| Wylie | e-texts produced with BDRC’s OCR application |
སྐྱེས་ནས། ཆོས་ཀྱི་དེ་བཞིན་ཉིད་ལས་བཞེངས་ནས་འདི་སྐད་གསུངས་སོ།། ཨོཾ། ཡོད་མེད་སྟོང་པ་ཡེ་ཤེས་རྣལ་འབྱོར་སྐུ།། ནམ་མཁའ་བཞིན་དུ་ཁྱབ་པའི་ཐུགས་རྗེ་ཡི།། མི་འཚམས་ཉོན་མོངས ་སྡུག་བསྔལ་ཞི་མཛད་པ།། ཡེ་ཤེས་ཀུན་ཏུ་སྣང་མཛད་སྐུར་བཞེངས་ཤིག། ཅེས་མ་སྐྱེས་པ་མངོན་དུ་སྐུར་བཞེངས་སུ་གསོལ་ལོ།། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མ་སྐྱེས་པའི་དབྱིངས་ནས་སྐུར ་བཞེངས་སོ།། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ། ཨོཾ། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན།། བདག་གི་རྡོ་རྗེ་སྐྱེ་མཆེད་རང་བཞིན ་ཏེ།། ཡེ་ནས་རང་འབྱུང་ཡེ་ཤེས་ལྷ་ཡི་ལྷ།། མཐུན་པའི་སྡུག་བསྔལ་ཅན་རྣམས་ཞི་བར་མཛོད།། ཅེས་གསུངས་པས། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རྒྱུད་མ་དག་པའི་སྡུག་བསྔལ་ཅན་ཞི་བར་མཛད ་པའི་སྐུ། རྡོ་རྗེ་ཀུན་ཏུ་བཟང་པོའི་སྐུར་བཞུགས་སོ།། རྡོ་རྗེ་ཀུན་ཏུ་བཟང་པོ་དེས། སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་ལྔ་ལྡན་པའི་རྟགས་བཀོད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པ་ཎ་ཙ་ཨཱ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ཀ་པཎ ་ཨཽ.ཱི། ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་པ་ཎ་ཙ་ཧཱུཾ། སྭ་སརྦ་ཏ་ཐཱ་ག་ཏ་གུ་ན་པན་ཙ་སྭ། ཧ་སརྦ་ཏ་ཐཱ་ག་ཏ་ཀརྨ་པ་ཎ་ཙ་ཧ། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། རྡོ་རྗེ་གསང་བ་ལས་ཀྱི་རྒྱུན་ལས། ཆེ་བ་བྱིན་གྱིས་བརླབས ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེ། རྫོགས་པའི་དཀྱིལ་འཁོར་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ། བཛྲ་མཧཱ་ཀྲོ་དྷི་ཤྭ་ར་སྟྭཾ། ཨོཾ་བྷྱཿ ་མཧཱ་ཤྲཱི་ཧེ་རུ་ཀ། བུདྡྷ་མཧཱ་ཀྲོ་དྷི་ཤྭ་རི་སྟཱཾ། ཨཽ་རཏྣ་མ་ཧཱ་ཤྲི་ཧེ་རུ་ཀ། རཏྣ་མཧཱ་ཀྲོ་དྷི་ཤྭ་རི་སྟཾ། ཨཱཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤྭ་རི་སྟཱཾ། ཨཱིཾ་ཀརྨ་མ་ཧཱ་ཤྲི་ཧེ་རུ་ཀ། ཨཽ་ཀརྨ་ཀྲོ་དྷི་ཤྭ་རི་སྟཾ། ཞེས་འབར་བ་ཆེན་པོ་ལྔ ་ཕྱུང་ནས། ཨོཾ་ཨ་ཧཱུཾ། ཧཱུཾ་པ་ར་ན་ཕཊ། ཅེས་སྤྲོས། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བསྡུས་ནས། གནས་འདིར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་སོ།། དེ་ནས་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་སྤྲོས་སོ།། དེ་ནས་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་སྤྲོས་སོ།། དེ་ནས ་ཕཊ་ཕཊ་ཕཊ་ཕཊ་ཅེས་སྤྲོས་ནས། ཨོཾ་ཨཱ་ཧཱུཾ། ཧཱུཾ་པ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བསྡུས་ནས། ཁྲོ་མོ་དང་། འཕྲ་མེན་མ་དང་། སྒོ་མའི་ཚིགས་སྤྲོས་ཏེ། ཕྱག་རྒྱ་བཞི་དང་ལྡན་པར་བྱའོ།། རྡོ་རྗེ་ཀུན་ཏུ་བཟང་པོ ་འདིའི་སྐུ་ཉིད་དུ་བཞུགས་སོ།། སྐུ་གསུང་ཐུགས་ལས་བྱུང་ནས་སྐུ་ཉིད་དཀྱིལ་འཁོར་གྱི་ལྷར་བསྟན་ནས་བཞུགས་སོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། སྐུ་ལ་རྫོགས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་ངེས་སྐུ་ལྔ་མངོན་དུ་ཕྱུང་སྟེ། ཞེ་སྡང་དང་ཞེ་སྡང་གི་ཡུལ་གནས་སུ་དག་པ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་།། འདོད་ཆགས་ཡུལ་དང་ཆས་པ ་