CLOSE WINDOW

Gpb045.009: mkha' 'gro dpa' bo dpa' mo pho thems mo thems kyi rgyud ces bya ba
Wyliee-texts produced with BDRC’s OCR application

བཟའ་ལ་ཐུགས་དམ་དུ་གཏད་པའོ།། །། རྫོགས་སོ།། མཁའ་འགྲོའི་རྒྱུད་བཞུགས་པ་ཙམ་གྱིས་མཁའ་འགྲོ་འདུ་བར་འགྱུར་གསུངས་ས་སོ།། ། @#།། རྒྱ་གར་སྐད་དུ།། ཌཱ་ཀི་ནི་ཙ་ཀྲུ་ཏན་མ་ཏན་ཏྲ་ན ་མ། བོད་སྐད་དུ། མཁའ་འགྲོ་དཔའ་བོ་དཔའ་མོ་ཕོ་ཐེམས་མོ་ཐེམས་ཀྱི་རྒྱུད་ཅེས་བྱ་བ། མཁའ་འགྲོ་སྡེ་བཞི་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དུར་ཁྲོད་ཆེན་པོའི་གནས་མཆོག ་ན།། མཁའ་འགྲོ་རྡོ་རྗེ་ཕག་མོ་ལ།། འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར།། དཔའ་བོ་དཔའ་མོ་བསྐོར་བའི་ཚེ།། བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས།། མཁའ་འགྲོ་མ་ལ་འདི་སྐད་ཞུས།། ཨེ་མ་མཁའ་འགྲོ་ཡེ་ཤེས ་ཆེ། ཡེ་ཤེས་མཁའ་འགྲོ་སྒྲུབ་པ་ལ།། ཕོ་ཐེམས་མོ་ཐེམས་ཇི་ལྟར་བདོག། དེ་ཡི་གདམས་པ་བསྟན་དུ་གསོལ།། ཞེས་ཞུས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། ཡེ་ཤེས་མཁའ་འགྲོས་བཀའ་སྩལ་པ།། ཨེ ་མ་མཁའ་འགྲོ་གསང་བའི་གནད།། ཡི་གེ་བཞི་པ་ཞེས་བྱ་བ།། མཁའ་འགྲོ་ཕོ་མོའི་གནད་ཡིན་ཏེ།། ཧ་རི་ནི་ས་ཞེས་བྱ་བ།། མཁའ་འགྲོ་སྡེ་བཞིའི་སྙིང་པོ་ཡིན།། ར་ཙ་ཧྲི་ཡ་ཞེས་བྱ་བ།། དབང་ཆེན་སྡེ ་བཞིའི་སྙིང་པོ་ཡིས།། འདི་ཡི་སྒྲུབ་ཐབས་རྣམ་པ་ལྔ།། སྐུ་བསྒྲུབ་པ་དང་གསུང་བསྒྲུབ་པ།། ཐུགས་བསྒྲུབ་པ་དང་ཡོན་ཏན་བསྒྲུབ།། འཕྲིན་ལས་བསྒྲུབ་པ་དག་དང་ལྔ།། དེ་དག་རེ་ལ་བཞི་བཞི་སྟེ།། སྐུ་བསྒྲུབ་པ་ཡི། ་ཡི་གེ་བཞི།། བྱིན་རླབས་ནུས་པའི་ཡི་གེ་བཞི།། སྣང་བ་བསྒྱུར་བའི་ཡི་གེ་བཞི།། བར་ཆད་བསལ་བའི་ཡི་གེ་བཞི།། ལོངས་སྤྱོད་བསྡུ་བའི་ཡི་གེ་བཞི།། གསུང་བསྒྲུབ་པ་ལ་རྣམ་པ་བཞི།། རང་ཉིད་སྨྲ་བའི་སེང་གེར ་གཏང་བའི་ཡི་གེ་བཞི།། གཞན་ལྐུགས་སུ་གཞུག་པའི་ཡི་གེ་བཞི།། ཐོས་པ་འཛིན་པའི་ཡི་གེ་བཞི།། རིག་སྔགས་མནན་པའི་ཡི་གེ་བཞི།། ཐུགས་བསྒྲུབ་པ་ལ་རྣམ་པ་བཞི།། མངོན་ཤེས་འོང་བའི་ཡི་གེ་བཞི།། རྟེན ་འབྲེལ་འཆར་བའི་ཡི་གེ་བཞི།། བསམ་གཏན་འཕར་བའི་ཡི་གེ་བཞི།། ཡིད་འཕྲོག་པ་ཡི་ཡི་གེ་བཞི།། ཡོན་ཏན་བསྒྲུབ་པ་ལ་ཡང་རྣམ་པ་བཞི།། རྐང་མགྱོགས་འོང་བའི་ཡི་གེ་བཞི།། དྲོད་སྐྱེ་བ་ཡི་གེ་བཞི།། མི་སྣང ་བསྒྲུབ་པའི་ཡི་གེ་བཞི།། མཁའ་སྤྱོད་བསྒྲུབ་པའི་ཡི་གེ་བཞི།། འཕྲིན་ལས་བསྒྲུབ་པའི་ཡི་གེ་བཞི།། བརྒྱ་བྱིན་ལྷའི་དབང་པོས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཟིལ་གྱིས་མནན་པ། ཧ་ཡ་གྲཱི་བ་མིག་གི་འཁོར་ལོས་གླང ་པོ་ཆེ་ཟིལ་གྱིས་མནན་པ། ལང་ག་མགྲིན་བཅུ་མིག་གི་འཁོར་ལོས་མི་རྒོད་ཟིལ་གྱིས་མནན་པ། ཀུ་ཀུ་ར་ཙ་མིག་གི་འཁོར་ལོས་ལྕེ་སྤྱང་ཟིལ་གྱིས་མནན་པའོ།། མན་ངག་ཉི་ཤུ་བསྟན་པའོ།། ཕྱི་སྐོར་གདམས་པའི ་མན་ངག་བཞི།། ནང་སྐོར་སྙིང་གི་མན་ངག་བཞི།། གསང་སྐོར་མིག་གི་གདམས་པ་བཞི།། ཡང་གསུང་ཐུགས་ཀྱི་མན་ངག་བཞི།། དེ་ལྟར་མན་ངག་བཅུ་དྲུག་ཡོད།། མི་སྡོད་པ་གསུམ་གྱིས་དཀྱིལ་འཁོར་གསུམ་ལམ ་དུ་བསླང་། གོ་བགོ་པས་དྲན་པ་གསུམ་ལམ་དུ་བསླང་། ཡི་གེ་འབྲུ་བཞིས་འཁོར་ལོ་གསུམ་ལམ་དུ་བསླང་། མཚུངས་པ་གསུམ་གྱིས་འདུ་བ་གསུམ་ལམ་དུ་བསླང་། ལྷའི་ཞལ་མཐོང་བར་འདོད་པ་ན་སངས་རྒྱས་ཀྱི ་སྐུ་ལ་ས་རྡེ་གཟུགས། མི་བརྗེད་པའི་གཟུངས་ཐོབ་པར་འདོད་ན། དྲང་སྲོང་གསུང་ལ་ས་རྡོ་གཟུགས། གནས་ལུགས་ཀྱི་དོན་རྟོགས་པར་འདོད་ན། ཡེ་ཤེས་ཀྱི་ཐུགས་ལ་ས་རྡེའུ་གཟུགས། ཐུན་མོང་གི་དངོས ་གྲུབ་ཐོབ་པར་འདོད་ན། དཀའ་ཐུབ་ལ་ས་རྡེའུ་གཟུགས། ནད་རྣམ་པ་བཞི་སེམས་ཅན་བཞིའི་སྐད་ཀྱིས་ཡུལ་འདོན། ཐ་མལ་པ་བཞིའི་འཁོར་ལོ་བཞིའི་མཚན་ཉིད་ཀྱིས་ཡུལ་གདོན། རྩའི་དུག་གསུམ་འབྱུང་བ ་གཞུག་པའི་ཡི་གེས་ཡུལ་གདོན། བསྡུས་པའི་ཡི་གེ་ལྔ། མངོན་པར་སངས་རྒྱ་བའི་ཡི་གེ། འཇིག་རྟེན་གྱི་མི་མ་ཡིན་དཔུང་ཚོགས་བསྐྱེད་པའི་ཡི་གེ། ཐུན་མོང་གི་ཟས་ཚོགས་དང་གོས་ཚོགས་འདུ་བའི་ཡི་གེ། འབྱུང ་བ་རོ་སྙོམས་པའི་ཡི་གེ། ལས་ཕྲན་ཚེགས་ཀྱི་ཡི་གེ། དེ་ལྟར་གནད་དང་ཐེམས་དག་གིས།། མཁའ་འགྲོ་སྡེ་བཞི་གནད་ལ་བོར་བ་གཅེས།། ཐེམས་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ ་ནས་བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས་ཞུས་པ། ཨེ་མ་ཡེ་ཤེས་མཁའ་འགྲོ་མ།། ཡེ་ཤེས་མཁའ་འགྲོ་ཇི་ལྟར་བསྒྲུབ།། ལས་ཀྱི་ཐེམས་རྣམས་ཇི་ལྟར་བགྱི།། མན་ངག་རྒྱས་པར་བཤད་དུ་གསོལ།། དེ་སྐད་གསོལ་པ ་གསན་ནས་ཀྱང་།། ཡེ་ཤེས་མཁའ་འགྲོས་བཀའ་སྩལ་བ།། ཡེ་ཤེས་མཁའ་འགྲོ་གསང་བའི་གནད།། རྒྱ་སྐད་ཚིགས་བཞིའི་སྒོར་འཇུག་པ།། དད་དང་བརྩོན་འགྲུས་སྙིང་རྗེར་ལྡན་པ་གཅེས།། བཀའ་བབས་ལུང་ལ ་དབང་ཐོབ་གཅེས།། ཡིད་དམ་བསྙེན་པ་འཐེམས་པ་གཅེས།། འཇིག་རྟེན་བྱ་བཞག་འཁོར་བ་བློས་གཏང་གཅེས། དུར་ཁྲོད་གླིང་དང་གཡའ་དང་གངས་ལ་སྡོད་པ་གཅེས། དེ་ལྟར་གཅེས་པ་ལྔས་བསྟན་ནས། རིག ་པ་བཙན་ཐབས་སུ་ཤར་པའི་གཏུམ་མོ། མཁའ་འགྲོ་མའི་འབར་གནད། གསང་བ་སྔགས་ཀྱི་ཡང་སྙིང་། ཉམས་སུ་བླང་བའི་རིམ་པ། ཞི་བར་བསྙེན་དང་དྲག་པོར་བསྒྲུབ།། ཞི་བར་བསྙེན་པ་བྱ་འདོད་ན།། རང་ཉིད ་དྲན་རྫོགས་ཕག་མོར་བསྒོམ།། སྤྱི་བོར་བླ་མ་བསྒོམ་པར་བྱ།། སྙིང་ཁར་དཔའ་བོ་སྡེ་ལྔ་བསམ།། ལྟེ་བར་དཔའ་མོ་སྡེ་ལྔ་བསམ།། ཧྲི་མ། ཧ་རི་ནི་ས། ར་ཙ་ཧྲི་ཡ། དཔའ་བོ་དཔའ་མོ་བསྒྲུབ་པའི་སྔགས།། བསྙེན་པ ་སྔོན་དུ་སོང་བ་དང་།། དྲག་པོས་བསྒྲུབ་པ་བྱ་བ་ནི།། སྙིང་ཁ་གཡས་སུ་ཡེ་ཤེས་ཌཱ་ཀི་མ།། གཡོན་དུ་རིན་ཆེན་ཌཱ་ཀི་མ།། མགྲིན་པར་པདྨ་ཌཱ་ཀི་ལ།། ལྟེ་བར་ལས་ཀྱི་ཌཱ་ཀི་མ།། དབང་ཆེན་པོ་བཞི་ངག་དང་ལྡན།། དེ ་ལྟར་གསལ་གདབ་སྔགས་འདི་བཟླས།། ཧ་རི་ནི་ས། ར་ཙ་ཧྲི་ཡ། དེ་ལ་གྲུབ་པའི་རྟགས་བསྟན་པ།། རི་བོའི་ཁ་ན་འདུག་པ་དང་།། སྐྱེ་བོའི་ཚོགས་ཀྱིས་ཕྱག་བྱེད་དང་།། བུད་མེད་མང་པོས་བསྐོར་བ་དང་།། ཆུ་བོ ་ཆེན་པོ་བརྒལ་བ་དང་།། མེ་ཆེན་འབར་བས་བསྲེགས་པ་དང་།། རླུང་ཆེན་བྱུང་ནས་ཁེག་པ་དང་།། ཟས་སྐོམ་གོས་ཀྱིས་བཀུར་བྱེད་དང་།། དེ་ལྟར་བྱུང་ན་གྲུབ་པ་ཡིན།། ཡུག་སར་བྱུང་ན་བཤགས་པ་བྱ།། སྦྲང་པོར ་བྱུང་ན་གཏོར་ཚོགས་བྱ།། ངུ་ཞིང་བྱུང་ན་དཀའ་ཐུབ་བྱ།། རྒྱལ་པོ་བཙུན་མོར་བྱུང་བ་ན།། ཡི་གེ་གསུམ་གྱིས་མགོ་ཡང་མནན།། མི་རེང་ཕྱུགས་སུ་བྱུང་ན་དཀའ་ཐུབ་བྱ།། མཛེ་མོར་བྱུང་ན་དམ་ཚིག་བསྐང་།། ཕྱིར་ལ ་བསྐྱེད་ན་བསྒྲུབ་པར་བྱ།། དེ་ལྟར་རྟགས་དང་སྦྱར་བར་བྱ།། ལུས་ནི་མི་དལ་སྦྲུལ་བསྐྱོད་བྱ།། ངག་ནི་མི་དམ་བཟླས་པ་བྱ།། ཡིད་ནི་མི་དལ་གསལ་སྟོང་བསྒོམ།། དཔལ་གྱི་མཁའ་འགྲོ་གསང་བ་འདི།། འགྲོ་ཀུན ་ཆགས་ཡིད་བྲལ་བར་འགྱུར།། ཞེས་མཁའ་འགྲོ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱིན་རླབས་འབྱུང་བའི་ཡི་གེ་བཞི།། བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ།། སྙིང་ཁ་གཡས ་གཡོན་ལྟེ་བ་དང་།། གསུམ་དུ་ཌཱ་ཀི་བསྐྱེད་པར་བྱ།། བླ་མའི་སྤྱི་བོར་བསྒོམ་པར་བྱ།། སྔགས་ཀྱི་ང་རྒྱལ་བཟླས་པ་ནི།། ཧ་རི་ནི་ས། སྔགས་དང་མཁའ་འགྲོ་ངོ་སྤྲད་ནས།། སྣང་བ་ཟིལ་གྱིས་མནན ་པར་བྱ།། རྟོག་པ་ཧར་པོར་བཏང་ནས་ནི།། ཧ་ནི་རྡོ་རྗེ་མཁའ་འགྲོ་མ།། རི་ནི་རིན་ཆེན་ཌཱ་ཀི་མ།། ནི་ནི་པདྨ་ཌཱ་ཀི་མ།། ས་ནི་ལས་ཀྱི་ཌཱ་ཀི་མ།། མཁའ་འགྲོ་རྣམ་བཞིས་བྱིན་གྱིས་རློབས།། ཞེས་བྱིན་བརླབས་ནུས ་པའི་ཡི་གེ་བཞི་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྣང་བ་བསྒྱུར་བའི་ཡི་གེ་བཞི།། ཧ་ཆད་པོ་དེ་ལྟ་བ། རི་མི་འགྱུར་བ་སྒོམ་པ། ནི་དབང་དུ་སྡུད་པ་སྤྱོད་པ། ས་སྲ་ཞིང ་མཁྲེགས་པ་འབྲས་བུ་བསྟན།། ལྟ་བ་ལྟ་རུ་མེད་པ་ཆུ་ལ་རལ་གྲི་བརྒྱབ་པ་འདྲ།། སྒོམ་པ་ཡེངས་མེད་ཆུ་བོའི་རྒྱུན་དང་འདྲ།། སྤྱོད་པ་ཉམས་མྱོང་ཕྱིར་ཤོར་བ་མཚོ་རྡོལ་བ་འདྲ།། འབྲས་བུ་སྤྱད་ཀྱིས་མི་ཟད་པ་ས་དང ་འདྲ།། ཞེས་སྣང་བ་བསྒྱུར་བའི་ཡི་གེ་བཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བར་ཆད་བསལ་བའི་ཡི་གེ་བཞི།། ཧས་ནི་ཀླུ་ཡི་བར་ཆད་སེལ།། རིས་ནི་གཉེན་གྱི་བར་ཆད ་སེལ།། ནིས་ནི་སྲིན་མོའི་བར་ཆད་སེལ།། ས་ཡིས་ས་བདག་བར་ཆད་སེལ།། གནས་བཞིར་ཧ་རི་ནི་ས་བསྒོམ།། ཧ་རི་ནི་སའི་ཆོ་འཕྲུལ་ལས།། ཡེ་ཤེས་ལྷ་ཡང་མི་སྣང་ན།། བར་ཆད་རྣམ་བཞི་ལྟ་ཅི་སྨོས།། ཞེས ་བར་ཆད་སེལ་བའི་ཡི་གེ་བཞིའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལོངས་སྤྱོད་བསྡུ་བའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧས་ནི་ཆོས་རྣམས་འདུ་བ་ཡིན།། རིས་ནི་ཟས་རྣམས་འདུ་བ ་ཡིན།། ནིས་ནི་མི་རྣམས་འདུ་བ་ཡིན།། སས་ནི་ནོར་རྣམས་འདུ་བ་ཡིན།། དེ་རྣམས་འདུ་བར་འདོད་པ་ན།། ཕྱི་ཡི་སྦྱིན་སྲེག་མཁའ་འགྲོ་མཆོད།། རང་གི་ཟ་འཕྲོ་འབོར་སྙིང་འདོད་ན་བོར།། གཞན་ལ་གཏེར་བར ་བྱེད་ན་ཡང་།། མཁའ་འགྲོ་མ་ལ་བྱིན་པར་བསམ།། ཅི་ཟ་ཅི་འཐུང་མཁའ་འགྲོ་མཆོད།། དེས་ནི་འདུ་བ་རྣམ་བཞི་འབྱུང་།། ཞེས་ལོངས་སྤྱོད་བསྡུ་བའི་ཡི་གེ་བཞི་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང ་དག་བཤད་བྱ་བ།། རང་སྨྲ་བའི་སེང་གེར་གཏང་བའི་ཡི་གེ་བཞི། ཧ་རི་ནི་ས་ཞེས་བྱ་བ།། ཧ་མཁའ་འགྲོ་མའི་བརྡའི་སྐད།། རི་གནོད་སྦྱིན་སྲིན་པོ་འདྲེ་ཡི་སྐད།། ནི་སཾ་ཀྲི་ཏ་ལྷའི་སྐད།། ས་རྡོལ་པ་བོད་ཀྱི་རང ་སྐད།། སྐད་བཞི་ཚངས་པའི་སྒྲ་སྐད་བཟླས།། ངག་ཏུ་ཇི་སྐད་ཟེར་སྙིང་འདོན་པར་བྱ།། དེ་ནས་ཆོས་དང་སྒྲ་སྐད་རྣམས།། རང་བཞིན་དག་གིས་འོང་བར་འགྱུར།། འགྲོ་དྲུག་ལྷ་ཀླུ་གང་ཡིན་ཡང་།། སྒྲ་སྐད་དག་ནི ་ཤེས་པར་འགྱུར།། ཕྱི་ནང་ཆོས་ལ་མཁས་པར་འགྱུར།། མཐུ་སོགས་གསང་སྔགས་གང་ཡང་འགྲུབ།། ལེགས་ཉེས་རྒྱུ་འབྲས་ཁ་ནས་སྨྲ།། སྨྲ་བའི་སེང་གེར་བདག་འགྱུར་རོ།། རང་སྨྲ་བའི་སེང་གེར་བཏང་བའི་ལེའུ ་སྟེ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཞན་ལྐུགས་སུ་གཞུག་པའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧས་ནི་རླུང་ཡང་གནོན་པ་ཡིན།། རིས་ནི་ཡིད་ཀྱང་གནོན་པ་ཡིན།། ནིས ་ནི་ངག་ཀྱང་གནོན་པ་ཡིན།། སས་ནི་ལུས་ཀྱང་གནོན་པ་ལས།། གཞན་དག་ཟིལ་གྱིས་གནོན་པ་ནི།། ལྕེ་ནི་ལྷ་མོ་གོས་དཀར་མོར་སྒོམ།། ལྕེ་ལྐོག་མགྲོན་བུ་བུ་ཆེ་གཞུག། ཕྱོགས་བཞིར་གོམ་པ་བདུན་བདུན ་བོར།། ཧ་རི་ནི་ས་བརྗོད་པ་ཡིས།། གཞན་གྱིས་སྨྲ་བར་མི་ནུས་སོ།། གཞན་ལྐུགས་སུ་གཞུག་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཟོས་པ་འཛིན་པའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ ་བ།། ཧས་ནི་བློ་རྣམས་འཕེལ་བར་བྱེད།། རིས་ནི་ཤེས་རབ་འཕེལ་བར་བྱེད།། ནིས་ནི་དྲན་པ་མྱུར་བར་བྱེད།། སས་ནི་ཡིད་རྣམས་གཟུང་བར་བྱེད།། ཁྱོར་གང་ཆུ་ལ་བརྒྱ་བཟླས་ལ། ཁྲུས་བྱས་ཁོང་དུ་བཏང་བ ་ན།། གསང་སྔགས་ཕྱི་ནང་སྡེ་སྣོད་ཆོས།། རྟོག་གེ་ལ་སོགས་མོད་ལ་འཛིན།། ཐོས་པ་འཛིན་པའི་ཡི་གེའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རིག་སྔགས་མནན་པའི་ཡི་གེ་བཞི།། ཧས་ནི་ནུབ ་པ་སྔགས་རྣམས་གནོན།། རིས་ནི་དམིགས་པའི་ལས་རྣམས་གནོན།། ནིས་ནི་དངོས་ཀྱིས་གནོན་པ་གནོན།། སས་ནི་རྟེན་འབྲེལ་རྫས་རྣམས་གནོན།། དུར་ཁྲོད་ཐོད་པ་མཚན་ངན་དུ།། རིག་སྔགས་གཏོང་བའི་མིང ་རུས་གཞུག། མཁའ་འགྲོ་འདུ་བའི་གནས་སུ་སྦ།། ནུས་པ་སྔགས་དང་རྟེན་འབྲེལ་རྫས།། དམིགས་པའི་ཏིང་འཛིན་མི་རྣམས་དངོས།། གང་གིས་གནོད་པས་མི་ཚུགས་འགྱུར།། རིག་སྔགས་མནན་པའི་ལེའུ་སྟེ་བཅུ ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མངོན་ཤེས་འོང་བའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧ་ནི་སངས་རྒྱས་མཁའ་འགྲོ་མ།། སངས་རྒྱས་ཐོབ་པའི་ལུང་ཡང་སྟོན།། རི་ནི་དམ་ཚིག་མཁའ ་འགྲོ་མ།། མི་མ་ཡིན་དབང་དུ་སྡུད་པའི་ལུང་ཡང་སྟོན།། ནི་ནི་ཆོས་ཀྱི་མཁའ་འགྲོ་མ།། ཕྱི་ཡི་འབྱུང་བ་གཏན་ལ་འབེབས།། ནང་གི་འབྱུང་བཞི་བཅུད་ལ་བོར་ཞིང་ལུང་ཡང་སྟོན།། ས་ནི་ལས་ཀྱི་ཌཱ་ཀི་མ།། ཐུན་མོང ་དངོས་གྲུབ་འབྱུང་བའི་ལུང་ཡང་སྟོན།། མངོན་པར་ཤེས་པ་འོང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྟེན་འབྲེལ་འཆར་བའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧ་ནི་སེམས་ཀྱི ་རྟེན་འབྲེལ་ཡིན།། རི་ནི་རྡོ་རྗེའི་རྟེན་འབྲེལ་ཡིན།། ནི་ནི་ཆུ་ཡི་རྟེན་འབྲེལ་ཡིན།། ས་ནི་ས་ཡི་རྟེན་འབྲེལ་ཡིན།། གཞན་ཡང་ཕན་འདོགས་བྱེད་པ་ན།། རིག་པ་ཅི་ཤར་བྱེད་དུ་གཞུག། མ་བཏུབ་རྟེན་འབྲེལ་མི་མཐུན ་པས།། བཏུབ་ན་དེ་ལ་ཕན་འདོགས་འགྱུར།། རང་གི་སེམས་ལ་འདི་ཕན་སྙམ་པ་བྱ།། དེས་ནི་དེ་ལ་ཕན་འདོགས་འགྱུར།། ཤེས་པ་འཐུམ་ནས་དཀའ་ཐུབ་རེམ་ལ་བྱ།། རྟེན་འབྲེལ་ཁོང་ནས་འཆར་བར ་འགྱུར།། རྟེན་འབྲེལ་འཆར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བསམ་གཏན་འཕར་བའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧས་ནི་སངས་རྒྱས་ཐོབ་པར ་བྱེད།། རིས་ནི་མི་མ་ཡིན་དབང་དུ་སྡུད།། ནི་ས་ནི་མངོན་པར་ཤེས་པ་འབྱུང་།། སས་ནི་ལས་ཀུན་ཐམས་ཅད་འགྲུབ།། རང་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམ།། རྐང་པའི་མཐིལ་དུ་རླུང་གི་དཀྱིལ་འཁོར་ཡཾ་གྱིས་མཚན ་པ་སྲན་མའི་གང་བུ་ཙམ་རེ་སྒོམ།། དེ་ནས་རླུང་གིས་མེ་སྦར་ཏེ།། ལྟེ་འོག་གཏུམ་མོ་མེའི་རང་བཞིན་ལ་ཕོག། ལྟེ་བའི་པད་འདབ་བརྒྱད་ཀྱི་སྟེང་།། མེ་ཆུ་ཁ་སྦྱོར་ཡི་གེས་བསྐོར།། མེ་ཆུ་མནན་པར་བསྒོམས་ལ ་བཟླས།། དེས་ནི་བསམ་གཏན་འཕར་བར་འགྱུར།། དེ་ནས་འཕྲོ་གཅོད་པ་ན།། ལྟེ་བའི་མེ་རྩེ་གསུམ་དུ་གཞུག། སྙིང་ཁ་མགྲིན་པ་སྤྱི་བོར་རིམས་ཀྱིས་བཏེག་ནས།། མཐར་ཀུན་མི་དམིགས་པར་བྱའོ།། བསམ ་གཏན་འཕར་བར་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡིད་འཕྲོག་པའི་ཡི་གེ་བཞི་ལ།། ཧ་རི་ནི་ས་ཞེས་བྱ་བ།། ཧ་རྡོ་རྗེ་མཁའ་འགྲོ་མ།། རི་རིན་ཆེན་མཁའ་འགྲོ་མ།། ནི་པདྨ ་མཁའ་འགྲོ་མ། ས་ལས་ཀྱི་ཌཱ་ཀི་མ། རྡོ་རྗེ་མཁའ་འགྲོ་མས་མོའི་ཡིད་འཕྲོག། རིན་ཆེན་ཌཱ་ཀི་མས་ནོར་གྱི་ཡིད་འཕྲོག། པདྨ་ཌཱ་ཀི་མས་ཕོའི་ཡིད་འཕྲོག། ལས་ཀྱི་ཌཱ་ཀི་མས་ཀུན་གྱི་ཡིད་འཕྲོག། ཧ་རི་ནི་ས་བཟླས ་པ་ཡིས།། ལྷ་འདྲེ་མི་གསུམ་ཡིད་འཕྲོག་སྟེ།། ཁྱད་པར་བུ་མོ་དབང་དུ་སྡུད།། བརྒྱ་བྱིན་ལྷ་ཡི་བུ་མོ་འགུགས།། མི་ཡི་བུ་མོ་སྨོས་ཅི་དགོས།། ཡིད་འཕྲོག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ ་བ།། རྐང་མགྱོགས་འོང་བའི་ཡི་གེ་བཞི།། ཧ་རི་ནིས་ཞེས་བྱ་བ།། ཧས་ནི་རླུང་ཡང་འདེགས་པར་བྱེད།། རིས་ནི་རུས་པ་འདེབས་པར་བྱེད།། ནིས་ནི་ས་རྣམས་འདེགས་པ་ཡིན།། སས་ནི་ཤ་ཡང་འདེགས་པ ་ཡིན།། བྱ་རྒོད་ཚིལ་དང་འབྲུ་མར་བསྲེ།། ཧ་རི་ནི་ས་བཟླས་བྱས་ནས།། རྐང་པའི་མཐིལ་ལ་བྱུག་པར་བྱ།། འགྲོ་ཚེ་རྐང་མཐིལ་རླུང་གི་བ་དན་གྱིས།། ཚིག་ཆེན་བཞི་ལ་བསྐྱོད་པར་བསམ།། འགྲོ་བ་རྟ་བས ་མགྱོགས་པར་འགྱུར།། རྐང་མགྱོགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མཁའ་སྤྱོད་བསྒྲུབ་པའི་ཡི་གེ་བཞི།། ཧ་རི་ནི་ས་ཞེས་བྱ་བ།། ཧ་ནི་རྣམ་རྟོག་ཉོན་མོངས་པའི་སྣང་བ་ལོག ་པའོ།། རི་ནི་མྱ་ངན་འདས་པའི་སྐམ་ས་ཆེན་པོའི་སྣང་བ་ལོག་པའོ།། ནི་ནི་འཇིག་རྟེན་གྱི་མི་མ་ཡིན་གྱི་སྣང་བ་ལོག་པའོ།། ས་ནི་སྔ་མ་གཉིས་ཐ་མི་དད་ཀྱི་སྣང་བ་ལོག་པའོ།། ཧ་རི་ནི་ས་བཟླས་པ་ཡི།། སངས་རྒྱས ་མཁའ་འགྲོས་ཞེན་པ་རང་ལོག་ཏུ་འགྲོ།། དམ་ཚིག་ཌཱ་ཀིས་ཐུན་མོངས་དངོས་གྲུབ་འབྱུང་།། ཆོས་ཀྱི་ཌཱ་ཀིས་ཞག་ཉི་ཤུ་རྩ་གཅིག་ན་མངོན་ཤེས་འཆར། ལས་ཀྱི་ཌཱ་ཀིས་ཐུན་མོང་མ་ཡིན་པའི་དངོས་གྲུབ་དྲོད་རང ་འབར་ཆེན་པོ་ཞག་བདུན་ནས་འབྱུང་། ཁྱེའུ་བུ་མོ་མཚན་ལྡན་ལོ་བདུན་ལོན་པའི་ཤ་ལ་བསྒྲུབས། མེས་མི་ཚིག། ཆུས་མི་ཁྱེར། མཚོན་གྱིས་མི་ཚུགས། གྲང་བས་མི་ཚུགས། ལུས་ལ་ན་ཚས་མི་ཚུགས། ་ཚེ་ཉི་ཟླ་དང་མཉམ། ནང་གི་འབྱུང་བཞི་བཅུད་ལ་མནན་པའོ།། མཁའ་སྤྱོད་བསྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དྲོད་སྐྱེ་བའི་ཡི་གེ་བཞི། ཧ་རི་ནི་ས་ཞེས་བྱ་བ། ཧ་རླུང་སྲོ།། ་རི་དྲོད་སྐྱེ། ནི་རྩ་སྲོ། ས་ལུས་སྲོ། བདག་ཉིད་མཁའ་འགྲོའི་སྐུར་བསྒོམས་ལ། གསང་གནས་ཡཾ་ལས་རླུང་བསྐྱེད་ལ། རཾ་ལས་ཕོག་པས་མེ་འབར། ཡི་གེ་བཞི་དམར་ཧྲིལ་ལི་ལི་འདུག་པ་ཡུད་ཙམ་བསམ། ངག་ཏུ་ཡི ་གེ་བཞི་པ་བགྲང་གྲང་ན་ལུས་པོ་སྦྲུལ་གསིག། བརྟུལ་ཞུགས་བྱའོ།། དེ་ནི་དྲོད་རང་འབར་དུ་འབྱུང་། དྲོད་སྐྱེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མི་སྣང་བསྒྲུབ་པའི་ཡི་གེ་བཞི།། ཧ ་རི་ནི་ས་ཞེས་བྱ་བ།། ཧ་ནི་རླུང་གི་སྒྲིབ་ཤིང་ཡིན།། རི་ནི་ཆུ་ཡི་སྒྲིབ་ཤིང་ཡིན།། ནི་ནི་མེ་ཡི་སྒྲིབ་ཤིང་ཡིན།། ས་ནི་ས་ཡི་སྒྲིབ་ཤང་ཡིན།། བྱ་མོ་ནག་མོའི་སྒོ་ང་རུ།། སྲིན་བུ་མེ་ཁྱེར་བདུན་བསྩལ་ནས།། ཁ་རུ་བཅུག ་ལ་འབྲུ་བཞི་བཟླས།། གཞན་གྱིས་བདག་ཉིད་མི་མཐོང་ལ།། བདག་གིས་གཞན་ནི་མཐོང་བར་འགྱུར།། ས་ཆུ་མེ་རླུང་གང་གིས་ཀྱང་།། བདག་ལ་ཚུགས་པར་མི་འགྱུར་རོ།། མི་སྣང་བ་བསྒྲུབ་པའི་ལེའུ་སྟེ་བཅུ་དགུ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བརྒྱ་བྱིན་ལྷ་ཡི་འཁོར་ལོ་ཡིས།། རྒྱལ་པོ་ཟིལ་གྱིས་མནན་པ་ནི།། རས་སམ་ཤིན་ཤུན་གྲོ་ག་ལ།། ལྷ་དབང་བརྒྱ་བྱིན་ལྟོ་བ་རུ།། ཧ་རི་ནི་ས་ཞེས་པ་དང་།། ར་ཙ་ཧྲི ་ཡ་ཞེས་པ་བྲི།། དབུས་སུ་གང་ལ་བྱ་བ་བྲི།། འཁོར་ལོས་སྒྱུར་བ་ལ་སོགས་པ།། མི་དང་མི་མ་ཡིན་པ་ཡི།། རྒྱལ་པོ་ཐམས་ཅད་ཟིལ་གྱིས་གནོན། བརྒྱ་བྱིན་ལྷའི་འཁོར་ལོས་རྒྱལ་པོ་ཟིལ་གྱིས་གནོན་པའི་ལེའུ་སྟེ་ཉི ་ཤུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཧ་ཡ་གྷི་བའི་མིག་གི་འཁོར་ལོ་ཡིས།། གླང་ཆེན་ཟིལ་གྱི་མནན་པ་ནི།། རྟ་མགྲིན་ལྟོ་བར་འཁོར་ལོ་བྲི།། ཧ་རི་ནི་ས་ཞེས་པ་དང་།། ར་ཙ་ཧྲི་ཡ་ཞེས་བྱ་བྲི།། འཁོར ་ལོ་སྔགས་ཀྱིས་བསྐོར་བྱས་ནས།། ཀླུ་དང་བྱོལ་སོང་གླང་ཆེན་རྣམས།། བྱོལ་སོང་རིགས་རྣམས་ཟིལ་གྱིས་གནོན།། ཧ་ཡ་གྷི་བའི་མིག་གི་འཁོར་ལོའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ ་བ།། ལང་ག་མགྲིན་བཅུའི་འཁོར་ལོ་ཡིས།། མི་རྒོད་ཟིལ་གྱིས་མནན་པ་ནི།། སྲིན་པོའི་ལྟེ་བར་འཁོར་ལ་བྲི།། ཧ་རི་ནི་ས་ཞེས་པ་དང་།། ར་ཙ་ཧྲི་ཡ་ཞེས་པ་བྲི།། འཁོར་ལོ་སྔགས་ཀྱིས་བསྐོར་བྱས་ནས།། དགྲ་དང ་འདྲེ་རྒོད་འབྱུང་པོའི་ཚོགས།། ཐམས་ཅད་ཟིལ་གྱིས་གནོན་པར་བྱེད།། ལང་ག་མགྲིན་བཅུའི་འཁོར་ལོའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཀུ་ཀུ་ར་ཙའི་མིག་གི་འཁོར་ལོ ་ཡིས།། ལྕེ་སྤྱང་ཟིལ་གྱིས་མནན་པ་ནི།། སེང་གེ་དཀར་མོའི་པགས་བུ་ལ།། སེང་གེ་དཀར་མོའི་ལྟོ་བ་རུ།། ཧ་རི་ནི་ས་ཞེས་པ་དང་།། ར་ཙ་ཏྲི་ཡ་ཞེས་པ་བྲི།། འཁོར་ལོ་སྔགས་ཀྱིས་བསྐོར་བྱས ་ནས།། རང་གི་ལུས་ལ་བཏགས་པ་ན།། ལྕེ་སྦྲང་རི་སྤྱང་ལུང་སྤྱང་དང་།། སྟག་གཟིག་དོམ་དྲེད་གཅན་གཟན་རྣམས།། ཐམས་ཅད་ཟིལ་གྱིས་གནོན་པར་བྱེད།། ཀུ་ཀུ་ར་ཙའི་མིག་གི་འཁོར་ལོའི་ལེའུ་སྟེ་ཉེར་གསུམ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་སྐོར་གདམས་པའི་ཡན་ལག་བཞི།། སྤྱི་བོ་བདེ་ཆེན་འཁོར་ལོ་ན།། ཡེ་ཤེས་མཁའ་འགྲོ་རྟོགས་པ་བསྐྱེད།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན།། དམ་ཚིག་མཁའ ་འགྲོ་དབང་དུ་སྡུད།། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན།། ཆོས་ཀྱི་མཁའ་འགྲོས་དངོས་གྲུབ་སྟེར།། ལྟེ་བ་སྤྲུལ་པའི་འཁོར་ལོ་ན།། ལས་ཀྱི་མཁའ་འགྲོས་འབྱུང་བ་གཙུན།། ཕྱི་སྐོར་གདམས་པའི་ཡན་ལག་གི་ལེའུ་སྟེ་ཉེར ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ནང་སྐོར་སྙིང་གི་ཡན་ལག་བཞི་ལ།། རྡོ་རྗེ་མཁའ་འགྲོ་དབང་དུ་མ་འདུས་པས།། རྟོགས་པ་སྐྱེ་རུ་མ་བཏུབ་ན།། བདུད་རྩི་ལྔ་ལ་སྤྱོད་པར་བྱ།། སྣང་བ་ཟིལ་གྱིས ་མ་ནོན་ན།། རིན་ཆེན་མཁའ་འགྲོ་དབང་དུ་མ་འདུས་པས།། དེ་ལ་དཀའ་ཐུབ་རེམ་ལ་བྱ།། ལུས་ལ་དྲོད་དུ་མ་སྐྱེས་ན།། པདྨ་མཁའ་འགྲོ་དབང་དུ་མ་འདུས་པས།། དེ་ལ་ཚོགས་འཁོར་རེམ་ལ་བྱ།། ཟས་དང་འདུ ་འཛིམ་འདུས་ན།། ལས་ཀྱི་ཌཱ་ཀི་དབང་དུ་མ་འདུས་པས།། དེ་ལ་ཟས་ཀྱི་སྦྱིན་སྲེག་བྱ།། ནང་སྐོར་སྙིང་གི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གསང་སྐོར་མིག་གི་གདམས་པ་ནི།། མི ་རྟོག་པ་ཡི་ཡེ་ཤེས་དང་།། རྫས་དང་ལོངས་སྤྱོད་ཁོང་ནས་འཆར།། བདེ་བ་དང་དྲོད་གང་འདོད་པའི་འཁོར་ལོ་བཞི་གཡོན་ཕྱོགས་སུ་བསྐོར། ལུས་ཀྱི་བདེ་བ། ངག་གི་ནུས་པ། སེམས་ཀྱི་རྟོགས་པ་ལ་གཡས་ནས ་བསྐོར། སྣང་བ་བསྒྱུར་བ། བར་ཆད་བསལ་བ། ལོངས་སྤྱོད་བསྡུ་བ་གསུམ། གང་འདོད་བཤམས་ལ་གདགས་པར་བྱ། གསང་སྐོར་གདམས་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཡང ་གསང་ཐུགས་ཀྱི་མན་ངག་བཞི།། ཏིང་འཛིན་དྲན་པ་གནད་ཀྱི་གཟེར་གྱི་ཡི་གེ་བཞི། ཧ་ཕྱེད་པོ་མཐའ་བྲལ་ལྟ་བ། རི་མི་འགྱུར་བ་གསལ་བ་སྒོམ་པ། ནི་ཐམས་ཅད་དབང་སྡུད་སྤྱོད་པ། ས་སྲ་ཞིང་བརྟན་པ་དེ་འབྲས ་བུའོ།། ཨ་ཝ་དྷཱུ་ཏིའི་ཁ་ཕྱེ། མཁའ་འགྲོ་མ་ཀུན་དྷ་ར་མ་གཡས་སུ་བཅུག་ལ། དེ་ལ་མི་སྦར་བར་བསམ། ཡང་གསང་ཐུགས་ཀྱི་མན་ངག་གི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། ཡི་གེ ་འབྲུ་བཞིའི་འཁོར་ལོ་བཞི་ཉམས་སུ་བླང་བ་ནི། ཧ་རི་ནི་ས་ཡི་གེ་བཞི།། ཌཱ་ཀི་སྡེ་བཞིའི་སྙིང་པོ་སྟེ།། ལོངས་སྤྱོད་སྤེལ་ཞིང་དྲོད་དང་ལྡན།། ལུས་ལ་བདེ་ཆེན་འབར་བར་འགྱུར།། བདེ་བར་འདོད་ན་སྤྱི་བོར ་བསྐོར།། ལོངས་སྤྱོད་འདོད་ན་མགྲིན་པར་བསྐོར།། ལུང་སྟོན་འདོད་ན་སྙིང་ཁར་བསྐོར།། མེ་དྲོད་འདོད་ན་ལྟེ་བར་བསྐོར།། འཁོར་ལོ་བཞི་ཉམས་སུ་བླང་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། ་ནས་མི་སྡོད་པ་གསུམ་གྱི་དཀྱིལ་འཁོར་ལམ་དུ་བླང་བ་ནི། ལུས་མི་སྡོད་པ་ལྷའི་དཀྱིལ་འཁོར་ལམ་དུ་བླང་། ངག་མི་སྡོད་པ་སྔགས་ཀྱི་དཀྱིལ་འཁོར་ལམ་དུ་བླང་། སེམས་མི་སྡོད་པ་ཆོས་ཉིད་ཀྱི་དཀྱིལ་འཁོར་ལམ ་དུ་བླང་བ་ནི། དཀྱིལ་འཁོར་ལམ་སློང་གི་ལེའུ་སྟེ་ཉེར་དགུ་པའོ།། །། མཚུངས་པ་གསུམ་གྱིས་འདུ་བ་གསུམ་ལམ་དུ་བླང་བ་ནི། ལུས་ཌཱ་ཀི་དང་མཚུངས་པས་ནུབ་མོ་མཁའ་འགྲོ་འདུ། སྔགས་དངོས་གྲུབ་ཀྱི ་གཏེར་དང་མཚུངས་པས། ནང་ནུབ་ཟས་འདུ། རང་བཀུར་ནས་རྒྱལ་པོ་དང་མཚུངས་པས། ཉིན་མོ་མི་འདུའོ།། མཚུངས་པ་གསུམ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། ཡི་དམ་ལྷའི་ཞལ ་མཐོང་བར་འདོད་ན། རང་སངས་རྒྱས་ཀྱི་ས་ལ་ས་རྡོ་གཟུགས་པ་ནི། གདམས་ངག་ལ་ནང་བྱན་ཆུད་པ། སེམས་ཉིད་ལ་གདེང་ཆུད་པ། སྣང་བ་ལ་བྱན་ཆུད་པའོ།། དེ་གསུམ་དང་ལྡན་ན་སངས་རྒྱས་ཀྱི་ས་ལ་སྡེ ་ཚུགས། ཚུགས་པ་གསུམ་གྱི་ལེའུ་སྟེ་སོ་གཅིག་པའོ།། །། མི་བརྗེད་པའི་གཟུངས་ཐོབ་པར་འདོད་ན། དྲང་སྲོང་གི་གསུང་ལ་ས་རྡེ་གཟུགས་པར་འདོད་པ་ནི། ཤེས་བྱ་སྒྲོ་འདོགས་ཆོད་པས་མཉན་པའི ་གཟུངས་ཐོབ། ཤེས་བྱ་ཉམས་སུ་བླངས་པས་བསམ་པའི་སྒྲོ་འདོགས་ཆོད། ཤེས་བྱ་གཏན་ལ་ཕབ་པས་སྒོམ་པའི་སྒྲོ་འདོགས་ཆོད། དེ་གསུམ་གྱིས་སྒྲོ་འདོགས་ཆོད་པས་མི་བརྗེད་པའི་གཟུངས་ཐོབ་བོ།། སྒོ ་འདོགས་ཆོད་པ་གསུམ་གྱི་ལེའུ་སྟེ་སོ་གཉིས་པའོ།། །། གནས་ལུགས་ཀྱི་དོན་རྟོགས་པར་འདོད་ན། ཡེ་ཤེས་ཀྱི་ཐུགས་ལ་ས་ཇེ་གཟུགས་པ་ནི། ལུས་བདེ་བས་འབྱུང་བའི་ན་ཚས་མི་ཚུགས། ངག་བདེ་བས ་བགེགས་ཀྱིས་མི་ཚུགས། ཡིད་བདེ་བས་རྣམ་པར་རྟོག་པས་མི་ཚུགས་སོ།། བདེ་བ་གསུམ་གྱི་ལེའུ་སྟེ་སོ་གསུམ་པའོ།། །། ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་ན། དཀའ་ཐུབ་ལ་ས་རྗེ་གཟུགས་པ་ནི། བླ་མ ་སངས་རྒྱས་སུ་མཐོང་བས་བྱིན་བརླབས་ཀྱི་དངོས་གྲུབ་འབྱུང་། གདམས་ངག་ལ་བདུད་རྩིར་མཐོང་བས། ཉམས་མྱོང་གི་བྱིན་བརླབས་འབྱུང་། བཀའ་ལུང་ལ་ནོར་བུ་རིན་པོ་ཆེར་མཐོང་བས། མི་བསླུ་བའི་དངོས ་གྲུབ་འབྱུང་ངོ་།། མཐོང་བ་གསུམ་གྱི་ལེའུ་སྟེ་སོ་བཞི་པའོ།། །། རྩའི་དུག་གསུམ་ལ་འབྱུང་བ་གཞུག་པ་གསུམ་གྱིས་ཡུལ་གདོན་པ་ནི། ལུས་ལ་བདེ་བ་འབར། ངག་ལ་ནུས་པ་འབར། སེམས་ལ་རྟོགས་པ ་འབར། ཐ་མལ་གྱི་ཉོན་མོངས་པ་བག་ལ་ཞ། ཡེ་ཤེས་རྒྱས་པས་ཉོན་མོངས་པའི་དུག་ཡུལ་ཐོན། འབར་བ་གསུམ་གྱི་ལེའུ་སྟེ་སོ་ལྔ་པའོ།། །། ཐ་མལ་རྣམ་པ་བཞིས་འཁོར་ལོ་བཞིའི་མཚན་ཉིད་ཡུལ་གདོན་པ་ནི།། ་རིག་པ་ཐ་མལ་དུ་མ་བཞག་པར། རིག་པ་ལ་ངར་བཏགས་པས་སྣང་བ་མི་འགྱུར་བའི་དབང་མེད། ལུས་ཟ་མལ་དུ་མ་བསྡད་ཆུར་ཉལ་བས་དྲོད་མི་སྐྱེ་བའི་དབང་མེད། ལུས་ཀྱི་བྱ་ཟ་མལ་དུ་མ་བཞག ་བརྟུལ་ཞུགས་བྱས་པས། འབྱུང་པོ་ལ་བར་ཆད་བྱ་བ་འདི་དབང་མེད། མིའི་ཟླ་ལ་ཐ་མལ་དུ་མ་བསྡད་གཅིག་པུར་བསྡད་ན་ཉམས་མྱོང་ལ་མི་སྐྱེ་བའི་དབང་མེད། དབང་མེད་བཞིའི་ལེའུ་སྟེ་སོ་དྲུག་པའོ།། །། ནད ་རྣམ་པ་བཞི་སེམས་ཅན་བཞིའི་སྐད་ཀྱིས་ཡུལ་གདོན་པ་ནི། ཚང་པ་ལ་ཧས་གདོན། རླུང་ལ་རིས་གདོན། གྲང་བ་ལ་སས་གདོན། འདུས་པ་ལ་ནི་ས་ཆ་མཉམ་མོ།། ནད་གདོན་ཞི་བའི་ལེའུ་སྟེ་སོ་བདུན ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། མངོན་པར་འཚང་རྒྱ་བའི་ཡི་གེ་ནི། ཧ་ནི་མི་རྟོག་ཆོས་ཀྱི་དབྱིངས།། རི་ནི་མི་འགྱུར་ཆོས་ཀྱི་སྐུ།། ནི་ནི་ཡང་དག་མི་འགྱུར་བ།། ས་ནི་བསམ་གཏན་ཡང་དག་དོན།། འདི ་ཡི་དོན་དང་གང་ལྡན་པ།། མངོན་པར་འཚང་རྒྱ་བའི་ཡི་གེ་ཡིན། མངོན་པར་འཚང་རྒྱའི་ཡི་གེའུ་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ལྷ་འདྲེ་དཔུང་ཚོགས་བསྐྱེད་པའི་ཡི་གེ་ནི། ཧ་རི་ནི་ས། ་མོ་རྒྱུན་རྣམས་ཀྱི་དཔུང་བསྐྱེད་པ་ཡིན། ར་ཙ་ཧྲི་ཡ། ཕོ་རྒྱུད་དཔུང་ཚོགས་བསྐྱེད་པ་ཡིན།། ཕོ་རྒྱུད་མོ་རྒྱུད་དཔུང་གིས་ནི།། བར་ཆད་ཚར་ནི་གཅོད་པར་བྱེད།། ལྷ་འདྲེ་དཔུང་ཚོགས་བསྐྱེད་པའི་ལེའུ་སྟེ་སོ་དགུ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཟས་ཚོགས་གོས་ཚོགས་འདུ་བའི་ཡི་གེ་ནི། ཧ་རི་ནི་ས། ར་ཙ་ཧྲི་ཡ། ཞེས་གང་འདོད་མེ་ལ་སྦྱིན་སྲེག་བྱ། མཁའ་འགྲོ་ཚོགས་དང་གཏོར་མས་བསྐངས།། ཟས་དང་ནོར ་རྣམས་འབྱུང་བར་འགྱུར།། ཟས་ཚོགས་གོས་ཚོགས་བསྡུ་བའི་ལེའུ་སྟེ་བཞི་བཅུ་པའོ།། །། འབྱུང་བ་རོ་སྙོམས་པའི་ཡི་གེ་བཞི་ལ། འབྱུང་བ་མེ་ལ་ཆུ་བཏང་བ། ཆུ་ལ་ས་བཏང་བ་ལ་སོགས་པའོ།། གྲང་བ་སྐྱེས ་ན་རྐང་མཐིལ་ནས་རླུང་གཞུ་ལྟར་དུ་འཕངས་པས། གསང་བར་རཾ་ལས་མེ་འབར་བས། ལུས་ཟོ་སྟོང་ལྟ་བུའི་ནང་ནས་ཡར་མེ་འབར་བར་བསམ། ཚད་པསྐྱེད་ན་ཧ་དངུལ་ཆུ་ལྟ་བུ་ལས། ཡེ་ཤེས་ཀྱི་བདུད་རྩི་བབ ་པར་བསམ། རླུང་ལ་མར་ཁུ་ལྟ་བུར་བཞག། འབྱུང་བ་རོ་སྙོམས་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། ལས་ཕྲན་ཚེགས་ཀྱི་ཡི་གེ་ནི། ཨོཾ་ཨཱཿཧཱུཾ་མ་ཧ་རི་ནི་ས། ཞེས་པའི་ཡི་གེ་བརྒྱད། དབུ་རྡེབ་པའི་ཡི་གེ་འོ།། ཧ་ཨ་རི ་ནི་མ་ས། ཡི་གེ་དྲུག་པས་ཁྲག་ཀྱང་བཅད།། ཧ་རི་ནི་ཨཱིཾ་ཨཱཿཧཱུཾ་མ། ཡི་གེ་བདུན་གྱིས་རྨ་ཡིད་གསོ།། ས་ཨཱིཾ་ཧ་ཨ་རི་ནི། ཡི་གེ་དྲུག་གིས་ཤ་རོ་འབྱིན།། རི་ནི་མ་ས་ཨཱིཾ་ཨཱ། ཡི་གེ་དྲུག་གིས་ཟས་ཀྱང་འཇུ།། ཧཱུཾ་ནི་ས་མ ་ཨོཾ། ཡི་གེ་ལྔ་ཡིས་ལུས་ཀྱི་གདོན་ཡང་འབྱིན།། ཨཱ་ཧཱུཾ་ཧ་རི་ནི། ཡི་གེ་ལྔ་ཡིས་འདུ་བའི་མགོ་ཡང་གནོན།། མ་ས་ཨཱིཾ་ཧ་ཨཱ། ཡི་གེ་ལྔ་ཡིས་དྲི་ཆུ་འགགས་པ་སེལ།། ས་ནི་ཨོཾ་མ། ཡི་གེ་བཞི་ཡིས་བྱིང་བ་གསེང་།། ས་ཨཱ~ཾ ་ཧ། ཡི་གེ་གསུམ་གྱིས་འཐོར་བ་སྡུད།། རི་ཨཱ་ཧཱུཾ། ཡི་གེ་གསུམ་གྱིས་གཉིད་ཀྱང་འགུག། ནི་མ། ཡི་གེ་གཉིས་ཀྱིས་རླུང་ཡང་བཟུང་།། ཧ། ཡི་གེ་གཅིག་གིས་ཚད་པ་འདོན།། ཨཱ། ཡི་གེ་གཅིག་གིས་སྐྱེ ་བ་མེད་པའི་དོན་བཙལ་བར་བྱའོ།། ལས་ཕྲན་ཚེགས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་ཆོས་མཁའ་འགྲོས་ཆོས་ཀྱི་དབྱིངས་སུ་གནས། འཁོར་རྣམས་རང་གནས་སུ་དེངས་སོ།། ཕོ་ཐེམས་མོ་ཐེམས་ཀྱི་རྒྱུད ་རྫོགས་ས་ཧོ།། ། ས་མ་ཡཿརྒྱ་རྒྱ་རྒྱཿགཏེར་རྒྱའོ།། སྲས་རྒྱའོ།། ། @#།། རྒྱ་གར་སྐད་དུ། ཌཱ་ཀི་ནི་པཉྩ་ཀརྨ་དྷ་ལ་ས་མུད་ཏན་ཏྲ་ནཱ་མ། བོད་སྐད་དུ། མཁའ་འགྲོ་སྡེ་ལྔ་ལས་རྒྱ ་