| Wylie | e-texts produced with BDRC’s OCR application |
མཁའ་འགྲོ་དབང་དུ་བཙུགས་ནས་གཏད་པའོ།། རྫོགས་སཧོ།། རྒྱ་རྒྱ་རྒྱ། གྲི་གུག་གི་རྒྱ། མཁའ་འགྲོའི་རྒྱ། ཟོད་པའི་རྒྱ།། ། @#།། རྒྱ་གར་སྐད་དུ། ཌཱ་ཀི་ནི་ཀརྨ་མ་ལེ་ཏན་ཏྲ་ནཱ་མ། བོད་སྐད ་དུ། མཁའ་འགྲོ་མ་ལས་སྣ་ཚོགས་ཀྱི་རྒྱུད་ཅེས་བྱ་བ། སྣ་ཚོགས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་པས་མཁའ་འགྲོ་མའི་དངོས་གྲུབ་ཐོབ་པར་འདོད་པའི་མཁའ་འགྲོ་མ་སྦྱོར་བ་དྲུག་པ་ཞེས་བྱ་བ་གསང ་བ་གནད་ཀྱི་ཉམས་ལེན་གྱི་རིམ་པ་འདི་སྐལ་ལྡན་ལས་འཕྲོ་ཅན་གྱི་ཆོས་ཡིན་ནོ།། དེ་ལ་རྟོགས་པ་སྐྱེ་བ་དང་གཅིག་ཉིན་མོ་མི་འདུ་བ་དང་གཉིས། ནུབ་མོ་ཌཱ་ཀི་མ་འདུ་བ་དང་གསུམ། ནང་ནུབ་ཟས་འདུ་བ་དང ་བཞི། བརྟུལ་ཞུགས་ནུས་པ་བསྐྱེད་པ་དང་ལྔ། རྟེན་འབྲེལ་མངོན་ཤེས་འཆར་བ་དང་དྲུག་གོ། དེ་ལ་རྟོགས་པ་བསྐྱེད་པ་ལ་རྡོ་རྗེ་ཕག་མོ་བསྒྲུབ། ཉིན་མོ་མི་འདུ་བ་ལ་རྡོ་རྗེ་མཁའ་འགྲོ་བསྒྲུབ། ནུབ་མོ་མཁའ་འགྲོ ་འདུ་བ་ལ་པདྨ་མཁའ་འགྲོ་བསྒྲུབ། ནང་ནུབ་ཟས་ནོར་འདུ་བ་ལ་རིན་ཆེན་མཁའ་འགྲོ་བསྒྲུབ། བརྟུལ་ཞུགས་ནུས་པ་བསྐྱེད་པ་ལ་ལས་ཀྱི་མཁའ་འགྲོ་བསྒྲུབ། རྟེན་འབྲེལ་མངོན་ཤེས་འཆར་བ་ལ་དམ་ཚིག་མཁའ ་འགྲོ་བསྒྲུབ་བོ།། སྤྱི་དོན་གྱི་ལེའུ་སྟེ་དང་པོའོ།། །། དང་པོ་རྟོགས་པ་བསྐྱེད་པ་ལ། ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་བསྒྲུབ་སྟེ། དང་པོ་སྐད་ཅིག་མ་ལས་ལུས་རྡོ་རྗེ་ཕག་མོ། སྐུ་མདོག་དམར་མོ ་ཞལ་ཁྲོ་ཞལ་དང་ཕག་ཞལ་ཡོད་པ། ཕྱག་གཉིས་གྲི་གུག་ཐོད་པ་འཛིན་པ། ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པ། རུས་པའི་རྒྱན་གྱིས་བརྒྱན་པ། རོའི་གདན་ལ་བཞུགས་པ་བསྒོམ། སྙིང་ཁར ་པདྨ་འདས་བཞི་ལ། ཧ་རི་ནི་ས་བཞིའི་དབུས་སུ་ཧཱུཾ་དམར་པོ་བསྒོམས་ལ། སྔགས་འདི་བཟླས་སོ།། ཨོཾ་བཛྲ་སརྦ་བུད་དྷ་ཌཱ་ཀི་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཅེས་བཟླས་སོ།། རང་གི་རིག་པ་ལམ་དུ་ཁྱེར་ཏེ། ཅི་ཤར་བྱེད ་པ་ཡིན་ནོ།། རིག་པ་ལྟེངས་སུ་མི་གཞུག་གོ། རིག་པ་གང་ཤར་ཉམས་སུ་ལེན་ནོ།། དེ་ཙམ་ན་མཁའ་འགྲོ་མས་ལས་བྱེད་དོ།། རང་གི་རིག་པ་འུར་ན་མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་རྟགས་ཡིན་པས་སྣང་བ ་གང་ཤར་ཟད་ཀར་བཅད། སྣང་བ་ཅི་ཤར་འབོད་ཅོག་ལ་སོགས་པས་མཁའ་འགྲོ་མ་མཆོད་པ་སྦྱིན་པ། ཞེན་པ་བཟློག་པ་ཚུལ་ཁྲིམས། མི་ཕོད་པ་བརྩོན་འགྲུས། རྐྱེན་ཐོག་ཏུ་འགེལ་བ་བཟོད་པ། རིག་པ་གཅེར ་བུར་འདོན་པ་བསམ་གཏན། རིག་པ་ཐོག་ཟུགས་མེད་པ་ཤེས་རབ་བོ།། དེ་ལྟར་ཉམས་སུ་བླངས་པས་རྟོགས་པ་ཁོང་ནས་འཆར་རོ།། སངས་རྒྱས་མཁའ་འགྲོའི་ལེའུ་སྟེ་གཉིས་པའོ།། །། ཉིན་མོ་མི་འདུ་བར ་འདོད་ན། རྡོ་རྗེ་མཁའ་འགྲོ་མ་བསྒྲུབ་སྟེ། བདག་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་མཐིང་ནག། གཡས་རྡོ་རྗེ། གཡོན་ཐོད་པ། ཁ་ཊཾ་ཁ་མཆན་ཁུང་དུ་བཅུག་པ། རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བ། ་གཡས་བསྐུམ་པ་རོའི་གདན་ལ་བཞུགས་པར་བསྒོམ། སྙིང་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་བཛྲ་ཌཱ་ཀི་ནི་ཧ་རི་ནི་ས་ནི་ཙིཏྟི་ཁུག་བསྡུས་བསྡུས་ཞེས་བཟླས་ཤིང་འགྲོ་བ་ཐམས་ཅད་སྙིང་འགུལ་བར ་བསམ། ཙན་དན་ཤུག་པའི་མེ་ལ་ཤ་སྣ་དང་ཕྱེ་བསྲེག་ཅིང་མི་མཆེད་བྱ། མི་ཐམས་ཅད་རང་དབང་མེད་པར་འདུའོ།། རྡོ་རྗེ་མཁའ་འགྲོའི་ལེའུ་སྟེ་གསུམ་པའོ།། །། ཟས་ནོར་དབང་དུ་འདུ་བར་འདོད་ན། རིན ་ཆེན་མཁའ་འགྲོ་བསྒྲུབ་སྟེ། བདག་ཉིད་རིན་ཆེན་མཁའ་འགྲོ་མ། སྐུ་མདོག་སེར་མོ། གཡས་རིན་པོ་ཆེ། གཡོན་ཐོད་པ། ཁ་ཊཾ་ཁ་མཆན་ཁུང་དུ་བཅུག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ། གདན་རིན་པོ་ཆེ ་ལ་བཞུགས་པར་བསྒོམ་མོ།། སྙིང་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་རཏྣ་ཌཱ་ཀི་ནི་ཧ་རི་ནི་ས། མི་སྙིང་བསྐུལ་བསྐུལ་ནི་ཁུག་ཁུག། བ་སུ་ནཱ་ག་ཁ་ཧེ་བསྡུས་བསྡུས། ཞེས་བཟླས་ཤིང་སྣ་མང་པོ ་བསགས་ལ་ཟས་དང་། འབྲུ་དང་། རིན་པོ་ཆེ་རྣམས་ལ་མེ་མཆོད་བྱའོ།། ཟས་ནོར་ཐམས་ཅད་དབང་མེད་སྟེར་བ་འོང་ངོ་།། རིན་ཆེན་མཁའ་འགྲོ་མའི་ལེའུ་སྟེ་བཞི་པའོ།། །། ནུབ་མོ་མཁའ་འགྲོ་མ་འདུ་བར ་འདོད་ན། པདྨ་མཁའ་འགྲོ་བསྒྲུབ། བདག་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ། གཡས་པ་པདྨ། གཡོན་ཐོད་པ། ཁ་ཊཾ་ཁ་མཚན་ཁུང་དུ་བཅུག་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་པདྨའི་གདན ་ལ་བཞུགས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ་སྙིང་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་པདྨ་ཌཱ་ཀི་ནི་ཧ་རི་ནི་ས་ཌཱ་ཀི་ནི་ཌཱ་ཀི་ནི། དྷོ་ཀི་ཛྙོ་ཀི་ནི། ཧཱུཾ་ཧཱུཾ་ཛ་ཛ། ཞེས ་བཟླས་ཤིང་མཇོ་མོའི་ཤིང་ལ་ཤ་ཆེན་དང་ཤ་སྣ་ཀྲག་སྣའི་མེ་མཆོད་བྱའོ།། མཁའ་འགྲོ་མ་དངོས་སུ་འོང་སྟེ་འཕྲིན་ལས་བཅོལ་ལོ།། པདྨ་མཁའ་འགྲོའི་ལེའུ་སྟེ་ལྔ་པའོ།། །། བརྟུལ་ཞུགས་ནུས་པ་བསྐྱེད་པ་ལ།། ་ལས་ཀྱི་མཁའ་འགྲོའི་བསྒྲུབ་པ་ནི། བདག་ཉིད་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་ཁུ། གཡས་རལ་གྲི། གཡོན་ཐོད་པ། ཁ་ཊཾ་ཁ་མཆན་ཁུང་དུ་བཅུག་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་རལ་གྲི་མནན ་པའི་གདན་ལ་བཞུགས་པ། གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ། ཐུགས་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་ཀརྨ་ཌཱ་ཀི་ནི་ཧ་རི་ནི་སརྦ་ཀརྨ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བཟླས་ཤིང་མེར་མཆོད་བ ་དང་། ཆུར་མཆོད་བ་དང་། གཡང་ལ་མཆོང་བ་དང་། དབུ་རྡེབ་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་བྱེད་དོ།། ལས་ཀྱི་མཁའ་འགྲོ་མའི་ལེའུ་སྟེ་དྲུག་པའོ།། །། མངོན་ཤེས་འཆར་བ་ལ། དམ་ཚིག ་མཁའ་འགྲོ་བསྒྲུབ་པ་ནི། བདག་ཉིད་དམ་ཚིག་མཁའ་འགྲོ་དཀར་མོ་གཡས་འཕྲུལ་གྱི་མེ་ལོང་། གཡོན་པ་ཐོད་པ། ཁ་ཊཾ་ཁ་མཚན་ཁུང་དུ་བཅུག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་པདྨའི་གདན་ལ ་བཞུགས་པ། གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ། ཐུགས་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་ས་མ་ཡ་ཌཱ་ཀི་ནི་ཧ་རི་ནི་ས་རུ་ཏྲ་རུ་ཏྲ་མུ་མུ། ཤིག་ཤིག་ཕྱེ་ཕྱེ་སྟོན་སྟོན། ཞེས་བཟླས་ཤིང ་སྨན་དང་སྤོས་ཆིས་ཁྲུས་བྱ། རབ་མངོན་སུམ། འབྲིང་ཉམས། ཐ་མ་རྨི་ལམ་དུ་ལེགས་ཉེས་ཐམས་ཅད་སྟོན་ཏོ།། དམ་ཚིག་མཁའ་འགྲོའི་ལེའུ་སྟེ་བདུན་པའོ།། །། སྣ་ཚོགས་མཁའ་འགྲོ་བསྒྲུབ་པ་ནི། བདག ་ཉིད་ཐམས་ཅད་མཁའ་འགྲོ་མ་སྐུ་མདོག་སྣ་ཚོགས་འོད་དུ་འབར་བ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་ཐོད་པ། ཁ་ཊྭཱཾ་ཁ་མཆན་ཁུང་དུ་བཅུག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ། རྡོ་རྗེ་རྒྱ་གྲམ་གྱི་གདན་ལ ་བཞུགས་པར་བསྒོམ། སྙིང་ཁར་པདྨ་འདབ་མ་བཞི་ལ་ཧ་རི་ནི་ས་བསམ། ཨོཾ་བུད་དྷ་བུད་དྷ། བཛྲ་བཛྲ། རཏྣ་རཏྣ། པདྨ་པདྨ། ཀརྨ་ཀརྨ་ཌ་ཀི་ནི་ཡེ། མ་མ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བཟླས་ཤིང་རིག་པ་ལ་ཅི ་ཤར་ཅུ་བྱེད་སྙིང་འདོད་པ་བྱ། མཁའ་འགྲོ་མས་དངོས་གྲུབ་སྣ་ཚོགས་སྟེ་རོ།། མེ་མཆོད་བྱ་ཞིང་བདུད་རྩི་བསྣམས་པ་བསྲེག། སྣ་ཚོགས་མཁའ་འགྲོ་མའི་ལེའུ་སྟེ་བརྒྱད་པའོ།། །། འཇིག་རྟེན་མཁའ་འགྲོ་བསྒྲུབ་པ ་ནི། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཁའ་འགྲོ་མས་གང་བར་བསྒོམ། ཧ་རི་ནི་ས་ཝར་ལམ་ནི་ཧཱུཾ་ཧཱུཾ་ཧྲིང་ཧྲིང་། ས་ནི་རེ་ཧེ། ཌཱ་ཀི་མི་དྷ་ཀོ་ཧཱུཾ་ཛ། ས་ནི་རི་ཧ། རི་མི་སང་ཀྲི ་ཏ་ཧཱུཾ། ས་ནི་རི་ཧ་ས་ཕེ་མ་ཛ་ལ་ཏ་སྭཱ་ཧཱ། ཞེས་བཟླས་ཤིང་གཅེར་བུ་བྱ། གར་བྱ། རི་ཀ་ལ་བསྡད། མི་ཚིལ་གྱི་དུད་པ་བཏང་། མཁའ་འགྲོ་མ་ཐམས་ཅད་འཁྲུགས་ནས་བཀའ་ཉན་གསུང་སྡོད་པར ་འགྱུར་རོ།། མཁའ་འགྲོ་མའི་དཀྲུག་ཡིག་འཇིག་རྟེན་མཁའ་འགྲོའི་ལེའུ་སྟེ་དགུ་པའོ།། །། ཐམས་ཅད་མཁའ་འགྲོ་བསྒྲུབ་འདོད་ན། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ། སྙིང་ཁར་པདྨ་འདབ་བཞི་ལ། ཧ་རི ་ནི་ས་བཀོད་ལ། མཁའ་འགྲོ་བཞིའི་ངོ་བོར་བསམ། ཧ་རི་ནི་ས། ས་རི་ནི་ཧ། རི་ཧ་ས་ནི། ནི་ས་རི་ཧ། ཝར་མ་ནི་ཧཱུཾ་ཧཱུཾ་ཧྲིང་། ཌཱ་ཀི་མི་དྷ་ཀི་ཧཱུཾ་ཛ། རི་མི་ཡེ་ཏ་ཀྲི་ཧཱུཾ། ས་ཕེཾ་ཛ་ལ་ཏ་སྭཱ་ཧ། ཞེས་བཟླས། སྣང་བ་ཐམས ་ཅད་མཁའ་འགྲོ་མའི་རང་བཞིན་དུ་བསམ་མོ།། སྣང་བ་ལ་ཅི་ཤར་བྱ། འགྲོ་འདུག་བསྐོར་བ། ལྡང་འདུག་ལྷ་ཕྱག། འབོད་གཅོག་གཏོར་མ། བརྒྱབ་ཀྱིས་དོགས་པ་དང་བསད་ཀྱིས་དོགས་པ་ལ་སོགས་པ་མི་བྱ། རེ ་གས་དང་ཉམ་ང་མེད་པར་བརྫིའོ།། གཡང་ལ་མཆོང་པ་དང་། མེ་དང་ཆུ་ལ་སོགས་པ་ལ་སེམས་འགྱུར་བ་མེད་པར་བརྫིའོ།། གདོན་གནོད་སྦྱིན་ཕོ་མོ་དང་། ལྷ་ཀླུ་གདུག་པ་ཅན་དང་། བར་ཆད་ཀྱི་རྐྱེན་བགེགས ་ལ་ཉམ་ང་མེད་པར་བརྫིའོ།། ཐམས་ཅད་མཁའ་འགྲོའི་ལེའུ་སྟེ་བཅུ་པའོ།། །། མཁའ་འགྲོ་སྡེ་ལྔ་བསྒྲུབ་པ་ནི།། རང་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ།། རྡོ་རྗེ་མཁའ་འགྲོ་སྐུ་མདོག ་མཐིང་།། གཡས་པ་རྡོ་རྗེ་གཡོན་ཐོད་པ།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི།། རིན་ཆེན་མཁའ་འགྲོ་སྐུ་མདོག་སེར།། གཡས་པ་རིན་ཆེན་གཡོན་ཐོད་པ།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན།། སངས་རྒྱས་མཁའ་འགྲོ་སྐུ ་མདོག་དཀར།། གཡས་པ་འཁོར་ལོ་གཡོན་ཐོད་པ།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྡང་།། གཡས་པ་རལ་གྲི་གཡོན་ཐོད་པ།། གསང་བ་བདེ་བའི་འཁོར་ལོ་ན།། དམ་ཚིག་མཁའ ་འགྲོ་བདེ་སྟོང་གཉིས་མེད་གནས།། མཁའ་འགྲོ་རྣམ་བཞིའི་སྙིང་ཁ་ན།། པདྨ་འདབ་བཞི་གནས་པ་ལ།། ཧ་རི་ནི་ས་གནས་པར་བསྒོམས།། ངག་ཏུ་སྔགས་འདི་བཟླས་སོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཧ་རི་ནི་ས་ཧཱུཾ་ཕཊ། ལུས ་མི་བསྡད་བསྐུལ་བསྐྱོད་བྱ། ངག་མི་བསྡད་སྔགས་བཟླས། སེམས་མི་བསྡད་མི་རྟོག་པ་ལ་བསྡད། ལུས་ལ་བདེ་བ་འབྱུང་། ངག་ལ་ནུས་པ་འབྱུང་། སེམས་ལ་རྟོགས་པ་འབྱུང་ངོ་།། མཁའ་འགྲོ་སྡེ་ལྔའི་ལེའུ་སྟེ་བཅུ ་གཅིག་པའོ།། །། སངས་རྒྱས་མཁའ་འགྲོ་སྒྲུབ་པའི་ཐབས་ནི། སྐད་ཅིག་མ་ལས་བདག་ཉིད་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་གྲི་གུག་ཐོད་པ་ཁ་ཊཱཾ་ཁ་འཛིན་པའོ།། ཞབས་གཡས ་ཏུང་གཡོན་བསྐམ་གྱིས་འཇིགས་བྱེད་དང་དུས་མཚན་མན་པ། རུས་པའི་རྒྱན་གྱིས་བརྐུན་པ། མེ་དཔུང་ནང་ན་བཞུགས་པར་བསྒོམ། སྙིང་ཁར་པདྨ་འདབ་བཞི་ལ། ཧ་རི་ནི་ས་བཀོད་ལ། དེ་ལས་འོད་ཟེར་འཕྲོས ་པས་མཁའ་འགྲོ་དཔའ་བོ་དང་དཔའ་མོ་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་གཟུད་པར་བྱའོ།། རྩ་དང་བ་སྤུའི་བུ་ག་ཐམས་ཅད་མཁའ་འགྲོ་མས་གང་བར་བསམ་མོ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ ་བཛྲ་ཝར་ཎཱ་ནཱི་ཡེ། བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧ། སྙིང་ཁའི་དབུས་ན་གཙོ་མོའི་སྔགས་པདྨ་འདབ་མ་བཞི་ལ་ཡི་གེ་བཞུ་གནས་པ་ལ་དམིགས་ལ་བཟླས། ལུས་མཁའ་འགྲོས་གང་ནས་སྔགས་དེ ་རི་རི་ཟློས་པར་བསམ། རྟགས་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་འཆར། མཁའ་འགྲོ་མ་གྲུབ་པས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འབྱུང་ངོ་།། སངས་རྒྱས་མཁའ་འགྲོ་མའི་ལེའུ་སྟེ་བཅུ་གཉིས ་པའོ།། །། འཇིག་རྟེན་དབང་ཕྱུག་བསྒྲུབ་འདོད་ན། བདག་རྡོ་རྗེ་ཕག་མོར་བསྒོམས་ལ། སྤྱི་བོར་པདྨ་འདབ་བཞིའི་སྟེང་དུ་ཧ་རི་ནི་ས་བཀོད་ལ། ངག་ཏུ་ཡང་ཧ་རི་ནི་ས་བཟླས་པས། འཁོར་ལོ་ལས་འོད་ཟེར ་དཀར་པོའི་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དཔའ་བོ་དང་། དཔའ་མོ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་བསྡུས་ནས་བདག་གི་སྤྱི་བོར་ཐིམ་པས་བདག་གི་ལུས ་མདངས་དང་སྟོབས་དང་ལྡན་པར་བསྒོམ་མོ། འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་བཀུར་གནས་སུ་འགྱུར་རོ།། འཇིག་རྟེན་དབང་ཕྱུག་གི་ལེའུ་སྟེ་བཅུ་གསུམ་པའོ།། །། ངག་གི་དབང་ཕྱུག་བསྒྲུབ་འདོད་ན།། ་བདག་རྡོ་རྗེ་ཕག་མོར་བསྒོམས་ལ། མགྲིན་པ་པདྨ་འདབ་བཞིའི་སྟེང་དུ་ཧ་རི་ནི་ས་བཀོད་ལ། སྔགས་བཟླས་པས་འཁོར་ལོ་ལས་འོད་ཟེར་དམར་པོ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས ་དཔའ་དང་། དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་ཐམས་ཅད་བསྡུས་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་ཐིམ་པས་བདག་གི་ངག་ལ་གསུང་དབྱངས་དྲུག་ཅུ་དང་ལྡན་པར་བྱིན་གྱིས་བརླབས ་པ་བསྒོམ་མོ།། འགྲོ་བ་ཐམས་ཅད་ཇི་ལྟར་བསྒོ་བ་ལྟར་བཀའ་ཉན་པར་འགྱུར་རོ།། ངག་གི་དབང་ཕྱུག་གི་ལེའུ་སྟེ་བཅུ་བཞི་པའོ།། །། ཐུགས་ཀྱི་དབང་ཕྱུག་བསྒྲུབ་ན། བདག་རྡོ་རྗེ་ཕག་མོར་བསྒོམས། སྙིང་ཁར ་པདྨ་འདབ་མ་བཞིའི་སྟེང་དུ་ཧ་རི་ནིས་བཀོད་ལ་སྔགས་བཟླས་པས་འཁོར་ལོ་ལས་འོད་ཟེར་མཐིང་ཀ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དཔའ་བོ་དང་། དཔའ་མོ་དེ ་དག་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་བདག་གི་སྙིང་ཁའི་ཡི་གེ་འཁོར་ལོ་ལ་ཐིམ་པས། མི་ཤེས་པའི་རྨོངས་པའི་དྲི་མ་ཐམས་ཅད་བསལ་ནས་ཆོས་ཐམས་ཅད་ཀྱི་དོན་ཤེས་པར་བྱིན་གྱིས ་བརླབས་པར་བསམ། ཆོས་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ།། ཐུགས་ཀྱི་དབང་ཕྱུག་གི་ལེའུ་སྟེ་བཅོ་ལྔ་པའོ།། །། འཕྲིན་ལས་ཀྱི་དབང་ཕྱུག་གི་བསྒྲུབ་པ་ནི། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམས ་ལ། ལྟེ་བར་པདྨ་འདབ་མ་བཞིའི་སྟེང་དུ་ཧ་རི་ནི་ས་བཀོད་ལ། སྔགས་བཟླས་པས་འཁོར་ལོ་ལས་འོད་ཟེར་དཀར་པོ། སེར་པོ། དམར་པོ། ནག་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་དང་། དཔའ་བོ་དང་། དཔའ་མོ་རྣམས་ཀྱི་འཕྲིན་ལས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་བདག་གི་ལྟེ་བའི་ཡི་གེ་ལ་ཐིམ་པས་བདག་གི་ནད་དང་། གདོན་བགེགས་ཞི་བ་དང་། ཚེ་དང་བསོད ་ནམས་རྒྱས་པ་དང་། ལོག་པར་ལྟ་བའི་མི་དང་མི་མ་ཡིན་པ་དབང་དུ་འདུས་པ་དང་། དགྲ་བགེགས་ཚར་བཅད་པར་བསམ་མོ།། འཕྲིན་ལས་རྣམ་པ་བཞི་འགྲུབ་པར་འགྱུར་རོ།། འཕྲིན་ལས་ཀྱི་དབང་ཕྱུག་བསྒྲུབ ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། བདེ་བའི་དབང་ཕྱུག་བསྒྲུབ་པར་འདོད་ན། བདག་རྡོ་རྗེ་ཕག་མོར་བསྒོམས་ལ། གསང་བར་པདྨ་འདབ་བཞིའི་སྟེང་དུ་ཧ་རི་ནི་ས་བསམ། སྔགས་བཟླས་པས་ཕྱོགས་བཅུའི་སངས ་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དཔའ་བོ་དང་། དཔའ་མོ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་ཟབས་ཤེས་རབ་ཀྱི་བཅུད་ཐམས་ཅད་ཚུར་བསྡུས་ཏེ་བདག་གི་གསང་བར་ཐིམ་ནས་བདེ ་བས་ལུས་རྒྱས་ནས་བདེ་བ་དང་སྟོང་པར་བསྒོམ། བདེ་སྟོང་གཉིས་མེད་ཀྱི་ཉམས་སྐྱེ་བར་འགྱུར་རོ།། བདེ་བའི་དབང་ཕྱུག་གི་ལེའུ་སྟེ་བཅུ་བདུན་པའོ།། །། སྣང་སྟོང་གཉིས་མེད་ཀྱི་དོན་བསྒོམ་ན། བདག་རྡོ་རྗེ ་ཕག་མོར་བསྒོམས། སྙིང་པདྨ་འདབ་བཞི་ལ་ཧ་རི་ནི་ས་བཀོད་ལ། ཡི་གེ་བཞི་པ་བཟླས་པས་སྣང་བ་འདི་མེ་ལོང་གི་གཟུགས་བརྙན་ནམ། འཇའ་ཚོན་ནམ། སྒྱུ་མ་འམ། སྨིག་སྒྱུ་འམ། སྣང་ལ་རང་བཞིན་མེད་པར ་བསྒོམས། དེ་ལྟར་བསྒོམས་ན་སྣང་བ་འདི་བུན་བུན་ལང་ལོང་འོང་སྟེ་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་ལ་རང་བཞིན་མེད་པར་བསྒོམ། སྣང་བ་ལ་ཐོག་རྡུགས་མེད་པར་འགྲོ་བར་འགྱུར་རོ།། སྣང་སྟོང ་གཉིས་མེད་ཀྱི་དོན་བསྒོམ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། གསལ་སྟོང་དབྱེར་མེད་ཀྱི་ཉམས་བསྒོམ་ན། བདག་རྡོ་རྗེ་ཕག་མོར་བསྒོམས། སྙིང་ཁར་པདྨ་འདས་བརྒྱད་ལ་ཧ་རི་ནི་ས་བཀོད་ལ་ཡིད་ཀྱིས ་བཟླས། ཤེས་པ་བཟླས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་རྐྱེན་ཁར་མི་བཏང་བར་ཤེས་པ་སལ་ལེ་སིང་ངེ་གསལ་ལ་མ་འགག་པ་རང་འབྱུང་རང་གསལ་དུ ་བཞག། དེ་ལ་དང་པོ་ཡིད་ཙམ། དེ་ནས་སྐད་ཅིག་ཙམ། དེ་ནས་ཡུན་ཇེ་རིང་རྗེ་རིང་ལས་རིག་པ་གསལ་དངས་ཕྱེད་པར་འགྱུར་རོ།། གསལ་སྟོང་དབྱེར་མེད་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །། བདེ་སྟོང་དབྱེར་མེད ་ཀྱི་དོན་བསྒོམ་པ་ནི། བདག་རྡོ་རྗེ་ཕག་མོར་བསྒོམས་ལ། སྙིང་ཁར་པདྨ་འདབ་བཞི་བཀོད་ལ། ཧ་རི་ནི་ས་བཞི་བསམ། ཡིད་ཀྱིས་བཟླས་ཏེ་ཤེས་པ་གློད་ལ་བདེ་འབའ་ལེ་ཤིག་གེ་ལྷོད་དེ་བཞག། རྣམ་རྟོག་མི ་བཅོས། མི་བསྒྱུར། མི་དགག། རང་བྱུང་རང་དངས་སུ་བཞག། དེ་ལ་གནས་པ་དང་། ལུས་བདེ་བ་དང་། ཏིང་ངེ་འཛིན་གཏོང་མི་ཕོད་པ་དང་། ལུས་ཡོད་པ་མི་ཚོར་བར་འགྱུར་རོ།། བདེ་སྟོང་གཉིས ་མེད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །། རིག་སྟོང་དབྱེར་མེད་ཀྱི་དོན་བསྒོམ་པ་ནི། བདག་རྡོ་རྗེ་ཕག་མོར་བསྒོམས། སྙིང་ཁར་པདྨ་འདབ་བཞི་ལ་ཧ་རི་ནི་ས་བཀོད་ལ་ཡིད་ཀྱིས་བཟླས། རིག་པ་སྐད་ཅིག་མ་འདི་ཐིག ་དྲིཧྲིདྲེག་བུན་བུན་ལང་ལང་ཡེར་ཡེར་གཞི་ལ་མ་བཞག་པར་འུར་འུར་བསྐྱངས་པས་རིག་པ་འུར་ཏེ་ཁྲོག་གེ་ཤེས་པ་འུར་རེ་སྦྱངས་སེ། ཐ་མལ་གྱི་ཤེས་པ་འགྱུར། བག་ལ་ཉལ་ལས་ཁོག་རིག་པའི་རྩ་བ་སྟོང་པར་ཤེས་པ ་འདི་ཁོ་ན་ལམ་དུ་བགྱིར་རོ།། མཁའ་འགྲོ་མས་རིག་པ་བྱིན་གྱིས་བརླབས་པས་རྣལ་འབྱོར་པ་སྣང་བའི་ཆགས་ཞེན་ལས་གྲོལ་བར་འགྱུར་རོ།། རིག་སྟོང་དབྱེར་མེད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །། བླ་མའི ་བྱིན་རླབས་ཀྱི་དོན་བསྒོམ་པ་ནི། བདག་རྡོ་རྗེ་ཕག་མོར་བསྒོམས་ལ། སྤྱི་བོར་བླ་མ་རང་གི་ཡི་དམ་ལྷའི་ཆ་བྱད་ཅན་ཡུམ་དང་སྙོམས་འཇུག་མཛད་པ་པདྨ་དམར་པོ་འདབ་བཞིའི་སྟེང་ན་བཞུགས་པར་བསྒོམས། ཡབ ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་རྩ་རར་བབས་པས། བདག་གི་སྤྱི་བོ་ཚངས་པའི་བུ་ག་ན་མར་སོང་བས་བདག་གི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་ནག་ཉིལ་ཉིལ་དག་ནས་དཀར་སངས ་ལ་རྐང་པའི་མཐེ་བོང་དང་བཤང་ལམ་མར་སོང་བར་བསམ། དེ་ལ་ཉིན་གསུམ་མཚན་གསུམ་དུ་བསྒོམ་མོ།། ཐུན་ཟ་མ་ལ་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་སྤྱི་བོ་ཚངས་པའི་བུ་ག་ན་མར་ཐིམ་རང་ལྷར་བསྒོམས་པ ་འོད་དུ་ལྷན་གྱིས་ཞུ་ནས་དེའི་ངང་ལ་འོད་གསལ་དུ་བསྒོམ་མོ།། བླ་མའི་བྱིན་རླབས་ཐམས་ཅད་རང་ལ་འཇུག་པ་ཡིན་ནོ།། བླ་མ་བསྒོམ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། རྡོ་རྗེ་ཕག་མོའི་སྐུ་བསྒོམ་པ་ནི། ཕག ་མོའི་ཟང་སྐུ་ཅིག་མདུན་དུ་བཀྲམ་ལ། ཕྱི་ནང་གི་མཆོད་པ་བཤམས་ལ། ཐང་སྐུ་དེ་ལ་ཉིན་མོ་གཅེར་ཟིན་དུ་བསྒོམ། ནུབ་རང་རྡོ་རྗེ་ཕག་མོའི་སྐུར་བསྒོམ། གསལ་བའི་འཕྲོ་ལ་བཞག། ཡང་ཟང་སྐུ་དེ་དྲན་པར ་བྱས་ལ་སྐད་ཅིག་གིས་རྡོ་རྗེ་ཕག་མོར་བསྒོམ། ཉི་མོའི་ཟང་སྐུ་ལ་སེམས་གཟུང་། འདྲིས་སུ་གཞུག། ནུབ་མོ་ཡང་བསྒོམས་པས་གོམས་ཙ་ན་དྲན་པ་ཡེར་ལ་ལྷ་གསལ་བ་ཡོང་སྟེ། དེ་ལྟར་བྱུང་ཙ་ན་སྣང་བ་འགྲོ་བ་ཕོ ་མོ་ཐམས་ཅད་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་ཕོ་མོར་བསྒོམ་མོ།། དེ་ཡང་སྣང་ལ་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་མོ།། འཇུག་ཏུ་སྣང་བ་ལྷའི་དཀྱིལ་འཁོར་མཁའ་འགྲོ་མར་མཐོང་བར་འགྱུར་རོ།། རྡོ ་རྗེ་ཕག་མོ་དབྱིབས་ལ་བསླབ་པའོ།། རྡོ་རྗེ་ཕག་མོར་བསྒོམ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། རྡོ་རྗེ་ཕག་མོའི་བཟླས་པ་ལ་བསླབ་པ་ནི། རང་རྡོ་རྗེ་ཕག་མོའི་སྐུ་རུ་གསལ་བ་དང་། པདྨ་འདབ་མ་འདབ་མ ་བཞིའི་ནང་ན་དབུས་ནམ་དམར་མོ། པདྨ་འདབ་བཞི་ལ་ཧ་རི་ནི་ས་བཞི་ལ་རྣམ་པ་ཡི་གེ་ལྔ་ལ་ངོ་བོ་མཁའ་འགྲོ་མ་ལྔ་ཡིན་པས། ཡི་གེ་ལྔ་རླུང་ལ་ཞོན་ནས་ངག་ཏུ་འཐོན་པས་རིང་ལ་འཁྲུག་པ་མཁའ ་འགྲོ་མའི་གདུངས་འཛབ་ཏུ་ན་ར་ར་དྲངས་པས། རླུང་ཐ་མལ་དུ་མ་སོང་ཡིག་འབྲུའི་སྒྲ་རུ་གྲགས་པས། ཡིད་དེ་ལ་ཆགས་པས་སེམས་གསལ་སྟོང་གི་ཉམས་སྐྱེས་པས་རྒྱུན་དུ་ན་རར་བགྲང་ངོ་།། མ་མོ་དང་མཁའ ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་སྟེ། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་སོ།། བཟླས་པ་ལ་བསླབ་པའོ།། རྡོ་རྗེ་ཕག་མོའི་བཟླས་པའི་ལེའུ་སྟེ་ཉེར་བཞི་པའོ།། །། རླུང་དང་འོད་གསལ་གཉིས་མེད་ལ ་བསླབ་ཅིང་བསྒོམ་པ་ནི། བདག་རྡོ་རྗེ་ཕག་མོར་བསྒོམ། སྤྱི་བོར་བླ་མ་བསྒོམ་རླུང་ནི་སྙིང་གི་ནང་ན་འབྱུང་བ་ལྔ་ཡི་རླུང་ཁ་དོག་ལྔའི་ངོ་བོར་གནས། སྲོག་འཛིན་པའི་ལས་བྱེད། རྒྱུ་བ་སྣ་སྒོ་གཉིས་རེ་མོས་སུ་རྒྱུ་སྟེ། ་གཡས་ནས་རྒྱུ་ཙ་ན་ཉོན་མོངས་པའི་རླུང་ཡིན་པས་མི་བསྒོམ་གཡོན་ནས་རྒྱུ་ཙ་ན་ཡེ་ཤེས་ཀྱི་རླུང་ཡིན་པས་བསྒོམ། གཉིས་ཀ་ནས་བྱུང་ཙ་ན་ཆོས་ཉིད་ཀྱི་རླུང་ཨ་ཝ་དྷ་ཏེ་ནས་རྒྱུ་བ་ཡིན་པས། དེའི་དུས་སུ་ཆོས་ཉིད ་རང་ཆས་སུ་འཆར་རོ།། རླུང་སུམ་གཉིས་གནན་སུམ་ཆ་བཏང་ལ། ཕྱི་ནས་སོར་བརྒྱད་ཙམ་དུ་གཡུང་དྲུང་གཡོན་དུ་འཁྱིལ་པ་ཁ་དོག་དམར་པོ་གཅིག་བསམ། རླུང་ཕྱི་རུ་འབྱུང་བའི་དུས་སུ་ཧཱུཾ་དུ་འགྱུར། གཡུང་དྲུང ་འཁྲིལ་པ་ལ་དྲག་ཏུ་ཕོག་པས་གཡོན་དུ་དྲག་ཏུ་སྒོ་རོ་རོ་འཁོར་བར་བསམ། རླུང་ནང་དུ་འཇུག་ཙམ་ན་ཨཱིཾ་གྱི་རྣམ་པས་ནང་དུ་འཇུག། བར་ན་གནས་ཙམ་ན་ཨཱཿའི་རྣམ་པས་བར་ན་གནས། རླུང་ནང་དུ་ཟིན་ཙམ་ན ་རྟོག་པའི་འགྱུ་བ་ཆད་དེ། གཡུང་དྲུང་རིས་ཚུར་ཇེ་ཉེ་ཇེ་ཉེ་ལ་སྣ་རྩེ་ཙམ་དུ་འཁོར་བ་དང་། མི་དམིགས་པར་བསམ། དེའི་ངང་ལ་རྟོག་མེད་འོད་གསལ་དུ་གསལ་བ་ནི། རླུང་སེམས་འདྲེས་པའི་རླུང་དང་འོད་གསལ ་ཟུང་འཇུག་ཡིན་ནོ།། རླུང་དང་འོད་གསལ་ཟུང་འཇུག་གི་ལེའུ་སྟེ་ཉེར་ལྔ་པའོ།། །། ཡིག་འབྲུ་འོད་གསལ་ཟུང་འཇུག་བསྒོམ་པ་ནི། བདག་རྡོ་རྗེ་ཕག་མོར་བསྒོམས། རང་སྙིང་པདྨ་འདབ་བཞི་ལ་ཧ་རི་ནི་ས་བཀོད ་ལ། ཡིད་ཀྱིས་ཡི་གེ་བཞི་པ་བཟླས་པས་ཡི་གེ་འོད་དུ་སྒོ་ར་ར་འདུག་པར་བསམ་ལ། ཡི་གེ་བཞི་འོད་དུ་ལམ་སྟེ་ཞུ་ནས་ལུས་སེམས་གང་ཡང་མེད་པར་ཆོས་ཉིད་ཀྱི་འོད་གསལ་ངོས་གཟུང་སྟེ། གསལ་ལ་མ་འགགས ་པ་ས་ལ་ལེ་བལ་བཞག་གོ། དེ་ལ་གོམས་པས་མཁའ་འགྲོ་མས་མཆོག་གི་དངོས་གྲུབ་སྟེར་བར་འགྱུར་རོ།། ཡི་གེ་འོད་གསལ་ཟུང་འཇུག་གི་ལེའུ་སྟེ་ཉེར་དྲུག་པའོ།། །། ཕྱག་རྒྱ་ཆེན་པོ་ཟུང་འཇུག་བསྒོམ་པ་ནི།། ་ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ། གསང་བ་ཆོས་ཀྱི་ཕྱག་རྒྱ། དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོའོ།། དེ་ལ་ཕྱི་ལས་ཀྱི་ཕྱག་རྒྱ་ནི། ལས་དང་ཉོན་མོངས་པ་ཐམས་ཅད་མ་བཀག་རང་བྱུང་དུ་ཤར་བ་ལས་ཀྱི ་ཕྱག་རྒྱ། ཉོན་མོངས་པ་ལ་རང་བཞིན་མེད་པར་ཤེས་པས་ཉོན་མོངས་པ་བདེ་བར་སྐྱེད་པར་བྱེད། ཉམས་མྱོང་ནི་ལས་ཀྱི་ཕྱག་རྒྱས་ལས་སྣང་སྲིད་བདེ་བ་ཆེན་པོས་ཉམས་སུ་མྱོང་། རྟོགས་པ་ནི་ལས ་ཀྱི་ཕྱག་རྒྱས་འཁོར་འདས་གཉིས་སུ་མེད་པར་སེམས་སུ་རྟོགས་སོ།། ནང་དམ་ཚིག་གི་ཕྱག་རྒྱ་ནི། བདག་ཕག་མོར་བསྐྱེད་པ་ནི་བསྐྱེད་རིམ། དེ་ལ་རང་བཞིན་མེད་པ་རྫོགས་རིམ། བསྐྱེད་རྫོགས་གཉིས་ལ་མི་འདའ ་འོ།། ལས་ནི་དམ་ཚིག་གི་ཕྱག་རྒྱས་བསྐྱེད་རྫོགས་ཟུང་འབེལ་དེ་ཉིད་མི་སྟོང་པར་བྱེད་དོ།། ཉམས་མྱོང་ནི་དམ་ཚིག་གི་ཕྱག་རྒྱས། བདག་གཞན་གཉིས་སུ་མེད་པས་མཉམ་པ་རིམ་མེད་དུ་རྟོགས་སོ།། གསང་བ་ཆོས ་ཀྱི་ཕྱག་རྒྱ་ནི། ཆོས་ཐམས་ཅད་སྒྱུ་མ་གཉིས་སུ་མེད་པའི་དོན་ལ་སྦྱོར་རོ།། ལས་ནི་ཆོས་ཀྱི་ཕྱག་རྒྱས་ཐམས་ཅད་སེམས་སུ་རྟོགས་པས། ཆོས་མ་ཡིན་པ་སེལ་བར་བྱེད། ཉམས་མྱོང་ནི་ཆོས་ཀྱི་ཕྱག་རྒྱས། ཆོས་ཉིད ་སེམས་ཟུང་འཇུག་ཡུལ་བྲལ་དུ་ཉམས་སུ་མྱོང་ངོ་།། རྟོགས་པ་ནི་ཆོས་ཀྱི་ཕྱག་རྒྱས་རླུང་སེམས་གཉིས་མེད་དུ་རྟོགས་སོ།། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ནི་སྐྱེ་མེད་དང་གཉུག་མ་གཉིས་སུ་མེད། བློ་བྲལ་ངོས་བཟུངས ་དང་བྲལ་བར་དོན་ལ་གནས། ལས་ནི་ཕྱག་རྒྱ་ཆེན་པོའི་དོན་བསམ་བརྗོད་དང་བྲལ་བ་ཅི་ཡང་མེད་པར་རྟོགས། ཉམས་མྱོང་ནི་སྐྱེ་མེད་རྟེན་དང་བྲལ་བར་ཉམས་སུ་མྱོང་རྟོགས་པ་ནི་ཕྱག་རྒྱ་ཆེན་པོས་བློ་དངོས ་གཉིས་མེད་ཆོས་སྐུ་བདེ་བ་ཆེན་པོར་རྟོགས་སོ།། ཕྱག་རྒྱ་བཞི་ཟུང་འཇུག་གི་ལེའུ་སྟེ་ཉེར་བདུན་པའོ།། །། རྡོ་རྗེ་ཕག་མོའི་སྐུ་བརྡར་བཤད་པ། སྐུ་མདོག་དམར་མོར་བཞུགས་པ་ནི།། འགྲོ་དོན་ཐུགས་རྗེ་ཆགས ་པའི་བརྡ།། ཁྲོ་མོའི་ཚུལ་དུ་བཞུགས་པ་ནི།། ཐུགས་རྡོ་རྗེ་ཁྲོས་པ་འདུལ་བའི་བརྡ།། ཕག་གདོང་གྱེན་ལ་བལྟས་པ་ནི།། རྣམ་རྟོག་ཐམས་ཅད་ཟ་བའི་བརྡ།། ཁྲོ་ཞལ་ཐུར་ལ་གཟིགས་པ་ནི།། འཁོར་བའི་འདམ་ནས ་འདོན་པའི་བརྡ།། སྤྱི་གཙུག་གཡུང་དྲུང་རིས་སུ་འཁོར་བ་ནི།། ཆོས་རྣམས་འགྱུར་བ་མེད་པའི་བརྡ།། དབུ་ལ་ཐོད་པ་དུམ་བུ་བདུན་པས་བརྒྱན་པ་ནི།། སངས་རྒྱས་རབས་བདུན་དབུ་ལ་བརྒྱན་པའི་བརྡ།། རིན་ཆེན ་རྣམ་ལྔས་དབུ་ལ་བརྒྱན་པ་ནི།། རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན་པའི་བརྡ།། རྣ་ལྟག་མེ་ལོང་ཅོད་པན་བཏགས་པ་ནི།། ལྷ་མོས་ཚུལ་དུ་ཁྲོས་པའི་བརྡ།། རྣ་ལྟག་རྣ་རྒྱན་བཏགས་པ་ནི།། འགྲོ་དྲུག་ཆོས་སྨྲས ་འདུལ་བའི་བརྡ།། མགུལ་དུ་མགུལ་རྒྱན་བཏགས་པ་ནི།། གསུང་ལ་འགག་པ་མེད་པའི་བརྡ།། དབུ་སྐྲ་སིལ་བུར་འདུག་པ་ནི།། ཆོས་རྣམས་མ་འདྲེས་རྫོགས་པའི་བརྡ།། སྤྱན་མིག་དཀར་ནག་ཕྱེད་པ་ནི།། སྣང་བ ་ཟིལ་གྱིས་གནོན་པའི་བརྡ།། མཆེ་བ་དཀར་པོ་གཙིགས་པ་ནི།། སྲིད་གསུམ་ཟིལ་གྱིས་གནོན་པའི་བརྡ།། གཡས་པ་གྲི་གུག་ཐོགས་པ་ནི།། འཁྲི་བ་ཐམས་ཅད་གཅོད་པའི་བརྡ།། གཡོན་པ་ཐོད་ཁྲག་བསྣམས་པ ་ནི།། བདེ་སྟོང་དབྱེར་མེད་ཉམས་ལྡན་བརྡ།། ཁ་ཊྭཱཾ་མཆན་ཁུང་བཅུག་པ་ནི།། སྐུ་གསུང་ཐུགས་དང་ལྡན་པའི་བརྡ།། ཕྱག་ལ་ཕྱག་གདུབ་གསོལ་བ་ནི།། སྲོག་གཅོད་གཉེན་པོ་སྤོང་བའི་བརྡ།། དཔུང་པ ་ལ་དཔུང་རྒྱན་བཏགས་པ་ནི།། ཉོན་མོངས་གཉེན་པོས་འདུལ་བའི་བརྡ།། མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ནི།། རྣམ་རྟོག་ལྔ་བཅུ་སྦྲུལ་སྐུར་འཆར་བའི་བརྡ།། མི་སྐྲ་སྐུད་པས་ཟག་པ་བྱས་པ་ནི།། སྐྱེ་བ་གསུམ་ལ ་མངའ་བསྙེམས་བརྡ།། སྐེད་ལ་སྐེད་རྒྱན་བཏགས་པ་ནི།། ཕྱག་རྒྱ་བཞི་དང་ལྡན་པའི་བརྡ།། ཞབས་གཉིས་བརྐྱང་བསྐུམ་བཞུགས་པ་ནི།། སྒེག་མོའི་ཚུལ་དུ་བཞུགས་པའི་བརྡ།། ཉི་མའི་གདན་ལ་བཞུགས་པ ་ནི།། ཐུགས་ལ་གསལ་འགྲིབ་མེད་པའི་བརྡ།། ཞབས་ལ་ཞབས་གདུབ་བཏགས་པ་ནི།། འཁོར་བ་དོང་སྤུག་མཛད་པའི་བརྡ།། འཇིགས་བྱེད་དུས་མཚན་མནན་པ་ནི།། མི་ཕོད་རྣམ་གཉིས་བརྫི་བའི་བརྡ།། པདྨའི ་གདན་ལ་བཞུགས་པ་ནི།། འཁོར་བའི་སྐྱོན་གྱིས་མ་གོས་བརྡ།། མེ་རིའི་ནང་དུ་བཞུགས་པ་ནི།། རྣམ་རྟོག་ཐམས་ཅད་བསྲེགས་པའི་བརྡ།། རྡོ་རྗེ་ཕག་མོའི་སྐུ་བརྡར་བསྟན་པའི་ལེའུ་སྟེ་ཉེར་བརྒྱད ་པའོ།། །། གསུང་གི་བརྡ་རྣམས་སྔགས་ཡིན་ཏེ། ཧཱུཾ། པདྨ་ཆེན་པོའི་གདན་སྟེངས་ན།། རྡོ་རྗེ་ཕག་མོའི་ཐུགས་ཁ་ན།། སྣ་ཚོགས་པདྨ་འདབ་བཞི་ལ།། སྐུ་གསུང་ཐུགས་ཀྱི་སྔགས་གསུམ་གསལ།། ཕར་འཕྲོས་པ ་ནི་སྐུ་ལ་ཐིམ།། སྐུ་ནི་འགྱུར་བ་མེད་པའི་སྐུ།། ཚུར་འདུས་པ་ནི་གསུང་ལ་ཐིམ།། གསུང་ནི་འགག་པ་མེད་པའི་གསུང་།། གཉིས་སུ་མེད་པའི་ཐུགས་ལ་ཐིམ།། ཐུགས་ནི་སྐྱེ་ཤི་མེད་པའི་ཐུགས།། དངོས་གྲུབ་སྩོལ ་ཅིག་སྐུ་གསུང་ཐུགས།། བྱིན་གྱིས་རློབས་ཤིག་རྣལ་འབྱོར་མ།། འཕྲིན་ལས་མཛོད་ཅིག་མཁའ་འགྲོའི་ཚོགས།། ཨོཾ་སརྦ་བྷུ་དྷཱ་ཌཱ་ཀི་ན་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཨོཾ་བཛྲ་ཝ་རྣ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ན ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཨོཾ་བཛྲ་ཡོ་གི་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཕཊ། ཨོཾ་བཛྲ་བ་ར་ཧི་ཧ་རི་ནི་ས་ཧཱུཾ་ཕཊ། ཅེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྔགས་སོ།། གསུང་བརྡར་བསྟན་པའི་ལེའུ་སྟེ་ཉེར་དགུ ་པའོ།། །། ཐུགས་ཀྱི་བརྡ་ནི་ཆོས་ཉིད་དོན། རྡོ་རྗེ་ཕག་མོའི་ཐུགས་ནི་མཚན་མའི་སྐྱོན་བྲལ་བས།། ནམ་མཁའ་ལྟ་བུར་ཞི་ཞིང་བསམ་གྱིས་མི་ཁྱབ་ངོ་བོ་ཉིད།། གདོད་མ་ཉིད་ནས་ཐུགས་ནི་མ་བཅོས་ལྷུན་གྱིས ་གྲུབ།། བདེ་བ་ཆེན་པོ་འོད་གསལ་དྲི་མ་མེད་པའི་དཔལ།། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པ་ཡུམ་གྱི་མཆོག། སྐྱེ་འགག་མེད་པ་སྤྲོས་པ་ཉེར་ཞི་བ།། ཐུགས་ཀྱི་རྡོ་རྗེ་ཕག་མོའི་ཐུགས་ལ་འདུད།། རྗེ ་བཙུན་ལྷ་མོ་ཁྱོད་ནི་མེ་ལོང་ཡེ་ཤེས་ངོ་བོ་ཉིད།། ཆོས་རྣམས་གཟུགས་བརྙན་ལྟ་བུར་གསལ་བ་ནི།། སོ་སོར་རྟོག་དང་བྱ་བ་ནན་ཏན་ཡེ་ཤེས་རབ་བརྒྱན་པའོ།། ཆོས་དབྱིངས་རྣམ་པར་དག་པས་དྲི་མེད་ཡེ་ཤེས ་མཆོག། མཉམ་ཉིད་ཡེ་ཤེས་དོན་ལྡན་ཐུགས་ལ་འདུད།། རྗེ་བཙུན་ལྷ་མོ་ཁྱོད་ནི་སངས་རྒྱས་ཀུན་གྱི་ཐུགས་ལ་གནས་པ་སྟེ།། མཁའ་འགྲོ་ཀུན་གྱི་ཡེ་ཤེས་རྡོ་རྗེ་སངས་རྒྱས་ཆེ།། རྡོ་རྗེ་མནཁའ་འགྲོ་ཆུ ་མའི་གཟུགས་ཅན་མ།། རིན་ཆེན་མཁའ་འགྲོ་དངོས་གྲུབ་ཀུན་གྱི་གཏེར།། པདྨ་མཁའ་འགྲོ་གེ་སར་ཡིད་དུ་འོང་།། ལས་ཀྱི་མཁའ་འགྲོ་སྲིད་གསུམ་འཁོར་ལོ་འཆང་།། སྐྱེ་མེད་ཐུགས་ཀྱི་དཀྱིལ་འཁོར་འཆང་།། སྐྱེ ་མེད་ཐུགས་ཀྱི་དཀྱིལ་འཁོར་ཤིན་ཏུ་མཛེས།། རིགས་རྣམས་འདུས་པའི་མཁའ་འགྲོ་ཐུགས་ལ་འདུད།། རྡོ་རྗེ་ཕག་མོའི་ཐུགས་ཀྱིས་བྱིན་གྱིས་རློབས།། ཧཱུཾ་ཧཱཾ་ཧཱཾ། ཐུགས་ཀྱི་བརྡའི་ལེའུ་སྟེ་སུམ་ཅུ ་པའོ།། །། མཆོད་པའི་བརྡ་ཕྱག་རྒྱ་བཞི་ཡིས་དབུལ་བ་ནི། དག་པ་ཡེ་ཤེས་བྷ་ག་ནས།། རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ།། མི་འགྱུར་གནས་པའི་བྷ་ག་ནས།། སངས་རྒྱས་མཁའ་འགྲོ་གཤེགས་སུ ་གསོལ།། ཤེས་རབ་བཙུན་མོའི་བྷ་ག་ནས།། ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ།། ཨུ་རྒྱན་དུར་ཁྲོད་རང་བྱུང་ནས།། འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ།། དགོངས་སམ་རྡོ་རྗེ་མཁའ་འགྲོ་མ།། རྡོ་རྗེ ་མཁའ་འགྲོ་སྐད་པ་དེ།། ཕྱག་རྒྱ་ཆེན་པོ་མ་ལགས་སམ།། སྣང་བ་ཐམས་ཅད་མཆོད་པར་འབུལ།། བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ།། དགོངས་སམ་ཡེ་ཤེས་མཁའ་འགྲོ་མ།། ཡེ་ཤེས་མཁའ་འགྲོ་སྐད་པ ་དེ།། ཆོས་ཀྱི་ཕྱག་རྒྱ་མ་ལགས་སམ།། འདུས་བྱས་ཐམས་ཅད་མཆོད་པར་འབུལ།། བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ།། དགོངས་སམ་ལས་ཀྱི་མཁའ་འགྲོ་མ།། ལས་ཀྱི་མཁའ་འགྲོ་སྐད་པ་དེ།། ལས་ཀྱི་ཕྱག ་རྒྱ་མ་ལགས་སམ།། ཕུང་པོ་ལྔ་ཡི་མཆོད་པར་འབུལ།། བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ།། དགོངས་སམ་འཇིག་རྟེན་མཁའ་འགྲོ་མ།། འཇིག་རྟེན་མཁའ་འགྲོ་སྐད་པ་དེ།། དམ་ཚིག་ཕྱག་རྒྱ་མ་ལགས ་སམ།། བདུད་རྩི་ལྔའི་མཆོད་པར་འབུལ།། བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ།། བཛྲ་ཌཱ་ཀི་ནི། བུད་དྷ་ཌཱ་ཀི་ནི། དྷརྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། མ་ཧ་མུ་ཏྲ། དྷརྨ་མུ་ཏྲ། ཀརྨ་མུ་ཏྲ། ས་མ་ཡ་མུ་ཏྲ། ཁ་ཁ་ཁ་ཧི་ཁ་ཧི། ་མཆོད་པ་བརྡའི་ལེའུ་སྟེ་སོ་གཅིག་པའོ།། །། མཁའ་འགྲོའི་རྟགས་ཀྱི་བསྟན་པ་ནི།། མ་དང་སྲིང་མོའི་ཆ་ལུགས་ནི།། སྙིང་ཉེ་མྱུར་དུ་འགོ་བའི་བརྡ།། གྲོགས་མོ་མཛའ་མོར་འོང་བ་ནི།། གསང་ཐུབ་དངོས་གྲུབ ་སྟེར་བའི་བརྡ།། བྲན་མོ་ཁོལ་མོར་འོང་བ་ནི།། དབང་བསྡུས་བཀོལ་དུ་བཏུབ་པའི་བརྡ།། ཆུང་མ་མནའ་མར་འོང་བ་ནི།། ཕྲག་དོག་འཁོར་ལོ་འཕྲེང་བའི་བརྡ།། བཙན་མོ་ཇོ་མོར་འོང་བ་ནི།། དབང་དུ་མ་འདུས་མི ་འགྲུབ་བརྡ།། གཡུ་དང་རྒྱན་ཆ་མཛེས་པ་ནི།། ཐུགས་དམ་བསྐོངས་ནས་དག་པའི་བརྡ།། ཤོན་དང་ཕྱག་འཚལ་བྱེད་པ་ནི།། དམ་ཚིག་སྐྱོན་མེད་འགྲུབ་པའི་བརྡ།། བུད་མེད་མང་པོ་ཟས་ནོར་སྟེར།། དངོས་གྲུབ་ནོར ་ཚོགས་འདུ་བའི་བརྡ།། ཟོད་པ་ཆང་གིས་བཀང་ནས་སྟེར་བ་ནི།། མཆོག་གི་དངོས་གྲུབ་སྟེར་བའི་བརྡ།། བུད་མེད་ཚོགས་ཀྱི་ནང་ན་འདུག། མཁའ་འགྲོའི་ཚོགས་རྣམས་འདུ་བའི་བརྡ།། རིན་ཆེན ་གཏེར་རྣམས་རྙེད་པ་དང་།། མཆོད་ཆ་སྣ་ཚོགས་རྙེད་པ་དང་།། ན་ཆུང་ཕྱག་རྒྱར་འབུལ་བ་ནི།། ཐུགས་ཀྱི་དངོས་གྲུབ་ཐོབ་པའི་བརྡ།། ལ་དོང་གྲུ་རྙེད་ཆོས་རྣམས་རྙེད་དང་བལྟས་པ་ནི།། ཆོས་ཀྱི་དངོས་གྲུབ་ཐོབ། ་པའི་བརྡ།། རྡོ་རྗེ་དྲིལ་བུ་རྙེད་པ་དང་།། བདུད་རྩི་ཆུ་ལ་འཐུངས་པ་དང་།། རང་ལ་ཉི་མ་ཤར་བ་ནི།། ཚེ་ཡི་དངོས་གྲུབ་ཐོབ་པའི་བརྡ།། ཤེས་དང་རིན་ཆེན་རྙེད་པ་ནི།། དམ་ཚིག་མ་ཉམས་བསམ་འགྲུབ་བརྡ།། རྔ ་ཆེན་བརྡུངས་དང་དུང་ཆེན་འབུད།། གདུགས་དང་རྒྱལ་མཚན་འཕྱར་བ་ནི།། ཆོས་ཀྱི་སྙན་གྲགས་ཐོབ་པའི་བརྡ།། གངས་དཀར་རྩེ་ལ་འདུག་པ་དང་།། རི་བོའི་རྩེ་ལ་འདུག་པ་དང་།། མཆོད་རྟེན་རྩེ་ལ་འཛེག་པ ་དང་།། མགོ་ལ་ཉི་མ་ཤར་བ་ནི།། མཆོག་གི་དངོས་གྲུབ་ཐོབ་པའི་བརྡ།། བཟང་པོའི་བརྡ་རྟགས་ལེའུ་སྟེ་སོ་གཉིས་པའོ།། །། ངན་པའི་བརྡ་རྟགས་བསྟན་པ་ནི།། མུན་ནག་འཐིབས་དང་རྨུགས་པས ་གཏིབས།། ས་སྲོས་ནུབ་མོར་འདུག་པ་ནི།། ལས་སྒྲིབ་ཆེ་བའི་བརྡ་དང་རྟགས།། བུད་མེད་འཐབ་ཅིང་འཛིན་བ་དང་།། ཡུག་ས་མོ་དང་མཛེ་མ་དང་།། རྐུབ་དང་མོ་མཚན་སྟོན་པ་དང་།། བུད་མེད་ཉལ་པོ་བྱེད་པ ་དང་།། བུད་མེད་ཕོ་མཚན་སྟོན་པ་ནི།། ཉམས་གྲིབ་བར་ཆད་འོང་བའི་བརྡ།། བུད་མེད་མང་པོ་འཁྲུག་པ་དང་།། རྒོལ་དུ་འོང་དང་ཐེ་ལེས་འདེབས།། ངུ་དང་བྲང་རྡུང་འོ་དོད་བོད།། མཁའ་འགྲོ་འཁྲུགས་དང་ཁྲོད ་པའི་བརྡ།། བུད་མེད་སློང་དུ་འོང་བ་དང་།། སྟོན་མོའི་འདོད་དང་ཁྲལ་འདོད་དྲང་།། རང་ཡང་ལྟོགས་དང་སྐོམ་པ་ནི།། མཁའ་འགྲོ་མ་བསྐོངས་པ་ཡི་བརྡ།། རྒྱང་གླུ་ལེན་ཅིང་ཕྱིར་འགྱེས་དང་།། རྟ་དང་བོང་བུ་མཐོང ་བ་ནི།། མི་འགྲུབ་ཕྱི་ཐལ་ཡིན་པའི་བརྡ།། ཁྲོ་བའི་ཚོགས་སུ་འོང་བ་དང་།། སྐྱ་བཤར་ཞིབ་ཅན་མང་པོ་འོང་།། ཕོ་ཡིས་བར་ཆད་བྱེད་པའི་བརྡ།། མི་རང་ལག་ཆ་མེད་པ་དང་།། བདག་དང་གཞན་འཐབས་ཁོ་རྒྱལ ་དང་།། ཚེ་ལོང་རྒྱན་བྱས་འཕམ་པ་ནི།། བར་ཆད་འོང་བའི་བརྡ་དང་རྟགས།། ཡུལ་ངན་ཁ་བ་བུ་ཡུག་དང་།། འདམ་རྫབ་མི་གཙང་ཕྱི་ས་དང་།། བློ་དང་རྣག་ཁྲག་འགོས་པ་ནི།། ཉམས་གྲིབ་མི་གཙང་བ་ཡི ་བརྡ།། བུད་མེད་ངོ་མི་ཤེས་པ་དང་།། སྐྱ་བཤར་ངོ་མི་ཤེས་པ་དང་།། གྲི་ལ་ཡུ་བ་མེད་པ་དང་།། མདའ་ལ་མདེའུ་མེད་པ་དང་།། ཕུར་བ་རྩེ་མོ་ཆག་པ་ནི།། གདམ་ངག་ལྷག་ཆད་བྱུང་བ་དང་།། སྔགས་ལ་སེལ་ཡིག ་ཞུགས་པའི་བརྡ།། ངན་པའི་རྟགས་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །། ངན་རྟགས་བཟང་པོར་སྟོན་པའི་བརྡ།། རྩི་ཤིང་མེས་བསྲེགས་རྒྱ་མཚོ་བསྐམས།། ལུས་ལ་རྣག་ཁྲག་འབྱུང་བ་དང་།། ཡར་སྐྱུག་མར ་བཤལ་འབྱུང་བ་དང་།། རང་ལུས་རང་གིས་བགོས་པ་དང་།། དོན་སྙིང་ནང་ཁྲོལ་རང་གིས་མཐོང་།། གཅེར་བུ་བྱས་ནས་མཆོད་རྒྱུག་དང་།། ལས་དང་སྒྲིབ་པ་ཟད་པའི་བརྡ།། བཟང་རྟགས་ངན་པར ་སྟོན་པའི་བརྡ།། གསེར་དང་ཟས་ནི་རྙེད་པ་དང་།། ལྷ་ཁང་ནང་དུ་ཕྱག་བཙལ་དང་།། མཆོད་རྟེན་ནང་དུ་འདུག་པ་དང་།། གསུང་རབ་མང་པོ་འདོན་པ་དང་།། རྟ་རྒོད་ཞོན་དུ་མ་བཏུན་དང་།། རྟ་པ་མང་པོ་ཁྲོས་པ ་དང་།། བཙུན་པ་བཙང་པོ་དགེ་ཤེས་དང་།། མྱ་ངན་ཁ་མཆུ་ཕྱི་ཐལ་རྣམས།། རྒྱལ་པོའི་བར་ཆད་འོང་བའི་བརྡ།། ཕྱི་རྟགས་འཆོལ་བར་སྟོན་པའི་བརྡ།། སྔོན་ལ་ཕོ་ཡི་ཆོ་འཕྲུལ་འོང་།། གྲུབ་རྟགས་ཉེ་སྟེ་འཁུ་ལྡོག ་ཆེ།། སྐྱེ་བོའི་ཚོགས་ཀྱིས་ཕྱག་འཚལ་དང་།། བུད་མེད་མང་པོ་འདུད་པ་དང་།། རི་བོའི་རྩེ་ལ་འདུག་པ་དང་།། ཆུ་བོ་ཆེ་ལས་བརྒལ་བ་དང་།། གྲུ་དང་གཟིངས་ལ་འགྲོ་བ་དང་།། མེ་ཆེན་འབར་དང་རླུང་ཆེན ་འཚུབས།། དམག་དང་ལྟད་མོ་བྱེད་པ་དང་།། རྒྱ་གར་སྐད་རིས་མིག་ཅིག་པ།། ཆོས་འཆད་སྐྱོ་བའི་ཚུལ་སྟོན་དང་།། ཟང་ཟིང་འདུ་ལོང་མང་པོ་ནི།། མཁའ་འགྲོ་ཕོ་མོ་འཆོལ་པ་རྣམས།། བདག་ལ་འགོ་ཞིང་འགྲུབ ་པའི་བརྡའོ།། བརྡ་རྟགས་གསུམ་གྱི་ལེའུ་སྟེ་སོ་བཞི་པའོ།། །། ཉམས་དང་མངོན་སུམ་པར་རྟགས་ནི།། ཆོས་བྱེད་སྙིང་འདོད་པ་དང་།། སྔར་བས་ལུས་ཡངས་བདེ་བ་དང་།། བྱིན་དང་བྱིན་བརླབས་ཐིབས་ཤིང ་འུར།། བག་དྲོ་ཉམས་དགའ་མཁའ་འགྲོ་མཐོང་།། ཆོས་ཉིད་དོན་ལ་སེམས་གནས་དང་།། ཆོས་རྣམས་མཐོང་བས་དོན་ཤེས་དང་།། གཉིད་དང་བསམ་གཏན་འདྲེས་པ་དང་།། རྨི་ལམ་ན་ཡང་ཆོས་དང ་འགྲོགས།། སྨྲས་པ་ཐམས་ཅད་ཆོས་སུ་འགྲོ།། བཀའ་བསྒོ་ཙམ་གྱིས་ལྷ་འདྲེ་ཉན།། བྱིན་བརླབས་བྱས་པས་གདོན་ཞི་དང་།། ཉམས་དང་རྟོགས་པ་ཁོང་ནས་འཆར།། ཉོན་མོངས་དུག་ལྔ་ཞི་བ་དང་།། སྐྱེ་འཆིའི་སྡུག ་བསྔལ་རྟག་ཏུ་དྲན།། འཁོར་བ་ལས་ནི་བློ་ལོག་པ།། ཌཱ་ཀིའི་བྱིན་བརླབས་ཞུགས་པའི་བརྡའོ།། ཉམས་དང་བྱིན་བརླབས་ཀྱི་བརྡ་རྟགས་ལེའུ་སྟེ་སོ་ལྔ་པའོ།། །། སློབ་དཔོན་པདྨ་འབྱུང་གནས་ཀྱིས།། དུར་ཁྲོད ་ཆེན་པོ་དགའ་བའི་ཚལ་དུ། མཁའ་འགྲོ་མ་ཞི་བའི་མཚོ་ལ་ཞུས་པ། ཌཱ་ཀི་མའི་སྙན་བརྒྱད་དགོངས་དོན་འབྱུང་བའི་ལས་སྣ་ཚོགས། བསྐྱེད་རིམ་གཉིས་ཀྱི་མན་ངག་གི་རྒྱུད། སློབ་དཔོན་པདྨས་ཇོ་མོ་མཁར་ཆེན ་བཟའ་མཚོ་རྒྱལ་ལ་གདམས་པ་རྫོགས་སོ།། རྒྱ་རྒྱ་རྒྱ།། ་