CLOSE WINDOW

Gpb044.021: 'jig rten las 'das pa'i mdo zhes bya ba'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ལོ་ཀོ་ཏ་ར་སཱུ་ཏྲ་ནཱ་མ་ཏནྟྲ། བོད་སྐད་དུ། འཇིག་རྟེན་ལས་འདས་པའི་མདོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས ་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན ་པོ་བརྗོད་པ་ཐམས་ཅད་ལས་འདས་པའི་བདག་ཉིད་ཅན། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་དབྱེར་མེད་པ་རྡོ་རྗེ་སྙིང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ ་ག་ལ་བདེ་བ་ཆེན་པོར་བཞུགས་སོ།། དེ་ཉིད་དང་དབྱེར་མེད་པ་ལས་སངས་རྒྱས་རིགས་ལྔ་ཡབ་ཡུམ་དང་། བྱང་ཆུབ་སེམས་དཔའ་ཡབ་ཡུམ་དང་། རིག་པའི་ཁྲོ་བོ་ཡབ་ཡུམ་དང་བཅས་པ་རྣམས།། བདེ་བ་དང་། ་མཆོག་ཏུ་བདེ་བ་དང་། བྲལ་བའི་བདེ་བ་དང་། ལྷན་ཅིག་ཏུ་སྐྱེས་པའི་བདེ་བས། ཐ་དད་མེད་པའི་ཚུལ་གྱིས་བཞུགས་སོ།། དེའི་ཚེ་དེའི་དུས་ན། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྤྱོད་པ་རྡོ་རྗེ་འཆང་ཆེན་པོའི་འོད་ཟེར ་གྱིས། སྣོད་བཅུད་ཐམས་ཅད་ཡང་དག་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་སྦྱངས་ཏེ། ཀུན་ཀྱང་རྣལ་འབྱོར་བླ་ན་མེད་པ་རྡོ་རྗེ་ཐེག་པའི་གསང་སྔགས་དང་ལྡན་པར་གྱུར་ཏོ།། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ ་གདན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་འདེབས་སོ།། སེམས་ཉིད་གདོད་ནས་སངས་རྒྱས་ཀྱང་།། འོན་ཀྱང་མ་རིག་མུན་པས་བསྒྲིབས།། འབྲས་བུ་ཉིད་ལ་ལམ་སྤྱོད་པའི།། གསང ་སྔགས་རྡོ་རྗེ་ཐེག་པའི་དོན།། རྒྱུ་འབྲས་ལམ་དུ་སྐྱེད་བྱེད་མེད།། ཡེ་ནས་སངས་རྒྱས་ཕུང་པོ་སྐུ།། བསྐྱེད་པའི་རིམ་པ་ལེགས་སྤྱད་ཅིང་།། ཐབས་ཀྱིས་སྟོང་པས་ཡང་དག་པ།། རྫོགས་པའི་རིམ་པ་བཟང་པོ ་བསྒོམ།། བསྐྱེད་རྫོགས་གྲུབ་པའི་ལྷ་དག་ལ།། མཆོག་དང་འབྲིང་གྱུར་ཐ་མའི་དོན།། སེམས་ཅན་རྣམས་ལ་བཤད་པར་འཚལ།། ཞེས་ལེགས་པར་ཞུས་སོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཉིད་གདུལ ་བྱའི་བསམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་སྔགས་ཀྱི་དོན་མཆོག་ཐམས་ཅད་འདུས་པ་ཞེས་བྱ་བ་འདི་གསུངས་སོ།། རང་བཞིན་སྣང་བ་སྐྱེ་འགག་མེད།། དེ་ཡང ་འཁོར་འདས་གཉིས་ཀའི་བདག། འཁྲུལ་པའི་སྣང་བ་ཐ་དད་པ།། གཟུང་དང་འཛིན་པ་རྣམ་པར་སྣང་།། གདུལ་བྱའི་ཉོན་མོངས་གྲངས་མང་ཡང་།། དེ་སྙེད་བསྟན་པའི་སྒོ་རྣམས་གསུངས།། ཡང་དག་སངས་རྒྱས ་བདེ་ཆེན་འདི།། དམིགས་པའི་ཡུལ་དང་སྒྲུབ་པའི་ཐབས།། འབྲས་བུ་ཡིན་དེ་རྣམ་པ་གསུམ།། ཇི་སྙེད་ཆོས་ཀྱི་རྩ་བར་བཤད།། བདེ་བར་གཤེགས་པའི་སྣང་བ་ནི།། སྐུ་གསུམ་ལྷུན་གྲུབ་སྤྲོས་དང་བྲལ།། ཆོས་ཐམས ་ཅད་ཀྱི་མདོ་ཡོངས་སུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་གསུངས་སོ།། ཡང་དག་བསྒྲུབ་པ་གཅིག་པུ ་ཉིད།། སངས་རྒྱས་བདེ་ཆེན་ཀུན་འདུས་པ།། མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ།། རྣལ་འབྱོར་ཟབ་མོའི་སྐུ་གསུམ་རྫོགས།། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རང ་བཞིན་སྤྲོས་མེད་དག་པ་ལ།། བློ་བུར་སྤྲོས་མེད་ནམ་མཁའི་དབྱིངས།། དག་ཅིང་གསལ་བའི་མེ་ལོང་ལྟར།། བྱེད་པ་མེད་པར་ཡེ་ནས་གནས།། སེམས་ཀྱི་ཚུལ་ཁྲིམས་མིག་རྣོ་བས།། རང་སྣང་དག་པའི་ཆོས་ཉིད ་མཐོང་།། རིག་པའི་ཡེ་ཤེས་ཆེན་པོ་ཡིས།། ཆོས་དབྱིངས་རྣམ་པར་དག་པ་རྟོགས།། ཡུལ་དག་སྐྱེ་མེད་རྣམ་པར་གྲོལ།། རང་རིག་ཡེ་ཤེས་ངང་དུ་གསལ།། དབྱིངས་དང་ཡེ་ཤེས་དབྱེར་མེད་པ།། ཡེ་ཤེས་དབྱིངས་ལ ་ཤར་ཞེས་བྱ།། དུས་བཞི་ཕྱོགས་བཅུའི་སངས་རྒྱས་རྣམས།། སྣང་སྟོང་ཡུལ་དུ་རིག་སྟོང་སེམས།། བདེ་སྟོང་ལུས་ལ་གནས་པ་དག། སངས་རྒྱས་དགོངས་པའི་རྒྱུན་ལ་གནས།། སྐྱེ་མེད་རྣམ་དག་ཆོས་ཉིད་སྐུ།། འཁོར ་འདས་འཛིན་པ་རྒྱུ་ལས་འདས།། ས་བཅུ་འདུལ་དབང་ལོངས་སྤྱོད་རྫོགས།། ཡེ་ཤེས་སྒྱུ་མའི་སངས་རྒྱས་སྐུ།། འགྲོ་བ་འདུལ་ཕྱིར་ཡང་དག་སྤྲུལ་བའི་སྐུ།། འཁོར་བའི་རྒྱུན་ལས་རྣམ་པར་གྲོལ།། བདག་ལུས་ངག ་ཡིད་རྣལ་འབྱོར་རྫོགས།། མི་རྟོག་དབྱིངས་ལས་ཐུགས་རྗེས་ཆགས།། ཅིར་འདུལ་དེར་སྤྲུལ་ཡིད་བཞིན་སྐུ།། ཐབས་ཀྱིས་སྤྱོད་པས་ཀུན་འདུལ་ཡང་།། བརྟགས་པ་སྣང་ཙམ་བརྗོད་མེད་དབྱིངས།། བདག་གཞན་གྱི ་དོན་མཐར་ཕྱིན་པར།། དམིགས་པ་ཞེས་བྱའི་ཏིང་ངེ་འཛིན་ཏོ།། གཟུགས་ཕུང་ཚུལ་ཁྲིམས་རྣམ་སྣང་མཛད།། གཏི་མུག་རང་བྱུང་བཅོམ་ལྡན་འདས།། སྟོང་པ་ཉིད་ཀྱི་ཡེ་ཤེས་སྐུ།། འཁོར་བའི་ཆོས་ལས་ཡེ་ནས ་དག། རྣམ་ཤེས་མི་བསྐྱོད་ཤེས་རབ་ཕུང་།། ཞེ་སྡང་རང་བྱུང་བཅོམ་ལྡན་འདས།། མེ་ལོང་ལྟ་བུའི་ཡེ་ཤེས་སྐུ།། ཆོས་ཉིད་རང་བཞིན་ངང་གིས་གྲུབ།། ཚོར་བ་ཏིང་འཛིན་རིན་ཆེན་འབྱུང་།། ང་རྒྱལ་རང་བྱུང་བཅོམ ་ལྡན་འདས།། མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ།། སྦྱིན་པའི་བདག་ཉིད་གཅིག་པུ་ཉིད།། འདུ་ཤེས་སྣང་མཐའ་ཡེ་ཤེས་ཅན།། འདོད་ཆགས་རང་བྱུང་བཅོམ་ལྡན་འདས།། སོ་སོར་ཀུན་རྟོག་ཡེ་ཤེས་ཆེ།། སངས་རྒྱས་བདེ ་པབ་ཆེན་པོ་གཞི།། ཀུན་གཞི་དཔལ་ཆེན་ཧེ་རུ་ཀ། དུག་ལྔ་རང་འབྱུང་བཅོམ་ལྡན་འདས།། སྐུ་གསུམ་རྣམ་དག་ཀུན་འདུས་པ།། སྐུ་དང་གསུང་ཐུགས་རྡོ་རྗེ་ཅན།། སྒོ་ལྔའི་རྒྱུན་ལས་རྣམ་གྲོལ་བ།། སྟོང་པ་ཉིད་ལ ་ཡང་དག་གནས།། འདུ་བྱེད་རྣམ་གྲོལ་དོན་ཡོད་གྲུབ།། ཕྲག་དོག་རང་བྱུང་བཅོམ་ལྡན་འདས།། བྱ་བ་གྲུབ་པའི་ཡེ་ཤེས་སྐུ།། རྣལ་འབྱོར་སྦས་པ་ཟབ་མོ་ཕྱུང་།། ཅིར་ཡང་མ་ཡིན་ཅིར་ཡང་སྣང་།། ཅིར་ཡང་འགྱུར་ལ ་ཅིར་ཡང་འགྲུབ།། ཡུལ་དྲུག་ཤེས་པས་མ་གཟུང་བ།། རྟོག་མེད་སྤྲོས་བྲལ་ཆོས་སྐུར་གནས།། ཕུང་པོ་ཡེ་ཤེས་རིགས་ལྔ་པོ།། འཁོར་འདས་ལོངས་སྤྱོད་རྫོགས་པའི་སྐུ།། འདོད་ཡོན་ལྔ་ལ་སྐྱོན་མེད ་རོལ།། རྣལ་འབྱོར་སྤྲུལ་པའི་སྐུ་རུ་རྫོགས།། འཁོར་འདས་འབྱུང་བ་ལྔ་ཡི་དང་།། དྲངས་སྙིགས་མེད་པར་མཁའ་ལ་འགྲོ།། འབྱུང་བ་ལྷ་དང་ལྷུན་གྲུབ་གསུམ།། སྒྱུ་མ་ཆེན་པོར་ཡེ་གནས་པ།། གང་ལྟར་བདེ་བ་སྤྱོད ་པའི་མཆོག། མཚན་མར་མི་འཛིན་བདེ་བའི་ལམ།། དཀྱིལ་འཁོར་དྲུག་གི་ངོ་བོར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཇིག་རྟེན་འདས་པའི་མདོ་ལས། དཔལ་ཆེན་པོའི་རང་བཞིན་བསྟན་པའི་ལེའུ་སྟེ ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་ཐམས་ཅད་ཏིང་ངེ་འཛིན་དུ་གསལ་བ་ཞེས་བྱ་བ་འདི་གསུངས་སོ།། སངས་རྒྱས་འདི་ཚེ་བསྒྲུབ་བྱའི་ཕྱིར།། སྐུ་གསུམ་ས་ལ་སྒོམ་པར་བྱེད།། བསྐལ་པ་བྱེད་པར་རྙེད ་དཀའ་བ།། ཕྱག་རྒྱ་འདི་ཡི་ཆོ་ག་ཡིས།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། དང་པོར་ཆོས་ཀྱི་དབྱིངས་ཉིད་ལ།། དམིགས་པ་མེད་པའི་དོན་གྱིས་བསྒོམ།། བསྒྲུབས་མེད་ཡུམ་གྱི་བྷ་ག་ལ།། བརྗོད་མེད་སེམས་ཀྱི ་ང་དུ་གསལ།། མི་དམིགས་ཆོས་ཉིད་དེ་བཞིན་ཉིད།། བཙམ་མེད་མ་བསྒྲུབས་ཇི་བཞིན་ལས།། ཀུན་སྣང་ནམ་མཁའི་ངང་ཉིད་འབྱུང་།། རང་བྱུང་འོད་གསལ་ཀུན་ཏུ་སྣང་།། མེད་པའི་རྒྱུ་ལས་མངོན་གསལ ་བ།། སེམས་ཀྱི་རང་བཞིན་ཡེ་ཤེས་གསལ།། དམ་པའི་ཡེ་ཤེས་ཨ་ལས་ནི།། ཡེ་ཤེས་སེམས་དཔའ་གསལ་བར་ཤར།། ཨེ་ལས་ནམ་མཁའ་མཐའ་དབུས་མེད།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། བཾ་ལས་ཆུ་ཡི ་རྒྱ་མཚོ་འཁྱིམ།། སུཾ་ལས་གསེར་གྱི་ས་གཞི་ཆགས།། ལཾ་ལས་རིན་ཆེན་རི་རབ་སྟེ།། རཾ་ལས་ཡེ་ཤེས་མེ་འོད་འབར།། འབྲུ་ལྔ་འཕྲ་བཀོད་ཡུམ་ལྔའི་རྒྱུ།། མཁའ་དབྱིངས་རྣམ་དག་དཀྱིལ་འཁོར་ནི།། མ་བཅོམ་ལྷུན ་གྲུབ་ཡུམ་གྱི་མཁའ།། རྒྱལ་བ་རྒྱ་མཚོའི་བཞུགས་གནས་དེ།། རིན་ཆེན་འབར་བའི་གཞལ་ཡས་ཁང་།། མཐའ་དང་དབུས་མེད་ནམ་མཁའི་རྒྱ།། ཕྱི་དང་ནང་མེད་ཀུན་ཏུ་སྣང་།། རིག་པའི་རྒྱན་དང་ཡེ་ཤེས་རྒྱན།། ཡེ ་ཤེས་འབར་བའི་གཞལ་ཡས་དེར།། སེང་གེ་གླང་རྟ་རྨ་བྱ་ཁྱུ།། ཉི་ཟླ་པདྨ་རིན་པོ་ཆེ།། གཙོ་དང་འཁོར་ལ་རབ་ཏུ་གསལ།། ནམ་མཁའི་དབྱིངས་ནས་ཡེ་ཤེས་ཤར།། ངེས་པ་ལས་ནི་རྡོ་རྗེ་ཆེ།། དེ་ནས་བཅོམ་ལྡན་རྡོ ་རྗེ་སེམས།། གསང་བའི་ཡུམ་དང་གཉིས་མེད་འཁྲིལ།། མི་བསྐྱོད་མཐིང་ཀ་དཀར་དམར་ཞལ།། རྡོ་རྗེ་འཁོར་ལོ་རིན་ཆེན་གཡས།། དྲིལ་བུ་པདྨ་རལ་གྲི་གཡོན།། དབྱིངས་ཕྱུག་གཡས་རྟེན་གཡོན་དྲིལ་སྔོ།། ཡེ་ཤེས ་དམ་ཚིག་ཆེན་པོ་དག། པདྨོ་རིན་ཆེན་ལྡན་བྱས་ནས།། བདེ་མཆོག་སྒྱུ་མས་བརྡ་མཚོན་ན།། དབྱིངས་ཀྱི་བདེ་མཆོག་འབྱུང་བ་ནི།། རང་རིག་ཡེ་ཤེས་དེ་ལ་འོང་།། ཇི་བཞིན་མཁའ་ལ་གསལ་བ་དག། དྲི་མེད་ཉི་མའི ་འོད་པས་འཚེར།། བྱང་ཆུབ་སེམས་ལས་ཡིག་འབྲུ་སྐུ།། ཡུམ་གྱི་གསང་བའི་གཞལ་ཡས་སུ།། བྱང་ཆུབ་སེམས་ལས་སྐུར་གསལ་བ།། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས།། སྤྲོས་ཞིང་དག་ལ་ཐིམ ་པར་བྱ།། རྣམ་སྣང་དཀར་སྔོ་དམར་བའི་ཞལ།། འཁོར་ལོ་རྡོ་རྗེ་རིན་ཆེན་གཡས།། དྲིལ་བུ་པདྨ་རལ་གྲི་གཡོན།། ས་སྤྱན་གཡས་བསྟན་གཡོན་དྲིལ་དཀར།། རིན་ཆེན་སེར་སྔོ་དམར་བའི་ཞལ།། རིན་སེར་རྡོ་རྗེ ་འཁོར་ལོ་གཡས།། དྲིལ་བུ་པདྨ་རལ་གྲི་གཡོན།། མ་མ་གཡས་བསྟན་གཡོན་དྲིལ་སེར།། མཐའ་ཡས་དམར་སྔོ་དཀར་བའི་ཞལ།། པདྨ་རྡོ་རྗེ་འཁོར་ལོ་གཡས།། དྲིལ་བུ་རིན་ཆེན་རལ་གྲི་གཡོན།། གོས་དཀར ་གཡས་བསྟན་གཡོན་དྲིལ་དམར།། དོན་གྲུབ་ལྡང་དཀར་དམར་བའི་ཞལ།། རལ་གྲི་རྡོ་རྗེ་འཁོར་ལོ་གཡས།། དྲིལ་བུ་ཡིད་བཞིན་པདྨ་གཡོན།། སྒྲོལ་མ་གཡས་བསྟན་གཡོན་དྲིལ་ལྡང་།། ས་སྙིང་དཀར་གསལ་མྱུ་གུ ་དྲིལ།། གཟུགས་ནི་མེ་ལོང་འགྱིང་བ་དཀར།། ནམ་སྙིང་མཐིང་ཀ་རལ་གྲི་དྲིལ།། དྲི་ནི་མཱ་ལེ་འཕྲེང་བ་སྔོ།། སྤྱན་རས་དམར་སྐྱ་པདྨ་དྲིལ།། རོ་ནི་འགིར་ཏི་པི་ཝང་བསྣམས།། ཕྱག་ན་ལྗང་ཁུ་རྡོ་རྗེ་དྲིལ།། སྒྲ་ནི་ནིར ་ཏེ་སྒྲོ་འཛིན་བྱང་།། བྱམས་དཀར་ཀླུ་ཤིང་གཡོན་ན་དྲིལ།། དྷཱུ་པེ་དཀར་མོ་སྤོས་ཕོར་བསྣམས།། སྒྲིབ་སེལ་སྔོན་པོ་པོ་ཏི་བསྣམས།། པུཥྤེ་སྔོན་མོ་མེ་ཏོག་བཅས།། ཀུན་བཟང་སྟེ་མ་དྲིལ་བུ་དམར།། ཨཱ་ལོ་དམར་མོ ་མར་མེ་བསྣམས།། འཇམ་དཔལ་ཨུཏྤལ་དྲིལ་བུ་ལྡང་།། གནྡྷེ་ལྗང་ཁུ་དྲི་ཆབ་བསྣམས།། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ།། ཡུམ་གྱུར་མཉམ་རྫོགས་པདྨོ་དཀྱིལ།། ལྷ་དབང་ཕྱག་ན་པི་ཝང་བསྣམས།། ལྷ ་མིན་ཐུབ་པ་གོ་ཆ་བསྣམས།། ཤཱཀྱ་ཐུབ་པ་གསེག་པར་མི།། བྱོལ་སོང་ཐུབ་པ་པོ་ཏི་བསྣམས།། ཡི་དགས་ཐུབ་པ་རིན་ཆེན་སྒྲོམ།། ཆོས་ཀྱི་རྒྱལ་པོ་མེ་ཆུ་བསྣམས།། གཤིན་རྗེ་གཤེད་པོ་ཐོད་དབྱུག ་བསྣམས།། འགུགས་བྱེད་དཀར་མོ་ལྕགས་ཀྱུ་བསྣམས།། གཞན་གྱིས་མི་ཐུབ་རྡོ་རྗེ་བསྣམས།། ཨཱ་ལོ་སེར་ནག་ཞགས་པ་བསྣམས།། རྟ་མགྲིན་དམར་ནག་ཐོད་སྦྲུལ་བསྣམས།། འཇིག་རྟེན་དམར་མོ་ལྕགས་སྒྲོག ་བསྣམས།། བདུད་རྩི་ལྡང་ནག་རྒྱ་གྲམ་བསྣམས།། རོ་ལངས་ལྗང་ནག་དྲིལ་བུ་བསྣམས།། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་སྐུ་ཡོངས་སུ་དག་པ་སྐུའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། །། ཧཱུཾ ་བཛྲ་དྷྲིག། མུཾ་དྷཱ་ཏུ་ཤྭ་རི། ཨཽ་ཛི་ན་ཛིག། ལཾ་ཏེ་ཤ་ར་རི། སྭ་ར་དན་དྷྲིག། མཾ་མོ་ཧ་ར་ཏི། ཨཾ་ཨ་རོ་ལིག། བྱཾ་རཱ་ག་ར་ཏི། ཧ་པྲ་ཛྙཱ་དྷྲི་ག། ཏཾ་བ་ཛ་ར་ཏི། ཀྵཱི་ཤྲི་རེ་ཙ་ཡ། ཧཱུཾ་ལཱ་སེ་ས་མ་ཡ་སྟཱཾ། ཏྲཾ་ཨ་གར་དུ་ཀ། ཏྲཾ་མཱ་ལེ ་ས་མ་ཡ་ཧོ། ཧྲི་པདྨ་བན་དྷ་མ། ཧྲི་གིརྟི་ར་གོ་ཧཾ། ཛི་ཀུ་རུ་པཱ་ཎི་ཧྲི། ཨ་ནི་རྟི་རཱ་ག་ཡ་མི། མེ་དྷ་རི་ནི་སྭཱ་ཧཱ། ཛ་དུ་པྲ་བེ་ཤེ། བྷཱི་སྭ་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་པུ་ཥྤེ་ཨཱ་བེ་ཤ། ཧཱུཾ་སཱ་ར་ཙ་སྭཱ་ཧཱ། བཾ་དི་བ་སུ་ཀི་ནི། མྲྀ་ཤྲི་ཨཾ་རཾ་ག་ཡ ་སྭ་ཧཱ། ཧོ་གན་དྷེ་ཙིཏྟ་ཧོ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཧཱུཾ། ཨ་ཨ་ཨ་བཛྲ་ས་ཏྭ་ས་མ་ཡ་ཨཱ~ཾ། ཨོཾ་མུ་ནི་ཀྲྀ་སྭཱ་ཧཱ། ཨོཾ་མུ་ནེ་ཀྲི་སྭཱ་ཧཱ། ཨོཾ་མུ་ནེ་སུཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྶཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨོཾ་མུ་ནི་སྭཱ་ཧཱ། ཧཱུཾ་ཡ་མན་ཏ་ཀྲིད ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ། ཧཱུཾ་བི་ག་ནན་ཏ་ཀྲིད་ཕཊ། ཨོཾ་མ་ཧ་རཏྣ་དྷ་ར་མ་ཧ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་པདྨ་ཏ་ཀྲིད་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་པྲ་ཛྙ ་ཏ་ཀྲིད་ཏི་ཕཊ། ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་ཡོངས་སུ་བཀོད་པའི་ཏིང་ངེ་འཛིན་ཏོ།། ཨོཾ་མ་ཧཱ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉྫ་ཧཱུཾ། ་ཨོཾ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཱུཾ། ཨོཾ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&་ཧཾ། ཨོཾ་མ་ཧཱ་ཀྲི་ཏ་ཨ་ནུ་ཏ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཱུཾ། ་དབུས་རྒྱན་རྫོགས་པའི་རིགས་ལྔ་ཉིད།། དབང་རྟགས་རིགས་ཀྱི་གཙོ་བོ་དབུས།། སེམས་དཔའ་རིགས་ཀྱི་གཙོ་བོ་ལས།། སྒོ་བ་དེ་བཞིན་རིགས་སུ་བཤད།། ཐུབ་དྲུག་དབུ་རྒྱན་མ་གསུངས་སོ།། །། ཨོཾ་སརྦ་ཏ་ཐ ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཱང་མ་ཀོ&ཧཾ། ཨཱཾ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷ་ཝ་ཨང་མ་ཀོ&ཧཾ། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨང་མ་ཀོ&ཧཾ། སྔགས་ལ་དམིགས་པའི་ལུས་དང་ནི།། རྡོ་རྗེའི་སྐུ་ནི་ཐོབ་བྱེད ་པ།། གསང་སྔགས་ལུས་དབེན་ཆེན་པོ་ཉིད།། དེ་ཡི་ལུས་སུ་རྣམ་པར་བསམ།། སྔགས་ལ་དམིགས་པའི་སྔགས་དེ་ནི།། རྡོ་རྗེ་གསུང་ནི་ཐོབ་བྱེད་པ།། དེ་ཉིད་ངག་དབེན་ཆེན་པོ་དེ།། གསུང་གི་དངོས་གྲུབ་བསྟན ་པའོ།། སྔགས་ལ་དམིགས་པའི་ཡིད་དེ་ནི།། རྡོ་རྗེ་ཐུགས་ནི་གྲུབ་བྱེད་པ།། དེ་ཉིད་སེམས་ཀྱི་རྣམ་དབེན་པ།། ཐུགས་ཀྱི་དངོས་གྲུབ་བསྟན་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷཱ་ཝ་ཨང་མ་ཀོ&ཧཾ། ཨཽ ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཆགས་པ་ཆེན་པོའི་མཆོད་པ་ཡི།། སངས་རྒྱས་ཞིང་ཁམས་ཁྱད་པར་སྤྲོ།། དབང་དང་དངོས་གྲུབ་སྡུད་པ་ནི།། གནས་སུ་ཐིམ་པས་འདོད་པ་འགྲུབ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ།། སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་།། ཐུགས་རྗེའི་ངང་ཉིད ་ཆོས་སྐུ་དག་པ་ལས།། ཡེ་ཤེས་སྒྱུ་མ་རོལ་ཅིང་གཤེགས་སུ་གསོལ།། ཐུགས་རྗེ་ལྕགས་ཀྱུའི་ཐུགས་ཀྱི་རྒྱུད་བསྐུལ་ཞིང་།། བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་གྱིས།། བཀའ་ཡི་ཕོ་ཉའི་ལྕགས་སྒྲོག་མས ་ནི་གནས་སྟོབས་ལ།། བཏང་སྙོམས་དྲིལ་བུས་བདེ་གཤེགས་བཞུགས་ཤིང་རྣལ་གྲོལ་དགྱེས་པར་བསྐྱེད།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། ཐུགས་རྗེའི་མགོན་གྱུར་མ་ལུས་རྣམས།། མི་ཕྱེད་དབྱིངས་ལ ་འགོད་མཛད་པའི།། བདག་ལ་དགྱེས་ཤིང་ཐིམ་པར་བཞུགས།། རྒྱལ་བའི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་།། ཡེ་ཤེས་གཉིས་མེད་དབྱིངས་སུ་གཅིག་པ་ན།། ཐབས་དང་ཤེས་རབ་ཏིང་ངེ་འཛིན ་དཀྱིལ་འཁོར་འདིར་མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བཛྲ་ས་མ་ཡ་ཛ། ཨོཾ་ཨེ་ཧ་ཧེ་བྷ་ག་བན། མ་ཧཱ་ཀ་རུ་ནི་ཀ་དྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཨཱ་ཀཱ་ཡ་ཝ་ཀ་ཙིཏྟ ་ཏིཥྛ་བཛྲ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱིས་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཙིཏྟ་རིན་ཆེན་གཞལ་ཡས་ནས།། ཡེ་ཤེས་སེམས་དཔའི་དཔལ་བེའུ་མཆོག། ཕྱག་མཚན་རང་སྔགས་འོད་དུ ་འཕྲོ།། བྱང་སེམས་ཐུབ་པ་སྒོ་བ་དག། འོད་ཀྱི་རྩེ་ལ་ཡི་གེའི་འབྲུ།། རང་གི་རྣམ་སྨིན་དག་གྱུར་ཅིང་།། གྲངས་དུས་མཚན་མའི་བསྙེན་པ་དག། ཉམས་དང་ངག་ལུས་ཡུམ་དང་ནི།། རྨི་ལམ་དག་ཏུ་མཐོང་བར ་བྱེད།། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨ།། བསྙེན་པའི་གསང་སྔགས་རབ་རྫོགས་ནས།། ཡེ་ནས་མཉམ་ཉིད་ཆོས་སྐུ་ལ།། སྐྱེ་བ་མེད་པའི་ཚུལ་གྱིས་གནས།། ཀྵ་ཡིག་དམར་ནག་མེ་ལྕེ་འབར།། ལྟེ་བར་ཨ་དམར ་འབར་ཞིང་འཛག། དམ་ཚིག་སྒྲོལ་མའི་རང་བཞིན་གཡོ།། གོས་དཀར་མོ་ཡི་ལོངས་སྤྱོད་ཀྱིས།། ཧཾ་ལས་ནམ་མཁའི་བ་ཡང་བཞོ།། སྲོག་ཤིང་གསུམ་གྱི་ཀ་བ་ལ།། དབུགས་ལྡན་ཉི་མ་འཆར་བ་དང་།། དེ་བཞིན ་འཇུག་ན་ཟླ་བ་གསལ།། གནས་ན་གཟུང་འཛིན་སྤངས་པ་ནི།། རྒྱ་སྐྱེགས་ཏིལ་མར་ཤུ་ཤིང་སད།། དམར་གསལ་སྙིང་པོ་དྲང་ལ་འཕྲ།། སྲུབ་ཤིང་དམར་པོ་འཕྲ་སྦོམ་སྙོམས།། སྲུབ་ཟག་གཉིས་ནི་དཀར་བ ་སྟེ།། དབུ་མ་བསྒྲུབས་ཅིང་སྤྱོད་ལམ་ཟས།། ལྕག་གིས་རབ་ཏུ་གསལ་བའོ།། ལྟེ་བར་དཔའ་བོ་འབའ་ཞིག་ལ།། གསང་གནས་བདེ་བའི་ཐིག་ལེ་ཉིད།། སྙིང་ཀར་ཉི་ཟླ་ཁ་ཡང་སྦྱར།། མཛོད་སྤུ་སྐྲ་དཀར་ས་བོན ་ཧཾ།། རླུང་གི་མཐའ་དང་བཅས་པ་ཡིས།། ལམ་དྲོད་ལྟ་ཡིད་ཁམས་ཚོད་ཐུན།། སྦྱང་ཞིང་བྱུང་རྒྱལ་བསྲུང་བ་དང་།། འཇུག་པའི་ཕུལ་རྟགས་ཚོད་བཟུང་ཞིང་།། ཐུན་ཚད་མེད་པའི་རྣལ་འབྱོར་པ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་རབ་ཏུ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཇིག་རྟེན་ལས་འདས་པའི་མདོ་ལས། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པའི་ལེའུ་སྟེ ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་ཁྲོ་བོས་གྱུར་པ་འདི་གསུངས་སོ།། སྔོན་གྱི་བསྐལ་པ་གངྒཱའི་རླུང་གི་བྱེ་མ་སྙེད་འདས ་པའི་དུས།། སྲིད་པ་དང་པོ་བསྐལ་པ་ནི།། གདུལ་ཀའི་འཇིག་རྟེན་སྦྱང་དཀའ་བར།། སངས་རྒྱས་འཇིག་རྟེན་སྒྲོལ་མ་བྱུང་།། སློབ་དཔོན་རྒྱལ་བའི་འཁོར་ལོ་ལ།། སློབ་མ་དགེ་སློབ་ནག་པོ་ཡིས།། གསང་སྔགས ་མཐའ་དྲུག་དོན་སྤྱད་པས།། མ་རྟོགས་དབང་གིས་གཏུམ་ཁྲོ་གདུག། གབ་དོན་མ་ཤེས་སྦས་ལ་འཚལ།། སྲིད་པའི་ས་བོན་ཐུན་མོས་འཕངས།། ཚ་གྲང་བཅོ་བརྒྱད་དམྱལ་ཁམས་གསུམ།། སྟོང་ཕྲག ་བཅུ་གཉིས་སྡུག་བསྔལ་མྱོང་།། དེ་དག་སྲབ་པར་གྱུར་པ་དང་།། ཡི་དགས་གནས་སུ་སྟོང་ཕྲག་དྲུག། རྣམ་སྨིན་དེ་ཟད་སྲིད་འཚམས་སྦྱར།། དབང་ཕྱུག་ཆེན་པོ་ལྷ་ཆེན་དང་།། ཨུ་མའི་བུར་སྐྱེས་རུ་ཏྲར་སྨིན།། གཏུམ ་ཁྲོ་འཇིགས་གཟུགས་ཆེ་ཡང་སྦྲུལ།། ནས་ཀྱི་ཁ་རླངས་ན་བུན་འཐུལ།། དུར་ཁྲོད་རབས་འཇིགས་སྐྱི་གཡའི་ནང་།། ཐོད་མཁར་གསར་རྙིང་རོ་གདན་ལ།། སྲིན་མོ་སྲིད་པས་སུམ་སྦྱོར་བཞུགས།། མགོ་བརྙན་འཕྲ ་མེན་མའི་འཁོར།། བདག་ཏུ་འཛིན་པ་ལས་གྱུར་པའོ།། རོ་ག་རྣམ་གྲུ་ཙ་མུན་ཏེ།། རེ་ཏེ་འབྱུང་བཞི་སྤྲུལ་པའི་འཁོར།། རྟ་ཕག་སེང་གེ་ཁྱི་ཡི་མགོ། རྟག་ཆད་བཞི་ལས་སྤྲུལ་པའི་འཁོར།། སེང་སྟག་ཝ་སྦྱང་མགོ་ཅན ་དང་།། ཀང་ཀ་བྱ་རོག་འུག་པ་བཞད།། ཡུལ་བརྒྱད་ལས་ནི་སྤྲུལ་པའི་འཁོར།། ལ་མ་གོ་རི་ཞེས་བྱ་དང་།། ཁྭ་ཏ་རོ་ཧི་བྱ་བ་དང་།། དེ་བཞིན་རོ་བི་ནི་དང་ནི།། པྲ་བ་ཙན་དྷ་དག་དང་ནི།། ཙན་དྷ་ཁེ་ཞེས་བྱ་བ ་དང་།། པྲ་བ་པྲ་ཏི་ཆེན་མོ་དང་།། མ་ཧཱ་ས་ནི་ཞེས་བྱ་བ།། བི་ར་མ་ཏི་མ་མོ་རྣམས།། རྣམ་ཤེས་བརྒྱད་ལས་སྤྲུལ་བའི་འཁོར།། འཁོར་ལ་དབང་བསྐུར་སྣོད་བཅུད་འཇོམས།། ལྷ་ཡི་དེད་དཔོན་ཀ་རུ་བཏུལ།། འབྲས ་བུ་ཆེ་བ་མན་ཆད་བསྡུས།། སྲིན་བུ་ལང་ཀ་མགྲིན་བཅུ་བསྡུས།། ནད་དང་མཚོན་དང་སྲོག་འཇོམས་བྱེད།། ལས་ཀྱི་བདག་པོ་སྨིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དུས་གསུམ་བདེ་གཤེགས་རིགས་ལྔ་ཡིས།། ཤེས ་བྱ་ཇི་ལྟ་ཇི་སྙེད་པ།། མཁྱེན་པ་ཅན་གྱི་ཐུགས་རྗེ་ཡིས།། འདུལ་བར་བཀའ་གྲོས་ཡོངས་བྱས་ནས།། ཀུན་གྱིས་ལས་ཀྱི་གཉེར་གཏད་ནས།། འདུལ་བའི་བདག་པོར་བྱིན་བརླབས་པ།། ཧེ་རུ་ཀ་ལ་ལུང་བསྟན ་ཅིང་།། ལས་ཀྱི་གཉེར་དུ་འདི་སྐད་བརྗོད།། སྔོན་ཚེ་འདས་པའི་དང་པོ་ལ།། སངས་རྒྱས་སྲིད་པའི་སྒྲོན་མར་བྱུང་།། སློབ་དཔོན་རྒྱལ་བའི་འཁོར་ལོ་ཡིས།། སློབ་མ་དགེ་སློང་ནག་པོ་ལ།། གསང་སྔགས་མཐའ་དྲུག ་བསྟན་པ་ལ།། དོན་དེ་སྟེང་དུ་མ་གྱུར་ཅིང་།། ལོག་པའི་སྟེང་དུ་བཤད་པ་ཡིས།། དམྱལ་བ་ཡི་དྭགས་ཁ་འཁོར་ཏེ།། ཐ་མར་ལས་ཀྱི་སྲིན་པོར་སྐྱེས། ཁམས་གསུམ་འཁྲུལ་པའི་བདུད་དུ་གྱུར།། སྣོད་བཅུད་ཆད་པའི ་རུ་ཏྲ་འདི།། བདེ་གཤེགས་བཀའ་ཡི་འཕྲིན་ལས་མཛོད།། དེ་སྐད་དབང་བསྐུར་བྱིན་བརླབས་ཀྱིས།། དཔལ་ཆེན་རྡོ་རྗེ་ཁྲག་འཐུང་གིས།། དབྱིངས་ནས་ཡུམ་ཕྱུང་སྦྱོར་བ་མཛད།། སེམས་སྤྲིན་ཁྲོ་ཚོགས་འཆོལ་པ ་སྤྲོས།། ལྷ་དམག་དྲེགས་ཆེན་གདན་དུ་བཏིང་།། དབང་ཕྱུག་མ་ཚོགས་ལོངས་སྤྱོད་མཛད།། མིང་གིས་དབང་བསྐུར་གསལ་བའི་མཚན།། རྫས་ཀྱི་དབང་བསྐུར་རྡོ་རྗེ་ཕོག། ཟས་ཀྱི་དབང་བསྐུར་བཀའ་ཕབ ་གནས།། གནས་ཀྱི་དབང་བསྐུར་མུ་རན་བཀོད།། ལས་ཀྱི་གཉེར་གཏད་བྱ་ར་བཞག། སྲོག་ཕུལ་ཁས་བླངས་མནའ་བོར་རོ།། དྲེངས་པ་ཁྱོ་ཤུགས་བཏུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དཔལ་ཆེན ་བདག་པོའི་གནས་སུ་བྱོན།། སྒོ་བཞིར་སྦྱོར་མཛད་སྲིད་བཞི་སྲིད།། སྒོ་བཞིར་སྦྱོར་མཛད་སྒོ་མ་བཞི།། ཡུལ་བརྒྱད་སྦྱོར་བས་འཕྲ་མེན་བརྒྱད།། སྲིན་མོ་བརྒྱད་ལ་གནས་བརྒྱད་བསྟིམ།། སྲིན་མོའི་ལྷུམས་སུ་གསང ་བའི།། ཨཽ་ལས་སྤྲུལ་པའི་ཧེ་རུ་ཀ།། འབྱུང་བའི་གཙོ་མོ་རྣམས་ལ་སྲས།། བལྟམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རུ་ཏྲ་རང་གི་ས་བོན་ལས།། རུ་ཏྲ་ལྔའི་གཏུམ་ཚིག་བརྗོད།། སྲས་གཏམས་དཔལ་གྱི་གསང ་སྔགས་བསྒྲང་།། རྫུ་འཕྲུལ་སྲིད་པའི་ལྟོས་དང་མཉམ།། སྒྲོལ་པའི་གནས་སྦྱོང་ཆེན་པོ་མཛད།། ཤ་རུས་ཁྲག་ལ་ལོངས་སྤྱོད་ཅིང་།། ལས་དང་ཉོན་མོངས་ཤེས་བྱ་སོགས།། སྲབས་ནས་གསོལ་མཛད་འགྱོད་པ ་ཕུལ།། སྲས་སུ་དབང་བསྐུར་བྱིན་བརླབས་ནས།། སངས་རྒྱས་བསྟན་པ་བསྲུངས་ནས་ནི།། སངས་རྒྱས་འབྱུང་བའི་ཞིང་ཁམས་ནི།། ཐལ་བའི་མཚན་གྱིས་བརྒྱན་པ་རུ།། སངས་རྒྱས་ས་ལ་ལུང་བསྟན་ནོ།། བདུད ་ཡོངས་སུ་བཏུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཁམས་གསུམ་འཁྲུག་པའི་བདུད་ཆེན་པོ།། དཔལ་རྡོ་རྗེ་སེམས་དཔལ་ཡིས།། སངས་རྒྱས་ཐམས་ཅད་བསྡུས་བྱས་ནས།། ཞི་བས་བསྟན་པ་འདུལ་བའི།། ཁྲོ་བོས ་བསྐུར་ནས་བདུད་རྩིར་བསྒྲལ།། བསྒྲུ་བའི་རྫས་སུ་བྱིན་བརླབས་ནས།། བསྒྲལ་བའི་གནས་ལ་ལོངས་སྤྱོད་མཛད།། དེ་ཕྱིར་དེ་བཞིན་ཕྱིས་འབྱུང་བའི།། རྣལ་འབྱོར་སྐྱེས་བུ་ཆེན་པོ་ཡིས།། ལྟ་བ་དང་ནི་སྤྱོད་པ ་ཡིས།། བསྒྲལ་ལ་གཞལ་ཡས་ཁང་དུ་བརླབས།། རྣལ་འབྱོར་བདུད་ལས་དབུགས་ཕྱུང་ངོ་།། རྗེས་སུ་འཇུག་པའི་ཏིང་ངེ་འཛིན་གསལ་བ་ཞེས་བྱ་བ་བདུད་ལྡང་བ་མེད་པའི་ཏིང་ངེ་འཛིན་ཏོ།། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ནི།། དུས་གསུམ་སངས་རྒྱས་ཀུན་གྱི་གཙོ།། སངས་རྒྱས་ཐམས་ཅད་ཐུགས་སུ་འདུས།། ཞི་བས་མི་འདུལ་ཁྲོ་བོར་གཟིགས།། གྲུ་གསུམ་མཐིང་ནག་ནམ་མཁའ་ལ།། འདེགས་བྱེད་རླུང་ནག་འཚུབ་མ ་འཕྲོ།། རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིམ།། ཞིང་ཆེན་བལྟམས་པའི་ས་གཞི་ལ།། ཀེང་རུས་བརྩིགས་པའི་རི་རབ་སྟེང་།། དུར་ཁྲོད་མེ་དཔུང་སྨུག་ནག་འབར།། སྨུག་ནག་ཟླ་གམ་གཞལ་ཡས་ཤར།། ཁྱུང་མཆོག་དྲེགས་པ ་ཉི་ཟླ་བཅས།། དྲེགས་པ་ཆེན་པོ་འདུལ་མཛད་པ།། ཞི་བ་ལས་ནི་ཁྲོ་བོར་གྱུར།། འབར་བའི་གར་དགུས་གདུལ་བྱ་འདུལ།། དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ།། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས།། སྐུ ་གསུང་ཐུགས་ཀྱི་རྡོ་རྗེའི་བདག། ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར།། ཕྱག་རྒྱ་ཆེན་པོར་མངོན་རྫོགས་ཤིང་།། སྐུ་གསུང་ཐུགས་སུ་རང་དབང་བསྐུར།། ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་གསལ།། དེ་ནས་སྣ་ཡི་རྩེ་མོ ་ནས།། ཡིད་ནི་བརྟེན་པར་ཡང་དག་བཟུངས།། སྣ་ཡི་དབུགས་རིངས་འགྲོ་བ་ལས།། རྒྱལ་པོའི་སྦྱོར་བ་ཕྱག་རྒྱར་གསལ།། དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི།། ཁྲོ་རྒྱལ་སྒྲ་དང་མཉམ་སྦྱོར་ཕྱིར།། ་མོ་དབང་ཕྱུག་མངོན་ཕྱུང་སྟེ།། ཆ་ལུགས་འཛིན་པ་སྐུ་ལ་འཁྲིལ།། མཁའ་དབྱིངས་རྡོ་རྗེ་པདྨ་ནི།། པདྨ་ཆོས་དབྱིངས་ཨོཾ་དང་ལྡན།། རྡོ་རྗེ་ཉི་མ་ཨཱ~ཾ་དང་བཅས།། གསང་བ་བྷ་གའི་དཀྱིལ་འཁོར་ནས།། མཛེས་པར་ལྟ ་ཞིང་ཡིད་དུ་འོངས།། གཅིག་ལ་གཅིག་ནི་ཆགས་ཤིང་འཕྲེང་།། གླུ་དབྱངས་དགའ་བའི་མདངས་དང་ལྡན།། གཉིས་སུ་མེད་པར་གསལ་བར་བྱ།། ཇི་ལྟར་མཁའ་ལ་གསལ་བ་དག། དྲི་མེད་ཉི་མའི་འོད་པས ་འཚེར།། སངས་རྒྱས་སྤྲིན་ཚོགས་མ་ལུས་པ།། དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ།། བྱང་ཆུབ་སེམས་དེ་ཀུན་ཏུ་དག། ཁམས་གསུམ་རབ་ཏུ་འདས་ནས་ཀྱང་།། མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ།། འདོད་པར་བྱ། ་བ་རབ་ཏུ་མཉེས།། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ནས།། བྱང་ཆུབ་སེམས་སྦྱིན་འཕྲོས་པ་ལས།། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་སྤྲོ།། བསྐལ་པའི་མེད་དཔུང་འཁྲིགས་པ་བཞིན།། སྟོང་ཁམས་གང་བའི་ཁྲག་འཐུང ་རྣམས།། བསྡུ་བའི་སྦྱོར་བས་ཀུན་འདུས་ནས།། འོད་འདུས་ཐོག་མའི་གཟུགས་ལ་གཟུང་།། དབྱིངས་སུ་ཐིམ་ནས་ཡིག་འབྲུ་སྐུ།། དེ་ནས་དགྱེས་ཏེ་ཧ་བརྗོད་པས།། བྱང་ཆུབ་སེམས་དེ་འོད་དུ་ཞུ།། དཀར་ཤམ་དང ་ནི་རྐུན་མོ་དང་།། རྨོངས་མོ་དང་ནི་རོ་ལངས་མ།། སྦོས་མོ་དང་ནི་གཏུམ་མོ་དང་།། རྨེ་ཤ་ཅན་དང་མའི་ཚོགས།། སོ་སོ་རང་རང་ལག་ཆ་དང་།། ངོ་མཚར་ཆས་ནས་རྔམ་པའི་ཚུལ།། དཀྱིལ་འཁོར་ཤར་གྱི་ཕྱོགས་ནས ་ནི།། འཁོར་བར་རྔམ་པའི་མདངས་ཀྱིས་འཁོད།། འབར་བའི་ཚོགས་རྣམས་རྣམ་པར་བསམ།། དམ་ཚིག་ཁྲག་འཐུང་གི་དཀྱིལ་འཁོར་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ ་ནས།། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས།། སེམས་ཅན་དོན་སླད་དམ་ཚིག་དགོངས།། གནས་འདིར་མ་ལུས་གཤེགས་སུ་གསོལ།། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་ཧེ་རུ ་ཀ། ཆོས་སྐུ་ཞི་བའི་ངང་ལས་ཀྱང་།། གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། ཚོགས་ཆེན་ཚོགས་བདག་དབང་དང ་ལྡན།། ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ།། ཡེ་ཤེས་རྟོགས་པའི་ཁྱད་པར་ལས།། སྤྲུལ་པ་མང་པོའི་ཚོགས་དང་གཤེགས་སུ་གསོལ།། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར།། འགྲོ་བ་མ་ལུས་བསྒྲལ ་བའི་ཕྱིར།། དོན་གྱི་དབང་དུ་དགོངས་ནས་ཀྱང་།། འཁོར་བཅས་རབ་འབར་བཞུགས་སུ་གསོལ།། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་།། ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་།། མི་གཉིས ་དོན་དུ་དངོས་གྲུབ་མཆོག་གི་རྣམས།། བདག་ལ་གསལ་ཅིང་བརྟན་པར་བཞུགས་སུ་གསོལ།། ཆེ་མཆོག་མཉམ་སྦྱོར་འབར་བའི་ཀློང་དཀྱིལ་ནས།། གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུ་སྤྲུལ་པ།། གསང ་སྔགས་རྨད་བྱུང་འཕྲིན་ལས་སྣ་ཚོགས་མཛད།། ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། དམ་ཚིག་པ་ལས་བཞེངས་པ་ཡིས།། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས།། དམ་ཚིག་ཚུལ་བཞིན་མ་གཤེགས ་སམ།། གྲུབ་པའི་མཆོག་དག་མ་གསལ་ན།། སྐུ་གསུང་ཐུགས་དང་འགལ་བར་འགྱུར།། སྐུ་གསུང་ཐུགས་སུ་བདག་སྦྱོར་བས།། ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ།། ང་ནི་བདུད་ཀྱི་བདུད་བདག་སྟེ།། མཁའ ་འགྲོའི་ཚོགས་བཅས་ངས་བསྡུས་སོ།། ཡེ་ཤེས་དཀྱིལ་འཁོར་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ནན། ཨ་ཤང་སི་ཏ་བྷ་བཛྲ་ནན། སརྦ་ཏ་ཐཱ་ག་ཏ། ཨ་དྷི་ཏིཥྛ་བཛྲ་ནན། སརྦ་ས་ཏྭ་ནན། ་ཏྲཾ་སྭ་བྷ་བ་ཤུད་དྷོ་ནན། ཨེ་མཎྜ་ལ་ཡཾ་ཀརྨ་ཧཾ། ར་རཀྟ་ས་མུན་ཛ། པཾ་ཛ་ལ་མཎྜ་ལ། ཀཻ་ནི་རི་ཛ་ལ། བྲུཾ་བི་ཤྭ་བི་ཤུད་དྷེ་བན་དྷ་ཛྙཱ་ན་མཎྜ་ལ་བྲུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙན་ཌཱ་སརྦ། དུཥྚན་བ་ཏ ་ཀ་ཧ་ན་ད་ག་པ་ཙ་མ་ཐ་ཧཱུཾ་ཧཱུཾ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་ས་མ་ཡ་བི་བི་ཤྭ་ཏན་ཧཱུཾ། བཛྲ་ཀེའུ་རི་ཧ། བཛྲ་ཙོའུ་རི་ཧ། བཛྲ་པྲ་མོ་ཧཱ། བཛྲ་པེ་ཏ་ལི་ཧ། བཛྲ་པུ་ག་སི་ཧ། བཛྲ་གྷསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙན་དྷ་ལི་ཧ། ་བཛྲ་ས་མན་ཛ། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་མ་ཧཱ་བཛྲ། ཨཱ་གད་ཏ་ཡ། ཨ་གད་ཏ་ཡ། པྲ་བེ་ཤ་ཡ། པྲ་པེ་ཤ་ཡ། བྷན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། བཛྲ་ཌ་ཀྐི་ནི་ནན། ཧྲི་ད་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨཽ་ཤྲི་མ་ཧཱ་བཛྲ ་སརྦ་དུཥྚན། ས་མ་ཡ་མུ་དྲ། ས་མ་ཡ་མུ་དྲ། པྲ་བན་ཙ་ཀྲ་ཧཱུཾ་ཕཊ། ཨེ་ཧྱེ་ཧི་བྷ་ག་བན། ཛཿཧཱུཾ་བཾ་ཧོཿརུ་ལུ་རུ་ལུ་ཏྲྀ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟཾ། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་ཊི་ཤྱ་ཧོ། ས་མ་ཡ་སྟྭཾ། ཨོཾ་ཨ་ཨི་ར་ལི་ཧྲིང ་ཧེ་ཧི་ཐཱ། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་ཏྲ། པྲ་བེ་ཤ་ཡ་ཕཊ། པྲ་བེ་ཨ་བེ་ཤ་ཡ་ཨ། ཨ་བེ་ཤ་ཡ་ཨ། ཨོཾ་བཛྲ་ཧེ་རུ་ཀ་དྲི་ཤྱ་ས་མ་ཡ་ཧྲི། སརྦ་དུཥྚཱན་ས་མ་ཡ་མུ་ཏྲ། པྲ་བན་ཙཀྲ་ཧཱུཾ་ཕཊ། ཀ་ཡ་ཝ་ཀ ་ཙིཏྟ་ཏིཥྛ་བཛྲ། ཨོཾ་བཛྲ་གུ་ཧྱ་ཤྲི་ཧེ་རུ་ཀ་དྲི་ཤྱ་ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་བྲྀ་ཤྱ་ས་མ་ཡ་ཧོ། ཨོཾ་བཛྲ་གུ་ཧྱ་དྲི་ཤྱ་ས་མ་ཡ་ཕཊ། ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། བཛྲ་ས་མ་ཡ་མུ་དྲི་མ་ར་པྲ་བན་ཙ་ཀྲ། བྷ ་ག་ཤ་ཡ་བྷ་ག་ཤ་ཡ། བི་དྷ་ན་ས་ཡ་བི་དྷན་ས་ཡ། ཧེ་བྷ་ག་ཝ་ན་བྷུ་དྷེ་ཤྲི་ཏ་པྲ་ཏི་སྟཾ་བྷ་ཡ་ཀ་ཧཱུཾ་ཕཊ། རྡོ་རྗེ་ཁྲག་འཐུང་གི་སྔགས་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཇིག་རྟེན་ལས་འདས་པའི་མདོ་ལས། ཁྲོ ་བོཔོས་སྐུ་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་གསལ་བ་ཞེས་བྱ་བའི་དོན་འདི་གསུངས་སོ།། ཞི་བའི་མགོན་གནས་ལྷ་ཡི་གནས།། རི་བོ་ཆེན་པོ ་འདུས་པའི་རྩེ།། གངས་དཀར་ཤེལ་གྱིས་བལྟམས་པའི་འདབ།། སེང་ཆེན་འཕྱོ་བའི་གནས་སུ་བྱ། ཁྲོ་བོའི་དགོན་གནས་དབེན་པ་ནི།། རི་བོ་ཆེན་པོ་ཙན་པའི་ངོས།། བྲག་དམར་པོའི་དཀྱིལ་ངོས ་ལ།། སྟག་དྲེད་འཕྱོ་བའི་གནས་སུ་བྱ།། མ་མོ་དགོན་གནས་དུར་ཁྲོད་གནས།། ཤིན་ཏུ་དབེན་པའི་ས་ཕྱོགས་ནས།། གསར་རྙིང་རོའི་འདུས་ས་ན།། གཅན་གཟན་འདུ་བའི་ས་ན་བྱ།། རྡོ་རྗེ་རིགས་ཀྱི་གནས་མཆོག ་ནི།། དུར་ཁྲོད་དང་ནི་ལྷ་རྟེན་དང་།། མ་མོའི་ཁྱིམ་དང་ཡིད་དུ་འོང་།། གནས་དང་ས་གཞི་བརྟགས་པ་དེར།། བསླང་དང་བརྟག་དང་སྦྱང་བ་དང་།། བགེགས་བསྐྲད་ས་བཟུང་དབང་པོར་བཞག། འཇིག་རྟེན་ས་བདག ་ལྷ་ཀླུ་ལ།། ས་རིན་བཅལ་ཏེ་ས་བླང་ངོ་།། དུར་ཁྲོད་གནས་ཀྱི་ས་བླངས་ཏེ།། སྟེགས་བུ་འདོམ་གང་གྲུ་བཞི་པ།། འཕང་དུ་ཆག་གང་བཅལ་བའི་ཚད།། བ་བྱུང་རྣམ་ལྔས་ལེགས་པར་བྱ།། འདི་སྐད་ཡང་གསུངས ་སོ།། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ།། དེ་རྗེས་དག་པའི་རང་བྱུང་བདུད་རྩི་ལྔས།། བདེ་གཤེགས་རིགས་ལྔའི་དངོས་གྲུབ་བསྒྲུབ་པའི་ཕྱིར།། ཡང་དག་གསང་བའི་དཀྱིལ་འཁོར་ཆག་ཆག ་འདེབས།། ཐབས་དང་ཤེས་རབ་ལྡན་པའི་བྱིན་བརླབས་པས།། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར།། གསང་བ་བྱང་ཆུབ་སེམས་ཀྱིས་ཐིག་འདེབས་ཀྱིས།། ཡེ་ཤེས་གཞལ་ཡས་ཕོ་བྲང་ལྷུན་གྱིས ་གྲུབ།། ཅེས་གསུངས་སོ།། འདི་སྐད་ཡང་གསུངས་སོ།། ཁྱབ་བདག་ཡེ་ཤེས་བདག་ཉིད་ཅན།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་།། ཡུམ་ཆེན་ཀུན་ཏུ་བཟང་མོ་གཉིས།། དེང་ནུབ་བདག་ལ་དགོངས་སུ ་གསོལ།། ཐུགས་བརྩེར་ལྡན་པའི་དགོངས་པ་ཅན།། ཁྱེད་རྣམས་ལ་ནི་མཆོད་པའི་ཕྱིར།། དཀྱིལ་འཁོར་བཟང་པོ་སང་བྲི་ཡིས།། བྱིན་གྱིས་བརླབ་པ་མཛད་དུ་གསོལ།། གཉིས་མེད་ཡེ་ཤེས་ལས་བྱུང་བའི།། དཀྱིལ ་འཁོར་རྫོགས་པར་རབ་བྱས་ནས།། གདན་ཚོགས་བཀོད་པ་མ་ནོར་བར།། རང་གི་འཕྲིན་ལས་རྣམ་པར་མཛད།། དབྱིངས་དང་ཚད་རྫོགས་བུམ་པ་བཟང་།། ཉི་ཤུ་རྩ་ལྔའི་རྫས་ཀྱིས་གང་།། རྣམ་རྒྱལ་བུམ་པ་རབ་ཏུ ་བཟང་།། ལས་ཀྱི་བྱ་བ་བྱེད་དང་བཅས།། སློབ་མ་དག་པར་བྱེད་པ་དང་།། རྫས་དང་བཅས་པ་དག་རྟོགས་བྱ།། འདི་སྐད་ཡང་གསུངས་སོ།། རང་བྱུང་ལྔ་ཡི་ཁྱད་པར་ལས།། ས་ཚོན་ཡེ་ཤེས་ལྔ་རུ་རྫོགས། ཁམས ་གསུམ་ཐུགས་རྗེས་བསྒྲལ་བའི་ཕྱིར།། དག་པའི་ཡེ་ཤེས་དྲི་མེད་བསྒོམ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ།། འཛམ་བུ་ན་དའི་གསེར་འོད་འདྲ།། དེ་མཚན་པདྨ་ར་ག་ལ།། མུ་ཁྱུད་ཀང་ཀ་རི་ལ་གྲུབ།། ཨིན་དྲ ་ནི་ལའི་གྲུ་ཆད་བཅས།། སྒོ་བཅས་ཡོངས་སུ་རྫོགས་པའོ།། རྡོ་རྗེ་དྲིལ་བུ་མར་མེ་བཅས།། རྫས་རྣམས་བྱིན་གྱིས་བརླབ་པར་བྱ།། རིན་ཆེན་བྱ་བ་ཀུན་རྫོགས་ནས།། རྣམ་པར་རྟོག་པ་བགེགས་ཡིན་ཏེ།། བགེགས་ནི ་རང་གི་སེམས་ཡིན་པས།། སེམས་ལ་རང་བཞིན་མེད་ཤེས་ན།། གཞན་ན་བགེགས་ཞེས་བྱ་བ་མེད།། ཅོད་པན་བདེ་གཤེགས་ལྟར་བསྒོམས་ན།། སངས་རྒྱས་ཀྱིས་ཀྱང་གནོད་མི་ནུས།། འཇིགས་ལས ་ལྷག་པའི་བགེགས་རྣམས་མེད།། བསྟན་པ་ཙམ་གྱིས་གཞན་འཕམ་པའོ།། སེམས་དཔའ་ཡི་ནི་སྐྱིལ་ཀྲུང་གིས།། འཇམ་པའི་གདན་ལ་འདུག་ནས་ནི།། ཞེ་སྡང་རྡོ་རྗེའི་ཏིང་འཛིན་དུ།། གནས་ནས་གནས་བསྲུང་རྣམ ་པར་བསམ།། རྡོ་རྗེ་ཞགས་པ་ལྕགས་སྒྲོག་རྒྱ།། བན་དྷ་དགྲ་སྟ་ལྕགས་ཀྱུ་བསྣམས།། གཡས་པའི་སྤྱན་ཟུར་བཟློག་པ་ཡིས།། ཉི་མའི་དཀྱིལ་འཁོར་བསམ་པར་བྱ།། གུ་ལང་དབང་ཆེན་ལྷ་དབང་དང་།། ཉི་ཟླ་གཤིན ་རྗེ་ཚངས་པར་བཅས།། ཐམས་ཅད་མ་ལུས་བསྲེག་པར་བྱ།། གཡོན་གྱི་སྤྱན་ཟུར་བཟློག་པ་ལས།། ཟླ་བའི་དཀྱིལ་འཁོར་བསམ་པར་བྱ།། གུ་ལང་དབང་ཆེན་ཉེ་དབང་དང་།། ཉི་ཟླ་གཤིན་རྗེ་ཚངས་པར ་བཅས།། ཐམས་ཅད་མ་ལུས་ཞི་བར་བྱ།། ཡང་དག་གསང་བའི་དཀྱིལ་འཁོར་དུ།། གསང་བའི་དམ་ཅན་སོ་སོ་ནས།། འདུལ་བ་ལས་ནི་མ་གཏོགས་པ།། ཀུན་ཀྱང་རེ་བ་བསྐང་ཟིན་གྱིས།། ད་ལྟ་ཉིད་དུ་སོ་སོར ་དེངས།། ཅིས་ཏེ་བཀའ་ལས་འདས་གྱུར་ན།། རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་།། རྡོ་རྗེ་མཚོན་ཆ་འབར་བ་ཡིས།། ཐལ་བ་བཞིན་དུ་བརླག་པར་འགྱུར།། རྡོ་རྗེའི་འགྲོས་དང་སྟངས་ཐབས་དང་།། ང་ཡི་དཀྱིལ་འཁོར ་བསྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་བརླབས་ལས་བྱུང་བའི།། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས།། དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་།། རྡོ་རྗེ་འཁོར་ལོ་རལ་གྲི་དང་།། དབྱུག་པ་རྒྱ་གྲམ་རྣམ་པ་ལྔ།། རིམ་པ་བཞིན ་དུ་གཙང་པར་བྱ།། ཅི་ཡང་མི་གནས་ཅིས་མི་ཤེས།། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་དྲིལ།། ལྕགས་ཀྱུ་རལ་གྲི་དགྲ་སྟ་ཞགས།། གཡས་བརྐྱང་ཞབས་ཀྱིས་ཉི་ཟླའི་གདན།། གནོད་མཛེས་རྡོ་རྗེ་ཟོ་བ་འཛིན།། བདུད་རྩི ་ཞལ་གསུམ་ཕྱག་རྒྱ་དྲུག། རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ།། གང་ཞིག་གནས་པའི་མཆོག་རྣམས་ལ། ཁྲོ་རྒྱལ་འབར་བའི་ཀི་ལ་ཡ།། ཕྱོགས་མཚམས་གདོན་རྣམས་གནོན་པར་མཛོད།། ཊ་ཀི་རཱ་ཛ་འདོད་པའི་བཅུ།། ཨོཾ ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། གྲིཧྞ་གྲིཧྞ་ཧཱུཾ། གྲི་ཧྞཱ་པ་ཡ། གྲིཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བ་ན། བིདྱཱ་ར་ཛཱ་ཧཱུཾ་ཕཊ། ཨཱ~ཾ་གྷ་གྷ་གྷ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀི ་ལ་ཡ། བཛྲ་དྷ་ར། ཨཱ་ཛྙཱ་ན་པ་ཡ་ཏི། ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀི་ལ་ཧཱུཾ་ཕཊ། འདི་སྐད་ཡང་གསུངས་སོ།། རིན་ཆེན་མཛེས་པའི་གཞལ་ཡས་སུ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི།། ཐུགས་རྗེ་ཆེ་དང་ལྡན་པ ་ཡི།། དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར།། སྐུ་མདོག་སོ་སོར་གསལ་བ་ཡིས།། ཕྱག་མཚན་རྒྱན་དང་ཆ་ལུགས་དག། བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ།། ཞི་བའི་མཆོད་པ་མཉེས་པར་འབུམ།། འདི་སྐད ་ཡང་གསུངས་སོ།། དབྱིངས་ཀུན་རང་བཞིན་རྣམ་པར་དག་པ་ལས།། ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ།། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་གཉིས།། རང་སྣང་ལྷ་ཚོགས་རྣམས་ལ ་ཕྱག་འཚལ་ལོ།། ཨརྒྷ་མེ་ཏོག་བདུག་སྤོས་དང་།། མར་མེ་དྲི་ཆབ་བཤོས་སོགས་སྒྲ།། ཕྱི་ནང་གསང་བར་སྦྱར་པ་རྣམས།། བདག་དང་མཉམ་པའི་མཆོད་པ་འབུམ།། ཨཽ་པ་ན་སེན། པེ་ནུ་སུ་ར་ཏ། ཏིས་སོ་པ་ར་མུ།། ་སརྦ་ཏ་ཐཱ་ག་ཏ་སི་ཏིའུ། ས་མ་ཡོ་ཏ་མུ། སརྦ་ཏ་ཐཱ་ག་ཏ། མ་ཧཱ་སུ་ཀ་སི་ཏིའུ། ཨཽ་ཨཿཧཱུཾ།། ། འདི་སྐད་ཡང་གསུངས་སོ།། སྲིད་རྩ་དབྱིངས་སུ་ཤར་བའི་མཆོད་རྫས་དེ།། དེ་ཉིད་མ་བཅོས་ཡུམ་གྱི་ཐིག་ལེར ་གསལ།། ཆགས་ཡུམ་བདེ་བའི་འོད་དཔུང་དམར་ལ་འཁྱིལ།། ཉོན་མོངས་དབྱིངས་སུ་བསྟིམ་ཕྱིར་ཨརྒྷ་བཞེས།། འབྱུང་ལྔ་དབྱིངས་ལ་ཡེ་ཤེས་བཅུད་ཤར་བ།། སྣང་སྲིད་མདངས་ལྡན་རང་འབྱུང་མེ་ཏོག ་གསལ།། གཉིས་མེད་ངང་ལ་ཁ་དོག་ཅིར་ཡང་ཤར།། འབྲས་བུ་བཅུད་ལྡན་མེ་ཏོག་དཔུང་ཚོགས་འབུལ།། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས།། འབྲས་བུ་རང་འབྱུང་ཡེ་ཤེས་མེ་ཤར་ནས།། མཐའ ་དབུས་མེད་པར་གསལ་བའི་འོད་འབར་འདི།། འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ།། གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ།། ཉོན་མོངས་སྐྱོན་བྲལ་དག་པའི་བྱང་ཆུབ་སེམས།། ཅིར་ཡང ་འཆར་ཕྱིར་དྲི་ཡི་འོད་དཔུང་འབུལ།། ཞལ་གྱི་དབྱིངས་སུ་ཐིམ་ནས་མཉེས་གྱུར་ཅིག། ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་།། བྱུང་བའི་འབྲས་བུ་འདོད་པའི་ཡོན་ཏན་ལྔ།། ལྷ་བཤོས་ཡིད་བཞིན ་རིན་ཆེན་ལོངས་སྤྱོད་འདི།། སྐུ་གསུང་ཐུགས་ཀྱི་ངང་དུ་ཐིམ་པར་བཞེས།། འདི་སྐད་ཡང་གསུངས་སོ།། སྒྲ་ཡི་དངོས་པོ་སྣང་བ་ནི།། ཡོད་པར་མ་ཡིན་ཤིན་ཏུ་གྲག། སྒྲ་ཡིས་རབ་ཏུ་ཚིམ་འགྱུར་ཡང་།། སྒྲ་ཉིད་རང ་འབྱུང་གང་ཡང་མེད།། སྒྲ་འབྱུང་ཡེ་ཤེས་མཆོད་པར་འབུལ།། སྐུ་གསུང་ཐུགས་ཀྱིས་མཆོད་པར་འབུལ།། རང་འབྱུང་གདོད་ནས་དག་པ་ཡིས།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། ར་ས་ཡ་ན་ལ་སོགས ་རྫས།། རིགས་ལྔ་དམ་ཚིག་ལྔ་ཡི་དངོས།། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས།། རྒྱུད་དྲུག་སེམས་ཅན་ཀུན་གྲོལ་ཕྱིར།། དུག་ལྔ་སེལ་བའི་བདུད་རྩི་འདི།། བཅོམ་ལྡན་རིགས་ལྔ་ཡབ་ཡུམ་དང་།། བྱང་ཆུབ་སེམས ་དཔའི་ལྕམ་དྲལ་དང་།། ཀུན་བཟང་ཡབ་ཡུམ་ཐུབ་དྲུག་དང་།། སྒོ་སྐྱོང་ཡབ་ཡུམ་མཁའ་འགྲོ་འཁོར་བཅས་ལ།། རྣམ་དག་བདུད་རྩི་དམ་རྫས་མཉེམ་མཆོད་འབུལ།། ཐུགས་རྗེས་དགོངས་ཏེ་ཀུན་ཏུ་དགྱེས་མཛད ་ལ།། ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ།། དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ།། ལོག་རྟོག་མཚན་མ་མང་པོ་སྤྲིན་ཕུང་བཞིན།། ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་གསལ་ཕྱིར།། དག་པའི་དོན་དུ ་རྟོགས་ནས་མཆོད་པར་བགྱིས།། རྨད་དུ་བྱུང་བའི་གཏོར་མ་དང་།། འདོད་པའི་ཡོན་ཏན་རྣམ་ལྔ་པོ།། ཆོས་ཉིད་སྐྱེ་བ་མེད་དབྱིངས་ལས།། ཇི་ལྟར་དམིགས་པ་བཞིན་དུ་འབུལ།། རཀྟ་ཙིཏྟ་ཤ་ར་ནི་སྲ ་ཧཱ། ཤྲི་བཛྲ་དྷ་པེ་དྷུ། ཤྲི་བཛྲ་ཨ་ལོ་ཀེ་ཧྲི། ཤྲི་བཛྲ་གནྡྷེ་ག་ན། ཤྲི་བཛྲ་ར་ག་ནེ་བེ་ཏེ་ཁཱ་ཧི། ཤྲི་བཛྲ་རཱ་ག་གིརྟི་ཧི། སརྦ་ཏ་ཐཱ་ག་ཏ་ཨ་རྒ་པྲ་ཏིཙྪ་ཧོ། ཨོཾ་ཨཿཧཱུཾ། ཨོཾ་ཨ་ཧཱུཾ། སུ་ར་ཏོ་ཨུ་བ་བྷྱོ། ཀ་མ་ལ་མཱ་ལེ། བཛྲ་ཨ་མྲི ་ཏ། ཧ་ར་ན་པྲ་ཏིཙྪ་ཧོ། ཨོཾ་ཨཱ་ཧཱུཾ་བ་ལིང་ཏ་ཁཱ་ཧི། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་བསྙེན་པའི་ཏིང་ངེ་འཛིན་ཏོ།། ཀུན་གཞི་གསང་བའི་དཀྱིལ་ཉིད་དུ།། རྣམ་པར ་ཤེས་བརྒྱད་འཁོར་དུ་ལྡན།། དཔལ་ཆེན་མ་མོ་བརྒྱད་དང་བཅས།། རང་བཞིན་དཀྱིལ་འཁོར་གཟུགས་བརྙན་དང་།། ཏིང་འཛིན་གསལ་བ་བྱང་ཆུབ་སེམས།། དཀྱིལ་འཁོར་ཐིག་གདབ་ཤེས་རབ་ལྡན།། ཕྱོགས་ཀུན ་མཉམ་པ་ཉིད་གྲུབ་ཅིང་།། དཀྱིལ་འཁོར་ཡང་དག་ཇི་ལྟ་བར།། རབ་ཏུ་བརྟག་པར་སུ་ཞིག་ནུས།། རང་གི་ལྷ་ཡི་རང་བཞིན་གྱིས།། དཀྱིལ་འཁོར་བརྟག་པ་འགྲུབ་པ་འབྱུང་།། དབུས་སུ་རྒྱལ་རིགས་དུམ་བུ ་གཅིག། ཕྱོགས་བཞིར་བྲམ་ཟེ་རྒྱལ་རིགས་དང་།། རྗེའུ་རིགས་དམངས་རིགས་བཞི་ལ་བྱ།། མཚམས་བཞིར་ཁྲུས་མཁན་གར་མཁན་དང་།། རྗེའུ་རིགས་བཙོ་བླག་མཁན་རྣམས་ལ།། མི་ཡི་ཁྲག་ལ་སྣག་ཚ ་བྱ།། མཆོག་གི་རྐང་གི་སྨྱུ་གུ་ཡི།། ལྷ་དགུ་སོ་སོའི་སྙིང་པོ་བྲི།། བན་དྷའི་མཚན་གསོལ་བཞུགས་སུ་གསོལ།། རྡོ་རྗེའི་རིགས་མཆོག་ཆེན་པོ་དེ།། རྡོ་རྗེ་དྲིལ་བུ་རིགས་པ་འཛིན།། ཐབས་དང་ཤེས་རབ་གཉིས་སུ ་ལྡན།། རྟགས་ཀྱིས་ཕྱག་རྒྱར་བཞུགས་སུ་གསོལ།། ཟླ་གམ་དཀྱིལ་འཁོར་ཡུམ་གྱི་མཁའ།། བན་དྷ་བདེ་གཤེགས་སྐུ་ཡི་སྐུ།། ཡིག་འབྲུ་བདེ་གཤེགས་གསུང་གི་གསུང་།། མར་མེ་བདེ་གཤེགས་ཐུགས ་ཀྱི་ཐུགས།། ཡེ་ཤེས་དགུ་ཡི་སྣང་བ་དང་།། རྫས་ཀྱིས་མཛེས་པར་འཁོར་པར་བསྐོར།། ཏིང་འཛིན་ཡེ་ཤེས་གསལ་བའི་ཕྱིར།། མིག་གི་བརྟེན་ཡང་མངོན་པར་བྲི།། འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར།། མིག་གི ་བརྟེན་ཡང་མངོན་དུ་བཞག། མི་དམིགས་ཆོས་ལ་བློ་བརྟགས་ཤིང་།། ཡེ་ཤེས་སྤྱན་གྱི་སྤྲིན་སྟོབས་ཀྱིས།། ཐམས་ཅད་ཚུལ་བཞིན་བྱིན་གྱིས་རློབས། ལྷག་པའི་བརྟགས་ཀྱིས་ཀུན་མཚན་ནས།། ཅིར་ཡང་འགྱུར་བའི ་ཡིག་འབྲུ་བསམ།། འདས་པའི་དུས་ན་སྔོན་བྱུང་བའི།། བདག་ཉིད་ཆེན་པོ་བརྟག་པ་ཡི།། དེ་བཞིན་གཤེགས་པའི་གསུང་རབ་ལ།། འགྲོ་བའི་ཚུལ་དུ་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ཀུན།། ཤིན་ཏུ་ཁྲོ ་ཞིང་གཏུམ་པར་འགྱུར།། ཤིན་ཏུ་གདུག་ཅིང་ཁྲོ་བོ་ཡི།། འོ་དོད་འབོད་ཅིང་ལྟུང་བར་འགྱུར།། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཟཐབས་ཀྱི་ངོ་བོ་ཡིས། ཁྲོ་བོར་དེ་བཞིན ་གཤེགས་ཀུན་མཛད། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་།། འཇིག་རྟེན་གསུམ་དག་སྲེག་བྱེད་ན།། སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས།། ཐུགས་རྗེ་ཆེ་དང་ལྡན ་པ་ཡིས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དམ་ཚིག་ལ་སྡང་རྣམས་སྦྱང་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱ་གསལ།། པདྨ་རིན་ཆེན་ལྡན་བྱས་ནས།། བདེ་མཆོག་སྒྱུ་མའི་རྔས་མཚོན་དེ།། དབྱིངས་ཕྱུག་བདེ ་མཆོག་འབྱུང་བ་དེ།། རང་རིག་ཡེ་ཤེས་ཆེན་པོའི་འོད།། བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན།། འོད་ལུས་ཐོགས་མའི་གཟུགས་ལ་གཟུགས།། འབར་བའི་ཚོགས་ནི་རྣམ་པར་བསམ།། འདི་སྐད་ཡང་གསུངས ་སོ།། བདེ་བ་རྒྱས་འདེབས་ཡབ་ཡུམ་ཕྱག་རྒྱར་གསལ།། བདེ་བ་རྨོངས་བྱེད་གཉིས་སུ་མེད་པའི་ངང་།། བདེ་བ་ཟད་བྱེད་འཕྲིན་ལས་སྣ་ཚོགས་སྒྲོལ།། བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་དོན།། བདག་མེད་ཕྱོགས ་བྲལ་དོན་དམ་ཐུགས་ཆུད་ཅིང་།། བྱམས་དང་སྙིང་རྗེའི་དགྲ་ཟན་མི་མངའ་ཡང་།། གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི།། འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཁྲོ་མོ་དབང་ཕྱུག་སྒྲ་ལ་ཉེར་གནས ་ཤིང་།། ཐབས་དང་ཤེས་རབ་འབྲེལ་པའི་དཀྱིལ་འཁོར་ནས།། མཁའ་འགྲོ་མི་ཟད་འབར་པའི་སྤྲིན་འཕྲོ་མ།། གདུག་པ་འདུལ་མཛད་ཡུལ་ལ་ཕྱག་འཚལ་ལོ།། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད ་པའི།། འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ།། མ་སྲིད་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ།། ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ།། འདི་སྐད་ཡང་གསུངས་སོ།། ཧེ་རུ་ཀ་ཡི་གནས་བཅུ ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས།། དུར་ཁྲོད་མཆོག་གི་གནས་འདི་རུ།། ཞིང་ཆེན་གསར་རྙིང་ཏི་རར་བཅས།། དམར་གྱི་ཨརྒ་རྒྱ་མཚོར་བསྒྲིལ།། མཁའ ་འགྲོ་འབར་བའི་ཚོགས་བཅས་ཀྱིས།། མ་ལུས་གཤེགས་ནས་བསྣམས་སུ་གསོལ།། ང་ནི་ཟ་བྱེད་ཆེན་པོ་སྟེ།། ཁམས་གསུམ་མ་ལུས་བསྒྲལ་བ་དང་།། གདུལ་དཀའ་མ་ལུས་འདུལ་བའི་ཕྱིར།། ཤ་རུས་ལ་སོགས་ཟ ་བར་བྱའོ།། ང་ནི་ཁྲག་འཐུང་ཆེན་པོ་སྟེ།། འཁོར་བའི་དྲ་བས་བཅིངས་པ་ཀུན།། དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ།། འཁོར་གྱིས་མཁའ་འགྲོ་ཚོགས་དང་རོལ།། མ་རུངས་འདོད་ལ་མ་ཆགས་ཤིང་།། དམ་ཚིག་ལ ་སྡང་དགྲ་བགེགས་རྣམས།། ངོ་ཐོན་སྟོབས་ཀྱིས་བསྒྲལ་བར་བྱའོ།། ཤྲི་བཛྲ་ཀ་ཨ་མུ་ཀ་ཤ་ར་ཡ་ན་མོ། ཨོཾ་ཤྲཱི་བཛྲ་རཱ་ག་ས་མ་ཡ་ན་མོ། ཨོཾ་ཤྲི་བཛྲ་ཁ་ཌངྒ་པྲ་ཙ་མ་ཡ་ཡ་ན་མོ། ཨཽ་ཤྲཱི་བཛྲ་གྷན་ཌེ་ཛ་ལ་ཡ་ན་མོ། སརྦ ་བུ་དྷ་ག་ཏ་བནྟ་ད་ན་མ་ཀ་རོ་མི། མ་ཧཱ་ཡོ་གི་ནི། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་ཨི་ནན། དྷ་པེ། པུཥྤ། དཱི་པ་གན་དྷ། བ་ལིང་ཏྟ། པྲ་ཏི་ཛ་ཧོ། ཧྲི་བན་དྷ་ཁ་ཁ་ཁཱ་ཧི་ཁ་ཛཿཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ། མ་ཧཱ ་བཛྲ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏི་ཛ་ཧ། ཤྲི་བན་དྷ་ཁ་ཧི་ཁ་ཧི། ཛཧྨ་བ་ཧཾ། ཤྲི་ཧེ་རུ་ཀ། མ་ཧཱ་བཛྲ་སརྦ་དུཿན། ས་མ་ཡ་མུ་ཏྲ། མ་ར་ཁ་ཁཱ་ཧི་ཁ་ཧི། ཧྲི་ད་ཡ་སི་པནྟུ ་ཕཊ། ཤྲི་ཧེ་རུ་ཀ། མ་ཧཱ་མང་ས། མ་ཧཱ་རཀྟ། མ་ཧཱ་ཙཏྟི། མ་ཧཱ་བ་སུ་ཏ། མ་ཧཱ་པན་ཙ་ཨ་མྲི་ཏ། མ་ཧཱ་ཨརྒེ་པྲ་ཏི་ཛ་ཧོ། ཁ་ཁ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ། འབར་པའི་རྒྱལ་པོ་ཁྲག་འཐུང་ཐམས་ཅད་ཀྱི་དཀྱིལ་འཁོར་དུ ་བསྒྲུབ་པའི་ཏིང་ངེ་འཛིན་ཏོ།། ཞག་གྲངས་དུས་ནི་བརྟག་པ་འམ།། མཚན་མ་བརྟན་པོ་བྱུང་བ་ན།། འབྱུང་པོ་མནན་ནམ་བཟློགས་བྱས་ནས།། འདོད་པའི་དངོས་གྲུབ་དམ་པ་བླང་།། ཤེས་རབ་ཀྱིས་ནི་བློ་ཕྱེ ་ནས།། ངེས་པར་བརྟགས་པའི་ས་གཞི་ལ།། བློ་ལ་ངེས་པའི་ལུང་འདི་བསྟན།། གནས་ཚུལ་སྐུར་བའི་རིམ་པ་ཡིས།། ཕྱི་ནང་གསང་བ་རྫོགས་པའི།། དབང་ཞིག་རྒྱུ་ལམ་འབྲས་བུའི་བདག། སྐུ་གསུང་ཐུགས་དང ་དབྱེར་མེད་པ།། སྣུམ་པ་ཡི་ནི་དམ་ཚིག་དང་།། གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན།། དེ་དག་གོམས་ནས་ཉམས་སུ་བླངས།། བུམ་པ་བསྐྱེད་པའི་རིམ་པ་ལ།། ནང་གསང་རྫོགས་པ་རྫོགས་པའི་རིམ།། སྦྲུལ ་སྐུ་ལོངས་སྐུ་ཆོས་ཀྱི་སྐུ།། ངོ་བོ་ཉིད་སྐུ་ཡང་དག་ཐོབ།། བློ་ཞན་ཤེས་རབ་ཆུང་བས་ནི།། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ།། ཕུང་བྱེད་གཉིས་ཀ་སྲེག་པས་ན།། དེ་བས་གཞན་དུ་བསྟན་པ་མིན།། དངོས་གྲུབ ་སྦྱིསྤྲིན་བླང་གསང་བའི་དམིགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཇིག་རྟེན་འདས་པའི་མདོ་ལས། བསྙེན་བསྒྲུབ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་སྨིན་པར་བྱེད་པའི་ལམ་ཡོངས་སུ ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། བུམ་པ་ཅོད་པན་དབུ་རྒྱན་དང་།། སྐུ་གསུང་ཐུགས་བྱིན་མེ་ཏོག་བོར།། མེ་ཏོག་འཕྲེང་བ་ཕྱག་རྒྱ་དང་།། བན་དྷ་བདུད་རྩི་ཤ་ལྔ ་དང་།། བསྒྲུབ་རྫས་ལྷ་ཆ་ཁ་ཏང་ཕུར།། ཚེ་དང་རྒྱལ་པོ་བཀའ་བརྟགས་རྣམས།། སྐུ་ཡི་དབང་དེ་ཕྱི་རུ་བསྟན།། སྔོན་ཚེ་ཚེ་རབས་གྲངས་མེད་ནས།། དགེ་བའི་ལས་ཀྱིས་བརྟེན་པའི་ལྷ།། ལྷག་པའི་ལྷ་ནི་གང་ཡིན ་པ།། ད་ལྟ་ཉིད་དུ་ཁྱོད་ལ་དབང་།། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུ་ཡི་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས ་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུ་ཡི་མཛད་དུ་གསོལ།། སྐུ་གསུང་ཐུགས་རིགས་ཀྱིས་དེ་སྦྱིན་བྱ།། ཆོས་དབྱིངས་ཡུམ་གྱི་བུམ་པ་ན།། རྒྱལ་བའི ་དཀྱིལ་འཁོར་ཕོ་བྲང་བཞུགས།། གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས།། སྤྱི་ནས་བསྟིམ་ཞིང་དབང་བསྐུར་བས།། ཁྱོད་ཀྱི་བག་ཆགས་བྱང་གྱུར་ནས།། ལུས་ལ་སངས་རྒྱས་བསྟིམ་པར་ཤོག། ཐོད་པ་འཕྲེང་བ ་དབུ་རྒྱན་འདི།། སངས་རྒྱས་གཙུག་གི་ནོར་བུ་ཅན།། ཀུན་ནས་ཉོན་མོངས་འཇིག་རྟེན་དབང་།། མི་སྐྱེ་ལ་སོགས་དེ་གྲུབ་པས།། ཡེ་ཤེས་ལྔ་ལྡན་དབུ་རྒྱན་འདིས། ཁྱོད་ལ་དབང་མཆོག་བསྐུར་བར ་བྱ།། བག་ཆགས་ཉེས་པའི་སྐྱོན་སྤངས་ཤིང་།། འཁོར་བའི་ཉེས་པས་མི་གོས་པའི།། ཡེ་ཤེས་ལྔ་ལྡན་ཅོད་པན་འདིས། ཁྱོད་ལ་དབང་མཆོག་བསྐུར་བར་བྱ།། འདི་ནི་མེ་ཏོག་རིན་ཆེན་འཕྲེང་།། རིན་ཆེན་རྒྱུ་ལས་བྱས ་པ་ཡི།། བྱང་ཆུབ་ཡན་ལག་འཕྲེང་བ་འདི།། འཕགས་མཆོག་འགྲོ་དོན་བྱེད་པ་ལ།། བསམ་པ་ཡིད་བཞིན་འགྲུབ་པ་དང་།། བར་ཆད་མེད་པའི་དབང་བསྐུར་རོ།། འདི་ནི་ཕྱག་རྒྱའི་དབང་མཆོག་སྟེ།། ཆོས་རྣམས་སྐུ ་གསུང་ཐུགས་ཀྱི་དབང་།། ཕྱག་རྒྱ་ཆེན་པོའི་རང་བཞིན་དུ།། རྟག་པར་བསྒོམ་ཞིང་བསྒྲུབ་པར་བགྱིས།། ཆོས་ཉིད་སྤྲོས་བྲལ་ཀ་པཱ་ལ།། སྐུ་ལྔ་ལྷུན་གྲུབ་ཀ་པཱ་ལ།། ཡེ་ཤེས་ལྔ་ལྡན་ཀ་པཱ་ལ།། མི་འགྱུར་གཡུང་དྲུང་ཀ། ་པ་ལ།། ཡིད་བཞིན་གཏེར་ལྡན་ཀ་པཱ་ལ།། སྐལ་ལྡན་དབང་མཆོག་འདི་བསྐུར་བས།། ཅི་བསམས་འགྲུབ་པའི་དབང་ཐོབ་ཤོག། ཉོན་མོངས་འཇོམས་པའི་རྡོ་རྗེ་དང་།། ཆོས་སྒྲ་སྒྲོག་པའི་དྲིལ་བུ་འདིས།། དེ་རིང ་ཁྱོད་ལ་དབང་བསྐུར་བས།། ཐབས་དང་ཤེས་རབ་འབྲེལ་བར་ཤོག། གཟུགས་མཆོག་བུད་མེད་ལྷ་ཡི་ཚོགས།། འདོད་པ་ལྔ་ཡི་ཡོན་ཏན་དག། ཆོས་ཉིད་ཀྱི་ནི་རྒྱན་ཡིན་པས།། དགའ་འགྱུར་སྤྱོད་པའི་དབང་བསྐུར ་རོ།། བན་དྷ་བཅུད་ཡངས་ཟབ་པ་ན།། འཁོར་ཡུག་རྟོགས་པའི་སྣོད་བཅུད་ཀུན།། བདུད་རྩི་ལྔ་ཡི་རང་བཞིན་པས།། རྟག་ཏུ་ཟ་བྱེད་ཞལ་དུ་བསྟིམ།། མངོན་ཤེས་ལྔ་ལ་སོགས་པའི།། ཐུན་མོང་དངོས་གྲུབ་ཇི་སྙེད ་དང་།། རིགས་འཛིན་གཙོ་བོ་བསྒྲུབ་པའི།། ལྕགས་ཀྱུ་ལྔ་ཡིས་དབང་བསྐུར་རོ།། ཡི་དམ་ལྷ་དང་མི་འབྲལ་ཞིང་།། བར་དོ་བདུད་ལས་སྐྱོབ་བྱེད་པ།། མཚོན་པ་ཙམ་གྱིས་བགེགས་ལས་རྒྱལ།། རྡོ་རྗེ་མིང་གིས་དབང ་བསྐུར་རོ།། རྡོ་རྗེ་ཁ་ཊྭཱཾ་འདི་བྱིན་པས།། དྲིལ་བུའི་སྒྲ་ནི་གསིལ་བ་ཡིས།། ཐམས་ཅད་ཕབ་ནས་སླར་ཡང་ནི།། ཁམས་གསུམ་དག་ཀྱང་འཚོ་བར་བྱེད།། ཁྲོ་རྒྱལ་འདུས་པ་སྲས་ཀྱི་མཆོག། སྐུ་གསུང་ཐུགས་སུ་བྱིན ་བརླབས་ཏེ།། དགྲ་བགེགས་འཇོམས་པའི་མཐུ་མངའ་བ།། ཕུར་བུ་འདི་ཡིས་དབང་བསྐུར་རོ།། སངས་རྒྱས་ཀུན་གྱི་བདག་ཉིད་ནི།། རྡོ་རྗེ་སེམས་དཔའ་ཆེ་བ་བཞོན།། དེང་འདིར་ཁྱོད་ལ་དབང་བསྐུར་བས།། ནད ་མེད་བདེ་མཆོག་གྲུབ་པར་ཤོག། གདུགས་དང་རྒྱལ་མཚན་གོ་ཆ་དང་།། སྙིང་པོ་རྣམ་ལྔ་འདོད་ཡོན་དང་།། རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད།། རྒྱལ་པོ་རང་རྟགས་དབང་ཐོབ་བོ།། ཕན་པའི་དབང་ཞེས་བྱ་བ ་ཏིང་ངེ་འཛིན་ཏོ།། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས།། དམ་ཆོས་བདུད་རྩི་ཆར་ཕབ་ནས།། སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་།། སྐལ་མེད་ཀུན་གྱི་སྐྱབ་མཛད་ལྟར།། དེ་རིང་རྡོ་རྗེ་སློབ་དཔོན་གྱིས།། ཞབས་ལ ་བཏུད་དེ་ཞུ་བ་ནི།། བདག་གི་རྒྱུད་རྣམས་སྦྱང་བ་དང་།། འགྲོ་བ་རྣམས་ལ་ཕན་དོན་དུ།། སྔོན་གྱི་རྒྱལ་བས་མཛད་པ་བཞིན།། གསང་བའི་དབང་མཆོག་བསྐུར་དུ་གསོལ། ཁྱོད་ནི་བརྩེ་བས་གཟུང་བ ་དང་།། འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར།། དཔལ་ལྡན་བླ་མ་བདག་ཉིད་ཀྱིས། ཁྱོད་ལ་དབང་མཆོག་སྦྱིན་པར་བྱ།། ཐབས་ནི་གཡས་ཀྱི་ཕྱོགས་སུ་དེ།། དེ་བཞིན་ཤེས་རབ་གཡོན་དུའོ།། གཡོན་ཕྱོགས་གནས་ལ ་ཚུལ་བཞིན་དུ།། ཇི་ལྟར་འདོད་པ་བཞིན་དུ་སྦྱང་།། ཞི་དང་ཁྲོ་བོའི་རིམ་པའོ།། ཐབས་ཀྱི་བདག་ཉིད་གནས་ལྔ་རུ།། དཔའ་བོ་འབྲུ་ལྔའི་སྙིང་པོ་ལ།། རྒྱས་གདབ་བྱིན་བརླབས་དབང་བསྐུར་ན།། བདེ་གཤེགས་ཡབ ་ལྔའི་དཀྱིལ་འཁོར་གསལ།། དེ་ཡི་གཟུགས་ཀྱི་ཕུང་པོ་ལ།། བདེ་བར་གཤེགས་པའི་ས་བོན་ལྔ།། འཕྲོས་འདུས་གསལ་བར་གྱུར་པ་དེ།། རྒྱས་གདབ་བྱིན་བརླབས་དབང་བསྐུར་ལ།། བདེ་གཤེགས་ལྔའི་དཀྱིལ ་འཁོར་གསལ།། སྤྱི་བོ་གཙུག་དང་ལྕེ་ཡི་སྟེང་།། ནུ་མའི་བར་དང་ལྟེ་བ་དེ།། གསང་གནས་ཡན་ལག་རྣམས་སུ་ནི།། ཡུམ་ལྔ་སེམས་མ་སྒོ་མ་དགོད།། གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ།། དཔལ་དང་མ་བརྒྱད་ལ ་སོགས་པ།། དེ་ལ་འཇའ་ཚོན་བཞིན་དུ་གསལ།། ལྷ་རྣམས་ལྷ་ཕྲད་འོད་ཟེར་གྱིས།། འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར།། འབར་བ་སྣ་ཚོགས་འཁྲིགས་པའི་འོད།། དཀྱིལ་འཁོར་སྤྱན་དྲངས་མཆོད་བསྟོད ་ནས།། ཕབ་སྟེ་བསྟིམ་པས་ཡབ་ཡུམ་གཉིས།། རྒྱལ་པོ་རྒྱལ་མོར་བྱིན་གྱིས་བརླབས།། བཤང་སྒོ་དམ་ཚིག་སྒྲོལ་མ་གཡོ།། སུམ་མདོར་གོས་དཀར་མོ་ལ་བསྐྱོད།། ལྟེ་བའི་དཀྱིལ་འཁོར་དྲུག་ཅུ་བཞི།། ཨོཾ་ནི་མེ ་འབར་བདེ་བ་ཁྱབ།། དེ་ལས་འབར་བས་སྐུལ་བྱེད་པ།། ཆོས་ཀྱི་དཀྱིལ་འཁོར་བརྒྱད་འབར་ཧཱུཾ།། དེ་བབ་བདུད་རྩི་འཛག་བྱེད་པ།། སྤྲུལ་པའི་དཀྱིལ་འཁོར་གསོ་བར་མཛད།། འགྲོ་མདོ་མེ་ལ་ཉིད་མ་ཡིན།། མེ ་འབར་སྤྲུལ་པའི་དཀྱིལ་འཁོར་འཇུག། འཛག་པའི་ལམ་འགྲོ་ཆོས་གནས་སྲེགས།། དེ་བཞིན་མགྲིན་པ་སྤྱི་བོར་ཐོན།། ནམ་མཁའི་བ་བཞོས་འབབ་པའི་ལམ།། ཤི་བའི་གནས་རྣམས་གསོལ་མཛད་དེ།། དབུས ་ཀྱི་སྲོག་ཤིང་དང་པོའི་གནས།། མུན་ནག་ཟེར་ཙམ་བཞུགས་པར་མཛད།། བདེ་རྒྱུད་མགྲིན་སྙིང་ལྟེ་བར་འབབ།། མན་ངག་གནས་འདོད་རྣལ་འབྱོར་པ།། རྐང་མཐིལ་མེ་འབར་ལོང་ཙའི་ནང་།། བླའི་རྩ་ཆེན་གསང ་གནས་འཛོད།། རྣོ་མྱུར་དྲག་པོའི་རྩུབ་པ་དེ།། རླུང་གཉིས་མེ་གསུམ་སྤྲུལ་པའི།། དཀྱིལ་འཁོར་དྲུག་ཅུ་རྩ་བཞི་པ།། ཐིག་ལེ་འཐབ་མོའི་བདེ་བ་ཅན།། ཆོས་ཀྱི་དཀྱིལ་འཁོར་བརྒྱད་ལ་གནས།། ཐིག་ལེ་བདེ་བ་གྱེན ་འབར་བས།། ལོངས་སྤྱོད་དཀྱིལ་འཁོར་བཅུ་དྲུག་ཤེས།། སུམ་ཅུ་རྩ་གཉིས་ནམ་མཁའ་བ།། ཧཾ་ཡིག་བདུད་རྩི་ཐུར་དུ་འབེབས།། ཐིམ་པའི་རྒྱལ་མོར་བྱིན་གྱིས་བརླབས།། ཡབ་ཡུམ་གཉིས་མེད་སྦྱོར་བ་ཡི།། པདྨོ ་རིན་ཆེན་ལྡན་བྱས་ནས།། རྒྱལ་བ་ཡབ་ཡུམ་གཉིས་མེད་སྦྱོར།། བྱུང་བའི་དམ་ཚིག་ཆེན་པོ་ཡི།། དབྱིངས་ཀྱི་བདེ་མཆོག་འབྱུང་བ་དེ།། རང་རིག་བདེ་བ་གསལ་བའི་རྒྱུན།། འཕྲོས་འདུས་གསལ་བའི ་བྱང་སེམས་ཀྱིས།། སློབ་མ་བྱིན་བརླབས་དབང་བསྐུར་བྱ།། ཉན་པ་འཆད་དང་བསྒོམ་པ་དང་།། འཕྲིན་ལས་སློབ་དཔོན་དབང་རྣམས་ནི།། ཇི་ལྟར་ལུས་ཀྱི་གནས་ལུགས་ལ།། ལྷ་ཡི་གདན་ཚོགས་ཚོམ་བུ ་ལས།། མྱོང་བའི་ཚུལ་གྱིས་ཐོབ་པ་ནི།། གསང་བས་ནང་གི་དབང་སྦྱིན་པ།། ནང་གི་ཚུལ་དུ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རིགས་ཀྱི་ཡུམ་ལྔའི་གཟུངས་མ་ནི།། དམར་སེར་མཉམ་པའི་ཕྱག་རྒྱ་ཅན།། སྤྱན ་འཕང་དམའ་ལ་གཟི་བྱིན་འབར།། འཁོར་ལོའི་ཕྱག་ལ་ཨུཏྤལ་ཞབས།། དབུ་འཕང་མཐོ་ཞིང་སྤྱི་བོ་རིང་།། དེ་བཞིན་རིགས་ཀྱི་གཟུངས་མར་ཤིས།། དཀར་གསལ་དུང་མདོག་སྒེག་མོའི་གཟུགས།། ཤ་རུས་འདྲིལ ་ལ་རྡོ་རྗེ་དབྱིངས།། མདངས་ཅན་ཡིད་འཕྲོག་ཨུ་ཏྤལ་ཞབས།། དུང་ཅན་མ་ནི་རིགས་མཆོག་སྟེ།། རྡོ་རྗེ་རིགས་ཀྱི་གསུངས་མར་ཤེས།། ཨུཏྤལ་སྔོན་པོའི་ཁ་དོག་འདྲ།། གསལ་འཚེར་ལྷུན་སྡུག་གཟི་བརྗིད ་འཕྲོ།། ཤེས་རབ་ཆེ་ཞིང་བློ་སྟོབས་ཆེ།། བློ་གྲོས་ཟད་མེད་སེམས་ལ་འཆར།། རིན་ཆེན་རིགས་ཀྱི་གཟུངས་མར་ཤིས།། དཀར་ལ་དམར་ཆགས་པདྨའི་མདོག། ཆགས་པ་ཆེ་ཞིང་ཡིད་གཞུངས་པ།། མཆུ་ནི་པདྨ་ཁ་བྱེ ་འདྲ།། མིག་རྩ་དམར་ཞིང་མདངས་འཕྲོག་པ།། པདྨ་རིགས་ཀྱི་གཟུངས་མར་ཤིས།། དམར་ལྡང་འཁྲིག་པའི་ངོ་བོ་ལ། ཁྲོ་བཙན་ལས་རབ་དོན་ལ་བརྩོན།། ཤ་རྒྱས་ཆུ་ཞེང་གབ་པར་འདུག། ལག་གཉིས་རྡོ་རྗེ་རྒྱ ་གྲམ་འཆང་།། ལས་ཀྱི་རིགས་ཀྱི་གཟུང་མར་ཤིས།། དེ་ནས་ཤེས་རབ་ཡེ་ཤེས་དབང་།། སློབ་མ་མཆོག་ལ་སྦྱིན་པར་བྱ།། གཟུངས་མ་དེའི་བདག་ཉིད་ལ།། བླ་མ་ཉིད་ཀྱིས་བྱིན་བརླབས་ཏེ།། དངོས་གྲུབ་འབྲས་བུ ་མྱུར་ཐོབ་ཕྱིར།། སློབ་མ་བུ་ལ་སྦྱིན་པར་བྱ།། ལེགས་པར་ཉོན་ཅིག་རིགས་ཀྱི་བུ།། བདེ་ཆེན་ཀུན་བཟང་སྒྲུབ་པ་ལ།། ཤིན་ཏུ་དད་ལྡན་ཤེས་རབ་མ། ཁྱོད་ཀྱི་གྲོགས་ཀྱི་དམ་པར་སྦྱིན།། མཉམ་པ་གསུམ་དང་རབ ་ལྡན་ཅིང་།། རིག་དག་དེ་ནི་སྦྱངས་པས་དག། བསྙེན་པ་ཡུམ་ལ་རབ་རྟག་ཅིང་།། འདོད་ཆགས་མེ་འབར་དབབ་ཅིང་སྤེལ།། གཟུངས་བཟློག་བདེ་བའི་ཡེ་ཤེས་སོ།། རྣམ་པ་སྣ་ཚོགས་སྐད་ཅིག་མ།། ཉེ་བའི་བསྙེན་པ ་མཆོག་བདེ་ནི།། བྷ་གར་ལིང་ག་བཞག་པ་དེ།། རྣམ་པར་སྨིན་པ་སྒོམ་བསྲུང་དབབ།། བསྲུང་ཞིང་གཟུང་བར་བྱ་བའོ།། བསྒྲུབ་པ་རྣམ་པར་རྙེད་པ་ལས།། བསྒྲུབ་པའི་སྦྱོར་བ་བྲལ་བདེ་དེ།། ཐིག་ལེ་བཟུང་ཞིང ་བསྲུང་བར་བྱ།། རུ་ཏྲའི་བརྟགས་རྣམས་འཆར་བ་དང་།། བསྒྲུབས་ཆེན་མཚན་ཉིད་དང་བྲལ་བ།། ལུས་ཀྱིས་འགྱུར་བ་རྣམ་གྲོལ་དང་།། སྐྱེ་རག་འཆིང་དང་ཞགས་པ་འཕེན།། བདེ་སྐྱེས་གདོན་དང་བག་ཆགས ་དང་།། ནད་བཞི་ཟ་ཟས་སྤྱོད་ལམ་དང་།། རིགས་མ་ཉིད་ལ་ཆགས་པ་བསྲུང་།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་།། ཡེ་ཤེས་བཅུ་དྲུག་རབ་ཏུ་བསྟན།། གོ་རིམས་རྣམ་བཞི་དབབ་པ་དང་།། ཕྱི་ནང ་གནས་ལ་སྐྱེ་བ་དང་།། སྤང་བྱ་གཟུང་འཛིན་རྣམ་རྟོག་བཞི།། རང་གི་ངོ་བོ་བདེ་སྟོང་བཞི།། ཡེ་ཤེས་བཅུ་དྲུག་བདག་ལས་སྙེད།། རྡོ་རྗེ་པདྨའི་མཐུ་ཡིན་ནོ།། ཤེས་རབ་ཡེ་ཤེས་རྡོ་རྗེ་ཐོད་སྦྱོར་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ།། ཞལ་ནས་ཨུཏྤལ་དང་ལྡན་ཅིང་།། སྐད་ཀྱང་ངང་པ་གཞོན་ནུ་འདྲ།། མཉེན་ལྕུག་འཁྲིལ་སྡེམ་གཞོན་ཚུལ་ཅན།། ཟླ་གསང་དཀར་དམར་རླུང་ཁུར་ལྕེ།། པདྨ་ཅན ་གྱི་བུ་མོ་ལ།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ།། རྡོ་རྗེ་རྦ་རླབས་ལུས་ངག་ཡིད།། སྲོག་ཤིང་དཀོན་མཆོག་གསུམ་པོ་ལ།། ཁམས་གསུམ་སྲིད་གསུམ་ལུས་ངག་ཡིད།། གཟུང་འཛིན་སྤངས་པ་སྐུ་གསུམ ་དང་།། ཐབས་ཀྱི་རྒྱུད་སྦྱོང་གཡས་ནས་བསྐུལ།། ནམ་ལངས་ཉི་ཤར་གློ་བ་འདྲ།། མགོ་ནས་དོན་མཛད་བྷ་གར་བྱོན།། ཤེས་རབ་གསལ་གཡོན་རྒྱུ་དག་ནས།། རྣམ་པར་སྒོ་གསུམ་ཡེ་ཤེས་བཞི།། བདེ་སྟོང་ཆུང་བས ་འགྲོ་ཡིད་འོང་།། འབྲིང་ལ་མངོན་ཤེས་ཤས་ཙམ་དེ།། མཆོག་ལ་རྫུ་འཕྲུལ་སྟོན་པ་དེ།། དེ་དག་རྣམ་སྨིན་རྒྱུ་མཐུན་མཐུ།། རྫོགས་ཆེན་མངོན་སུམ་རྣལ་འབྱོར་པ།། དམ་ཚིག་དོན་རྟོགས་སེམས་དཔའ་ཆེ།། ས་རྣམས ་ཡོངས་སུ་སྦྱངས་པ་དེ།། དཔལ་ཆེན་ཁྲག་འཐུང་ཉིད་དང་གཅིག། རྡོ་རྗེ་སེམས་དཔའ་དབྱེར་མེད་དོ།། བདེ་བ་ཆེན་པོ་ཉིད་རྫོགས་པས།། ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྐྱེས ་བུ་རྟོགས་པའི་བློ་གྲོས་ཅན།། དད་པའི་སེམས་དང་ལྡན་པ་ཡིས།། སྲོག་ལུས་མན་ཆད་རྫས་བཅས་རྣམས།། སེར་སྣ་མེད་པའི་སེམས་ཀྱིས་དབུལ།། འཇིག་རྟེན་འདས་པའི་མདོ་ལས། དབང་བསྐུར་བའི་ལེའུ་སྟེ་ལྔ ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་གཟུང་བ་འདི་གསུངས་སོ།། བླ་མ་རྡོ་རྗེ་སློབ་དཔོན་དང་།། མཆེད་དང་ལྕམ་དྲལ་ཐམས་ཅད་ལས།། ལུས་ངག་ཡིད་ཀྱིས་གཞུང་འདིར་འབད།། ཡི་དམ་ལྷ་ལ ་འབད་པ་ཡིས།། གཙོ་བོ་སྐུ་ལ་དམ་ཚིག་གཟུངས།། བཟླས་བསྒོམ་ཆོས་ལ་འཕྲོ་འདུ་ལས།། རྒྱུ་རྐྱེན་བཟླས་པས་བསྐུལ་བ་ནི།། རྒྱུན་མི་འཆད་དམ་ཉིན་ཞག་དུས།། སྟོང་ངམ་དུས་བཞིར་རབ་ཏུ་འབར།། གནས ་རྫས་ཡོ་བྱད་དུས་དང་ནི།། དཀྱིལ་འཁོར་ཕྱག་རྒྱ་སྔགས་དང་ནི།། རྫས་དང་སྦས་པ་ཟབ་མོ་རྣམས།། དེ་དག་མདོར་བསྡུས་རབ་བསྟན་པ།། དམ་ཚིག་མཆོག་ནི་འདིར་གཟུང་བ།། བླ་མ་སྤྱན་གྲོགས་ལྷ་བསྲུངས ་དང་།། སྔགས་དང་ཕྱག་རྒྱ་གསང་ཚིག་རྣམས།། བསྐུར་དང་མི་སྦས་བྱམས་པ་དང་།། རྒྱུན་མི་འཆད་ཅིང་སྤེལ་མི་བྱ།། འདི་ནི་རྩ་བའི་དམ་ཚིག་ཡིན།། རྩ་བ་སྲོག་ཤིང་བསྡུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། གཏི ་མུག་ཞེ་སྡང་འདོད་ཆགས་དང་།། ང་རྒྱལ་ཕྲག་དོག་ཡེ་ཤེས་དང་།། དྲི་ཆེན་བྱང་སེམས་ཤ་ཁྲག་ཆུ།། ཁམས་བཅུད་བདུད་རྩི་རིགས་ལྔའི་རྫས།། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ།། བུད་མེད་དག ་ཀྱང་བསྟེན་པར་བྱ།། རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ།། མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་།། རྡོ་རྗེའི་ལམ་ནི་འདི་དག་གི། སེམས་ཅན་ཐམས་ཅད་བསྐུལ་བར་བྱ།། དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ།། ཅི་བདེ་བར་ནི་བདེ ་བར་སྤྱད།། འདི་ནི་སངས་རྒྱས་བྱེད་སྤྱོད་ཡིན།། རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ།། ཅིས་ཀྱང་མ་འཇིགས་དགའ་བར་གྱིས།། སྡིག་པ་མེད་ཀྱིས་ཁྱོད་མ་འཇིགས།། དམ་ཚིག་འདའ་བར་དཀའ་བའོ།། གཞན ་ཡང་དམ་ཚིག་ཉམས་པ་དང་།། སྐྱེ་བོ་གང་དག་དམ་ལ་གནོད།། བརྟུལ་ཞུགས་ཁྱོད་ཀྱིས་དེ་དྲོངས་ལ།། ཁྲག་འཐུང་ཆེན་པོས་འཐུང་བར་བགྱིས།། སྐལ་ངན་འཇིག་རྟེན་ཉན་ཐོས་ལ།། ནམས་ཀྱང་དགའ་བར་མི་བྱ། ་སྟེ།། སྐལ་བཟང་རྡོ་རྗེ་སེམས་དཔའ་གཙོ། ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་བགྱིས།། རྣམ་སྣང་རིན་ཆེན་མཐའ་ཡས་དོན།། ཧེ་རུ་ཀ་ནི་རྟག་ཏུ་བསྒྲུབས།། ཕུང་པོ་ལྔ་ཡི་བདག་ཉིད་འདི།། བདེ་གཤེགས་རིགས་ལྔར ་མངོན་སངས་རྒྱས།། འབྱུང་བ་ཡུམ་ལ་རྣམ་ཤེས་སེམས།། ཕྱི་ནང་སྐྱེ་མཆེད་དབང་པོ་ཡུལ།། སྒོ་བ་ཉོན་མོངས་ཐུབ་པ་དེ།། ཡིད་ཆོས་ཀུན་བཟང་ཡབ་ཡུམ་ཡིན།། ཧེ་རུ་ཀ་སོགས་ཤེས་པར་བྱ།། ཡན་ལག་བསྡུས་པ ་རྣམ་པར་བསྟན།། མི་སྤང་བ་དང་དང་དུ་བླང་།། སྤྱད་པར་བྱ་དང་ཤེས་པ་དང་།། བསྒྲུབ་པར་བྱ་བའི་དམ་ཚིག་ནི།། ཆོས་དང་སེམས་སུ་འདྲེས་པ་ན།། དེ་ལ་མི་འདའ་དམ་ཚིག་ཡིན།། གང་འདས་རྡོ་རྗེ་དམྱལ་བ ་དེ།། གསོ་བའི་ཐབས་ལ་རབ་ཏུ་འབད།། ཡང་ནི་སྤྱི་དང་ཁྱད་པར་ལས།། བསྒྲུབ་པའི་དམ་ཚིག་བསྲུང་བར་བྱ།། ཏིང་འཛིན་དགྲ་ནི་ཆང་དང་གཉིད།། སློབ་དཔོན་བཀའ་ཉན་འཁུ་འཁྲིག་སྤངས།། ཡིད་དམ་རྒྱུད་རྟེན ་ཚིག་མཐའ་སྤང་།། རུ་ལུའི་བྲོ་བརྡུང་ཆོས་ཉིད་གནས།། འཇིག་རྟེན་འདས་པའི་མདོ་ལས། དམ་ཚིག་གི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་འདི་གསུངས་སོ།། འབྲེལ་པ ་ལས་ཀྱི་ཕྱག་རྒྱ་དང་།། མ་ངེས་ཆོས་ཀྱི་ཕྱག་རྒྱ་དང་།། མི་འདའ་དམ་ཚིག་ཕྱག་རྒྱ་དང་།། མ་བཅོས་སྐུའི་ཕྱག་རྒྱའོ།། རང་གི་ཡི་དམ་དག་ལ་དམིགས།། བཅིང་བ་དམ་ཚིག་ཕྱག་རྒྱ་ལ།། བསམ་པ་ཆོས་ཀྱི་ཕྱག ་རྒྱའོ།། བྱེད་པ་ལས་ཀྱི་ཕྱག་རྒྱ་ལ།། བསྒོམ་པ་ཕྱག་རྒྱ་ཆེན་པོ་བསྒོམ།། བདེ་བར་གཤེགས་པའི་སྐུ་ལ་དམིགས།། དམ་ཚིག་ཕྱག་རྒྱ་བདེ་གཤེགས་རིགས།། ཆོས་ནི་རྡོ་རྗེའི་རིགས་ཡིན་ཏེ།། ལས་ནི་རིན་པོ་ཆེ་ཡི ་རིགས།། ཕྱག་རྒྱ་ཆེན་པོའི་པདྨའོ།། རྩ་བར་གྱུར་པའི་ཕྱག་རྒྱ་ནི།། གཡས་པ་ཐབས་ཀྱི་རང་བཞིན་ལ།། གཡོན་པ་ཤེས་རབ་ཡུམ་གྱི་དང་།། ཐབས་དང་ཤེས་རབ་ལྡན་གྱུར་ན།། སྦྱོར་བའི་ཕྱག་རྒྱ་འབྱུང་བའི ་རྒྱུ།། འབྲུ་རྣམས་བསྣོལ་ཏེ་རྩེ་སྤྲད་པ།། བདེ་བ་ཆེན་པོ་འབྱིན་པའི་རྒྱ།། རྣམ་པར་གྲོལ་བ་མཚོན་པའི་ཕྱིར།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་འབར།། རིན་ཆེན་མྱུ་གུ་རྡོ་རྗེ ་འབར།། པདྨ་དཀར་པོ་རྡོ་རྗེ་འབར།། གཟུགས་མཛེས་རིན་ཆེན་འཕྲེང་བ་དང་།། པི་ཝང་གར་མཁན་མཆོག་ཉིད་དེ།། ཀླུ་ཤིང་ཆོས་ཀྱི་འཁོར་ལོ་དང་།། རིན་ཆེན་རྙེད་དང་ཨུཏྤལ་དང་།། མེ་ཏོག་འཕྲེང་དང་སྤོས ་མཆོག་དང་།། མར་མེ་བྱུག་པ་ལ་སོགས་པའི།། ཀུན་བཟང་མཉམ་གཞག་ཡེ་ཤེས་འགྲོ།། ཡུམ་གྱུར་མཉམ་རྫོགས་པདྨོའི་དཀྱིལ།། པི་ཝང་དང་ནི་གསེག་པར་དང་།། གོ་ཆ་པོ་ཏི་རིན་ཆེན་སྒྲོམ།། མེ་དང་ཆུ་ནི་རབ་ཏུ ་བསྟན།། མི་མགོ་གདེངས་དང་རྡོ་རྗེ་གནོན།། ཐོད་སྦྲུལ་ཆེན་པོ་གདེངས་པ་དང་།། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན།། ལྕགས་ཀྱུ་ཞགས་པ་སྥོ་ཏ་ཧོ།། གར་གྱི་རྒྱུ་དང་གྱི་གྱི་གནས།། གར་གྱི་རྒྱུར་ཐབས་རྣམ་པ ་གསུམ།། རྡོ་རྗེ་ཁུ་ཚུར་གར་གྱི་རྒྱུ།། གར་གྱི་གནས་ནི་མཁའ་ཁུང་དེ།། གར་གྱི་རྒྱུར་ཐབས་རྣམ་པ་གསུམ།། གཡས་སུ་བསྒྱུར་དང་གཡོན་དུ་བསྒྱུར།། དེ་བཞིན་ཕྱོགས་བཅུར་གར་བསྒྱུར་རོ།། གར་གྱི་རོལ་པ་སྤྲུལ་པ ་འབྱུང་།། ཕྱོགས་བཅུར་བདེ་གཤེགས་ཐམས་ཅད་ཀྱང་།། དང་པོའི་དམ་ཚིག་གར་ལགས་ཏེ།། ནམ་མཁའ་ཀུན་ཀྱང་གར་གྱིས་ཁོང་།། ད་ལྟའི་དམ་ཚིག་གར་ལགས་ཏེ།། ས་གཞི་ཀུན་ཀྱང་གར་གྱིས་ཁོང་།། གར ་མཁན་ཚུལ་དུ་སངས་རྒྱས་ཤིང་།། གསང་གནས་བདེ་བའི་མཆོག་དེ་མཛད།། ངོ་མཚར་ཚང་བའི་ལྷ་ཚོགས་ལ།། རྣམ་པར་གྲོལ་བས་མཚོན་པའི་ཕྱིར།། དཔལ་ཆེན་ཁྲག་འཐུང་ཕྱག་རྒྱ་ནི།། ཞལ་གསུམ་ཕྱག་དྲུག ་ཞབས་བཞིར་བསྐྲད།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། རྡོ་རྗེ་ཁ་ཊྭཱཾ་རྡེའུ་ཆུང་གཡས།། དུང་དམར་རྒྱུ་ཞགས་ཁྲུང་ཁྲ་གཡོན།། དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ།། ཤེས་རབ་དབྱིངས་མའི་ཕྱག་རྒྱ ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་།། གཡས་པ་ཤེས་རབ་ཐབས་ལ་བརྟེན།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཀྲོ་ཏི་ཤྭ་རི་དབྱིངས་ཀྱི་རྒྱ།། དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ནི།། འབར་བའི་གདན ་ལས་བཞེངས་སུ་གསོལ།། ཀོའུ་རི་བན་དམར་བྱིས་དབྱུག་སྔོ།། ཙོའུ་རི་མདའ་གཞུ་འགེངས་མ་སེར།། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར།། པེ་ཏ་བྱི་ཟ་རྡོར་འཕྱར་གནག། ཀསྨ་དུང་དམར་ཁྲག་འཐུང་ལྡང་།། སྨ་ཤ ་མཐིང་ནག་བྱི་སྙིང་ཟ།། ཙན་དྷ་སེར་སྐྱ་མཆོག་ལུས་འབྲེལ།། ཁྲོ་མོ་ཆེན་མོ་བརྒྱད་རྣམས་ཀྱང་།། འབར་བའི་གདན་ལས་བཞེངས་སུ་གསོལ།། འཇིག་རྟེན་འདས་པའི་མདོ་ལས། ཕྱག་རྒྱའི་ལེའུ་སྟེ་བདུན ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འདི་གསུངས་སོ།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྐྱེ་མེད་དོན་ལ་མཉམ་པར་གཞག། མི་གཡོ་མི་བསྐྱོད་མི་བླང་ངོ་།། སྣ་རྩེ་གསུམ་ལ་བརྟག་བྱ ་ཞིང་།། ཉམས་ཀྱི་ཏིང་ངེ་འཛིན་དེ་རུ་སང་།། ཐིག་ལེ་ལམ་གྱི་སྣ་རྩེ་ལ།། གསང་བའི་རྩེ་མོ་བྱང་ཆུབ་སེམས།། རྣམ་ཤེས་སྣ་རྩེ་དབུགས་ལ་བརྟེན།། དཔལ་ཆེན་ཐུགས་ལ་སེམས་དཔའ ་གསུམ།། ལྗགས་སྟེངས་དུང་ཁང་ལྷུན་གྱིས་གྲུབ།། དབྱངས་དྲུག་བླངས་པའི་དོན་དྲུག་གྲུབ།། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པ།། དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད།། ཟབ་ཅིང་འབྲུག་ལྟར་སྒྲ་སྒྲོགས་པས།། གཏུམ ་པ་གདུག་པ་ལྷན་ནེར་འགྱུར།། འཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས།། ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད།། རྡོ་རྗེ་སྲིན་པོའི་ངུར་སྒྲ་ཡིས།། གདུག་པ་ཐམས་ཅད་སྦ་ཡང་བཀོང་།། འཁུང་ཅིང་གདུང་བའི་སྒྲ་འབྱིན ་པས།། གནོད་བྱེད་མ་ལུས་རྡུལ་དུ་རློག། ཚངས་པའི་དབྱངས་ཀྱི་འདྲེན་ཚུལ་གྱིས།། འཁོར་རྣམས་ཐམས་ཅད་དབང་དུ་སྡུད།། རྡོ་རྗེ་དབྱངས་ཀྱི་རྗེས་འགྲོ་བ།། དེར་ནི་ཏིང་འཛིན་རབ་ཏུ་སྤྲོ།། ཏིང་འཛིན་སྒྲུབ་པ་སྙིང ་ལ་གནས།། ཡིད་ལ་བསམ་པ་ཆོ་ག་ཡིས།། ཡིད་ལ་གང་འདོད་འགྲུལ་པར་འགྱུར།། དེ་ཕྱིར་སྙིང་པོ་འདི་ལ་བརྗོད།། བསྙེན་པ་མ་ཐོན་པར་དག་ཏུ།། མ་ཡེངས་འཛབ་ནི་ཤིབ་ཤིབ་བཟླས།། བར་བར་མཆོད་དང ་བསྟོད་པ་བྱ།། དེ་དག་བསྒྲུབ་པའི་དུས་སུ་ཡང་།། དེ་ཕྱིར་དྲག་པོ་གད་མོ་ཆེ།། ཁུར་བ་དབུགས་ཀྱི་རླུང་འབྱིན་པ།། འབྲུག་གི་སྒྲ་ལྟར་ཟབ་པའི།། ཕྱག་རྒྱ་འདི་ཡི་རྣལ་འབྱོར་པས།། ཁམས་གསུམ་དག་ཀྱང་རྒྱས ་འདེབས་ཤིང་།། ཐར་པར་བྱེད་ཅིང་གསོད་པར་བྱེད།། སྔགས་ཀྱིས་ལྷ་ནི་གཟི་བྱིན་ཚེ།། བཟླས་པའི་ཡོན་ཏན་བཞི་དང་ལྡན།། རུ་ལུ་འདི་ནི་ཡ་མཚན་ཆེ།། རུ་ལུ་འདི་ནི་རྟོགས་པ་སྐྱེས།། རུ་ལུ་འདི་ནི་སྒྲིབ་པ ་སྦྱོངས།། རུ་ལུ་འདི་ནི་དངོས་གྲུབ་ཐོབ།། སྣོད་ནི་གཞལ་ཡས་དཀྱིལ་འཁོར་འགྲུབ།། བཅུད་ནི་ཁྲག་འཐུང་ལྷ་དགུར་གསལ།། སྣང་གསལ་བདེ་བའི་སྟོང་པར་གསལ།། དཀྱིལ་འཁོར་ཆེན་པོ་ཡེ་གནས་སོ།། འབྲུ ་བརྒྱད་སྔགས་ལ་ལྷ་རྣམས་རྫོགས།། རྡོ་རྗེའི་རིགས་ཀུན་ཐུགས་དང་ལྡན།། སྔགས་ཀྱི་འཕྲོ་འདུ་ངག་ཏུ་བརྗོད།། འོད་ཟེར་འཕྲོ་འདུ་དབུགས་ལ་བསྐྱོན།། ལྷ་ཡི་འཕྲོ་འདུ་ཡིད་ལ་གསལ།། རླུང་གི་འོད་ཟེར་རྣམ་པ ་བཞི།། ལས་བཞི་དབྱངས་དང་བཅས་པ་ཡིན།། རྣམ་ཤེས་དབུགས་ཀྱི་རྟ་ལ་སྐྱོན།། སྒོ་ལྔའི་ཡུལ་ནས་མཆོད་པ་འཕྲོ།། ཡེ་ཤེས་ནམ་མཁའ་མཛོད་ནང་དུ།། ཞིང་ཁམས་ཀུན་གྱི་ལྷ་རྣམས་མཉེས།། རང་གི་རྒྱུད་ལ ་གནས་པའི།། སྒྲིབ་པར་གྱུར་པ་ཐམས་ཅད་སྦྱོངས།། ལྷ་མཉེས་སྒྲིབ་པ་དག་བྱེད་པ།། འབྲུ་བརྒྱད་སྔགས་ཀྱི་མཐུ་ཡིན་ནོ།། མཆོག་དང་ཐུན་མོང་ལ་སོགས་པ།། དངོས་གྲུབ་ལས་རྣམས་སྡུད་པར་བྱེད།། ཆོས་ཉིད་གོ། ་བགོ་ཆོས་ཉིད་བསྲུང་།། ཆོས་ཉིད་གནས་སོ་རྣལ་འབྱོར་པ།། བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ།། གྲངས་དུས་མཚན་མ་རྫོགས་པ་ནི།། རིགས་འཛིན་ས་ལ་གནས་པ་དེ།། སངས་རྒྱས་ཉིད་དུ་ལྷུན་གྱིས ་གྲུབ།། འཇིག་རྟེན་འདས་པའི་མདོ་ལས། རུ་ལུའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ཡོངས་སུ་རྫོགས་པ་འདི་གསུངས་སོ།། ལྟ་བ་སྤྱོད་པ་མཐར་ཕྱིན ་ཅིང་།། འཕྲིན་ལས་དམ་ཚིག་ལྡན་པས་འགྲུབ།། ཚུལ་དགུ་ལྡན་པའི་བླ་མ་ནི།། དབང་སྐུར་བའི་སློབ་དཔོན་རུང་།། ཡུམ་དང་གིང་གཡོག་འཁོར་དང་བཅས།། རྡུལ་ཆགས་མཆོད་སྟོབས་ཐུགས་འཐད་འགྱེད།། མེ ་ཏོག་འབྲས་བུ་ལྡན་པའི་ར།། དགའ་ཞིང་དབེན་གནས་ཡིད་དུ་འོང་།། ངང་དང་བཞད་པའི་སྒྲ་འབྱིན་པ།། བསྒྲུབ་པའི་གནས་སུ་བཤད་པ་ཡིན། ཁ་ཊྭཱཾ་རྡོ་རྗེ་ས་ལ་གདབ།། འཆི་བདག་གཤེད་དང་འབྲས་པའི ་ཕྱིར།། གཤིན་རྗེ་གཤེད་པོའི་ཕུར་པས་གདབ།། དུག་ལྔ་སྐྱེ་ཤི་རྩད་གཅད་ཕྱིར།། རྡོ་རྗེ་སྡེར་མོས་བླང་བར་བྱེད།། རོའི་གཤེད་དང་བྲལ་ཕྲལ་བའི་ཕྱིར།། སློབ་དཔོན་དང་ནི་སློབ་བུ་དང་།། གནས་དང་ཡོ་བྱད་ལྡན ་གྱུར་ན།། བསྒྲུབ་པའི་ལས་ལ་འཇུག་པར་བྱ།། ངེས་པར་རབ་ཏུ་བརྟག་པ་གཅེས།། བསྙེན་པ་རྫོགས་པའི་རྣལ་འབྱོར་པས།། དངོས་གྲུབ་མྱུར་དུ་གྲུབ་འདོད་ན།། རྫས་མཆོག་མཚོན་ལྡན་བརྟགས་ཏེ་རྩལ།། རྫས ་བཞི་གང་ལ་བརྟགས་སྦྱར་ཏེ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། དུར་ཁྲོད་རྫས་མཆོག་མ་ཉམས་པ།། བླངས་ཏེ་བསྒྲུབ་པར་བྱ་བ་ཡང་།། རྒྱུད་བཟང་རིགས་བཙུན་མཚན་དང་ལྡན།། གཙང་ཞིང་བཀྲ་ཤིས་ཡིད ་དུ་འོང་།། དུས་ཚོད་རབ་འབྲིང་ཐ་མ་ལ།། དུས་ལ་བབ་པས་བློ་བུར་དུས།། བདག་ཉིད་དཔལ་ཆེན་ཡབ་ཡུམ་གྱིས།། རྒྱལ་ཐེབ་ཀརྨ་གིང་གསུམ་ལ།། དབང་བསྐུར་བསྲུང་བ་བྱས་ནས་ནི།། ལག་ཆ་བསྐུར་ཏེ་ཕོཉ ་མངག། སྲིད་པའི་རྒྱུ་མཆོག་བམ་ཆེན་དེ།། རྣལ་འབྱོར་དབང་ཕྱུག་དངོས་གྲུབ་རྫས།། ཁ་ཊ་མཚོན་ཆ་ཐོགས་ནས་སུ།། དཔལ་ཆེན་ཁྲོ་བོའི་ཏིང་འཛིན་གྱིས། ཁམས་གསུམ་ཟིལ་གྱིས་གནོན་པའི་ཕྱིར།། ཉི་ཟླའི་སྤྱན ་གྱིས་བཙལ་བར་བྱའོ།། ཁམས་གསུམ་དབང་དུ་སྡུད་པ་དང་།། སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱིར།། རྡོ་རྗེ་འགྲོས་ཀྱིས་བཙལ་བར་བྱའོ།། གཤིན་རྗེའི་ཁང་ཁྱིམ་གཞོམ་པའི་ཕྱིར།། སེང་ལྡེང་ཕུར་བུ་སོར་བརྒྱད ་ལ།། སྟོབས་པོ་ཆེ་ཡི་སྐུར་བསྒོམས་ལ།། དྲག་སྔགས་བརྒྱ་དང་རྩ་བརྒྱད་བཟླས།། གསོན་གྱི་བདུད་ལ་གཤིན་གྱི་ལྕགས།། གཟུགས་དང་མཚན་མར་བཅས་ནས་ནི།། ཕུར་བུས་བཏབ་སྟེ་རོ་ཤུན་གྲིལ།། ཁུང་བུར ་མནན་དེ་རོ་སྟོད་གཟིར།། འཕྲིན་ལས་རྣམ་བཞིའི་གཟིར་གནོན་བྱ།། ཕྱོགས་ཀྱི་གདོན་རྣམས་བརླག་པའི་ཕྱིར།། ཌ་ཀི་རཱ་ཛས་བཅིངས་ཤིང་བརྟགས།། རོ་ཉིད་གང་ལ་མོས་བསམ་པ།། ལས་ཀྱི་སྐར་མས་ཁྱེར་ནས ་ནི།། མཁའ་འགྲོའི་དམ་རྫས་ཡིན་པའི་ཕྱིར།། འཕྲ་མེན་ལྗོན་ཚུལ་འགྲོས་ཀྱིས་བཙལ།། གནས་སུ་ཕྱིན་ནས་མཚམས་ཀྱང་བཅད།། སྒྲོམ་བུར་བཅུག་ལ་རྒྱ་ཡིས་གདབས།། དཀའ་བསྒོ་ཕྱོགས་བཅིང་བསྲུང་བར ་བྱ།། དཀྱིལ་འཁོར་ཟླ་གམ་སྒོ་གཅོག་པ།། ཤར་དུ་བསྟན་པ་བྲིས་ནས་སུ།། དེ་སྟེང་རོ་ནི་ལྕོག་པུར་བཞག། རོ་ལ་ལྷ་རྣམས་དགོད་པ་ནི།། བདག་ཉིད་ཡབ་ཡུམ་ས་བོན་ལས།། ཏ་ཐ་ལ་སོགས་བཅུ ་གཉིས་དང་།། རོ་ཡི་གནས་སུ་སྤྲོས་པ་ལས།། ཡན་ལག་ལྔ་ལ་བསམ་པ་ནི།། རིགས་ལྔ་ཡབ་ཡུམ་བསྒོམ་པར་བྱ།། མདུན་རྒྱབ་གཉིས་སུ་བསྒོམ་པ་ནི།། ཨཱ་ལི་ཀཱ་ལི་བསྒོམ་པར་བྱ།། རྣམ་ཤེས་དབང་པོ་ཡུལ་དུས ་ན།། སེམས་དཔའ་ཡབ་ཡུམ་བསྒོམ་པར་བྱ།། སྤྱི་ཡི་རྒྱབ་དང་ལྕེ་ཡི་སྟེང་།། རྐང་མཐིལ་ཡན་ལག་ཐུབ་པ་དྲུག། ལྟེ་བ་མཁའ་ཁུང་བཅུ་དྲུག་མདོ།། སྒོ་བ་ཡབ་ཡུམ་བསྒོམ་པར་བྱ།། ཆོས་ཀུན་རྩ་བ་སེམས་ཉིད ་དེ།། སེམས་ཀྱི་སྣང་བ་གསུམ་དུ་ཤར།། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ།། ཕྱག་འཚལ་མཆོད་དེ་གནས་པ་དང་།། བཟླས་བརྗོད་བསྙེན་པའི་འཕྲོ་འདི་ཡི།། ཡང་ནས་ཡང་དུ་སྨྲ་བར་བྱ།། རྣམ་སྨིན་ཟག ་བཅས་ཕུང་པོ་ལ།། ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྷ་བཀོད་ནས།། འོད་ཟེར་འཕྲོ་འདུས་སྦྱང་བྱས་ནས།། གཉིས་དོན་མཐར་ཕྱིན་ཕྱག་རྒྱ་དགྲོལ།། ལྔ་པ་ལ་ནི་གནས་གྱུར་ཏེ།། ཁྲག་འཐུང་དཀྱིལ་འཁོར་གསལ ་བྱས་ནས།། ཕུང་པོ་རྡོས་བཅས་བེམས་པོ་དེས།། ཕྱོགས་བཞིར་བྲོ་བཞིས་སྦྱང་བར་བྱ།། ཡེ་ཤེས་ལྷ་དང་མཁའ་འགྲོ་མ།། ཐུགས་དམ་བསྐུལ་ཞིང་གཡར་དམ་བསྒོམ།། རོ་ཡི་བཤའ་ཐབས་རྒྱབ་ནས་བཤའ། ཁྲག ་འཐུང་ལྷ་ཚོགས་རྫས་སུ་དེ།། གློ་སྙིང་དཔལ་ཆེན་ཡབ་ཡུམ་དེ།། མིག་དང་སྣ་དང་རྣ་བ་ལྕེ།། མཆིལ་མ་མཁལ་མ་མཚེར་པའི་སྣོད།། འབྲས་བུ་མཚན་མ་སོགས་པ་སྦྱིན།། ཁྲོ་མོ་ཀོའུ་རི་བརྒྱད་ཀྱི་སྲས།། ཡང་ན་སྙིང ་དང་བདུད་རྩི་ལྔ།། དཔུང་པ་གཡས་གཡོན་བཞག་ཤ་དང་།། རྒྱུ་མཆིན་མགོ་ཤ་གསང་བ་རྣམས།། རྩ་བའི་ལྷ་དགུའི་རྫས་སུ་བཞག། ལྷ་ཉིད་འཇོངས་ནས་ལོངས་སྤྱོད་བྱ།། ལྕང་ལོར་བཅས་པའི་བན་དྷ ་གཅད།། མཚན་བརྟག་བཅས་པའི་བན་དྷ་དེ།། དཔལ་ཆེན་བཞུགས་པའི་རྟེན་ཡང་ཡིན།། བདུད་རྩི་ལ་སོགས་དངོས་གྲུབ་རྫས།། ཞིང་ཆེན་གཡང་གཞི་རྒྱུ་མའི་ཞགས།། གླིང་བུ་གཟུར་བུ་མཆོག་བུར་བྱ།། བམ་གྱིས ་ལོངས་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དང་པོ་རྡུལ་ཚོན་རྣམ་པར་བྲི།། རིགས་དྲུག་འགྲོ་བའི་མཎྜལ་བཀོད།། ཤེས་པ་དགུག་པ་དང་པོ་དེ།། གཉིས་པོ་དཀྱིལ་འཁོར་དབང་བསྐུར་ལ།། གསུམ་པ་བསྙེན་པ་བཞི ་པ་ཉེ།། ལྔ་པ་བསྒྲུབ་པ་བསྒྲུབ་ཆེན་དྲག། བདུན་པ་སངས་རྒྱས་ས་ལུང་བསྟན།། བར་དོ་དྲངས་པའི་རིམ་པ་དེ།། ཁྲོ་བོས་འདྲེན་ལ་ཞི་བས་སྤོར།། རིགས་དྲུག་འདྲེན་པའི་བུམ་པའོ།། རོ་དང་མཚན་བྱང་ལ་བརྟེན ་པའི་ཏིང་ངེ་འཛིན་ཏོ།། རང་བཞིན་གནས་ནས་འཁོར་བར་འཁྱམས།། ཐུགས་རྗེ་རྟེན་པའི་གནས་བཞི་རུ།། རྡུལ་ཚོན་ཁྲག་འཐུང་ལྷ་དགུས་འགུགས།། བུམ་པའི་ནང་དུ་ངན་སོང་སྦྱོང་།། རྡོ་རྗེ་དབྱིངས་ཀྱི་བྱིན་གྱི ་རློབས།། མའི་ལྡིང་བུ་ཆོས་ཀྱི་སྐུ།། གདོད་ནས་དག་པའི་གནས་སུ་འཕང་།། གནས་ཀྱི་ཆོ་ག་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དང་པོ་གནས་ལུགས་ཤེས་པ་ཡིས།། རོ་ལ་བཀྲི་བའི་དྲི་མ་སྤང་།། མཎྜལ ་སྟེང་བཞག་རང་ཉིད་ལྷ།། གཏོར་མ་བགེགས་སོགས་སྦྱིན་པར་བྱ།། དེ་ནས་ལྷར་གནས་ཤེས་པ་དགུག། ཁ་ནས་སྙིང་གི་རྣལ་འབྱོར་བྱ།། སྣ་ཡི་བུ་གར་འཕྲོ་འདུ་བྱ།། དབང་བསྐུར་བྱས་ནས་བསྙེན་པ་ངེས།། ས ་ཕྱོགས་དཀྱིལ་འཁོར་གུར་གྱིས་དབུབ།། བསྲེག་ཁང་སྟེང་དུ་སྦྱང་བར་བྱ།། བ་བམ་ཀརྨ་ཁ་ཚེ་དང་།། ནག་སོགས་བསྲེགས་ལ་དཀར་པོ་བསྔོ།། འོ་མ་བླུག་ལ་ཞི་བར་བྱ།། རུས་པ་ལ་ནི་ཚ་ཚ་བྱ།། རོ་མེས་སྦྱངས་པའི ་ཏིང་ངེ་འཛིན་ཏོ།། གཟུང་འཛིན་འཁོར་བ་མི་རྟོག་པས།། བདེ་ཆེན་འབྲེལ་པ་དྲུག་ལ་འདྲིལ།། ལོངས་སྤྱོད་རྒད་པས་ཚིམ་པ་ལ།། ཆོས་ཉིད་ཡོན་ཏན་རང་རྒྱུད་ལས།། ཨ་ནརི་སུ་པྲི་དུ་དྲི་དང་།། ཨོཾ་དང་ཨ་ཧཱུཾ་མདངས ་དང་བཅས།། འཁོར་འདས་ཆོས་ལ་ལག་བཅངས་ཚིགས།། མ་བུ་སྟེ་བ་འབྲེལ་པ་སྦྲུལ།། རུ་ཏྲའི་སྙིང་པོ་ཀྵ་དང་བཅས།། མེ་རླུང་སྦྱོར་བ་སྐུལ་བྱེད་དང་།། གཡའ་དང་མཆི་མཉམ་ང་འདྲེ།། མྱ་ངན་ལ་སོགས་ལུས་ལ ་གནས། ཁ་སྦྱོར་སྙེན་པའི་རང་གནས་སྦྱང་།། དཀྱིལ་འཁོར་དེ་ནི་ལུས་སུ་བཤད།། དཀྱིལ་འཁོར་བྷ་གར་བརྗོད་པ་ནི།། འདོད་ཁམས་རིགས་ནི་རྣམ་པ་དྲུག། ལྷ་ནི་ཡི་གེ་ཨ་དཀར་ཡིན།། མི་ཡིག་སྔོན་པོ་ནརི་ཞེས ་བྱ།། ལྷ་མ་ཡིན་ལ་སེར་པོ་རུ།། ཡི་དགས་པྲེ་ནི་དམར་པོ་ལ།། དུད་འགྲོ་དུ་ཡིག་དུད་ཀ་ཡིན།། དམྱལ་བ་ཏྲི་ཡིག་ནག་པོ་གནས།། ཉམས་དང་གར་དང་སྔགས་དང་ནི།། མཐོང་སྣང་བག་ཆགས་བཅས་པ་ནི།། འདོད ་པའི་ཁམས་སུ་དེ་མི་གནས།། གཟུགས་ཀྱི་ཁམས་ནས་བསམ་གཏན་ཨོཾ།། གཟུགས་མེད་ཁམས་སུ་ཤེས་རབ་ཨ།། དབྱིངས་ཀྱི་སྙིང་པོ་སྐྱེ་མེད་ཨ།། ཡེ་ཤེས་སྙིང་པོ་ཟུང་འཇུག་ཧཱུཾ།། ཉེ་བར་བསྙེན་ཏེ་གནས་པར ་བྱ།། དྲག་པོ་མངོན་སྤྱོད་འཕྲིན་ལས་ལ།། སྨན་པའི་སྤྱོད་པས་བསྒྲལ་བ་དང་།། ཐབས་ཤེས་འབྲེལ་པ་ཡེ་ཤེས་དབྱིངས།། བྷ་གའི་དཀྱིལ་འཁོར་གསང་བ་དག། ཐུགས་རྗེ་ཐབས་དང་ཏིང་འཛིན་མཐུ།། སྣང་བ་བཀྲི ་དྲང་གདུལ་བྱ་ཞིང་།། མི་སྣང་མཆོད་སྦྱིན་འདུལ་བ་དང་།། མ་ཏྲང་རྣམ་གསུམ་ལ་སོགས་དང་།། རོ་ལ་ཐུགས་རྗེས་གཟིགས་པ་དང་།། ཞིང་བཅུ་ཡལ་བར་མི་དོར་ཕྱིར།། གསང་བའི་དྲག་སྔགས་ཀོའུ་རི་དང་།། དྲག ་པོ་ལས་དང་མཐུ་ཉིད་དང་།། གནས་སྦྱང་ཡུམ་གྱི་ངང་དུ་བྱ།། སྨོད་པའི་མ་མོ་དྲག་སྔགས་བཅས།། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་།། ཆོས་ཀྱི་སྐུ་ལས་བཞེངས་ནས་ཀྱང་།། སེམས་ཅན་རྣམས་ནི་ཁྲོ་བའི་ཕྱིར།། རྡོ་རྗེ ་ཡང་ནི་ཁྲོ་བར་བྱ།། མཁའ་འགྲོ་ལ་སོགས་སེམས་ཅན་ལྔ།། བསྒྲུབས་པའི་རྫས་སུ་གསུངས་པ་ཡང་།། སྡིག་མེད་ཉེན་དང་མ་འབྲེལ་བའི།། སྲོག་མེད་ཤ་ཁྲག་མཆོད་དོན་བྱ།། གནས་ངན་སྦྱང་དབུལ་མཎྜལ ་གཞག། ཡེ་ཤེས་མཁའ་ལྡིང་སྡེར་ཅན་གྱིས།། འཁོར་བའི་བྱེ་ཕྲུག་བླངས་ནས་ནི།། བུ་ལ་མ་མོ་ཟན་སྟེར་བཞིན།། འདུས་པ་ཆེན་པོའི་ཚོགས་ལ་དབུལ།། མི་རྟོག་ཡེ་ཤེས་རང་བཞིན་དེ།། འདུས་ཤིང ་ཚོགས་པའི་དཀྱིལ་འཁོར་བསྟན།། ཐབས་ཀྱི་རྡོ་རྗེ་རྣམ་གྲངས་ནི།། ཆོས་དབྱིངས་ཆོས་ཉིད་རབ་ཏུ་གནས།། རྡོར་དབྱིངས་དཀྱིལ་འཁོར་བཟང་པོ་འདིར།། སུ་དག་ཕྱིར་མི་ལྡོག་པར་ངེས།། ཞིང་དང་སྦྱོར་ཡུལ་དག། ་པའི་གནས།། ཐར་ལམ་གྲོལ་མཆོག་རབ་ཏུ་དགོངས།། སྟ་བོན་ལྷ་རྣམས་འགྲོ་དོན་རྫོགས།། མི་རྣམས་སྟ་བོན་སྐུ་གསུང་ཐུགས།། དེ་ལྟར་བསྒྲུབས་ལ་བརྩོན་པ་འདི།། འཕགས་པ་རྣམས་ཀྱི་ཐུགས་རྗེ ་མཆོག། མ་ཐོབ་ཐོབ་མེད་སྦྱངས་ལགས་ཀྱིས།། དུས་འདིར་ཐུགས་རྗེ་ལྡན་བྱིན་བརླབས།། ཁམས་གསུམ་ནས་བྱུང་སེམས་ཅན་རྣམས།། རྡོ་རྗེ་སྐུ་ལ་ཁྱད་པར་གྱིས།། འོད་ཟེར་ཚུལ་དུ་འདུས་ནས་ནི།། དེ་དག་བདག ་གིས་གཟུགས་ལ་གཟུང་།། སྤྲོས་བསྡུ་རྡོ་རྗེ་ཐམས་ཅད་ཀྱིས།། སྐུ་དང་ཡེ་ཤེས་མཆོག་ཏུ་བསྒྲལ།། ལས་ལ་བབ་པའི་རྣམ་འབྱོར་པ།། དུས་ལ་བབ་པའི་སེམས་ཅན་ནི།། གཉིས་མེད་ཕྱག་རྒྱ་ཆེན་པོ་ཡིས།། དུས་ལ ་བབ་བོ་ས་མ་ཡ།། མུ་མཐར་མི་འཛིན་སྐྱེ་འགག་མེད།། རྣལ་འབྱོར་ཉིད་ལ་ཐོད་རྒལ་དུ།། ཁྲོ་གཏུམ་རྔམ་ཞིང་མཛད་ལ་སོགས།། སྣ་ཚོགས་བྱང་ཆུབ་སེམས་ཀྱི་གཡོ།། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་།། གསོ ་བྱེད་སྙིང་རྗེའི་བདག་ཉིད་ཅན།། བསྒྲལ་ཞིང་སྟབས་པ་དགའ་བའི་མཆོག། ཡལ་བར་མི་དོར་བཏང་སྙོམས་སོ།། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལ།། ལུས་ལ་མེ་བྱུང་དྲོད་འབར་བའི།། མེ་ཡི་སྙིང་པོ་རཾ་ཞེས་བྱ།། རིག ་པའི་ཡེ་ཤེས་མེ་བྱུང་བས།། ཁྱོད་ཀྱི་དངོས་པོ་བསྲེག་པར་བྱ།། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལ།། ལུས་ལས་དབུགས་འབྱུང་རླུང་ལྟར་འཕྱོ།། རླུང་གི་སྙིང་པོ་ཡཾ་ཞེས་བྱ།། རིག་པའི་ཡེ་ཤེས་རླུང་བྱུང་བས།། ཁྱོད་ཀྱི་བག ་ཆགས་གཏོར་བར་བྱ།། སེམས་ཅན་ཁྱོད་ཀྱི་ཕུང་པོ་ལ།། ལུས་ལ་རླན་བྱུང་ཆུ་ལྟར་བྲུག། ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ།། རིག་པའི་ཡེ་ཤེས་ཆུ་བྱུང་བས།། ཁྱོད་ཀྱི་བག་ཆགས་བཀྲུ་བར་བྱ།། འོད་ཟེར་སྤྲོ་བསྡུའི་ཡི་གེ ་བྱ།། བསྒྲུབ་པ་ཞེས་སུ་བཤད་པར་བྱ།། སེམས་ཅན་ཁྱོད་ཀྱི་སྤྱི་གཙུག་ན།། ཡི་གེ་ཨ་གཅིག་གནས་པ་ནི།། ལྷ་རུ་སྐྱེ་བའི་རྒྱུ་ཡིན་ཏེ།། རྒྱུ་དྲུག་འཁོར་བ་རྩད་བཅད་ནས།། རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར།། ཨོཾ་ཞེས་བྱ ་བར་གསལ་བར་བསྒོམ།། སེམས་ཅན་ཁྱོད་ཀྱི་ལྕེ་སྟེངས་ན།། ཡི་གེ་ནརི་གཅིག་གནས་པ་ནི།། མི་རུ་སྐྱེ་བའི་རྒྱུ་ཡིན་ཏེ།། རྒྱུ་དྲུག་འཁོར་བ་རྩད་བཅད་ནས།། རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར།། ཨོཾ་ཞེས་བྱ་བ་གསལ ་བར་བསྒོམ།། སེམས་ཅན་ཁྱོད་ཀྱི་སྙིང་ཀ་ན།། ཡི་གེ་དུ་གཅིག་གནས་པ་ནི།། བྱོལ་སོང་སྐྱེ་བོའི་རྒྱུ་ཡིན་ཏེ།། རྒྱུ་དྲུག་འཁོར་བ་རྩད་བཅད་ནས།། རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར།། ཧཱུཾ་ཞེས་བྱ་བ་གསལ་བར ་བསྒོམ།། སེམས་ཅན་ཁྱོད་ཀྱི་ལྟེ་བ་ན།། ཡི་གེ་པྲེ་གཅིག་གནས་པ་ནི།། ཡི་དགས་སྐྱེ་བའི་རྒྱུ་ཡིན་པས།། རྒྱུ་དྲུག་འཁོར་བ་རྩད་བཅད་ནས།། རྒྱུ་ལྔ་ལམ་གྱི་སྒོ་དགག་ཕྱིར།། སྲོ་ཞེས་བྱ་བ་གསལ་བར ་བསྒོམ།། སེམས་ཅན་ཁྱོད་ཀྱི་གསང་བ་ན།། ཡི་གེ་ཏྲི་གཅིག་གནས་པ་ནི།། དམྱལ་བར་སྐྱེ་བའི་རྒྱུ་ཡིན་ཏེ།། རྒྱུ་དྲུག་འཁོར་བ་རྩད་བཅད་ནས།། རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར།། ཧ་ཞེས་བྱ་བ་གསལ་བར ་བསྒོམ།། མཉེས་སྟོང་སྐོང་གྲུབ་འབྲས་བུ་སོགས།། རབ་ཏུ་གསལ་བ་ཤིན་ཏུ་གཙོ།། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན།། བུ་ཁྱོད་རྒྱལ་བའི་སྲས་ཡིན་ན།། དམྱལ་བའི་གནས་སུ་ཅི་སྟེ་འཁོར།། དམྱལ་བའི་གནས་སུ ་འཁོར་བ་ན།། རྐང་མཐིལ་ཡི་གེ་ཧ་བསམ་སྟེ།། དམྱལ་བའི་གནས་ཀྱི་སྒོ་བཅད་དོ།། ཨོཾ་ད་ཧ་ད་ཧ་སརྦ་ན་རག་ག་ཏི་ཧེ་ཏུ་ཧཱུཾ་ཕཊ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན།། བུ་ཁྱོད་རྒྱལ་བའི་སྲས་ཡིན་ན།། ཡི་དགས་གནས ་སུ་ཅི་སྟེ་འཁོར།། ཡི་དྭགས་གནས་སུ་འཁོར་བ་ན།། ལྟེ་བར་ཡི་གེ་སྭ་བསྒོམས་པས།། ཡི་དགས་ལམ་གྱི་སྒོ་བཅད་དོ།། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུཾ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན།། བུ་ཁྱོད་རྒྱལ་བའི ་སྲས་ཡིན་ན།། བྱོལ་སོང་གནས་སུ་ཅི་སྟེ་འཁོར།། བྱོལ་སོང་གནས་སུ་འཁོར་བ་ན།། སྙིང་ཁར་ཡི་གེ་ཧཱུཾ་བསྒོམ་པས།། བྱོལ་སོང་ལམ་གྱི་སྒོ་བཅད་དོ།། ཨོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། བུ་ཁྱོད་རྒྱལ ་བའི་སྲས་མ་ཡིན།། བུ་ཁྱོད་རྒྱལ་བའི་སྲས་ཡིན་ན།། མི་ཡི་གནས་སུ་ཅི་སྟེ་འཁོར།། མི་ཡི་གནས་སུ་འཁོར་བ་ན།། ལྕེ་སྟེངས་ཡི་གེ་ཨཱཾ་བསྒོམ་པས།། མི་རུ་སྐྱེ་བའི་སྒོ་བཅད་དོ།། ཨཱཾ་སརྦ་དུ་ར་ག་སརྦ་ཀླེ་ཤ་ཧཱུཾ ་ཕཊ། བུ་ཁྱོད་རྒྱལ་བའི་སྲས་མ་ཡིན།། བུ་ཁྱོད་རྒྱལ་བའི་སྲས་ཡིན་ན།། ལྷ་ཡི་གནས་སུ་ཅི་སྟེ་འཁོར།། ལྷ་ཡི་གནས་སུ་འཁོར་བ་ན།། སྤྱི་གཙུག་ཡི་གེ་ཨོཾ་བསྒོམས་པས།། ལྷ་རུ་སྐྱེ་བའི་སྒོ་བཅད་དོ།། ཨོཾ་བར་ར་བི་ཏ ་ཁད་ཁ་ཙིན་དྷ་ཧཱུཾ་ཕཊ། ཉོན་ཅིག་སེམས་ཅན་རིགས་ཀྱི་བུ།། ཁྱོད་ཀྱི་ཤ་རུས་ས་ཡིན་ཏེ།། ས་ལ་ས་ཡི་རང་བཞིན་མེད། ཁྱོད་ཀྱི་ཁྲག་ནི་ཆུ་ཡིན་ཏེ།། ཆུ་ལ་ཆུ་ཡི་རང་བཞིན་མེད།། ཁྱོད་ཀྱི་དྲོད་ནི་མེ་ཡིན་ཏེ།། མེ་ལ ་མེ་ཡི་རང་བཞིན་མེད།། ཁྱོད་ཀྱི་དབུགས་ནི་རླུང་ཡིན་ཏེ།། རླུང་ལ་རླུང་གི་རང་བཞིན་མེད། ཁྱོད་ཀྱི་སེམས་ནི་ནམ་མཁའ་སྟེ།། ནམ་མཁའི་དབྱིངས་སུ་ཁྱབ་གྱུར་ཅིག། རྣམ་ཤེས་སྤྲོས་བྲལ་ཆེན་པོ་ནི།། སྣང་སྟོང ་ཡུམ་ནི་ཆོས་ཀྱི་དབྱིངས།། རིག་སྟོང་སེམས་ནི་ཡེ་ཤེས་ཏེ།། བདེ་སྟོང་ལས་སུ་མ་གྲུབ་པས།། ལུས་གཟུངས་སྲོག་བརྟེན་དངས་སྙིགས་ཀུན།། སྐུ་གསུམ་དོན་དུ་ཤེས་པར་བྱོས།། ཁྱོད་ཀྱི་ཕོ་ཉ་གིང་ཀ་ར།། ཀ་ཏར ་སྔོན་པོ་འདི་ལོང་ལ།། ཁམས་གསུམ་སྒྲོལ་བར་དབང་བསྐུར་གྱིས།། སྐྱེ་ཤི་རྩ་བ་ཁྱེད་ཀྱིས་ཆོད།། དུར་ཁྲོད་ཆེན་པོ་གདུལ་བ་དང་།། དབང་དུ་བསྡུ་བའི་ལས་ཙམ་གྱིས།། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློགས།། ་ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་།། སྟ་ན་ཆེན་པོའི་ལས་བྱ་ཕྱིར།། བྱམས་དང་སྙིང་རྗེ་ལྡན་པ་ཡིན།། ཉོན་མོངས་འཁོར་བའི་རྒྱ་དྲལ་ལོ།། འཇིག་རྟེན་འདས་པའི་མདོ་ལས། ཐུགས་རྗེ་ཆེན ་པོས་ཁམས་གསུམ་རིགས་དྲུག་གི་གནས་སྦྱོང་བསྟན་པ་སྟེ་ལེའུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་སྣ་ཚོགས་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། ཞལ་ཕྱག་གཟུགས ་སུ་གྲུབ་པ་དང་།། གསུང་གི་བརྗོད་འབྱུང་ཡི་གེ་དང་།། ཐུགས་རྣམས་མཚོན་པའི་ཕྱག་རྒྱ་སོགས།། སྣང་མཛད་མཐའ་ཡས་མི་བསྐྱོད་སྐུ།། བསྙེན་པ་སོང་བའི་རྣལ་འབྱོར་པས།། སློབ་མ་དམ་པའི་དོན་བྱ་ཕྱིར། ཁྲུས ་དང་འདག་ཆལ་སྐུ་ཕྱིས་ལ།། རང་གི་དམ་ཚིགས་ལེགས་བསྒོམས་ཏེ།། དབབ་པའི་སྦྱོར་བས་ཡེ་ཤེས་གཞུག། དབང་པོའི་སྐྱོན་གསལ་ལོངས་སྤྱོད་དབུས།། འགྲོ་བའི་དོན་ལ་ཇི་སྙེད་བཞུགས།། སྐུ་གསུང་ཐུགས ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མཎྜལ་དགུ་པའི་ཕོ་བྲང་དུ།། བུམ་པ་ལྷ་ཡི་གཞལ་ཡས་ཁང་།། ལྷ་དགུའི་ཡེ་ཤེས་སེམས་དཔའ་ནི།། དཀར་པོ་བུམ་པ་ས་གནོན་ཅན།། བཟླས་བརྗོད་རབ་ཏུ ་འཐེམས་པ་ན།། དགུག་དང་བསྟིམ་དང་སྦབ་པ་དང་།། རྒྱས་བཏབ་དབང་བསྐུར་བཀྲ་ཤིས་བརྗོད།། དུས་དང་གནས་སྐབས་རབ་ཏུ་བརྟག། ཨཱིཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་ར་མི་ཏ་ཨ་ཡུར་པུ་ཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙ་ཡ ་ཀ་རི་ནི་སྭཱ་ཧཱ། ཚེ་དང་གཟི་བྱིན་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དཀྱིལ་འཁོར་ལིང་ཚེ་དགུ་པ་རུ།། དཔལ་ཆེན་ཉིད་ནི་དབུས་སུ་སྟེ།། གཡས་དཀར་གཡོན་སྡུག་ཞལ།། ཏི་ར་རྡོ་རྗེ་ཁྱུང་ཁྲ ་གཡས།། རྒྱུ་ཞགས་བན་དྷ་ཏི་ར་ཁོང་།། སིང་ང་ཁ་རོ་བསྣོལ་སེར་སེང་།། བྱ་གྲི་གནས་ལྷ་སྣོལ་མ་སྟག། སྲི་ལ་ནག་མོ་བྱིས་ལྷག་ཝ།། ཤྲ་ན་དྲལ་ལྷ་མཐིང་ཀ་ཁྱི།། ཀྲི་ཏ་འགྲིན་དམར་རྒྱུ་མགོ་རྒོད།། ཀང་ཀ་ཞིང་ཕྲག ་རྣོརྣལ་མགོ་རིང་།། ཁ་ཁ་ག་རི་བན་གྲི་ནག། ཧུ་ལུ་མཐུན་ཚོགས་རྡོར་ཀྲུ་འུག། ཨོཾ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ས་མ་ཡ་དེ་བི་ཤྭ་རཏྣ་ཏ་ན་ཧཱུཾ། བཛྲ་སི་དྷ་མུ་ཀ་ཧེ། བཛྲ་བྱད་ཀྲི་མུ་ཀ་ཧེ། སྲི་ལ་མུ་ཀ་ཧེ། ཤྭ་ན་མུ་ཁ ་ཧེཏེ། ཀྲི་ཏ་མུ་ཁ་ཧེ། ཀང་ཀ་མུ་ཁ་ཧེ། ཁ་ཁ་མུ་ཀ་ཧེ། ཧཱུ་ལུ་ཀ་མུ་ཀ་ཧེ། ཨཱིཾ་ན་མོ་བྷ་ག་བ་ཏི། སརྦ་དུར་ག་ཏེ། པ་རི་ཤྲ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱག་སམ་བྷུད་དྷ་ཡ། ཏད་ཡ་ཐཱ། ཨཱིཾ་ཤཱ་དྷ་ནི་ཤྲ་དྷ ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི། ཤུད་དྷེ་བི་ཤུད་དྷེ་སརྦ་ཀརྨ་ཨ་བ་ར་ན་བི་ཤྭ་དྷ་ནི་སྭཱ་ཧཱ། དབུ་རྒྱན་ལ་ནི་བདག་པོ་དགུ།། དྲངས་བསྟིམ་ཉེས་བྱས་ཆུ་དེ་ནི།། བཀྲུ་བ་དམ་པ་རབ་ཏུ་བྱ།། ངན་སོང་རྒྱུན་ལས་རབ་ཏུ་གྲོལ ་བའོ།། དཔལ་ངན་སོང་ལས་གྲོལ་བའི་ཏིང་ངེ་འཛིན་ཏོ།། འཁོར་འདས་ཐམས་ཅད་སེམས་ལས་བྱུང་།། མཉམ་ཉིད་ཆོས་རྣམས་གཉིས་མེད་པས།། མི་རྟོག་པའི་ངང་ཉིད་དུ།། ཡེ་ནས་ཆོས་རྣམས་མཉམ་ཉིད ་བསྒོམས།། བསྲེགས་སྦྱངས་བཀྲུས་པའི་སྟོང་པ་ཉིད།། ཆོས་ཀྱི་དབྱིངས་སུ་རྣམ་པར་དག། ལྷ་ཡི་འོད་ཟེར་ཁམས་གསུམ་སྦྱངས།། སེམས་ཅན་ཡེ་ཤེས་ལྷ་དགུར་གསལ།། ས་བོན་འཕྲོས་པས་དངས ་སྙིགས་རྣམས།། འབྱུང་ལྔ་ཡེ་ཤེས་གཞལ་ཡས་ཁང་།། བན་དྷ་སྐུ་ཡི་ཕྱག་རྒྱ་ལ།། མར་མེ་ཡེ་ཤེས་དགུ་དང་བཅས།། གཟུངས་མ་སངས་རྒྱས་རིགས་མ་ལས།། བམ་གྱི་ཕུང་པོ་རྣམ་ཤེས་ལྷ།། དང་པོར་འཇིག་པར་སྒོ ་དབྱེ་ཞིང་།། ཕྱག་བྱ་མེ་ཏོག་བོར་བ་དང་།། དངོས་གྲུབ་གསོལ་བ་དབང་སྐལ་བྱིན།། བརྟག་གདབས་གྲལ་བསྒོས་དམ་བཅའ་དབབ།། དྲངས་ཏེ་གནང་བ་བྱིན་པ་དང་།། བགེགས་བསྐྲད་འདོད་ཡོན་མང་པོར ་གྱུར།། སྤྱད་པ་མང་པོ་སྤེལ་བ་དེ།། ནམ་མཁའ་མཛོད་དུ་གང་བའོ།། འཛའ་གད་རྡོ་རྗེ་སེམས་དཔའ་ཉིད།། དཀར་ཤམ་མ་དང་བྱང་ཆུབ་སེམས།། ཆུ་ནི་མ་མ་ཀི་ཡིན་ཏེ།། ཚོ་བཞིར་གཅད་ལ་བྱ་བ་རྫོགས།། བདུད ་རྩི་འཁྱིལ་པའི་རྣལ་འབྱོར་པ།། སྣོད་སྟེང་རྟ་མགྲིན་ཡུམ་བཞིར་བཅས།། བདུད་རྩི་ལྔས་ནི་བན་དྷ་གང་།། ཕྱག་རྒྱ་སྔགས་གྱི་སྦྱོར་གསུམ་གྱིས།། བསང་བསྐྲད་དངོས་གྲུབ་ཆེན་པོར་བྱ།། བསྒྲུབ་གཏོར་གཞལ་ཡས ་དཀྱིལ་འཁོར་ལྷ།། མཆོད་བསྟབ་གནས་སུ་གསལ་ཡང་གདབ།། མཆོད་སྦྱིན་བདུད་རྩི་ཆེན་པོ་དེ།། ཁྱབ་པར་འདོད་ཡོན་བསམ་པ་དང་།། སྐུ་གསུང་ཐུགས་དང་བྱང་ཆུབ་སེམས། ཁྲག་དང་གཟར་བུ་སྣོད་དང ་བཅས།། ཆགས་པའི་རང་བཞིན་ཇི་ལྟར་འདོད།། དཔལ་བཤོས་རིན་ཆེན་ཕུང་པོ་འབར།། ཇི་ལྟར་སྣང་ཡང་འདོད་ཡོན་ལྔ།། སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན།། སྟོང་པ་ཉིད་ཅེས་རྒྱལ་བས་གསུངས།། དེ་བས་རྣམ ་པ་ཐམས་ཅད་ཀུན།། སྟོང་པ་ཉིད་དུ་དྲན་པར་བྱ།། ཨཱ~ཾ་ཨཱ་ཧཱུཾ། ཨཱིཾ་ཨ་ཧཱུཾ། སརྦ་པཉྩ་ཨམྲི་ཏ་ཧཱུཾ་ཧྲི་ཥ། ཨོཾ་མ་མ་ཀཱི། ཀཱི་རཱ་ཀི་རཱ། ཨ་ཏི་ཏཥྚི་སྭ་མཾ། ཨོཾ་དྷརྨ་ཨ་མྲྀ་ཏེ་བཽ་ཤུདྡྷ་ཧཱུཾ། ཨཱ~ཾ་བཛྲ་རཀྵ་ཀྲོ་ཏ་ཧ་ན་ཧ་ན་ཧཱུཾ། ཀ་ཡ་སི་དྷི ་ཨཽ། བཱ་ག་སི་དྷི་ཨཱ། ཙིཏྟ་སི་དྷི་ཧཱུཾ། ཨཱཾ་ཀྲོ་དྷི་ཤྭ་རི། སརྦ་དྲ་བྱམ་ཤྲོ་དྷ་ཡ་ན། ཨཱིཾ་ཨཱ་ཧཱུཾ། ཨཱཾ་བྷ་ལིང་ཏ། ཏེ་ཛོ་བ་ནི་བ་ལ་བ་ཏ། གུ་ཧྱ་ས་མ་ཡེ་སྭཱ་ཧཱ། བྱིན་བརླབས་རབ་ཏུ་རྫོགས་པའི་ཏིང་ངེ་འཛིན་ཏོ།། མཐེ་བོང་ཆུང ་མོ་རྩེ་སྦྲད་ཀྱང་།། དཀྱིལ་དུ་མཛུབ་མོས་འདུད་བྱས་ལ།། མཐེའུ་ཆུང་སྲིད་ལག་གུང་ལྟར་བྱ།། མཁའ་དབྱིངས་ཕྱག་རྒྱ་ཞེས་བྱའོ།། གཡས་གཡོན་དཔུང་དཀར་སེ་གོལ་གདབ།། ཁུ་ཚུར་མཐེབ་མཛུབ་ལུ་གུ ་རྒྱུད།། ཐོད་འཕྲེང་ཆེན་པོ་དེ་ཉིད་དོ།། མཐེབ་མཛུབ་མིག་ཏུ་སྲིན་ལག་བསྣོལ།། གུང་མོ་མཐེའུ་ཆུང་རྩེ་སྤྲད་བསྐྱང་།། རློན་པ་སྲིན་མཐེབ་སྦས་ན་སྐམ།། རྙིང་པ་དག་ནི་ཚིལ་བུའོ།། གཡོན་གྱི་མཐེ་བོང་གཡས་མཛུབ ་ཚིགས།། གཡས་ཀྱི་མཐེ་བོང་ཚིགས་ཀར་བསྣོལ།། གཡོན་པའི་མཛུབ་མོ་ཟླུམ་པོར་དྲིལ།། གཡས་མཛུབ་གཡོན་ལ་གྲུ་བཞིར་གཏད།། ལྷག་མ་དྲུག་པོ་ཐལ་སྦྱར་ཏེ།། འཕྲིན་ལས་རྣམ་པ་བཞི་རུ་བྱ།། མཐེབ་བོང ་གདུག་ལ་ཐལ་མོ་རྐྱང་།། རྡོ་རྗེ་གཤོག་པ་བྱ་བའོ།། རིགས་ལྔ་གཅིག་བསྡུས་ཁྲོ་བོས་མནན།། མཐེབ་སྲིན་དབང་རྫས་ཨ་ཡིས་བླང་།། རྡོ་རྗེ་པདྨ་མཛུབ་མོ་བཅང་། ཁྲོ་བོས་ནམ་མཁར་གཏན་པ ་དང་།། ལྔ་ཕྲལ་ཁུ་ཚུར་རྩེ་གསུམ་གཅིག། དང་པོ་རྣམས་ཀྱིས་ལྷ་ལ་དམིགས།། གཉིས་པ་དབང་ལ་དམིགས་པ་དེ།། ལུས་རྟ་ཕྱག་རྒྱ་ཤེས་པའོ།། མེ་ཏོག་ཁྲག་ལ་གདུག་པ་མདངས།། མར་མེ་ཚིལ་ལ་སྤོས་ཐལ ་ཆེ།། ཟན་ནི་ཚེ་ལ་ཤ་ནི་སྨན།། ཆུང་བ་ཟླ་བ་ཚོད་མ་བྲན།། ཨ་འབྲས་མི་ལ་རྒུད་འབྲུམ་རྟ།། པ་ན་ས་ནི་གླང་པོ་སྟེ།། ན་ལེ་གེ་རྒྱ་བྱ་རུ་བཤད།། ཨ་ཀ་རུ་ནི་ཁྱི་རུ་གྲགས།། ངག་བརྡ་ཕྱག་རྒྱ་ཤེས་པའོ།། སྔགས་རྫས ་ཏིང་འཛིན་དམིགས་པས་གསང་།། མཆོད་པ་དམ་རྫས་དགྲ་བགེགས་བསྐྲད།། མཆོད་དང་བཤགས་དང་བཏབ་པར་དབུལ།། ལྷ་མི་འབྱོར་རྗེས་ཚོགས་གཉིས་རྫོགས།། ཚོགས་ཀྱི་འཁོར་ལོའི་ཏིང་འཛིན་ཏོ།། ཕུད ་དང་ལྷག་མ་ལྷག་མ་ཕུད།། ལྷག་མ་དང་ནི་ཕུད་གཉིས་བཞི།། ཇི་ལྟར་བྱིན་རླབས་རིམ་པ་བྱ།། རྡུལ་ཚོན་དཀྱིལ་འཁོར་བྲི་བ་དང་།། ལྷ་ཡི་འཁོར་ལོ་རྣམ་པར་བསྐྱེད།། མཐུན་པའི་དམ་རྫས་བསགས་པ་ལ།། བྱིན་གྱི ་བརླབས་དང་གཏོར་མ་དང་།། དྲངས་བསྟིམ་ཟིལ་གནན་གཡའ་པ་བསླང་།། ཕུད་ལྷག་ཐ་ཚིགས་བསྲེས་པ་དང་།། མཆོད་སྤྲིན་གཏོར་མ་གཏང་བར་བྱ།། ཨ་ནུ་རག་ཤ་སི་བྷྱོ། པྲ་མ་ནི་བྷྱོ། རོའུ་ཏྲི་མ་བྷྱོ། བེ་ཥན་བེ ་བྷྱོ། ཀོའུ་མ་རི་བྷྱོ། ཨིན་ཏྲ་ཡ་བྷྱོ། མེ་ཀ་ལ་བྷྱོ། ཨ་མྲི་ཏ་བྷྱོ། སེའུ་མྱ་བྷྱོ། དན་ཏ་ཧི་བྷྱོ། རག་ཤ་སི་བྷྱོ། བྷགྒ་སི་བྷྱོ། ར་ཏི་བཛྲ་བྷྱོ། ར་ཏི་ར་མ་ཏི་བྷྱོ། ཨེ་ཀ་ཙ་ར་བྷྱོ། མ་ནུ་ཧ་ར་བྷྱོ། སི་ཏི་ཀ་བྷྱོ། བ་ཡ་བེ་བྷྱོ། མ་ཧཱ ་མ་ར་ན་བྷྱོ། ཨ་ག་ནེ་བྷྱོ། ཙ་མུན་ཏི་བྷྱོ། ཨིན་ཏྲ་ན་བྷྱོ། བ་རུ་ན་བྷྱོ། མ་ཧཱ་ཀ་ལ་བྷྱོ། ཙ་ཀ་ལ་བྷྱོ། ཀུ་མ་པ་ཀ་ར་ན་བྷྱོ། ལམ་པོ་དྷ་ར་བྷྱོ། དབང་ཕྱུག་འདུས་པའི་དཀྱིལ་འཁོར་ནས།། ཅི་བགྱིས་བཀའ་ཉན་ཕོ་ཉའི ་ཚོགས།། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་།། ཚངས་མ་དམར་སེར་པདྨ་བསྣམས།། ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ།། གཏོག་འདོད་སྔོན་མོ་འཁོར་ལོ་འཆང་།། གཞོན་ནུ་དམར་མོ་མདུང་ཐུང་འཕེན།། བརྒྱ་བྱིན ་དཀར་མོ་ཨིན་ཏྲ་གདེངས།། རྡོ་རྗེ་སེར་མོ་ཙན་དན་མཐུང་།། བདུད་རྩི་དམར་མོ་པདྨ་བསྣམས།། ཟླ་བ་དཀར་མོ་པུན་ཏ་རི།། བེ་ཅོན་ལྡང་ནག་དབྱུག་ཏོ་འཕྱར།། སྲིན་མོ་དམར་མོ་ཐོད་ཁྲག་འཐུང་།། ཟ་བ་ལྗང་ནག ་བ་སུ་འདྲེན།། དགའ་བ་དཀར་མོ་ཀ་ཏེར་འཆང་།། སྟོབས་ཆེན་དཀར་མོ་གཤོལ་འཛིན་མ།། རྡོ་རྗེ་སེ་མོ་སྤུ་གྲིས་གཅོད།། འདོད་པ་དམར་མོ་མདའ་གཞུ་འགེངས།། ནོར་སྲུངས་དམར་མོ་བུམ་པ་འཛིན།། རླུང་ལྷ ་སྔོན་མོ་བ་དན་འཕྱར།། གསོད་བྱེད་དམར་མོ་རལ་གྲི་སོ།། མེ་མོ་དམར་མོ་གསལ་ཤིང་འཆང་།། ཕག་མོ་ནག་མོ་མཆེ་ཞགས་ཅན།། རྒན་བྱེད་དམར་པོ་ཞིང་ཆུང་ཟ།། རྣ་ཆ་དཀར་མོ་ཁྲག་འཐུང་མ།། ཆུ་ལྷ་སྔོན་མོ ་སྦྲུལ་ཞགས་འཛིན།། རྡོ་རྗེ་ནག་མོ་ལྕགས་ཀྱུ་འདྲེན།། རྡོ་རྗེ་སེར་མོ་ར་མགོ་ཞགས།། རྡོ་རྗེ་དམར་མོ་ལྕགས་སྒྲོག་བསྡོམས།། རྡོ་རྗེ་ལྡང་ནག་དྲིལ་དཀྲོལ་དགྱེས།། ཨོཾ་ཨུ་ཏིཿབཛྲ་ལཀྵ་ཨ་དྷི་ཏིཥྛ་བུདྡྷཱ་ན ་ཙ་ཏི་བི་བ་ཐ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུདྡྷ་བཛྲ་རད་ན་པདྨ་ཀརྨ་ཌཱ་ཀི་ནི་པྲ་ཏི་ཛ་མན་བ་ལིན་ཏ། ཨོཾ་ཧཱུཾ་ཏྲཾ་ཧྲི་ཧ་ཕཊ། དགུག་པའི་ལྕགས་ཀྱུ་ཌ་ཀི་ཡིན།། གཞུག་པ་ཧེ་རུ་ཕྱག་རྒྱ་བཤད།། དབང་དུ་བྱ་བ་རྟ་ཡིན་ལ།། བྱིན་གྱིས ་བརླབས་ལ་དམ་བརྡར་མཆོད།། ཨོཾ་ཌ་ཀི་ཨ་ཀ་དུ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། ཏོ་ཤ་ཡ། སརྦ་བཛྲ་ཏ་ཀི་ཧྲི་ད་ཡ། ཧཱུཾ་ཛྫ་ཛྙཱ། ཧཱུཾ་བཾ་ཧོ། ཏ་ཀི་ཧཱུཾ་ཛྫ། ཨཱ~ཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཨད་གད་ཏ་ཡ། ཨ་གད་ཏ་ཡ། པྲ་པེ་ཤ་ཡ། ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཨོཾ་བཛྲ་པདྨ། མ་ཧཱ་བ་ད། བུ་མུ་ཀ་ཨད་གད་ཏ་ཡ། པྲ་བེ་ཤ་ཡ། བྷནྣ་ཡ་མོ་ཧ་ཡ། དོ་ཤ་ཡ། ཧ་ཧ་ཧྲི། ཨཱ~ཾ་ཨ་ཧཱུཾ། ཨུ་ཙི་ཏ་བཛྲ་ཨ་དྷི་ཏིཥྛ་སྭ ་མཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་དྷི་ཏིཥྛ་མཾ་ཧཱུཾ་ཧྲ་ཧི། སྦྱིན་སྲེག་ལ་བཟླས་མཁའ་འགྲོ་བསྐྱང་།། གཏེར་སྦས་དཀྱིལ་འཁོར་བསྡུས་པ་དང་།། སྨོན་ལམ་བཀྲ་ཤིས་བྲོ་བརྡུངས་དེ།། དགེ་བསྔོ་མ་དག་བཤགས་པ ་དང་།། རྒྱུན་གྱི་ཏིང་ངེ་འཛིན་ནན་ཏན་བྱ།། ཀུན་ཀྱང་སེམས་ཅན་དོན་དུ་བསྔོ།། ལྷག་མ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཞི་བ་ཤར་ལ་རྒྱས་པ་ལྷོ།། དབང་ནི་ནུབ་སྟེ་དྲག་པོ་བྱང་།། ཞི་བ་དཀར ་ལ་ཟླུམ་པ་ལ། གྲུ་བཞི་སེར་པོ་རྒྱས་པའོ།། དམར་པོ་ཟླ་གམ་གྲུ་གསུམ་ནག། རྩེ་མོ་དབུས་ཆ་ལོ་འདབ་རྩ།། ཤིང་རྩེ་མེ་ཏོག་ཚེར་མ་ཅན་དང་།། བསྲེག་གོས་དང་གཏོར་མ་སེམས།། ཕུར་པ་ལིང་ག་བཏབ་ནས ་ནི།། མེ་ཡི་ལྷ་ལ་གཟར་བུས་དབུལ།། དེ་ནས་ཡེ་ཤེས་ལྷ་ལ་འོ།། ཨོཾ་སརྦ་པཱ་བཾ་ན་ད་ཧ་ན། བཛྲ་ཨ་མུ་ཀ་སརྦ་བན་དྷ་སྭཱ་ཧཱ། ཨོཾ་བཛྲ་པུཥྤ་ཡ་སྭཱ་ཧ། ཨོཾ་བོ་དྷི་བཻ་ཀྵ་ཡ་སྭཱ་ཧ། ཨོཾ་བཛྲ་ལ་ཏེ་ཡེ་སྭཱ་ཧཱ། ཨོཾ་ཏྲ་སེར་ཡ་སྭཱ་ཧཱ། ་ཨོཾ་སྭཱ་ཧཱ་ཀ་ར་ཡ། ཨོཾ་མ་ཧཱ་ད་བྱི་རྱ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷ་སྨ་ར་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨག་ན་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧ། ཨོཾ་ཨ་པྲི་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ ་སྭཱ་ཧ། ཕྱི་དང་ནང་དང་དེ་བཞིན་གསང་།། དེ་ཁོ་ན་ཉིད་ལ་སྲོགས་པའི།། སྣང་སྲིད་འཕྲིན་ལས་བཞི་རུ་གནས།། ལྔ་པ་ཡང་ན་ལྷུན་གྱིས་གྲུབ།། སྦྱིན་སྲེག་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། འཇིག་རྟེན་འདས་པའི་མདོ་ལས།། མཛད་པར་མང་པོར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །། བདེ་གཤེགས་ཐམས་ཅད་ལ།། སྐུ་གསུངས་བཞི་ལྔར་གནས་མོད་ཀྱང་།། རང་གི་གྲུབ་མཐའ་དེ་ལྟར ་སྣང་།། མི་བཟད་རྒྱན་གྱི་འཁོར་ལོར་གནས།། ཞེས་གསུངས་ནས། སངས་རྒྱས་ཀུན་གྱི་བདག་པོ། རྡོ་རྗེ་འཆང་ཆེན་པོ་ནི། ཆོས་ཀྱི་དབྱིངས་སུ་ཐིམ་མོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་ལ་རྗེས ་སུ་ཡི་རངས་པར་གྱུར་ཏོ།། རྡོ་རྗེ་སྙིང་པོས་རབ་ཏུ་བསྡུས་ཏེ། ཡོངས་སུ་གྲགས་པར་གྱུར་ཏོ།། རྗེས་སུ་རྣལ་འབྱོར་བསྐྱེད་རྫོགས་ཆེན་པོའི་མདོ། ཐབས་ཀྱི་བསྐྱོད་པ་ཆེན་པོའི་རྒྱུད། འཇིག་རྟེན་འདས ་པའི་མདོ་ལས། རྒྱུད་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། གསང་སྔགས་རྡོ་རྗེ་ཐེག་པ་ཐབས་ཀྱི་རྣལ་འབྱོར་གྱི་མདོ་རྫོགས་ས་ཧོ།། །། དཔལ་ཨུ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་བ་དང་། ཞུ ་ཆེན་གྱི་ལོ་ཙཱ་བ་སྣརུབས་ནམ་མཁའ་སྙིང་པོས། བྲག་དམར་དཔལ་གྱི་བསམ་ཡས་སུ་གཏན་ལ་ཕབ་པའོ།། འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག།།་