CLOSE WINDOW

Gpb045.022: rdo rje phur pa'i rtsa ba
Wyliee-texts produced with BDRC’s OCR application

གཏན་ལ་ཕབ་པའོ།། །། @#།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱ་ལ། བོད་སྐད་དུ། རྡོ་རྗེ་ཕུར་པའི་རྩ་བ། དཔལ་རྡོ་རྗེ་ཁྲོས་པོ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། དེ་བཞིན ་རིམ་པ་ཇི་བཞིན་དུ།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་གོ་རུ་ཤར་བ་དང་།། སྙིང་གི་གོ་རུ་བསྒོམ་པར་བྱ།། སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི།། བསད་ཅིང་མནན ་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེ་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། དཱི་བྷ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་ཁྲོས་པ་ཡུམ་དང་བཅས་པའོ།། རྡོ་རྗེ་གཞོན ་ནུ་རིགས་འཛིན་རྣམས།། སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་འདོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི ་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེ་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་པ།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གར་རྫ་གར་རྫ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཧཱུཾ་ཀ་ར། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་ཕག་གི་མགོ་ཅན་དང་། རྨིགས་བུའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་རྣམ་སྙེམས་མ། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོན་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ ་སྡེར་མོ།། སྤྲུལ་པའི་འཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་རྡོ་རྗེ་དུར་ཁྲོད་ཀྱི་བདག ་མོ།། སྤྲུལ་པའི་འཕྲ་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་།། ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི ་འཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཧྣ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྲ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ།། སྤྲུལ་པའི་འཕྲ་མེན་མ་བྱི་ལའི་མགོ ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། ཏིཥྛ་ཏི་ཥྛ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་འཕྲ་མེན་མ་སྦྱང་ཀིའི་མགོ་ཅན་དང་། ཁྲའི ་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུན་ཌ་ལི་ཧཱུཾ། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན ་ནོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛྲ་ཡ་ཧཱུཾ། བིན་དྷ་བིན་དྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་ཆེན། སྤྲུལ་པའི་འཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། ཟེར་མོའི་མགོ་ཅན་ནོ།། ཨོཾ ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་སྐུལ་བྱེད་མ། སྤྲུལ་པའི་འཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་གྱིས་གཏམ་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ ་ཀྲོ་དྷ་ཡ་ཧཱུཾ་ཕཊ། རྡོ་རྗེ་འདུས་པའི་སྲས་མཆོག་གོ། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུཾ་ཕཊ། ཨོཾ་རད་ན་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མན་ཏ་ཧིང་ཧིང་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སུ་རུ་སུ་རུ་ཧཱུཾ་ཕཊ། ཨོཾ ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ཡ་ར་ཧཱུཾ་ཕཊ། སྒོ་བཞི་ཡི་སྲས་མཆོག་གོ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླངས་པའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས ་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཤྲ་ན་མུ་ཁའི་དུས་ལ ་བབ།། བདག་ཉིད་ཆེན་མོ་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ། ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཁམས་གསུམ་རྒྱལ་བའི ་གདུང་འཚོབ་པའི།། རིགས་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག ་ནས།། མངོན་སྤྱོད་ཚུལ་དུ་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན། མོ་ཧ་ག་ཡ་བྷ་ག་བན། ཤི་ཀྲི་བི་ཀྲྀ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོ། སརྦ་བིགྷྣཱ་ན། བཛྲ་ཀཱི་ལ་ཡ། ཧཱུཾ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཨ། དངོས་གྲུབ་པར་ཆོད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། ཟུངས་ཤིག་ཆིངས་ཤིག་རྣམ་པར ་ཆིངས།། རྟོགས་ཤིག་སྲོག་དང་བྲལ་བར་གྱིས།། རིངས་པར་ཁུག་ལ་སྦྱོར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟེར་བར་གྱི།། ང་ཡིས་དབང་དུ་གྱུར་ནས་ཀྱང་།། བསྒོ་བའི་བཀའ་རྣམས་ཉན་པར ་གྱིས།། ཧཱུཾ་པ་ར་བྷིད་ཏན་ཙྪིན་དྷ་ཙྪིན་དྷ་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ཏ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨ་ནང་པ་ཧཱུཾ་ཕཊ། ་ཛཱཛྭ་ལ་པ་ཡ་ཛཱ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིན་དྷ་ཡ་བིན་དྷ་ཡ་ཧཱུཾ་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་བཞིན་དམ་བཅས་པའི།། མངོན་སྤྱོད ་འཕྲིན་ལས་མྱུར་དུ་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཏ་མ་ཏ་བཛྲ། ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། མ་ར་ས་ན ་པྲ་མ་ར་ད་ནི་ཡེ་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུས་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི ་བཀའ་ལས་འདའ་མ་བྱེད།། ཧཱུཾ་མ་མ་པ་ཤི་ཀུ་རུ།། མ་ཏམ་ཉ་ཀ་ར་ཨི་ནན། དྷ་ཏི་མ་མ་ཉ་ཀརྨ་ཤི་ཀྲ་ཀ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷ་འམ་འོན་ཏེ་བདུད་ཀྱང་རུང་།། ང་ལ་བར་ཆད་བྱེད་པ ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེད་དཔལ་སྙིང་བསྲེགས ་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་རླག་པར་འགྱུར།། སྡིག་ཅན་གཞན་ལྷ་མོས་ཅི་དགོས། ཁ་ཐམ། ཁ་ཐམ། ཁ་ཐམ།། ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ། ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་རླབས་སོ།། སངས་རྒྱས་ཀྱི་མཐུའོ།། ཨ་བི་ར་ཙའི་དུས་ལ་བབ་བོ།། ཨོཾ ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་ཉི་ཤུ་རྩ་གཅིག་བཟླས། གནག་པ་དེ་ཁོ་ན་ལའོ།། ཀཱི་ལི་ཀཱི་ལ་ཡ། ཞེས་ལན་བཅོ་བརྒྱད་དཀར་ནག་གི་མཚམས་སུའོ།། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་ཤས་ཙམ་བཟླས་སོ།། རྡོ་རྗེ་ཕུར ་པའི་རྩ་བ་རྫོགས་སོ།། །། ཕུར་པ་གསང་བསྒྲུབ་ཀྱི་བརྒྱུད་པ་ནི། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྡོ་རྗེ་གཞོན་ནུས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། ཏན་ཏྲ་སྡེ་བཅོ་བརྒྱད་ལ། རྡོ་རྗེ་ཕུར་པའི་ཏན་ཏྲ ་རིགས་ལྔའི་སངས་རྒྱས་ལ་བཤད། དེས་སྡུད་པའི་གསང་བདག་ཕྱག་ན་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཛ་ལ་བཤད། དེས་ཤྲི་ན་ལེན་ཏྲའི་གཙུག་ལག་ཁང་དུ་སྦས་པའོ།། དེ་ནས་པཎྜི་ཏ་མི་བྱེད་སེང་གེས་རྙེད་ནས། ་དེས་ད་ན་སང་ཀྲྀ་ཏ་ལ་བཤད། དེས་ད་ན་ཨུ་པ་ལ་བཤད། དེས་པདྨ་སམ་བྷ་བ་ལ་བཤད། དེས་བལ་པོ་བ་སུ་དྷ་ར་ལ་བཤད། དེས་སྒྲེགས་པ་སངས་རྒྱས་ཡེ་ཤེས་ལ་གཏད། དེས་སའི་གཏེར་དུ ་སྦས་ཏེ། ཡོན་ཏན་རྒྱ་མཚོ་སྐྱེ་བ་རྒུད་པ་གཅིག་གིས་རྙེད་པར་འགྱུར་རོ།། ཨི་ཐི།། །། ་