླུགས།། རྒྱུས་ཆེན་དག་གིས་བཙེམ་པར་བྱ།། མིང་རུས་ལིང་ག་སྔོ་དམར་གདགས།། དེ་ཡང་སྙིང་གི་ནང་དུ་གཞུག། སྐུད་པ་སྲོག་རྩའི་ནང་ནས ་དབྱུང་།། ལྕགས་ཕུར་བཏོད་ལ་གདུག་བྱེད་བསྒོམ།། ཐོད་པའི་སྟེང་དུ་བུ་གུ་དབུག། གྲི་ལྕགས་བུ་གུར་ཡུངས་ཀར་སྔགས།། མཐིང་ནག་དར་རས་ལེ་བརྒན་གུར།། རྒྱ་དང་བཅས་ཏེ་སྔོ་དམར་བཅིངས།། སྲོག་གི་སྙིང ་པོ་སྔོན་དུ་བསྒྲུབ།། རྟགས་དང་སྦྱར་ལ་ལས་ལ་སྦྱར།། ཡུངས་ཀར་ཡུངས་ནག་སྔགས་ལ་བླུགས།། དེ་ནས་ཕུར་བུ་དྲིལ་བྱ་ཞིང་།། སྙིང་ལ་མགོ་གཞུག་མེད་པར་བརྡེག། དེ་ནས་སྙིང་དང་ལིང་གར་བཅས།། གཏུབ ་ཅིང་སྔགས་བཟླས་གཏོར་མར་གཞུག། གཏོར་མ་བདུད་ཀྱི་ཉི་མ་ལ།། རླུང་ལ་བསྐུར་ན་ཕུར་པར་འགྱུར།། ཞེས་གསུངས་སོ།། སྙིང་ཐུན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། ་དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། སྙིང་ཐུན་སྔོན་དུ་བསྒྲུབ་པ་གང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། སྙིང་ཐུན་སྒྲུབ་པར་འདོད་པ་ཡིས།། དཀྱིལ་འཁོར་དག་ལ་ལྕགས་ཕུར་དགོད།། དབུས་སུ་བན་དྷ་ཁ་སྦྱར ་ལ།། གྲི་མོའི་སྙིང་གཤེགས་སྙིང་ཕྱེ་བླུགས།། གཟས་པའི་ལིང་ག་རྐང་པས་གནན།། བརྟགས་ལ་སྲོག་རྩའི་ནང་ནས་དྲང་།། གྲུ་གསུམ་རྩེ་ལ་ཕུར་པས་སྤྲས།། རྒྱུས་ཆེན་སྐུད་པས་ཙིཏྟ་བཙེམ། ་སྔོན་དམར་སྐུད་པས་ཐོད་པ་བཅིང་།། ལྕགས་ཀྱི་སྦུ་གུའི་ནང་ན་མར།། ཉུངས་ཀར་སྔགས་ལ་ནང་དུ་བླུགས།། ཙིཏྟ་སྔོན་དུ་འབྱུང་བར་འགྱུར།། ཙིཏྟ་འབྱུང་བར་གྱུར་པ་ན།། ལྕགས་ཀྱི་ཕུར་པས་སྙིང་ལ་བརྡེག། དེ ་ནས་སྙིང་དང་ལིང་གར་བཅས།། གཏོར་མར་བཏབ་ཅིང་ཞལ་དུ་བླང་།། འཕྲིན་ལས་གཞུང་བསྲང་དགུ་འདྲེན་བཏང་།། གཏོར་མ་རླུང་ལ་ཕྱར་ལ་བཏང་།། ཞེས་གསུངས་སོ།། སྙིང་ཐུན་སྔོན་དུ་བསྟན་པའི་ལེའུ་སྟེ་བཅུ ་གཅིག་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། སྙིང་ཐུན་གྱི་ནི་བདག་མོ་ནི།། དུག་ཐུན་ཡོན་ཏན་བཤད་དུ་གསོལ།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དེ་ལ་ཡོན་ཏན ་དུག་ཐུན་ནི།། ཤིན་ཏུ་དྲག་པོའི་མཛེ་ཐོད་ལ།། དུག་དང་ཁྲག་དང་ཚིལ་ཆེན་ལ།། སྣ་ཚོགས་དུག་དང་ཁྲག་ཏུ་སྦྱར།། ཆང་དང་སྦྱར་ལ་ནང་དུ་བླུག། བསྣོལ་མོའི་དོར་རྟས་ཁ་ཡང་བཅད།། དུག་སྔགས་དྲག་པོས་དུག ་ཐུན་བསྒྲུབ། ཁོལ་ལམ་རླངས་བྱུང་སྤོས་པ་ན།། དུག་ཐུན་མངོན་དུ་གྲུབ་པ་ཡིན།། དེ་ནས་གཟུགས་དང་ལིང་ག་རྣམས།། དུག་གི་རླངས་པས་ལིང་ག་འདུག། དེ་ནས་གཟུགས་དང་མིང་རུས་བཅས།། གྲུ་གསུམ ་བཅུག་ལ་དུག་གིས་བརྡེག། དུག་གིས་མྱོས་ཤིང་ཤི་བར་བསམ།། ཞེས་གསུངས་སོ།། དུག་ཐུན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ་དུག་ཐུན་མངོན་པར་བཤད་དུ་གསོལ།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དུག་ཐུན་མངོན་དུ་བསྒྲུབ་འདོད་ན།། དཀྱིལ་འཁོར་གྲུ་གསུམ་མཆོད་རྟེན་དབྱིབས།། དུག་དང་ཐལ་ཆེན་སོལ་བས་བྱུགས།། ཐོད ་འཕྲེང་རྡོ་རྗེ་ར་བ་དང་།། མཆོད་པ་ལ་སོགས་པ་བྲིས།། དུག་གིས་ཤི་བའི་ཐོད་པ་རུ།། ཙན་དུག་སྤངས་དུག་ཁྱི་དུག་དང་།། ར་དུག་བོང་དུག་ཐལ་ནུར་དང་།། བོང་ང་ནག་པོ་ཁྱི་ལྕེ་བ།། བསེ་ཞོ་སྦྱང་ཆང་སྦྲང་རྒོད ་བླུགས།། སྟེང་དུ་རྩང་དང་མཆོག་ཕུར་གྱིས།། གཟུགས་དང་མིང་རུས་རྒྱང་ལ་གཏུབ།། ཏྲག་ལས་མ་མོ་ནག་མོ་བསྐྱེད།། སྤྱན་དྲངས་བཞུགས་གསོལ་མཆོད་བསྟོད་བྱ། ཁ་ནས་དུག་གི་ན་བུན་འཐུལ།། དུག་གི་རལ ་པས་ས་གཞི་ཁེབས།། ཕྱག་ན་དུག་གི་ཕོར་པ་བསྣམས།། སེམས་ཅན་ཐམས་ཅད་མྱོས་པར་བྱེད།། སྐུ་ལ་དུག་གི་སྤྱང་མོ་འཕྲོ།། དུག་གི་མ་མོ་ཕོ་ཉར་འགྱེད།། དེ་ལྟར་བསྒོམ་ལ་དུག་བསྔགས་བཟླས། ཁོལ་དང་ལུད ་དང་སྤྲོས་པ་དང་།། དུད་འཐུལ་འོད་འཕྲོ་མེ་འབར་ན།། དུག་ཐུན་མངོན་དུ་གྲུབ་པ་ཡིན།། དེ་ནས་གཟུགས་དང་མིང་རུས་རྣམས།། གྲུ་གསུམ་བཅུག་ལ་མིང་གིས་བརྡེག། དུག་སྔགས་གདུག་པ་དྲག་སྔགས་བཟླས།། ་དུག་གིས་མྱོས་ཤིང་ཤི་བར་བསམ།། ལྷག་མ་དགྲ་ཡི་ཕྱོགས་སུ་འཕང་།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། དུག་གི་ན་བུན་འཐིབས་པར་བསམ།། དུག་གིས་ཐམས་ཅད་བརླག་པར་གྱུར།། ཞེས ་གསོལ་ཏོ།། དུག་ཐུན་མངོན་པར་བསྒྲུབ་པའི་སྐབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། ། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ཕུར་ཐུན་གདུག་བྱེད་བཤད་དུ་གསོལ།། རང་བྱུང ་། རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། གདུག་བྱེད་ཕུར་ཐུན་འདི་ལྟར་སྒྲུབ།། དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ལ།། དབུས་སུ་ཟུར་གསུམ་མཐུར་དུ་བརྐོ། ཁ་ཁྱེར་ཟོད་འཕྲེང་མེ་རིས་བསྐོར།། ་ལྕགས་ཀྱི་ཕུར་པ་སོར་བརྒྱད་ལ།། གདུག་བྱེད་ནག་མོར་བསྒོམ་པར་བྱ།། མིང་རུས་གཟུགས་དང་ལིང་ག་ཡང་།། ཕུར་པ་དེ་ལ་གདགས་པར་བྱ།། གུ་གུལ་དུད་པས་ལྷ་དང་དཔྲལ།། ཕུར་པ་དབང་བསྐུར་ཟུར ་གསུམ་གཟུགས།། བསྐྱེད་ཅིང་སྤྱན་དྲངས་གདུག་བྱེད་བསྒོམ།། དྲག་པོའི་ཕུར་ཐུན་བསྒྲུབ་པར་བྱ།། རྟགས་དང་མཚན་མ་ཐོན་པར་བྱ།། དེ་ནས་ཕུར་པ་དྲིལ་བར་བྱ།། གདུག་བྱེད་ཕུར་པ་མིང་རུས་བརྡེག། དེ་ནས ་བྱང་ཤར་ཧ~ཾ་དུ་བསྲེག། ཅེས་གསུངས་སོ།། ཕུར་ཐུན་མདོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ཕུར་ཐུན་མངོན་དུ་བསྟན་དུ ་གསོལ།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། གདུག་བྱེད་ཕུར་ཐུན་འདི་ལྟར་བསྒྲུབ།། ལྕགས་སམ་དྲག་པོའི་ཕུར་པ་ལ།། ཚེ་དང་ལྡན་པར་བྱས་ནས་ཀྱང་།། སྤྱི་བོར་ཨོཾ་ལ་མགྲིན་པ་ཨཱ།། བསྐྱེད་པར་ཧཱུཾ་ལ་རྩེ་མོར ་ཕཊ།། སྐུ་གསུང་ཐུགས་སུ་དབང་བསྐུར་བྱ།། ཡེ་ཤེས་ལྔར་ལྡན་དབང་བསྐུར་ལ།། གདུག་བྱེད་ནག་མོར་བསྐྱེད་པར་བྱའོ།། གཟས་པའི་གཟུགས་དང་མིང་རུས་དང་།། སོལ་བ་ཚིག་ཕྱེ་དྲི་མ་དང་།། ཤ་ཆེན་ཁྲག་ཆེན ་ཞིང་རས་དང་།། གོ་རོ་ཙ་ན་ལ་སོགས་ལ།། ཆག་གང་གཟུགས་ལ་དངང་པོ་དོད།། རས་སམ་གྲོ་ག་ཤིང་ཤུན་ལ།། མིང་རུས་བྲིས་ལ་མདུན་རྒྱབ་གླན།། ཚོན་སྐུད་ལྔས་བཀྱིག་ཕུར་པ་ལ།། བཏགས་ལ་གུ་གུལ་དུད ་པས་བདུག། དེ་ནས་དཀྱིལ་འཁོར་གྲུ་གསུམ་ལ།། གྲུ་གསུམ་དབུས་སུ་སོར་གསུམ་བྲུ། ཁ་ཁྱེར་ཐོད་འཕྲེང་མེ་རིས་བསྐོར།། དེ་ན་ཕུར་བུ་གཟུགས་པར་བྱ།། གདུག་བྱེད་ནག་མོ་ང་ཉིད་ཀྱང་།། ཕུར་པ་དེ་ལ་བསྐྱེད ་ཅིང་བསྟིམ།། སྙིང་ཁྲག་སྲོག་པ་རྩ་ཡི་ཁྲག། པདྨ་རཀྟའི་གཏོར་མ་དང་།། ཆང་ཕུད་སྨན་དང་སྤྱན་གཟིགས་ཀྱང་།། གདུག་བྱེད་ནག་མོ་ཉིད་ལ་དབུལ།། དེ་ལ་གདུག་བྱེད་ཕུར་ཐུན་བསྒྲུབ།། གྲུབ་རྟགས་འོད་དང་དུ ་བ་དང་།། མེ་འབར་སྒྲ་དང་དྲི་ཞིམ་ན།། འབར་བའི་སྔགས་བཟླས་གཟུགས་ལ་བརྡེག། ད་ར་ཧིང་གི་མིང་ལ་བརྡེག། ད་ར་ལིབ་ཀྱི་རུ་ལ་བརྡེག། དེ་ནས་ལུས་སྤྱིར་ཙྪིན་དྷས་བརྡེག། དེ་ནས་གཟུགས་དང་མིང་རུས་དེ།། ་ནཱ་ག་གནས་པའི་ས་རུ་སྦ།། ཡང་ན་བྱང་ཤར་ཧཽ་དུ་བསྲེག། དེ་ཡིས་གཟས་པ་ཕུང་བར་འགྱུར།། ཞེས་གསུངས་སོ།། འཕྲིན་ལས་ཕུར་ཐུན་མངོན་པར་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ཐུན་རྣམས་ཀུན་ཀྱི་བདག་མོ་ན།། དྲག་སྔགས་བསྒྲུབ་པ་ཇི་ལྟར་ལགས།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། ཞེས་ཞུས ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དྲག་སྔགས་ཞེས་སུ་གསུངས་པ་ཡང་།། ཕོ་སྔགས་དང་ནི་མོ་སྔགས་སོ།། མོ་བས་མོ་ནི་རབ་ཏུ་ཏྲག། ཕོ་བས་ཕོ་ནི་རབ་ཏུ་ཏྲག། དེ་ཡང་གང་དང་གང་ཞེ་ན།། དཀྲུག་དང་རུ ་ཟློག་དུས་སུ་དྲག། དེ་ལ་དྲག་སྔགས་བསྒྲུབ་པ་འདི།། ཡུངས་ཀར་རྒྱལ་མོ་དང་པོ་བསྒྲུབ།། ཉུངས་ཀར་རྒྱལ་པོ་གྲུབ་པ་དང་།། ལྕགས་ཙམ་གྱི་ནི་ཚད་དུ་འོད།། དེ་ནས་ཡུངས་ཀར་རྒྱལ་པོ་དེ།། བན་དྷ་སྲུབ་གསུམ ་ནད་དུ་བླུགས།། ཉུངས་ཀར་སྒྲུབ་པའི་སྙིང་པོར་བཟླས།། མཚན་མ་དྲོད་ལ་ཕེབས་པ་དང་།། ཉུངས་ཀར་སྒྲོལ་བའི་གིང་དུ་བསྒོམ།། ཉུངས་ཀར་གྲི་དང་མཚོན་དུ་བསྒོམ།། ཉུངས་ཀར་ཁྲོ་བོ་ཁྲོ་མོར་བསྒོམ།། ཉུངས ་ཀར་མདའ་དང་མདུང་དུ་བསྒོམ།། དེ་ལྟར་བསྒོམ་པའི་ཉུངས་ཀར་དེ།། དམིགས་པའི་ལིང་ག་ཉིད་ལ་བརྡེག། དེ་ཡིས་སྒྲོལ་བར་གདོན་མི་ཟ།། གསོན་པོ་གསད་དང་ཡི་དྭགས་བསྐྲད།། རང་ལུས་བསྲུང་དང་ཐོག ་སེར་དབབ།། ལྷ་ཀླུ་གཟིར་དང་སད་སེར་བཅད།། དམིགས་པའི་ལས་རྣམས་ཐམས་ཅད་འགྲུབ།། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། ཡང་སྙིང་ཐུགས་ཀྱི་རྒྱལ་པོས་བྱ།། བརྡེག་ན་གང་ཡིན་གསོད་པ་སྟེ།། ཕུང་བྱེད ་། དྲག་སྔགས་གཟེར་བའི་ཐབས།། དཀྲུག་ན་སྲིན་པོའི་གོ་བཟློག་སྟེ།། སྲིད་པ་གསུམ་ཡང་འཁྲུག་པར་འགྱུར།། ཕོ་ཡི་བསད་པ་རུ་བཟློག་དང་།། དཀྲུག་དང་གཙུན་དང་བསད་པའི་ལས།། རབ་ཏུ་བསྒྲིམས་ཏེ་བཟླས ་པར་བྱ།། ཞེས་གསུངས་སོ།། དྲག་སྔགས་ཉུངས་ཀར་ལ་བརྟེན་ནས་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། དེ་དག་བསྒྲུབ་པའི་དྲག ་སྔགས་གང་།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། ཞེས་ཞུས་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དེ་དག་བསྒྲུབ་པའི་དྲག་སྔགས་རྣམས།། མངོན་དུ་བསྟན་པ་ཤེས་པར་བགྱིས།། མདོ་ཙམ་དུ་ཡང་འདི ་ལྟར་བསྟན།། ཏྲག་ཏྲག་མ་དུ་ཡ། ལྔ་པ་སྐུ་བསྐྱེད་པའོ། ཏྲག་ཏྲག་ཀུར་ལན་ཏུག་ཏུག་ཨོཾ་ཨཱཿཧཱུཾ། དགུ་པ་སྟེ་དབང་བསྐུར་བའོ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཧ་རི་ས་མ་ཡ་ཧཱུཾ་ཛ།། བཅུ་བཞི་པ་སྟེ་སྙན་གསན་དབབ ་པའོ།། དེ་བཞིན་དུ་ཛཿཧཱུཾ་བཾ་ཧོ། མ་མ་མ་ཁ་རག་ཤ་ཧཱུཾ་ཧཱུཾ་ཧཱཾ་ཧྲི་ཧྲི། བཅོ་བརྒྱད་པ་སྤྱན་དྲང་བའོ།། རུ་རུ་རོ་རུ་ཙ་པ་ལ་ན་མོ།། མ་མ་རོ་ཤམ་ན་མོ་ཨེ་ཀ་ཛ་ཊི་པ་ལ་ཡ་མི་ཤ་བྷྱོ་ན་མོ་རྩ་དགུ་པ་ལ་ཕྱག་འཚལ་བའོ།། ་ཏྲག་རག་ཤ་ས་མ་ཡ་ཏིཥྛ་ལྷན།། དགུ་པ་བཞུགས་པའོ།། ཨེ་ཀ་ཛ་ཊི་ལི་ལི་ཏ་ལི་རཾ་པ།། བ་ལིང་ཏ་རཾ་པ་ཁཱ་ཧི། བཅུ་དྲུག་པ་པུ་ཙ་དབུལ་བའོ།། ཏྲག་རག་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀེ ་མ་ཙ་ཙ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། སོ་གཉིས་པ་སྟེ་བོད་པའོ།། ཏྲག་རག་ཤ་ཁ་མུ་ཏྲ་སྙིང་ཁ་རག་སྲོག་རྦད། ཙིཏྟ་ལོང་རཀྟ་ཐུན་བྷྱོ། ཆུམ་ཆུམ་རི་རི་ལི་ལི་བྷྱོ་རྦད་བྷྱོ།། བཅུ་གསུམ་པ་རྦད་པའོ།། ཏྲག་ཤ ་བཛྲ་ཁ། ཆུམ་ཟུམ་རི་ལི་ལི་བྷྱོ་རྦད་བྷྱོ། པྲ་ཏི་ས་མན་ཙ།། སྨན་པྲ་ཏི་ས་མན་ཙ། ནི་ཁམ་མག་ཁུམ་ཁུམ་མག་མག་སོད།། སོ་གཉིས་པ་གསད་པའི་སྔགས།། ཏྲིག་ཏྲིག་སེར་སེར། ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཧ་ཙ་ཧ་ཙ། ་མ་ཏ་ཛ་ལ་ཁ་ཧེ། ཙེག་ར་ལིང་། མུ་རུ་མྱོས། ལྡིང་ལྗང་བུ་ཕྱུག་ཕྱུག་མི་ཧ་ཏེ་བཤལ་བཤུལ། མུ་ཧུ་ས་ནེ་ཙ་ན་ཙིག་ཙིག་མུ་ཏྲམ་ཏྲིང་། ཧེ་ལེ་ཧེ་ཧེ། བུ་རུ་ཙིས་ཅིང་། མྱོག་མྱོག་ཐུམ་ཀར་ལྡན་མི་ཧ་ཏེ། ཀུ་མུ་རུ་ཙེ་ཡེ ་། ཕཊ་ནི།། དོན་གཅིག་ཡུལ་ལ་བརྡེག་པའི་ཕོ་སྔགས། ཙི་ལང་ཀ་ཡེ། ཀོད་ཀོད་མི་ཧེ་ཧེ། རྩ་མྱ་མྱ་མི་ཙེ། ཀུ་ཧ་ཙེ་ནེ་མུ་ཏྲ་ཡེ། ཀར་མིན་ཏྲིང་ཏྲིང་། ཕྲ་བ་ཕྲབ་ཕྲིབ་ཕྲིབ། ཙིང་ལིང་མི་ལོ་ཀ་ཡ་བི་ཤི་བི་མྱོགས་ཏ་རི། ཞེ ་གཉིས་པ་མོ་སྔགས་ནང་གི་རྩ་ལ་བརྡེག་པའོ།། ཨེ་ཕཊ་ནི་གསུམ་པར་དཀྲུག་པའོ།། པྲ་བེ་ཤ་ཕཊ། ཙི་བི་ཤག་ཏེ་མྱོག་ཤུ་གུ་ཨཾ་གུ་ཤ་ཛ་ཛ། ཙི་ཏ་གུ་ལ་སྨ་ར་མ་ཤག་ཛ་ཛ། བཅུ་དྲུག་པ་སྲོག་ཁ་ཁུང་ཁ་དབྱེ་བ་དང་། ་ཡིད་ཀྱི་རྣམ་ཤེས་དྲང་བའོ།། ཙིཏྟ་ཀུ་ལ་སྨ་ར་མ་ཤག་ཏི་ཛ་ཛ། ཡིག་འབྲུ་བཅུ་པ་ཀུན་གཞིའི་རྣམ་པར་ཤེས་པ་དྲང་བའོ།། ཨེ་ཀ་ཛ་ཏི་སྨ་ར་ཡ་ཁ་ཏི་ཛ་ཛ། བཅུ་གཅིག་པ་ཉོན་མོངས་པའི་ཡིད་རྨུགས་སུ་གཞུག་པའོ།། ་བཾ་རྨུགས་རྦད་ཐིབས། ལིང་ཤར་ངེས་སོད།། བརྒྱད་པ་ཙིཏྟ་ནང་ནས་བཅད་པའི་སྔགས་སོ།། ཧཱུཾ་ཙྪིན་དྷ་ཙྪིན་དྷ་མ་ར་ཡ་ན་གཤག་དུ་པྲ་བེ་ཤ་ཕཊ། ཕུར་པས་བརྡེག་ཅིང་བསད་པའོ།། སྙིང་བམ་རིལ།། སྙིང་ཁ ་རག་ཚལ་པ་རྦད། འུར་རྦད་ཕཊ། ཙག་ལེ་མུ་རུ་བཾ། ཨེ་ཏེ་ཕཊ། ནི་ཙེག་སོད་སོད། འུད་མྱོགས་ཐུམ་རི་ལ་ཨ་ལོ་ཤ་འུད་ཁ་ཐུམ། སྙིང་དུམ་བུ་རྦད། དུས་སྲོག་ཁྱེར་ཡག་བམ་རི་ལ་རྦད། སྙིང་ཐུན་བསྒྲུབ་པའོ།། ཏྲག ་རག་ཤ་ཁ་མུན་ཏྲ་མུན་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། བཅུ་བདུན་པ་སྟེ་ཡ་སྙིང་ནས་བོད་པའོ།། ཏྲག་ར་ཀ་ཤ་ས་མ་ཡ་དགྲ་བོའི་སྙིང་ལིང་རྒུད།། བཅུ་གཅིག་པ་རྦད་པའོ།། མ་མ་སྙིང་ཁ་རག་སྙིང་རག་མ་མ་རག། ་ཤ་མ་མ་རག་ཤ་རག་མོ་སྙིང་ལ་ཐུན། ཏྲག་རག་ཤ་ཡ། མ་མ་སྙིང་ཧེ་ཀེ་མ་མ་རུ་ལུ་རུ་ལུ་བྷྱོ། ཁོག་སྦུགས་དྲོལ་ཅིག་སྙིང་ཁ་རག་ས་མ་ཏ་ཛ་ཛ། སྙིང་ཙ་ཕྱུང་ཞིག། མ་མ་སྙིང་མ་ཙིཏྟ་ལ་མ་ཐུན། སྙིང་ཁྲག་ལ་མཐུན། ་ཤི་ཏི་ཏ་མ་སྙིང་ལ་ཡ་མ་བྷྱོ། མ་མ་ཤ་ཤ། མ་མ་ཧྲེང་ཧྲེང་། མ་མ་ས་མ་ཡ། དགྲ་བོ་ཎཱི་མཱ་ར་ཡ་སོད་སོད། མ་ཙིཏྟ་ཛ་ལ་རཾ། སྙིང་ཙ་ལ་རོལ་ཐུམ་རི་ལི་ལི། མ་ལས་མྱུར་བར་མཛོད་ཅིག། བརྒྱ་རྩ་གསུམ་ལ་ཁྲག་ཐུན ་སྒྲུབ་པའོ།། ཨོཾ་བཛྲ་ད་ར་ལིག་ཨོཾ་བཛྲ་སྙིང་གོང་ཆོད་ཅིག་ཁལ་ཛ་མུན་ཏ་ལོ། དུན་ཏིང་མཱ་ར་ཡ་རྦད། ཨོཾ་བཛྲ་ཁྲག་ཏིང་སྣར་མ་རྦད། ཨོཾ་བཛྲ་ཙ་ཏུ་ཀྲི་ཏ་ཡ་ཧཱུཾ་བཛྲ་ཧཱུཾ་བཛྲ་ཕཊ།། རྦད་ཏུ་རྦད་ཏུ། ཟད ་པུ་རྦད་པུ། ད་ར་ཀ་ཡ། སྟིམ་པི་ཤི་སྟངས་ས་མ་ཡ། རོ་གཅིག་པ་ཁྲག་ཐུན་གྲུབ་ནས་སྙིང་ལ་བརྡེག་པའོ།། མ་མ་ཏྲག་རག་ཤ་ཐུམ་རི་ལི་ལི། བ་ལ་དུག་ཀུན་དུག་ཨེ་ཀ་ཛ་ཊི་ཏིཔྟ་ཙཀྲ་མ་བྷྱོ།། རྩ་བཞི་པ་དུག་ཐུན ་བསྒྲུབ་པའོ།། ཨོཾ་ཨཱ་བེ་ཤ་ཁ་སེ་ཤ་བེ་བེ་ཤ་རུ་པེ་ཤ་མ་ཐུན་བྷྱོ། ཤོག་ཐམ་ཤོག་ཐ་མ། བཾ་ཐཾ་བཾ་ཐཾ། བཾ་མུགས་བཾ་མུགས། མྱོས་བརྒྱལ་མྱོས་བརྒྱ་ལ། ན་ནི་སྟཾ་པ་ནན། བཞི་བཅུ་པ་དུག་ཐུན་བརྡེག་པའི་མནན ་པའོ།། ཨོཾ་མེ་ད་ར་ཧིང་ཟུམ་རི་ལ་རྦད། ཨོཾ་མེ་དེ་ར་ལིག་སྙིང་ཁ་རག་རྦད། ཨོཾ་ཙ་ར་མ་སྙིང་ཁ་རག་ར་ཤྲཱི་བཛྲ་ཐུན་བྷྱོ། སུམ་ཅུ་པ་ཕུར་ཐུན་གྱི་མིང་དང་གཟུགས་ལ་བརྡེག་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ། ཙིཏྟ་རྦུད ་ཁུག་ཡ། ཕུག་མྱོགས་ཐུམ་རིལ། ཞུང་ཞུང་། ཆུམ་ཆུམ། རྦད་ན་རྦད་ན། ཀཱི་ལི་ཀཱི་ལི་ཡ། རག་ཤ་རག་ཤ། ཁུམ་ཁུམ་ཏྲི་ཏ་བཾ་རྦད། བཞི་བཅུ་པ་སྙིང་ལ་ཕུར་པ་རྡེག་པའོ།། མ་མོ་ཏྲག་རག་ཤ་སྙིང་ཁྲ་རག་མ་མ་ལིང ་ལིང་། དུམ་ལིང་ལིང་། དུ་མ་ར་ན། ཏྲི་ཧཱུཾ་ཏྲི། ཧུ་ར་ཧུར། ཆེ་གེ་མོ་མ་ཏང་ཡ་ཡ། སོ་དྲུག་པ་དཀྲུག་པའི་སྔགས་སོ།། ཏྲག་རག་ཤ་ཁ་མུ་ཏྲ་བྷྱོ།། རུ་ལུ་རུ་ལུ་ནག་མོ་ཧ་ནི་བྷྱོ།། རུ་ལུ་རུ་ལུ་བྷྱོ།། ནག་མོ་ཙིཏྟ་མ་ལ་བྷྱོ། རུ ་ལུ་རུ་ལུ་ནག་མོ་མུ་ཏི། ཁ་འགྲོ་ཏི་ཏི་བྷྱོ་བྷྱོ། རུ་ལུ་རུ་ལུ་ཧ་ར་ཧུར་ཧེད། བྷྱོ་རུ་ལུ་རུ་ལུ། བཅུ་དྲུག་པ་སྟེ་གཙུན་པའི་སྔགས་སོ།། གཞན་ཡང་དགོས་པ་སྔགས་རྣམས་ཀུན་བཤད་ཀྱིས་མི་ལང་ལ་བརྗོད་ཀྱིས་མི ་རྫོགས།། ཞེས་གསུངས་སོ།། ཐུན་དཀྲུག་གི་སྔགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། འཁར་བ་ལ་སོགས་ཐུན་རྣམས ་ཀྱི།། གྲུབ་པའི་རྟགས་ནི་གང་དང་གང་།། མ་གྲུབ་རྟགས་ནི་ཇི་ལྟར་འབྱུང་།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ། སྤྱིར་ན་གཉིས་ཤེས་པར ་གྱིས།། སྤྱི་དང་ཁྱད་པར་གཉིས་སུ་བསྟན།། སྤྱི་ཡི་རྟགས་རྣམས་བསྟན་པ་ནི།། བུད་མེད་བྱུང་ན་དངོས་གྲུབ་འཕེལ།། ཁྱོ་གར་བྱུང་ན་དགྲ་ལ་མྱུར།། བཙུན་པར་བྱུང་ན་འཁོར་ལ་གཟན།། བྱ་ནག་བྱུང་ན་ཐུགས་དམ ་བསྐང་། ཁྱི་རུ་བྱུང་ན་དམ་ཚིག་ཉམས།། ཕྱི་བཤགས་ནང་བཤགས་གསང་བཤགས་བྱ། ཁྲུས་དང་མདོས་དང་བསྐང་བཤགས་བྱ།། བསྟོད་གཟུངས་ཉི་ཤུ་རྩ་གཅིག་པ།། བདུན་པར་བདུན་པར་བདུན་གསུམ ་བརྗོད།། གཙོ་མཆོག་ཡིན་པས་ཉམས་སུ་བླང་།། མོན་མོ་བྱུང་ན་མོ་ཉིད་དངོས།། གྲུབ་ཡིན་པས་དངོས་གྲུབ་བླང་།། མ་གྲུབ་རྟགས་རྣམས་བསྟན་པ་ནི།། བཙུན་མོ་ལྟ་བུར་བྱུང་ན་ངན།། ཇོ་མོ་ལྟ་བུར་བྱུང་ན ་ངན།། ཕར་ལ་ཕྱག་འཚལ་ཤིན་ཏུ་ངན།། ལུག་དང་རྟ་རུ་བྱུང་ན་ངན།། སྙིང་མི་དགའ་ཞིང་འགྲོ་སྙིང་འདོད།། འདི་ནི་རང་ཉེས་ཉམས་སུ་བརྟག། བསྐང་ངོ་ཆོ་ག་རྒྱ་ཆེར་བྱ།། སེང་སེང་བྱེད་ན་གསལ་ཞིང ་སྦྲིད།། བྱ་ནག་ལུག་ནག་ཐུགས་དམ་བསྐང་།། ལྟོགས་ལ་གཞན་གྱི་ཟས་འདོད་ན།། ཕུད་དང་གཏོར་མས་ཐུགས་དམ་བསྐང་།། བྱིང་ཞིང་འཐིབ་ན་སྒྲིབ་པས་ཕོག། བསྐང་ཞིང་བཤགས་པ་བྱ་བ་དང་། ཁྲུས་དང ་ཚངས་པའི་ཆོ་ག་བྱ།། གཡེལ་ཞིང་མི་འཁོར་རྐྱེན་ཡོད་པའི།། གསལ་ཞིང་ཉམས་དག་བཀའ་ཉན་ཡིན།། གཞལ་ཡང་གྲུབ་པའི་རྟགས་རྣམས་ནི།། འམ་ལྟ་བུར་བྱུང་ན་བཟང་།། སྟུག་མོ་ལྟ་བུར་བྱུང་ན ་བཟང་།། མཛའ་མོ་ལྟ་བུར་བྱུང་ན་བཟང་།། སྲིང་མོ་ལྟ་བུར་བྱུང་ན་བཟང་།། བྲན་མོ་ལྟར་བུར་བྱུང་ན་བཟང་།། གྲོགས་བཤེས་ལྟ་བུར་བྱུང་ན་བཟང་།། བཟའ་སྐོམ་གཏེར་བ་བྱུང་ན་བཟང་།། བཀུར་སྟི་ཕྱག ་འཚལ་བསྐོར་བ་བྱེད།། དེ་རྣམས་བཟང་བའི་རྟགས་སུ་བཤད།། གཞན་ཡང་རྟགས་ཀྱི་རྣམ་པ་ནི།། མཛེ་ཅན་ཕོ་མོར་འོང་བ་དང་།། ཡུགས་ས་མོ་རུ་འོང་བ་དང་།། རྣལ་འབྱོར་ཕོ་མོ་ལོང་སྦྲང་དང་།། ངུ་ཞིང་ཆོས ་ངས་འདེབས་པ་དང་། ཁ་སྦུབ་ཉལ་ཞིང་འདུག་པ་དང་།། བྷ་ག་ཟུར་སྦྲེལ་སྟོན་པ་དང་།། འཇིགས་ཤིང་སྐྱི་གཡའ་མེ་འབར་དང་། ཁྲག་གི་ན་བུན་འཐུལ་བ་དང་།། གནག་རྒོད་མི་ཐུབ་བརྡུང་བ་དང་།། མཚོ་ཆེན ་འཁྱུག་ཅིང་རྨི་བ་དང་།། འདི་དག་ངན་པའི་རྟགས་ཡིན་པས།། ཕྱི་ནང་བསྐང་བཤགས་དྲག་ཏུ་བྱ།། འོ་དོད་བྲང་བརྡུང་ཆེ་ངེས་རྡེབ།། ཕྱག་འཚལ་མཆོད་འབུལ་རྨི་ཞིང་བརྡུང་།། དེ་རྣམས་ཕྱི་ཡི་རྟགས་ཡིན་ནོ།། ཁྱད ་པར་རྟགས་རྣམས་བསྟན་པ་ལ། ཁྲག་ཐུན་རྟགས་རྣམས་བསྟན་པ་ལ།། རཀྟ་མངོན་དུ་ཁོལ་བ་དང་།། མེ་འབར་འོད་འཕྲོ་སྒྲ་སྙན་སྒྲོགས།། དུད་པ་འཐུལ་དང་རླུངས་པ་འབྱུང་།། དེ་ཚེ་གསུང་གི་དངོས་གྲུབ་བླང་།། ་གོང་གི་རྟགས་རྣམས་བྱུང་བའི་ཚེ།། དེ་ཚེ་སྐུ་ཡི་དངོས་གྲུབ་བླང་།། དེ་བས་སྙིང་ཐུན་རྟགས་རྣམས་ནི།། ཙིཏྟ་མངོན་དུ་འོང་བ་དང་།། སྙིང་འཕར་བ་དང་འབར་བ་དང་།། ཙིཏྟ་འཕྱར་ཞིང་སྟོན་པ་དང་།། བླ་རྟགས ་དངོས་སུ་འོང་བ་དང་།། སྐུ་གཟུགས་དངོས་སུ་སྟོན་པའོ།། དེ་ཡི་ཐུགས་ཀྱི་དངོས་གྲུབ་བླང་།། དུག་ཐུན་རྟགས་རྣམས་བསྟན་པ་ནི།། དུག་གི་ཐུན་སྣོད་འཆག་པ་དང་།། འཕར་དང་འགུལ་དང་ལྡེག་པ་དང་། ཁོལ ་དང་རླངས་བྱུང་སྤོས་པ་དང་།། མེ་འབར་བ་དང་འཕྲོ་བ་དང་།། དྲི་ཞིམ་པ་དང་ལུད་པ་ནི།། དུག་ཐུན་གྲུབ་པའི་རྟགས་ཡིན་པས།། དེ་ནས་ཡོན་ཏན་དངོས་གྲུབ་བླང་།། དེ་ཏིང་དུག་ཐུན་དྲག་པོས་བརྡེག། ཕུར་ཐུན ་རྟགས་རྣམས་བསྟན་པ་ནི།། གྲུ་གསུམ་དབུས་ཀྱི་ཕུར་པའི་རྩར།། གཅན་གཟན་རྗེས་བྱུང་གྲུབ་པ་ཡིན།། གཞན་ཡང་རྗེས་རྣམས་གང་བྱུང་བ།། དེ་ཡང་ཕུར་ཐུན་གྲུབ་པས་རྟགས།། ཕུར་པ་འགུལ་དང་ལྡེག་པ ་དང་།། འོད་འཕྲོ་བ་དང་མེ་འབར་དང་།། དེ་ཡང་ཕུར་ཐུན་གྲུབ་པའི་རྟགས།། འཕྲིན་ལས་སིདྡྷི་བླང་བར་བྱ།། ཕུར་ཐུན་དྲག་པོས་བརྡེག་བྱས་ལ།། ཡུངས་ཐུན་རྟགས་རྣམས་བསྟན་པ་ནི།། ཉུངས ་ཀར་འཕར་ཞིང་མཆོད་པ་དང་།། ཉུངས་ཀར་འཚིག་ཅིང་སྒྲ་ཐོན་དང་།། ཉུངས་ཀར་བཙོས་བྱིན་གྱུར་པ་དང་།། ཉུངས་ཀར་དྲག་པོ་གྲུབ་པའི་རྟགས།། དྲག་སྔགས་སྨོད་པའི་སིདྡྷི་བླང་།། དྲག་སྔགས་ཉུངས་ཐུན་རབ་ཏུ ་བརྡེག། ཏྲིག་སེར་གྲི་ལ་ཙི་ལྡིང་ངར།། ཙི་ལིང་གྲི་ལ་ཏྲིག་སེར་ངར།། དཀྲུག་དང་རུ་བཟློག་དུས་སུ་བཟླས།། ཕོ་མོ་བསད་པ་ཕུར་བཟློག་དང་།། དཀྲུག་དང་གཙུན་པའི་མན་ངག་གིས།། དམིགས་པའི་ལིང་ག་རབ ་ཏུ་བྲབ།། དབང་པོ་ཕྱི་དང་ཀུན་གཞི་ནང་།། ཡང་དང་ཡང་དུ་བརྡེག་པར་བྱ།། སྲིད་པ་གསུམ་ཡང་སྒྲོལ་བར་བྱེད།། ཅེས་གསུངས་སོ།། ཐུན་དྲུག་གི་རྟགས་བསྟན་པའི་སྐབས་ཀྱི་ལེའུ་སྟེ་བཅོ་བརྒྱད ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། རྟགས་དང་མཚན་མའི་བདག་པོ་ནི།། དེ་བས་ཁྱད་པར་དགྲ་རྟགས་གང་།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། ཞེས ་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དེ་ལ་དགྲ་རྟགས་བསྟན་པ་ནི།། གཡག་དང་ར་དང་བ་གླང་གསོད།། དེ་ཡང་དགྲ་རྟགས་འབྲིང་པོ་ཡིན།། རི་དྭགས་གསོད་དང་གཅན་གཟན་གསོད།། ཁྱིར་བྱེད ་དང་ཤ་རྐྱང་གསོད།། རྙི་བྱས་བྱ་བྱི་གསོད་པ་དང་།། རྒྱ་བྱས་རི་དགས་གསོད་པ་དང་།། གོ་གོན་མཚོན་བརྡུང་མདའ་སྒྲོན་ན།། དམག་འདྲན་གཡུལ་སྤྲོད་འཐབ་པ་དང་།། ཤིང་གཅོད་མེ་སྒོར་བྲག་གཤོག་དང་།། དེ ་རྣམས་བྱུང་ན་དགྲ་རྟགས་ཡིན།། དེ་དགྲ་འབྲིང་པོའི་རྟགས་རྣམས་ཡིན།། གཞན་པོ་བྱེད་ཅིང་འདུག་པ་དང་།། ལག་ནས་མཚོན་ཆ་ཤོར་བ་དང་།། གོ་ཆ་གཞན་ལ་བྱིན་པ་དང་།། བདག་རང་གཅིག་པུ་འདུག་པ ་དང་།། ས་ཡི་འོག་ཏུ་ནུབ་པ་དང་།། ཐུར་ལ་བབ་ཅིང་རྨི་བ་དང་།། གཡང་དུ་ལྷུང་དང་གཅིག་པུར་འདུག། དེ་ནི་ཐེ་མའི་རྟགས་སུ་བསྟན།། གཞན་ཡང་བཟངས་པའི་རྟགས་རྣམས་ནི།། དམག་དཔུང་ཆེ་དང ་འགྲོགས་ན་བཟང་།། འཐབས་ཏེ་མཚོན་ཐོབ་རྒྱལ་ན་བཟང་། ཁ་རོང་བཙན་ཆུད་ན་བཟང་།། ཙིཏྟ་བྱིན་ཞིང་རྨི་ན་བཟང་།། མགོ་དང་ཡན་ལག་གཅོད་ན་བཟང་།། ལུས་ལ་ཚོན་རྩིས་བྱུག་ན་བཟང་།། ཐིག་གིས ་འདེབས་ཀྱིན་རྨི་ན་བཟང་།། བརྟབ་པ་བྱེད་ཅིང་རྨི་ན་བཟང་།། མགོ་དང་ཡན་ལག་གཅོད་ན་བཟང་།། འོག་ཏུ་བཅུག་ནས་གསོད་པ་དང་།། བླ་རྟགས་མངོན་དུ་འོང་བ་དང་།། ཙིཏྟ་ཁྱེར་ཞིང་བསྟོད་པ་དང་།། མགོ་བོ ་གཅོད་ཅིང་སྟོན་པ་དང་།། གསོན་བླ་མངོན་དུ་འོང་བ་ནི།། དེ་ནི་རྟགས་རྣམས་རྫོགས་པའོ།། ཞེས་གསུངས་སོ།། དགྲ་རྟགས་བསྟན་པའི་སྐབས་ཏེ་ལེའུ་བཅུ་དགུ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། དགྲ་བགེགས་རྟགས་ཀྱི་རྒྱལ་མོ་ཉིད།། ཐུན་དྲུག་སྒྲུབ་པ་བྱེད་པའི་ཚེ།། འཕྲིན་ལས་རིམ་པ་ཇི་ལྟར་བགྱི།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ ་བདེ་བྱེད་མ།། སྔངས་སྲུངས་ནག་མོ་བསྒྲུབ་འདོད་ན།། དང་པོར་ཚོགས་བསགས་སྒྲིབ་པ་སྦྱང་།། དེ་ནས་འཕྲིན་ལས་འདི་ལྟར་བྱ།། དེ་ཡང་གནས་ནི་དུར་ཁྲོད་གླིང་དུ་བསྒྲུབ།། དུར་ཁྲོད་ས་ལ་དཀྱིལ་འཁོར ་ནི།། འཕྲིན་ལས་རྣམ་བཞི་རྫོགས་པར་བྲི།། ཨེ་ཀ་ཛ་ཊི་ཞེས་བྱ་ནི།། ལས་བྱེད་གཙོ་མོ་བསྒྲུབ་འདོད་ན།། འཕྲིན་ལས་རིམ་པ་འདི་ཡིས་བྱའོ།། དེ་བཞིན་ཉིད་ལ་བློ་སྦྱངས་ཏེ།། མི་རྟོགས་གདེང་དུ་གྱུར་པ ་དང་།། ཀུན་ཏུ་སྣང་ལ་བློ་སྦྱངས་ཏེ།། ཐམས་ཅད་འོད་དུ་གྱུར་པ་ལས།། སླར་འདུས་ཡི་གེ་ཧཱུཾ་དུ་གྱུར།། སྟན་དང་དེ་ལ་དབང་ཆེན་གྱིས།། ས་བོན་ཡི་གེ་འདི་རྣམས་སྤྲོ།། ཨེ་ཡཾ་རཾ་སུཾ་ཀཽ་ལས་ནི།། རིམ་པ་བཞིན་དུ ་བསྐྱེད་བྱ་སྟེ།། བྷྲཱུཾ་ལས་བན་དྷ་འབར་བའི་གཞལ་ཡས་ཁང་།། དྲེགས་པའི་གདན་སྟེང་ཧཱུཾ་བསམ་སྟེ།། རྡོ་རྗེ་འཕྲོ་འདུའི་སྦྱོར་བ་ཡིས།། བདག་ཉིད་ཆེ་མཆོག་ཧེ་རུ་ཀ། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། ཁྲོ་མོ་ཡུམ ་དང་བཅས་པ་གཅིག། རང་སེམས་དག་པའི་ངོ་བོར་གསལ།། དེ་ནི་རྒྱུ་ཡི་ཏིང་འཛིན་ཏོ།། དེ་ལས་མ་མོ་བསྐྱེད་པ་ནི།། གྲུ་གསུམ་ཉི་མའི་གདན་སྟེངས་སུ།། བདག་ཉིད་ཆེ་མཆོག་ཐུགས་ཀ་ནས།། ཡི་གེ་ཏྲག་ལས ་སྔགས་འདི་བསྐྱེད།། ཏྲག་ཏྲག་མ་དུ་ཡ་ཞེས་པས།། གྲུ་གསུམ་ཏྲག་དང་འཁར་བ་ལས།། ནག་མོ་ཁྲོ་གཉེར་རལ་པ་ཅན།། རལ་པའི་ཟར་པུས་ས་གཞི་ཁེབས།། སྐུ་དང་རལ་པའི་གསེབས་ནས་ཀྱང་།། གཡུ་ཡི་སྤྱང་མོ ་དགུ་འབུམ་འཕྲོ།། གཡས་ན་མི་སྙིང་དམར་པོ་བསྣམས།། གཡོན་པ་གཡུ་ཡི་སྦྲང་མོ་འགྱེད།། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས།། གཟས་པ་ཁྲག་སྐྱུག་གཟིར་བ་ཅིག། ཡིད་ཀྱི་རིགས་ཅན་གསལ་བར ་བསྐྱེད།། བདག་གི་ཐུགས་ལས་དེ་འདྲ་གཅིག། བསྐྱེད་པ་བསྟིམ་པར་དེ་ལ་བྱ།། ཏྲག་ཏྲག་སེར་སེར་དུག། སྙིང་པོ་དེ་བརྗོད་རཀྟ་དང་།། ཆང་ཕུད་སྦྱར་བས་དབང་ཡང་བསྐུར།། བསྒྲུབ་པའི་གནས་ནས་སྤྱན་དྲངས ་ལ།། མ་མོ་དེ་ལ་བསྟིམ་པར་བྱ།། དེ་ཉིད་མངོན་དུ་གསལ་བསྒོམ་ལ།། གཏོར་མ་རབས་ཆད་བན་དྷ་རེ།། མ་མོ་དེ་ལ་དབུལ་བར་བྱ།། ཨེ་ཀ་ཛ་ཏི་ཏི་ལི་ཏི་ལི།། རཾ་བ་རཾ་བ་ཁྭ་ཧི།། བསྟན་དང་སྟོབས་སུ་གྱུར་པ ་དང་།། མ་གཅིག་མ་ཡི་ཡང་སྙིང་ནི།། ཏྲག་དང་བྷྱོ་ཡི་ཐོག་མཐའ་ཅན།། བཅུ་བདུན་པ་ནི་དྲང་བར་བྱ།། མ་མོའི་རྟགས་ནི་ཅི་འདོད་འབྱུང་།། བཅུ་གཅིག་ཏྲག་རྦད་ཐོག་མཐའ་ཅན།། བརྒྱ་ཡི་འཇུག་ཏུ་རེ་རེ ་གདགས།། དེ་ནི་བསྙེན་པ་ཐོག་མཐའ་སྟེ།། རྟགས་དང་དེ་དང་འབྲལ་མི་བྱའོ།། བར་བར་བསྐྱེད་དང་སྤྱན་དྲང་དང་།། བརྟན་བཞུགས་ཕྱག་འཚལ་མཆོད་འབུལ་བསྟོད།། ཅེས་གསུངས་སོ།། འཕྲིན་ལས་བསྟན ་པའི་ལེའུ་སྟེ་ཉི་ཤུ་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། དཀྱིལ་འཁོར་འཕྲིན་ལས་བདག་མོ་ནི།། ཉིད་ཀྱི་དབང་བསྐུར་ཇི་ལྟར་ལགས།། རང་བྱུང་རྒྱལ ་མོས་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། དབང་ལ་རྣམ་པ་གསུམ་ཡོད་དེ།། ཕྱི་དང་ནང་དང་གསང་བའོ།། དངོས་གྲུབ་འདོད་པའི་རྣལ་འབྱོར་པས།། ཨེ་ཀ་ཛ ་ཊི་སྒྲུབ་འདོད་པས།། དང་པོར་བླ་མ་བརྟགས་བྱས་ལ།། མཉེས་པའི་ཡོན་འབུལ་དབང་རྣམས་ཞུ།། དེ་ཡང་དཀྱིལ་འཁོར་བྲི་བ་དང་།། བུམ་པ་ལ་སོགས་དབང་རྣམས་བསོག། བསྐྱེད་དང་སྤྱན་དྲངས་མཆོད་བྱས ་ལ།། བཟླས་བརྗོད་འཕྲོ་འདུའི་ཚུལ་བཞིན་བྱ།། རྟགས་རྣམས་བྱུང་ན་སློབ་མ་གཞུག། དེ་ཡང་བྱ་བ་འདི་དག་གོ་ཁྲུས་དང་དྲང་བ་སྒོ་དབྱེ་དང་།། གསོལ་གདབ་དམ་དཔོག་གཞུག་པ་དང་།། དབང་རྣམས་རིམ་པར ་བསྐུར་བར་བྱ།། དང་པོ་ཕྱི་དང་གཉིས་པ་ནང་།། གསུམ་པ་གསང་དབང་བསྐུར་བར་བྱ།། ཕྱི་ཡི་བུམ་པས་བསྐུར་བ་དང་།། ནང་གི་སྔགས་དང་བདུད་རྩི་དང་།། གཏོར་མ་རཀྟ་ཕུར་པ་དང་།། ཉུངས་ཀར་ཐུན་རྫས ་དབུ་རྒྱན་དང་།། ལན་བུ་སྤུ་གྲི་དྲག་སྔགས་དང་།། སྐུ་གཟུགས་སྦྱོར་སྒྲོལ་དབང་རྣམས་སོ།། གཞན་ཡང་སྐུ་གསུང་ཐུགས་དང་ནི།། ཡོན་ཏན་འཕྲིན་ལས་དང་ནི།། མན་ངག་བསྟན་པ་ལ་སོགས་པས།། བསྒྲུབ་དང ་བསྒོམ་དང་རྦད་པ་དང་།། གསད་དང་འཕང་བའི་དབང་རྣམས་བསྐུར།། གསང་བའི་དབང་རྣམས་བསྐུར་བ་དང་།། གཟུངས་མ་མཚན་ལྡན་ཁྲུས་དང་རྒྱན།། མཁའ་གསང་བྱིན་བརླབས་སྦྱོར་བ་བྱ།། གསང་དབང ་དམ་པ་བསྐུར་བར་བྱ།། དབང་རྣམས་རྫོགས་པའི་རྣལ་འབྱོར་པས།། ཨེ་ཀ་ཛ་ཊི་བསྒྲུབ་ནས་འགྲུབ།། ཨེ་ཀ་ཛ་ཊི་བསྙེན་ན་ཉེ།། ཨེ་ཀ་ཛ་ཊི་བཀོལ་ན་ཉན།། བསྒྲུབ་པའི་ཆེན་མ་བས་ཉེ།། བསྙེན་པའི་ཚེ་ན་བསྲིང ་བས་གདུང་།། གསང་བའི་ཚེ་ན་བུ་བས་ཉན།། བོས་པའི་ཚེ་ན་གློག་པས་མགྱོགས།། བསད་ན་ཚངས་པའི་ཚེ་ཡང་སྡུད།། གསོས་ན་དབང་པོ་འགགས་ཀྱང་འཚོ།། ཚེ་འདིར་བསམ་དགུ་འགྲུབ་པ་དང་།། ནོར་དང ་འབྱོར་བ་འཕེལ་བར་འགྱུར།། ཞེས་གསུངས་སོ།། དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། བདེ་བྱེད་ལྷ་མོས་ཡང་གསོལ་བ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཉིད།། རྗེས་སུ་འཇུག་པའི་རྣལ་འབྱོར ་པས།། བསྲུང་བའི་དམ་ཚིག་གང་གང་ལགས།། རང་བྱུང་རྒྱལ་མོས་བཤད་དུ་གསོལ། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། བསྲུང་བའི་དམ་ཚིག་རྣམ་པ ་གཉིས།། སྤྱི་དང་ཁྱད་པར་དམ་ཚིག་གོ། སྤྱི་ཡི་དམ་ཚིག་འདི་རྣམས་བསྲུང་།། ཕྱི་ནང་གསང་བའི་དམ་ཚིག་ཀྱང་།། རྟག་པར་རྒྱུན་དུ་བསྲུང་བར་བྱ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཀྱང་།། ཐུན་མོང་སྤྱི་དང་ཁྱད་པར ་གྲངས།། སྤྱོད་པ་རྒྱུད་དང་འགལ་མདོ་ཉེས།། དེ་དག་རྣམས་ཀྱང་བསྲུང་བར་བྱ།། ཡི་དམ་ལྷ་ཡི་དཀྱིལ་འཁོར་དང་།། བླ་མ་སློབ་དཔོན་མཆེད་ལྕམ་ཡང་།། རྩེ་གཅིག་རྒྱུན་དུ་བསྒོམ་པར་བྱ།། གཞན ་ཡང་འདི་རྣམས་བསྲུང་བར་བྱ།། རྟག་ཏུ་མ་མོ་བསྒོམ་པར་བྱ།། རྒྱུན་དུ་སྲོག་འཛབ་དྲང་བྱ་ཞིང་།། མཆོད་ཅིང་བསྟོད་ལ་བསྐུལ་ཞིང་རྦད།། ཉམས་པ་དག་དང་ཁ་མི་བསྲེ།། ཡུགས་ས་དག་དང་ཟླ་མི་གཅིག། འཁོན ་དང་ཉམས་པ་དག་ལ་གཟེམ།། རྡོ་རྗེ་སྤུན་དང་འཁོན་མི་བྱ།། སྔགས་པ་ནང་དང་འཐབ་མི་བྱ།། རྟག་པར་དེ་དག་བསྲུང་བར་བྱ།། དེ་ནི་སྤྱི་ཡི་དམ་ཚིག་གོ་ཁྱད་པར་འདི་དག་བསྲུང་བར་བྱ།། སྐུ་ཡི་དམ་ཚིག་བསྲུང ་བར་བྱ།། སྐྲ་ཡང་མི་བཅད་རལ་པར་བསྐྱིལ།། ཚེར་མ་ཅན་གྱི་འཁོར་བ་བཅད།། རྟགས་ཀྱི་ཕྱག་རྒྱ་ལུས་ལ་བཅང་།། དྲག་པོའི་ལས་རྣམས་བདུད་ཆས་བྱ།། གསུང་གི་དམ་ཚིག་འདི་རྣམས་བསྲུང་།། མཆོད་པའི ་ཁས་བླངས་མི་བཅག་པར།། མི་ནག་མི་དང་ཁ་མི་བསྲེ།། བཟླས་པ་རྒྱུན་དུ་མི་འབྲལ་ཞིང་།། གར་དགའ་མ་མོ་མི་བོད་ཅིང་།། འབྱུང་བ་ལྔ་ལ་མི་སྨོད་པ།། དཀོན་མཆོག་སྤྱི་ལ་བསྟོད་པ་བྱ།། བྲན་ལ་ཁ་ངན་མི་བྱ ་ཞིང་།། སྔགས་ལས་མི་ཚིག་སྤེལ་མི་གཞུག། དབང་མ་ཐོབ་པའི་མི་རྣམས་དང་།། ཚིག་གི་ཟུར་ཡང་སྨྲ་མི་བྱ།། ཐུགས་ཀྱི་དམ་ཚིག་བསྲུང་བ་ནི།། རྣམ་པར་མི་རྟོགས་ཆོས་ཉིད་ལ།། བསྒོམ་པ་ཐུན་རེ་མི་འབྲལ ་ཞིང་།། ཡི་དམ་ལྷ་ཡང་མགོ་རུ་ཡོད།། དུས་གསུམ་ལྷ་རུ་བསྒོམ་པར་བྱ།། བརྡ་ངན་མ་ཡི་བུད་མེད་དང་།། ཆགས་པའི་ལུས་སེམས་གཡོ་མི་བྱ།། ཡིད་དུ་འོང་བའི་མཛའ་མོ་དང་།། མ་དང་སྲིང་མོ་བུ་མོ་དང་།། མཁས ་པས་བསྒྲུབ་པའི་གྲོགས་སུ་བཀྲི།། གཞན་ཡང་དམ་ཚིག་འདི་དག་བསྲུང་།། དབེན་ནས་ཧུལ་པོ་མི་གཤིག་ཅིང་།། མཆོད་པ་གཏོར་མ་རྒྱུན་མི་བཅད།། དམ་ཚིག་མི་བསྟན་ཤ་མི་སྤང་།། རཀྟ་གཏོར་མ་མ་ལ ་གཏོར།། ཕུད་དང་མཐུན་རྫས་ཉམས་མི་བྱ།། ཞེས་གསུངས་སོ།། དམ་ཚིག་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། ཨེ་ཀ་ཛཱ་ཊིའི་རྒྱུད་ཕྱི་མ་དྲག་སྔགས་ཀྱི་རྒྱུད་རྫོགས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ཤྲི་བཛྲ་ཀ་ལི་ཤི་བི་ཛ་ཏི་གྷུ་ཡ་ཀར་མ་ཏན་ཏྲ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་མོ་རལ་པ་སྤྱི་བཅིངས་གསང་བ་འཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། ་