CLOSE WINDOW

Gpb046.003x: rdo rje phur pa zhes bya ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

རྣམས་ཀྱིས་དངོས་སུ་ལུང་བསྟན་པའི་དགོངས་ཅན་ས་རྣལ་འབྱོར་པ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་དོ།། བསམ་གཏན་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། ། ་རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བཛྲ་ས་མ་ཏི་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུའི་བསམ་གཏན་ཅེས་བྱ་བ། ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཆོས་རྣམས་མ་ལུས་འབྱུང་བའི་གཞི།། ཐིག་ལེ ་ཆེན་པོའི་རང་བཞིན་ནི།། རྡོ་རྗེ་སྙིང་པོ་རང་འཁྲུངས་དཔལ།། སྣང་དང་བརྗོད་པའི་མཐའ་ལས་གྲོལ།། རྒྱལ་བའི་དགོངས་པ་འབྱུང་བའི་གནས།། རྣལ་འབྱོར་གསུམ་གྱི་མེ་ལོང་དུ།། སྤྲོས་བྲལ་སེམས་ཀྱི་ངོ་བོ ་ཉིད།། དབྱེར་མེད་ཉིད་བཞི་ངོ་སྤྲད་པས།། ངོ་བོ་ཉིད་དེ་མཐོང་གྱུར་ནས།། རྟོག་བཅས་ཡུལ་ལས་གྲོལ་བ་དང་།། མི་རྟོག་ཡེ་ཤེས་ཤར་བའི་ཕྱིར།། བདེ་བ་ཆེན་པོའི་རྟགས་གསུམ་འཆར།། འདུ་འཕྲོད་དབྱིངས་སུ ་དག་པ་དང་།། རིག་པ་ཡེ་ཤེས་ཡུལ་མེད་པས།། ཆོས་ཉིད་མ་དང་ཕྲད་པའི་ཕྱིར།། དགོངས་པ་ཀུན་གྱི་མཆོག་ཅེས་བྱ།། དབྱིངས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིས།། དགོངས་པའི་ངང་ལས་རིག་པ་ནི།། གཟི་ལྡན་འབར ་བའི་སྙིང་པོ་བཞིན།། དེ་ཉིད་མ་བཅོས་ངང་ལ་ཞོག། རིགས་དང་སྐུ་མདོག་ཕྱག་མཚན་དང་།། ཡི་གེ་སྙིང་པོ་འཕྲོ་འདུ་ཡང་།། མ་བཀག་དབྱིངས་སུ་གྲོལ་བའི་ཕྱིར།། ཀུན་ཏུ་བཟང་པོ་ཉིད་དུ་ཟུང་།། དབྱིངས་ཀྱི་སྙིང ་པོ་ཡེ་ཤེས་ཉིད།། སེམས་ཀྱི་དཀྱིལ་འཁོར་དངས་པ་ལ།། ཡེ་ཤེས་ལྔ་རུ་ཤར་བའི་ཕྱིར།། ཀུན་ཏུ་བཟང་པོ་ཉིད་དུ་ཟུང་།། བདེ་གསལ་དབྱིངས་དང་ཡེ་ཤེས་ཀྱིས།། ངང་ལས་མ་སྤངས་རྟོག་པ་ཡི།། མཐུ་དང་བྲལ ་བའི་ངོ་བོ་ལ།། བདེ་བ་ཆེན་པོ་ཉིད་དུ་ཟུང་།། བྱིང་ན་ཡེ་ཤེས་འཆར་སྒོ་ལྷ།། རྒོད་པ་དབྱིངས་ཀྱི་ངང་ལ་ཞོག། བྱིང་རྒོད་མེད་པར་སྙོམས་པ་ན།། དབང་པོ་མི་བསྡམ་ཡན་དུ་དགྱེར།། སྐུ་དང་གསུང ་དང་ཐུགས་ཡོན་ཏན།། འཕྲིན་ལས་ཉི་ཤུ་རྩ་ལྔ་ཡང་།། ངོ་བོ་ཉིད་དུ་གཅིག་པའི་ཕྱིར།། འབྲས་བུ་མངོན་དུ་གྱུར་པའི་མཆོག། བླང་དོར་བྲལ་བའི་སྙིང་པོ་ལ།། མཚོ་དང་འོ་མའི་དཔེ་བཞིན་ཏུ།། དྲི་མ་མེད་པའི་ཡེ་ཤེས ་ཀྱིས།། མ་ནོར་སྙིང་པོ་དམིགས་ནས་ཟུང་།། ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་ཡི།། བསམ་གཏན་མན་ངག་མདོར་བསྡུས་འདི།། སྐལ་ལྡན་རིགས་ཀྱི་བུ་མཆོག་དང་།། མཐའ་ཡས་སེམས་ཅན་འདྲེན་པར ་ཤོག། རྒྱུད་ལུང་ལེའུ་གཉིས་པའི་གདམས།། ཨུ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་དམ་རྫོགས་སོ།། །། དགེའོ།། །། ་@། རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་སྟེ། བཅོམ ་ལྡན་འདས་གསང་བ་མཆོག་གི་དཀྱིལ་འཁོར་ན།། ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས།། སྐལ་ལྡན་རྣམས་དང་ཐབས་གཅིག་སྟེ།། མདོ་སྡེའི་བྱང་ཆུབ་སེམས་དཔའ་དང་།། དགྲ་བཅོམ་ཉན་ཐོས་རང་རྒྱལ ་དང་།། ཐེག་དམན་མིང་ཡང་མེད་ནང་དུ།། གསང་སྔགས་གསང་བའི་སྙིང་པོ་འདི།། བདུད་རྩི་མཆོག་གི་ལྟ་བ་དང་།། སྤྱོད་པ་བསྒྲུབ་པ་འདི་གསུངས་སོ།། བསམ་གྱིས་མི་ཁྱབ་བསྟན་པ་དང་།། བརྒྱད་ཁྲི་བཞི་སྟོང ་རྣམ་གྲངས་ཀྱང་།། ཐེག་པའི་སྒོ་ནི་གསུམ་དུ་གསུངས།། གསང་ཉིད་ཐིག་པར་བསྡུས་དང་བཞི།། ལྡེམ་པོར་དགོངས་པའི་མདོ་དོན་ཡང་།། ཀྲི་ཡའི་དོན་ཏེ་སངས་རྒྱས་ཡིན།། རྣ་བརྒྱུད་སྟོན་པས་ཐུགས་བརྟོལ ་ཏོ།། ངེས་པའི་ལུང་ཡང་སངས་རྒྱས་ལ།། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ།། བྱང་ཆུབ་སེམས་དེ་ཀུན་ཏུ་དག། རྫོགས་པའི་ཡེ་ཤེས་དེ་བཞིན་ཉིད།། མ་རྟོག་སྦྱོང་བའི་ཡུལ་མ་ཡིན།། མ་ལུས་མཐའ་དག་ཉིད ་ཀྱི་རྒྱ།། ཡེ་ནས་བྱ་མེད་བྱ་མི་དགོས།། རྒྱུ་དང་འབྲས་བུ་འཁྲུལ་བའི་སྒྲ།། བྱང་ཆུབ་ཉིད་དེ་ལྟུང་གནས་མེད།། བྷ་ག་ཇི་བཞིན་བདེ་བར་གནས།། རྒྱུད་དང་ལུང་དང་མན་ངག་དང་།། དམངས་དང་རྗེ་དང་རྒྱལ་པོའི ་ཚུལ།། ཁྲུད་པར་རྩལ་འཕང་ཐག་རིང་ཡང་།། གཅིག་ལ་གཅིག་བརྟེན་གཅིག་གི་ངང་།། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། དེ་བས་སྐུ་གསུང་ཐུགས་ཀྱི་བདག། སྐུ་དང་བརྒྱན་དང་འཁོར་ལོ ་ཡང་།། ལུང་ཆེན་ཟབ་མོའི་ནང་ནས་གསལ།། ལྔ་བཞིན་ནང་དུ་འཁོར་བ་ཡང་།། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད།། ལྟ་བ་འདི་ལ་གནས་པའི།། རྣལ་འབྱོར་འདི་ནི་སྐལ་བ་བཟང་།། ཅི་སྤྱད་བསྒོམས་ཤིང་ཅི ་བསྒྲུབས་ཀྱང་།། བདུད་རྩི་ཉིད་དེ་སྨན་གྱི་མཆོག། བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད།། བྱིན་བརླབས་ངོ་མཚར་རྒྱ་ཆེར་འབྱུང་།། རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས།། སངས་རྒྱས་དེ་བཞིན་ཉིད་ལས ་འབྱུང་།། མཐའ་ཡས་སེམས་ཅན་དོན་གྱི་ཕྱིར།། རང་ལ་མཆོད་ཅིང་རང་གིས་བཟའ།། བསྒྲུབ་པ་པོ་ནི་ནན་ཏན་བྱ།། བཅོམ་ལྡན་འདས་དང་གཉིས་མེད་ཕྱིར།། ལས་འདི་ལུང་གིས་བསྒྲུབ་བྱས་ན།། མི་སྤང་བ་དང ་དང་དུ་ལེན།། སྤྱད་པའི་དམ་ཚིག་བཅོ་ལྔ་བསྡུ།། དེ་ཡང་མ་ཧཱ་ས་མ་ཡ།། བཞི་པ་རྫོགས་ནས་ཀུན་ཏུ་བཟང་།། ཞི་རྒྱས་དབང་དང་མངོན་སྤྱོད་དང་།། གནན་བཟློག་དྲུག་ནི་གཅིག་ཏུའོ།། སྟ་ན་གྷ་ནའི་ལུང་བཤད ་དེ།། བཅོམ་ལྡན་འདས་ནི་ཉིད་ཀྱི་བཀའ།། ལྷ་ཡི་བདུད་དང་ཕུང་པོའི་བདུད།། ཉོན་མོངས་བདུད་དང་འཆི་བདག་བཅོམ།། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན།། བྱང་ཆུབ་འཁོར་བ་མྱ་ངན་འདས།། སངས་རྒྱས་སེམས ་ཅན་ཐམས་ཅད་དང་།། མཚན་མར་བརྟགས་པ་ཐམས་ཅད་ཀུན།། དེ་བཞིན་ཉིད་ལས་གཞན་མ་ཡིན།། དེ་བཞིན་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་མཁྱེན་ནོ།། ཕྱི་ནང་མ་ལུས་སྣོད་བཅུད ་ཀྱང་།། ཡབ་ཡུམ་བདེ་བའི་ངང་དུ་གསལ།། འདི་ནི་སྙིང་པོ་བྱང་ཆུབ་ལུང་།། ཡང་དག་མ་རིག་འཁྱམ་འགྱུར་བ།། ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་།། མ་སྐྱེས་པས་ན་འཇིག་པ་མེད།། བདག་དང་གཉིས ་མེད་མཉམ་པའི།། ཐུགས་རྗེ་ཆེན་པོ་ཅིར་མི་མཛད།། ཡང་དག་ཉིད་ལ་ཡང་དག་སྒྲོལ།། ཡང་དག་བསྒྲལ་ན་བདེ་བ་ཐོབ།། སྟོང་གསུམ་མ་ལུས་བསྐྱབ་པ་བས།། སྐྱེས་བུ་ཆེན་པོ་རྣལ་འབྱོར་གྱིས།། བསྒྲལ་བ་འབའ ་ཞིག་སྙིང་རྗེའི་མཆོག། མི་ལྡོག་དབྱིངས་སུ་ཡང་དག་ཉིད།། ཐིག་ལེ་ཆེན་པོས་དབང་བསྐུར་ཏེ།། ཟླ་གསང་དབུས་ན་བྱང་ཆུབ་སེམས།། རྫོགས་སངས་རྒྱས་ལ་སོམ་ཉི་མེད།། རྣམ་དག་དྲི་ཆེན་སྣང་བའི་མཆོག། མི ་བསྐྱོད་བྱང་ཆུབ་སེམས་ཉིད་དེ།། རིན་ཆེན་མང་བ་འབྱུང་ལྡན་གཙོ།། སྣང་བ་མཐའ་ཡས་རཀྟའི་ཐུགས།། དོན་ཡོད་དྲི་ཆུ་ལས་གྲུབ་པས།། ཐམས་ཅད་མ་ལུས་སངས་རྒྱས་ལྔ།། ལུས་པ་མེད་པས་ཡེ་ཤེས་དང་།། མ ་བཅོས་ཡེ་ནས་འདི་ཉིད་དོ།། དེ་ཕྱིར་སྨན་ཆེན་དངོས་གྲུབ་མཆོག། བདུད་རྩི་ཞེས་ནི་འདི་ལ་བྱ།། རྟོག་པའི་ཀློང་དུ་སུ་འདྲིས་པ།། མི་ཞེས་མི་བྱ་སངས་རྒྱས་ཡིན།། བཅོམ་ལྡན་འདས་ནི་གུད་ན་མེད།། རིགས་ལྔ་བདེ ་བར་གཤེགས་ལ་ཕྱག་འཚལ་ལོ།། བྱིན་བརླབས་མཚམས་བཅད་བསྟན་པར་བྱ།། ཡིད་འོང་གནས་སུ་འདུག་ནས་ནི།། བྱ་བ་མེད་པའི་ལས་འདི་བསྒྲུབ།། མཎྜལ་བརྒྱད་པ་གཞུང་བཞིན ་དུ།། དཔལ་དང་ལྡན་པའི་སྣོད་བཞག་སྟེ།། སྟོང་ལས་འབྱོར་བས་ཡེ་ནས་དག། བཙལ་དང་བཙག་དང་བཏག་པ་ཡིས།། ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ།། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས།། སྟོང་ཁམས་ཁྱབ་པར ་དོན་བྱས་ཏེ།། བཅུད་ཀྱི་དམ་པ་ཀུན་བསྡུས་ནས།། དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར།། མུ་ཏིག་དཀར་པོ་དྲི་མེད་ལྟར།། བསྒྲུབ་པ་པོས་ནི་ནན་ཏན་བྱ།། གུ་ཧྱ་ལག་པའི་ཕྱག་རྒྱ་ཡིས།། གཞུང་བཞིན་བསྟན ་ནས་འཕྲོ་འདུ་བྱ།། དེ་དབུས་ཀླུ་བདག་ས་བོན་གྱིས།། དངོས་གྲུབ་དམ་པ་བླང་བར་བྱ།། དགུ་པའི་སྔགས་ཀྱིས་བཏབ་ནས་ནི།། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས།། བར་ཆད་མེད་པའི་འཕྲོ་འདུ་བྱ།། གསལ་བ ་འབྱུང་འཇུག་ལྷན་ནེ་སེང་།། རྟགས་དང་མཚན་མ་བདུན་གྱིས་འབྱུང་།། འོད་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་གཟུགས་ཀྱང་སྟོན་པར་འགྱུར།། མང་དུ་འཕེལ་ན་གྲུབ་རྫས་ཡིན།། དེ་ལ་ཡ་མཚན་བསྐྱེད་མི་བྱ།། མཚན ་མ་འདི་དག་མ་བྱུང་ན།། བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ།། སྤོགས་ཐབས་བསྒྱུར་ཞིང་རྩལ་ཤུགས་དབྱུང་།། རྫས་རྣམས་ཀྱང་ནི་གསར་བར་བྱ།། དེ་ནས་མཆོད་ཅིང་དངོས་གྲུབ་བླང་།། སློབ་མ་ལ་ཡང་དབང་བསྐུར ་རོ།། ཚེ་དང་བསྐོང་དང་ཡིད་དུ་འོང་།། ནད་མེད་བྲན་དང་ཅི་འདོད་པའི།། བགེགས་རྣམས་ཞི་བ་ལ་སོགས་པའི།། ཡོན་ཏན་རྩ་བརྒྱད་འདི་ཡིས་འཐོབ།། སྙིང་པོ་ཚིམ་བྱེད་བཅུད་ཀྱི་མཆོག། གཙོ་བོ་ལྔ་དང་འབྲས་བུ ་ལྔ།། འདི་དག་རབ་ཏུ་བསྐྱབ་པའི་ཕྱིར།། དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན།། མང་པོ་འདུས་པ་མཐུ་བྱིན་ཆེ།། ཡངས་ཤིང་རྒྱུད་ལ་གོམས་པ་དང་།། སློབ་མ་དཔའ་བརྟུལ་གཙང་སྦྲ་ཅན།། ཟླ་གསང་དཀར་དམར ་རླུང་ཀར་ལྕི།། ཉུངས་ཡང་པཉྩ་ཡན་ཆད་ཀྱིས།། མི་ཕྱེད་པས་ནི་བདུད་གནས་པའོ།། ཐུགས་ཀྱི་དངོས་གྲུབ་དམ་པ་འདི།། རེ་བ་མེད་པས་གྲུབ་པ་བླངས།། འདི་ཚེ་འབྲུ་ནི་བརྟག་པར་བྱ།། མ་དག་པ་ནི་མཚམས ་གཅད་དོ།། ལས་ཀྱི་གཙོར་ནི་བསྐང་བ་དང་།། དབྱངས་དང་བསྟོད་དང་མཆོད་པ་ཡི།། ནན་ཏན་གྱིས་ནི་བརྩོན་འགྲུས་བྱ།། ཐེ་ཚོམ་མེད་ན་ངེས་པར་འགྲུབ།། ཅེས་བཀའ་སྩལ་ནས་ཤིན་ཏུ་རྣལ་འབྱོར་གྱིས་དབང ་ཕྱུག་ཀུན་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཨེ་མ་གསང་བ་ལས་བྱུང་བ། བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས།། མ་རིག་མུན་སེལ་ཡེ་ཤེས་སྒྲོན།། དཔའ་བོ་ཁྱོད་ལ་སྐྱབས ་སུ་མཆི།། བདུད་རྩི་མཆོག་གི་ལུང་རྫོགས་སོ།། །། ་དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་སྐུ་ཀུན་ཏུ་འགྱུར་བའི་རྒྱལ་པོ་དེས། ཉིད་ཀྱི་འཁོར་དེ་རྣམས་སྐྱེས་པ་མེད་ཅིང་རྟོག་པ་ཐམས་ཅད་དང་བྲལ་བ། བདུད་རྩི་ཆེན་པོ་ཐོབ་པར་བྱ་བའི་ཕྱིར། ཉིད་མི ་སྣང་བར་བྱས་ཏེ། ནམ་མཁའ་སྒྲ་སྒྲོགས་པའི་གསུང་། ཨ་ཨཱ་ཞེས་པའི་སྒྲ་བྱུང་བས། འཁོར་གྱི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རིག་གོ། ཨེ་ཨེ་ཞེས་པའི་སྒྲ་བྱུང་བས་ཆོས་ཐམས་ཅད་ནམ་མཁའ་ལྟར་གསལ ་ལོ།། ཨོཾ་ཨོ་ཞེས་པའི་སྒྲ་བྱུང་བས། ཆོས་ཐམས་ཅད་སྐྱེ་བའི་ཆོ་འཕྲུལ་འབྱུང་བར་གསལ་ལོ།། ཨོཾ་ཨོཾ་ཞེས་པའི་སྒྲ་བྱུང་བས། རྡོ་རྗེ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ། ཆེ་མཆོག་ཡོངས་སུ་རྫོགས་པའི་སྐུ། རིགས་ལྔ་དང་། ་ཡུམ་ཁྲོ་མོ་གནམ་ཞལ་དང་། ཁྲོ་བོ་ཆེན་པོ་བཅུ་དང་། འཇིགས་བྱེད་དང་། འཕྲ་མེན་དང་། ཁྲོ་མོ་བརྒྱད་དང་། འཕྲ་མེན་བརྒྱད་དང་། སྒོ་མ་བཞི་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྫོགས་པའི་གསལ་ལོ།། དེ་ནས་རྡོ ་རྗེ་ཀུན་ཏུ་བཟང་པོ་དེས། དང་པོ་སྣོད་བཅུད་ཀྱི་དཀྱིལ་འཁོར་བསྐྱེད་པ་འདི་གསུངས་སོ།། ཨེ་ཡཾ་ཁཾ་སུ་བྲུཾ། ཞེས་དབང་ཆེན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད། དེ་ནས་བདུད་རྩི་ཆར་ཕབ་ནས།། ཐམས ་ཅད་རྒྱས་ཤིང་སྨིན་པར་བྱས།། ཐམས་ཅད་རང་བྱུང་བདུད་རྩིར་སྨིན།། དེ་ནས་སྣོད་བཅུད་བསྡུ་བའི་ཕྱིར།། ཤུན་ཆེན་གནས་གཞི་གདན་སྟེངས་སུ།། བ་ན་དྷ་མཚན་ལྡན་རྣམ་ལྔ་ལ།། དཔའ་བོ་འབྲུ་ལྔའི་འཕྲོ་འདུ ་ཡིས།། རིགས་ཆེན་ལྔའི་འཕྲོ་འདུ་ཡིས།། སྣོད་བཅུད་ཐམས་ཅད་དེ་རུ་བསྡུ།། སྣོད་བཅུད་བསྡུས་པའི་དཀྱིལ་འཁོར་རོ།། སྣོད་དེར་གསོལ་བའི་སྨན་རྣམས་ནི།། འབྱུང་བ་ལྔ་ལས་སྐྱེས་པ་ཡི།། སྟོང་རྩ་བརྒྱད་དམ ་གྲངས་མེད་པའི།། ལ་ལའི་དུག་ཀྱང་ལ་ལའི་སྨན།། མཐའ་ཡང་བརྗོད་ཀྱིས་མི་ལང་བསོག། མེད་དུ་མི་རུང་བརྒྱ་རྩ་བརྒྱད།། དེ་ཡང་གང་དང་གང་ཞེ་ན།། རྩ་བ་བརྒྱད་དང་འབྲས་བུ་ལྔ།། ཤ་ལྔ་དབང་པོ་ལྔ་ཡི ་གཟུགས།། དེ་འཕྲད་ཤིང་ཐོག་རྣམས་པ་ལྔ།། དྲི་སྣ་ལྔ་དང་དྲི་རྒྱལ་ལྔ།། དེ་བཞིན་སྤོས་ཆེན་རྣམ་ལྔ་དང་།། ཆུ་ལྔ་དང་ནི་རུས་པ་ལྔ།། སྣ་ལྔ་དང་ནི་ལྕེ་ལྔ་དང་།། རྣ་བ་ལྔ་ཡང་མེད་མི་རུང་།། དེ་བཞིན་མིག་ལྔ་ལག་པ ་ལྔ།། ཚ་ལྔ་དག་ཀྱང་རབ་ཏུ་སྦྱར།། རྩིཏྟ་ལྔ་དང་ཀླད་པ་ལྔ།། མེ་ཏོག་རྣམ་པ་ལྔ་རྣམས་སྦྱར།། རིན་པོ་ཆེ་ནི་རྣམ་པ་ལྔ།། དམ་རྫས་ལྔའི་འཕྲད་སྦྱོར་བས།། དེ་རྣམས་མེ་དུ་མི་རུང་ངོ་།། དེ་ལ་རྩ་བ་བརྒྱད་རྣམས ་ནི།། མགོ་ཙི་ཧཱ་དང་ལེང་ལེང་ཧཱ།། གྷི་ཧང་ཆུང་ཇི་བྷང་རས་ཡན།། ག་བུར་མུ་ཏིག་ལན་ཚྭ་རྣམས།། དེ་ལ་རྩ་བ་བརྒྱད་ཅེས་བྱའོ།། ནང་གི་འབྲས་བུ་རྣམ་ལྔ་ནི།། ཨ་འབྲས་རྒུན་འབྲུམ་པ་ན་སེ།། གེར་ཡ་ཨ་རུ་ཀ་དང ་ལྔའོ།། སེང་གེ་གླང་ཆེན་རྟ་ཆོག་ཤ།། རྨ་བྱ་ཤ་དང་ཤང་ཤང་ཤའོ།། དབང་པོ་ལྔའི་གཟུགས་ལྔ་ནི།། མིག་དང་རྣ་བ་སྣ་དང་ལྕེ།། གཙོ་བོ་ཙིཏྟ་ཉིད་དང་ལྔའོ།། དེ་འཕྲད་ཤིང་ཐོག་རྣམ་ལྔ་ནི།། རྒུན་འབྲུམ་དང་ནི་ཀ་ཀོ ་ལ།། ཨ་འབྲས་པ་སེ་བུམ་ཤ་ལྔའོ།། དྲི་ནི་ཆེན་པོ་སྣ་ལྔ་ནི།། ན་ག་གེ་སར་ཤིང་ཚ་དང་།། སུག་སྨེལ་གྷཾ་ཏ་པ་ཏྲ་དང་།། ཀུན་དུ་ར་དང་རྣམ་པ་ལྔའོ།། དྲི་བོ་རྒྱལ་པོ་རྣམ་ལྔ་ནི།། རྒྱ་སྤོས་འཛའ་ཏི་པ་ལ ་དང་། ག་པུར་ཙན་དན་ལི་ཤི་ལྔའོ།། དེ་བཞིན་སྤོས་ཆེན་རྣམ་ལྔ་ནི།། ཨ་ཀ་རུ་དང་དུ་རུ་ཀ། པོག་དང་སྦྲང་རྩི་ལྕེ་པོག་ལྔའོ།། དེ་བཞིན་ཆུ་ལྔ་བསྟན་པ་ནི།། རྒྱ་མཚོ་ལྦ་བ་གངས་ཀྱི་ཆུ།། སྣ་ཚོགས་ལན་ཚྭ་དྲི་ཆུ ་དང་།། བསྒྲལ་བའི་ཆུ་ནི་རྣམ་པ་ལྔའོ།། སྲ་བྱེད་རུས་པ་རྣམ་ལྔ་ནི།། དུང་དང་འབྲུག་རུས་གདུང་དང་ནི།། བསྒྲལ་དང་མ་བསྒྲལ་རུས་པ་ལྔ།། སྣ་ནི་རྣམ་པ་ལྔ་རྣམས་ནི།། རིགས་ལས་ཕྱེ་བའི་སྣ་ལྔའོ།། ལྕེ་ལྔ་དག ་ཀྱང་དེ་བཞིན་ཏེ།། དེ་འཕྲད་མེ་ཏོག་ཁ་དོག་ལྔའོ།། མིག་ལྔ་སྣ་ལྔ་ལག་པ་ལྔའོ།། རིགས་ལྔ་གདན་ཁྲི་དག་ལས་བརྩལ།། ཚ་ལྔ་དག་ཀྱང་སྦྱར་བ་བྱ།། ཀླད་པ་ལྔ་དང་ཙིཏྟ་ལྔ།། དེ་ཡང་རིགས་ཀྱི་གདན་ལས ་བཙལ།། རིན་པོ་ཆེ་ནི་རྣམ་པ་ལྔ།། དེ་ཡང་ཁ་དོག་ངེས་པར་སྤྱད།། དེ་རྣམས་མེད་དུ་མི་རུང་སྟེ།། མེད་མི་རུང་གི་གཏན་ཚིགས་ནི།། གྲུབ་པའི་རྟགས་ཀྱི་དངོས་གྲུབ་འཐོབ།། མིག་དང་རྣ་བ་སྣ་དང་ལྕེ།། དབང ་པོ་ཙིཏྟ་རྣམ་ལྔ་ཡིས།། མངོན་ཤེས་རྣམ་ལྔ་འཐོབ་པ་དང་། དངོས་པོ་ཐམས་ཅད་འཐོབ་པ་ནི།། གཟུགས་སྒྲ་དྲི་རོ་རེག་ལ་སོགས།། འདོད་ཡོན་ལྔའི་དངོས་གྲུབ་འཐོབ།། ཆུ་ལྔས་བདུད་རྩིའི་དངོས ་གྲུབ་ཐོབ།། རུས་པས་ལས་ཀྱི་དངོས་གྲུབ་ཐོབ།། སྣ་ལྔ་ཚངས་པའི་གསུངས་ཡང་འཐོབ།། ལྕེ་ཡིས་གསུང་གི་དངོས་གྲུབ་ཐོབ།། ཀླད་པས་མདངས་ཀྱི་དངོས་གྲུབ་ཐོབ།། སྙིང་ལྔས་མངོན་ཤེས་ལྔ་ཡང་འཐོབ།། ལག ་པས་ཕྱག་རྒྱའི་དངོས་གྲུབ་ཐོབ།། གཅིག་གིས་ཆོས་ཀྱི་སྐུ་ཐོབ་ལ།། གཉིས་ཐོབ་ཐབས་དང་ཤེས་རབ་ཐོབ།། གསུམ་འཐོབ་རྡོ་རྗེ་སྐུ་གསུམ་ཐོབ།། གཞི་ཐོབ་ཕྱག་རྒྱ་བཞི་ཐོབ་ལ།། ལྔ་ཡིས་སྐུ་ལྔ་ཡེ་ཤེས་ལྔ།། དེ་ལ ་སོགས་ཏེ་བསམ་མི་ཁྱབ།། དེ་ནི་མདོ་ཙམ་བསྟན་པ་ཡིན།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། མེད་དུ་མི་རུང་བརྟག་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་དབྱེ་ཞིང་དགོད་པའི་རིམ་པ་འདི་གསུངས་སོ།། རིགས་དང ་ཁ་དོག་དྲི་དང་རོ།། མཐུན་པ་བཞི་ཡིས་དགོད་པར་བྱ།། དེ་ཡང་ཇི་ལྟར་དབྱེ་ཞེ་ན།། དེ་ལ་རིགས་ཀྱི་དགོད་པ་ནི།། དམ་རྫས་ལྔ་ནི་རིམ་གྱིས་དགོད།། དབུས་སུ་བྱང་ཆུབ་སེམས་ཆེན་ལ།། ཤར་དུ་རྡོ་རྗེ་དྲི ་ཆེན་ནོ།། ལྷོ་རུ་མཾ་ས་ཤ་ཆེན་ལ།། ནུབ་ཏུ་པད་མ་རག་ཏ་དགོད།། བྱང་དུ་རྡོ་རྗེ་དྲི་ཆུ་དགོད།། ཡང་ན་ཁ་དོག་ལྔས་དགོད་དེ།། དབུས་སུ་སེར་ལ་ཤར་ལ་ཤར་དུ་དཀར།། ལྷོ་རུ་སྔོ་ལ་ནུབ་ཏུ་དམར།། བྱང་དུ ་ལྡང་སྟེ་ཁ་དོག་མཐུན།། ཡང་ན་དྲི་ཞིམ་འདོད་ཆགས་པད་མའི་རིགས།། མི་ཞིམ་ཞེ་སྡང་རྡོ་རྗེའི་རིགས།། གཉིས་ཀ་མ་ཡིན་གཏི་མུག་པས།། དེ་བཞིན་རིགས་སུ་དགོད་པར་བྱ།། དབ་པའི་དྲི་ནི་བྱང་དུ་ལ།། བསུང ་བའི་དྲི་ནི་ལྷོ་རུ་དགོད།། ཡང་ན་རོ་ཡིས་དགོད་པར་བྱ། ཁ་བ་དང་ནི་མངར་བ་དང་། ཁ་ཚ་རོ་མེད་རྣམ་པ་ལྔ། ཁ་བ་རྡོ་རྗེ་རིགས་སུ་དགོད།། མངར་བ་པད་མའི་རིགས་སུ་དགོད།། ཚ་བ་ལས་ཀྱི ་རིགས་སུ་དགོད།། རོ་མེད་དེ་བཞིན་རིགས་སུ་དགོད།། སྐུར་བ་རིན་ཆེན་རིགས་སུ་དགོད།། དགོད་པ་དེ་ཡི་སྣོད་རྣམས་ནི།། དབུས་སུ་བན་ད་སུལ་མེད་ལ།། ཤར་དུ་སུལ་བུ་འགྲེང་བ་བཞག། ལྷོ་རུ་བན་དྷ་སུལ ་མངས་ལ།། ནུབ་ཏུ་བན་ད་ཟླ་ཁམ་གཞག། བྱང་དུ་རྡོ་རྗེ་རྒྱ་གྲམ་སྟེ།། ཤོང་བུ་བཞི་པ་གཞག་པར་བྱ།། ཡབ་ཡུམ་སྙིང་པོ་རིམ་བཞིན་སྦྱར།། རྣམ་གཅིག་མི་དབྱེ་གསོག་པ་ནི།། ཞིང་ཆེན་གཡང་གཞི་མ་ཉམས ་པའི།། དཀྱིལ་དུ་དཔའ་བོ་འབྲུ་ལྔ་བྲི།། དེ་སྟེང་སྣོད་བཅུད་སྤུང་པ་ནི།། དཔའ་བོ་འབྲུ་ལྔ་སྐུ་བསྐྱེད་ལ།། སྐུ་ལྔའི་འཕྲོ་འདུ་བྱས་པ་ནི།། རྒྱུད་ལྔའི་གནས་དག་སྦྱངས་པ་ནི།། དེ་ཉིད་རིགས་ལྔས་སྦྱངས་པ་ཡིན།། རྒྱལ ་བ་རིགས་ལྔ་དེ་ཉིད་ལ།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་ལ་སོགས་པའི་སེམས་དཔས་བསྐོར།། ཕྱག་རྒྱ་ཆེན་པོ་བཞིར་བཞིར་ལྡན།། དེ་ཡིས་སྒྲོ་དང་བསྡུ་བྱས་ནས།། དམ་པ་རིགས་བརྒྱས་སྦྱངས་པ ་ཡིན།། རིགས་ལྔ་རིགས་བརྒྱས་སྦྱངས་པ་ཡིས།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། རྒྱལ་བ་རིག་ཆེན་ལྔ་རྣམས་དང་།། གཟུགས་སྒྲ་དྲི་རོ་རེག་སོགས་ཀྱི།། སེམས་དཔའ་བཅུ་དྲུག་སྒོ་བ་བཞི།། སངས་རྒྱས་རྡོ། ་རྗེ་དབྱིངས་སུ་རྒྱས།། མ་སྐྱེས་རྡོ་རྗེ་དབྱིངས་སུ་རྒྱས།། ཞེས་རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས།། སྨན་དབྱེ་གསོག་བྱ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཀུན་བཟང་ཆེ་མཆོག་དེས། ཡོངས་སུ་རྫོགས་པའི ་སྐུར་བཞེས་པ་འདི་གསུངས་སོ།། ང་ཡིས་སྐུ་ནི་ཡོངས་སུ་རྫོགས།། ང་ཡི་ཞབས་ཀྱི་སྤྲུལ་པ་ལས།། ཁྲོ་བོ་ཆེན་པོ་བཅུ་སྤྲུལ་ནས།། ཕྱོགས་བཅུ་འཇིག་རྟེན་དབང་བསྡུས་ནས།། བགེགས་རྒྱལ་གནོན་པའི་སྤྲུལ་པ ་ཡིན།། ང་ཡི་སྐུ་གདུང་འབར་བ་ལས།། རིགས་ལྔ་རྩ་བ་འཛིན་སྤྲུལ་ནས། ཁམས་གསུམ་རྒྱུད་དྲུག་དབ་ང་བསྡུས་ནས།། རྒྱུད་ལྔ་སྦྱོང་བའི་སྤྲུལ་པ་ཡིན།། ང་ཡི་ཐུགས་གསང་དབྱིབས་རུམ་ལས།། ཡུམ་ཆེན་ཁྲོ་མོ ་གནམ་ཞལ་སྤྲུལ།། སྣང་སྲིད་སྣོད་བཅུད་དབང་བསྡུས་ནས།། བདུད་རྩི་འབྱུང་བའི་ཡུམ་ཆེན་འཚལ།། ང་ཡི་སྐུ་ནི་རྫོགས་པ་ལས།། སངས་རྒྱས་ཐམས་ཅད་རྫོགས་པའི་སྐུ།། དབུ་ནི་ཉི་ཤུ་རྩ་གཅིག་ལ།། ཕྱག་ནི་བཞི ་བཅུ་རྩ་གཉིས་ཏེ།། ཞབས་ནི་རྣམ་པ་བརྒྱད་དུ་ལྡན།། སྐུ་གཅིག་ཡོངས་སུ་རྫོགས་པ་ལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཚང་།། དེ་ཡང་ཇི་ལྟར་དགོངས་པ་མཛད།། བདུད་རྩི་སྦྱོར་བའི་སྐུ་རུ་རྫོགས།། དེ་ཡང ་ཇི་ལྟར་རྫོགས་ཤེ་ན།། ང་ཡི་ཞབས་ཀྱིས་སྤྲུལ་པ་ལས། ཁྲོ་བོ་ཆེན་པོ་བཅུ་ཕྱུང་ནས།། སྐུ་མདོག་སོ་སོར་རིགས་དང་མཐུན།། ཕྱག་རྒྱ་བཞི་ལྡན་འཕྲོ་འདུ་དང་།། གུ་ཧྱ་རྟ་མཆོག་ཕྱག་རྒྱ་དང་། དགུ་པ་འཛབ་ཀྱི་འཕྲོ ་འདུ་ཡིས།། ཕྱོགས་བཅུའི་བགེགས་ཀྱི་རྒྱལ་བཏུལ་ནས།། ཧཱུཾ་གིས་ཐུགས་ནི་གསང་བར་སྡུད།། ཐུགས་ནི་གསང་བའི་དབྱིངས་རུམ་དུ།། བདུད་རྩི་བྱང་ཆུབ་སེམས་སུ་སྦྱོར།། ང་ཡི་སྐུ་གདུང་འབར་བ ་ལས།། རིགས་ལྔ་རྩ་བ་འཛིན་པའི་སྐུ།། སྐུ་མདོག་སོ་སོའི་རིགས་དང་འཐུན།། ཞབས་བཅུ་ཁྲོ་བཅུའི་དབུ་དང་སྦྱོར།། ཕྱག་རྒྱ་བཞི་ལྡན་འཕྲོ་འདུ་དང་།། གུ་ཧྱ་རྟ་མཆོག་ཕྱག་རྒྱ་དང་།། དགུ་པའི་འཛབ་ཀྱི་འཕྲོ་འདུ ་ཡིས།། རྒྱུད་ལྔ་སྡུག་བསྔལ་གཏན་སྦྱངས་ནས།། ཧཱུཾ་གིས་ཐགས་ནི་གསང་བར་སྡུད།། ཐུགས་ནི་གསང་བའི་དབྱིངས་རུམ་དུ།། གཉིས་སུ་མེད་པའི་སྦྱོར་བ་ཡིས།། བདུད་རྩི་བྱང་ཆུབ་སེམས་སུ་སྦྱོར།། ང་ཡི་ཐུགས་ཀྱི ་གསང་བ་ལས།། ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ།། དབུ་དགུ་ཕྱ་ནི་བཅོ་བརྒྱད་དེ།། སྟོང་པ་བཅོ་བརྒྱད་ཐབས་ཀྱི་འདྲེན།། སྐུ་མདོག་སྨུག་ནག་འབར་བ་ལ།། ཞབས་བཞི་རིགས་བཞི་དབུ་དང་སྦྱོར།། ཕྱག་རྒྱ་བཞི ་ལྡན་འཕྲོ་འདུ་དང་།། གུ་ཧྱ་རྟ་མཆོག་ཕྱག་རྒྱ་དང་།། དགུ་པ་འཛབ་ཀྱི་འཕྲོ་འདུ་ཡིས།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། ཧཱུཾ་གིས་ཐུགས་ནི་གསང་བའི་དབྱིངས་རུམ་དུ།། གཉིས་སུ་མེད་པའི་སྦྱོར་བ ་ཡིས།། བདུད་རྩི་བྱང་ཆུབ་སེམས་སུ་སྦྱོར།། རྡོ་རྗེ་ཀུན་བཟང་ང་སྐུ་ལས།། ཆེ་མཆོག་ཡོངས་སུ་རྫོགས་པའི་སྐུ།། དབུ་ནི་ཉི་ཤུ་རྩ་གཅིག་ལ།། ཕྱག་ནི་བཞི་བཅུ་རྩ་གཉིས་སོ།། ཞབས་ནི་རྣམ་པ་བརྒྱད་དུ་ལྡན།། ཆེ ་མཆོག་ཡོངས་སུ་རྫོགས་སྐུ་དེ།། སྐུ་ནི་མཐིང་ནག་འབར་བ་ལ།། ཞི་བའི་དབུ་ལ་ཕྱག་རྒྱར་ལྡན།། བཞི་བཅུ་རྩ་གཉིས་ང་ཡི་ཕྱག། ཞབས་བརྒྱད་གནམ་ཞལ་སྦྱོར་བ་མཛད།། ཕྱག་རྒྱ་བཞི་དང་འཕྲོ་འདུ་དང་།། གུ་ཧྱ ་རྟ་མཆོག་ཕྱག་རྒྱ་དང་།། དགུ་པ་འཛབ་ཀྱི་འཕྲོ་འདུ་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་དང་།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། ཧཱུཾ་གིས་ཐུགས་ནི་གསང ་བར་སྡུད།། ཐུགས་ནི་གསང་བའི་དབྱིངས་རུམ་དུ།། གཉིས་སུ་མེད་པའི་སྦྱོར་བ་ཡིས།། བདུད་རྩི་བྱང་ཆུབ་སེམས་སུ་སྦྱོར།། བདུད་རྩི་བྱང་ཆུབ་སེམས་དེ་ནི།། མུ་ཏིག་དཀར་པོ་དྲི་མེད་མདོག། དངོས་ནི་ཆོས་ཉིད ་བྱང་ཆུབ་སེམས།། རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས།། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས།། ཞེས་རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས།། བདུད་རྩི་ཆེ་མཆོག་གིས་དགོངས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ ་རྗེ་ཀུན་ཏུ་བཟང་པོ་དེས། ཆེ་མཆོག་སྐུ་དང་དགོངས་པ་བཤད་པ་འདི་གསུངས་སོ།། ཆེ་མཆོག་ཡོངས་སུ་རྫོགས་པའི་སྐུ།། མི་འདུལ་བ་ཡང་མ་མཆིས་ལ།། མ་བཏུལ་བ་ཡང་མ་མཆིས་སོ།། མ་གྲུབ་པ་ཡང་མ་མཆིས ་སོ།། དེ་ཡང་ཇི་ལྟར་གཏུལ་ཞེ་ན།། སྐུ་གཅིག་ལ་ནི་སྐུ་བཞི་རྫོགས།། ཞབས་ནི་ཁྲོ་བཅུའི་དཀྱིལ་འཁོར་ལ།། སྐུ་གདུང་འབར་བའི་སྐུ་ལྔ་ནི།། རིགས་ལྔ་ཧེ་རུའི་དཀྱིལ་འཁོར་རོ།། ཐུགས་ནི་གསང་བའི་དབྱིངས་རུམ ་ནི།། ཡུམ་ཆེན་ཁྲོ་མོ་གནམ་ཞལ་ཏེ།། སྣོད་བཅུད་འཛིན་པའི་དཀྱིལ་འཁོར་རོ།། ཆེ་མཆོག་རྫོགས་པའི་སྐུ་དེ་ནི།། ཞི་ཁྲོ་རྫོགས་པའི་སྐུར་བསྟན་ཏེ།། སངས་རྒྱས་ཐམས་ཅད་རྫོགས་པའི་སྐུའོ།། མཐིང ་ནག་ཆོས་ཉིད་འགྱུར་བ་མེད།། སྨུག་ནག་དྲག་པོའི་ལས་ཀྱང་མཛད།། ཁ་དོག་རྣམ་ལྔ་ཡོན་ཏན་རྟགས།། དབུ་ནི་ཉི་ཤུ་རྩ་གཅིག་པོ།། ཡེ་ཤེས་ཉི་ཤུ་རྩ་གཅིག་སྟེ།། སེམས་དཔའ་བཅུ་དྲུག་རྒྱལ་པོ་ལྔ།། ཀུན་ཏུ ་གསལ་བར་བྱེད་པའོ།། ཕྱག་ནི་བཞི་བཅུ་རྩ་གཉིས་ནི།། ཁྲོ་བོ་འབར་གཏུམ་ཕྱག་མཚན་ཏེ།། དང་པོ་གཉིས་ཀྱི་ཕྱག་མཚན་ནི།། རང་རྟགས་རྡོ་རྗེ་དྲིལ་བུ་འཛིན།། མ་སྐྱེས་རྡོ་རྗེ་སྒྲ་ཡང་སྒྲོགས།། གཡས་ཀྱི་བར་མ ་བཅོ་བརྒྱད་ན།། ཀཻ་རི་བརྒྱད་དང་འཇིགས་བྱེད་བཅུ།། གཡོན་གྱི་བར་མ་བཅོ་བརྒྱད་ན།། སིང་ཧ་བརྒྱད་དང་མགྱོགས་བྱེད་བཅུའོ།། གཡས་གཉིས་གཡོན་གཉིས་ཐ་མ་བཞི།། སྒོ་སྐྱོང་མདོང་མོ་འགུགས་འཆིང ་བཞི།། ཞི་དང་ཁྲོ་བོར་བཅས་པ་ཡི།། སངས་རྒྱས་དཀྱིལ་འཁོར་སྐུ་ལ་རྫོགས།། དབུས་ཀྱི་གཙོ་བོ་རྡོ་རྗེ་ལ།། གསང་བའི་ཁྲོ་བོ་བཞི་ཡིས་བསྐོར།། སྤྲོ་དང་བསྡུ་དང་འགགས་དང་འཇོམས།། སངས་རྒྱས་ཀུན་ཀྱང ་རང་རེ་ཡི།། དགོངས་པའི་འཕྲིན་ལས་རང་རེ་མཛད།། སེམས་དཔའ་བརྒྱད་གཉིས་བཅུ་དྲུག་དང་།། རིགས་ཀྱི་གཙོ་བོ་ལྔ་རྣམས་ལ།། ཕྱག་རྒྱ་ཆེན་པོ་བཞི་བཞིར་ལྡན།། དབུས་ཀྱི་གཙོ་བོ་རྡོ་རྗེ་ལ།། གསང་བའི་ཁྲོ ་བོ་བཞིས་བསྐོར་བ།། ཕྱག་རྒྱ་བཞི་བཞི་ལྔ་ཚན་ལྔ།། དམ་པ་རིགས་སུ་བཤད་པ་ཡིན།། ཆེ་མཆོག་སྐུ་ལ་ཀུན་རྫོགས་པས།། སངས་རྒྱས་ཐམས་ཅད་སྐུ་ལ་རྫོགས།། ཉིད་ལས་མ་བྱུང་སངས་རྒྱས་མེད།། ཅེས ་གསུངས་སོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། ཐམས་ཅད་དགོངས་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས།། ལྟ་སྤྱོད་དམ་ཚིག་འདི་གསུངས་སོ།། ཀྱེ་འཁོར་གྱི་དྲང་སྲོང་སྒྲུབ ་པ་རྣམས།། དང་པོ་ལྟ་བ་འདི་ལྟར་ལྟོས།། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་དང་།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། བྱང་ཆུབ་སེམས་ལས་བྱུང་བར ་མཉམ།། ཡེ་ནས་བདུད་རྩི་ཡིན་པའི་ཕྱིར།། བདུད་རྩི་ཉིད་ལས་གཞན་མེད་དོ།། ལྔ་བཞི་དྲུག་ཏུ་སྣང་བ་ཡང་།། སངས་རྒྱས་སྐུ་དང་ཡེ་ཤེས་ཡིན།། ཆོས་ཉིད་དབྱིངས་ན་རང་བཞིན་གནས།། ཡེ་ནས་བདེ་ཆེན་སངས ་རྒྱས་པས།། བདུད་རྩི་ཞེས་ནི་དེ་ལ་བྱ།། ལྟ་བ་འདི་ལ་གང་གནས་པ།། ཤིན་ཏུ་རྣམ་འབྱོར་སྐལ་བ་བཟང་།། ཞེས་གསུངས་སོ།། ལྟ་བ་དེ་ལ་གནས་ནས་ནི།། སྤྱོད་པའི་དམ་ཚིག་འདི་ལྟར་སྤྱོད།། སྟོང་རྩ་བརྒྱད་ཀྱི ་དམ་ཚིག་ནི།། མི་སྤང་བ་དང་དང་དུ་བླང་།། ཤེས་པ་ལྔ་དང་སྤྱད་པ་ལྔས།། གྲུབ་པར་བྱ་བའི་ཐབས་དག་ནི།། མི་འདོད་ཀུན་ཀྱང་སྤོང་བྱེད་པའི།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོན་རྣམ་པ ་ལྔ།། ཡེ་ཤེས་ལྔ་ལན་སྤང་མ་བྱ།། དྲི་ཆེན་དྲི་ཆུ་རག་ཏ་དང་།། མས་བྱང་ཆུབ་སེམས་ལྔ་ནི།། རྒྱལ་བའི་སྒྲ་ལྔར་བསྒྲུབ་པའི་ཕྱིར།། མ་དར་དང་དུ་བླང་བར་བྱ།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། རྣམ་ཤེས ་དབང་པོ་ཡུལ་དུས་རྣམས། ཆོས་ཉིད་དཀྱིལ་འཁོར་ཡེ་ཡིན་པས།། མ་རྨོངས་ཤེས་པར་བྱ་བ་ཡིན།། སྟ་ན་དང་ནི་འགའ་ན་དང་།། སྨད་པར་བྱ་བའི་རྫས་ལྔའོ།། མ་བྱིན་བླངས་དང་མི་ཚངས་སྤྱོད།། མི་རྟོགས ་སྒྲུབ་པའི་ཐབས་ཡིན་པས།། དངོས་སུ་སྤྱོད་པར་བྱ་བ་ཡིན།། བསྒྲུབ་པར་བྱ་བ་རྣམ་ལྔ་ནི།། སྟོང་རྩ་བརྒྱད་དུ་གསུངས་པ་དེ།། སྐུ་གསུང་ཐུགས་ཀྱིས་གསུངས་པ་སྟེ།། རྣམ་གསུམ་ཆོ་ག་ལྔ་པོ་ཡི།། བསྙེན་པ་དང་ནི་ཉེ ་བསྙེན་པོ།། སྒྲུབ་པ་དང་ནི་བསྒྲུབ་ཆེན་པོས།། བཞི་པོ་རྫོགས་ནས་ཀུན་ཏུ་བཟང་།། ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་དང་།། མནན་བཟློག་དྲུག་ནི་དུས་གཅིག་སྟེ།། སྟ་ནས་མནན་ལ་འགའ་ནས ་བཟློག། འགའ་ནས་བཟློག་པའི་ཐབས་འདི་གསུངས།། གཟུངས་མ་ཡོན་ཏན་ཀུན་ལྡན་དེ།། བྱིན་གྱི་བརླབས་པའི་དཀྱིལ་འཁོར་བསྒོམ།། དྲི་ཞིམ་རྣམས་ཀྱིས་ལུས་བསྐུས་ལ།། གོས་བཟང་རྒྱན་ཆས་བརྒྱན་པ ་ནི།། ཇི་བཞིན་བདེ་བའི་སྟན་ལ་བཞག། དེ་ལ་བསྙེན་སྒྲུབ་བཞི་བཀོད་ལ།། བྷ་ག་དེ་ཉིད་བྱིན་བརླབས་ལ།། གཉིས་མེད་མཉམ་པར་སྦྱོར་བ་ཡིས།། བདུད་ནི་རྣམ་པ་བཞི་བཅོམ་སྟེ།། ཕྱག་རྒྱ་ཆེན་པོ་བཞི་དང ་ལྡན།། བྱང་ཆུབ་སེམས་ཕེབས་འཕྲོ་བའི་ཚེ།། བྱང་ཆུབ་སེམས་ཀྱི་འོད་ཟེར་དེས།། སངས་རྒྱས་ཐམས་ཅད་མཆོད་པ་ཡིན།། སངས་རྒྱས་མཉེས་ནས་འོད་འདུས་པས།། དུས་གསུམ་སངས་རྒྱས་ཐམས་ཅད ་ཀྱིས།། དཀྱིལ་འཁོར་ལྷ་ནི་དེ་རུ་གསལ།། བདུད་བཅོམ་རྟོག་པ་དེར་བཟློག་གོ། སྟ་ནས་མནན་པའི་ལུང་བསྟན་པ།། ཡེ་ནས་རྒྱུད་དག་ཆོས་ཉིད་ལ།། ང་དང་བདག་ཏུ་འཛིན་པ་ཡིས།། རྒྱུད་དྲུག་ཁམས་ནི་གསུམ་དུ ་འཁོར། ཁམས་གསུམ་དེ་དག་བསྒྲལ་བའི་ཞིང་། རཾ་ཡཾ་ཁཾ་ཏྲ་ཐ་ཕཊ་ཀྱིས་དེ་བསྒྲལ་ལོ།། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་།། ཆོས་སྐུ་དང་ལས་བཞེངས་ནས་ནི། ཁམས་གསུམ་བསྒྲལ་བའི་ཞིང་གཟིགས་ནས།། སྐྱེ་ཤི ་མི་གནས་དུར་ཁྲོད་ཀྱི།། རང་བཞིན་ཡིན་པར་གཟིགས་ནས་ནི།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། འགྲོ་བ་ཐམས་ཅད་བསྒྲལ་བར་མཛད།། བདུད་དང་གཤིན་རྗེ་ཞིང་བཅུ་ཀུན།། མ་ཏྲང་གནས་ཀྱི་གཟུགས ་བྱས་ལ།། ཨོཾ་སརྦ་པ་ཕ་ཀ་ར་ཀེ་ཧ་ཧི་ས་སི་སྟཾ།། ཏྲཾ་ཀ་རུ་ཧཱུཾ་ཛ་ཛ། མ་ཏྲཾ་རྣམ་ཤེས་གཟུགས་ལ་ཕབ།། ཌཱ་ཀི་བདག་ནི་ནུབ་ཏུ་བལྟས།། གནས་ཀྱི་སྒོ་སུ་ཡིས་བཅད།། སེམས་ཀྱི་བདག་པོས་བཅད་དམ་ཅི།། གཟུང ་འཛིན་རྐང་པ་བསྣོལ་བ་འདི།། ཡུལ་ལས་འདས་པས་སྒོ་ཕྱེ་ཞིག། ཅེས་བརྗོད་ལ་སྒོ་དབྱེའོ།། ཀ་ཏ་ཀ་རི། ཀ་ཏ་ཀ་ན། པྲ་ཏ་བེ་ཤ། ཌཱ་ཀི་ཆེན་པོའི་ཞབས་གཡོན་གྱིས།། རུ་ཏྲའི་གཟུགས་ནི་མནན་པ ་ཡིས།། ལྷ་ཆེན་བརྒྱད་ཀྱིས་སྨྲས་པའི་ཚིག། གནས་ཀྱི་སྒོ་འདི་བཅད་བཞིན་དུ།། བདེ་བར་གཤེགས་པས་བསྒྲུབ་ཏུ་གསོལ།། འཚོ་བའི་བདག་པོ་ཚེ་དང་སྲོག། འཆི་བའི་སྡུག་བསྔལ་འདིར་བྱུང་ངོ་།། ་ཀི་བརྒྱད་ཀྱིས་བཀའ་སྩལ་པ།། དྲེགས་པ་མ་རུངས་ལྷ་ཆེན་ཁྱོད།། སེམས་ཀྱི་སྒོ་ཀུན་ད་ཕྱེ་ཞིག། རྡོ་རྗེ་འབར་བའི་སྤུ་གྲི་ཡིས།། གནས་ཀྱི་སྒོ་ཀུན་དེས་ཕྱེ་ནས།། སེམས་ཀྱི་བདག་པོ་བཟུང་བར་བྱ།། ཞེས་གསུངས ་སོ།། དེ་ནས་རྡོ་རྗེ་ཀུན་བཟང་གིས།། ལྷ་ཆེན་རྣམས་ལ་ཆོས་བཤད་པ།། སྐྱེས་པ་རྐྱེན་གྱིས་འཆི་བ་ཡིན།། སྡིག་པའི་རྐྱེན་གྱིས་བཅོམ་པས་འཆི།། ང་ཡི་བསྟན་པ་འདི་ལ་གཟུང་།། ཕུང་པོ་ལྔ་ནི་རྒྱལ་བ་ལྔ།། ལྷ ་ཆེན་དྲེགས་པ་ཁྱེད་རྣམས་ཀྱི།། འབྱུང་བ་ལྔ་ནི་ཡུམ་ཆེན་ལྔ།། རྣམ་ཤེས་དབང་པོ་ཡུལ་དུས་རྣམས།། སངས་རྒྱས་ཡིན་པར་ལུང་བསྟན་པས།། ལས་ལ་བབ་པའི་རྣལ་འབྱོར་པས།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར ་དུ།། དུས་ལ་བབ་པའི་སེམས་ཅན་དེས།། རང་ལུས་རྡོ་རྗེ་དཀྱིལ་འཁོར་མཐོང་།། ཡིད་ཙམ་ཐུགས་རྗེས་གཟུང་ཞེས་པས།། རྡོ་རྗེ་ཀུན་བཟང་དེ་ཡིས་ནི།། ངན་སོང་གསུམ་གྱི་སྒོ་འདི་བཅད།། མ་ཐ་མ་ཐ་སརྦ་པྲེ་ཏ་ཀ ་ཏེ།། ཧེ་དུ་ཧཱུཾ་ཧཱུཾ་ཕཊ། པ་ཙ་པ་ཙ་སརྦ་ཏིང་ཡ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། དེ་ལྟར་ངན་སོང་སྒོ་བཅད་ནས།། རཾ་ཡཾ་ཁཾ་ཡེ་ཤེས་འབར་བའི་མེས་བསྲེགས་ཏེ།། མཚན་ཉིད་མི་གནས་སྟོང ་པར་གྱུར།། དེ་ནས་རྒྱལ་བའི་སྲས་བསྐྱེད་པ།། དཔའ་བོ་འབྲུ་ལྔས་ལམ་ལྔ་བཀག། ཨོཾ་ཨཱ་ཧཱུཾ་སྭཱ་ཧཱ། འོག་མིན་བླ་མེད་བྱང་ཆུབ་ཏུ།། ཡེ་ཤེས་རླུང་གིས་བཏེག་ནས་ནི།། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་།། གསང ་བའི་དབྱངས་སུ་ཧཱུཾ་གིས་བསྡུ།། སྐུ་བསྐྱེད་ཡེ་ཤེས་སྐུར་སྤྲོས་ཏེ།། དབྱིངས་དང་ཡེ་ཤེས་ལྷུན་གྲུབ་པས།། སངས་རྒྱས་ཞིང་ཁམས་རབ་འབྱམས་དང་།། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་དུ།། རྫུ་འཕྲུལ་ཞབས་དང ་ལྡན་པ་ཡིས།། འཕགས་པའི་ལམ་གྱི་རླུང་ཞུགས་ནས།། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གཤེགས།། འཇིག་རྟེན་ལྷ་དང་གཙོ་བོར་བཅས།། ཉན་ཐོས་རང་རྒྱལ་ས་བཅུ་ལས།། འཇིག་རྟེན་འདས་པའི་མཆོད་པས ་མཆོད།། རྫུ་འཕྲུལ་ཞབས་དང་ལྡན་པ་ཡིས།། སྟུག་པོ་བཀོད་པའི་ས་ལས་འདས།། པདྨ་སྤྱན་གྱི་ས་ལ་གནས།། སྐྱེད་འཇིག་མེད་པའི་སྐུ་ཐོབ་པས།། སྟོང་གསུམ་མ་ལུས་བཏོན་པ་ནི།། འབུམ་གྱི་ཆར་ཡང་མི་ཕོད ་དོ།། ཞེས་རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས།། སྟ་ནས་མནན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། ཐམས་ཅད་བདུད་རྩིར་བསྒྲུབ་པའི་གནས་དང་། དུས་དང་། སྒྲུབ་ཐབས་འདི ་གསུངས་སོ།། ཀྱེ་ཚངས་དང་དྲང་སྲོང་ཀླུ་རྣམས་དང་།། ཤིང་དང་སྨན་གྱི་ལྷ་མོ་རྣམས།། ཐམས་ཅད་བདུད་རྩིར་བསྒྲུབས་ནས་ནི།། རྒྱལ་བ་རིགས་ལྔར་གྲུབ་ནས་ནི།། སྐུ་ལྔ་གྲུབ་པར་འདོད་པའི་ཚེ།། གནས་དང ་དུས་ནི་འདི་བསྟན་ཏོ།། རི་མདུན་དང་ནི་ནགས་ཚལ་མདུན།། གངས་རི་དཀར་པོའི་མདུན་དང་ནི།། སྲིབས་རི་སྨུག་པོའི་མདུན་ལོགས་ན།། རྩི་ཤིང་ནགས་ཚལ་སྣ་ཚོགས་དང་།། མེ་ཏོག་ཁ་དོག་སྣ ་ཚོགས་ཚང་།། བསྒྲུབ་པའི་གནས་མཆོག་དེར་སྒྲུབས་ཤིག། དུས་ནི་བཟང་པོ་དུས་བཞི་སྟེ།། དང་པོ་ཚེ་སྒྲུབ་དབྱར་བསྒྲུབ་ལ།། བར་དུ་ལོངས་སྤྱོད་སྨན་བསྒྲུབ།། འབྲས་བུ་སྨིན་པའི་སྟོན་གསུམ་བསྒྲུབ།། དབང་དུ ་བསྡུ་བའི་དུས་བསྟན་པ།། ཐམས་ཅད་རྒྱས་འདེབས་དགུན་དབང་བསྒྲུབ།། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི།། ལས་བཞི་ལྷུན་གྱིས་གྲུབ་འདོད་པ།། དཔྱིད་གསུམ་མར་གྱི་ངོ་ལའོ།། དེ་དུས་ཞག་དང་ཚེས ་གྲངས་ནི།། དབྱར་གསུམ་ཚེ་བསྒྲུབ་དུས་ཚེས་ནི།། གཅིག་དང་གཉིས་གསུམ་དུས་ཚོགས་ལ།། ཚེ་རྟགས་ནམ་བྱུང་བར་དུའོ།། སྟོན་སྨན་སྒྲུབ་པའི་དུས་ཚེས་ནི།། གཅིག་དང་ལྔ་གསུམ་དུས་ཚོགས་ལ།། བརྒྱད་ལ ་བཙུགས་ལ་ཉ་ལ་གདོན།། མ་གྲུབ་སྤོབས་ཐབས་བསྒྱུར་ལ་བྱ།། གནས་དེར་དུས་དེར་ཚོགས་ནས་ནི།། དང་པོར་དཀྱིལ་འཁོར་བསྟན་པ་ནི།། ཆེ་ཆུང་ཚད་ནི་སྤྱིར་ཚད་མེད།། ལྷ་མི་ཚངས་པ་ལ་སོགས་པའི།། རང ་ལུས་རྡོ་རྗེ་ཕུང་པོ་ལ།། ཆེ་ཆུང་ཚད་ནི་དེ་ལ་བྱ།། འདོམ་གང་གཟུགས་ཀྱི་ཕུང་པོ་ལ།། ལྷ་ཡི་དཀྱིལ་འཁོར་ཚོམ་བུར་ལྡན།། དེ་ཡི་དཀྱིལ་འཁོར་ཚད་བརྩིགས་ལ།། དྲི་སྣ་ལྔ་དང་བདུད་རྩི་ལྔས།། ཆག་ཆག ་སྐྱང་ནུལ་བྱས་ལ་ནི།། ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ།། སྟ་གོན་བསྐུལ་ཕྱིར་གནས་ཐིག་གདབ།། རང་ལུས་རྡོ་རྗེ་ལྷ་དགོད་ཕྱིར།། བཞི་བཅུ་རྩ་གཉིས་དཀྱིལ་འཁོར་ནི།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། རྡོ ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ།། སེམས་དཔའ་བཅུ་དྲུག་སྒོ་བ་བཞི།། བཅུ་གཉིས་ལྔའི་ལྷ་བཀོད་ལ།། དེ་ལ་རིགས་བརྒྱའི་འཕྲོ་འདུ་ཡིས། ཁྲོལ་བུ་བདུད་རྩི་དི་ལ་བསྒྲུབ།། དེ་ནས་འཁོར་གྱི་དཀྱིལ་འཁོར ་དེ།། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས།། འོད་འཕྲོས་འཁོར་ལ་ཐིམ་པ་ལས།། འཁོར་རྣམས་འོད་དེས་བདུད་རྩིར་ཞུ།། ཧཱུཾ་གིས་བདུད་རྩི་ཐུགས་ལྔར་བསྡུས།། རྒྱལ་བ་རིགས་ཆེན་ལྔ་པོ་དེས།། རྒྱུད་ལྔ་གནས་སུ ་འོད་འཕྲོས་པས།། རྒྱུད་ལྔའི་སྡུག་བསྔལ་གཏན་སྦྱངས་ནས།། ཧཱུཾ་གིས་ཐུགས་ལྔར་བསྡུས་ནས་ནི།། གཉིས་མེད་བྱང་ཆུབ་སེམས་སུ་སྦྱར།། དེ་ཉིད་རིགས་ལྔར་སྒྲུབ་པའོ།། གསང་ཆེན་རིགས་རིག་བསྒྲུབ་ལུགས ་ནི།། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སོ།། རྡོ་རྗེ་ཀུན་བཟང་ངོ་བོ་ལ།། མ་སྤྲོས་རང་བཞིན་ཚང་མོད་ཀྱི།། སྒྲ་ནི་རྡོ་རྗེ་ཀུན་བཟང་སྐུ།། ཐུགས་ནི་རྡོ་རྗེ་སེམས་དཔའི་ཐུགས།། གསུང་ནི་དགུ་པའི་གསང་རིགས ་གཅིག། ཨོཾ་བཛྲ་ཙཏྟི་ས་མ་ཡ་ཧཱུཾ་ཧྲི་ཐ། རྡོ་རྗེ་སེམས་དཔའ་ཉིད་གྲུབ་པའོ།། དེ་ནས་ལྷ་རྣམས་ཐམས་ཅད་ཀྱང་།། བྱང་ཆུབ་བསྒྲུབ་ཅིང་བདུད་རྩིས་མཆོད།། ཅེས་དུས་དང་། གནས་དང་། དཀྱིལ་འཁོར་དང་། ཁྲོལ་བུ ་རིགས་སོ་སོ་སྒྲུབ་པ་བསྟན་ཏོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས།། གནས་དང་དཀྱིལ་འཁོར་དང་། དུས་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྟོན་པ་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། སྒྲུབ་པ་དོན་གྱི ་མཐའ་ཡོད་པར་བྱ་བའི་ཕྱིར། རྟགས་དང་དངོས་གྲུབ་དབང་ཐོབ་པར་བྱ་བ་འདི་གསུངས་སོ།། ཀྱེ་ཚངས་དང་དྲང་སྲོང་ཀླུ་ཡི་ཚོགས།། གོང་བཤེད་ཡིད་འོང་གནས་དེ་རུ།། བྱ་བ་མེད་པའི་ལས་སྒྲུབ་པ།། བྱིན ་བརླབས་མཚམས་བཅད་བརྟན་བྱས་ལ།། དཀྱིལ་འཁོར་ལུས་གང་གྲུ་བཞི་ནི།། དྲི་སྣ་ལྔ་དང་དམ་རྫས་ལྔས།། མཎྜལ་བྱས་ལ་གདན་བྱ་བ།། ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད།། མཎྜལ་བརྒྱད་པའི་ལས ་གཞུང་བཞིན།། དེ་ཡི་རྩེ་མོ་བརྒྱད་ལ་ཡང་།། ཡིད་བཞིན་ནོར་བུ་འབར་འདྲ་བྲི།། དེ་དབུས་བཞག་པའི་གཞལ་ཡས་ནི།། སྲིད་གསུམ་བན་དྷ་བཟང་ཁོར་ཡུག། ཡེ་ནས་རང་བྱུང་མ་བཅོས་སྣོད།། དཔལ་དང་ལྡན ་པའི་སྣོད་བཞག་ལ།། དེ་ཡི་ནང་དུ་བླུགས་པའི་སྨན།། ཡེ་ནས་རང་བྱུང་བདུད་རྩི་ལྔ།། དམ་རྫས་ལྔ་ནི་བདུད་རྩི་མཆོག། སྟོང་ལས་འབྱོར་པས་ཡེ་ནས་དག། བཏགས་དང་བཙག་དང་གཞལ་བ་ཡིས།། ཉི་ཟླ ་གསལ་བའི་དཀྱིལ་འཁོར་བདག། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས།། རིགས་ཆེན་ལྔ་ཡི་སྐུ་ལྟར་གསལ།། སྐུ་ལྔར་གནས་ཀྱི་འཕྲོ་འདུ་ཡིས།། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས།། དུས་གསུམ་སངས་རྒྱས་ཐམས ་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་བཅུད་ཀྱང་བསྡུས།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི།། བཅུད་ཀྱི་དམ་པ་ཀུན་བསྡུས་ནས།། དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར།། གུ་ཧྱ་ལག་གི་ཕྱག་རྒྱ་ལ།། དབུས་སུ་ཀླུ ་བདག་ས་བོན་བསམ།། གཞུང་བཞིན་བསྟན་པའི་འཕྲོ་འདུ་ཡིས།། བཀའ་བཞིན་བསྟན་པའི་དངོས་གྲུབ་བླང་། མུ་ཏིག་དཀར་པོ་དྲི་མེད་ལྟར།། སྒྲུབ་པ་པོས་ནི་ནན་ཏན་བྱ།། དགུ་པའི་སྔགས་ཀྱིས་བཏབ་ནས ་ནི།། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས།། བར་ཆད་མེད་པའི་འཕྲོ་འདུ་བྱས།། ཨོཾ་ལས་ཡེ་ཤེས་འོད་འབྱུང་བཞིན།། ཨོཾ་གྱིས་མེས་བསྲེགས་ཐལ་བར་འགྱུར།། ཧཱུཾ་གིས་ཀུན་གཞི་རྣམ་པར་དག། གསལ་ལ་བྱུང་འཇུག ་ལྷན་ནེ་བོས།། རྟགས་དང་མཚན་མ་བདུན་གྱིས་འབྱུང་།། རྟགས་བྱུང་དངོས་གྲུབ་སྦྱར་ཏེ་བླང་། རྟགས་བཟང་འབྱིན་པར་བྱེད་པ་ནི།། སྔོན་ཚེ་འདས་དུས་དང་པོ་ལ།། ཚངས་དང་དྲང་སྲོང་ཀླུ་རྣམས་དང་།། ཤིང ་དང་སྨན་གྱི་ལྷ་མོ་ཡིས།། ཀུན་བཟང་ལྷ་ཡི་སྤྱན་སྔ་རུ།། ཁས་བླངས་དམ་བཅས་དབང་ནོས་པ།། དངོས་བཞི་ལྔ་ཡི་དམ་རྫས་ལ།། རྒྱལ་བའི་སྐུ་ལྔ་བསྒྲུབ་པ་དང་།། གཟུགས་སྒྲ་དྲི་རོ་རེག་རྣམས་ལ།། དཀྱིལ་འཁོར ་ལྷ་རྣམས་བསྒྲུབས་ནས་ནི།། ཇི་ལྟར་འདོད་པའི་རྟགས་འབྱུང་སྟེ།། བྱང་ཆུབ་སེམས་ལས་སྒྲ་བྱུང་བ།། རྨ་ལུང་བུ་མོ་ཐང་བཟངས་ཀྱིས།། སྒྲ་དེ་སྙན་པ་སྒྲོགས་པར་བྱེད།། རག་ཏ་མདངས་ལས་འོད་འབྱུང་བ།། ཤིང ་གི་ལྷ་མོ་འོད་འཆང་མས།། འོད་དང་དུ་བ་གསལ་བར་སྟོན།། དྲི་ཆེན་ལས་ནི་དྲི་བྱུང་བས།། གྲུབ་པའི་ལྷ་མོ་བློ་གྲོས་མས། གྲུབ་རྟགས་དྲི་ཞིམ་འབྱུང་བར་བྱེད།། དྲི་ཆུ་ལས་ཀུན་གྲུབ་བྱེད་ལས།། ལྷ་མོ ་མཛེས་པའི་སྐུ་གྲུབ་སྟེ།། ལྷ་ཡི་གཟུགས་ཀྱང་སྟོན་པར་བྱེད།། སྨན་གྱི་ལྷ་མོ་རྣམ་པ་བཞིས།། ཇི་ལྟར་འདོད་པའི་རྟགས་སྟོན་པ།། ཀུན་བཟང་ལྷ་ལ་དམ་ནོས་པས།། དགོངས་རྒྱུད་གསལ་བའི་འཕྲོ་འདུ་དང་།། པཉྩ ་ཡན་ཆད་འབྲུ་གཙང་གིས།། རེ་དོགས་མེད་པར་འགྲུབ་པར་འགྱུར།། དེ་ནས་དངོས་གྲུབ་བླང་བ་ནི།། ལྷུན་གྱིས་གྲུབ་པའི་ཆོས་དབྱིངས་ན།། རང་བཞིན་ལྷུན་གྱིས་གྲུབ་པ་ཡི།། དུས་གསུམ་སངས་རྒྱས་ཐམས་ཅད ་ལ།། མ་བརྩལ་ལྷུན་གྱིས་གྲུབ་པ་ཡི།། སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས།། ལྔ་ལྔ་མ་བཙལ་ལྷུན་གྲུབ་བཞུགས།། དེ་ཡི་ཐུགས་རྗེ་ཅི་འདྲ་ན།། མཁའ་ལ་ཉི་མ་ཤར་འདྲ་སྟེ།། བསྙེན་པ་དང་ནི་ཉེ ་བསྙེན་པ།། སྒྲུབ་པ་དང་ནི་སྒྲུབ་ཆེན་པོས།། དཀྱིལ་འཁོར་ཕྱག་རྒྱ་བཞི་ལྡན་གྱིས།། གནས་བཞིར་ཉི་ཟླའི་དཀྱིལ་འཁོར་སྟེང་།། རང་རིག་ཐུགས་མཚན་དགུ་པས་བསྐོར།། དེ་ནས་ཆོས་དབྱིངས་གནས་སུ ་འཕྲོས།། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས།། སྐུ་གསུང་ཐུགས་ཀྱང་མཉེས་པར་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེས།། སུ་འདོད་མཁའ་ལ་ཉི་ཤར་བཞིན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེ།། སྒོ ་ཁུད་དུ་ནི་འབྱུང་འགྱུར་ཐོབ།། དེ་ནས་སྟོན་པ་ཀུན་བཟང་གིས།། ཚིགས་སུ་བཅད་པ་འདི་ཡང་བརྗོད།། གདོད་ནས་མ་སྐྱེས་རྣམ་དག་སེམས་ཀྱི་དབྱིངས།། དག་དང་མ་དག་མི་རྟོག་རྟོག་ལས་འདས།། དུས་གསུམ ་གཅིག་ལ་སྐུ་བསྟན་ཕྱི་བཤོལ་མེད།། དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན།། སུ་འདོད་སྦྱིན་གྱིས་ད་ལྟ་འདི་རུ་ལོང་།། བསྐལ་པར་བསྒྲིབས་དང་གཏི་མུག་མིན་སེལ་བ།། སྤྲིན་མཐོངས་ཉི་ཤར་ཁུང་པར་དྲོ ་བ་ལྟར།། བདུད་རྩི་རྒྱལ་པོ་དབང་ཆེན་འདི་བྱིན་པས།། རིག་འཛིན་རྒྱལ་པོའི་གོ་འཕང་ཐོབ་པར་འགྱུར།། ཡོན་ཏན་ཚེ་སྐྱོང་ཡིད་དུ་འོང་བ་དང་།། བགེགས་ཞི་ནད་བྲལ་ཅི་འདོད་ཡོན་ཏན་ཐོབ།། ཅེས་བཀའ་སྩལ་ཏེ།། ་སློབ་མ་ལ་ཡང་དབང་བསྐུར་རོ།། སྐུ་གསུང་ཡོན་འཕྲིན་ལས་ཐུགས།། ཆེ་བ་ལྔ་ལྔའི་དབང་བསྐུར་བས།། འགྲོ་བ་སྟོན་པའི་དབང་ཐོབ་འགྱུར།། ཞེས་རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། དངོས་གྲུབ་བླང་ཞིང་དབང ་བསྐུར་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས།། གསུང་གི་དངོས་པོས་དོན་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། སྔགས་ཀྱི་སྙིང་པོ་འབྲུ་བཤད་ཀྱི་ལེའུ་འདི་གསུང་སོ།། ཀྱེ་ཚངས་དང ་དྲང་སྲོང་ཀླུའི་ཚོགས།། ཤིང་དང་སྨན་གྱི་ལྷ་མོ་རྣམས།། དང་པོར་སྣོད་བཅུད་སྡུད་ཙམ་ན།། བན་ད་རིགས་མཐུན་ལྔ་ནང་དུ།། དཔའ་པོ་འབྲུ་ལྔ་དགོད་པ་ནི།། ཨོཾ་དང་ཨཱཿདང་ཧཱུཾ་དང་ནི།། སྭཱ་དང་ཧཱ་ནི་རྣམ་པ ་ལྔ།། རྒྱལ་བ་རིགས་ལྔའི་སྐུ་བསྐྱེད་ལ།། སྒྲུབ་ཆེན་ཕྱག་རྒྱ་བཞི་རྫོགས་ཀྱིས།། འཕྲོས་འདུས་སྣོད་བཅུད་ཐམས་ཅད་སྡུད།། མ་སྐྱེས་པ་ཡི་སྙིང་པོ་ཨ།། ཆོ་འཕྲུལ་འབྱུང་བས་ཡོ་དུ་སྣང་།། ཡན་ལག ་རྫོགས་པས་ཨོཾ་དུ་སྣང་།། ཨོཾ་སྐུ་ཡི་སྙིང་པོ་སྟེ།། བདེར་གཤེགས་སྐུ་ཡི་སྙིང་པོར་བཤད།། ཨོཾ་ནི་སྐུ་ལས་འོད་ཀྱང་འབྱུང་།། ཨཾ་ནི་གསུང་གི་སྙིང་པོ་སྟེ།། གསུང་ལས་ཡེ་ཤེས་མེ་འབར་བསྲེག། ཧཱུཾ་ནི་ཐུགས་ཀྱི་སྙིང་པོ ་སྟེ།། མི་རྟོག་རྣམ་པར་དག་པ་ཡིན།། སྭ་ནི་རིན་ཆེན་སྙིང་པོ་སྟེ།། འདོད་པ་སྦྱིན་པས་ཞི་བར་བཤད།། ཧ་ནི་དོན་གྱི་སྙིང་པོ་སྟེ།། དོན་རྣམས་ལས་ཀྱིས་འགྲུབ་པར་བྱེད།། སྣོད་བཅུད་དེ་ཡིས་བསྡུས་པ་ཡང་།། ཨ་ཛ ་སྥ་ར་ན་ཕཊ་ཅེས་སྤྲོས།། སང་ཧ་ར་ན་ཧཱུཾ་གིས་བསྡུ།། སྣོད་བཅུད་དེ་ལྟར་བསྡུས་ནས་ནི།། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། བསྡུས་ཏེ་སྙིང་པོ་འབྲུ་བཀོད་ནས།། འཕྲོས་འདུས་ལྷ་ཡི་དཀྱིལ་འཁོར་གསལ།། རྡོ ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི།། ལྷ་རྣམས་བསྙེན་བསྒྲུབ་རྫོགས་པ་ཡི།། འཕྲོ་འདུས་ཆོས་དབྱིངས་ནམ་མཁའི་ཁམས།། འཕྲོ་འདུས་སྐུ་གསུང་ཐུགས་རྣམས་དང་།། བཅུད་ཀྱི་དམ་པ་ཀུན་བསྡུས་ནས།། བདུད་རྩི ་བྱང་ཆུབ་སེམས་སུ་སྦྱོར།། དེའི་སྔགས་ཀྱི་འབྲུ་བཤད་པ།། ཨོཾ་ཨཾ་ཧཱུཾ་སརྦ་པཉྩ་ཨ་མྲི་ཏ། ར་ས་ཡ་ན་ཏ་ན་ཛཱ་ཡ་གུཧྱ་སིདྡྷི་ཧཱུཾ་ཧྲི་ཐ། ཨོཾ་ཨཾ་ཧཱུཾ་ནི་སྐུ་གསུང་ཐུགས།། སརྦ་ཐམས་ཅད་དོན་བཤད་པ།། པཉྩ་ལྔ་ཡི་རང ་བཞིན་ལ།། ཨ་མྲི་བདུད་རྩི་རང་བཞིན་ལ།། ཏ་ནི་མི་འདའ་དམ་ཚིག་གོ། ར་ས་ཡ་ན་སྨན་གྱི་མིང་།། ཏ་ན་བསམ་གཏན་ཏིང་ངེ་སྟེ།། ཛ་ཡ་འཛིན་པ་ཞེས་སུ་བཤད།། གུ་ཧྱ་གསང་བའི་དོན་བཤད་ལ།། སིདྡྷི་དངོས ་གྲུབ་རང་བཞིན་སྒྲ།། ཧཱུཾ་ནི་སྡུད་པའི་སྙིང་པོ་ལ།། ཧྲི་ནི་དབང་བྱེད་རྟ་ཡི་སྙིང་།། ཐ་ནི་མི་འདའ་གོང་བཤད་བཞིན།། རྡོ་རྗེ་དབྱིངས་ཀྱི་སྙིང་པོར་བཤད།། རིགས་བརྒྱ་ཁྲོལ་བུར་འགྲུབ་པའོ།། དེ་ནས་རྒྱུད་ལྔ་སྦྱང་བ ་ནི།། དེ་ཉིད་རིགས་ལྔའི་བསྒྲུབ་པ་ནི།། གཙོ་བོ་ལྔ་ཡི་འཕྲོ་འདུ་ཡིས།། འཁོར་གྱི་ཚོགས་ལ་འོད་འཕྲོས་པས།། འཁོར་ཚོགས་འོད་དུ་ཞུ་བ་སྟེ།། ཧཱུཾ་གིས་ཐུགས་ཀྱི་གསང་བར་བསྡུས།། ཐུགས་ཀྱི་གསང་བའི་དབྱིངས ་རུམ་དུ།། སྐུ་གསུང་ཐུགས་ཀྱི་བཅུད་དུ་བྱས།། ཕྱག་རྒྱ་བཞི་དང་ལྡན་བྱས་ནས།། འཕྲོ་འདུ་སྙིང་པོ་འདི་བརྗོད་དོ།། ཨོཾ་ཨཱ་ཧཱུཾ་སྭཱ་ཧ། ཨ་པ་ཛཿསྭ་ཎ་ཕཊ། སཾ་ཧ་ར་ན་ཧཱུཾ་སྡུད་པའོ།། དེ་ཡི་སྔགས་ཀྱི་འབྲུ་བཤད ་པ།། འབྲུ་ལྔ་གོང་བཤད་བརྟག་པར་བྱ།། ཨ་ཛཿའོད་ཟེར་གྱི་རང་བཞིན།། སྦར་སྤྲོ་བར་གྱུར་པ་ལ།། ཕཊ་ནི་སྤྲོས་པའི་རང་བཞིན་ཡིན།། རྒྱུད་ལྔ་འགྲོ་དྲུག་གཏན་སྦྱངས་ནས།། ཧཱུཾ་གིས་གསང་བའི་དབྱིངས་སུ ་བསྡུས།། རྒྱུད་ལྔ་རིགས་ལྔར་གནས་སྦྱངས་པ།། དེ་ཉིད་རིགས་ལྔའི་བསྙེན་པའོ།། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དང་།། རིགས་ལྔ་བདེ་བར་གཤེགས་པ་ལ།། འཁོར་ཉེ་བའི་སྲས་བརྒྱད་ཀྱིས་དོན་ཞུས་པས།། འདི ་གསུངས་སོ།། ཚངས་དང་དྲང་སྲོང་གཙང་མ་ཟ།། ཀླུ་དང་བྲམ་ཟེ་གཙང་མ་ཟ།། བྱོལ་སོང་རྩཝ་མཆོག་ཟ་བ་ཡང་།། ཇི་སྲིད་འཚོ་བའི་བར་དུ་བཟའ།། དེ་དག་གྲོལ་བར་ངས་མ་བཤད།། ཡང་དག་དོན ་གྱི་ལུང་འདི་ཉོན།། རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི།། ཆོས་སྐུ་གཅིག་ལ་ཐ་དད་པའི།། རིགས་ལྔའི་རང་བཞིན་འདི་ལྟར་བསྟན།། རང་བཞིན་ཡེ་ནས་དག་པའི་རྫས།། མཉམ་པའི་དབྱིངས་སུ་རབ་རྟོགས ་ན།། གཉིས་མེད་མཉམ་པའི་དོན་གྱིས་ཟིན།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། དངོས་པོ་དངོས་མེད་རྟོག་པའི་མཚན།། མཁས་པ་མི་གཉིས་གནས་ནི་འགྱུར།། ཡེ་ཤེས་སྐུ་ལྔ་འདི་ཉོན་ཅིག། བྱང་ཆུབ་སེམས་ནི ་ཡེ་ནས་དཀར།། དྲི་མེད་དཀར་བས་ཡེ་ཤེས་སྐུ།། རག་ཏ་དམར་བས་ཆགས་པ་མེད།། ཆགས་མེད་རྣམ་དག་ཆོས་ཀྱི་སྐུ།། མཾ་ས་ཡིད་བཞིན་རིན་ཆེན་སྔོ།། སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུ།། དྲི་མེད་གསེར ་མདོག་སྣང་མཛད་སྒྲ།། མངོན་འབྱུང་སྤྲུལ་པ་ཆོས་ཀྱི་སྐུ།། དྲི་ཆུ་དག་བྱེད་སྐུ་མདོག་ལྔ།། ཀུན་ཏུ་དོན་བྱེད་ལས་རབ་སྐུ།། སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི།། སོ་སོའི་ལུས་ལ་གནས་པ་ཡིན།། དྲི་ཆེན་དྲི་ཆུ་རག་ཏ ་དང་།། མཾ་ས་སེམས་ཆུ་འདི་རྣམས་ཀུན།། སེམས་ཅན་རྟོག་པ་བཟློག་པའི་ཕྱིར།། གཙོ་རུ་དང་དུ་བླང་བར་བྱའོ།། གཙང་རྨེ་མེད་པར་ཀུན་གྱིས་སྤྱོད།། དེ་དག་གྲོལ་བར་ངས་བཤད་དོ།། ཞེས་གསུངས་སོ།། དེ་ནས ་རིགས་ལྔ་སྐུ་ལྔ་འོད་དུ་ཞུ་བ་དང་།། ཐམས་ཅད་གཅིག་ཏུ་བསྡུས་ནས་ནི།། བདགག་གིས་ཐུགས་སུ་བསྡུས་ཏེ་སྦྱང་བ་ནི།། གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔར་བསྒོམ།། ཨོཾ་ཨ་ཧཱུཾ། སརྦ་པཉྩ་མྲི་ཏ་བཛྲ་ཙཥྚི ་ས་མ་ཡ་ཧཱུཾ་ཧྲིཿཐ། དེ་ནས་རྡོ་རྗེ་སེམས་དཔའ་རབ་བསྒོམས་པས།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། དེ་ཡི་སྔགས་ཀྱི་འབྲུ་བཤད་པ།། ཨོཾ་ལ་སོགས་པ་གོང་བཤད་བཞིན།། བཛྲ་རྡོ་རྗེ་ཙིཏྟ་ཐུགས་སུ་བཅད།། ས་མ ་ཡ་ནི་དམ་ཚིག་ཧཱུཾ་ནི་བདུད་རྩིར་སྡུད།། ཧྲིཿནི་རྟ་སྙིང་བཅུད་ལ་དབང་བྱེད་ཡིན།། ཐ་ནི་བདུད་རྩི་དམ་ཚིག་གསོ་བར་བྱེད།། ཀུན་ཀྱང་གཅིག་ཏུ་འདུས་པས་གསང་བར་བཤད།། དེ་ནས་བཏག་བཙག་བྱ་བ་ནི།། ཞིང ་ཆེན་གཡང་གཞིའི་སྟེང་དུ་ནི།། ཐིག་ལེ་དགུ་པ་བྲི་བྱ་སྟེ།། ཞི་ཁྲོ་མ་མོའི་བསྙེན་པ་དྲང་།། ཞིང་ཆེན་གཡང་གཞིའི་སྟེང་ལ་ནི།། ལྕགས་ཀྱི་གཏན་གཏུན་ཁ་སྤྲད་དེ།། ཡབ་ཡུམ་རྐང་པ་བསྣོལ་བར་དུ།། མཚན་མའི་རྣམ ་ཤེས་ཡུལ་དང་བཅས།། ཆོས་དབྱིངས་ཨེའི་གཏུན་ཁུང་དུ།། མི་དམིགས་ཡེ་ཤེས་ཐོབ་པ་ཡིས།། སྣང་སྲིད་འཁོར་བའི་མཚན་མ་འཇིག། སྟ་ན་སྒྲོལ་བའི་དཀྱིལ་འཁོར་དུ།། ཐབས་དང་ཤེས་རབ་གཉིས་མེད ་པའི།། བདུད་རྩི་བྱང་ཆུབ་སེམས་སུ་སྦྱོར།། བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་དུ།། ཨོཾ་ཨཱ་ཧཱུཾ་ཀྲ་ཧ་ན་ཏ། ཀྲ་ཧ་ན་ཏ། ཧ་ན་ཧ་ན། ཧཱུཾ་ཕཊ་ཀྱིས་བཏག། ཨོཾ་ཨཾ་གོང་དུ་བཤད་པ་བཞིན།། ཀྲ་ཧ་ན་ཏ་ན་རིམ་པས ་བཏག། ཧ་ན་ཧ་ན་རྡུང་བའི་སྔགས།། མུ་ས་ལ་ཡིས་བསྲ་ཞིང་སྦལ།། གསང་བའི་མཁའ་སྣོད་དེར་བླུགས་ལ།། རྒྱས་བཏབ་ཁྲོ་བོས་མཚམས་བཅད་ལ།། སྐྲ་བཞི་རྫོགས་པའི་མཁའ་ལ་བཞག། དེ་ཡང ་དམིགས་ལ་བསྐྱིལ་ལ་ནི།། རྡོ་རྗེ་སོ་སོ་ལམ་ནས་བྱུང་ནས་ནི།། ཚལ་ཆེན་གནམ་ཞལ་མཁའ་ལ་དབབ་པར་བྱ།། ཨོཾ་ཨ་ཧཱུཾ་གི་བཞག་པ་ནི།། སྣོད་བཅུད་འཛིན་པ་གནམ་ཞལ་མཁའ།། ཞེས་གསུངས་སོ།། དེ་ནས ་རྟགས་བྱུང་བསྒྲིལ་བའི་སྔགས།། ཨོཾ་ཨཾ་ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཧཱུཾ་ཧྲིཿཐ། བདུད་རྩི་འཁྱིལ་བའི་སྙིང་པོར་བཤད།། སོ་སོའི་མཁའ་ལ་བསྒྲིལ་ལ་ནི།། རྡོ་རྗེ་སོ་སོ་ལམ་ནས་བྱུང་ནས་ནི།། ཚལ་ཚོན་གནམ་ཞལ ་མཁའ་ལ་དབབ་པར་བྱ།། ཨོཾ་ཨ་ཧཱུཾ་མ་ཧ་མེ་པྲ་བེ་ཤ་ཕེབས་ཕེབས་ཧཱུཾ་ཧྲིཿཐ། བདུད་རྩི་འཁྱིལ་བའི་སྙིང་པོར་བཤད།། དེ་ནས་དངོས་གྲུབ་བླངས་ཏེ་མཆོད་པ་ནི།། ཆོས་དབྱིངས་ནམ་མཁའི་ཁམས་ན་བཞུགས་པ ་ཡི།། ལྷུན་གྱིས་གྲུབ་དང་དུས་གསུམ་སངས་རྒྱས་མཆོད།། ཅེས་རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས་ལེའུ་བརྒྱད་པའོ།། །། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ཅེས་བྱ་བ་བདུད་རྩི་སྨན་སྒྲུབ་རྫོགས་སོ།། ་རྒྱ་གར་སྐད་དུ། ཨ་མྲི་ཏ་ཀུཎྜ་ལི་ཀརྨ་ཏན་ཏྲ་ནཱ་མ། བོད་སྐད་དུ། བདུད་རྩི་འཁྱིལ་པ་ལས་ཀྱི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། གསང ་བའི་དོན་རྣམས་ཉེར་བཀོད་ནས།། དེ་ཉིད་རིམ་པར་ཕྱེ་ནས་བཤད།། བཅོམ་ལྡན་གསང་བའི་བདག་པོ་ཡིས།། དེ་ཉིད་དོན་དེ་ལེགས་གསུངས་ཏེ།། མཉམ་ཉིད་ངང་ལ་སྙོམས་ཞུགས་ཏེ།། བཅོམ་ལྡན་བདུད་རྩི ་འཁྱིལ་བ་ཡིས།། གསང་བའི་དོན་འདི་ལེགས་པར་གསུངས།། དེ་ནས་འདུས་པ་ཆེན་པོ་རྣམས།། བདུད་རྩི་འཁྱིལ་ལ་ལེགས་བཏུད་དེ།། ཐལ་མོ་སྦྱར་ཏེ་འདི་སྐད་གསོལ།། གསང་བའི་བདག་པོ་གོས་སྔོན ་གྱི།། སྒྲུབས་པའི་ཐབས་དང་ལྡན་རྣམས་ཀྱིས།། ལེགས་པར་གྱུར་ནས་བདག་ལ་གསོལ།། གསང་ཆེན་བདག་ལ་ཕྱག་འཚལ་བསྟོད།། ཅེས་གསོལ་བ་དང་། བཀའ་སྩལ་པ། ཇི་ལྟར་གསང་བདག་བསྒྲུབ་པ ་ཡི།། དོན་དྲིས་ཁྱོད་ནི་ངོ་མཚར་ཆེ།། གང་གིས་སྒྲུབ་པའི་ཐབས་འབྱུང་བ།། དེ་ཉིད་བདག་གིས་བསྟན་པར་བྱ།། ཡིད་དང་མཐུན་པའི་དབེན་པ་རུ།། དཔལ་ལྡན་སྐུ་གཟུགས་བཀྲམ་བྱས་ཏེ།། མཆོད་པ་བསྟོད་པ་སྔོན ་སོང་ནས།། གསང་སྔགས་ཀྱི་ནི་བཟླས་པ་རྩམ།། ཨོཾ་ན་མོ་བཛྲ་པ་ཎི་མ་ཧཱ་ཡག་ཀྵ་སེ་ན་པ་ཏི་བཛྲ་ཀྲོ་དྷ་ནི་ལམ་བ་ར་ཧཱུཾ་ཕཊ། དེ་ནི་སྐྱོན་རྣམས་སྤངས་ཏེ་བཟླས།། བདུན་ཁྲིའམ་འབུམ་དུ་ཐེམ་གྱུར་ནས།། དེ་ནས ་