| Wylie | e-texts produced with BDRC’s OCR application |
ཤིག།། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་། གསུང་དང་། ཐུགས་ཀྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། ཡོན་ཏན་རིན་པོ་ཆེ་རྨད་དུ་བྱུང་བ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་གསང ་བ་ཆེན་པོ་མཆོག་གིས་ལེགས་པར་སྤྲས་པའི་དུར་ཁྲོད་ཆེན་པོའི་ཡང་ཆེན་པོ། ཤིན་ཏུ་རྨད་དུ་བྱུང་བའི་གཞལ་ཡས་ཁང་ཆེན་པོ་ན་བཞུགས་སོ།། དེ་ཚེ་འཁོར་གྱི་དབང་ཕྱུག་ཆེན་པོ་བཙུན་མོའི་འཁོར་དང་བཅས་པ་ནི ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་གསང་བ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་གསང་བ་གར་གྱི་དབང་ཕྱུག་དང་། རིན་ཆེན་གསང་བ་གར་གྱི་དབང་ཕྱུག་དང་། པདྨ་གསང་བ་གར་གྱི་དབང་ཕྱུག་དང་། ་ཀརྨ་གསང་བ་གར་གྱི་དབང་ཕྱུག་དང་། འདི་དག་ཀྱང་སོ་སོའི་བཙུན་མོ་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་གསང་བ་ཆེན་པོའི ་མདུན་དུ་བལྟས་ཏེ། ཞབས་ཀྱི་པདྨ་ལ་བརྟེན་པའི་ཚུལ་དུ་བཞུགས་སོ།། དེ་དག་ལས་ཁྲོ་བོའི་ཚོགས་དང་བཅས་པ་ནི། འདི་ལྟ་སྟེ། ཧཱུཾ་མཛད་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་ཆེན་པོའི་ཡང་ཆེན་པོ་དང་། རྡོ་རྗེ་དབྱིངས་ཞེས ་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཡང་ཆེན་པོ་དང་། ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའི་ཡང་སྤྲུལ་པ་ཆེན་པོའི་ཡང་ཆེན་པོ་དང་། རྡོ་རྗེ་གསང་བ་ཞེས་བྱ་བའི་ཡང་སྤྲུལ་པ་ཆེན་པོའི་ཡང་ཆེན་པོ་དང་། རྡོ་རྗེ་བདུད་རྩི ་ཞེས་བྱ་བའི་ལས་ཆེན་པོའི་ཡང་ཆེན་པོ་དང་། དྲག་པོ་ཐོག་ཆེན་པོ་ཞེས་བྱ་བའི་མངག་པ་ཆེན་པོའི་ཡང་ཆེན་པོ་དང་། དྲག་མོ་བདུད་རྩི་མ་ཞེས་བྱ་བའི་ཕོ་ཉ་ཆེན་མོ་ལ་སོགས་པ་འདི་དག་ཀྱང་། བྲན་དང་བཀའ་ཉན ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པ་ཐམས་ཅད། བཅོམ་ལྡན་འདས་གསང་བ་ཆེན་པོའི་དབུ་དང་། གཤོག་པ་དང་། ཕྱག་ལ་སོགས་པ་ལེགས་པར་བཞུགས་སོ།། གཞན་ཡང་བཀའ་ཉན་ལས་ཀྱི ་འཁོར་ནི་འདི་ལྟ་སྟེ། མེ་དྲག་པོ་ཐོག་ཆེན་སྒྲ་ཆེན་ཞེས་བྱ་བ་དང་། རླུང་དྲག་པོ་སྒྲ་གཅན་ཞེས་བྱ་བ་དང་། སྤྲུལ་པའི་དམུས་ལོང་འཁོར་བ་ཅན་དང་། ལས་ཀྱི་དམུས་ལོང་འཁོར་བ་ཅན་དང་། ཤན་པའི་དམུས་ལོང ་འཁོར་བ་ཅན་དང་། གཤེད་ཀྱི་དམུས་ལོང་འཁོར་བ་ཅན་དང་། འདི་དག་ཀྱང་སྐུ་ལས་སྤྲུལ་པ་དང་།། གསུང་དང་། ཐུགས་དང་། ལས་དང་། ཡོན་ཏན་དང་། གསང་བ་ལས་སྤྲུལ་པའི་ཁམས་རྒྱའི་ཚོགས་དང་ཐབས ་ཅིག་ཏུ་བཞུགས་སོ།། གཞན་ཡང་ལོང་བ་རྒྱབ་སྦྲེལ་དང་། ལྕགས་ཀྱི་ཁྱི་དང་། སྦྲང་མོ་རོ་ཤལ་དང་། བདུད་ཀྱི་བུ་མོ་དང་། ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་།། གནོད་སྦྱིན་ཐམས་ཅད་དང་། སྲིན་པོ་ཐམས ་ཅད་དང་།། དྲག་མོ་དང་། སྐེམ་བྱེད་ལ་སོགས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་བདག་པོ་དཔལ་པདྨ ་གར་གྱི་དབང་ཕྱུག་བདེ་བ་ཆེན་པོ་ལ། འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་པོ ་འདི་ན། ཤིན་ཏུ་གདུག་པ། ཤིན་ཏུ་གཏུམ་པ། སྒྲ་ཆེན་པོ་འབྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་མདངས་འཕྲོག་པ་དང་། འཚེ་བར་བགྱིད་པ་དང་། འགུམ་པར་བགྱིད་པ། སྲོག་དང་འབྲལ་བར་བགྱིད་པ། ་འཇིག་རྟེན་ན་མཐུ་ཆེ་བ། དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། འཁོར་ཕལ་ཆེ་བ་བདུད་ཀྱི་དཔུང་རབ་ཏུ་འཇོམས་པར་བྱེད་པ། དྲེགས་པ་ཆེན་པོའི་ཡང་ཆེན་པོ་རྣམས་ཀྱིས་གླགས་རྙེད་པར ་དཀའ་བ། ཐུབ་པར་དཀའ་བ། གྲགས་པ་ཐོབ་པར་དཀའ་བ། དབང་དུ་སྒྱུར་བ་དག་མཆིས་ཏེ། འདི་དག་ཐབས་གང་གིས་འདུལ་བ་དང་ཐབས་གང་གིས་ལེགས་པར་འཇོམས་པ་དང་། ཐབས་གང་གིས་གཡུལ ་ལས་རྒྱལ་བར་བྱ་བ་དང་། ཐབས་གང་གིས་གྲགས་པ་ཐོབ་པར་བྱ་བ་དང་། ཐབས་གང་གིས་དབང་དུ་འགྱུར་བར་བྱ་བ་དང་། བདག་ཅག་རྣམས་ལ་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ། དེ ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་པདྨ་གར་གྱི་དབང་ཕྱུག་གིས། འཇིག་རྟེན་གྱི་གདུག་པ་ཅན་མཐུ་བོ་ཆེ་ཐམས་ཅད་ཀྱིས་ཐུལ་བར་མི་འགྱུར་བ། ཤིན་ཏུ་ཚར་བཅད་པར་བྱ་བའི ་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དྲག་པོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལས་ཀྱི་ཁྲོ་བོ་བདུད་ཐམས་ཅད་ཟིལ ་གྱིས་གནོན་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། ཨོཾ་བཛྲ་ཀྲོ་ཏ་ཀརྨ་ཡཀྵ་ཏ་ཀ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ཕྱུང་མ་ཐག་ཏུ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས།། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་ཁྲུགས། འཇིག་རྟེན་གྱི་ཁམས་འདི་དག་ཏུ་ཡང་། ་རབ་ཏུ་དྲག་པོའི་འོད་དང་། རབ་ཏུ་དྲག་པོའི་འབྲུག་དང་། རབ་ཏུ་དྲག་པོའི་གློག་དང་། རབ་ཏུ་དྲག་པོའི་ཚ་ཚ་དང་། རབ་ཏུ་དྲག་པོའི་འཕྲོ་བ་དང་། རབ་ཏུ་དྲག་པོའི་འབེབས་པ་དང་། མདུང་དང་། རལ་གྲི་དང་། ་སྤྲ་ཤུད་དང་། ལྕགས་མདའ་དང་། སྟེའུ་སོ་དང་། མདའ་བོ་ཆེ་དང་། ལྕགས་མདུང་རིང་པོ་དང་། གང་དག་ཕུར་བུ་དང་། ཟོ་བ་དང་། ཁ་ཊྭཱཾ་དང་།། ཐོད་དབྱུག་ལ་སོགས་པའི་ཆར་འབབས་པར་གྱུར་ཏོ།། དེའི་ཚེ ་འཇིག་རྟེན་གྱི་ཁམས་འདི་ནི་སྤྲུལ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཁྲག་འཐུང་དང་། རིན་ཆེན་ཁྲག་འཐུང་དང་། པདྨ་ཁྲག་འཐུང་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་མཐུ་ཆེ་བ། གཟི་བརྗིད་ཆེ ་བ། ཡོན་ཏན་དང་ཡེ་ཤེས་ལ་སོགས་པ་དཔག་ཅིང་གཞལ་དུ་མེད་པ་བགྲང་བ་ལས་འདས་པ། ཐམས་ཅད་སྐྲག་པར་འགྱུར་པ། རབ་ཏུ་རྒྱལ་བར་འགྱུར་བ། རེངས་པ་དང་། རབ་ཏུ་རེངས་པ་དང་། ལྐུགས་པ་དང་། ་རབ་ཏུ་ལྐུགས་པ་དང་། འཇིགས་པ་དང་། སྔངས་པར་གྱུར་ནས་མགྲིན་གཅིག་ཏུ། བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་ལ་བསྟོད་པའི་རྒྱལ་པོ་འདི་སྐད་ཅེས་བསྟོད་དོ།། ཨེ་མ་མ་རུངས་འཇིགས་པ ་ཅན།། རབ་ཏུ་དྲག་པོའི་གཟི་བརྗིད་ཆེ། ཚམ་རྔམ་སྤ་བཀོད་བརྗོད་དུ་མེད།། སྟོབས་དང་ཡེ་ཤེས་ཀུན་ལས་འཕགས།། མཐུ་ཆེན་ང་རྒྱལ་ཀུན་འཇོམས་ཤིང་། ཆེ་བའི་ཡོན་ཏན་ནམ་མཁའ་བཞིན།། ཡེ ་ཤེས་སྤྲུལ་པ་ཀུན་ལས་རྒྱལ།། རབ་ཏུ་དྲག་པོ་འཇིགས་པ་ཆེ།། འབར་ཞིང་སྐུ་ནི་བསྐྱོད་པ་ཡིས།། འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ཤིན་ཏུ་གཡོ་ཞིང་སྲེགས་པར་འགྱུར།། གང་ཚེ་ལྷ་དང་ཀླུ་དག་དང་།། གནོད ་སྦྱིན་སྲིན་པོ་མི་མ་ཡིན།། དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་།། མི་འམ་ཅི་དག་ལྟོ་འཕྱེ་དང་།། མི་མིན་གང་ཡང་མ་ཡིན་པ།། ཐམས་ཅད་ཁྱོད་སྐུ་མཐོང་བས་འཇིགས།། འབར་བའི་གསུང་ནི་སྒྲོགས་པ་ཡིས།། འཇིག་རྟེན ་པ་དང་འཇིག་རྟེན་འདས།། རབ་ཏུ་དྲག་པོ་ཐམས་ཅད་ཀུན།། རབ་ཏུ་སྔངས་ནས་བརྒྱལ་བར་འགྱུར།། དགའ་བོ་ཉེ་དགའ་ལ་སོགས་པ། འཇིག་རྟེན་ཀླུ་ཚོགས་ཐམས་ཅད་དང་།། དྲག་པོ་ཐོབ་པར་གྱུར་པ ་ཡིས།། ངག་ནི་རྣམ་པར་ལྐུགས་པ་དང་།། རབ་ཏུ་སྐྲག་ཅིང་བརྒྱལ་བར་འགྱུར།། མ་མོ་དང་ནི་གནོད་སྦྱིན་མོ།། སྲིན་མོ་ཤ་ཟ་མོ་ལ་སོགས།། གང་གི་འཁོར་ན་གནས་པ་ཀུན།། སྒྲ་ཟོས་པས་ནི་སྲེག་པར ་བྱེད།། ཐུགས་ནི་རབ་ཏུ་མི་བཟད་པ།། གསང་བ་ཆོག་གི་ཡེ་ཤེས་ལྡན།། ཤེས་བྱ་ཀུན་ལ་རབ་ཏུ་ཁྱབ།། གང་གིས་གང་ལ་རྟོག་མེད་པ།། སྤྲོས་མེད་གོས་པ་མེད་པ་སྟེ།། སྣང་བ་ཚོན་གང་ཐུགས་མཆོག་ལས།། སྣ ་ཚོགས་སྤྲུལ་པ་སྟོན་པར་བྱེད། ཁམས་གསུམ་འཇིག་རྟེན་ལ་གནས་ཀུན། ཁྱོད་ཀྱི་ཡེ་ཤེས་ཐུགས་རྟོགས་པས།། རབ་ཏུ་ངན་སོང་ཀུན་ལས་གྲོལ།། ཡོན་ཏན་མི་ཟད་འབྱུང་བ་དང་།། སྣ་ཚོགས་སྐྱོན་རྣམས་སེལ་བར ་བྱེད། ཁྱོད་ནི་ནོར་བུ་རིན་པོ་ཆེ།། སྡུག་བསྔལ་ཕུང་པོ་འཇོམས་པར་བྱེད།། ཉོན་མོངས་ཀུན་འཇོམས་ཐོབ་པ་ཡིས།། དོན་དམ་ཡེ་ཤེས་གསལ་བྱེད་པ། གསང་བ་དཔལ་གྱི་སྒྲོན་མ་ཡིན།། ལོག་རྟོག་དྲ་བ་གཅོད་བྱེད ་པ།། ཁྱོད་ནི་ཡེ་ཤེས་རལ་གྲི་སྟེ།། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས།། ཐམས་ཅད་དུ་ནི་རབ་ཏུ་སྟོན།། དབང་ཆེན་ཀུན་ལ་དབང་ཆེ་ཞིང་།། ཟིལ་གྱིས་གནོན་པ་ཟིལ་གནོན་མཆོག། དཔལ་བརྗིད་སྡུག ་བསྔལ་ཐམས་ཅད་འཇོམས།། ཡོན་ཏན་ཀུན་འདུས་ཀུན་དབང་ཆེ།། ཡོན་ཏན་དམ་པ་མངའ་བརྙེས་མཆོག། རྒྱབ་ཏུ་དྲག་པོ་ཀུན་ལས་རྒྱལ།། གསང་མཆོག་དབང་ཆེན་ཁྱོད་ཕྱག་འཚལ།། ཡོན་ཏན་ཀུན་དབང་ཕྱག ་འཚལ་ལོ།། རིན་ཆེན་མངའ་བརྙེས་ཕྱག་འཚལ་བསྟོད།། གསང་བའི་གཏེར་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དོ།། ཐམས་ཅད་ཀྱི་ཐམས་ཅད་དུ་མཉེས་པར་འགྱུར་རོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་གླིང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་གིས། རང་བཞིན་མེད་པ་ཞེས་བྱ་བའི་ཚུལ་རྡོ ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ།། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས།། ཆོས་ཐམས་ཅད་གསང་བ་ཆེན་པོ་རང་བཞིན་མེད ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དེའི་ངང་དུ་སངས་རྒྱས་པར་མཐོང་ངོ་།། དེ་ནས་ཁྲོ་བོ་ཐམས་ཅད་ཀྱི་ཁྲོ་བོ་རྟ་མགྲིན་ཞེས་བྱ་བ་དེས། རབ་ཏུ་གསང་བའི་དགྱེས་པ་ཆེན་པོའི་གླུ་འདིས་བསྐུལ་ལོ།། ཨེ་མ་ཧོ ་བཅོམ་ལྡན་གསང་བའི་བདག། གཉིས་མེད་ཡུམ་བཅས་བདེ་ཆེན་ལས།། གདུག་པ་དབང་དུ་བསྡུ་བའི་ཕྱིར།། སྟོང་པའི་ངང་ལས་དྲག་པོར་བཞེད།། འཇིགས་རྟེན་ཐམས་ཅད་གདུག་པར་འགྱུར།། སྟོང་པའི་ངང་ལས ་ཙ་སྟེ་བཞུགས།། གང་ཕྱིར་བདག་ཉིད་ཀུན་དབང་སྡུད། ཁྱོད་མཐོང་བས་ནི་འཇིགས་པའི་ཕྱིར།། སྟོང་པའི་ངང་ལ་ཅི་སྟེ་བཞུགས།། ཨ་ལ་ལ་ཧོ་གསང་མཆོག་སྐུར་བཞེངས་ཤིག། ཅེས་གསུངས་མ་ཐག་ཏུ།། ཤིན་ཏུ ་དྲག་པོའི་སྐུའི་རྣམ་པར་གྱུར་ཏེ། འདི་ལྟར་སྐུ་སྤྱན་གཉིས་ཀྱི་ཚོགས་ལས་ལྕག་ཀྱི་སྦྲང་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་བྱུང་ངོ་།། སྐུ་སྙེན་གཉིས་དང་། སྐྲ་ཤངས་གཉིས་དང་། སྐུ་ལྗགས་གཉིས ་དང་། སྐུ་དཔུང་མགོ་གཉིས་དང་། སྐུ་བརླ་གཉིས་དང་། སྐུ་བྱིན་པ་གཉིས་དང་། ཕྱག་དང་ཞབས་ཀྱི་སོར་མོ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ། ཧ་ན་ཧ་ན། པ་ཙ་ཤིག་པ་ཙ་ཤིག། དུ་བུ་དུཾ ་བུ། མཱ་ར་ཡ། མ་ར་ཡ། ནཱ་ཤ་ཡ། ན་ཤ་ཡ། ཁ་ཊཱང་ཀ་ཡ། ཁ་ཊཱང་ཀ་ཡ། ཛཿཛཿདུཾ་བུ་ཤྭ་ན་ལ་སོགས་པའི། སྔགས་འདི་རྗེས་སུ་དྲན་པ་ཡི།། སྟོང་གསུམ་འཇིག་རྟེན་ཀུན་རྒྱས་པའི།། ཁྱི་མོ་ཀུན་ནི་རབ་ཏུ་ཁྲོས།། ལྷ ་ཆེན་པོ་དང་དྲག་ཤུལ་ཅན།། གངས་རི་བུ་མོ་ལ་སོགས་པ།། རབ་ཏུ་སྲེག་ཅིང་རྒྱལ་བར་འགྱུར།། གནོད་པར་བྱེད་པའི་ཡི་དགས་དང་།། དེ་བཞིན་བདུད་དང་སྲིན་པོ་དང་།། གངས་རི་བུ་མོ་ལ་སོགས་པ།། དུམ ་བུར་སོང་བའི་ཕྱེ་མ་ལ།། ཤིང་ཤུན་དག་ལ་མིང་རུས་བྲིས།། ལྕང་ཤེས་ལག་པ་གཡས་པས་བརྡུང་།། བདག་ཉིད་ཁྲོ་བོ་ཆེན་པོའི་སྐུ།། དུང་གི་ཁྱི་མོ་རབ་ཏུ་སྤྲོས།། ཡི་དགས་ལ་སོགས་ཟིལ་གྱི་མནན། ཤ་ལ་ཟ ་ཞིང་ཁྲག་ལ་རོལ།། རུས་པ་ཐམས་ཅད་དུམ་བུར་བསམ།། གང་ཞིག་འབྱུང་པོར་གྱུར་པ་དེ།། གཟུགས་ནི་དུམ་བུར་གྱུར་པ་ནི།། དུག་དང་སེང་ལྡེང་མེ་སྦར་ཏེ།། རབ་ཏུ་ཚ་བའི་རྫས་བཅས་སྲེག། ཡང་ན་དུང་འདྲ་ཁྱི ་མོ་ལ།། ཏོར་མ་ཆེ་བའི་ནང་དུ་བཏབ།། དེ་ནི་ར་ཙ་དྲི་བོ་ཡིས།། ཤ་ཁྲག་རུས་པ་དང་བཅས་པའི།། བྱིན་ན་ལས་དེ་འགྲུབ་པར་འགྱུར།། གང་ཞིག་དུར་ཁྲོད་མ་མོ་ཡིས།། ཁྱི་མོ་དང་ནི་མ་མོར་ཁྲུགས།། གཉིས་ཀར ་ལས་རྣམས་བྱེད་པར་བསམ།། གང་ཡང་འབྱུང་པ་འཆི་བདག་གི། གནས་སུ་ཕྱིན་ཏེ་སྲེག་གྱུར་ན།། དེ་ནི་མྱུར་དུ་གསོད་པ་དང་།། གནོན་པའི་ལས་རྣམས་འགྲུབ་པར་འགྱུར།། ཡང་ན་གསང་བའི་གཞལ་ཡས ་སུ།། དམིགས་པར་གྱུར་པ་བཀུག་ནས་སུ།། བྱང་ཆུབ་སེམས་ཀྱི་ཁྱི་མོ་ཡིས།། གསད་པར་བྱས་ན་འགྲུབ་པར་འགྱུར།། ལག་པ་དག་ཏུ་གར་བྱས་ཏེ།། རྐང་པ་དག་གིས་རབ་ཏུ་མཆོད་།། གང་གིས ་མཁའ་ལ་བྱ་བ་དག། དུང་གི་ཁྱི་མོ་ཟུག་སྐད་ཀྱིས།། གླུ་དང་དྲོ་ནི་བརྡུངས་བྱས་ན།། གང་ཡིན་མྱུར་དུ་འཇིགས་པར་འགྱུར།། ཚངས་པ་དང་ནི་དབང་ཆེན་དང་།། དྲག་པོ་ཆེན་པོ་ལ་སོགས་པ།། འདི་དག་རབ་ཏུ ་བསྲེགས་པ་དང་།། བརྒྱལ་ཞིང་རབ་ཏུ་སྤངས་པར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་བ་ལས། རྡོ་རྗེ་གསང་བ་ཁྱི་མོ་བཀོལ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན ་འདས་པད་མ་གར་གྱི་དབང་ཕྱུག་གི། རྟག་ཏུ་ཡོངས་སུ་འདུལ་བ་ཞེས་བྱ་བའི་ཏིང་ངེའི་འཛིན་ལ་སྙོམས་པར་བཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་ཡི་སྤྱི་བོའི་གཙུག་ནས་ཀྱང་ཟངས་ཀྱི ་འཕར་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། དེ་བཞིན་དུ་སྐུ་དཔྲལ་བའི་དབྱེས་དང་། སྐུ་སྤྱན་གཉིས་དང་། སྐུ་སྙན་གཉིས་དང་། སྐུ་ཤངས་ཁུངས་གཉིས་དང་། སྐུ་ལྗགས་ཀྱི་རྩེ་མོ་དང་། སྐུ་དཔུང ་མགོ་གཉིས་དང་། སྐུ་ཕྱག་གི་སོར་མོ་དང་། སྐུའི་ཐུགས་ཀ་དང་། སྐུའི་ལྟེ་བ་དང་། སྐུའི་གསུང་བ་དང་། སྐུ་སྤྱི་མིག་གཉིས་ལས་ཀྱང་ཟངས་ཀྱི་འཕར་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། ཟངས་ཀྱི་འཕར་བ་དག ་ཀྱང་རལ་གྲི་དང་། སྤུ་གྲི་དང་། ལྕགས་ཀྱི་མདའ་བོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས་པ། སྐུའི་བུག་པ་ཐམས་ཅད་ལས་ཀྱང་། འོད་དང་། ཐོག་དང་། ཚ་ཚ་ལ་སོགས་པ་རབ་ཏུ་འཁྲུག་པར་བྱེད་པ། རབ་ཏུ་ཚ ་བའི་ཆར་རབ་ཏུ་འབེབས་པ། ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་རབ་ཏུ་སྲེག་ཅིང་བརྒྱལ་བར་བྱེད་པ། སྨྲས་པར་བཛྲ་ཞེས་བརྗོད་པས། འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི ་གང་བུ་བཞིན་དུ་གང་ནས་བཞུགས་སོ།། གསང་སྔགས་འདི་ནི་དྲན་ཙམ་གྱིས། སྟོང་གསུམ་འཇིག་རྟེན་ཀུན་རྒྱས་པའི།། འབར་བའི་ཚོགས་ནི་རབ་ཏུ་ཁྲོས།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་ནམ ་མཁའ་ལྡིང་།། སྲིན་པོ་ཡི་དགས་ཀུན་ཀྱང་འདར།། གང་ཞིག་དང་ལ་མི་གནས་པའི།། མ་མོ་དང་ནི་སྲིན་པོ་དང་། དེ་བཞིན་བར་ཆོད་སྦྱོར་བ་ཅན།། རབ་ཏུ་གསོད་པའི་ཆོ་ག་ནི།། ཐུར་དུ་སོང་བའི་བསྟོད་པ་ལ།། ཞིང ་ལྤགས་དག་ལ་མིང་རུས་བྲི།། ཡང་ན་ར་ཡི་གཡང་གཞི་ལ།། དུག་དང་སོལ་ཆེན་ཁྲག་གིས་བྲི།། གཤེད་ཀྱི་ཐོད་པས་བརྡུང་བར་བྱ།། དྲག་པོ་དབང་གི་སྐུ་དག་གིས།། ཟངས་ཀྱི་འཕར་མ་རབ་ཏུ་སྤྲོ།། ཡི་དགས་ལ ་སོགས་ཟིལ་གྱིས་མནན།། ཤ་ལ་ཟ་ཞིང་ཁྲག་ལ་འཐུང་།། རུས་པ་དང་ནི་ཆུ་སིར་ཀུན།། ཟ་ཐོག་དུམ་བུར་སོང་བ་ལ།། བལྟ་ཞིང་རང་གི་སྐྲ་ཡང་སྒྲོགས།། དེས་ནི་ངེས་པར་དབང་དུ་བསྡུ།། སྦར་ཏེ་མེ་ལ་བསྲེག་པར ་བྱེད། ཡང་ན་ར་ཡི་ཤ་ཁྲག་བཅས།། འཕར་བ་ལ་ནི་བྱིན་ནས་ནི།། གང་ཞིག་འཆི་བར་གྱུར་པ་ཡིན།། གང་ཞིག་བྲག་དམར་ཆོས་བཟངས་འདྲ།། དེར་ནི་ཁྱི་མོ་མ་མོ་འཁྲུགས།། གཉིས་ཀས་ལས་ནི ་བྱེད་པར་བསམ།། དེར་ནི་བསྲེག་པར་བྱེད་པས་ཀྱང་།། འཆི་བར་གྱུར་པར་གདོན་མི་ཟ།། ཡང་ན་གསང་བའི་གཞལ་ཡས་སུ།། དམིགས་པ་གང་ཡིན་དགུག་བྱས་ཏེ།། བྱང་ཆུབ་དཀར་དམར་འཕར་བ ་ཡིས།། བསད་བར་བྱས་ན་འགྲུབ་པར་འགྱུར།། ལག་པ་དྲག་ཏུ་གར་བྱས་ཏེ།། རྐང་པ་དག་ནི་རབ་ཏུ་མཆོང་།། གང་ནི་ཡང་དག་བློ་ལྡན་པས།། ཟངས་ཀྱི་འཕར་མའི་སྒྲ་སྐད་དང་།། ལྡན་པས་གླུ་བྲོ་བརྡུངས་བྱས ་ན།། གང་ཡིན་མྱུར་དུ་འཇིགས་པར་འགྱུར།། ཚངས་པ་ལྷ་དབང་དྲག་ཤུལ་ཅན།། གང་ཞིག་བདུད་དང་སྲིན་པོ་རྣམས།། གསང་བ་འདི་ནི་ཐོས་པས་བསྲེག། སྦྱོར་བའི་ལས་བྱས་སྨོས་ཅི་དགོས།། ཞེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྡོ་རྗེ་ཟངས་ཀྱི་འཕར་བ་ལས་ལ་བཏང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྲིན་མོ་འཇོམས་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་སྤྱི་བོའི་གཙུག་ནས་བསེའི་བྱ་ནག་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བྱེ་བ་དྲུག་ཅུ་དྲུག་ཅུ་བྱུང ་ངོ་།། སྐུའི་མཛོད་པུ་དང་།། སྐུའི་སྤྱན་གཉིས་དང་། ཞབས་གཉིས་ཀྱི་སོར་མོའི་བར་བར་ནས་ཀྱང་བསེའི་བྱ་ནག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། དེ་དག་ཀྱང་རབ་ཏུ་འབར། དམར་སྨུག་ཏུ་འབར། འོད་ལས ་ཁྲག་གི་ཆར་པ་འབབས་པ། གཤོག་པ་རབ་ཏུ་འབར་བའི་རྡོ་རྗེ་ལས་བྱས་པ། ཡང་ན་མཇུག་མ་རལ་གྲི་དང་ཆུ་གྲི་འབར་བར་བྱས་པ། གནམ་ལྕགས་ཞུན་མའི་མཆུ་སྡེར་བལྟམས་པ། གསེར་རབ་ཏུ་འབར་བའི་མིག ་དང་ལྡན་པ། འོད་ལས་ཆར་པ་རྒྱུན་མི་ཆད་པ་ལས། རབ་ཏུ་དྲག་པོའི་བྱལ་ནག་དང་། རབ་ཏུ་དྲག་པོའི་ནམ་མཁའ་ལྡིང་གི་ཚོགས་དང་། རབ་ཏུ་དྲག་པོའི་མཆེ་བ་ཅན་གྱི་ཚོགས་དང་། རབ་ཏུ་དྲག་པོའི་སྦྲུལ་གདུག ་པ་ལ་སོགས་པ་ཤིན་ཏུ་འཇིགས་པའི་ཚུལ་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བའི་དྲག་ཤུལ་དང་ལྡན་པ་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་ཡོངས་སུ་གང་བས། ཆེ་བའི་ཆེ་བ་དབང ་ཕྱུག་ཆེན་པོ་དང་། བདག་པོའི་བདག་པོ་ཚངས་པ་དང་། སྲིན་པོ་རབ་ཏུ་གསོད་ཅིང་གདུག་པ་ཐམས་ཅད་བརྒྱལ།། རབ་ཏུ་བརྒྱ་ལ། ཀུན་ཏུ་རབ་ཏུ་བརྒྱ་ལ། རབ་ཏུ་སྤངས་པ་ལ་སོགས་པར་གྱུར་ཏོ།། ཨོཾ་ཨ་ལ་ལ་ཧོ།། ་རཀྵ་ཁ་ཧི། མུ་ཏྲི་ཏྲི། མུ་ཏྲི་ཏྲི། དུང་རག་ཤ། ཡཾ་ཡཾ་རག་ཏྲི་རུ་དྲ་ཧཱཾ། སྔགས་དེའི་རྗེས་སུ་དྲན་པ་ཡིས།། འཇིག་རྟེན་པ་ཡི་ཚོགས་རྣམ་འདར།། རཀྵ་ཁ་ཧི་དགྲ་སྒྲོགས་ཤིང་།། གང་ཞིག་སྲིན་པོ་སྲིན་མོ་དང་། སྲིན་ཕྲུག ་ཚོགས་རྣམས་རབ་ཏུ་འདར།། སྲིན་པོ་དམ་ལ་མི་གནས་པའི།། མིང་རུས་ར་ཡི་ཤུན་པ་ལ།། བྲིས་ཏེ་ལྷོ་ཕྱོགས་ཁང་བུར་གཞུག། ཟུར་དུ་སོང་བའི་དགུ་པ་ལ།། གང་ཞིག་གཤེད་ཀྱི་ཟོ་བ་འམ། ཡང་ན ་གཤེད་ཀྱི་པགས་པ་ལ།། བྱ་ནག་འཁོར་ལོ་བྲི་བར་བྱ།། བཟང་པོ་ལས་ནི་བྱིས་གྱུར་ན།། བརྡབས་པས་སྲིན་པོ་རླག་པར་འགྱུར།། གང་ལ་བྱུང་བའི་འོད་ཟེར་གྱིས།། ཕོ་ཉ་བྱ་ནག་དགུག་པར་བྱ།། འཁྲུགས་ཏེ་ཀུན ་གྱིས་བརྡེག་པར་བྱ།། བསེའི་བྱལ་ནག་དེ་དག་ཀྱང་།། ཤ་ལ་ཟ་ཞིང་ཁྲག་ལ་འཐུང་།། རུས་པའི་ཚོགས་རྣས་དུམ་བུར་བྱེད།། ཡང་ན་ལོང་པ་ཕུག་བརྡུགས་སུ།། དེ་ནི་རབ་ཏུ་ཚ་བའི་ས།། ཤིང་ལ་མེ་སྦར་སྲེག་པར ་བྱེད།། ཕྱེ་ནས་རལ་གྲི་སྤུ་གྲིས་བརྡེག། ར་ཡི་ཁྲག་ཀྱང་རབ་ཏུ་བླུགས།། ཡང་ན་རྒྱ་མཚོ་ཆེན་པོའི་འགྲམ། རབ་ཏུ་དྲག་པོའི་ས་གཞི་རུ།། དུར་ཁྲོད་ཐོད་པ་དག་དང་བཅས། ཁ་བུབ་བམ་ནི་སྤྱི་གཙུག་མནན། ཡང་ན ་གསང་བའི་གཞལ་ཡས་སུ།། དམིགས་པ་གང་ཡིན་དགུག་པར་བྱ།། དཀར་དམར་ཕོ་ཉའི་ཚོགས་བཅས་ཀྱིས།། སོད་པར་བྱས་ན་འགྲུབ་པར་འགྱུར།། ལག་པ་དྲག་ཏུ་གར་བྱས་ཏེ།། རྐང་པ་དག་ནི་རབ་ཏུ ་མཆོད་།། ཁྲག་གི་བྱལ་ནག་སྦྱོར་བ་ཡིས།། བྲོ་བརྡུངས་པས་ནི་རབ་ཏུ་འགྲུབ།། སྲིན་པོ་ལང་ཀ་མགྲིན་བཅུ་དང་།། དེ་བཞིན་སྲིན་པོ་སྲིན་མོའི་ཚོགས།། གསང་བ་འདི་ནི་བྱས་ཙམ་གྱིས།། ཐལ་བར་འགྱུར་བ་གདོན ་མི་ཟ།། སྦྱོར་བའི་ལས་ཀྱིས་སྨོས་ཅི་དགོས།། སྣང་མཛད་དང་ནི་དྲི་ཡི་ཆུ།། བཟའ་དང་བཏུང་བའི་སྦྱོར་བ་ཡིས།། གང་ཞིག་མ་ལུས་མངགས་བྱས་ན།། ཐོགས་པ་མེད་པར་འགྲུབ་པར་འགྱུར།། ཅེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་རྟ་མཆོག་རོལ་བ་ལས། རྡོ་རྗེ་བསེའི་བྱལ་ནག་ལས་ལ་བཏང་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། རྡོ་རྗེ་གསོད་བྱེད་མེ་དཔུང་འབར ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཟག་ཏུ། སྐུ་སྤྱི་བོའི་རྒྱབ་ཀྱི་ཕྱོགས་ནས་ཀྱང་བསེའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། སྐུ་སྤྱི་བོའི ་གཙུག་ནས་ཀྱང་སྲིན་མོ་མེའི་བུ་མོ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། སྐུ་སྤྱན་མགོ་གཉིས་དང་། སྤྱན་གཉིས་དང་། དཔུང་མགོ་ནས་ཞབས་ཀྱི་བར་ཡན་ཆད་ནས་ཀྱང་འོད་ཟེར་གྱི་རྩེ་མོ་ལས། སྲིན་མོ་བསེའི་བུ ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། མེའི་སྲིན་དེ་དག་ཀྱང་གསེར་གྱི་རལ་པ་འབར་བ་དང་བཅས་པ། མེའི་དཀྱིལ་འཁོར་དང་ལྡན་པ་དཔག་ཏུ་མེད་པ་དང་བཅས་པ། སྤྱན་ལས་མེའི་ཐིག་ལེ ་དཔག་ཏུ་མེད་པ་དང་བཅས་པ། གང་གི་སྙན་ལས་མེའི་ཁོར་ལོ་རབ་ཏུ་འཕྲོ་བ། ཤངས་ནས་མེའི་འཚུབས་མ་འཐོར་བས་འཇིག་རྟེན་གྱི་ཁམས་རབ་ཏུ་སྲེག་པ། ལྗགས་ལས་མེའི་བུ་ཡུག་གི་ཚོགས་གཏོང་བ། སྐྲ་ལས ་མེའི་སྤུ་གྲི་འབར་ཞིང་རབ་ཏུ་འབར་བ་དང་བཅས་པ། མེའི་རལ་གྲི་དང་། མེའི་སྤུ་གྲི་དང་། མེའི་ལྕགས་མདའ་དང་། མེའི་མདའ་བོ་ཆེ་དང་། སྟེའུ་དང་། སྐར་མདའ་ལ་སོགས་པའི་ཆར་རབ་ཏུ ་འབེབས་པ་རབ་ཏུ་དྲག་པོའི་ཐོག་དང་འབྲུག་ལ་སོགས་པ་དང་ལྡན་པ། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་ནས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ས་གཞི་ཐམས་ཅད་ལྕགས་ཀྱི ་རབ་ཏུ་འབར་བར་བྱིན་གྱིས་བརླབས་སོ།། རྦད་སུ། རྦད་སུ། ཁ་འདར། ཛ་ལ་ཛ་ལ། ད་ཧ་ད་ཧ། པ་ཙ་པ་ཙ། རུ་དྲ་རུ་དྲ། དུཾ་བུ་དུཾ་བུ། ཤག་ཤག། གསང་སྔགས་འདི་ནི་དྲན་ཙམ་གྱིས།། ལྷ་དང་ཀླུ་དང་གནོད་སྦྱིན ་དང་།། དྲག་པོ་ས་བདག་ཐམས་ཅད་འདར།། བར་དུ་གཅོད་པའི་བགེགས་ཆེན་ཀུན།། གང་ཞིག་རོ་ཤུན་དག་ལ་བྲི།། ཞིང་ལྤགས་དག་ཏུ་གཏུམ་བྱས་ཏེ།། རབས་ཆད་ཐོད་པས་སྟེང་ནས་བརྡུང་།། མེ་ཡི་བུ་མོའི ་ཚོགས་བཅས་ཀྱིས།། གང་ཞིག་ལ་ནི་བརྫེག་པར་བསམ།། ཡང་ན་ཤར་ལོའི་ཁུ་རུ།། ཞིན་ཏུ་རྒྱས་པའི་ཟླ་བ་ལ།། ཙན་དན་ཤིང་ལ་མེ་སྦར་ཏེ།། རབ་ཏུ་དྲག་པོའི་སྟོབས་ཀྱིས་སྲེག། བ་ལང་ཁྲག་ཀྱང་རླུགས་པར ་བྱ།། ཡང་ན་མེ་ཡི་འཁོར་ལོ་བྲི།། གང་ཞིག་ཤིན་ཏུ་དྲག་པོ་ཡི།། གཟུགས་ནི་དེ་ཡི་དབུས་སུ་བཞུགས།། མེ་འབར་བ་ལ་བསྲེག་པར་བྱ། ཡང་ན་བདུད་ཀྱི་རི་དག་ལ།། གང་ཡིན་ཁ་སྦུབས་དག་ཏུ་མནན།། སོགས ་པའི་བར་དུ་ཕུར་ནག་གདབ།། སྟེང་དུ་ཐོད་པ་ནག་པོས་བརྡུངས།། གཡམ་པ་ནག་པོས་ཁ་ཡང་གཅད།། ཡང་ན་གསང་བའི་གཞལ་ཡས་སུ།། དམིགས་པ་གང་ཡིན་དགུག་པར་བྱ།། དཀར་དམར་མེ་ཡི་བུ ་མོ་ཡིས།། གསད་པར་བྱས་ན་འགྲུབ་པར་འགྱུར།། ལག་པ་དྲག་ཏུ་གར་བྱས་ཏེ།། རྐང་པ་དག་ཏུ་རབ་ཏུ་མཆོད་།། མེ་ཡི་བུ་མོ་གླུ་དང་བྲོ།། གདུག་པ་ཐམས་ཅད་རབ་ཏུ་འདུལ།། བི་ན་ཡ་ཀ་བགེགས ་ཆེན་དང་།། བགེགས་རྣམས་མ་ལུས་ཐམས་ཅད་དང་། མ་ལུས་པར་ནི་འདུལ་བར་བྱེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྡོ་རྗེ་མེའི་བུ་མོ་བཀོལ་བའི་ལེའུ་སྟེ་དྲུག ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཟག་ཏུ། ་སྐུ་སྤྱི་བོའི་གཙུག་ནས་ཀྱང་རབ་ཏུ་འབར་བའི་སྲིན་མོ་དང་། སྲིན་མོ་མཆེ་བ་ཅན་གྱི་ཚོགས་དང་། གནོད་སྦྱིན་རལ་པ་ཅན་གྱི་ཚོགས་དང་། བསེའི་རལ་པ་ཅན་གྱི་ཚོགས་དང་། དུང་གི་ལྕང་ལོ་ཅན་གྱི་ཚོགས་དང་། ་ཉི་ཟླའི་མེ་འབར་བའི་ཚོགས་དང་། གཤོག་པ་རལ་གྲི་ཅན་གྱི་ཚོགས་དང་། གཡུའི་སྡེར་མོ་ཅན་གྱི་ཚོགས་དང་། ཀྲོ་དྷ་མ་འཇའ་སྡེར་མོ་ནི་ལག་པ་ཅན་གྱི་ཚོགས་དང་། ཉི་མའི་མིག་ཅན་གྱི་ཚོགས་དང་། ཤེལ་གྱི ་གདོང་པ་ཅན་གྱི་ཚོགས་དང་། ཁྲག་གི་ལྕགས་ཀྱུ་ཅན་གྱི་ཚོགས་དང་། དུང་གི་མིག་ཅན་གྱི་ཚོགས་དང་། གློག་གི་མིག་ཅན་དང་། རབ་ཏུ་དྲག་པོའི་མེ་འབར་བ་ཅན་དང་། རབ་ཏུ་དྲག་པོའི་རླུང ་ལྷའི་ཐོད་པ་ཅན་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་བྱེ་བ་དཔག་ཏུ་མེད་པ་བྱུང་ངོ་།། གཞན་ཡང་སྐུ་སྤྱན་གཉིས་དང་། སྙན་དང་། ཤངས་དང་། ལྗགས་ཀྱི་རྩེ་མོ་དང་། ཞབས་ཀྱི་སོར་མོའི་བར་ནས་ཀྱང ་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་དག་ཀྱང་། གཞལ་དུ་མེད་པ་དང་བགྲང་བ་ལས་འདས་པ་བྱུང་ངོ་།། སྤྲུལ་པ་དེ་དག་ལ་ཡང་འོད་རབ་འབར་བ་དང་། ཚ་ཚ་འཁྲུགས་པའི་ལས། ལས་ཀྱི་མ་མོ་དང་། ལས་ཀྱི་སྲིན ་མོ་དང་། ལས་ཀྱི་ཁྲོ་མོ་དང་། ལས་ཀྱི་ལྷ་མོ་དང་། ལས་ཀྱི་ཕུར་བུ་དང་། ལས་ཀྱི་ཐོབ་དང་། ལས་ཀྱི་ཏྲི་ཤུ་དང་།། ལྕགས་མདའ་ལ་སོགས་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པ་འཐོན་པར་གྱུར་ཏོ།། དེའི་ཚེ ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཤ་དང་། ཁྲག་དང་། རུས་པ་དང་། རྒྱ་མཚོ་དང་། ས་གཞི་དང་། རི་རབ་ཏུ་བྱིན་གྱིས་བརླབས་སོ།། ཕོ་ཉ་དེ་དག་ཀྱང་ཡིད་རབ་ཏུ་དགའ་བར་གྱུར ་ཏོ།། འབྲུང་རུ་འབྲུང་རུ། རུ་དྲ་རུ་དྲ། དུཾ་བུ་དུཾ་བུ། ཤིག་ཤིག། ཐལ་བ། ཟལ་བ། ཕྱེ་མ་ཕྱེ་མ། རྡུལ་ཕྲན། རྡུལ་ཕྲན། ཉི་ལེ་ལ་ཡ། སི་ལེ་པ་རུ་དྲ་ཡ། པྲ་མ་མུར་ཏི་ཡ། ཤུ་ཏྲ་མུ་ཏྲ། དུཾ་ཐུན་ཞུར་ཐུན། ག་ཏ་ཡ། ཙ་ལེ་ཙ ་ལེ་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གཟའ་ཆེན་ཉི་མ་ཟླ་བ་དང་། པ་ཝ་པ་སངས་ལ་སོགས་པའི།། རླུང་ལྷའི་ཚོགས་རྣམས་མ་ལུས་ཀུན།། མྱུར་དུ་དགུག་དང་བསད་པ་དང་། རེངས་པ་དག་ནི་རྨོངས ་པ་དང་།། དེ་བཞིན་གསོད་དང་བསྲུང་བའང་འགྲུབ།། གཟའ་དང་རླུང་ལྷ་གནོད་བྱེད་པ།། ཞིང་ལྤགས་ཤིག་ཤུན་དག་ལ་བྲི། ཡང་ན་ནུབ་བྱང་ཁང་བུ་རུ།། གྱེན་དུ་མཐོ་བའི་ཕྱེད་པ་ལས།། འདྲེ་ཚེར་མེ་ཡི་མེ་སྦར་ཏེ།། ་དྲི་བོའི་ཤ་ཁྲག་དག་ཀྱང་བླུགས།། ཡང་ན་བདུད་ཀྱི་རི་དག་ལ།། ཁུང་བུ་གྲུ་གསུམ་བྲུས་ནས་ནི།། རྒྱ་སོལ་ནག་པོ་ཆག་ཆག་གདབ།། ཐོད་པ་རྫས་དང་བཅས་པ་གཞུག། དུག་བཅས་ལྕགས་ཀྱི་ཕུར་བུས་བཏབ།། ཁ ་ནི་གཡམ་པ་ནག་པོས་གཅད།། རྐང་པས་མནན་ཅིང་གསང་སྔགས་བཟླས།། ཡང་ན་གསང་བའི་གཞལ་ཡས་སུ།། དམིགས་པ་གང་ཡིན་དགུག་པར་བྱ།། དཀར་དམར་ཐོ་ལུམ་ཕོ་ཉ་ཡིས།། བསད་པར་བྱས་ན ་འགྲུབ་པར་འགྱུར།། ལག་པ་དྲག་ཏུ་གར་བྱས་ཏེ། རྐང་པ་དག་གི་རབ་ཏུ་མཆོང་།། ཐུ་ལུམ་འབར་བའི་ལྟ་སྟངས་ཀྱིས།། རླུང་ལྷ་ཕོ་མོ་གཟའ་དང་བཅས།། ངབ་ཏུ་སྲེག་ཅིང་བརྒྱལ་བར་འགྱུར།། ཡང་ན་སྐྲ་ནི་སྤྱི་བོར ་བཅིངས།། སྣང་མཛད་ཀྱི་ནི་ལུས་ལ་བྱུགས། ཁར་ནི་ཟས་དང་ཀོམ་ཆེ་ཟ། ལས་ལ་འགྱེད་པའི་གཟི་ལྡན་སྦྱོར།། འདིར་ནི་དེ་དག་དབང་དུ་འགྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རྟ་མཆོག་རོལ་པ་ལས། ཐུ ་ལུམ་རྡོ་རྗེའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ནམ་མཁའི་དབྱིངས་ཐམས་ཅད་རབ་ཏུ་དྲག་མོ་མིང་དྲུག་མའི་བུ་མོས་གང་སྟེ།། འདི་ལྟ་སྟེ། སྦྲང་མོའི་འགྲོས་ཅན་དང་། ཉི་མའི་སྒྲ་ཅན་དང་། ཟླ་བའི་གདོང་ལྡན་པ། སྐར་མ་པ་ཝ ་སངས་ཀྱི་མིག་དང་ལྡན་པ། རབ་ཏུ་དྲག་པོའི་སྐུ་ལས་ལྕགས་ཀྱི་མདའ་དང་སྤུ་གྲི་ལ་སོགས་པའི་ཐོག་འབབ་པ། ལུས་རལ་གྲི་དང་། ལྕགས་མདའ་དང་། མདའ་བོ་ཆེ་དང་། སྦྲུལ་ནག་པོ་དང་། ལྕགས་སྦྲང ་མཆུ་རིངས་དང་། འབྲུག་དང་། ཐོག་དང་། ཚ་ཚ་འཁྲུགས་པ་ནི་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་ནམ་མཁའི་ཕྱོགས་སུ་སྤྲིན་ནག་པོ་རབ་ཏུ་འབར་བ། རབ་ཏུ་ངེས་པར་གནོན་པ། རབ་ཏུ་འཇོམས་པ། རབ ་ཏུ་སྒྲིབས་པ། རབ་ཏུ་ཟིལ་ཆེ་བ་འདི་ལྟ་སྟེ། སྟེང་གི་ཕྱོགས་ཐམས་ཅད་ཀུན་ཏུ་གང་ནས་བཞུགས་སོ།། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་དག་ཀྱང་། ཕྱག་རྒྱ་ཆེན་པོ་རབ་ཏུ་འབར་བའི་དཀྱིལ་འཁོར་དུ་བྱིན་གྱིས ་བརླབས་སོ།། ནཱ་ག་ཞུ་ཐུན། མ་མ་ནི་ཞུང་ཐུན།། གརྫ་གརྫ། ཕུར་བུ་ཕུར་བུ། མུ་ལེ་མུ་ལེ། དྲག་ཏུ་ཆོམས་ཡ་སྔགས་ནི་རྗེས་སུ་དྲན་པ་ཡིས།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། ནམ་མཁའ་ལྡིང་གི་བུ་མོ ་འདར།། ནམ་མཁའ་ལྡིང་གི་བུ་མོ་ལས།། སོགས་པ་གང་ལ་གནོད་གྱུར་པ།། ཤོག་ཤོག་དག་ལ་མིང་རུས་བྲི།། སྤ་རིའི་མགུལ་ནས་ས་བླངས་ནས།། དཀར་པོའི་རྡོ་རྗེ་རབ་ཏུ་སྲེག། གང་གི་ལུང་བོང་གཅིན་གྱིས ་བྲུ།། སྤྱི་བོར་ནརི་ནི་བྲི་བར་བྱ།། ལྟེ་བར་ཨོཾ་དང་ཧཱུཾ་བྲིས་ཏེ།། དེ་ནི་ར་ཡི་པགས་པས་གཏུམ།། བོང་ནག་རྡོག་ནག་རྩེམ་པར་བྱ།། ཡང་ན་དེ་ནི་རང་གི་རས།། བག་ཕྱེ་ཁུ་བས་བྱུགས་ཏེ་བྲི།། སྣང་མཛད་སྐམ་པོའི་ཟས ་ཀྱང་ཟ།། དྲི་ཆུ་དྲོན་མོ་སྐོམ་དུ་བཏུང་།། དཔྲལ་བར་དཀར་དམར་ཐིག་ལེས་བརྒྱན།། དྲག་པོའི་ཐོད་པས་སྟེང་ནས་བརྡུང་།། སྤྱང་མོ་འགྲོས་ཅན་ལ་སོགས་པས།། དེ་ནི་རབ་ཏུ་གསོད་པར་བྱེད།། ཡང་ན་ཤར་གྱིས ་ཁོང་བུ་རུ།། གྱེན་དུ་འཕོ་བའི་དགུ་པ་ལ།། བཙན་དུག་གིས་ནི་རབ་ཏུ་མཚན་པ་ཡིས།། ཤིང་ལ་མེ་ནི་སྦར་བྱས་ཏེ།། བསྲེག་ཤིང་ཡུངས་ནག་གཏོར་བྱས་ཏེ།། ཡང་ན་ལྷ་ཡི་དྲག་ཆེན་རྩར།། གྲུ་གསུམ་ཁུང་བུ་བྲུས ་ནས་ནི།། རྒྱ་སོལ་ནག་པོས་ཆག་ཆག་གདབ།། གང་ཡིན་རྟེན་དང་མིང་རུས་གཞུག། གཙན་དུག་ལྕགས་ཀྱི་ཕུར་པ་གདབ།། གཡམ་པ་ནག་པོས་སྟེང་ནས་མནན།། སྟང་སྟབས་བྱ་ཞིང་གསང་སྔགས་བཟླས།། ཡང་ན ་གསང་བའི་གཞལ་ཡས་སུ།། དམིགས་པས་དང་པོར་དགུག་པར་བྱ།། བྱང་ཆུབ་དཀར་དམར་ཕོ་ཉ་ཡིས།། བསད་པ་བྱས་ན་འགྲུབ་པར་འགྱུར།། ལག་པ་དྲག་ཏུ་གར་བྱས་ཏེ།། སྦྲང་མོའི་ངུ་སྐད་དང་བཅས ་པས།། སྦྲང་མོའི་འགྲོས་ཀྱིས་བྲོ་བརྡུངས་ནས།། མཁའ་ལྡིང་བུ་མོ་བསྲེག་པར་འགྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། མ་སྲིན་མོའི་བུ་མོ་བཀོལ་བའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྲིན་མོའི་བུ་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག ་ཏུ། སྤུ་སྤྱི་བོའི་གཙུག་ལ་སོགས་པ་ལས། སྲིན་མོ་དྲག་མོ་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། དེ་དག་ཀྱང་རྒྱུ་སྐར་ཉེར་བརྒྱད་ཀྱི་འཕྲེང་བ་ཐོགས་པ། སྐར་མ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དཔག་ཏུ་མེད ་པའི་འོད་དང་ལྡན་པ། ནམ་མཁའི་ཁམས་ཐམས་ཅད་རབ་ཏུ་གང་སྟེ། འདི་ལྟ་ཏེ། དཔེར་ན་འཇིག་རྟེན་གྱི་ཁམས་སུ་ཉི་མ་དང་། ཟླ་བ་དང་། སྐར་མ་ཐམས་ཅད་མི་སྣང་བ་བཞིན་ནོ།། དུ་རུ་དུ་རུ། རཀྵ་རཀྵ། སི་ཏི ་སི་ཏི། ཛ་ལ་ཛ་ལ། ཤག་ཤག། སྔགས་ནི་རྗེས་སུ་དྲན་པ་ཡིས།། སྲིན་མོ་ནག་མོའི་བུ་མོ་དང་།། འཇིག་རྟེན་སྲིན་ཕྲུག་ཐམས་ཅད་འདར།། སྲིན་མོའི་བུ་མོ་གནོད་བྱེད་མ།། ར་ཡི་ལྕེ་ལ་མིང་རུས་བྲི།། བསྒྲུབ ་ཁང་ཐེམ་པའི་འོག་ཏུ་མནན། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། སྲིན་མོ་ནག་མོའི་བུ་མོ་འདུལ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི ་དབང་ཕྱུག་གིས།། ཐེའུ་རང་ཕོ་མོ་འཇོམས་པར་བྱེད་པ་དྲག་པོ་འཇིགས་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ།། སྐུ་སྤྱི་བོའི་གཙུག་ནས་ཀྱང ་ལྕགས་ཀྱི་བྱ་རོག་ལ་སོགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། སྐུ་སྤྱི་བོ་ནས་ཞབས་ཀྱི་བར་གོང་མ་བཞིན་ནོ།། ལྕགས་ཀྱི་བྱ་རོག་དེ་དག་ཀྱང་མགོ་གསེར་གྱི་ཙཀྲ་འཕྲོ་བ། མིག་ནས་དྲག་པོའི ་སྐར་མདའ་བྱེ་བ་ཁྲ་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། དཔུང་མགོ་ལས་གློག་གི་ཞགས་པ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། གཤོག་པ་ལས་མེ་འོད་འབར་བ་ཞེས་བྱ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ ་དྲུག་ཅུ་འབྱུང་ངོ་།། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་དག་ཀྱང་རབ་ཏུ་དྲག་པོའི་ས་གཞི་འབར་བར་བྱིན་གྱིས་བརླབས་སོ།། ཏྲི་ལིང་ཤང་ཀ་ཐུན། དྲི་ཟ་རག་ཤ་ཐུན་ཐུན། འབུཾ་དྲིལ་འབུཾ་དྲིལ་འབུཾ་དྲིལ། ཤིག་ནི། ་བག་ཁྲི་ཁ་ཡག་ཞང་དྲི་ཁ་དུ་ཏྲི་ཚུམས། ཕྲ་ཏིག་ཙ་ཏ་ཛ་ལ་མ་ར་ཡ་མ་ར་ཡ། སྔགས་འདི་རྗེས་སུ་དྲན་པ་ཡིས།། ཚངས་པ་དང་ནི་ཐེ་རང་དག། རབ་ཏུ་སྲེག་ཅིང་བརྒྱལ་བར་འགྱུར།། འོ་དོད་ཆེན་པོ་འབོད་པར ་འགྱུར།། སྐྱབས་མེད་དྲེད་ཤ་འདོན་པར་འགྱུར།། གང་ཞིག་འདི་ནི་རྟ་ཐོད་ཀྱིས།། སྟེང་ནས་བརྡུང་ཞིང་གསོད་པ་དང་།། བྱ་རོག་སྟབས་ཀྱིས་བྲོ་བརྡུངས་པས།། ཐེའུ་རང་དཔག་མེད་གྲངས་མེད་པ།། མ་ལུས་པ ་ནི་རྡུལ་དུ་རློག། ཡང་ན་ཐལ་ཆེན་ཡང་ན་སྲེག། ད་ནི་ལམ་སྲང་དག་ཏུ་མནན། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་ཟ་ཟླ་བོ་རྟ་མཆོག་རལ་པ་ལས། བྲན་མ་བྱ་རག་མ་མངག་པན་མན་\ུ0f7f་བརྒྱ ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གི།། ཀླུ་སྲིན་འཇོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཟག་ཏུ། སྤུ་སྠི ་བོའི་གཙུག་ནས་ཀྱང་མེ་དཔུང་འབར་བས་མཚན་པའི་སྲིན་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ངོ་།། སྲིན་མོ་དེ་དག་ཀྱང་སྤྱང་མོའི་རྒྱུག་སྟངས་དང་འདྲ་བ། ཆུ་སྲིན་དཔག་ཏུ་མེད་པའི་ཟེ་བ་དང་ལྡན ་པ། ལག་པ་གནམ་ལྕགས་འབར་བ་ལ་བྱས་པ། མདུང་རྩེ་རྐང་པ་དང་ལྡན་པ། བ་སྤུ་ལས་ཁ་ཊྭཱཾ་ཁ་དང་། མདའ་བོ་ཆེ་དང་། རལ་གྲི་ལ་སོགས་པའི་ཆར་འབབ་པ་དང་། འཇིག་རྟེན་གྱི་ཁམས་འདི་དང་། མེ་དཔུང ་འབར་བའི་ཚོགས་སུ་བྱིན་གྱིས་བརླབས་སོ།། དུ་རུ་རྟ་བྱི་ན་ཤ་ཟི་ལི་ཕྲག་ལིང་། ན་ཤ་དུང་རག་ཤ་ཡ། ཨ་ཀར་ཤ་ཡ། བྷི་སྟི་བན་ད། མ་མ་ཡེ་རྨུགས་ལ། སྔགས་འདི་རྗེས་སུ་དྲན་པ་ཡིས།། ཀླུ་མ་གྲིན་ནི་ཐལ་བར ་བྱེད།། ཀླུ་ཡི་རྒྱལ་པོ་རྣམས་ཀྱང་འདར།། གང་ཞིག་ཀླུ་སྲིན་འདུལ་བྱེད་པས།། གླང་བུ་ཕོ་ཡི་ར་ལ་བྲི།། རྟ་ལས་བྱུང་བས་བརྡེག་པར་བྱ།། གང་ཡང་གང་གིས་སྦྱོར་བ་ཡིས།། འདུལ་བ་མ་གཏོགས་ཟབས་གཞན ་མེད།། དེ་ཡིས་མྱུར་དུ་ལས་རྣམས་བྱེད།། ཡང་ན་སེང་གེའི་མཆོད་སྟབས་ཀྱིས།། བྲོ་བརྡུངས་གདུག་པ་རབ་ཏུ་སྲེག། ཡང་ན་ཤར་ལྷོ་འམ་ནུབ་ཕྱོགས་སུ།། གང་གིས་འབྲུབ་ཁུང་གྲུ་གསུམ་བྲུ།། ཀླུ་ཤིང་མེ་ལ་སྲེག ་པར་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཀླུ་སྲིན་འདུལ་བའི་ལེའུ་སྟེ་བཅུ་གཅིག་པོ།། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གདུག ་པ་ཐམས་ཅད་ངེས་པར་འཇོམས་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་སྤྱི་བོའི་གཙུག་ནས་ཀྱང་བསེའི་མ་མོ་དང་། བསེའི་སྲིན ་མོ་དང་། བསེའི་སྦྲང་མོ་ལ་སོགས་པ་ཚད་མེད་གྲངས་མེད་པ་ལས་འདས་པ་བྱུང་ངོ་།། ཞབས་ཀྱི་སོར་མོའི་བར་བར་ནས་ཀྱང་བྱུང་ངོ་།། སྤྲུལ་པ་དེ་དག་ཀྱང་མདོག་ཤིན་ཏུ་དམར་བ། ཁྲག་དང་བསེའི་རལ་པ་ལན་བུ ་དང་ལྡན་པ། སྐུའི་མིག་ལས་ཀྱང་ཉི་མ་དང་ཟླ་བའི་འོད་ཟེར་འཁྲུག་པ། སྨིན་མཚམས་ནས་རབ་ཏུ་དྲག་པོའི་གློག་བྱུང་བས་མུན་པ་ཐམས་ཅད་སེལ་བར་བྱེད་པ། སྐུའི་འོད་ཟེར་ལས་རབ་ཏུ་དྲག་པོའི་འོད་ཟེར་དང ་སྤུ་གྲི་ལ་སོགས་པའི་ཐོག་འབེབས་པ། གང་གིས་ལས་རྣམས་ཉེ་བར་བྱེད་པའི་ཁ་དུར་ཁྲོད་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཚེ་ས་གཞི་དང་ནམ་མཁའི་ཁམས་ཐམས་ཅད་རྡོ་རྗེ་དུང་གི་གཞལ ་ཡས་ཁང་དུ་བྱིན་གྱིས་བརླབས་སོ།། དུཾ་བུ་ཡ་དུཾ་བུ་ཡ། པ་ཙ་རུ་པ་ཙ་རུ། ཀ་ཏུ་ག་ཤ་ཐུམས། ཀ་ཏུ་ག་ཤ་ཟུམས།། དར་ཤ་ཐུམས། ཁ་བྲུཾ། རུ་བྲུཾ། ན་ག་སྟཾ་བྷ་ཡ། རག་ཤ་ཁ་ན་ཡ། ཡཀ་ཤ། བྱི་ན ་ཡ། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་བྲན། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གདུག་པ་ཐམས་ཅད་བརྒྱལ་བར་འགྱུར།། གང་ཡང་གང་གིས་སྦྱོར་བ་ཡི།། གང་གིས་སྦྱོར་བ་ཟློག་པར་བྱེད།། ཅེས་གསུངས་སོ།། རྒྱུད ་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། བསེའི་ཕོ་ཉའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་སྲེག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་སྤྱི་བོའི་གཙུག་ནས་ཀྱང་མེའི་སྲིན་མོ་གློག་གི་འཕྲེང་བ་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། མེའི་སྲིན་མོ ་དེ་དག་ཀྱང་མིག་གི་རྫི་མ་ལས་མེའི་ཚ་ཚ་དཔག་ཏུ་མེད་པ་འཕྲོ་བ། ཕྱག་དང་ཞབས་ཀྱི་སོར་མོ་ལ་སོགས་པ་ལས་ཀྱང་མེའི་ཚ་ཚ་མང་པོ་འཕྲོ་བ། འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་ལྷ་དང་། ཀླུ་དང་། གནོད ་སྤྲིསྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ལ་སོགས་པ་རབ་ཏུ་འཁྲུག་ཅིང་།། ཟིལ་གྱིས་གནོན་པར་བྱེད་པ་དཔག་ཏུ་མེད་པ་བྱུང་ངོ་།། ཧྲི་ཨཱ་ཀར་ཤ་ཡ། ཨཱ་ཀར་ཤ་ཡ། རུ་དྲ་ཚལ་པ་རུ་དྲ་ཚལ་པ། ཀར་མ་ཐུན་ཛ། ཨ་ཀར ་མ་ཐུན་ཛ། ཏྲི་རག་ཏ་ཁ་ཧི་ཁ་ཧི། མ་ར་ཙིཏྟ་ཁ་ཧི། ར་པྲི་ར་སྲི། ཞུང་ཐུན་བྷན་དྷ། ཏིཀྵ་ན་ཤ། ཨ་ཏྲི་མུག་ཏྲི། ཚལ་པ་ཚལ་པ། རག་ཏྲི་མུ་རི་མུ་ཏྲི། ཟལ་པ་ཐལ་པ། ཕྱེ་མ་ཡ། ཕྱེ་མ་ཡ། ས་སྟེན་ས་སྟེན། པ་ཤ་པ ་ཤ། བན་དྷ་བན་དྷ། ད་ཏྲི་ཛ་ཛ། སྔགས་འདི་རྗེས་སུ་དྲན་ཙམ་གྱིས།། འཇིག་རྟེན་མཐུ་ཆེན་ཐམས་ཅད་འདར།། རབ་ཏུ་འཇིགས་ཤིང་དངངས་གྱུར་ཏེ།། ཐམས་ཅད་མ་ལུས་དབང་དུ་འགྱུར།། གང་ལ་མཐུ་ཆེན ་གནོད་གྱུར་པ།། དྲི་བོ་ལ་ལྤགས་ལ་མིང་རུས་བྲི།། རབ་ཏུ་དྲག་པོའི་ཐོད་པར་གཞུག། ཀུན་གྱི་འཁོར་ལོ་ཆེན་པོར་བསྐུལ།། རབ་ཏུ་དྲག་པོའི་སྔགས་བཟླས་ཤིང་། གཟེར་བ་འདི་ཡི་ཆོ་ག་བྱ།། ཡང་ན་སྲིན་མོའི་རོལ ་སྟབས་ཀྱིས།། བྲོ་བརྡུངས་པས་ནི་འཇིགས་པར་འགྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རྟ་མཆོག་རོལ་པ་ལས། མེའི་སྲིན་གློག་འཕྲེང་བཀོལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན ་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་དྲག་པོའི་སྦྱོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ།། སྐུ་སྤྱི་བོའི་གཙུག་ནས་ཀྱང་ནམ ་མཁའི་སྲིན་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། དེ་བཞིན་དུ་ཞབས་ཀྱི་སོར་མོ་ལས་ཀྱང་བྱུང་ངོ་།། ནམ་མཁའི་སྲིན་མོ་དེ་དག་ཀྱང་དབུ་སྤྲིན་གྱི་ཙཀྲ་བརྩེགས་པ་བལྟ་བུ་དཔག་ཏུ་མེད་པའི་སྤྱན ་དང་ལྡན་པ། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་མེའི་ལྕགས་ཀྱུ་དཔག་ཏུ་མེད་པ་འཕྲོ་བ། རལ་གྲི་དང་། མེའི་སྒྲ་གྲི་དང་། མེའི་མདའ་ལ་སོགས་པ་བྱུང་ངོ་།། ཀ་ཏུག་ཤ་བུ་རི་ཙིཏྟ་ཙིཏྟ་རྦད། རག་ཏུ ་རག་ཏ་ཁ་ཧི། འབུ་དྲི་འབུ་དྲི། མ་མོ་མ་མོ་ཛཿཛཿ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། འཇིག་རྟེན་ཐམས་ཅད་རབ་ཏུ་གཡོས།། ལྷ་དང་ལྷ་མིན་ཐམས་ཅད་སྲེག། སློབ་དཔོན་སྐུ་ལ་སྔོ་བ་དང་། རྣལ་འབྱོར་བར་དུ ་གཅོད་པ་དང་། དམ་ལ་མི་གནས་ཆོས་འཁོར་འཇིག། རབ་ཏུ་བསྒྲལ་བར་བྱ་བ་ནི། རྐང་རྗེས་ཁྲག་དང་དྲི་ཆུ་ལ།། གང་འདོད་དམིགས་པའི་གཟུགས་བྱས་ཏེ།། ལྷོ་ཕྱོགས་ཁུང་བུ་ནག་པོར་གཞུག། དྲི་བོའི་ཐོད་པ ་དུག་གིས་མཚན།། དེ་ཡིས་སྟེང་ནས་རྡུངས་པ་དང་།། ཀླུ་ཡོད་ཆུ་མིག་ནང་དུ་མནན།། རྐང་པ་ནམ་མཁའི་བུ་མོ་ཡིས།། སྟབས་དང་ལྡན་པ་བྲོ་བརྡུངས་ན།། དེ་ཡིས་མྱུར་དུ་འགྲུབ་པར་འགྱུར།། ཡང་ན་ལྷོ་ཕྱོགས་རི ་ཡི་རྩར། ཁུང་བུ་བྲུས་ཏེ་དུག་ཤིང་སྦར།། དེ་ཡིས་སྲེག་པར་རབ་ཏུ་འགྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ནམ་མཁའི་སྲིན་མོ་བཀོལ་བའི་ལེའུ་ཏེ་བཅུ་བཞི་པའོ།། །། དེ་ནས་ཡང ་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཟ་བྱེད་འབར་བའི་མེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་སྤྱི་བོའི་གཙུག་ནས་ཀྱང་མེ ་དཔུང་དམར་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་།། དེ་བཞིན་དུ་གཞན་ནས་ཀྱང་བྱུང་ངོ་།། མེ་འབྲུག་དམར་པོ་དེ་དག་ཀྱང་མེ་ལྕེ་སྔོ་དམར་དཔག་ཏུ་མེད་པས་བལྟམས་པས། མེའི་འཕུང་པོ་འབར་བ ་མེའི་བདུད་རབ་ཏུ་འབར་བ་ཐོགས་པ། འདབ་གཤོགས་ལས་མེའི་མཚོན་ཆ་དཔག་ཏུ་མེད་པ་འཕྲོ་བ། ཞལ་ནས་མེའི་སྤུ་གྲི་དཔག་ཏུ་མེད་པ་འཕྲོ་བ། སྙན་ནས་མེའི་ལྕག་ཀྱུ་དཔག་ཏུ་མེད་པ་འཕྲོ་བ། རབ་ཏུ་ཁྲོས ་པའི་སྐུ་ལས་མེའི་བུ་ཡུག་དང་ཚུབ་མ་ཆེན་པོ་རབ་ཏུ་འབར་བ་དཔག་ཏུ་མེད་པ་བྱུང་ངོ་།། ཨོཾ་མ་ཧཱ་པ་ཤ་ཀ་རུག་ཤ། རག་ཤ་ཛ་ལ་མ་ར་ཡ་ཕཊ། སྔགས་འདི་རྗེས་སུ་དྲན་པ་ཡིས།། འཇིག་རྟེན་རབ་ཏུ་མྱུར་དུ ་གཡོས།། སྟོང་གསུམ་ཐམས་ཅད་སྲེག་པར་འགྱུར།། གང་གི་གདུག་པ་འདུལ་བྱེད་པ།། གསད་པའི་ཆོ་ག་དམ་པ་ནི།། ཧ~ཾ་ཁུང་གྲུ་གསུམ་རབ་འབར་བ།། ལྷོ་ནུབ་མཚམས་སུ་བརྐོས་ནས་ཀྱང་།། དེ་ཡི་ནང་ལོགས ་རཀྟས་བྱུག། རྩང་དང་དུག་དང་ཚར་མས་བཀང་།། དུག་དང་སྐྱེ་ཚེ་ལན་ཚྭ་དང་།། ར་ཁྲག་ཁྱི་ཁྲག་ཕག་ཁྲག་དང་།། དགྲ་བོའི་རུས་དང་མིང་དུ་བཅས།། དབང་ཆེན་འབར་བའི་ཧོཾ་དུ་སྲེག། ཞབས་མའི་སྙིང་པོས་སྟེང ་ནས་བརྡུང་།། དེ་ནས་རབ་ཏུ་འཇོམས་པར་བྱེད།། ཡང་ན་ལག་པས་གར་བྱས་ཏེ།། རྐང་པ་རྡོ་རྗེའི་སྟབས་ལྡན་པས།། མེ་འབྲུག་སྐབས་ཀྱི་བྲོ་བརྡུངས་ན།། གདུག་པ་ཐམས་ཅད་བརྒྱལ་བར་འགྱུར།། ཅེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། སྲིན་མོ་མེ་འབྲུག་བཀོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རུ་དྲ་རྣམ་པར ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་སྤྱི་བོའི་གཙུག་ནས་ཀྱང་འཇིགས་པར་བྱེད་པའི་སྲིན་མོ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུ ་བྱུང་ངོ་།། དེ་བཞིན་དུ་གཞན་ནས་ཀྱང་བྱུང་ངོ་།། འཇིགས་པའི་སྲིན་མོ་དེ་དག་ཀྱང་དབུ་ལ་དུང་གི་ཙཀྲ་དཔག་ཏུ་མེད་པ་དང་བཅས་པས་བརྒྱན་པ། བདུད་ཀྱི་ཐོད་པས་སྐྲའི་རྩ་བ་ལེགས་པར་བཅིངས་པ། ལག་པ་ག ་ཡས་པས་སྲིན་པོ་དཔག་ཏུ་མེད་པའི་དོན་སྙིང་འབྲུ་བ། གཡོན་པས་སྲིན་མོ་དཔག་ཏུ་མེད་པའི་དོན་སྙིང་འབྲུ་བ་བྱུང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དཔག་པདྨ་གར་གྱི་དབང་ཕྱུག་གིས།། རབ་ཏུ་དྲག་པོའི་སྔགས ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཛ་ལ་ཛ་ལ། འབུར་ཏི་འབུར་ཏི། མུ་ནི་དུཾ་བུ་དུཾ་བུ། ཨ་ནི་ཚལ་པ་ཚལ་པ། ཚལ་པ་བྷྱོ་ཚལ་པ་བྷྱོ། མ་ཏང་ཀ་རུ་ཤ་ཧཱཾ། གསང་སྔགས་འདི་ནི་དྲན་ཙམ ་གྱིས།། རུ་དྲའི་ཚོགས་རྣམས་རབ་ཏུ་སྔངས།། གདུག་པ་གང་ཡིན་འདུལ་འདོད་ན། མི་རོ་དཀྲིས་པའི་ཤུན་པ་ལ།། ཁྱི་ཁྲག་གིས་ནི་མིང་རུས་བྲི།། ཐ་མ་ཧཱུཾ་གིས་བསྐོར་བས་ཀྱང་།། རབས་ཆད་ཐོད་པ་སྐམ་པོར ་གཞུག། ཞིག་ང་ཁྱི་ཡིག་གཡང་གཞིས་བརྡུངས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རུ་དྲ་འདུལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི ་དབང་ཕྱུག་གིས། དྲག་པོ་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཟག་ཏུ། སྐུ་སྤྱི་བོའི་གཙུག་ནས་མེའི་བྱ་ཁྱུང་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང ་ངོ་ངོ།། དེ་བཞིན་དུ་གཞན་ནས་ཀྱང་བྱུང་ངོ་།། མེའི་བྱ་ཁྱུང་དེ་དག་ཀྱང་གཤོག་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། རབ་ཏུ་འབར་བའི་མཆུ་དང་སྡེར་མོས་བསྡམས་པ། འཇིགས་བྱེད་ཆེན་པོ་རབ་ཏུ་འབར་བའི་འོད་དང ་བཅས་པ། རཾ་ལས་སྤྲུལ་པའི་ཚོགས་ཆེན་པོ་དཔག་ཏུ་མེད་པ་སྤྲོ་བ། གྲངས་དཔག་ཏུ་མེད་པ་བགྲང་བ་ལས་འདས་པ་བྱུང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་འཇོམས་པ ་ཞེས་བྱ་བའི་སྔགས་འདི་ཉིད་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། མ་ཏྲི་ཐུན་ཞུང་། ཏྲི་ཐུན་ཞུང་། ཏྲི་ཞུང་། ཏྲི་ཡ་མ་ཐུན་ཟུན། སྔགས་འདི་རྗེས་སུ་དྲན་པ་ཡིས།། འཇིག་རྟེན་ཀུན་ནི་རབ་ཏུ ་གཡོས།། འཇིག་རྟེན་འབྱུང་བ་ཐམས་ཅད་སྲེག། གང་གི་གདུག་པ་འདུལ་བྱ་བ།། རབ་ཏུ་དྲག་པོའི་ས་གཞི་རུ།། ཧོ་ཁུང་ཁྲག་གིས་བྱུག་ནས་ནི།། གང་དག་རབ་ཏུ་གཞུག་པར་བྱ།། འདིར་ཡང་མགོ་ཡིས་བརྡུང་བར ་བྱ།། འཁྲུག་བྱེད་ཀྱི་ནི་ཕྱག་རྒྱ་ཡིས།། གང་གི་སྙིང་ནས་འདྲེན་པར་བྱེད།། ཐོག་ཆེན་པོ་ཡང་འབབ་པར་གྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། མེའི་ཁྱུང་བཀོལ་བའི ་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དྲེགས་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས ་སོ།། གང་ཞིག་རབ་ཏུ་གནོད་བྱེད་པའི།། འབྱུང་པོ་རབ་ཏུ་འབྱུང་འགྱུར་པའི།། ཁྲོ་ཆེན་རབ་ཏུ་འཁྲུགས་ནས་ནི།། བསད་དང་རེངས་དང་བཅིངས་ལ་སོགས།། གསང་བ་ཡི་སྦྱོར་བ་ལ།། མ་ལུས་རབ་ཏུ་གནས་པར ་འགྱུར།། ཁྲག་འཐུང་ཆོ་ག་བཞིན་གནས་ནི།། རྒྱལ་པོ་པད་མ་གར་གྱི་དབང་།། བདུད་རྩི་དམ་པ་བྱེད་པར་འགྱུར།། དངོས་གྲུབ་དམ་པ་འདི་ཐོབ་ནས། ལས་ཀྱི་སྦྱོར་བ་རབ་ཏུ་བྱ།། མཁས་པས་སྔོན་དུ་འགྲོ་བ ་ཡི།། ཆོ་ག་འདི་ནི་རབ་སྦྱར་ནས།། གང་གིས་འབྱུང་པོ་མ་ལུས་པ། གང་དུ་རབ་ཏུ་གནས་པར་འགྱུར།། གཡུལ་འབྱེད་པ་དང་རྩོད་པ་དང་།། དགྲ་བོའི་ཚོགས་ནི་རབ་ཏུ་འཇོམས།། ཕ་རོལ་དམག་ཚོགས་ཞི་བར ་བྱེད།། གསང་བ་དམ་པ་འཛིན་པ་ཡི།། སྦྱོར་བ་ཆོ་གའི་མཆོག་འདི་ཡིས།། རྒྱལ་པ་དེད་དཔོན་ཐམས་ཅད་ཀུན།། མ་ལུས་པར་ནི་དབང་དུ་འགྱུར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། ་བླ་ན་མེད་པའི་ཡོན་ཏན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་གསང་བ་གནས་ཀྱི་ལེའུ་འདི་གསུངས་སོ།། གང་གིས་རི་བོ་ཏ་ལ ་བཞིན།། གནས་པ་དང་པོ་གནས་ཡིན་ཏེ།། རི་འདྲ་སྦྱོར་བ་གཉིས་པར་བཤད།། མདུང་འདྲ་ཙཀྲ་གསུམ་པ་སྟེ།། རྒྱ་མཚོ་འགྲམ་དང་ཚ་རྒོད་ཅན་དང་།། ཏྲི་ཤུལ་དང་ནི་ཕུག་སྲིངས་དང་།། གང་གིས་ཐལ་བ་ཆེན་པོ ་ཡོད།། སྲུབས་འདྲ་བ་དང་ཡལ་ཆེན་དང་།། ཀུན་རྩང་སྦྱོར།། གསང་ཆེན་རབ་ཏུ་གསང་བའི་གནས།། ཀུན་ཏུ་རབ་ཏུ་རྒྱལ་བའི་གནས།། འཆི་མེད་ཉེ་བར་ལེན་པ་དང་། ཆོ་ག་ཅན་དང་གསང་ཅན་དང་། བཟོད ་དཀའ་ཞེས་ནི་བྱ་བར་གནས།། རབ་ཏུ་འཁྲུགས་པ་ཆེན་པོ་དང་།། ཞབས་པ་ལེན་གྱི་བར་དུ་གནས།། ཀུན་བྱོར་གང་གི་ཞབས་པ་ལ།། གང་གིས་སྦྱོར་བ་རབ་ཏུ་གནས།། མཁས་པས་རང་རྟེན་སངས་རྒྱས་ལ།། རང ་སེམས་ཡོན་ཏན་ཀུན་རྒྱས་པས།། བླ་མེད་ཡོན་ཏན་སྣ་ཚོགས་གྲུབ།། གང་ལ་གནས་ནས་བསོད་ནམས་ལྡན།། གང་གིས་ས་འོག་མཆོག་ལས་བྱུང་།། གང་གི་དེ་ནི་རབ་ཏུ་གནས།། སྐལ་ལྡན་གསལ་བའི་བྱིན ་རླབས་ལས།། གང་གིས་ཡོན་ཏན་གསང་བའི་མཆོག། དཔག་མེད་ས་བོན་མཆོག་འདྲ་བས།། གང་གསུངས་དོན་ནི་རབ་ཏུ་གནས།། གསང་མཆོག་བདེ་བའི་བདག་ཉིད་ཅན།། ཡོན་ཏན་ཐམས་ཅད་ཀུན་འབྱུང ་བ།། རྒྱལ་བ་བདེ་བའི་ཕུག་རྒྱ་ཆེ།། གང་གི་ཕོ་ཉའི་སྦྱོར་བ་ཡང་།། དང་པོར་བདག་ཉིད་ཆོ་ག་རྫོགས།། ཀུན་ཏུ་བདག་གིས་བྱིན་བརླབས་ཏེ།། འབྱུང་པོ་འདུལ་བའི་ལས་བྱེད་པས།། གསང་ཆེ་ཕོ་ཉའི ་ཙཀྲ་སྤྲོ།། གང་གིས་རབ་ཏུ་འཇོམས་གྱུར་པའོ།། ཕྱག་རྒྱ་ཆེན་པོའི་དམ་ཚིག་ནི།། འདའ་ཀ་ཀུན་ཏུ་གསང་བ་ཆེ།། བླ་ན་མེད་པའི་བདེ་ལས་རོལ།། གསང་བའི་དམ་པ་ཡེ་ཤེས་ལས།། ཀུན་འབྱུང་འདོད་པ་སྣ་ཚོགས ་འབྱུང་།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། ཕོ་ཉ་སྦྱོར་བའི་ལེའུ་སྟེ་བཅུ་དགུ་པའོ།། །། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྡོ་རྗེ་ཕོ་ཉའི་དུམ་བུམ་བུ་གསང་བ ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོས་རབ་ཏུ་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་དེ་ལ་སྙོམས་པར ་ཞུགས་མ་ཟག་ཏུ། རྡོ་རྗེ་རོལ་པའི་དཀྱིལ་འཁོར་དེ་སངས་རྒྱས་པར་མཐོང་ངོ་།། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཀྱེ་བཅོམ་ལྡན ་འདས། གང་གི་ཚེ་ནི་གང་ཞིག་བསྐུལ།། ནང་བ་བདག་ཅག་རྣམ་ཀྱིས་མཐོང་།། ཡུན་རིངས་ལྷ་ཆེན་འདོད་རྣམས་ལ།། ཇི་ལྟར་གྲུབ་པ་བསྟན་དུ་གསོལ།། གང་གིས་གསང་ཆེན་བཅོམ་ལྡན་འདས།། གསང་ཆེན ་བཞུགས་པའི་གཞལ་ཡས་ཁང་།། རྒྱན་རྣམས་དང་ནི་མཚན་ཉིད་རྣམས།། འདུས་པའི་འཁོར་ལ་བསྟན་དུ་གསོལ།། རང་གི་སྤྲུལ་པའི་དཀྱིལ་འཁོར་གྱིས།། ལས་དང་རྟགས་དང་ཕྱག་རྒྱ་དང་།། གང་ཡང་དྲག་པོའི ་སྦྱོར་བ་ཀུན།། རྫོགས་སངས་རྒྱས་ཀྱིས་བསྟན་དུ་གསོལ།། དཔའ་བོ་གར་གྱི་དབང་ཕྱུག་ཆེ།། ཐམས་ཅད་འདུལ་བའི་བདག་ཉིད་མཆོག། རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ།། བདུད་རྣམ་ཀུན་འདུལ་ཕྱག་འཚལ ་ལོ།། ཐབས་རྨད་བྱུང་ལ་ཕྱག་འཚལ་ལོ།། ཐམས་ཅད་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ།། ཐམས་ཅད་ཆོ་འཕྲུལ་སྟོན་ལ་ཕྱག་འཚལ་ལོ།། དཀྱིལ་ཁོར་གཙོ་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་མངག་བདག་ཕྱག་འཚལ ་ལོ།། རྫོགས་པའི་དཀྱིལ་འཁོར་ཕྱག་འཚལ་ལོ།། དབང་ཞེས་བགྱི་བ་ཇི་ལྟར་ལགས།། གར་གྱི་དབང་ཕྱུག་ཇི་ལྟར་ལགས།། བདེ་བ་ཆེན་པོ་ཇི་ལྟར་ལགས།། གསང་བ་བདག་ལ་བསྟན་དུ་གསོལ།། དེ་སྐད ་ཅེས་བསྟོད་པ་དང་།། ཕྱག་འཚལ་བ་དང་། རོལ་པ་སྣ་ཚོགས་ཀྱི་གླུ་དང་། རོལ་པ་སྣ་ཚོགས་ཀྱི་གར་དང་། རོལ་པ་སྣ་ཚོགས་ཀྱི་ཕྱག་རྒྱ་དང་། རོལ་པ་སྣ་ཚོགས་ཀྱི་རྔ་དང་། རོལ་པ་སྣ་ཚོགས་ཀྱི་ཉེ་བའི་རྔ་ལ་སོགས ་པ། རོལ་པ་ཆེན་པོ་དང་། སྤོས་ཀྱི་སྤྲིན་ཆེན་པོ་དང་། མེ་ཏོག་གི་སྤྲིན་ཆེན་པོ་དང་། མར་མེའི་སྤྲིན་ཆེན་པོ་དང་། ཚིལ་ཆེན་གྱི་བླ་རེ་དང་། བགས་ཆེན་གྱི་འཕེན་དང་། གདུགས་ལ་སོགས་པས་མཉེས་པར་བྱས་ཏེ། ་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོས། དགའ་བའི་སྤྱན་གྱིས་འཁོར་རྣམས་ལ་གཟིགས་ཏེ། འཛུམ་པ་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་ཀྱེ་གང ་ཞིག་འདུས་པའི་ཚོགས།། སྐུ་དག་རྟེན་ལ་སོགས་པ་རྣམས།། རབ་ཏུ་བཤད་ཀྱིས་ལེགས་པར་ཉོན།། གང་ཞིག་རྟོགས་ཤིང་རྙེད་པར་དཀའ།། རི་བོང་ཡུལ་དུ་འགྲོ་བ་མིན།། རྐང་གཉིས་ཀུན་གྱི་བདག་པོ ་མཆོག། སངས་རྒྱས་ཀུན་གྱིས་གསུངས་པ་ཡིན།། རབ་ཏུ་བཤད་ཀྱི་མཉན་པར་གྱིས།། གང་ཞིག་རྫུ་འཕྲུལ་ཆེན་པོ་ཡིས།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྷ་མིན་གསང་བ་པ།། སེམས་ཅན་ཀུན་ལ་གནོད ་པ་བགྱིས།། མདངས་འཕྲོག་འཚེ་བར་བྱེད་པ་ཀུན།། སྐུ་མཆོག་འདི་ནི་མཐོང་བས་སྔངས།། འདི་ཉིད་སྐུ་ཡི་གཞལ་ཡས་ནི།། ཡཾ་ལས་བྱུང་བའི་རླུང་ནག་འབར།། རབ་ཏུ་འཁྲུགས་པའི་ཀློང་ཆེན་དུ། ཁྲག་གི་རྒྱ་མཚོ ་ཆེན་པོ་འཁྱིལ།། ཤ་ཆེན་འབར་བའི་ས་གཞིས་བལྟམས།། ཤ་རུས་ལས་ནི་རི་རབ་འབར།། སྟེང་དུ་བྷྲཱུཾ་ལས་བྱུང་བ་ཡི།། གཞལ་ཡས་རབ་ཏུ་འབར་བར་བསམ།། གསེར་གྱི་སེང་གེ་དཔག་ཏུ་མེད།། ལྷོ་ཡི་ཕྱོགས་སུ ་བསམ་པར་བྱ།། ཟངས་ཀྱི་སེང་གེ་དཔག་ཏུ་མེད།། ནུབ་ཀྱི་ཕྱོགས་སུ་བསམ་པར་བྱ།། གཡུ་ཡི་སེང་གེ་དཔག་ཏུ་མེད།། བྱང་གི་ཕྱོགས་སུ་བསམ་པར་བྱ།། ཤེལ་གྱི་སེང་གེ་དཔག་ཏུ་མེད།། ཤར་ཀྱི་ཕྱོགས་སུ་བསམ ་པར་བྱ། ཨོཾ་སྟྭཾ་ཨ། ཨ་ཨ་སྟྭཾ་ཨ། ཨ་སྟཾ་ཨ། སྟེང་དུ་སྭ་ལས་བྱུང་བ་ཡི།། རིན་ཆེན་ཀ་བ་འབར་བ་བཞི།། བར་དུ་འོད་འཕྲོ་འོད་འབར་བ།། དེའི་སྟེང་ཉི་མའི་དཀྱིལ་འཁོར་ཏེ།། ཡེ་ཤེས་སེམས་དཔའ་ཧཱུཾ་ལས ་བསྐྱེད།། རྡོ་རྗེ་ཐུགས་ཀྱི་སྒྲུབ་པ་རྫོགས།། ཧཱུཾ། རབ་ཏུ་མཁའ་ལ་ཉི་ཤར་བའི།། བརྒྱན་ལྡན་ཁྲོ་བོའི་ཚོགས་བཅས་འཁྲུགས།། འབར་བ་ཐོག་དང་སེར་ཆེན་འཁྲུགས།། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། རིན་ཆེན་འབར་བ་ཀ་བར ་ལྡན།། ཉི་ཟླ་བདུན་བདུན་འཕྲེང་བ་ཅན།། རབ་ཏུ་འཇིགས་པའི་གནས་མཆོག་ནི།། ཤིན་ཏུ་གསང་བའི་ཁྲོ་ཚོགས་འཁྲུགས།། འབར་བའི་ཐོག་དང་སེར་ཆེན་འཁྲུགས།། ཧཱུཾ་དང་ཀུ་ལས་ལེགས་བྱུང་བ།། སྐུ་ནི་པདྨ་ར ་གའི་མདོག། དབུ་ལྔ་ཕྱག་ནི་བཅུ་དྲུག་ཏེ།། རྡོ་རྗེ་རིན་ཆེན་གཤོག་པ་ཅན།། ཤར་གྱི་ཞལ་ནི་དམར་པོ་སྟེ།། སྤྱན་གསུམ་ཤངས་ནས་རླུང་ནག་འཚུབས།། ལྗགས་མགྲིན་ཧཱུཾ་གི་སྒྲ་ཡང་སྒྲོག། རྡོ་རྗེ་ཁ་དང་དབུ་ལ ་བརྒྱན།། སྨིན་མ་འོད་ཟེར་གློག་སྟོང་འགྱུ།། ཤར་དུ་ཁྲོ་གཉེར་བསྐྱོད་པ་ཡིས།། སངས་རྒྱས་སྲས་བཅས་རབ་ཏུ་འབར།། དྲི་ཟ་འཁོར་བཅས་སྤོས་ཅི་དགོས།། ལྷོ་ནུབ་བྱང་དུ་ལྟ་བའི་དབུས།། ཀུན་ཀྱང་ཁ་དོག་དམར ་པོ་སྟེ།། རིན་ཆེན་རལ་གྲི་འབར་བས་བརྒྱན།། ཀུན་ཀྱང་ཧཱུཾ་གི་སྒྲ་སྒྲོག་པས།། གཤིན་རྗེ་ཀླུ་དང་གནོད་སྦྱིན་འདར། ཁྲག་ཏུ་སྐྱུག་ཅིང་འདར་བ་དང་།། འོད་དོད་འབོད་ཅིང་སྐྱབས་འགྲོ་འདར།། དེ་ནས་དཔལ་ཁྲག ་འཐུང་ཆེན་པོ་ཡིས། ཧྲིང་ཧྲིང་དྲིང་། ཧྲིང་ཧྲིང་དྲིང་། རྡོ་རྗེ་ཧྲི་ཡི་སྒྲ་སྒྲོགས་པས། སྤྱི་བོའི་དབུ་ལས་བྱུང་བའི་རྟ།། ཧཱུཾ་སྒྲས་སྟོང་གསུམ་དབང་དུ་སྡུད།། ཤར་གྱི་ཕྱོགས་ཀྱི་རྟ་མགོ་ཡིས། ཧཱུཾ་སྒྲས་དྲི་ཟ་དབང ་དུ་སྡུད།། ལྷོ་ཡི་ཕྱོགས་ཀྱི་རྟ་མགོ་ཡིས།། ཧཱུཾ་སྒྲས་གཤིན་རྗེ་དབང་དུ་སྡུད།། ནུབ་ཀྱི་ཕྱོགས་ཀྱི་རྟ་མགོ་ཡིས།། ཧཱུཾ་སྒྲས་ཀླུ་ཚོགས་དབང་དུ་སྡུད།། བྱང་གི་ཕྱོགས་ཀྱི་རྟ་མགོ་ཡིས།། ཧཱུཾ་སྒྲས་གནོད་སྦྱིན་དབང་དུ ་སྡུད།། ལྗང་ཁུའི་མདོག་ནི་འོད་དང་ལྡན།། གངས་ལྟར་གསལ་བའི་དབང་ཆེན་སྐུ།། ཧཱུཾ་དབུ་རྣམས་དབུས་ཀྱི་སྟོང་པ་ཡི།། ཏྲཾ་ལས་རིན་ཆེན་གཞལ་ཡས་སུ།། རྣམ་པར་སྣང་མཛད་ཡེ་ཤེས་མཚོ།། རྩལ་ཆེན་ཡོན་ཏན ་ཕུན་སུམ་ཚོགས།། རབ་ཏུ་སྤྲོ་བ་དང་ནི་ལྡན།། མ་མ་བྷོ་བྷྱོ། ཧྲི་ཧྲི་ཛ་ཛ། ཧ་ཧ། ཨེ་ཨ་ར་ལི་ཧྲི་ཛ། གང་གིས་འདི་ནི་བསྒྲགས་པ་ཡིས།། ནུབ་ཕྱོགས་ངོས་ན་གནས་པ་ཡི།། འཕྲ་མེན་མ་དང་སྲིན་མོ་དང་།། ཀླུ་དང་རོ ་ལངས་ཐམས་ཅད་ཀུན།། དྲག་པོའི་སྟབས་ཀྱིས་དབང་དུ་གྱུར།། གཡས་ཀྱི་ཕྱག་རྒྱ་འབར་བ་ནི།། རབ་ཏུ་དྲག་པོའི་མཚོན་ཆས་མཚན།། གཡོན་པ་ཡང་ནི་དེ་བཞིན་ནོ།། རྡོ་རྗེ་དང་ནི་ལྕགས་ཀྱུ་འབར།། བཅུ་དྲུག ་དང་པོར་བསྣམས་པར་མཛད།། སྦྲུལ་ཞགས་རྔེའུ་ཆུང་ཁ་ཊྭཱཾ་ག། ཐོག་རློན་ཁྲག་གིས་བཀང་བ་ནི།། གཡས་པ་དག་ན་བསྣམས་པར་མཛད།། ལྷག་མ་རྣམས་ནི་རྡོ་རྗེ་ཉིད།། དབུ་བརྒྱན་གཙུག་པ་ནི།། མི་བསྲུན་སྦྲུལ ་ནག་འབར་བས་བརྒྱན།། བསྐལ་པའི་མེ་འབར་སྡིགས་མཛུབ་དང་།། ལུ་གུ་རྒྱུད་ཀྱི་ཞགས་པ་དང་།། ཟོད་ཁྲག་དག་གིས་ཞལ་དུ་སྟོབ། ཁྲོ་བོ་སྙིང་དང་རྒྱུ་མ་ཟ།། ཅང་ཏེའུ་ཁ་ཊྭཱཾ་ལྕགས་ཀྱུ་གསུམ།། ལྷན་ཅིག་ཏུ་ནི ་འཛིན་པར་མཛད།། འདི་དག་གཡོན་གྱི་མཚོན་ཆའོ།། སྦྲུལ་ནག་དག་ནི་སྔོ་ཁྲ་ཡིས།། གཡས་ཀྱི་ཕྱག་ནི་བརྒྱན་པར་མཛད།། བཛྲ་ན་ཎ་ཧཱུཾ། བཛྲ་རག་ཏ་དུཾ་བུ་ཧཱུཾ། བརྒྱ་སྦྱིན་ཚངས་པ་ལྷ་ཆེན་པོ།། ཐམས་ཅད་ཞབས ་ཀྱི་འོག་ཏུ་མནན།། ཀུན་ནི་བདག་གི་བཀའ་བཞིན་བྱེད།། ཨོཾ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཞབས་བརྒྱད་རབ་ཏུ་འབར་བ་སྟེ།། སྟེང་ཕྱོགས་ཞབས་ཁམས་འདུལ་བ་ནི།། སྟག་ལྤག་གོང་གི་ཤམ་ཐབས་ཅན།། ཧཱུཾ་མཛད ་སྙིང་ཁར་རྡོག་པས་བརྫིས།། ལྷོ་ནུབ་མཚམས་སུ་བགྲད་པའི་ཞབས།། མི་གཡོ་མགོན་གྱི་སྙིང་ཁར་བརྫིས།། བཻ་ཌཱུཪྻ་སྔོན་པོའི་ཤམ་ཐབས་ཅན།། ལྷོ་ཡི་ཕྱོགས་སུ་བགྲད་པའི་ཞབས།། གཤིན་རྗེ་གཤེད་པོའི་སྙིང་ཁར ་བརྫིས།། རྡོ་རྗེ་རྩེ་ལྔའི་ཤམ་ཐབས་ཅན།། ཤར་ལྷོ་མཚམས་སུ་བགྲད་པའི་ཞབས།། ནཱི་ལ་ད་ཎ་རའི་སྙིང་ཁར་བརྫིས།། བསེ་ཁྲབ་སྟུག་པོའི་ཤམ་ཐབས་ཅན།། ནུབ་ཀྱི་ཕྱོགས་སུ་བགྲད་པའི་ཞབས།། པདྨ་འཁྱིལ ་བའི་སྙིང་ཁར་བརྫིས།། དམར་གསལ་མཆི་ཡི་ཤམ་ཐབས་ཅན།། བྱང་གི་ཕྱོགས་སུ་བགྲད་པའི་ཞབས།། བདུད་རྩི་འཁྱིལ་བའི་སྙིང་ཁར་བརྫིས།། སྦྲུལ་ནག་འཁྱིལ་བའི་ཤམ་ཐབས་ཅན།། ནུབ་བྱང་མཚམས་སུ ་བགྲད་པའི་ཞབས།། གཞན་གྱིས་མི་ཐུབ་སྙིང་ཁར་བརྫིས།། རྐང་གི་དབུས་ན་དྲག་པོ་གནས། ཁྲོ་བོ་འཆོལ་པ་རབ་ཏུ་འཁྲིགས།། ཤུ་ཀན་སྨུག་པོའི་ཤམ་ཐབས་ཅན།། བྱང་ཤར་མཚམས་སུ་བགྲད ་པའི་ཞབས།། མ་ཧཱ་བ་ལའི་སྙིང་ཁར་བརྫིས།། གཟིག་ཁྲབ་འབར་བའི་ཤམ་ཐབས་ཅན།། འདོད་པའི་ལྷ་མོས་རབ་ཏུ་བརྒྱན།། སྲིན་པོའི་བུ་མོ་སྲིན་པོ་དང་།། སྲིན་མོ་བྲན་མོ་ལ་སོགས་པ།། ཀུན་ཀྱང་སྦྱོར་ཞིང ་འདེགས་པའི་ཚུལ།། འཇིགས་པའི་གད་མོ་ཧ་ཧ་བཞད།། ཐེ་གཤོག་ཀུན་གྱི་རྡོ་རྗེ་དང་།། རིན་པོ་ཆེ་ཡི་རྒྱུ་ལས་བྱུང་།། གཤོག་པ་ཉག་མ་རེ་རེ་ལ། སྤྲུལ་པ་ཕྲ་མོ་དཔག་མི་ལང་།། སྤྲུལ་པ་བསམ་གྱིས་མི་ཁྱབ ་པས།། འཇིག་རྟེན་གདུག་པ་ཐམས་ཅད་བསྲེག། རབ་ཏུ་འབར་བའི་སྟང་སྟབས་ཅན།། ཨོཾ་ཛ་ལ་ཛྭ་ལ་བཛྲ་ཧཱུཾ། བཛྲ་ཨ་མོ་གྷ་སིདྡྷི་ཏྲི། དྲ་བ་མ་དང་ཀློག་འགྱུ་མ།། ལས་བཅོལ་རྡོ་རྗེའི་ཕོ་ཉ་ཡིས།། ཐམས་ཅད་ཀུན་ལ ་དབང་ཆེ་བར།། བསྟན་པ་འདི་ནི་དབང་ཆེན་ཉིད།། གར་མཁན་ཉིད་དུ་དབང་སྒྱུར་ཕྱིར།། གར་གྱི་དབང་ཕྱུག་ཅེས་སུ་བཤད། གང་ཞིག་རྟོག་པ་ཀུན་ལས་འདས།། དེ་ནི་བདེ་བ་ཆེན་པོའོ།། གང་གིས་ལྷ་དང་ཀླུ་ལ ་སོགས།། རབ་ཏུ་སྒྲོལ་བར་བྱེད་པ་ཡིན།། ཞེས་གསུང་མ་ཐག་ཏུ།། འདུས་པ་ཆེན་པོའི་འཁོར་ཐམས་ཅད་ཀྱིས་ཡིད་རབ་ཏུ་དགའ་བའི་མཆོད་པས་ཁྱབ་པར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། ་ལས་བཀའ་གསང་བ་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་མི་གཡོ་བའི་ངང་ལས་གསང་བའི་རྡོ་རྗེ་ཡུམ་གྱི་དཀྱིལ་འཁོར་འདི་ཉིད་ཀྱི ་སྐུ་དང་། གསུང་དང་། ཐུགས་ཀྱི་རྡོ་རྗེ་ལས་འདི་ཕྱུང་ངོ་།། ཨོཾ་པདྨ་ཀྲོ་དྷི་ཤྭ་རི་ཧཱུཾ། གཡོན་ནས་ཁྲོ་མོ་ཉེར་འབྱུང་བ།། འཇིགས་བྱེད་ཡབ་ཀྱི་ཆ་ལུགས་ཅན།། འཇིགས་པ་ཡི་ནི་ཚུལ་སྟོན་མ།། དབུ་ལྔ་པོ་ལ་ཉེས་པར ་རིག། ཀུན་ཏུ་འཁྱུད་པའི་སྦྱོར་བ་ཅན།། དྲག་པོ་སེར་ཆེན་རབ་ཏུ་འབེབས།། དབུ་ཡི་རལ་པ་རེ་རེ་ལ།། ལྕགས་ཀྱི་སྤྱང་མོ་འབུམ་འབུམ་འཕྲོ།། འོག་དང་སྟེང་དང་ཕྱོགས་རྣམས་ཀུན། ཁྲག་གི་སེར་ཆེན་འབེབས་པས ་གཏིབས།། ཁྲོས་པའི་ཆུང་མས་སྟོང་གསུམ་གང་།། ག་རྒྱངས་རྒོད་པས་འཇིག་རྟེན་སྲེག། གང་དུ་སྐུ་ཡི་ཡུམ་གསལ་ནས།། སྤྲུལ་པའི་ཚོགས་ནི་བསམ་མི་ཁྱབ།། རེ་རེ་ལ་ནི་འབུམ་གཏམས་འགྱུར།། ཅེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྡོ་རྗེ་ཁྲོ་མོའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ལྷ་ཆེན་པོ་འདུལ་བར་བྱེད་པའི་ཏིང་ངེ ་འཛིན་ལ་སྙོམས་པར་བཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ལྷ་རྣམས་རབ་ཏུ་ཚར་གཅོད་པས།། ཤར་དུ་ལྟ་བའི་ཁང་པ་རུ།། སྔོན་འགྲོའི་ཆོ་ག་རྫོགས་པར་བྱ།། དབང་ཐོབ་ཡེ་ཤེས་འཁོར་བ་ཡིས།། བསྒྲུབ་པའི ་སྐུ་ནི་གྱུར་པ་ལས།། ལྷ་ཆེན་བརྒྱད་ནི་གདན་དུ་འདིང་།། གཡས་ཀྱི་ཕྱག་བརྒྱད་འབར་བ་ནི།། ལྷ་ཆེན་བརྒྱད་ནི་ཕྱག་རྒྱར་བསྣམས།། གཡོན་པ་རང་གི་རང་རྟགས་འཛིན།། ལེགས་པར་བསམས་ཏེ ་གསང་སྔགས་བཟླས།། ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། དེ་བ་མ་ར་ཡ་པ་ཤ་ཀུ་རུ་ཧཱུཾ། རྦག་ཤ་ཡ་ཧཱུཾ། བི་ཏིང་ས་ཡ་བི་ཏིང་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲཱི་ཧྲི་པྲ་ཏི་སྟཾ་པ་ཀ་ཡ་ཧཱུཾ་ཕཊ། གསང་སྔགས ་འདི་ནི་རབ་བཟླས་པས།། གང་གིས་དབང་ཕྱུག་ཆེན་པོ་དང་། བྷཱི་གི་རི་ཏི་ལ་སོགས་པ། ཐམས་ཅད་ཀུན་ནི་སྲེག་ནས་ལངས།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་ལྡན་གར་དབང་བདག། ཁྱོད་མཐོང་བས་ནི་བདག་ཅག་འཇིགས།། ཁྱོད་ནི་རྒྱལ་བ་ཀུན་དབང་ཕྱུག། རང་སྔགས་དྲག་པོ་ཆེན་པོའི་བདག། བདག་ཅག་རྣམས་ཀྱི ་མཆིས་བྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དཔའ་བོ་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་ལྷ་ཐམས་ཅད་ཀྱིས་བསྟོད་དེ་ཁས་བླངས་པ་དང་། བཅོམ ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། ཧཱུཾ། གང་ཞིག་ལྷ་ཡི་ཚོགས་བཅས་ཀུན།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག ་གར་གྱི་དབང་ཕྱུག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱིས།། འཇིག་རྟེན་བཤིག་དང་བསྲུང་བ་དང་།། ལས་སུ་བྱ་བ་མ་རུངས་པ། རབ་ཏུ་བསྒྲུབ་ཅིང་སླང་བ་དང་།། ཅི་འདོད་ཡོན་ཏན་ཐམས་ཅད་ཀྱིས།། བཀའ ་འདི་ལེགས་པར་བསྒོ་བར་བགྱིས།། ལྷ་རྣམས་མ་ལུས་ཐམས་ཅད་ཀུན།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་གྲུབ་པར་བྱེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་ཆོག་རོལ་པ ་ལས། ལྷ་ཆེན་པོ་ལེགས་པར་འདུལ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་སོ།། དེའི་ཚེ་དྲི་ཟ་འདུལ་བར་བྱེད་པ་ཞེས་བྱ་བའི་སྐུ་ནི་རབ་ཏུ་བསྟན་ཏོ།། གང་ཞིག་ཞི་བས་མི་འདུལ་བ།། དྲག་པོ་ལས་ཀྱི་ཆོ་ག་ནི།། གང་ཞིག་དྲག་པོ་ཆེན་པོའི་སྐུ།། དམར་ནག་དབུ་ལྔ་བཅུ་དྲུག ་པའོ།། ཞབས་ནི་རྣམ་པ་བརྒྱད་དུ་བསྟན།། གཡས་ཀྱི་ཕྱག་བརྒྱད་འབར་བ་ནི།། དྲི་ཟའི་ཚོགས་ཀྱི་སྙིང་ནས་འདྲེན།། གཡོན་གྱི་ཕྱག་བརྒྱད་རྟ་མགྲིན་བརྒྱད།། རབ་ཏུ་དྲག་པོའི་ཧ་ཧ་བཞད།། ཤིན་ཏུ་འཇིགས་ཆེན ་འཇིགས་པ་ཆེ།། ཨོཾ་ཧ་ཧ་རུ་ལུ་བན་དྷ་ཧཱུཾ།། འདི་སྨྲས་པས་ནི་དྲི་ཟ་འདར།། ཤིན་ཏུ་གཏུམ་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་ཆེན་གར་དབང་ཕྱུག། གར་དབང་ཁྲོ་བོའི་འཇིགས་པ་ཆེ།། ཁྱོད་མཐོང་བས་ནི ་བདག་ཅག་འཇིགས།། གང་ཕྱིར་དྲི་ཟའི་ཚོགས་ཀུན་ནི།། དཔལ་ལྡན་ལ་ནི་སྐྱབས་སུ་མཆི།། གང་ཚེ་དཔལ་ལྡན་དབང་ཕྱུག་གིས།། བཀའ་ཉན་ཕྱི་ཕྱིར་འབྲང་བར་བགྱི།། བདག་ཅག་མཆིས་འབྲང ་སྲས་བཅས་དང་།། དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི།། དབང་ཆེན་དཀྱིལ་འཁོར་ཆེན་པོ་ཡི།། ཚོགས་ཀྱི་མིང་ཙམ་འཛིན་པའི་མིས།། ལས་རྣམས་རབ་ཏུ་འགྲུབ་པར་བགྱི།། གང་གིས་ལས་རྣམས་རྡོ་རྗེ ་བཞིན།། ཐོགས་པ་མེད་པར་འགྲུབ་པར་བགྱི།། ཞེས་བསྟོད་དེ་ཁས་སྤངས་པ་དང་། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་བསྒོ་བའོ།། ཧཱུཾ། གང་ཞིག་དྲི་ཟའི་ཚོགས་རྣམས ་ཀུན།། སངས་རྒྱས་བསྟན་པ་བསྲུང་བ་དང་།། ཅི་འདོད་ལས་རྣམས་གྲུབ་པར་གྱིས།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། དྲི་ཟ་འདུལ་བའི་ལེའུ་སྟེ་ཉི་ཤུ་རྩ ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གསང་བ་སྲེག་བྱེད་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག ་ཏུ།། འཁོར་མེ་ལྷའི་ཚོགས་ཐམས་ཅད་རབ་ཏུ་འདར་བ་དང་། ཁྲག་ཏུ་སྐྱུག་པ་དང་། རབ་ཏུ་རྒྱལ་བར་གྱུར་ཏོ།། དམར་སེར་མེ་ལྟར་འབར་བ་ཡི།། རབ་འཁྲུགས་པ་ཡི་ཀློང་དཀྱིལ་དུ།། གང་གིས་སྔོན་འགྲོའི་ཆོ་ག ་རྫོགས།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། སྒྲུབ་པའི་སྐུ་ནི་ལེགས་པར་གྱུར།། ཤིན་ཏུ་དྲག་པོའི་སྐུ་མཆོག་ནི།། གཡས་ཀྱི་ཕྱག་བརྒྱད་མེ་ལྷ་འཛིན།། གཡོན་གྱི་ཕྱག་བརྒྱད་དབྱུག་སྔོན་འཛིན།། ཡེ་ཤེས་རྟགས་ཀྱི ་ཆོ་ག་རྫོགས།། རང་རང་སྙིང་ཁར་བསམས་ནས་ནི།། སྲོག་ནི་རབ་ཏུ་འབར་བར་འགྱུར།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཨག་ནེ་མ་ར་ཡ། པ་ཤཾ་ཀུ་རུ་ཛ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་སྟོང་ས་ཡ་བི་སྟོང ་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤི་ཏི་པྲ་ཏེ་ཏམ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གི་མེ་ལྷ་ཕོ་མོ་དང་།། དེ་ཡི་འཁོར་རྣམས་མ་ལུས་ཀུན།། ཐམས་ཅད་ཀུན་ནི་བསྲེགས ་ནས་ལངས།། གསང་མཆོག་པདྨའི་མདུན་དུ་ལྷགས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་གསང་བ་གསང་བ་ཆེ།། གསང་བ་མཆོག་གི་དྲག་ཤུལ་ཆེ། ཁྱོད ་མཐོང་པས་ནི་བདག་ཅག་འཇིགས། ཁྱོད་ནི་མེ་ལྷ་འདུལ་བའི་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས ་ཅད་བདག་གིས་བགྱི།། དེ་སྐད་ཅེས་ཁས་སྤངས་པ་དང་། བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་བསྒོའོ།། ཧཱུཾ། གང་ཞིག་མེ་ལྷ་ཚོགས་བཅས་ཀུན།། སངས་རྒྱས་བསྟན་པ་བསྲུང་བ ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱའོ།། གང་ཞིག་དཔའ་བོ་དབང་ཆེན་གྱིས།། ཇི་ལྟར་བསྒོ་བ་བཞིན་དུ་གྱིས།། གདུག་པ་མ་ལུས་བསྒྲལ་བ་དང་། བསྲུང་བྱ་ལས་བྱ་མ་ལུས་པ།། ཚེ་དང ་ལོངས་སྤྱོད་འཕེལ་བ་དང་།། ནོར་དང་འབྲུ་དང་བང་མཛོད་དང་།། ཡོན་ཏན་ཐམས་ཅད་སྲུང་བར་གྱིས།། བཀའ་ནི་ལེགས་པར་བསྒོ་བ་ཡིས།། མེ་ལྷའི་ཚོགས་རྣམས་མ་ལུས་པ།། ཐམས་ཅད་ཐམས་ཅད་བྱེད་པ ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། མེ་ལྷ་གཟིར་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་གིས། དམན་པ་རབ་ཏུ ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་གཤིན་རྗེ་ཚར་གཅོད་པ་ཞེས་བྱ་བ་འདི་གསུངས་སོ།། གཤིན་རྗེ་རབ་ཏུ་ཚར་གཅོད་པ།། ལྷོ་ཕྱོགས་ལྟ་བའི་ཁང་པ་རུ།། སྔོན་དུ་འགྲོ་བ ་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡི།། གཤིན་རྗེ་འཇོམས་པར་བྱེད་པའོ།། གསང་མཆོག་རྒྱལ་པོ་ཉིད་ཀྱི་སྐུ།། རབ་ཏུ་འཇིགས་ཤིང་དམར་བའི་ཞལ།། གཤིན་རྗེའི་ཚོགས་ནི་གདན་དུ ་འདིང་།། གཡས་ཀྱི་ཕྱག་བརྒྱད་འབར་བ་ནི།། གཤིན་རྗེའི་རྒྱལ་པོ་བརྒྱད་འཆང་སྟེ།། གཡོན་པ་རང་གི་རྟགས་འཆང་སྟེ།། དྲག་པོའི་སྐུར་ནི་རབ་གནས་པ།། རང་སྔགས་སྙིང་གི་དབུས་ན་གནས།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ ་ཧཱུཾ། པད་མ་ཀྲོ་དྷི་ཤྭ་རི་ཧཱཾ་ཛ། ཡ་མ་མ་ར་ཡ་པ་ཤཾ་ཀུ་རུ་ཧཱཾ། བྷཀྵ་ཡ་བྷཀྵ་ཧཱུཾ། བི་དྷཱན་ས་ཡ་བི་དྷན་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲཱི་ཏྲི་པྲ་ཏི་སྟཾ་པ་ཡ་བྷ་ག་ཝན། ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ ་གྱིས།། གང་གི་དབང་ཕྱུག་ཆེན་པོ་དང་།། གཤིན་རྗེ་གླང་མགོ་ཡ་བ་ཏི།། དམིགས་པ་ཕྱ་སངས་ལ་སོགས་པ།། གང་ཡིན་ཀུན་ནི་བསྲེགས་ནས་ལངས།། གསང་མཆོག་དབང་ཆེན་མདུན་དུ་ལྷགས།། མ་ལུས་ཀུན ་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་གཤིན་རྗེའི་གྲོང་ཁྱེར་འདར།། ཁྱོད་ནི་གཤིན་རྗེ་འཇོམས་པའི་བདག། རང་སྔགས་ཡི་གེ ་འབྱུང་གནས་ཏེ།། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། བྲན་དང་བྲན་མོའི་ཚོགས་དང་བཅས།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་གཤིན ་རྗེ་ཐམས་ཅད་ཀྱི་བསྟོད་དེ་ཁས་བླངས་པ་དང་། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གི་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ་གང་ཞིག་གཤིན་རྗེ་ཚོགས་བཅས་ཀྱིས།། སངས་རྒྱས་བསྟན་པ་བསྲུང་བ ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དཔའ་བོའི་དབང་ཕྱུག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱིས།། འཇིག་རྟེན་གཤིག་དང་བསྲུང་བ་དང་།། ལས་སུ་བྱ་བ་མ་ལུས་པ།། རབ་ཏུ་བསྒྲུབ ་དང་སྤང་བ་དང་།། ཅི་འདོད་དངོས་གྲུབ་ཐམས་ཅད་ཀྱིས།། བཀའ་ནི་ལེགས་པར་བསྒོ་བར་གྱིས།། གཤིན་རྗེ་མ་ལུས་ཐམས་ཅད་ཀུན།། ཐམས་ཅད་ཐམས་ཅད་ཅི་འདོད་པར།། ཐམས་ཅད་ཐམས ་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གདུག་པ་གཤིན་རྗེ་འཇོམས་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས།། ་དྲག་པོ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྲིན་པོ་རབ་ཏུ་ཚར་གཅོད་པས།། ལྷོ་ནུབ་ལྟ་བའི་ཁང་པ་རུ།། སྔོན་འགྲོའི་བྱ་བ་མ་ལུས་བྱ།། དབང་ཆེན་ཡེ་ཤེས ་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། སྲིན་པོའི་རྒྱལ་པོ་གདན་དུ་འདིང་།། གང་ཞིག་གཡས་ཀྱི་ཕྱག་བརྒྱད་ཀྱིས།། སྲིན་པོ་ཕོ་ཡི་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱ་འབར་བ་ཡིས།། སྲིན་པོའི་མོ་ཡི ་སྙིང་ནས་འཛིན། དེ་བསམ་རང་གི་སྲོག་ལ་ལྟ།། སྲོག་གི་བདག་པོ་མཐོང་གྱུར་ནས།། གང་གིས་དྲག་པོའི་གསང་སྔགས་བཟླས།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། དེ་བ་མ་ར་ཡ་པ་ཤཾ་ཀུ་རུ་ཧཱུཾ། བྷཀྵ་ཡ ་བྷཀྵ་ཡ་ཧཱུཾ། བི་སྟཾ་ས་ཡ་བི་ཏཾ་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཀྵོ་ཏེ་པྲ་ཏི་སྟཾ་པ་ཡ་བྷ་གི་ཝན་ཧཱཾ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། རང་གི་སྲིན་པོ་ཚོགས་བཅས་པས།། དྲག་སྔགས་ཆོ་ངེ་ཆེན་འདེབས ་ཤིང་།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། གང་གིས་བསྙེན་པའི་དབྱངས་ཀྱི་བསྟོད།། ཨེ་མ་ཧོ། དཔལ་ལྡན་པདྨ་གར་དབང་ཕྱུག་ཁྱོད་མཐོང་འཇིག་རྟེན་ཁམས ་རྣམས་འདར།། གང་ཕྱིར་སྲིན་པོའི་གྲོང་ཁྱེར་འཇོམས། ཁྱོད་ནི་སྲིན་པོ་ཀུན་གྱི་རྗེ།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་གྱི་ཚོགས་བཅས་ཀུན།། དཔའ ་བོ་གར་གྱིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་སྲིན་པོ་ཐམས་ཅད་ཀྱིས་བསྟོད་དེ་ཁས་བླངས་པ་དང་། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཧཱུཾ། གང་ཞིག་སྲིན་པོའི་ཚོགས་བཅས་ཀུན།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དཔའ་བོ་དབང་ཕྱུག་གིས།། ཇི་ལྟར་བསྒོ་བ་བཞིན་དུ ་གྱིས།། འཇིག་རྟེན་བཤིག་དང་བསྲུང་བ་དང་།། ལས་སུ་བྱ་བ་མ་ལུས་པ།། རབ་ཏུ་སླང་དང་བསྒྲུབ་པ་དང་།། ཅི་འདོད་བདེན་པ་ཐམས་ཅད་ཀྱིས།། གང་འདིར་ལེགས་པར་བསྒོམས་པ་ཡིན།། སྲིན་པོ་ཕོ་མོ་ཐམས ་ཅད་ཀུན།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། སྲིན་མོ་འདུལ་བའི་ལེའུ་སྟེ་ཉི་ཤུ་དྲུག ་པའོ།། །། དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། རབ་ཏུ་འཇོམས་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། ཀླུ་རྣམས་རབ་ཏུ ་འདུལ་བ་ཡི།། ནུབ་ཏུ་ལྟ་བ་ཁང་པ་རུ།། སྔོན་འགྲོའི་བྱ་བ་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གང་གིས་དམར་ནག་འབར་བའི་ཞལ།། མཁའ་ལྡིང་རྒྱལ་པོའི ་ཕྱག་རྒྱ་ཅན།། གཡས་ཀྱི་ཕྱག་རྒྱ་འབར་བ་ནི།། ཀླུ་ཆེན་བརྒྱད་ཀྱི་སྙིང་ནས་འཛིན།། གཡོན་གྱི་ཕྱག་རྒྱ་འབར་བ་ནི།། ནམ་མཁའ་ལྡིང་དང་གསང་བ་འཛིན།། གང་གིས་ཀླུ་རྒྱལ་གདན་དུ་གདིང་།། རང་སྔགས་ས ་བོན་འབར་བར་ལྡན།། རྒྱལ་རིགས་སྣ་ཚོགས་གདེངས་ཀ་ཅན།། རབ་ཏུ་སྤྲོ་བའི་འོད་ཀྱི་བརྒྱན།། རབ་སྔགས་རབ་ཏུ་འབར་བ་ནི།། རང་གི་སྲོག་གི་དབུས་སུ་བླང་།། འོད་དང་གཟི་བྱིན་གནས་མཐོང་ནས།། སྔགས ་འདི་ཤུགས་ལྡན་སྦྱོར་བ་ཡིས།། གསང་སྔགས་རྒྱལ་པོ་འདི་དག་བྱུང་།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ན་ག་ར་ཛ་མ་ར་ཡ་བ་ཤཾ་ཀུ་རུ་ཧཱུཾ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་ཏོང་ས་ཡ་བི་ཏོང་ས་ཡ་ཧཱུཾ། ཧེ་ས་མ ་ཡ་བྷ་ག་ཝན། པདྨ་ཤྲེ་ཏྲེ་པྲ་ཏི་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་དགའ་བོ་ཉེར་དགའ་བོ།། མ་དྲོས་གཟི་ཅན་ལ་སོགས་པ། རབ་ཏུ་འཇིགས་ཤིང་འདར་གྱུར ་ནས།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཐམས་ཅད་འདར།། གང ་གིས་ཀླུ་ཡི་གྲོང་ཁྱེར་འཇོམས། ཁྱོད་ནི་ཀླུ་ཆེན་ཀུན་གྱི་གཙོ།། དྲག་པོ་སྔགས་ཀྱི་འབྱུང་གནས་ཀྱང་།། བདག་ཅག་རྣམས་ཀྱི་མཆིས་བྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དཔའ་བོ་དབང་ཆེན་བཞེས་སུ ་གསོལ།། ལས་རྣམས་ཟས་ཅད་བདག་གིས་བགྱི།། དེ་སྐད་ཅེས་ཀླུ་ཐམས་ཅད་ཀྱིས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གི་འདི་སྐད་ཅེས་བཀའ་སྩལ་ཏོ། ཧཱུཾ། ་གང་གིས་ཀླུ་ཚོགས་བཅས་པ་ཀུན།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དཔའ་བོ་དབང་ཕྱུག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱིས།། འཇིག་རྟེན་བཤིག། ་དང་བསྲུང་བ་དང་།། མ་ལུས་མ་ལུས་ཐམས་ཅད་པ།། ཅི་འདོད་སླང་དང་བསྒྲུབ་པ་དང་།། ཅི་འདོད་བདེ་བ་ཐམས་ཅད་ཀྱིས།། བཀའ་འདི་ལེགས་པར་བསྒོ་བ་ཡི།། ཀླུ་ཡི་རྒྱལ་པོ་དགའ་བོ་དང་།། ཉེ་དགའ་མཐའ ་ཡས་ལ་སོགས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པར།། ཐམས་ཅད་ཐམ་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཀླུའི་རྒྱལ་པོ་འདུལ་བའི་ལེའུ་སྟེ་ཉི་ཤུ་བདུན ་པའོ།། །། དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་གཡོ་བ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཧཱུཾ། རླུང་ལྷ་འདུལ ་བའི་ལས་བྱེད་པས།། ནུབ་བྱང་ཕྱོགས་ཀྱི་ཁང་པ་རུ།། སྔོན་འགྲོའི་ཆོ་ག་རྫོགས་པར་བྱ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རླུང་རྒྱལ་འཁོར་ལོ་རྣམས་ལངས་ཏེ།། དམར་སྐྱ་རབ་ཏུ་འབར་བའི་ཞལ།། རླུང་ཆེན ་རབ་ཏུ་གཡོ་བ་ལ།། གང་གིས་བརྐྱང་བསྐུམ་ཚུལ་དུ་གནས།། རབ་ཏུ་འཇིགས་པའི་སྒྲ་ཆེན་སྒྲོགས།། གཡས་ཀྱི་ཕྱག་རྒྱ་འབར་བ་ན།། རླུང་ལྷའི་རྒྱལ་པོའི་སྙིང་ནས་འཛིན།། གཡོན་གྱི་ཕྱག་རྒྱ་འབར་བ་ན།། རླུང ་རྒྱལ་འཁོར་ལོ་འབར་བ་བསྣམས།། རླུང་ཆེན་རབ་ཏུ་འཁྲུགས་པའི་ཀློང་།། རང་སྔགས་ཤིན་ཏུ་མི་བཟད་པ།། སྲོག་གི་ཙཀྲ་འབར་བ་འཛིན།། འོད་ཟེར་རབ་ཏུ་འཁྲུགས་པའི་ཀློང་།། ཤིན་ཏུ་འཇིགས་པའི་ཙཀྲ ་ལྡན།། དེ་ཡི་གསང་སྔགས་འདི་དག་བྱུང་།། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཡ་བཛྲ་བཱ་ཡ་བེ། མ་ར་ཡ་པ་ཤཾ་ཀུ་རུ་ཧཱུཾ། བྷཀྵ་ཡ་བྷ་ཀྵ་ཡ་ཧཱུཾ། བི་དྷ་ན་ས་ཡ་བི་དྷ་ན་ས་ཡ། དེ་བ་ས་མ་ཡ་བྷ་ག་ཝན། པདྨ ་ཤྲེ་ཏྲེ་པྲ་ཏི་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲིན་ཙམ་གྱིས།། རླུང་ལྷའི་རྒྱལ་པོ་མ་རུངས་པ།། འཇིགས་པ་ཡི་ནི་ཆ་ལུགས་ཅན།། རབ་ཏུ་འཇིགས་ཤིང་འདར་གྱུར་ནས།། དབང་ཆེན་རྡོ་རྗེའི་མདུན ་དུ་ལྷགས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མའོ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཐམས་ཅད་འདར།། གང་ཕྱིར་རླུང་ལྔའི་གྲོང་ཁར ་འཇོམས།། ཁྱོད་ནི་རླུང་ལྷ་ཀུན་གྱི་རྗེ།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སྐས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས ་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ། གང་ཞིག་རླུང་ལྔའི་ཚོགས་ཆེན ་རྣམས།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དཔའ་བོའི་དབང་ཕྱུག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱི།། འཇིག་རྟེན་མུ་སྟེགས་འདུལ་བ་དང་།། ཞི་དང ་རྒྱས་ལ་སོགས་པ་ཡི།། ལས་རྣམས་མ་ལུས་མངོན་དུ་བགྱིས།། གང་ཡང་སངས་རྒྱས་བསྟན་པ་ལ། གནོད་པ་བྱེད་པ་མྱུར་དུ་སྒྲོལ།། བཀའ་འདི་ལེགས་པར་བསྒོ་བ་ཡིས།། རླུང་ལྔའི་རྒྱལ་པོ་མ་ལུས་པ།། ཐམས ་ཅད་ཐམས་ཅད་ཅི་འདོད་པར།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། ཆུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རླུང་ལྷ་དྲག་པོ་འདུལ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་དཔལ་བཟླ་པར་གྱི་དབང་ཐུག་གོས།། གནད་སྟོན་ངས་པར་འཇམས་པ་ཞེས་བྱ་བའི་ཏིང་དེ་འངན་ལ་རྣམས་པར་ཞུགས་ཏེ།། འདི་གད་ཅེས་གསངས་པ།། ། གནང ་འདུལ་བར་བྱེད་པ་ཡིས།། བྱང་དུ་ལྟ་བའི་ཁང་པ་རུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། དམར་ལྡང་རབ་ཏུ་འབར་བའི་མདོག། གནོད་སྦྱིན ་མཆོག་གི་རླུང་ན་བཞུགས།། བརྐྱང་བསྐུམ་ཚུལ་དུ་གནས་པར་གྱུར།། རྡོ་རྗེ་རྟ་སྐད་ཆེན་པོ་རྒོད།། གཡས་ཀྱི་ཕྱག་རྒྱ་འབར་བ་ཡིས།། གནོད་སྦྱིན་ཚོགས་ཀྱི་སྙིང་ནས་འཛིན།། གནོད་སྦྱིན་བསྒྱེལ་བའི་གདན་སྟེངས ་ན།། བརྐྱང་བསྐུམ་ཞབས་ཀྱི་འཇིགས་པའི་གཟུགས།། རང་སྔགས་ཤིན་ཏུ་མི་བཟད་པས།། སྲོག་གི་འཁོར་ལོ་རབ་ཏུ་འཇིགས།། རབ་ཏུ་འཁྲུགས་པའི་ཀློང་དཀྱིལ་ན།། ཤིན་ཏུ་མི་བཟད་ཕྲ་མོའི་སྐུ།། གསང་སྔགས ་འདི་ནི་མངོན་པར་ཕྱུང་།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཡཀྵ་མ་ར་ཡ་བ་ཤཾ་ཀུ་རུ་ཧཱུཾ། བྷ་ཀྵ་ཡ་བྷ་ཀྵ་ཡ། བི་སྟཾ་ས་ཡ་བི་སྟཾ་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲེ་ཏྲེ་པྲ་ཏི་སྟཾ་བྷ་ཡ། བྷ་ག་ཝན་ཧཱུཾ་ཕཊ། ་གསང་སྔགས་འདི་ནི་དྲན་ཙམ་གྱི།། གནོད་སྦྱིན་རྒྱལ་པོ་མ་རུངས་པ།། འཇིགས་བྱེད་འཇིགས་པའི་ཆ་ལུགས་ཅན།། རབ་ཏུ་འཇིགས་ཤིང་འདར་བར་གྱུར།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱིས ་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མའོ་དཔལ་ལྡན་གར་དབང་ཕྱུག་ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར་གནོད་སྦྱིན་ཁམས་རྣམས་འཇོམས།། ཁྱོད་ནི་གནོད ་སྦྱིན་ཀུན་གྱི་རྗེ།། དྲག་པོའི་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲེང་དང་།། ལས་དང་བྱི་མོ་བྲན་མོ་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས ་བགྱི།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་།། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། ཧཱུཾ་གང་གི་གནོད་སྦྱིན་འཁོར་དང་བཅས།། དེད་དཔོན་མངག་པར ་བཅས་པ་རྣམས།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་ལས་རྣམས་ཐམས་ཅད་འགྲུབ་པར་བགྱིས།། གང་ཞིག་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱི།། གནོད་སྦྱིན་ཚོགས་རྣམས ་འདུལ་བ་དང་།། གནོད་སྦྱིན་གདུགས་པར་བྱེད་པའི་ཚོགས།། མ་ལུས་མངོན་དུ་བསྒྲལ་བར་བགྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་པ་བྱེད་པ་མྱུར་དུ་སྒྲོལ།། བཀའ་འདི་ལེགས་པར་བསྒོ་བར ་གྱིས།། གནོད་སྦྱིན་རྒྱལ་པོ་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གནོད་སྦྱིན་འདུལ་བའི་ལེའུ་སྟེ ་ཉི་ཤུ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་གིས། འབྱུང་པོ་གནོད་སྦྱིན་འགུགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་འདི་སྐད་ཅེས་གསུངས་སོ།། འབྱུང་པོ་འདུལ་བའི་ལས་བྱེད་པས།། བྱང་ཤར་མཚམས་ཀྱི་ཁང་པ་རུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར ་ལངས་ཏེ།། དམར་སྨུག་འཇིགས་པའི་ཆ་ལུགས་ཅན།། འབྱུང་པོའི་ཚོགས་ཀྱི་དཀྱིལ་ན་བཞུགས།། བརྐྱང་བསྐུམ་ཞབས་ཀྱི་འབྱུང་པོ་གནོད།། དོར་སྟབས་ཞབས་ཀྱིས་འབྱུང་པོ་གཟིར། ཧ་ཧ་རུ་ལུའི་སྒྲ་ཆེན ་སྒྲོགས།། གཡས་ཀྱི་ཕྱག་བརྒྱད་བར་བ་ཡིས།། འབྱུང་པོ་ཕོ་མོ་སྙིང་ནས་འཛིན།། འབྱུང་པོ་ཕྲུག་གུ་ཐམས་ཅད་ཀུན།། དྲག་སྔགས་ཆོ་དེ་ཆེར་འདེབས་ཤིང་།། རབ་ཏུ་འཕྲོ་བའི་འོད་ཀྱི་བརྒྱན།། སྲོག་གི་འཁོར་ལོ་རབ ་ཏུ་གསང་།། རང་སྔགས་སྙིང་ཁར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་། ཨོཾ་པདྨ་ཤྲི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཨི་ཤ་ནི་མ་ར་ཡ། པ་ཤཾ་ཀུ་རུ་ཧཱུཾ། བྷ་ག་ཤ ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་ཏོང་ས་ཡ་བི་ཏོང་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲཱི་ཏྲེ་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། འབྱུང་པོ་འཇིགས་པའི་ཆ་ལུགས་ཅན།། རབ་ཏུ་འཇིགས་ཤིང ་འདར་བར་གྱུར།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱི་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་འོ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས ་རྣམས་འདར།། གང་ཕྱིར་འབྱུང་པོའི་གྲོང་ཁྱེར་འཇོམས། ཁྱོད་ནི་འབྱུང་པོ་ཀུན་གྱི་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྱི་མོ་བྲན་མོ་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས ་རྣམས་ཐམས་ཅད་བདག་གིས་བགྱིས།། དེ་སྐད་བསྟོད་དེ་ཁས་བླངས་པ་དང་།། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་དབང་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། འབྱུང་པོ་གང་ཞིག་དམག་དང་དཔུང་།། སྡེ ་དཔོན་ལ་སོགས་མངག་པར་བཅས།། སངས་རྒྱས་བསྟན་པ་བསྲུང་བ་དང་། རྣལ་འབྱོར་འཁོར་རྣམས་བསྲུང་བར་བྱོས།། གང་ཞིག་དབང་ཆེན་ལྷ་མཆོག་གིས།། འདི་ལྟར་བསྒོ་བ་བཞིན་དུ་བགྱིས།། གང་གིས་སངས ་རྒྱས་བསྟན་པ་ལ།། གནོད་ཅིང་གདུག་པ་དགྲ་དང་བགེགས།། མ་ལུས་མངོན་དུ་བསྒྲལ་བར་བགྱིས།། ཞི་དང་རྒྱས་དང་དབང་དང་དགུག། རེངས་པའི་ལས་རྣམས་གྲུབ་པར་གྱིས།། གང་ཡང་སངས་རྒྱས་བསྟན་པ ་ལ།། གནོད་པ་བྱས་པ་མྱུར་དུ་ཁྱིགས།། བཀའ་འདི་ལེགས་པར་བསྒོ་བ་ཡིས།། འབྱུང་པོ་ཕོ་མོ་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི ་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། འབྱུང་པོ་དྲག་པོ་འདུལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། སྲིན་མོ་ཟིལ་གྱིས་གནོན་པའི ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྲིན་མོ་འདུལ་བའི་ལས་བྱེད་པས།། སྲིན་མོ་འདུལ་བའི་ས་ཕྱོགས་སུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། དམར་སྨུག་རྫོགས་པའི་ཆ་ལུགས་ཅན།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། སྲིན་མོ་བརྒྱད་ཀྱི་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱད་འཕར་བ ་ཡིས།། སྲིན་མོའི་གྲོང་ཁྱེར་བྱིན་མོ་འཇོམས།། སྲིན་མོའི་གནས་རྣམས་ཐམས་ཅད་དུ།། གར་གྱི་དབང་ཕྱུག་སྤྲུལ་བ་འཕྲོ།། འཇིགས་པའི་སྲི་མོའི་ཐོད་པ་ཡིས།། གར་གྱི་དབང་ཕྱུག་སྐུ་ལ་བརྒྱན།། ཧ་ཧི་གད་མོ་ཆེན ་པོ་ཡིས།། བསྲེགས་ནས་ཆོ་ངེ་ཆེར་འདེབས་པས།། རབ་ཏུ་འཕྲོས་པའི་འོད་ཀྱིས་བརྒྱན།། སྲོག་ནི་ཤིན་ཏུ་གསལ་བར་གྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། རག ་མོ་ཤཾ་པ་རི། རག་མོ་ཀྲོ་དྷི་ཤྭ་རི་ཛ་ལ་ཤཾ་པ་རི། ཧྲི་ཧ་ཡ་གྲི་བ་ཧཱུཾ། རག་མོ་ཏྲི་ནི་ཀུ་རུ་ཛ་ལ་ཤཾ་པ་རི། ཤྭ་རི་ཛ་ལ་ནི། ཕྲ་མ་ཤྲི་ཧཱུཾ། རག་མོ་སརྦ་ཀུ་བན་དྷ་ཡ་ཧཱུཾ་ཧྲི་ཛ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་ཏོང་ས་ཡ་བི་ཏོང་ས ་ཡ་ཧཱུཾ། ཧེ་ས་མ་ཡ། ས་མ་ཡ་བྷ་ག་ཝན།། པདྨ་ཤྲི་ཏེ། པྲ་ཏི་སྟཾ་བྷ་ཡ། བྷ་ག་ཝ་ན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། སྲིན་མོ་རབ་ཏུ་གཏུམ་མོ་དང་།། ཟ་བ་མོ་དང་རྒན་མོ་རྣམས།། རབ་ཏུ་འཇིགས་ཤིང ་འདར་བར་འགྱུར།། དབང་ཆེན་རྡོ་རྗེའི་མདུན་དུ་གནས།། རབ་ཏུ་སྡོམ་པ་རྗེས་དྲན་པས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མའོ་དཔལ་ལྡན་གར་དབང ་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར་སྲིན་མོའི་གྲོང་ཁྱེར་འཇོམས།། དྲག་པོའི་སྔགས་ནི་ཕྱུང་ནས་ཀྱང་།། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྱི་མོ་ཐམས་ཅད ་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། གང་ཡང་སྲིན་མོ་སྲིན་པོའི ་ཚོགས།། སྡེ་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བྱོས།། སངས་རྒྱས ་བསྟན་ལ་གནོད་པ་དང་།། རུ་དྲ་དང་ནི་གདུག་པ་ཅན།། གང་གི་དམ་ལ་མི་གནས་པ།། བདུད་དང་སྡང་སེམས་བྱེད་པ་དང་།། གང་ཡང་ལོག་པར་འདྲེན་པ་དང་།། དེ་ལས་འདའ་བར་བྱེད་པའི་བགེགས།། མ་ལུས ་མངོན་པར་བསྒྲལ་བར་བགྱིས།། ཞི་དང་དབང་དང་རྒྱས་དང་དགུག་རེངས་པའི་ལས་རྣམས་གྲུབ་པར་གྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་པ་བྱེད་པ་ཡུལ་དུ་ཁྱིགས།། བཀའ་ནི་ལེགས ་པར་བསྒོ་བ་ཡིས།། སྲིན་མོའི་ཚོགས་རྣམས་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱས་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་བ་ལས།། སྲིན་མོ ་འདུལ་བའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས ་གསུངས་སོ།། མ་མོ་འདུལ་བའི་ལས་བྱེད་པའི། ཡི་དགག་གནས་པའི་ཁང་པ་རུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་བལྟས་ཏེ།། དམར་ནག་ཆེན་པོ ་འཇོམས་པའི་ཞལ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ནི།། མ་མོ་བརྒྱད་ཀྱི་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱད་འབར་བ་ནི།། གཏུམ་མོ་བརྒྱད་ཀྱི་དོན་སྙིང་འབྱིན།། དེའི་ཚེ་མ་མོ་མང་པོ་ཀུན།། སྲེག་སྔགས་ཆོ ་དེངེ་ཆེར་འདེབས་ཤིང་།། རབ་ཏུ་འཕྲོ་བའི་འོད་ཀྱིས་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསང་།། རང་སྔགས་སྙིང་ཁར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་དག ་ཕྱུང་།། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱཾ། པདྨ་ཀྲོ་དྷཱི་ཤྭ་རི་ཛ། མ་མ་ཙིཏྟ་ཛ་ལ་རཾ། མ་མ་ཤ་ར་ཛཿཛཿརག་ཤ་ཐུན། དྷི་བ་མ་མ་ཛ། ཐུན་ཛ། ཐུན་ཡག་ཤ་ཀུ་རུ་ཛ་ཐུན། རྦབ་ཤ་ཡ་རྦག་ཤ་ཡ་མ་ཧཱཾ། བི་ཏོང་ས་ཡ་བི་ཏོང་ས་ཡ ་ཧཱུཾ། ས་མ་ཡ་བྷ་ག་ཝན། པདྨ་ཀྵ་ཏྲེ་པྲ་ཏི་སྟཾ་བྷ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མའོ་དཔལ་ལྡན ་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར་མ་མོའི་གྲོང་ཁྱེར་འཇོམས། ཁྱོད་ནི་མ་མོ་ཀུན་གྱི་བདག། དྲག་པོའི་སྔགས་ནི་ཕྱུང་ནས་ཀྱང་།། བདག་ཅག་རྣམས་ཀྱི་མཆིས་འབྲང ་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་།། དེ་ནས་བཅོམ་ལྡན་འདས་དཔལ་པདྨ ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་གསུངས་སོ།། ཧཱུཾ། གང་ཞིག་མ་མོའི་ཚོགས་བཅས་ཀུན།། དེད་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར ་བགྱིས།། གང་ཞིང་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱིས།། མ་ལུས་མྱུར་དུ་བསྒྲལ་བར་གྱིས།། ཞི་དང་རྒྱས་དང་དབང་དང་དགུགས། རེངས་པའི་ལས་རྣམས་སྒྲུབ་པར་གྱིས།། གང་ཡང ་སངས་རྒྱས་བསྟན་པ་ལ།། གནོད་པ་བྱེད་པ་མྱུར་དུ་ཁྲིགས།། བཀའ་འདི་ལེགས་པར་བསྒོ་བ་ཡིས།། མ་མོའི་ཚོགས་རྣམས་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ། ཐམས་ཅད་ཐམས་ཅད ་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། མ་མོ་འདུལ་བའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཁྲོ་བོ་ཟ ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཤ་ཟ་འདུལ་བའི་ལས་བྱེད་པས།། ཤ་ཟ་གནས་པའི་ས་ཕྱོགས་སུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས ་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། ཤ་ཟ་ཕོ་ཉའི་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱད་འབར་བ་ཡིས།། ཤ་ཟ་མོ་ཡི་སྙིང་ནས ་འཛིན།། སྐུ་ནི་དམར་ནག་རབ་ཏུ་འབར།། ཤ་ཟའི་ཟོད་པས་སྐུ་ལ་བརྒྱན།། དྲག་སྔགས་ཆོ་ངེ་ཆེར་འདེབས་ཤིང་། རབ་ཏུ་འཕྲོ་བའི་འོད་ཀྱིས་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསལ།། རང་སྔགས་སྙིང་ཁར ་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་།། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། མ་ཏི་མ་ཏི། དུཾ་ཏྲི་དུཾ་ཏྲི། དྲི་ཟ་འབུར་ཏྲིན་རག་པ་ས་བཾ། སན་ཏི་ཀ་ཡེ། ་པ་ཏི་ཀ་ཡེ། བ་བནྟེ། ན་ཤ་ཡ་ན་ས་ཡ་ཧཱུཾ། ཧྲི་ཛ་ཛ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་ཏོང་ས་ཡ་བི་ཏོང་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤེ་ཏྲེ་པྲ་ཏི་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ ་གྱིས།། ཤ་ཟ་ཁྲོ་མོ་མི་སྲུན་པ།། མཛའ་མོ་རག་མོ་ལ་སོགས་པ།། རབ་ཏུ་འཇིགས་ཤིང་འདར་བ་དང་།། དབང་ཆེན་རྡོ་རྗེའི་མདུན་དུ་ལྷགས།། མ་ལུས་ཀུན་གྱི་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས ་བསྟོད།། ཨེ་མའོ་དཔལ་ལྡན་གར་གྱི་བདག་ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱི་ཤ་ཟའི་གྲོང་ཁྱེར་འཇོམས།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང ་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱིས། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ། ཤ་ཟ་ཕོ་མོ་ལ་སོགས་པ།། སྡེ་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར ་བྱོས།། གང་གིས་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་གྱིས།། མ་ལུས་མངོན་དུ་བསྒྲལ་བར་གྱིས།། ཞི་དང་རྒྱས་དང་དབང་དང་འགུགས།། རངས་པའི་ལས་རྣམས་གྲུབ་པར་གྱིས།། གང་ཡང ་སངས་རྒྱས་བསྟན་པ་ལ།། གནོད་པ་བྱེད་པ་མྱུར་དུ་ཁྱིགས།། བཀའ་འདི་ལེགས་པར་བསྒོ་བར་གྱིས།། ཤ་ཟ་ཕོ་མོ་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཤ་ཟ་འདུལ་བའི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དྲག་པོ་རབ་ཏུ་གསང ་བའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། རོ་ལངས་འདུལ་བའི་ལས་བྱེད་པས།། རོ་ལངས་གནས་པའི་ས་ཕྱོགས་སུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས ་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། རོ་ལངས་བརྒྱད་ཀྱི་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱ་འབར་བ་ཡིས།། དུར་ཁྲོད་རོ་ལངས ་གཙོ་མོ་མནན།། སྐུ་ནི་དམར་སེར་རབ་ཏུ་འབར།། རོ་ལངས་ཐོད་པས་སྒྲ་ལ་བརྒྱན།། སྐྲག་སྔངས་ཆོ་ངེ་ཆེར་འདེབས་ཤིང་།། རབ་ཏུ་འཕྲོ་བའི་འོད་ཀྱིས་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསང་།། རང་སྔགས་སྙིང ་ཀར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་ཕྱུང་ངོ་།། ཨོཾ་པདྨ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཀ་ས་མ་འབུར་ཏི་ཀྐི་བཾ། རག་ཏུ་ཡི་བ་རུ་དུ་ཡཾ་པ། ཀུ་རུ་ཡཾ་པ། ཤཾ ་ཏིང་ཀུ་ཡཾ་པ། ཏྲི་ཏ་དུ་རུ་ཡཾ་བ་ཧཱུཾ་ཕཊ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ་ཕཊ། བི་ཏོ་ས་ཡ་བི་ཏོང་ས་ཡ་ཧཱཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲི་ཏྲེ། པྲ་ཏི་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲིན་ཙམ་གྱིས།། རོ ་ལངས་ནག་པོ་རལ་གཅིག་མ། མ་ལུས་གསང་ཆེན་དགའ་བྱེད་ཀྱི།། མདུན་དུ་མ་ལུས་ལྷགས་བྱས་ཏེ།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་པདྨ་གར ་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར་རོ་ལངས་གྲོང་ཁྱེར་འཇོམས།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད ་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད ་ཅེས་བཀའ་སྩལ་ཏོ།། ཧཱུཾ། རོ་ལངས་ཕོ་མོ་མ་ལུས་པ།། སྡེ་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དབང་ཆེན་ལྷ ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་བགྱིས།། མ་ལུས་མངོན་དུ་བསྒྲལ་བར་བགྱིས།། ཞི་དང་རྒྱས་དང་དབང་དང་དགུགས།། རེངས་པའི་ལས་རྣམས་གྲུབ་པར་གྱིས།། ཐམས་ཅད་ཐམས་ཅད་ཅི་འདོད ་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རོ་ལངས་འདུལ་བའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ ་པདྨ་གར་གྱི་དབང་ཕྱུག་གིས། སྲིན་མོ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། ཐོགས་པ་མེད་པར་འགྱུར་བ་ཡིས།། སྲིན་མོ་རབ་ཏུ་འཆང་བ་མོ།། རབ ་ཏུ་འདུལ་བར་བྱ་བ་ནི།། སྲིན་མོ་གནས་པའི་ས་ཕྱོགས་སུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། སྲིན ་མོ་རྡུལ་རྒྱུགས་སྙིང་ནས་འདྲེན།། གཡོན་གྱི་ཕྱག་བརྒྱད་འབར་བ་ཡིས།། སྲིན་མོ་གློག་འཕྲེང་སྙིང་ནས་འཛིན།། སྐུ་ནི་དམར་ནག་རབ་ཏུ་འབར།། སྲིན་མོ་མ་ལུས་ཐམས་ཅད་ཀུན།། གསང་སྔགས་ཆོ་ངེ་ཆེར་འདེབས ་ཤིང་།། རབ་ཏུ་སྤྲོ་བའི་འོད་ཀྱི་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསང་།། རང་སྔགས་སྙིང་ཁར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཀྲོ་དྷ་ཀི་ལི་ཛ། སུམ་པ་ཀུ་རུ་རག་མོ་ཛ། རག་མོ་ཤ་ཏྲི་ཀྲི་ལི་ཛ། རག་མོ་བན་དྷ་ཀི་ལི་ཡཀྵ་དུཾ་ཛ་ཛ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱཾ། བི་ཏོང་ས་ཡ་བི་ཏོང་ས་ཡ་ཧཱཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཀྵ ་རི་པྲ་ཏི་སྟཾ་བྷ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། སྲིན་མོ་རོ་ལངས་གཤན་པ་མོ།། དེ་བཞིན་སྲིན་མོ་ཐམས་ཅད་ཀུན།། དབང་ཆེན་སྲིན་མོ་འདུལ་བྱེད་ཀྱིས།། རྡོ་རྗེའི་མདུན་དུ་ལྷགས་གྱུར ་ཏེ།། མ་ལུས་ཀུན་གྱི་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཐམས་ཅད་འདར།། གང་ཕྱིར་སྲིན་མོའི་གྲོང་ཁྱེར ་འཇོམས།། སྲིན་མོ་གཏུམ་མོ་རྡོ་རྗེ་མ།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། དེ ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ་སྲིན་མོའི་ཚོགས་བཅས་མ་ལུས་ཀུན།། སྡེ་དཔོན་མངག་པ་དང་བཅས ་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱོས།། གང་ཞིག་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་གྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་པར ་བྱེད་པ་མྱུར་དུ་ཁྱིགས།། བཀའ་འདི་ལེགས་པར་བསྒོ་བ་ཡིས།། སྲིན་མོའི་ཚོགས་བཅས་མ་ལུས་པ།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ ་ཁྲ་བོ་རྟ་མཆོག་རོལ་པ་ལས། སྲིན་མོ་འདུལ་བ་གསང་བ་དྲག་པོའི་ལེའུ་བྷ་སོ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་དབང་ཕྱུག་གིས་མ ་ལུས་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དབང་ཕྱུག་འདུལ་བའི་ལས་བྱེད་པ།། འདི་ཉིད་གནས་པའི་ས་ཕྱོགས་སུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས ་ཏེ།། དབང་ཐོབ་ཡེ་ཤེས་ཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ནི།། དབང་ཕྱུག་གཙོ་བོ་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱད་འབར་བ་ཡིས།། དབང་ཕྱུག་བློན་མོ་སྙིང ་ནས་འཛིན།། དབང་ཕྱུག་བྲན་མོ་ཞབས་ནས་འཛིན།། དེ་ཚེ་དབང་ཕྱུག་མ་ལུས་ཀུན།། སྐྲག་སྔངས་ཆོ་ངེ་ཆེར་འདེབས་ཤིང་།། རབ་ཏུ་འཕྲོ་བའི་འོད་ཀྱིས་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསང་།། དྲག་སྔགས ་སྙིང་ཁར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་གྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་།། ཨོཾ་པདྨ་ཤྲི་ཧེ་རུ་ཀ་ཧཱཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཁ་ཏོར་ཀུ་རུ་བྷྱོ། རག་ཏི ་ཀུ་རུ་བྷྱོ། སུ་པ་ཀུ་རུ་བྷྱོ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་སྟོང་ས་ཡ་བི་སྟོང་ས་ཡ་ཧཱུཾ། དེ་བ་ས་མ་ཡ་བྷ་ག་ཝན། པདྨ་ཤྲི་ཏྲི་པྲ་ཏི་སྟཾ་བྷ་ཡ་བྷ་ག་ཝ་ན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། དབང་ཕྱུགས་མ་དང ་སྐྱོང་བྱེད་མ། དེ་བཞིན་དྲག་མོ་ལ་སོགས་པ།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་དཔལ་ལྡན་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས་རྣམས ་འདར།། གང་ཕྱིར་དབང་ཕྱུག་གྲོང་ཁྱེར་འཇོམས།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ ་གོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱི།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། ཧཱུཾ། དབང་ཕྱུག་ཆེན་པོ ་འཁོར་དང་བཅས།། སྡེ་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བགྱིས།། གང་གིས་དབང་ཆེན་ལྷ་མཆོག་གི། ཇི་ལྟར་བསྒོ་བ་བཞིན་དུ ་གྱིས།། མ་ལུས་མངོན་དུ་བསྒྲལ་བར་གྱིས།། ཞི་དང་རྒྱས་དང་དབང་དང་དགུགས།། རེངས་པའི་ལས་རྣམས་གྲུབ་པར་གྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་བྱེད་མྱུར་དུ་བསྒྲལ་བར་གྱིས།། བཀའ་འདི ་ལེགས་པར་བསྒོ་བ་ཡིས།། དབང་ཕྱུག་ཆེན་མོ་རྡོ་རྗེ་མ།། ཐམས་ཅད་ཐམས་ཅད་ཅི་འདོད་པར།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། དབང་ཕྱུག ་མ་བཀོལ་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྦྱོར་བ་ཆེན་པོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་འདི་སྐད་ཅེས་གསུངས་སོ།། རིགས་འཛིན་གསང་བ་བསྒྲུབ་པའི་ཕྱིར།། བདུད་སྡེ་ཐལ་བར་བྱ་བའི་ཕྱིར།། རྡོ་རྗེ་བདུད་རྩིའི་གནས་དག་ཏུ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། བདུད་སྡེ་ཐམས་ཅད་སྙིང་ནས་འཛིན།། གཡོན་གྱི་ཕྱག་བརྒྱད་བར་བ་ཡིས།། འཇོམས་པའི་འཇིགས་བྱེད་སྙིང་ནས་འཛིན།། དེའི་ཚེ ་བདུད་རྣམས་ཐམས་ཅད་ཀུན།། སྲོག་སྔགས་ཆོ་ངེ་ཆེར་འདེབས་ཤིང་།། རབ་ཏུ་སྤྲོ་བའི་འོད་ཀྱིས་བརྒྱན།། སྲོག་གི་ཙཀྲ་རབ་ཏུ་གསང་།། རང་སྔགས་སྙིང་ཀར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར ་འགྱུར།། དེའི་ཚེ་གསང་སྔགས་འདི་དག་བྱུང་།། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཐར་དུ་ནི་ཤ་དུཾ་བུད་མ་དུཾ་བུ། ཏྲི་ཤ་བ་ལ། ཡ་དུན་མ་དུན། ཁ་ཤཾ་བཾ། སྟཾ་བྷ་ཡ། ཧྲི་ཧྲཱི། ཛཿཛཿབྷ་ག་ཤ་ཡ་བྷ་ག་ཤ་ཡ ་དུ། བི་ཏོང་ས་ཡ་བི་ཏོང་ས་ཡ་ཧཱུཾ། ཧེ་ས་མ་ཡ་བྷ་ག་ཝན། པདྨ་ཤྲེ་ཏྲེ་སྟཾ་པ་ཡ། བྷ་ག་ཝན་ཧཱུཾ་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། ནག་པོ་སྐྲག་མེད་ལ་སོགས་པ།། བདུད་ཀྱི་རྒྱལ་པོ་ཆེན་པོ་དང་།། འཇིགས ་མཛད་རབ་ཏུ་འཇིགས་མཛད་པ།། མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད། ཨེ་མ་འོ་དཔལ་ལྡན་གར་དབང་ཕྱུག་ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར ་བདུད་ཀྱི་གྲོང་ཁྱེར་འཇོམས།། བདུད་སྡེ་ཀུན་གྱི་བདག་པོ་སྟེ།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས ་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས་བགྱིས།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ་དབང་ཕྱུག ་ཆེན་པོའི་བཀའ་ཉན་པ།། བདུད་ཀྱི་རྒྱལ་པོ་ནག་པོ་ཆེ།། སྡེ་དཔོན་མངག་པ་དང་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་གྱིས།། གང་གིས་དབང་ཆེན་ལྷ་མཆོག ་གིས།། ཇི་ལྟར་བསྒོ་བ་བཞིན་དུ་གྱིས།། ཞི་དང་རྒྱས་དང་དབང་དང་དགུགས།། རེངས་པའི་ལས་རྣམས་གྲུབ་པར་གྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་པ་བྱེད་པ་མྱུར་དུ་ཁྱིགས།། བཀའ་ནི་ལེགས ་པར་བསྒོ་བ་ཡིས།། བདུད་ཀྱི་རྒྱལ་པོ་འཁོར་དང་བཅས།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། བདུད་ཀྱི ་རྒྱལ་པོ་བཏུལ་བའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་དྲག་པོ་མེའི་འཕྲེང་བ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། སྔོན་འགྲོའི་ཆོ་ག་རྫོགས་བྱས་ཏེ།། དབང་ཐོབ་ཡེ་ཤེས་འཁོར་ལོ་ཡིས།། རབ་ཏུ་དྲག་པོའི་སྐུར་ལངས་ཏེ།། གཡས་ཀྱི་ཕྱག་བརྒྱད་འབར་བ་ཡིས།། རུ་དྲ་ནག་པོའི་སྙིང་ནས ་འཛིན།། གཡོན་གྱི་ཕྱག་བརྒྱད་འབར་བ་ཡིས།། རུ་དྲ་མོ་ཡི་སྙིང་ནས་འཛིན།། ཀུན་ཏུ་རབ་ཏུ་འཇོམས་པ་ཡིས།། སྦྱོར་བ་རབ་ཏུ་རྟོགས་པར་བྱེད།། དེ་ཚེ་སྲིན་མོ་རུ་དྲ་རྣམས།། སྐྲག་སྔངས་ཆོ་ངེ་ཆེར་འདེབས ་ཤིང་།། རབ་ཏུ་སྤྲོ་བའི་འོད་ཀྱི་བརྒྱན།། སྲོག་གི་འཁོར་ལོ་རབ་ཏུ་གསང་།། རང་སྔགས་སྙིང་ཀར་བསམས་ནས་ནི།། སྲོག་ནི་ཤིན་ཏུ་གསལ་བར་འགྱུར།། དེའི་ཚེ་གསང་སྔགས་འདི་དག་ཕྱུང་།། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ ་ཀ་ཧཱཾ། པདྨ་ཀྲོ་དྷི་ཤྭ་རི་ཛ་ཛ། རག་ཤ་ཀ་པ་ལ་ཡ་ཏྲི་ཛ་ཛ། རག་ཤ་ཀ་པ་ལ་བན་དྷ་པ་ལ་ཛ་ཛ། ཨ་ཏི་རག་ཤ་རྦད་ཤ་ཡ་ཧྲི་ཛ། བྷ་ག་ཤ་ཡ་བྷ་ག་ཤ་ཡ་ཧཱུཾ། བི་ཏིང་ས་ཡ་བི་ཏོང་ས་ཡ་ཧཱུཾ། ཧེ་སྭ་མ་ཡ་བྷ་ག་ཝན། པདྨ་ཤྲེ ་ཏྲ་པྲ་ཏི་སྟཾ་བ་ཡ། བྷ་ག་ཝན་ཧཱུཾ་ཕཊ།། གསང་སྔགས་འདི་ནི་དྲན་ཙམ་གྱིས།། སྲིན་པོ་རུ་དྲ་ནག་པོ་དང་།། དེ་ཡི་འཁོར་དུ་གཏོགས་པ་ཀུན།། འཇིགས་ཤིང་རབ་ཏུ་འདར་གྱུར་ཏེ།། མ་ལུས་ཀུན་གྱིས་མགྲིན་གཅིག ་ཏུ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད།། ཨེ་མ་ཧོ་དཔལ་ལྡན་པདྨ་གར་དབང་ཕྱུག། ཁྱོད་མཐོང་འཇིག་རྟེན་ཁམས་རྣམས་འདར།། གང་ཕྱིར་ནག་པོའི་གྲོང་ཁྱེར་འཇོམས།། ནག་པོ་རག་ཤ་དབང་དུ ་སྡུད།། དྲག་པོ་སྔགས་ཀྱི་འབྱུང་གནས་བདག། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་།། སླས་དང་བྲན་མོ་ཐམས་ཅད་ཀུན།། དབང་ཆེན་མཆོག་གིས་བཞེས་སུ་གསོལ།། ལས་རྣམས་ཐམས་ཅད་བདག་གིས ་བགྱིས།། དེ་སྐད་ཅེས་བསྟོད་དེ་ཁས་བླངས་པ་དང་།། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཧཱུཾ། སྲིན་པོ་ནག་པོ་འཁོར་དང་བཅས།། སྡེ་དཔོན་མངག་པ་དང ་བཅས་པ།། སངས་རྒྱས་བསྟན་པ་བསྲུང་བ་དང་།། རྣལ་འབྱོར་འཁོར་བཅས་བསྲུང་བར་བྱས།། གང་ཞིག་དབང་ཆེན་ལྷ་མཆོག་གིས།། ཇི་ལྟར་བསྒོ་བ་བཞིན་དུ་གྱིས།། མ་ལུས་མངོན་དུ་བསྒྲལ་བར་གྱིས།། ཞི་དང ་རྒྱས་དང་དབང་དང་དགུགས།། རེངས་པའི་ལས་རྣམས་བསྒྲུབ་པར་བགྱིས།། གང་ཡང་སངས་རྒྱས་བསྟན་པ་ལ།། གནོད་པར་བྱེད་པ་བསྒྲལ་བར་གྱིས།། བཀའ་ནི་ལེགས་པར་བསྒོ་བ་ཡིས།། སྲིན་པོ་འཇིགས་བྱེད ་ནག་པོ་དང་།། སྲིན་པོའི་གཙོ་བོ་ཉི་ཤུ་བརྒྱུད།། ཐམས་ཅད་ཐམས་ཅད་ཅི་འདོད་པ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རྟ་མཆོག་རོལ་པ་ལས། སྲིན་པོའི་རྒྱལ་པོ་འདུལ་བའི ་ལེའུ་སྟེ་སོ་བརྒྱད་པའོ།། །། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་སྐུའི་དུམ་བུ་རྫོགས་སོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ ་གསང་བའི་ཚོགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ།། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཤིན་ཏུ ་གསང་བ་ཆེན་པོའི་མཆོག། རྨད་དུ་བྱུང་བའི་སྤྱོད་པ་སྟེ།། གང་ཚེ་གསང་བ་མཆོག་གི་བདག། བླ་མེད་སྤྱོད་པ་བཤད་དུ་གསོལ།། གང་ཡང་གང་གིས་སྤྱོད་པའི་ཚེ།། རབ་ཏུ་གསང་བའི་སྤྱོད་པའི་བདག། དཀྱིལ ་འཁོར་ཆེན་པོའི་དོན་བྱུང་བ།། བླ་ན་མེད་པའི་ཚུལ་ཆེན་པོ།། གསང་མཆོག་དོན་ཆེན་ཕྱག་འཚལ་ལོ།། བརྟུལ་ཞུགས་ཆེན་པོ་ཕྱག་འཚལ་ལོ།། རྔམ་པའི་མཆོག་ཉིད་ཕྱག་འཚལ་ལོ།། རབ་གསང་སྤྱོད་པ་བདག་ལ ་སྩོལ།། རྡོ་རྗེ་མེ་ཡི་ཏིང་འཛིན་སྩོལ།། རྡོ་རྗེ་ཚོགས་ཀྱི་དོན་རྣམས་སྩོལ།། རྡོ་རྗེ་གསང་བའི་དོན་རྣམས་སྩོལ།། དགའ་བ་ཆེན་པོ་བདེ་བ་ཆེ།། རབ་ཏུ་དྲག་པོ་བརྩོན་འགྲུས་ཆེ།། པདྨ་གསང་བ་རྫུ་འཕྲུལ་ཆེ།། ལས་ཉིད ་མ་ལུས་ཡོངས་སུ་རྫོགས།། གསང་བ་ཆེན་པོ་མཆོག་གི་བདག། རྣལ་འབྱོར་གསང་བདག་རོལ་དུ་གསོལ།། དེ་སྐད་ཅེས་གསོལ་མ་ཐག་ཏུ། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཤིན་ཏུ་དགའ ་བའི་སྤྱན་གྱི་གཟིགས་ཏེ། ལེགས་སོ་བྱ་བ་བྱིན་ཏོ།། གང་ཕྱིར་གསང་བ་ཆེན་པོའི་བདག། གསང་བའི་དོན་ཞུས་ཁྱོད་ལེགས་སོ།། ལེགས་སོ་ལེགས་སོ་ལེགས་པར་ཞུས།། རྣལ་འབྱོར་གསང་བདག་ཁྱོད་ལེགས ་སོ།། རྨད་བྱུང་ལུང་བསྟན་ཁྱོད་ལེགས་སོ།། གསང་བའི་དོན་འདོད་ཁྱོད་ལེགས་སོ།། རབ་ཏུ་གསང་བར་བྱ་བ་ཡིས།། སྤྱོད་པའི་མཆོག་ནི་རྨད་བྱུང་བ།། ངས་ནི་ཁྱོད་ལ་བཤད་པར་བྱ། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས ་ཉོན།། རྣལ་འབྱོར་ཆོ་ག་མཆོག་དང་ལྡན།། གསོལ་བ་དང་ནི་ཤིན་ཏུ་རིག། ཡོན་ཏན་ཚོགས་ནི་ལེགས་པར་བརྒྱན།། རབ་ཏུ་གསང་བའི་སྤྱོད་པ་ཤེས།། དེས་ནི་ལོངས་སྤྱོད་ཆེན་པོར་གྲུབ།། འདུས་པ་ཆེན་པོའི ་ཚོགས་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་བསྒྲུབས་པས། འབྱུང་པོའི་ཚོགས་དང་སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་འདིས་ནི། འདི་ལྟར་ཡོན་ཏན་ཆེ་བ། མཐུ་ཆེ་བ། བདུད་ཀྱི་དཔུང་རབ་ཏུ ་འཇོམས་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་འདའ་བར་དཀའ་བའོ།། དུར་ཁྲོད་རབ་ཏུ་འཇིགས་པ་དང་།། རོ་ལངས་ཡི་དགས་ཆེན་པོ་དང་།། མཉྫུ་གྷོ་ཥ་ཧྲི་ད་ཡ།། གང་གིས་བྱས་པས་ལས ་ཀུན་འགྲུབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་ཚོགས་ཀྱི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གསང་བ་རལ་པ་ཚོགས་ཀྱི་ཏིང ་དེ་ཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་ལོག་པར་འཛིན་པ་རྣམས།། ཧྲི་ཡི་ཚོགས་ཀྱི་ཡོངས་བཅོམ་སྟེ།། གཡོ་དང་མི་གཡོ་འཇིག་རྟེན་ཀུན།། གཟི་ལྡན་མཁའ་ལ ་བསྒྲལ་བར་བྱ།། ཚངས་པ་དང་ནི་དབང་ཆེན་ཀུན།། རྟ་མཆོག་ཞབས་ཀྱི་ནང་དུ་བཅོམ།། སྐར་མ་ཉི་མ་ཟླ་བ་དང་།། དེ་བཞིན་ཚལ་བ་ལ་སོགས་པ།། འདི་ནི་རྟ་མཆོག་ཕྱག་རྒྱ་ཉིད།། གང་ལ་ཕུལ་ན་དོན་ཆེ ་བ།། ཕྱག་རྒྱ་ཆེ་དང་ལྡན་བྱེད་པ།། མཁའ་འམ་ཉི་ཤུ་རྩ་ལྔ་ལ།། གཟི་ལྡན་མ་ནི་དེ་བཞིན་ནོ།། གང་གིས་བཟའ་དང་བཏུང་བ་དང་།། ལོངས་སྤྱོད་བཏང་བྱ་ཐམས་ཅད་ཀུན།། མ་ལུས་བཙལ་བར་རབ་ཏུ ་གནས།། གང་ཡང་ཁྲོ་བོས་ཉེ་བར་འཇོམས།། རྡོ་རྗེའི་གླུ་ཡི་སྒྲ་དང་ལྡན།། རྡོ་རྗེ་བརྡ་ནི་གསང་བ་ཆེ།། རྡོ་རྗེ་གསུང་ནི་དཀྱིལ་འཁོར་ཆེ།། རྡོ་རྗེ་ཉི་མ་རྒྱལ་པོ་ཆེ།། རྡོ་རྗེ་གར་དབང་རྒྱལ་བའི་སྐུ།། དབང་ཆེན་མཆོག་ནི ་གནས་པའི་དབྱིངས།། དུར་ཁྲོད་འཁོར་ལོའི་གནས་སུ་རོལ།། ཕོ་ཉ་གཟི་བྱིན་ཆེན་པོར་བཅས།། རབ་ཏུ་དྲག་པོའི་ཕྱག་རྒྱ་ཆེ།། གསང་ཆེན་དགྱེས་པ་ཆེན་པོ་སྟེ།། གར་མཆོག་ཕྱག་རྒྱ་ལན་དང་བཅས།། འབར་བ ་དབང་ཆེན་དབྱིངས་སུ་བསྐུར།། ལན་བྱས་ཁྲོ་མོ་དབྱིངས་མཆོག་གིས།། རབ་ཏུ་དྲག་པོ་ཧ་ཧར་བཞད།། དབང་ཆེན་གསུང་ནི་འཇིགས་པ་ཆེ།། ཧ་ལ་ཕཊ་སྒྲ་རབ་ཏུ་འཇིགས།། འཇོམས་པ་ཆེན་པོ་དྲག་ཤུལ་ཆེ།། ཤར ་གྱི་ཕྱོགས་སུ་ཁ་བལྟས་ཏེ།། གླང་ཆེན་ཤ་ལ་ཡང་དག་རོལ།། དེ་ཡི་སྦྱོར་བ་ཆེན་པོར་ལྡན།། གང་གི་ཡོན་ཏན་དེ་དང་ལྡན།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། རྟ་མཆོག་རྟ་ཡི་ཤ་ལ་རོལ།། གོ་ཡི་སྦྱོར་བ་ཆེན་པོའི ་མཆོག། ཡོན་ཏན་རིན་ཆེན་དངོས་གྲུབ་ཐོབ།། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ།། རྟ་མཆོག་པ་གླང་ཤ་ལ་རོལ།། འི་གསང་བ་ཆེན་པོའི་མཆོག། བྱང་ཆུབ་གསུང་གི་དངོས་གྲུབ་འགྱུར།། བྱང་གི་ཕྱོགས་སུ་ཁ་བལྟས ་ཏེ།། རྟ་མཆོག་ཁྱི་ཡི་ཤ་ལ་རོལ།། སྐུ་ཡི་སྦྱོར་བ་ཆེན་པོའི་མཆོག། ལས་ཀྱི་དངོས་གྲུབ་དམ་པ་ཐོབ།། སྟེང་དང་འོག་ཏུ་ཁ་བལྟས་ཏེ།། རྟ་མཆོག་བམ་ཆེན་ཤ་ལ་རོལ།། ན་ལས་བྱུང་བ་གསང་བ་ཆེ།། གསང་མཆོག་སྐུ ་ཡི་དངོས་གྲུབ་འགྱུར།། བདུད་རྩི་ཆེན་པོ་གང་ཡིན་པ།། རྟ་མཆོག་གསུང་གི་ཁྲོ་བོ་གསོལ།། གང་གི་བདུད་རྣམས་དེ་ཡིས་བཅོམ།། ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ།། རྟ་མཆོག་བདུད་རྩི་དྲི་ཆེན་གསོལ།། ལྷོ་ཡི་ཕྱོགས ་སུ་ཁ་བལྟས་ཏེ།། རྟ་མཆོག་བདུད་རྩི་ཤ་ཆེན་གསོལ།། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ།། རྟ་མཆོག་བདུད་རྩི་རག་ཏ་གསོལ།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། རྟ་མཆོག་བདུད་རྩི་དྲི་ཆུ་གསོལ།། མདུན་དང་རྒྱབ་ཏུ ་ཁ་བལྟས་ཏེ།། རྟ་ཆོ་ག་བདུད་རྩི་དཀར་རྩི་གསོལ།། ཧཱུཾ་གིས་གད་མོ་ཕྱོགས་བཅུར་བཞད།། གང་གིས་སྟོང་གསུམ་ཐམས་ཅད་ཀྱིས།། ལྷ་དང་འབྱུང་པོ་ལ་སོགས་པ།། མ་ལུས་མཉེས་པར་བྱས་ནས་ནི།། མཁས་པས ་ཅི་ནུས་ལས་རྣམས་བཅོལ།། ཞི་བ་དང་ནི་རྒྱས་པ་དང་།། དབང་དང་རེངས་པ་ལ་སོགས་པ།། ཆོ་གའི་སྦྱོར་བ་མཁས་པས་གྲུབ།། གང་གིས་རབ་ཏུ་གསུང་བ་ཡི།། བདུད་རྩི་དམ་པ་དྲི་མ་མེད།། དང་པོ ་འབྱུང་བའི་སྔགས་ཆེན་པོ།། བདེ་བ་ཐམས་ཅད་ཀུན་གྱི་གཞི།། ལེགས་པར་བརྟགས་ཁྲོ་མོ་གཟི་ལྡན་པའི།། མཁའ་ཡི་པདྨ་འདབ་བརྒྱད་ལ།། བྱང་ཆུབ་ཚོམ་བུ་ལྷ་ཡི་ཚོགས།། གསང་བ་མཆོག་ཆེན་གནས་དག ་ཏུ།། ས་བོན་རྒྱུད་དམ་འབྲས་རབ་སྐྱེ་བར་གདོན་མི་ཟ།། ནམ་ཡང་ཐེ་ཚོམ་བྱར་མི་རུང་།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། སྦྱོར་བ་ཚོགས་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འཇོམས་པ་ཆེན་པོ་མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་གར་གྱི་དབང་ཕྱུག་གི། མྱུར་དུ་ལས་རྣམས ་འགྲུབ་བྱེད་པའི།། རྡོ་རྗེ་ཆོ་གའི་མཆོག་འདི་ནི།། རབ་ཏུ་བཤད་ཀྱིས་ཉན་པར་གྱིས།། དངོས་གྲུབ་ཡོན་ཏན་རྨད་བྱུང་བ།། དམ་པ་འདི་ནི་ཉན་པར་གྱིས།། གང་གིས་ཤར་གྱི་ཕྱོགས་དག་ཏུ།། བྱམས་པ་ཆེན་པོའི ་བདག་ཉིད་ཀྱིས།། ཧོ་ཁུང་དཀར་ཞིང་ཟླུམ་པ་ལ།། ཞི་བའི་ཤིང་གིས་མེ་སྦར་ཏེ།། གང་གིས་ཞི་བའི་མེ་ལྷ་བོད།། སྤྱན་དྲངས་ཞི་བའི་རྫས་རྣམས་དབུལ།། ལས་བཅོལ་ཞི་བའི་ལས་རྣམས་འགྲུབ།། གང་གིས་ལྷོ་ཡི ་ཕྱོགས་དག་ཏུ།། སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས།། ཧོ་ཁུང་གྲུ་བཞི་སེར་པོ་ལ།། རྒྱས་པའི་ཤིང་གིས་མེ་སྦར་ཏེ།། གང་གིས་རྒྱས་པའི་མེ་ལྷ་བོད།། སྤྱན་དྲངས་རྒྱས་པའི་རྫས་རྣམས་དབུལ།། ལས་བཅོལ་རྒྱས་པའི ་ལས་རྣམས་འགྲུབ།། གང་གིས་ནུབ་ཀྱི་ཕྱོགས་དག་ཏུ།། དགའ་བ་ཆེན་པོའི་བདག་ཉིད་ཀྱིས།། ཧ~ཾ་ཁུང་ཟླ་ཁམ་དམར་པོ་ལ།། དབང་གི་ཤིང་གིས་མེ་སྦར་ཏེ།། གང་གི་དབང་གི་མེ་ལྷ་བསྐྱེད།། སྤྱན་དྲངས་དབང ་གི་དམ་རྫས་འབུལ།། ལས་བཅོལ་དག་གི་ལས་རྣམས་འགྲུབ།། གང་གིས་རི་དང་ཡུལ་ཁམས་དང་།། མདུན་པ་དྲག་བླང་གཙུག་ས་རི།། ཡང་ན་དངོས་གྲུབ་ཆེན་པོའི་གནས།། དེར་ནི་རབ་ཏུ་བསྒྲུབ་པར་བྱ།། མཾ་ས ་ཤ་དང་དྲི་ཅན་དང་།། མི་བསྐྱོད་རུས་པ་ཕྱེ་ལ་སོགས།། དེ་ཡིས་གནས་ཁང་ཉེ་བར་བྱུག། ཡང་ན་བུད་མེད་གཡུལ་ཤིའི་ཁྲག། གང་གིས་རྐང་པ་ལེག་པའི་དྲིས།། དཔའ་བོ་དབང་ཆེན་གནས་སུ་བྱུག། ཡང་ན་བུ་གུ ་དགུ་ཡང་དབྱུང་། དྲི་མ་ཕྱུང་སྟེ་གནས་ཁང་དུ།། རིག་པའི་བརྟུལ་ཞུགས་ཆེན་པོ་ཡིས།། བྱུག་པའི་ཆོ་ག་བརྩམ་པར་བྱ།། ཡང་ན་འདྲེས་པར་གྱུར་པས་བྱུག། བདག་གིས་ལུས་དང་ལོངས་སྤྱོད་དང་།། སྣ་ལྕེ་ལུས་ཀྱང ་ཕྱུང་ནས་ནི།། གང་གིས་གནས་ཀུན་བྱུག་པར་བྱ།། བ་ལང་ཤ་ཡི་གཏོར་མ་དང་། མི་དང་ཁྱི་དང་གླང་པོ་ཆེ།། རྟ་ཤ་ཡི་གཏོར་མ་ཡང་།། ཕྱོགས་ཀུན་ཏུ་ནི་དགྲམ་པར་བྱ།། སྣང་མཛད་དཀར་རྩི་དམར་རྩི་དང་།། ཁྲག ་དང་ཆུ་ཡི་གཏོར་མ་ཡང་།། མཁས་པས་བྱིན་གྱིས་བརླབས་ནས་ཀྱང་།། གང་གིས་ཕྱོགས་བཞི་དབུགས་བཅས་དགྲམ།། གང་ཞིག་གསང་བ་སྤྱི་དག་གིས།། གཏོར་མ་དག་ནི་ཕལ་ཆེན་ཡང་།། མཁས ་པས་ཀུན་ཏུ་སྤྱད་པར་བྱ།། གླང་ཆེན་སྟག་ལ་སོགས་པ་ཡིས།། ལག་པའི་ཚོགས་སུ་གྱུར་པ་ཀུན།། གང་གིས་སྟེང་དང་འོག་ཏུ་དགྲམ།། དེ་བཞིན་བདག་གིས་ལུས་ལ་བགོ། ཐལ་སྦྱར་བྱེད་པའི་ཁྲོ་བོ་ཡིས།། གསང ་བའི་དྲི་ཡིས་གནས་ཀུན་ཏུ།། ཐིག་ལེ་གྲུ་བཞི་ཟླུམ་པོར་བྱ།། དཀར་དམར་བྱང་ཆུབ་སེམས་མེ་ཏོག། ཡང་ན་འབྱུང་བ་ལས་སྐྱེད་པ།། སྙིམ་པ་བཀང་སྟེ་རབ་ཏུ་གཏོར།། ཇི་ལྟར་འདོད་པའི་གསོལ་བ་གདབ།། གང ་གིས་གླང་པོའི་པགས་པ་བགོ། མི་ཐོད་རྒྱུ་མ་དེ་བཞིན་ནོ།། གང་གིས་མཛུབ་མོའི་དང་པོ་བསྒྲེང་།། དེ་བཞིན་བཟློག་པའི་མཛུབ་མོ་བསྒྲེང་། མཆོག་གི་གདན་ལ་རབ་ཏུ་གནས།། མི་ཐོད་རྒྱུ་མའི་མཁར་དུ་ལན།། གང ་གིས་སྲིན་ལག་རབ་སྟོན་པ། དེ་ལ་འཛུ་སིན་དང་ཞེས་བརྗོད།། གང་གིས་མཐེ་འོང་རབ་སྟོན་པ།། དེ་ལ་མ་ན་བི་ཞེས་བརྗོད།། གང་གིས་སྲིན་ལག་རབ་སྟོན་པ།། དེ་ལ་ལུ་གུ་ཞེས་སུ་བརྗོད།། གང་གིས་ལག་པ ་གཡས་སྟོན་པ།། དེ་ལ་ཧྲི་དང་ལིན་ཞེས་བརྗོད།། གང་གིས་ལག་པ་གཡོན་སྟོན་པ།། དེ་ལ་གོ་ཤ་ཞེས་ནི་བརྗོད།། གང་གིས་རྐང་པ་གཡས་སྟོན་པ།། དེ་ལ་རི་དྭགས་ཞེས་ནི་བརྗོད།། གང་གིས་རྐང་པ་གཡོན་སྟོན ་པ།། དེ་ལ་ར་མ་ཞེས་ནི་བརྗོད།། གང་གིས་གསང་བ་རབ་སྟོན་ནས།། དེ་ལ་གུ་ཧ་ཞེས་ནི་བརྗོད།། གང་གིས་སོན་མོ་སྟོན་གྱུར་པ།། དེ་ལ་མུན་ཧ་ཞེས་ནི་བརྗོད།། གང་གིས་སྤྱི་བོ་སྟོན་གྱུར་པ།། དེ་ལ་ཧ་ཡ་ཞེས་ནི ་རྗོད།། གང་གིས་ནུ་མ་སྟོན་གྱུར་པ།། དེ་ལ་ཏང་ག་པ་ཞེས་བརྗོད།། གང་གིས་མིག་ནི་སྟོན་གྱུར་པ།། དེ་ལ་ཨིན་ཏིང་བུ་ཞེས་བརྗོད།། གང་གིས་རྣ་བ་སྟོན་གྱུར་པ།། དེ་ལ་འབི་ར་ཧ་ཞེས་བརྗོད།། གང་གིས་ཡུལ་དྲུག ་གང་སྟོན་པ།། མཁས་པས་ཏྲི་ནུ་ཀ་ཞེས་བརྗོད།། གང་གིས་བྱང་གི་ཕྱོགས་དག་ཏུ།། བཏང་སྙོམས་ཆེན་པོའི་བདག་ཉིད་ཀྱིས།། ཧ~ཾ་ཁུང་གྲུ་གསུམ་ནག་པོ་ལ།། དྲག་པོ་ཤིང་གི་མེ་སྦར་ཏེ། གང་གིས་དྲག་པོའི་མེ་ལྷ ་བསྐྱེད།། དྲག་པོའི་རྫས་རྣམ་བཀུག་ལ་དབུལ།། ལས་བཅོལ་བསད་པའི་ལས་རྣམས་འགྲུབ།། བརྟུལ་ཞུགས་སྤྱོད་པ་ཐམས་ཅད་ཀུན།། ཅི་ནུས་པར་ནི་སྤྱད་པར་བྱ།། མདོག་དཀར་མཛེས་པའི་བུ་མོ་ཉིད།། མཁས ་པས་ཞི་བའི་དུས་སུ་ནི།། གསེར་མདངས་རྒྱས་པའི་བུ་མོའི།། དམར་ཞིང་ཤིན་ཏུ་དམར་པ་ནི།། དབང་གི་དུས་ཀྱི་བུ་མོ་སྟེ།། མདོག་ནག་དྲག་པོའི་བུ་མོའོ།། གང་ལ་མཁས་པས་དུས་རྣམས་སུ།། སྦྱོར་དང་ལྷན་ཅིག ་བདེ་བསྟེན་པས།། གསང་བའི་དངོས་གྲུབ་དེ་འགྲུབ་འགྱུར།། གང་གི་གཡོ་དང་མི་གཡོ་ཀུན།། ཞི་བར་འདོད་ན་ཞི་བ་སྟེ།། རྒྱས་དང་དབང་དྲག་གང་འདོད་པ།། དེ་ནི་མྱུར་དུ་འགྲུབ་པ་ཡིན།། གསང་མཆོག ་གསང་བ་ཆེན་པོ་སྟེ།། མཁས་པས་གང་བྱེད་འདོད་པ་འགྲུབ།། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དང་།། སྡིག་པ་གཞན་དུ་གཏོགས་པ་ཀུན།། མ་ལུས་མྱུར་དུ་འབྱིན་པར་བྱེད།། པྲབྷིང་ཀུ་རུ་སྭཱ་ཧཱའི ་མཐས།། རྒྱལ་པོ་བདུད་དང་སྲིན་པོ་དང་།། དེ་བཞིན་རོ་ལངས་མ་མོ་རྣམས།། པ་ཤཾ་ཀུ་རུ་སྭཱ་ཧཱའི་མཐས།། དབང་དུ་འདོད་ན་དབང་དུ་བྱེད།། མ་རི་ཡ་ཡི་མཐར་བཅས་པས།། བསྟན་པ་ཀུན་ལ་གནོད་པ་ཡི།། ལྷ ་དང་བདུད་དང་གནོད་སྦྱིན་དང་།། དྲག་པོ་ཆེན་པོ་བདུད་དང་བཅས།། ལང་ཀ་ཕྱོགས་ཀྱི་སྲིན་མོ་ཀུན།། གང་ལྟར་འདོད་པའི་དུས་སུ་འཆི།། གཞན་ཡང་བྱང་མ་སྲིན་མོ་དང་།། གཡུལ་འགྱེད་རྩོད་དང་མཚང་འབྲུ ་དང་།། ཐམས་ཅད་མྱུར་དུ་གང་ཡིན་འགྱུར།། གླང་ཆེན་འགུགས་པའི་ལས་རྣམས་ཏེ།། བསྲུང་བ་དུར་བས་བྱེད་པ་ཡིན།། ཚེ་བསྲིང་བ་ཡང་དེ་ཉིད་དོ།། རེངས་པ་ཟངས་ལྕགས་ཕྱེ་མ་སྟེ།། ལྐུགས་པ་ལྐུགས་པའི་ཤ ་ཡིས་འགྱུར།། དེ་ལ་སོགས་པ་གང་དང་གང་།། མ་ལུས་ལས་འདིས་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལ། གསང་བ་ཚོགས་ཆེན་མེའི་ལེའུ་སྟེ་བཞི་བཅུ་གཅིག ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གི། མཉེས་པར་བྱེད་པ་གསང་བ་དབང་ཆེན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཧྲི ་བདག་ཉིད་ཁྲོ་མོ་མཉམ་སྦྱོར་བས།། གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། མཉེས་པར་བྱེད་པའི་རྡོ་རྗེ་ཆེ།། པདྨ་གསུང་གི་ཕྱག་རྒྱ་མཆོག། རབ་ཏུ་གསལ་བའི་ཕྱག་རྒྱ་འབར།། ཀུན་ཏུ་འགྲོ་བའི་འཁོར་ལོ ་སྦྱར།། གསུང་གི་རོ་མཆོག་ཆེན་པོའི་ཕྱིར།། གང་གི་ཀུན་ནས་ཁྲག་གིས་མཚོན།། སྤོས་དང་མེ་ཏོག་དམ་པ་དང་། མར་མེ་དྲི་ཡི་རྫས་རྣམས་ལ།། དེ་ཡི་མཆོད་པའི་ཕྱག་རྒྱ་ཡིས།། ཀུན་ཏུ་སྒྲིམས་ཏེ་དབུལ་བར་བྱ།། ཨོཾ ་ནི་ཡེ་ཤེས་ལས་བྱུང་བ།། བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས།། ཀུན་ཏུ་མཉམ་སྦྱོར་ཕྱག་རྒྱ་ཆེ།། གསང་མཆོག་ལྷུན་གྱིས་གྲུབ་པ་ཡི།། མཆོད་པ་ཆེན་པོ་དེ་བཞིན་གཤེགས།། ཡོ་གི་ནི་ཤྭ་ར་པཱུ་ཛ་ཧཱུཾ། གང་གི་དཔའ་བོ ་དབང་ཆེན་གྱི།། ཕྱག་རྒྱ་འདི་ནི་གསང་བ་ཆེ།། རྡོ་རྗེ་མཆོད་པའི་ཆོ་ག་ཡིས།། གང་ལྟར་འདོད་པའི་དངོས་གྲུབ་འབྱུང་།། རྡོ་རྗེ་གླུ་ཡི་མཆོད་པ་ནི།། དཔའ་བོ་ཡེ་ཤེས་དབང་ཆེན་གྱི།། ཕྱག་རྒྱ་མཚན་མ་ཉེ་བའི ་མཚན།། གླུ་སྙན་གར་དང་བཅས་པ་ཡི།། སྦྱོར་བ་འདི་ནི་མཉེས་པའི་མཆོག། རབ་ཏུ་གསང་བ་ཧེ་རུ་ཀ། དབང་ཆེན་སྐུ་གསུང་ཐུགས་མཉེས་པས།། འདོད་པའི་དོན་ཀུན་འགྲུབ་པ་ཡིན།། ཨེ་མའོ་མཆོད་པ་བླ་ན ་མེད།། ཨེ་མ་འོ་མཆོད་པ་ཀུན་གྱི་གསང་།། ཨེ་མའོ་ཡང་དག་མཆོད་པ་ཆེ།། ཨེ་མའོ་མཆོད་པ་ཆགས་པ་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྨད་དུ་བྱུང་བ་མཆོད་པའི་ལེའུ་སྟེ་ཞེ ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། པདྨོ་གསང་སྔགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། དེའི་ཚེ་འདི་སྐད་ཅེས་གསུངས་སོ།། སྙིང ་གི་དབུས་སུ་རང་སྲོག་ལ། ཆོ་ག་ལྡན་པས་བལྟ་བར་བྱ།། རབ་ཏུ་གསང་བའི་ཕྱག་རྒྱ་ཡིས།། རི་ཡི་རྩེ་ལ་ལེགས་པར་གནས།། ཡང་ན་རི་ཕུག་དག་ཏུའོ།། ཡང་ན་ཤིང་བའི་ཤིང་ལ་གནས།། སྐམ་མོ་ཞེས་བྱ་རབ་ཏུ ་འཇིགས། ཁྲོ་བོའི་ཚུལ་འཆང་གསང་བ་ཆེ།། ལྗོན་པའི་ཤིང་ལ་གནས་བཅས་པས།། ཨོཾ་ནི་ཕྱག་མཚན་སེང་གེ་སྟེ།། ཧུ་ལུ་ཏ་ཀྲིད་ཆེན་པོ་བརྒྱད།། ཧུ་ལུ་མགོ་རྙན་ཆེན་མོ་བརྒྱད།། ཧཱུཾ་ནི་དབུ་གཙུག་གསུང་གི ་བདག། ཕཊ་ནི་རབ་ཏུ་ཕྲོ་བའོ།། ཨེ་ནི་འཁོར་གྱི་མཁའ་འགྲོ་ཉིད།། ཨ་ནི་མ་སྐྱེས་མགོ་རྙན་འཕྲུལ།། ར་ནི་གཟི་ལྡན་གསང་བའི་བདག། ལི་ནི་བདག་མེད་འཇོམས་པའི་རྒྱུ།། ཧྲི་ནི་ཁམས་གསུམ་བདག་པོ་སྲེ།། ཛ ་ནི་གཏུམ་པར་བྱེད་པ་ཡིན།། ཨོཾ་ནི་ཆོས་རྣམས་ཀུན་གྱི་རྒྱུ།། ཧུ་ལུ་རྟོག་པ་མེད་པ་སྟེ།། ཧུ་ལུ་རབ་ཏུ་རྟོག་དང་བྲལ།། ཧཱུཾ་ནི་ཡོན་ཏན་ཐམས་ཅད་སྡུད།། ཕཊ་ནི་སྐྱེ་མེད་དབྱིངས་སུ་སྤྲོ།། ཨེ་ནི་མ་སྐྱེས་གསང་བའི ་དབྱིངས།། ཨ་ནི་མ་སྐྱེས་འདུས་མ་བྱས།། རང་བཞིན་མི་འགག་རྟོག་དང་བྲལ།། ལི་ནི་ཡོན་ཏན་ཀུན་གྱི་གཞི།། ཧྲི་ནི་ཆོས་རྣམས་ཀུན་གྱི་དབང་།། ཛ་ནི་རིག་པའི་ལྕགས་ཀྱུས་འགུགས།། གཙོ་བོའི་སྐུ་ཡི་བདག་ཉིད ་ཅན།། ཨོཾ་ནི་གར་གྱི་དབང་ཕྱུག་སྟེ།། ཧུ་ལུ་གཡས་ཀྱི་དཀྱིལ་འཁོར་ཉིད།། ཧུ་ལུ་གཡོན་གྱི་དཀྱིལ་འཁོར་ཉིད།། ཧཱུཾ་ནི་ཐུགས་མཆོག་ཐུགས་ཀྱི་དབྱིངས།། ཕཊ་ནི་རོ་བཤལ་སྤྲུལ་པའི་ཚོགས།། འཁོར་ལོ་ཆེན་པོ་རྒྱལ ་པོ་སྟེ།། ཆགས་པའི་སྟོབས་ཆེན་འགྲོ་དོན་མཛད།། ཐིག་ལེ་ཆེན་པོ་མངོན་སངས་རྒྱས།། འདི་ནི་དབང་ཆེན་གསང་བ་ཡི།། འཁོར་ལོ་ཆེན་པོའི་ཏིང་འཛིན་གནས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག ་རོལ་པ་ལས།། གསང་བ་སྔགས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྔགས་ཀྱི་རྒྱལ་པོ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཧཱུཾ་བདག་ཉིད་གར་གྱི་དབང་ཕྱུག་ཆེ།། རིག་པའི་བརྟུལ་ཞུགས་ཆེན་པོ་ཏེ།། ཕྱག་རྒྱ་ཆེ་དང་ལྡན་བྱས་ཏེ།། རབ་ཏུ་གསང་བའི་ཕྱག་རྒྱ་ནི།། སྔགས་ནི་རབ་ཏུ་བཟླས་པར ་བྱ།། བདག་ཉིད་རབ་ཏུ་གསལ་གྱུར་ན།། ཤིན་ཏུ་གཡོས་པའི་རྫུ་འཕྲུལ་གྱི།། མདུན་ནས་འཁོར་ལོ་འབར་བ་ལ།། གསལ་འགྱུར་སྙིང་པོའི་ཚོགས་བྱུང་ནས།། རབ་ཏུ་གསང་བའི་སྦྱོར་བ་ཡི།། སྙིང་པོ་ལས་བྱུང་སྙིང ་པོ་དང་།། རྟག་དང་ཀུ་ཡི་རྣམ་པ་ཀུན།། གང་གི་སྟོབས་ཀྱིས་འགུགས་པར་བརྩམས།། གང་འདིར་རབ་ཏུ་གསང་བ་ཡི།། སྐུ་ཡི་འཁོར་ལོ་དགུག་པ་རྫོགས།། གསུང་དང་ཐུགས་ཀྱི་འཁོར་ལོ་དག། དགུག་གྱུར་སྦྱོར་བ ་དམ་པ་ཡིན།། ས་བོན་ལས་ནི་ས་བོན་སྤྲོ།། ཨོཾ་སྤྲོས་སྟོང་གསུམ་འཇིག་རྟེན་གང་།། འགྲོ་རྣམས་སྡིག་པ་ཀུན་བྲལ་ཏེ།། ཐམས་ཅད་བྷ་གའི་དབང་དུ་འགྱུར།། སླར་འདུས་ཨོཾ་གྱི་དབྱིངས་སུ་བསྟིམ།། ཧུ ་དང་ལུ་ལ་སོགས་པ་ཡི།། རང་སྔགས་ས་བོན་ལས་བྱུང་ནས།། གང་དེས་སྙིང་པོའི་དོན་རྣམས་བྱས།། སླར་འདུས་རང་གི་གནས་སུ་འདུས།། གནས་རྣམས་ཀུན་གྱི་འཁོར་ལོ་ལས།། ཡི་གེ་ལས་བྱེད་ཇི་ལྟ་བར།། གང ་གིས་གསང་བའི་སྐུ་སྣ་ཚོགས།། ཡོངས་སུ་སྤྲོས་པས་གདུག་པ་འདུལ།། ཐང་གཅིག་རྡོ་རྗེ་བཞད་མོ་ཆེ།། སྐུ་ནི་ནམ་མཁའི་ཁམས་ཀུན་གང་།། གསུང་ནི་ཧཱ་ལུ་རབ་ཏུ་སྒྲོགས།། ཐུགས་ནི་མི་རྟོག་དབྱིངས་སུ ་གནས།། རབ་ཏུ་གསང་བའི་སྦྱོར་བས་སྒྲོལ།། སྐུ་ནི་དྲི་ཟའི་ཁམས་རྣམས་འདུལ།། གསུང་ནི་ཧ་ཧ་རུ་ལུ་སྒྲོགས།། ཐུགས་ནི་ཡེ་ཤེ་བསམ་མི་ཁྱབ།། ཕྱོག་སྐྱོང་གཟི་ལྡན་མཐའ་ལ་སྒྲོལ།། སྐུ་ནི་མ་མོའི་འཇིག་རྟེན ་གང་།། གསུང་ནི་ཚངས་པའི་དབྱངས་སུ་སྒྲོགས།། ཐུགས་ནི་རྔམ་ཞིང་རབ་ཏུ་རྔམ།། ལང་ཀ་སྟོང་པ་ཉིད་དུ་སྒྲོལ།། སྐུ་ནི་དགའ་བར་བྱེད་དང་འདྲེན།། ཀེང་རུས་གཟུགས་འཛིན་ལ་སོགས་གནས།། མ་ལུས་ཡོངས་སུ ་གང་བར་བྱེད།། གསུང་ནི་མཁའ་འགྲོ་འཇོམས་པར་བྱེད།། ཐུགས་ནི་མཁའ་འགྲོ་སྒྲོལ་བར་མཛད།། ཆུ་ཟླ་ལྟ་བུའི་དབྱིངས་སུ་སྒྲོལ།། སྐུ་ནི་གཞོང་ཐོགས་གནས་སུ་སྒྲོལ།། གསུང་ནི་གཞོང་ཐོགས་འཇོམས་པའི ་བྲོབློ།། ཐུགས་ནི་གཞོང་ཐོགས་འཇོམས་པའི་དོན།། གཞོང་ཐོག་བདེན་པ་གཉིས་སུ་སྒྲོལ།། དེ་ལ་སོགས་པ་སྐུ་ཡི་ཚོགས།། འབར་མ་ཤུགས་འགྲོ་ཞགས་འཕེན་མ། ཁ་ཊྭཱཾ་གཡན་མོ་བདེ་བ་མོ།། འཇིག་རྟེན་འཇིག་རྟེན ་འདས་པ་ཡིས།། དུར་ཁྲོད་ཆེན་པོའི་གནས་སུ་གང་།། གསུང་ཉིད་དེ་ཉིད་འཇོམས་པའི་བྲོ།། ཐུགས་ནི་དོན་དམ་ཉིད་ལ་དགོངས།། དཀར་བ་ཀུན་དང་དཔེར་བྱས་ཤིང་།། གང་ཞིག་གདུག་པ་ཀུན་འཇོམས ་པ།། སྔགས་ཀྱི་རྒྱ་པོས་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་ཆོ་ག་རོལ་པ་ལས། སྔགས་ཀྱི་ཆོ་གའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། ་རབ་ཏུ་གསང་བ་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། མཁས་པས་ཆོ་ག་བཞིན་གནས་ཏེ།། རིགས་ངན་མོ་ནི་ཉི་ཤུ་ལྔ།། གང་གིས་དབང་ཆེན་འབར་བ་ཡིས།། བཅུས ་ཤིང་རབ་ཏུ་ཁྲོ་བར་བྱ།། དཔའ་བོ་དབང་ཆེན་གསང་བ་ཡིས།། དུང་དང་འཁར་བ་ར་གན་དང་།། གཡུ་དང་ཟངས་ལ་སོགས་པ་ཡིས། ཁྲོ་བོ་ཕྱག་རྒྱ་ཆེ་མཆོག་གིས།། སྦྲང་མོ་ཕྱོགས་སུ་རབ་སྤྲོས་ཏེ།། ཀོ་ཏག་ཤ་ཡི ་གསང་སྔགས་ཀྱིས།། ཕྱོགས་དང་མཚམས་ཀུན་འཁྲུགས་པར་བྱེད།། ཁྲོ་བོ་ཆེ་ཞིང་བློ་ཆེན་དང་།། གང་གི་གཏུམ་པའི་དབང་ཆེན་གྱིས།། དེ་ཉིད་རྡོ་རྗེ་གར་དབང་ཕྱུག། སྲིན་མོ་གསང་བ་རབ་ཏུ་ཁྲོས། ཧ་ཧ་རུ་ལུའི་གླུ ་ཆེན་གྱི།། ནད་ངན་ཅན་ནི་བཅུ་དང་སྦྱོར།། དབང་ཆེན་ཤར་དུ་ཁ་བལྟས་ཏེ།། བན་གླང་རིག་ནི་དགུ་དང་སྦྱོར།། དྲི་ཟ་མ་ལུས་དབང་དུ་བྱེད།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། གསེར་ཅན་མ་ནི་བཅུ་དང ་སྦྱོར།། གཤིན་རྗེ་ཚོགས་ནི་དབང་དུ་སྡུད།། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ།། ངག་གི་རིགས་ཅན་བཅུ་དང་སྦྱོར།། ཀླུ་ཡི་ཚོགས་རྣམས་དབང་དུ་སྡུད།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། ངག་ཆེན་གསང་བའི་ཡུམ་དང ་སྦྱོར།། ཕྲག་དོག་ཅན་རྣམས་དབང་དུ་སྡུད།། ཕྱག་རྒྱ་བཞི་དང་མཉམ་ལྡན་ཞིང་།། ཀུན་ཏུ་འཁྱུད་པའི་སྦྱོར་བ་ཅན།། གླང་པོའི་སྟོབས་དང་རྟ་ཡི་སྟོབས།། ཁྱི་དང་བ་གླང་སྟོབས་ཆེན་གྱིས།། ཀུན་ཏུ་འཁྱུད་ཅིང་སྦྱོར་བ ་བྱེད།། རྡོ་རྗེ་རྟ་ཡི་འགྲོས་ཆེན་དང་།། རྟ་ཡི་སྐད་དང་ལྡན་པ་ཡི།། གང་གི་སྦྱོར་བ་བྱེད་པའི་ཚེ།། མཉམ་ལྡན་བདུད་རྩི་བཟའ་བར་བྱ།། བཏུང་བ་དང་ནི་སྙན་པ་ཡི།། རྟ་སྐད་གླུ་ཡང་བླང་བར་བྱ།། གཙང་དང་མི ་གཙང་རྟོག་པ་སྤང་།། ལངས་དང་སེང་གེའི་འགྲོས་ལ་སོགས།། གོམ་པ་བདུན་བདུན་དོར་བར་བྱས།། མཁས་པ་ཡིད་ནི་ཆོ་ག་ཡིས།། རབ་ཏུ་སངས་ཏེ་བསྒྲུབ་པར་བྱ།། མེ་ཡི་སྲིན་མོ་ཆེན་མོ་ཡིས།། མེ་ཡི་བྲན་མོ ་བཀོལ་པར་བྱེད།། ཀུན་ཏུ་འཁྱུད་པའི་སྦྱོར་བ་ཡིས།། གང་གི་ཕ་རོལ་ཡང་དག་གནས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་སྦྱོར་བའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་གླུའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གི་དཔལ་ལྡན་རྟ་མཆོག་གི། ཕྱག་རྒྱ་ཆེ་དང་ལྡན་གྱུར ་ནས།། ཕྱོགས་མཚམས་ཀུན་ཏུ་བལྟ་བྱ་སྟེ།། གང་གིས་གླུ་ཡི་ཕྱག་རྒྱའི་སྦྱིན།། རྟ་ཆེན་བྲོ་ནི་བརྡུང་བར་བྱ།། གླུ་བྲོ་དམ་ཚིག་ཆེན་པོ་ཡིས།། ཡང་དག་གསང་བ་བཀའ་ཉན་འགྱུར།། གསང་བའི་དོན་ནི་རབ་ཏུ་བརྟག ་ཁམས་གསུམ་སྦྱོར་བའི་ཕྱག་རྒྱ་ཆེ།། གླུ་དང་བྲོ་ནི་གསང་བའི་རྟགས།། དམ་ཚིག་རྡོ་རྗེའི་དོན་ཆེན་འགྲུབ།། རྫོགས་པ་ཆེན་པོ་ཐབས་མཁས་ཆེ།། བྲེང་ངེ་བ་དང་དུང་ངེ་བ།། ཤ་ཏ་པ་དང་གར་དྷ་པ།། ཅང་ཀ་དེ་དང ་པང་ཀ་དེའི།། གླུ་དྲུག་མཁས་པས་དོན་དྲུག་འགྲུབ།། བྲེང་ངེ་བ་ཡི་གླུ་བླངས་པས།། ཚངས་པ་ལྷ་ཡི་དཀྱིལ་འཁོར་ནས།། སྐུ་ཡི་དངོས་གྲུབ་ཆེན་པོ་ཐོབ།། དུང་ངེ་པ་ཡི་གླུ་བླངས་པས།། བརྒྱ་བྱིན་ལྷ་ཡི་དབང་པོ ་ཡི།། གསུང་གི་དངོས་གྲུབ་ཆེན་པོ་ཐོབ།། ཤ་ཏ་པ་ཡི་གླུ་བླངས་པས།། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི།། ཐུགས་ཀྱི་དངོས་གྲུབ་ཆེན་པོ་ཐོབ།། གར་དྷ་པ་ཡི་གླུ་བླངས་པས།། ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱི། ཡོན ་ཏན་ཆེན་པོའི་དངོས་གྲུབ་ཐོབ།། ཅང་ཏེའུ་བུ་ཡི་གླུ་བླངས་པས།། སྲིད་པ་དབང་སྡུད་མཐུ་བོ་ཆེ།། གྲགས་པའི་ཡུལ་དྲུག་དབང་དུ་སྡུད།། སྡུག་བསྔལ་ནད་སེལ་ཐུགས་རྗེའི་བྲོ།། དུང་ངེ་བ་ཡི་གླུ་དང་སྦྱར།། ཐུགས ་དམ་དབྱིངས་ནས་བསྐུལ་བའི་བྲོ།། པང་ཀ་དེ་ཡི་གླུ་དང་སྦྱར།། ཚངས་པ་དབྱངས་ཀྱི་གླུ་བླངས་པས།། པདྨ་གར་གྱི་དབང་ཕྱུག་མ། ཁམས་གསུམ་མ་ལུས་དབང་དུ་འགྱུར།། གཞན་ཡང་བརྟུལ་ཞུགས ་ཆེན་པོ་ཡི།། གང་འདོད་གླུ་དང་གར་དག་དང་།། དེ་བཞིན་བྲོ་ཡིས་སྲིད་པ་སྒྲོལ།། ཡང་ན་དུར་ཁྲོད་གནས་ཆེན་དུ།། ལྷ་ཆེན་དཔལ་འབར་གླུ་བླངས་པས།། དབང་ཕྱུག་ཆེན་པོ་ལས་ལ་འདུ།། གློག་མ་སྤྲིན་གྱི་གླུ ་བླངས་པས།། དུར་ཁྲོད་མ་མོ་ཀུན་ཡང་འདར།། གར་ཤ་པ་ཡི་གླུ་བླང་བས།། དཔལ་ཆེན་ཉིད་ཀྱང་འཕོ་བར་བྱེད།། འདུམ་པ་ར་ཡི་གླུ་བླང་བས།། དཔལ་ཆེན་དབང་ཆེན་རྒྱལ་པོ་ཡང་།། ཅི་འདོད་ལས་རྣམས་གྲུབ ་པར་བྱེད།། རྩ་བའི་གླུ་ནི་སྟོབས་ཆེན་ཏེ།། འཇོམས་པའི་གླུ་དྲུག་དབྱིངས་སུ་སྦྱོར།། དོན་དམ་གླུ་དྲུག་རྣལ་འབྱོར་རྟེན།། དྲག་པོའི་གླུ་དྲུག་སྲིན་པོ་འདུལ།། བརྡ་ཡི་གླུ་དྲུག་ཞིང་ཁམས་སྦྱོར།། དབང་ཕྱུག་ཆེན་པོའི ་ཚོགས་རྣམས་ཀུན།། ཅི་འདོད་ལས་རྣམས་གྲུབ་པར་བྱེད།། ཚངས་པའི་གླུ་དང་དྲག་པོའི་གླུ།། འཇུག་སེལ་གླུ་དང་དབང་ཆེན་གླུ།། འདི་དག་དམ་པ་ཆེན་པོ་སྟེ།། གསང་མཆོག་སྒྲོལ་མ་དབང་དུ་འགྱུར།། གླུ་རྣམས་མ ་ལུས་ཐམས་ཅད་ཀུན།། གཟི་ལྡན་ཡུམ་གྱི་མཁའ་ལ་སྦས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་གླུའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ ་གར་གྱི་དབང་ཕྱུག་གིས། སྦྱོར་བ་དམ་ཚིག་གི་བརྟུལ་ཞུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དམ་ཚིག་འདི་ནི་རྨད་པོ་ཆེ།། རྫོགས་པའི་སངས་རྒྱས་རྣམས་ཀྱིས ་གསང་།། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། གསང་ཆེན་དམ་པ་མི་འདའ་བར།། རྣལ་འབྱོར་གང་ཞིག་རྩོམ་པ་ཡང་།། མཉམ་པ་ཆེན་པོར་རྟོགས་པ་ཡིན།། དོན་ལས་ནམས་ཀྱང་འདའ་མི་བྱ།། བསྡམས་པར ་བྱ་བའི་དམ་ཚིག་འདི།། སྲོག་གི་ཕྱིར་ཡང་མི་འདའ་འོ།། སྣ་ཚོགས་དངོས་པོར་སྣང་བ་ཡང་།། དངོས་པོ་མེད་པའི་སྐུར་སྣང་བས།། རྟོགས་པའི་དོན་ལས་མི་འདའ་འོ།། སྒྲ་མཐའ་སྣ་ཚོགས་གྲགས་པ་ཡང་།། སྨྲ ་བ་མེད་པའི་གསུང་ཡིན་པས།། རིགས་པའི་དོན་ལས་མི་འདའ་འོ།། བསྟན་དུ་མེད་པའི་བསམ་པ་ནི།། དེ་ནི་ཐུགས་ཀྱི་རང་བཞིན་ཏེ།། དེ་ལས་འདའ་བར་མི་བྱའོ།། སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་།། ཆེ་བའི ་ཡོན་ཏན་སྣ་ཚོགས་འབྱུང་།། འོན་ཏང་ཟད་མེད་འཕེལ་བ་མེད།། ཡོན་ཏན་དམ་ཚིག་ཡིན་པར་གྲགས།། འདི་ལས་འདའ་བར་མི་བྱའོ།། བཙལ་བ་མེད་པའི་ལས་གང་ཡིན།། འདི་ཉིད་ཐབས་ཀྱི་སྤྱོད་མཆོག ་མཁས།། འཕྲིན་ལས་དམ་ཚིག་འདའ་དཀའ་འོ།། ལྔ་པོ་འདི་ལ་གང་གནས་པ།། རྣལ་འབྱོར་སྐལ་ལྡན་དམ་པ་ཡིན།། གྲུབ་པའི་དམ་ཚིག་ཆེན་པོ་ནི།། བྱང་ཆུབ་སེམས་དང་ཤ་རྣམས་དང་། ཁྲག་དང་དྲི་ཆུ་དྲི་ཆེན ་པོ།། དབང་པོ་ལྔ་དང་བཅས་པ་འདི།། བདེ་གཤེགས་ལྔ་ཡི་ཐུགས་དམ་སྟེ།། བསྒྲུབ་ལ་གནས་པས་མི་སྤང་ཞིང་།། འདའ་བར་བྱ་བ་མ་ཡིན་ནོ།། བརྟུལ་ཞུགས་ཆེན་པོའི་དམ་ཚིག་ནི།། དཀའ་ཐུབ ་སྡོམ་ལ་གནས་པའི་ཕྱིར།། བདུད་རྩི་དམ་རྫས་རྐྱེན་བཅས་ལ།། ཐོགས་པ་མེད་པའི་བརྟུལ་ཞུགས་ཀྱིས།། སྤོང་ལེན་མེད་པའི་རོལ་པ་བྱ།། དེ་ལས་འདའ་བར་མི་བྱའོ།། བསྙེན་པོའི་དམ་ཚིག་ཆེན་པོ་ནི།། ལྷ་དང ་རྫས་ཚེ་ལ་སོགས་པ།། སྙིང་པོ་ཡིག་འབྲུ་བཅས་པ་རྣམས།། གཉིས་སུ་མེད་པར་རྟོགས་བྱས་ནས།། མཉམ་པ་ཆེན་པོའི་དབྱིངས་སུ་བཞག། དེ་ལས་འདའ་བར་མི་བྱའོ།། དམ་པའི་དམ་ཚིག་ཆེན་པོ་ནི།། པདྨ་ཅན ་དང་དུང་ཅན་དང་།། བན་གླང་ཅན་དང་རི་མོ་ཅན།། བུ་མོ་མིག་རིངས་ལ་སོགས་པ།། ཕྲད་པར་གྱུར་པ་སྦྱོར་བ་ཡིན།། མཐོང་བ་ཙམ་གྱིས་དམ་ཚིག་སྟེ།། དབང་པོ་ཡུལ་དུ་ཤེས་མཚོན་བྱ།། དེ་ལས་འདའ་བར་མི ་བྱའོ།། ཤེས་པར་བྱ་བའི་དམ་ཚིག་ནི།། འཁོར་བའི་ཆོས་ལྔ་མ་སྤངས་པར།། སྤྱད་པར་བྱ་བ་མྱ་ངན་འདས།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་འདུས།། འདི་ལས་འདའ་བར་མི ་བྱའོ།། དམ་དུ་བླང་བའི་དམ་ཚིག་ནི།། ཏན་འགན་ལ་སོགས་སྤྱད་པ་ཡང་།། འདས་པའི་སངས་རྒྱས་རྣམས་ཀྱི་བཀའ།། མ་སྦྱིན་པ་ཡང་བླངས་པ་དང་།། མི་དབང་བ་ནི་སྤྱད་པར་བྱ།། ལྷ་དང་སློབ་དཔོན་མཆེད་ལ ་སོགས།། འདི་ལ་རྫུན་ཚིག་མི་སྨྲ་ཞིང་།། བླང་བའི་དམ་ཚིག་ཅེས་བགམ་པ།། དེ་ལས་འདའ་བར་མི་བྱའོ།། གླུ་བྲོ་གསང་བའི་དམ་ཚིག་ནི།། དབྱིངས་ཉིད་རྫོགས་པའི་ས་གཞི་ལ།། བུདྡྷ་ཁྲག་འཐུང་རོལ་པའི ་བྲོ།། གཏི་མུག་གནས་སུ་འཇོམས་པ་སྟེ། འདའ་དཀའ་སྐུ་ཡི་དམ་ཚིག་གོ། མེ་ལོང་འོད་གསལ་ས་གཞི་ལ།། རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ།། ཞེ་སྡང་གནས་སུ་འཇོམས་པ་སྟེ།། འདའ་དཀའ་ཐུགས་ཀྱི་དམ་ཚིག ་གོ། སོ་སོར་རྟོགས་པའི་ས་གཞི་ལ།། པདྨ་ཁྲག་འཐུང་རོལ་པའི་བྲོ།། འདོད་ཆགས་གནས་སུ་འཇོམས་པ་སྟེ།། སྒྲ་མཐའ་གསུང་གི་དམ་ཚིག་གོ། ནན་ཏན་ཆེན་པོའི་ས་གཞི་ལ།། ཀརྨ་ཁྲག་འཐུང་རོལ་པའི་བྲོ།། ཕྲག ་དོག་གནས་སུ་འཇོམས་པ་སྟེ།། འཕྲིན་ལས་འདའ་དཀའི་དམ་ཚིག་གོ། སྟོང་ཉིད་རྟོགས་པའི་ས་གཞི་ལ།། དབང་ཆེན་ཁྲག་འཐུང་རོལ་པའི་བྲོ།། དུག་ལྔ་གནས་སུ་འཇོམས་པ་སྟེ།། སྐུ་ལྔ་ལྷུན་གྲུབ་དམ་ཚིག ་གོ། དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ།། ཡེ་ཤེས་དྲུག་གི་བྲོ་བརྡུངས་ཤིང་།། དུག་ལྔ་འཇོམས་པའི་གླུ་བླངས་ཞིང་།། སྡུག་བསྔལ་ཆུ་བོའི་རྒྱུན་བསྐམས་ནས།། འཁོར་བའི་རྒྱ་མཚོའི་གཏིང་བསྐམ་ཏེ།། སྐུ་གསུང་ཐུགས ་སུ་རྒྱས་བཏབ་པས།། བདེ་བ་ཆེན་པོར་རྣམ་སྦྱར་ཏེ།། དམྱལ་ཚོགས་མེ་དཔུང་གནས་སུ་གསད།། འདི་ནི་དཔལ་གྱི་བྲོ་བོ་ཆེ།། ཐོས་པ་ཙམ་གྱིས་རྟོག་པ་བྱང་།། བརྡུངས་པ་རྩམ་གྱིས་ཐུགས་དམ་སྐོངས།། འདི་ནི་གླུ ་བྲོའི་དམ་ཚིག་ཏེ།། འདི་ལས་འདའ་བར་མི་བྱའོ།། ཐམས་ཅད་ཆོས་སྐུ་བདལ་བ་ཆེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་བ་དམ་ཚིག་གི་ལེའུ་སྟེ་ཞེ་བདུན ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་གསང་བ་འདའ་དཀའ་ཐུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། གང་གིས་ང་ཡི་སྐུ ་གསུང་ཐུགས།། ཕྱག་རྒྱ་ཆེན་པོ་མི་སྤང་སྟེ།། ནམ་ཡང་ཞུམ་པའི་སེམས་མི་རུང་།། གང་གིས་རྟག་ཏུ་ང་ཡི་སྐུ།། གསང་བ་རྟག་ཏུ་བསྟན་པར་བྱ།། གང་གི་གསུང་དང་ཐུགས་དག་གི། ཕྱག་རྒྱ་གསང་བ་ཆེན་པོ ་བསྒོམས།། རྟག་ཏུ་ཕྱག་རྒྱ་ཆེན་པོ་ཡི།། རྒྱུ་ནི་མཁས་པས་བླང་བར་བྱ།། མཁས་པས་ནི་ཡང་དུས་ཀུན་ཏུ།། གསང་བའི་བྱང་ཆུབ་སེམས་མི་སྤང་།། ཝ་དང་སྦྱང་མདང་དྲེད་མོ་ཁྱི་ལ་སོགས་པའི།། ཕྱག་རྒྱ་མི་སྤང་སྤྱད ་མི་བྱ།། གང་གིས་གང་ཞིག་ཤ་ཆེན་པོ།། དུང་དང་ཟླ་བ་བླང་བར་བྱ།། ཧྲི་ཡི་སྐྲ་ཡང་སྤང་མི་བྱ།། རྒྱལ་པོའི་སྤྱོད་དང་སྨྱོན་པ་དང་།། བུས་པ་གཅེར་བུ་དགེ་བ་ཡིས།། བརྟུལ་ཞུགས་སྤྱོད་པ་བླང་བར་བྱ།། གང་ཡང ་མཁས་པས་དུས་ཀུན་ཏུ།། དབང་ཕྱུག་ཆེན་པོའི་ལས་རྣམས་ནི།། ཀུན་འདུས་གཙོ་བོའི་སྦྱོར་བ་ནི།། གསང་བ་དམ་པ་དུས་སུ་རྟེན།། སྔོན་པོ་དམར་པོ་སེར་པོ་སོགས།། ཕྱག་རྒྱ་མཚན་མ་མི་སྤང་ངོ་།། ཧཱུཾ་སྒྲ་ཤུགས་པ ་གླུ་སྙན་དང་།། དེ་བཞིན་ཤེས་རབ་རྟགས་ཆེན་གཡོ།། མཁས་པས་རབ་ཏུ་བརྟེན་པར་བྱ།། གང་གིས་མཁས་པ་འདྲ་མི་སྤང་།། ཡོན་ཏན་དམ་པ་དེ་ལས་འབྱུང་།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག ་རོལ་པ་ལས། བཀའ་གསུང་ཐུགས་ཀྱི་སྡོམ་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྲིན་མོ་ཟ་བྱེད་སྒྲོན་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་སྲིད་པའི་བུ་མོ་ཐམས་ཅད་དང་། སྲིད་པའི་ཁྲོ་མོ་ཐམས་ཅད་དང་།། སྲིད་པའི་བྲན་མོ་ཐམས་ཅད་དང་།། སྲིན་མོ་ཤ་རི་ཆེན་པོ་དང་། སྲིན་མོ་གཏུམ་མོ་ཆེན་མོ་དང་། སྲིན་མོ་རྐམ་མོ་ཆེན་མོ་དང་།། སྲིན་མོ་ཟ་བ་ཆེན ་མོ་དང་། སྲིན་མོ་གློག་འགྱུ་ཆེན་མོ་དང་།། སྲིན་མོ་གློག་གི་འཕྲེང་བ་ཅན་ཆེན་མོ་དང་།། སྲིན་མོ་ཕོར་ཐོགས་མ་ལ་སོགས་པ་ཐམས་ཅད་རབ་ཏུ་སྔངས་པ་དང་། བརྒྱལ་བ་དང་། རབ་ཏུ་སྔངས་ཤིང་། གདུང་བའི་སྒྲ ་ཆེན་པོ་འབྱིན་པའི་སྦྱོར་བ་འདི་གསུངས་སོ།། ཧེ་ཧེ་ཧི་ཡི་སྒྲ་བསྒྲགས་པས།། རོལ་པའི་སྲིན་མོ་ཆེན་མོ་འདུལ།། འཇིག་རྟེན་ཁམས་ནི་སྐྲག་ཅིང་སྔངས།། བྷྱོ་བྷྱོ་ཞེས་པའི་སྒྲ་བསྒྲགས་པས།། ཀུན་ཏུ་འགྱུ་བའི་སྲིན་མོ ་འདུལ།། དྲག་མོ་བདུད་ཆེན་ཉིད་ཀྱང་འཇིགས།། རུ་ལུ་རུ་ལུའི་སྒྲ་བསྒྲགས་པས།། ཟ་བྱེད་སྲིན་མོ་ཐམས་ཅད་འདུལ།། འཇིག་རྟེན་གདུག་པའི་སྲོག་རྩ་གཅོད།། ཙཀྲ་ཙཀྲའི་སྒྲ་བསྒྲག་པས།། ཟ་བྱེད་སྲིན་མོ་ཐམས ་ཅད་འདུལ།། འཇིག་རྟེན་གདུག་པའི་སྲོག་རྩ་གཅོད།། ཙཀྲ་ཙཀྲའི་སྒྲ་བསྒྲགས་པས།། ཀླུ་མ་སྲིན་གྱི་གནས་རྣམས་འཇོམས།། རབ་ཏུ་གསང་བའི་འོད་དང་ལྡན།། ཙིཏྟ་ཙིཏྟའི་སྔགས་བཟླས ་པས།། གདུག་པ་རག་ཤའི་སྲིན་པོ་འཇོམས།། ཀུན་ཏུ་རྒྱུ་བ་གསོད་པར་བྱེད།། བན་དྷ་བན་དྷའི་སྔགས་བཟླས་པས།། ཏི་ར་ཆེན་མོའི་གནས་རྣམས་འཇོམས།། ཁ་ཐུན་རུ་ལུའི་སྔགས་བཟླས་པས།། རྡོ་རྗེ་སེམས ་དཔའ་དབང་དུ་འགྱུར།། གཞན་ཡང་ཡོན་ཏན་བརྗོད་ལས་འདས།། དྲི་མ་མེད་པའི་ནམ་མཁའ་ལས།། ཉི་མ་ཟླ་བ་ཤར་བ་ཡི།། འབྱུང་བའི་ནམ་མཁའ་གསལ་བ་ལྟར།། མཁས་པ་དྲག་པོའི་སྒྲ་ཆེན་གྱིས།། ཉོན ་མོངས་རྟོག་པའི་སྒྲ་ཆེན་གཅོད།། སྔགས་ལ་ཉོན་མོངས་བཟློག་པ་ཡིན།། ལས་རྣམས་མ་ལུས་ཐམས་ཅད་ཀུན།། ཇི་ལྟར་རྡོ་རྗེ་ཇི་བཞིན་དུ།། གང་གི་མྱུར་དུ་འཇིགས་པར་བྱེད།། མཁས་པས་དྲག་པོ་ཆེན་པོ ་ཡིས།། སྐུ་གསུང་གསང་བའི་ཆོ་ག་ནི།། གནད་ལ་དབབ་པར་གསུངས་པ་སྟེ།། ད་ལྟར་ངས་ཀྱང་དེ་སྐད་བཤད།། དམ་ཚིག་འདི་ལས་གང་འདས་པ།། ཨརྫ་ཀ་ཡི་དོག་པ་བཞིན།། མགོ་བོ་ཚལ་བར་འགས་པ ་དང་།། སྙིང་ཡང་འགས་ཏེ་འཇིག་པར་འགྱུར།། དེ་ལ་མི་གནས་མ་མོ་དང་།། སྲིན་མོ་ལ་སོགས་ཐམས་ཅད་ཀུན།། རབ་ཏུ་འཇོམས་པར་བྱེད་པ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ ་ལས། གསང་བ་གསུང་གི་དམ་ཚིག་གི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་གིས། དྲག་པོ་དུར་ཁྲོད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས ་གསུངས་སོ།། དབང་གི་རྣམས་ལ་ཁ་དོག་ནི།། གནོད་སྦྱིན་གཟུགས་ནི་རལ་གྲིས་བྲི།། དུར་ཁྲོད་ཆེན་པོ་མདུན་སུམ་དུ།། དུར་ཁྲོད་དཀྱིལ་འཁོར་གྲུ་བཞི་སྟེ།། དབུས་ཀྱི་གྲུ་གསུམ་མཐིང་ནག་ལ།། མཐའ་སྐོར་ཟླ ་ཁམ་བརྒྱད་ཀྱིས་བསྐོར།། དབུས་སུ་ཡུམ་ཆེན་གཟི་ལྡན་མ།། ཟླ་ཁམ་བརྒྱད་ལ་བཞག་པ་ཡང་།། མཚན་དང་ལྡན་པའི་བན་དྷ་ལ།། གྲུབ་པའི་མ་མོ་བརྒྱད་བྲིས་ཏེ།། དུར་ཁྲོད་མ་མོ་དགོད་པ་ཡང་།། ཤར་དུ་རྡོ་རྗེ ་སྡེར་མོ་ཅན།། ལྷོར་ནི་ལྷ་མོ་གློག་འགྱུ་མ།། ནུབ་ཏུ་རྡོ་རྗེ་དྲ་བ་མོ། བྱང་དུ་ཨ་མོ་དེ་བ་བཞག། ཤར་ལྷོ་མཚམས་སུ་དགོད་པ་ཡང་།། རྡོ་རྗེ་ཁམ་རྒྱ་ཆེན་མོ་བཞག། ལྷོ་ནུབ་མཚམས་སུ་དགོད་པ་ཡང་།། རིན་ཆེན་ཁམ ་རྒྱ་དགོད་པར་བྱ།། ནུབ་བྱང་མཚས་སུ་དགོད་པ་ཡང་།། པད་མ་ཁམ་རྒྱ་དགོད་པར་བྱ།། བྱང་ཤར་མཚམས་སུ་ལུས་ཀྱི་རྒྱ།། ཕྱི་རིམ་པར་ཁྱམས་ཆེན་པོ་ལ།། ཟླ་གམ་དམར་པོ་བཅུ་དྲུག་ལ།། འཕྲ་མེན་བཅུ་དྲུག་རིམ ་པ་བཞིན།། སྒོ་བཞིར་ཟླ་གམ་བཞི་བྲིས་ཏེ།། སྟེང་དུ་ལྕགས་ཀྱུ་ལ་སོགས་དགོད།། དེ་ལྟར་བཤམས་ལ་དཀྱིལ་འཁོར་དུ།། གནོད་སྦྱིན་གཟུགས་ནི་ཁྲག་གིས་བྲི།། སྙིང་ཁར་རྡོག་པས་མནན་ནས་སུ།། དགུག་པའི ་བརྟུལ་ཞུགས་ཧཱུཾ་ཞེས་བཟླས།། གནོད་སྦྱིན་མ་འོང་བར་དུ་ནི།། བསྡད་ནས་ཞག་བདུན་བར་གྱི་ཁུགས།། གནོད་སྦྱིན་རྣམས་ལ་ཅི་དགར་སྤྱོད།། རྣལ་འབྱོར་པ་ཡི་བྲན་དུ་འགྱུར།། འཕྲ་མེན་མ་རྣམས ་འཁོར་འདོད་ན།། དཀྱིལ་འཁོར་དེ་ཡི་འགྲམ་དག་ཏུ།། རས་སམ་གྲོ་ག་ཤིང་ཤུན་ལ།། འཕྲ་མེན་གཟུགས་ནི་ཁྲག་གིས་བྲི།། དབང་པོ་ཡན་ལག་ཕུར་པས་མནན།། སྙིང་ཁར་རྡོག་པས་མནན་ནས་ནི།། དགུག་པའི ་བརྟུལ་ཞུགས་ཧཱུཾ་ཞེས་བཟླ།། གོང་མ་བཞིན་དུ་བདུན་གྱིས་འོང་།། བདག་ཉིད་ཇི་ལྟར་འདོད་པ་བཞིན།། འཕྲ་མེན་རྣམས་ལ་ཅི་དགར་འཁོལ།། ཁོང་གིས་ཡེ་ནན་ཁོང་དག་འཆི།། བདག་གིས་ལེན་ན་བདག་ཉིད ་ཉམས།། མ་མོ་བསྒྲུབ་པའི་དུས་དག་ཏུ།། ནང་པར་མལ་ནས་ལངས་ནས་ཀྱང་།། ཡི་དམ་གནས་པའི་ས་ཕྱོགས་སུ།། གོམ་གསུམ་སྦགས་ཏེ་ཕྱག་བྱའོ།། སྐུ་གསུམ་རྗེས་སུ་དྲན་བྱའོ།། བཤང་གཅི་བྱེད་པའི་ས་དག ་ཏུ།། སུས་མ་མཐོང་བར་ཁམ་གསུམ་ཟ།། དྲི་ཆུ་ཁྱོར་བར་བླུགས་ནས་ཀྱང་།། སུས་མ་མཐོང་བར་ཁྱོར་གསུམ་འཐུང་།། འཕྲ་མེན་ཆེན་མོ་བཀོལ་བའི་ཕྱིར།། ཤིན་ཏུ་དབེན་པའི་དུར་ཁྲོད་དུ།། རྐང་བཞི་ས་ལ ་བཙུགས་ནས་ཀྱང་།། ཕག་སྐད་ཐེངས་གསུམ་ངུར་བར་བྱ།། གང་གི་ཕྱོགས་སུ་ཁ་བལྟས་ཏེ།། གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར།། དྲི་ཆེན་མདུན་དུ་བཞག་ནས་ཀྱང་། ཁྱི་སྐད་ཐེངས་གསུམ་ཟུག་པར་བྱ།། ནུབ་ཀྱི ་ཕྱོགས་སུ་ཁ་བལྟས་ཏེ།། རྟ་སྐད་འཚེར་བའི་གླུ་དབྱངས་བླང་།། འཕྲ་མེན་རྣམས་ལ་ཅི་དགར་སྤྱོད།། དཀྱིལ་འཁོར་འདི་ལ་དགྲམ་པར་ཡང་།། དབུས་སུ་དགྲམ་པ་འདི་དག་སྟེ།། གཉིས་ལྡན་བྱང་ཆུབ་སེམས་ཆེན ་པོ།། འོ་མ་དག་ནི་བསྲེས་ལ་བཞག། དབྱངས་ནི་མ་མོའི་རྟེན་དབྱངས་བླང་།། ཕྱོགས་བཞིའི་བདུད་རྩི་བཞི་རྣམས་ནི།། རིམ་པ་བཞིན་དུ་ཟླ་གམ་ལ།། ཡི་གེ་འཕྲོ་འདུས་སྦྱངས་ནས་ཀྱང་།། ཕག་མོ་རྟེན་དབྱངས ་བླང་ཞིང་སྦྱོར།། མཐའ་སྐོར་ཤར་ལྷོའི་མཚམས་སུ་ནི།། རྫས་སུ་གྱོ་ཚལ་བཅུ་དྲུག་ལ།། རག་ཏ་ཁྲག་གིས་བསྲེས་པ་ནི། ཁ་ལྕེས་བོས་ལ་ཕྱར་ཞིང་བཞག། སྒོ་རྣམས་ལ་ནི་དགོད་པར་བྱ།། བྱང་བུ་གནག་ཚས་བྲིས་པ ་ལ། ཁ་ཁ་ལེ་ལས་བོས་ལ་ཕྱར།། འདི་ལྟར་རྟོགས་ནས་སྒོམ་པ་ཡང་།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། གཏོར་མའི་ཆོ་ག་གཞུང་བཞིན་བཏང་།། སློབ་མ་རག་ཏས་དབང་བསྐུར་རོ།། དངོས་གྲུབ་ཐོབ་ཕྱིར ་བཟླས་པའི་ལས།། སྲོད་ལ་འཁོར་གསུམ་བྲོ་བརྡུངས་པས།། ཐོ་རངས་སྦྱོར་བའི་ལས་ཀྱང་བྱ།། བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ།། དབང་གྲུབ་འདི་རྣམས་བརྟེན་འགྱུར་རོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ ་ཁྲོ་བོ་རྟ་མཆོག་རོལ་པ་ལས། དྲག་ཤུལ་སྤྱོད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དཀྱིལ་འཁོར་ཆོས་ལས་ཀྱི་སྦྱོར་བ་འདི་གསུངས་སོ།། ས ་གཞི་ཡིད་དུ་འོང་བ་ལ།། མཉེས་ཞིང་འཇམ་པ་ངེས་པ་དང་།། དེ་བཞིན་སྐྱོན་དང་བྲལ་བའི་སར།། ཆོ་ག་བཟང་པོ་རྫོགས་པ་ཡི།། བདག་ཉིད་དབང་ཆེན་ཕྱག་རྒྱ་ཆེ།། ས་བདག་ལ་ནི་གཏོར་མ ་དང་།། བདུད་རྩི་མཆོད་པ་དབུལ་བར་བྱ།། བདག་ཉིད་འོད་ཟེར་རྣམ་པ་ལྔ།། གང་ལྟར་འདོད་པའི་ས་གཞིར་གྱུར།། མེ་ས་ཏྲ་ཡི་གསང་སྔགས་ཀྱིས།། གང་གིས་དཔའ་བོའི་ཡོན་ཏན་རྫོགས།། བྱིན་བརླབས་ས་གཞི ་སྟེང་དག་ཏུ།། བདག་ཉིད་ཆོ་ག་རྫོགས་པར་འགྱུར།། འཕྲོ་འདུ་འོད་དང་གཟི་བྱིན་ལྡན།། སིའི་ཆོ་གའོ།། སེམས་བསྐྱེད་སྡོམ་གནས་སློབ་མ་འདུལ།། ཡོངས་སུ་བཟུང་ཕྱིར་བུམ་པ་སྦྱར།། ནག་པོ་ར་རི་ཉེས་པ ་སྦྱོང་།། གང་གིས་གང་གི་སྦྱོར་བ་ལས་བྱུང་།། ཆོ་ག་རྫོགས་པས་ལས་རྣམས་འགྲུབ།། ཅེས་སྟ་གོན་ནོ།། རྡོ་རྗེ་ཐིག་གི་ཆོ་ག་ནི།། ཤིན་ཏུ་གསར་ཞིང་གཉེར་པ་ཡིས།། ཕོ་བྲང་ཆེན་པོ་ཡོངས་སུ་རྫོགས།། དྲ་བ་དྲ་བ ་ཕྱེད་པ་དང་།། ཀ་བ་སྒོ་དང་རྟ་བབས་ལྡན།། གང་ལྟར་འབར་བ་བརྩམ་པར་བྱ།། སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཕཊ།། གཞན་ཡང་ཡང་དག་བཤད་བྱ་བ།། གང་གིས་ཡོན་ཏན་འཁོར་ལོ་ཡིས།། དཀྱིལ་འཁོར་བཟང་པོ ་འདི་མཁྱེན་པ།། ཡོངས་སུ་དག་པའི་རྡོ་རྗེ་ཡིས།། ཆོ་ག་འདི་ནི་མཁས་པས་འགྲུབ།། གང་ཡང་རྣལ་འབྱོར་ཉིན་མཚན་དུ།། མ་འདྲེས་ཆོ་ག་རྫོགས་པར་བྱ།། རྒྱུད་དོན་ཡོན་ཏན་དམ་པ་འགྲུབ།། དབང་ཕྱུག་ལ་སོགས ་ཇི་བཞིན་དུ།། བསམ་འདས་ཡང་དག་བདེ་བ་ཐོབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། དཀྱིལ་འཁོར་ཆེན་པོའི་ལེའུ་སྟེང་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས ་དཔལ་པདྨ་གར་གྱི་དབང་ཕྱུ་གིས། ཕྱག་རྒྱ་སྦྱོར་བ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ།། བྱིན་བརླབས་དབང་ཕྱུག་གསུང་གི་བདག། གཡས་དང་གཡོན་གྱི་ལག་པ་རུ།། ཡི་གེ ་སྤྲོ་བ་རབ་ཏུ་སྒོམ།། ལག་པ་གཡས་པའི་སོར་མོ་ལྔ།། ཡབ་ལྔའི་བྱིན་བརླབས་དཔའ་བོ་འབྲུ་ལྔ་དགོད།། ལག་པ་གཡོན་པའི་སོར་མོ་ལ།། ཡུམ་ལྔའི་དཔའ་བོ་འབྲུ་ལྔ་དགོད།། ཡབ་ཡུམ་གཉིས་མེད་སྦྱོར་བ ་ལས།། རིགས་ལྔའི་སངས་རྒྱས་འབྱུང་བའི་རྒྱུ།། གཡས་པ་རྡོ་རྗེ་ཁུ་ཚུར་དུ།། གཡོན་གྱི་མཛུབ་མོ་བཅུག་ནས་ནི།། སྙིང་ཁར་བཞག་སྟེ་སྒོམ་པ་ནི།། རྣམ་སྣང་དཔལ་གྱི་ཕྱག་རྒྱའོ།། གཡོན་པའི་ཐལ་མོ་སྙིང་ཁར ་བརྐྱང་།། གཡས་པའི་ཐལ་མོ་ས་ལ་གཏུག། མི་འཁྲུགས་པའི་ཕྱག་རྒྱའོ།། གཡོན་གྱི་ཐལ་མོ་སྙིང་ཁར་བརྐྱང་།། གཡས་ཀྱི་ཐལ་མོ་བརྐྱང་ནས།། སྦྱིན་པའི་ཚུལ་དུ་སྟོན་པ་ནི།། རིན་ཆེན་འབྱུང་ལྡན་ཕྱག་རྒྱའོ།། ལག ་པ་གཡས་ཀྱིས་གཡོན་མནན་ནས།། སྙིང་ཁར་བཞག་སྟེ་བསྒྲེང་བ་ནི།། འོད་དཔག་མེད་ཀྱི་ཕྱག་རྒྱའོ།། གཡོན་གྱི་ཐལ་མོ་སྙིང་ཁར་བརྐྱང་།། གཡས་པ་སྐྱོབ་པ་ལྟར་བྱེད་པ།། གདོན་མི་ཟ་བའི་ཕྱག་རྒྱའོ།། ལག ་གཉིས་རྡོ་རྗེ་བསྡམས་པ་ལས།། གུང་མོ་མཐེའུ་ཆུང་རྩེ་སྦྱར་ནས།། མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་སྟེ།། མཐེ་བོང་ཕྲལ་ནས་བསྒྲེང་བ་ནི། རྟ་གདོང་ཞལ་གྱི་ཕྱག་རྒྱའོ།། ལག་གཉིས་རྡོ་རྗེ་བསྡམ ་པ་ལས།། མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས།། བསྒྲལ་ཞིང་འདྲེན་པ་ལྟར་བྱེད་པ།། རིག་བྱེད་ལྕགས་ཀྱི་ཕྱག་རྒྱའོ།། ལག་གཉིས་རྒྱབ་སྦྱར་སྲིན་ལག་སྦྲེལ།། མཐེ་འོང་གུང་མོ་སོ་སོར་སྦྱར།། ལུ་གུ་རྒྱུད་ཀྱི ་ཞགས་པའོ།། ལག་གཉིས་མཐེ་འོང་སྒྲེང་བ་ལས།། ལྷག་མ་ལོ་མ་ལྟར་བརྐྱང་སྟེ།། སྟ་ཟུར་གཡས་གཡོན་བརྐྱང་བ་ནི། ཁྱུང་ཆེན་གཤོག་པའི་ཕྱག་རྒྱའོ།། ལག་གཉིས་མཐེ་འོང་སྒྲེང་བ་ནི།། གཡས་ཀྱི་སོར་མོ་བསྐུམ ་བྱས་ཏེ།། གཡོན་པ་བརྐྱང་སྟེ་ཐུར་དུ་བཙུགས།། བརྐྱང་བསྐུམ་ཕུར་པའི་ཕྱག་རྒྱའོ།། ལག་པ་གཡས་གཡོན་ཐལ་མོ་སྦྱར།། རྩེ་མོ་པུག་པུག་ལྟར་བྱས་པ།། དམ་ཚིག་སྦྱོར་བའི་ཕྱག་རྒྱའོ།། ལག་པ་གཡས་གཡོན་གར ་བསྒྱུར་ཞིང་། ཁ་ནས་སྔགས་ཀྱི་ཚིག་བཟློས་པ།། གླུ་བྲོ་གར་གྱི་ཕྱག་རྒྱའོ།། ལག་པ་གཡས་པའི་སོར་མོ་ལ།། གཡོན་གྱི་སོར་མོ་ཕྱེད་སླེབ་སྦྱར།། སྤྱི་བོར་བཞག་སྟེ་ཕྱག་བྱས་པ།། སྤྱི་གཙུག་རྒྱལ་བའི་ཕྱག ་རྒྱའོ།། རྐང་པ་གཡས་བསྐུམ་གཡོན་བགྲད་ནས།། ལག་པ་ཐལ་སྦྱར་ཕྱག་བྱས་པ།། བརྐྱང་བསྐུམ་སྲིན་པོའི་ཕྱག་རྒྱའོ།། ལག་པ་གཡས་གཡོན་སྙིང་ཁར་བསྣོལ།། མིག་གཉིས་བཙུམ་ནས་ཕྱག་བྱས་པ།། མི་གཡོ། ་བསམ་གཏན་ཕྱག་རྒྱའོ།། གཡས་པའི་ཐལ་མོ་སྙིང་ཁར་བརྐྱང་།། གཡོན་གྱི་སྨིན་སྐྲག་བསྒྱིངས་པ་ནི།། མ་མོ་འཛུམ་པའི་ཕྱག་རྒྱའོ།། གཞོགས་གཡས་པ་ལ་སྐྱེས་ནས་ནི།། ལག་གཉིས་ས་ལ་བརྡབས་པ་ནི།། ཀླུ ་འབྲུག་འཕྲོས་པའི་ཕྱག་རྒྱའོ།། རྐང་གཉིས་ལོང་བུ་སྦྱར་ནས་ནི།། ལག་གཉིས་ཐལ་སྦྱར་ཙོག་ཙོག་འདུག། དྲང་སྲོང་ཚོག་པུའི་ཕྱག་རྒྱའོ།། ལག་པ་གཡས་པའི་ཐལ་མོ་ལ།། མདངས་ཆེན་ཕྱུང་ནས་བལྟ་བ་ནི།། ལྷ་མོ ་མདངས་ཀྱི་ཕྱག་རྒྱའོ།། ལག་པ་ཐལ་སྦྱར་ལུས་བཏུད་ནས།། གུས་པའི་སེམས་ཀྱིས་བསྐོར་བ་ནི།། ཐལ་སྦྱར་མ་ཡི་ཕྱག་རྒྱའོ།། ལག་པ་གཡས་གཡོན་རྒྱབ་སྦྱར་ནས།། སོར་མོ་གཅིག་ལ་གཅིག་འཁྱུད་དེ།། མཐེབ ་གཉིས་དཀྱིལ་དུ་རྩེ་སྤྲད་པ།། འཁོར་ལོ་དབང་སྒྱུར་ཕྱག་རྒྱའོ།། ཁུ་ཚུར་བཅངས་ནས་མཛུབ་སྒྲེང་བ། ཁྲོ་འཛུམ་དབང་སྡུད་ཕྱག་རྒྱ་ཡིན།། སྲིན་ལག་མཐེབ་མཛུབ་མིག་ཏུ་ཕྱུང་།། སྤྱན་གསུམ་ཞལ་གསུམ་ཕྱག ་རྒྱའོ།། སོར་མོ་གཅིག་པུ་སྲིད་དེ།། མཛུབ་བསྒྲེང་མཐེ་བོང་བསྐོལ་བ་ནི།། སྦྲུལ་ནག་ཞགས་པའི་ཕྱག་རྒྱའོ།། མཛུབ་གཉིས་མིག་ལྟར་བྱས་པ་ལ།། སྲིན་ལ་གནད་དུ་ཕྱུང་བྱས་ནས།། མཐེ་བོང་མཛུབ་མོ་གཤིབས་པ ་ནི།། ཐོད་རློན་འབར་བའི་ཕྱག་རྒྱའོ།། མཛུབ་གཉིས་ཕྱི་རུ་ཕྱུང་བ་ནི།། ཐོད་སྐམ་འབར་བའི་ཕྱག་རྒྱའོ།། མཛུབ་གཉིས་མནན་ནས་ཕྱར་བ་ནི།། ཐོད་ཚལ་འབར་བའི་ཕྱག་རྒྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ ་ཁྲོ་བོ་རྟ་མཆོག་རོལ་པ་ལས། གསང་ཆེན་ཕྱག་རྒྱའོ་ལེའུ་སྟེང་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཆོ་འཕྲུལ་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། རྟེན་པ་རྡོ་རྗེའི་ངོ་བོ་ནི།། གཡས་སུ་གང་གིས་བལྟས་ནས་ནི།། ཀུན་ཏུ་སྣང་བའི་གར་བྱས་ནས།། འབར་བ་གཏུམ་མོ་མ་རུངས་པ།། དེ་ལ་རབ་ཏུ་གསོད ་པར་བྱེད།། དྲི་ཆེན་གྱིས་ནི་ལུས་བྱུག། གང་གིས་ཕྱིན་ཕྱོགས་དག་ཏུ་བསྐོར།། དེ་ལ་རོལ་པ་མཆོག་གི་གར།། ཀུན་ཏུ་འཁོར་ལོ་སྒྱུར་བར་བྱེད།། དྲི་ཆུ་ཡིས་ནི་ལུས་བྱུགས་ཏེ།། དུད་འགྲོས་ཀྱི་ས་གར་བྱས་ཏེ།། བདག ་ཉིད་ཕྱག་རྒྱ་ཆེན་པོ་ཡིས།། ཐུབ་བྱེད་རྒྱལ་པོ་གྲུབ་པར་འགྱུར།། པ་རི་ཏ་ཡི་གར་བྱས་ན།། བདག་ཉིད་རོལ་པ་སྣ་ཚོགས་འགྲུབ།། ཚངས་པའི་བུ་མོ་སྲེག་བྱེད་མ།། རུས་སྦལ་སྟབས་ཀྱི་གར་བྱས་ན།། འཁོར་ལོ ་དཔའ་བོ་མྱུར་དུ་འགྲུབ།། པ་ར་ཏ་པ་ནའི་གར་བྱས་ནས།། སྲིན་མོ་གློག་འང་དབང་དུ་སྡུད།། ཕྱིན་བཅུ་ལོག་གི་གར་བྱས་ན།། བདག་ཉིད་རོལ་པ་སྣ་ཚོགས་འགྲུབ།། སྦྱར་བྱེད་ཆེན་པོའི་གར་བྱས་ན།། མ་མོ་གཙོ་མོ ་རླག་པར་འགྱུར།། གླུ་དབྱངས་གར་དང་ལྡན་པ་ཡིས།། རབ་ཏུ་བདག་ཉིད་ཆོ་ག་འགྲུབ།། གསང་བ་གསང་བྱེད་ཕྱག་རྒྱ་ཆེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་ཆོ་ག་རོལ་པ་ལས། གསང་མཆོག་གར་གྱི ་ལེའུ་སྟེ་ང་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཁྲག་འཐུང་འབར ་བའི་ཐུགས་ཀ་ནས།། ལས་དང་ཟུག་ལས་སྤྲུལ་པ་ཡི།། ཡེ་ཤེས་གསང་བར་བསྡུས་པ་ལས།། རྡོ་རྗེ་ཐུགས་ཀྱི་གོ་མ་ལ།། རྡོ་རྗེ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ་བྱ་བའི ་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་དབུ་གཙུག་ནས།། རྡོ་རྗེ་སྐུ་ཡི་སྒོམ་མོ།། དེ་བཞིན་གཤེགས་པའི་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད་ཀྱིས།། གང་ལ ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་ལྕགས་ལས་ཀྱང་།། རྡོ་རྗེ་གསུང་གི་གོ་མ་ལ།། པདྨ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད ་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་འབར་བའི་ལྟེ་བ་ནས།། ཡོན་ཏན་རྡོ་རྗེ་གོ་མ་ལ།། རིན་ཆེན་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི་ངང་ཉིད ་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ།། ཁམས་གསུམ་སྒྲོལ་བའི་ལས་ཛོད་ཅིག། ཁྲག་འཐུང་འབར་བའི་ཞབས་ལས་ཀྱང་།། རྡོ་རྗེ་ལས་ཀྱི་གོ་མ་ལ།། ལས་རབ་ཁྲག་འཐུང་གཟུངས་མ་སྟེ།། འདུ་འབྲལ་མེད་པའི ་ངང་ཉིད་ཀྱིས།། གང་ལ་བྱ་བའི་གནས་དག་ཏུ། ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག། ཁྲག་འཐུང་སྐུ་ཡི་འོད་ཟེར་ལས།། རྡོ་རྗེ་ལས་ཀྱི་གོ་མ་ལ།། དཔལ་དང་ཁམ་རྒྱའི་ཚོགས་སུ་སྦྱོར།། གཉིས ་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་དྲེད་མོའི་མགོ། མངག་པའི་ལས་ལ་མ་གཡེལ་ཅིག་ཁྲག་འཐུང་སྐུ་ཡི་མེ་ལྕེ་ལས།། འཕྲ་མེན་ལས་ཀྱི་གོ་ལ་མ། དཔལ་དང་སྦྲང་མོའི་ཚོགས་སུ་སྦྱོར།། གཉིས་སུ་མེད་པ་འོད ་ཟེར་ནི།། མི་ཡི་ལུས་ལ་ལྕགས་སྦྲང་གདོང་།། འཕྲ་མེན་ཉིད་པས་ལས་ལ་བརྩོན།། མངག་པའི་ལས་ལ་མ་གཡེལ་ཅིག། འབར་བ་ཞབས་ཀྱི་གདན་ཁྲི་ལས།། འཕྲ་མེན་ལས་ཀྱི་གོ་ལ་མ།། དཔལ་དང་ཁྱི་མོའི་ཚོགས ་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་ཁྱི་ཡི་མགོ། འཕྲ་མེན་ཉིད་པས་ལས་ལ་བརྩོན།། མངག་པའི་ལས་ལ་མ་གཡེལ་ཅིག། ཁྲག་འཐུང་འབར་བའི་བ་སྤུ་ལས།། འཕྲ་མེན་ལས་ཀྱི་གོ་ལ ་མ།། དཔལ་དང་ལོང་བའི་ཚོགས་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་ལོང་པའི་མགོ། འཕྲ་མེན་ཉིད་པས་ལས་ལ་བརྩོན།། མངག་པའི་ལས་ལ་མ་གཡེལ་ཅིག། ཁྲག་འཐུང་འབར་བའི་ཞལ ་གཡས་ལས།། འཕྲ་མེན་ལས་ཀྱི་གོ་ལ་མ།། དཔལ་དང་དམུན་ལོང་ཚོགས་སུ་སྦྱོར།། གཉིས་སུ་མེད་པའི་འོད་ཟེར་ནི།། མི་ཡི་ལུས་ལ་དམུན་ལོང་མགོ། འཕྲ་མེན་ཉིད་པས་ལས་ལ་བརྩོན།། མངག་པའི་གནས་སུ་མ ་གཡེལ་ཅིག། དཔལ་ཆེན་པདྨ་ཧེ་རུ་ཀའི།། དབུ་ཡི་དཀྱིལ་འཁོར་མན་ཆད་ནས།། ཞབས་ཀྱི་གདན་ཁྲི་ཡན་ཆད་དུ།། ཐུགས་དང་ལས་ལས་སྤྲུལ་པ་ཡི།། རྡོ་རྗེ་ལས་ཀྱི་གོ་ལ་མ།། མངག་པ་ཙམ་གྱིས་ལས་མཛོད ་ཅིག། མ་མ་ཛ་ཛ་བྷྱོ་བྷྱོ།། ལས་ལ་བྷྱོ། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། གོ་ལ་མ་མངག་པའི་ལེའུ་སྟེ་ང་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང ་ཕྱུག་གིས། རབ་ཏུ་འཇོམས་པའི་སྤྲིན་རབ་ཏུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་རྟག་ཏུ་ཕྱག་རྒྱ་ཆེ།། སྙིང་པོ་རིག་པའི་བདག་ཉིད་ཅན།། དཔལ་ལྡན་གར་གྱི ་ཕྱག་རྒྱ་འཛིན།། རིག་པའི་སྦྱོར་བའི་ཆོ་ག་ཡིས།། དབང་པོའི་དཀྱིལ་དུ་བདག་ཉིད་གནས།། འཁོར་ལོ་གྲོང་ཁྱེར་ཆེན་པོ་རུ།། གང་གི་རབ་ཏུ་སྦྱོར་བ་ནི།། དཀྱིལ་འཁོར་ཆེན་པོ་འདི་ཡིས་འགྲུབ།། ཅེས་གསུངས ་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གསང་བ་གཟི་བྱིན་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། བདག་ཉིད་འཁོར་ལོ་དམ་པ ་ཆེ།། ཉེ་བར་སྦྱོར་བའི་བདག་ཉིད་ཅན།། གང་གི་རབ་ཏུ་གསང་བ་ཡི།། སྙིང་པོ་སྙིང་ཁར་བསམས་ནས་ནི།། རང་སྔགས་སྦྱོར་བའི་སྟོབས་ཆེན་གྱི།། གསང་ཆེན་རབ་ཏུ་གསང་བར་བྱེད།། འཁོར་ལོ་གྲོང་ཁྱེར་ཚུལ ་འཆང་ཞིང་།། ཉེ་བར་སྦྱོར་བའི་བདག་ཉིད་ཅན།། ཡེ་ཤེས་གསང་བ་སྐུ་གསུང་ཐུགས།། བདེ་ཆེན་དམ་པ་བསྒྲུབ་པར་བྱེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རིག ་པའི་མཆོག་གནས་པ་ཞེས་བྱ་བའི་ལེའུ་སྟེ་ང་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རོལ་པའི་འཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ ་རབ་ཏུ་གསང་བ་བསྐྱེད་པར་བྱས་པ་ཞེས་བྱ་བ་འདི། སྐུ་དང་། གསུང་དང་། ཐུགས་ལས་ཕྱུང་ངོ་། རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་།། གཟུང་འཛིན་རྟོག་པའི་མཐའ་གཉིས་མ་ཆགས་དབྱིངས།། ཐམས་ཅད་སྤྲོས ་བྲལ་མཉམ་ཉིད་ཇི་བཞིན་དང་།། རྟོག་བརྗོད་མེད་ཅིང་སྨྲ་བསམ་ཡུལ་ལས་འདས།། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་བཛྲ་སྭ་བྷ་ཝ་ཨཱད་མ་ཀོ&ཧཾ། མ་ལྟར་བྱམས་པའི་སྙིང་རྗེས་ཡོངས་ལ་ཁྱབ།། མཁའ་ལྟར་གོ་འབྱེད་ཆུ་འཕྲུལ ་འབྱུང་བའི་ཡུལ།། ཀུན་ལ་ཁྱབ་པས་ཡེ་ཤེས་གཏེར་ལྟར་ཆེ་བའི་ཁྱད་པར་སྟོན།། ཨོཾ་དྷརྨ་དྷ་དུ་སྭ་བྷ་ཝ་ཨད་མ་ཀོ&ཧཾ། ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ།། ཆགས་པའི་སྐྱོན་བྲལ་རིན་ཆེན་སྣ་ལྔའི་མདོག། འབྱུང ་བ་ལྔ་དང་ཡུམ་ལྔ་ཡེ་ཤེས་ལྔ།། གདུལ་བྱའི་འཕྲིན་ལས་ལྔ་རུ་སྦྱོར།། བཛྲ་ཙིཏྟ་ཧཱུཾ། ཞབས་སྐྱེད་མཐིང་ཀ་འཕྲོ་འདུ་ལས།། གསལ་བའི་གོ་འབྱེད་ནམ་མཁར་གྱུར།། དུས་གསུམ་འགྱུར་བ་མེད་པ་ཀུན་ཏུ ་བཟང་།། རྟགས་ནི་བྱུང་བ་ཀུན་ལ་ཁྱབ།། སྣ་རུ་ལྗང་ཁུའི་འཕྲོ་འདུ་ལས།། རྒྱ་གྲམ་རླུང་གི་དཀྱིལ་འཁོར་ཤར་བར་གསལ།། ཐམས་ཅད་སྐྱེད་བྱེད་ཡུམ་ཆེན་དམ་ཚིག་སྒྲོལ།། རྟག་ནི་ནམ་མཁའི་མཐའ་དང ་མཉམ།། འ་ཉིད་དམར་པོའི་འཕྲོ་འདུ་ལས།། རག་ཏ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྱིལ།། ཐམས་ཅད་སྡུད་པའི་ཡུམ་ཆེན་མ་མ་ཀི། རྟགས་ནི་ནམ་མཁའི་མཐའ་དང་མཉམ།། ཐིག་ལེ་སྔོ་སྐྱའི་འཕྲོ་འདུ་ལས།། ཀེང་རུས ་ཆེན་པོའི་རི་རབ་སྟེ།། ཐམས་ཅད་སྟོན་པའི་ཡུམ་ཆེན་སངས་རྒྱས་སྤྱན།། རྟགས་ནི་ནམ་མཁའི་མཐའ་དང་མཉམ།། ཧ་ཉིད་སེར་པོའི་འཕྲོ་འདུ་ལས།། བསྐལ་པའི་མེ་དཔུང་ཆེན་པོར་འབར།། འབྱུང་བ་དྲོད་སྙོམས ་ཡུམ་ཆེན་ན་བཟའ་དཀར།། རྟགས་ནི་ནམ་མཁའི་མཐའ་དང་མཉམ།། ཧཱུཾ་མཛད་ཧཱུཾ་གི་བྱིན་བརླབས་བསམ་མི་ཁྱབ།། འབྲུ་ལྔ་སྤྲོས་པས་ཡུམ་ལྔའི་དཀྱིལ་འཁོར་གསལ།། དབང་ཆེན་ཡུམ་དུ་བརྩེགས་པའི་བྱིན ་བརླབས་ཀྱིས།། ཡི་གེ་ཧཱུཾ་ཡང་མ་ཉམས་ནམ་མཁའི་དབྱིངས་ན་གསལ།། ཡི་གེ་ཧཱུཾ་གིས་བྱིན་བརླབས་ཀྱིས།། དབང་ཆེན་ཡུམ་ལྔའི་མཁའ་དཀྱིལ་དུ།། གཟུགས་ཁམས་མ་ལུས་དབང་དུ་བསྡུ་བའི་ཕྱིར།། ལྷ་ཆེན ་བརྒྱད་ནི་རྨང་དུ་བཏིང་།། འདོད་ཁམས་མ་ལུས་དབང་དུ་བསྡུ་བའི་ཕྱིར།། ཕྱོགས་སྐྱོང་བཅུ་ནི་རྩིག་པ་བརྩིགས།། སྐུ་བཞི་དཔལ་བརྒྱད་ཚང་བའི་ཕྱིར།། རྒྱལ་ཆེན་བཞི་ནི་ཀ་བར་བཙུགས།། གཏི་མུག་ལ་སོགས་ཡེ ་ཤེས་སྐྱེད་པའི་ཕྱིར།། ཀླུ་ཆེན་བརྒྱད་ནི་གདུང་དུ་བྲེས།། གཞལ་ཡས་མ་བསྒྲིབས་ཡོངས་སུ་གསལ་བའི་ཕྱིར།། གཟའ་ཆེན་བརྒྱད་ནི་བད་དུ་བོར།། དུས་བཞི་འགྱུར་ལྡོག་མེད་པར་བྱ་བའི་ཕྱིར།། རྨུ ་སྐར་རྣམས་ནི་ཕྱོགས་ནས་མིག་ཚགས་བྱས།། རྒྱལ་མཚན་བཞི་དང་བླ་རེར་བཅས།། ཉ་སྦྲུལ་མཆོག་ཕྲན་ཟ་ར་ཚགས།། བདེ་གཤེགས་གཞལ་ཡས་ཁང་གི་རང་བཞིན་ནོ།། ཨོཾ་དེ་བ་ཀ་བ་ལ་བྷྲཱུཾ། དེ་བ་ཀ་པ་ལ་བྷྲཱུཾ། དེ ་བ་ཀ་པ་ལ་བྷྱཱཾ། ཨོཾ་རག་ཤ་ཀ་པ་ལ་བྷྱཱཾ། རག་ཤ་ཀ་པ་ལ་བྷྱཱཾ། རག་ཤ་ཀ་པ་ལ་བྷྱཱཾ། ཨཽ་ར་ཙ་ཀ་པ་ལ་བྷྱཱཾ། ར་ཙ་ཀ་པ་ལ་བྷྱཱཾ། ར་ཙ་ཀ་པ་ལ་བྷྱཱཾ། ཨོཾ་ན་ག་ཀ་པ་ལ་བྷྱཱཾ། ན་ག་ཀ་པ་ལ་བྷྱཱཾ། ནཱ་ག་ཀ་པ་ལ་བྷྱཱཾ། ཨོཾ་སཱུརྱ་ཀ་པ་ལ ་བྷྱཱཾ། སྭརྱ་ཀ་པ་ལ་བྷྱཱཾ། སཨཱརྱ་ཀ་པ་ལ་བྷྱཱཾ། མོ་ཀྲོ་དྷཱ་ཀ་པ་ལ་བྷྱཱཾ། ཀྲོ་དྷ་ཀ་པ་ལ་བྷྱཱཾ། ཀྲོ་དྷ་ཀ་པ་ལ་བྷྱཱཾ། མོ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཛ་ཧཱུཾ་བ་ཧོ། དེ་ལྟ་བུ་ཡི་དབུས་ཉིད་དུ།། དཀྱིལ ་འཁོར་གྲུ་བཞི་མཎྜལ་ལ།། དབུས་ནི་ཟླ་ཁམ་ཨེ་ཡི་དཀྱིལ།། བཅུ་དྲུག་འཁོར་ལོའི་མཐའ་འཁོར་ཞིང་།། ཧྲི་ལས་པདྨ་ཉི་ཤུ་བཞི། ཟུར་བཞི་རིན་ཆེན་ཁྲི་རྐང་ལ། སྤྲིན་མེད་ཉི་མ་བདུན་གྱི་བརྒྱན།། བར་ཁྱམས་གཉིས ་དང་སྒོ་བཞིར་ལྡན།། བདེ་གཤེགས་བཞུགས་པའི་གནས་ཀྱི་དབྱིངས་ཉིད་དོ།། རྡོ་རྗེ་གཞལ་ཡས་ནམ་མཁའི་ཚད་མཉམ་པ།། ཀ་བ་ཡིད་བཞིན་བྲེ་རྒྱན་དུ་བསྟན།། རིན་ཆེན་མཆོག་སྦྱིན་དབང་གི་ཡུམ་དུ ་བསྟན།། ཀུན་ཏུ་རོལ་བས་ཅིར་ཡང་གྲོལ་བའི་དབྱིངས།། བྷ་ག་མཎྜལ་གུ་ཧྱ་སིད་དྷི་ཧཱུཾ། ཧཱུཾ། དབང་ཕྱུག་མངར་བསྡུས་སེ་ང་འཛམ་པ་ལ།། དུག་ལྔ་ཟིལ་གནོན་རྣམ་དག་འཇོམས་མཛད་ཅིང་།། མཐུ་རྩལ་ཆེ་བའི ་ཁྱད་པར་ཀུན་ལས་འཕགས།། དོན་དམ་གསང་བས་དབང་ཕྱུག་རྒྱལ་བའི་བཀའ།། སི་ང་ཛམ་པ་ལ་བིམ་ལ་སིད་དྷི་ཧཱུཾ། ཧཱུཾ། ཁྲི་རྐང་རིན་ཆེན་འབར་བའི་སྐུར་སྟོན་པས།། ཡོན་ཏན་དྲུག་གཏོང་དཔག་ཚད་འཕང་དང ་མཉམ།། སྤྲིན་མེད་ཉི་མ་བདུན་བརྩེགས་གསལ་བས་བརྒྱན།། རིགས་བཞི་ཁྲག་འཐུང་སྐུ་ལ་མཁའ་འགྲོ་འཁྲིལ།། རད་ན་ཏྲཾ་ཏྲཾ། ཧཱུཾ། འདི་ཡི་སྐྱོན་བྲལ་པདྨ་ར་གའི་མདོག། དྲི་ཞིམ་དབྱིབས་ལེགས་ཞོག་སོ་སོར ་གསལ།། ཆོས་དབྱིངས་ཆེན་པོའི་ཁྱད་པར་སྟོན་པའི་ཕྱིར།། རིགས་མཆོག་བརྗིད་ལྡན་གསང་བ་ཡུམ་གྱི་མཁའ།། པདྨ་ད་ར་ཧྲི་ཧྲི། ཧཱུཾ། འཇིག་རྟེན་འོད་ཀྱི་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་ནི།། ཐབས་མཆོག་བརྗིད ་ལྡན་འོད་ཟེར་ཕྱོགས་བཅུར་འགྱེད།། སྟོང་གསུམ་མུན་ནག་གཏིང་ནས་སེལ་མཛད་པའི།། ཡེ་ཤེས་གསལ་བའི་མེ་ལོང་མ་མ་ཀི། སཱུརྱ་མཎྜལ་ཧཱུཾ། ཙནྡ་མཎྜལ་ཧཱུཾ། ཉི་ཟླ་དེ་དཀྱིལ་གདན་སྟེངས་སུ།། ནམ་མཁའི་ཡི་གེ ་ཧཱུཾ་ཕབ་སྟེ།། རྣམ་གསུམ་ཚུལ་གྱིས་སྐུ་ཉིད་རྫོགས།། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན།། ཨོཾ་བཛྲ་ས་ཏྭ་ཡ་སྟ་ཏ་ཨཱ་ད་མ་ཀོ&ཧཾ། བཅོམ་ལྡན་དཔལ་ཆོ་ག་རྡོ་རྗེ་སེམས་དཔའ་ནི།། སྐུ་གསུམ་ལྷུན་གྲུབ་དབུ་གསུམ་བརྗིད ་པར་བསྟན།། མཐིང་ཀ་དཀར་གསལ་པད་མ་ར་གའི་ཞལ།། རྒྱུད་དྲུག་རྩད་གཅོད་ཡེ་ཤེས་དྲུག་གི་ཕྱག། གཡས་པ་རྡོ་རྗེ་འཁོར་ལོ་པདྨ་བསྣམས།། གཡོན་པ་དྲིལ་བུ་རིན་ཆེན་རལ་གྲི་འཛིན།། རྣམ ་པ་ཐམས་ཅད་མཆོག་དང་རབ་ལྡན་པས།། ཐམས་ཅད་རྒྱན་གྱིས་མ་ལུས་ཡོངས་སུ་རྫོགས།། སྤྱན་དྲངས་མཆོད་པ་རྫོགས་པ་དང་།། སྒྲུབ་པའི་དོན་དུ་བསྙེན་པ་དབུལ།། དབང་དང་བྱིན་བརླབས་དངོས་གྲུབ ་སྩོལ།། གསོལ་བྱས་དེ་གནང་ཐོབ་དམིགས་ལ།། བདག་ཉིད་ཞེ་སྡང་རྡོ་རྗེ་ལས།། རིགས་གཉིས་ལུང་གི་རྒྱུད་པ་དང་།། འགྲོ་དྲུག་གནས་ནས་དྲང་བའི་ཕྱིར།། ཡི་གེ་ཧཱུཾ་དྲུག་ཆོ་འཕྲུལ་བསྟན།། ཁྲོ་བོའི་རྒྱལ་པོ ་འཇིགས་བྱེད་ཧཱུཾ་སྒྲ་ཅན།། ཧཱུཾ་གིས་ཁམས་གསུམ་མ་ལུས་དབང་དུ་སྡུད། ཧཱུཾ་གིས་མ་རིག་དུག་གསུམ་མུན་ཁང་འཇོམས།། ཧཱུཾ་གིས་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད།། ཧཱུཾ་གིས་ཐམས་ཅད་འཇིག་ཅིང་ཐམས་ཅད ་སྡུད།། ཧཱུཾ་གིས་ངན་སོང་གནས་རྣམས་སྟོངས་པར་བྱེད།། ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ།། ཧཱུཾ་མཛད་ཧཱུཾ་གིས་བྱིན་བརླབས་བསམ་མི་ཁྱབ།། ཧཱུཾ་དྲུག་སྐུ་ལ་འོད་ཟེར་བདུན་སྤྲོས་པས།། ལྷུན་གྱིས་རྫོགས་པས ་སངས་རྒྱས་ཐུགས་དམ་བསྐུལ།། ཉོན་མོངས་འཁོར་བའི་སེམས་ཅན་སྡིག་སྦྱངས་ཏེ།། བླ་མེད་བྱང་ཆུབ་བདེ་ཆེན་དབྱིངས་སུ་སྡུད། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ། མ་ཧཱ་ཙནྡ་སརྦ་དུཥྚཱན་ཧ་ན་ད་ན་པ་ཙ་ཧཱུཾ་ཕཊ། ཧཱུཾ། སྐུ ་བཞི་གཅིག་ཏུ་བསྒོམས་པས་ཀུན་ཏུ་ཞལ།། སྐུ་མདོག་པདྨ་ར་གའི་དབུ་ལྔར་ལྡན།། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ།། བཅོ་ལྔའི་སྤྱན་བཟློག་སྨིན་མཚམས་ཁྲོ་གཉེར་བརྗིད།། སྙན་བཅུག་གསུན་ཅིང་ཤངས ་ལ་སྒྲ་ཆེན་འབྱིན།། ཞལ་ལྔ་རྔམ་ཞིང་བརྗིད་པའི་སླར་འཁྱུག། ལྗགས་ལྔ་འདྲིལ་ཞིང་དཀར་པའི་མཆེ་བ་གཙིགས།། བཅུ་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས།། ཞབས་བརྒྱད་གཟིར་གནོན་སྟང་སྟབས་ཚུལ་དུ ་བཞུགས།། གཡས་ཀྱི་ཕྱག་བརྒྱད་ཕྱག་ན་བསྣམས་པ་ནི།། རྡོ་རྗེ་ལྕགས་ཀྱི་སྦྲུལ་གྱི་ཞགས་པ་དང་།། ཅང་ཏེའུ་ཁ་ཊྭཱཾ་ཟོད་རློན་ཁྲག་གིས་བཀང་།། རྡོ་རྗེ་རྩེ་དགུ་དང་ནི་རྩེ་ལྔ་དང་།། རྩེ་གསུམ་རྩེ་གཅིག་འབར་བ ་གསོར་ཞིང་བརྡེག། གཡོན་གྱི་ཕྱག་ན་མཚོན་ཆ་བསྣམས་པ་ནི།། རྡོ་རྗེ་ལྕག་ཀྱུ་སྡིགས་མཛུབ་ལུ་གུ་རྒྱུད།། ཟོད་རློན་ཞལ་དུ་སྟོབ་དང་ཁྲོ་བོ་བརྒྱད་སྙིང་འཛིན།། ཅང་ཏེའུ་ཁ་ཊྭཱཾ་ལྕགས་ཀྱུ་ལྷན་ཅིག་བསྣམས།། ཧ་ཧ་རུ ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་མེད་ཁང་།། རྒྱལ་བ་འཁོར་བཅས་དབུ་ལྔའི་ཅོད་པན་འཛིན།། ཕྱོགས་བཞི་དབུས་དང་རིགས་ལྔའི་སྐུར་སྟོན་པ།། སྤྱི་མཐུན་ལྔ་ལྔར་སྣང ་བས་ནམ་མཁའི་རྒྱན་དུ་ཆེ།། ཨོཾ་ཙཀྲ། ཨོཾ་བྷྱཱཾ། ཙཀྲ་ཧཱུཾ་བྷྱཱཾ། ཙཀྲ་ཧཱཾ་བྷྱཱཾ། ཙཀྲ་ཏྲཾ་བྲུཾ། ཙཀྲ་ཧྲི་བྲུཾ། ཙཀྲ་ཧ་བྷྱཱཾ། བུདྡྷ་ཡ་སྟ་ཏ་ཨ་ཧཾ། བཛྲ་ཡ་སྟ་ཏ་ཨ་ཧཾ། རད་ན་ཡ་སྟ་ཏ་ཨ་ཧཾ། དྷརྨ་ཡ་སྟ་ཏ་ཨ་ཧཾ། ཀརྨ་ཡ་སྟ་ཏ་ཨ་ཧཾ། ཀ ་མ་ལ་མུ་ཁ། ཀ་མ་ལ་སི་ཏེ། ཀ་མ་ལ་ལ་སེ། ཀ་མ་ལ་དུ་ས། ཀ་མ་ལ་ལ་ཤ་ཛ། ཨོཾ་ཨཱཿཧཱུཾ། དབུ་གཙུག་ལྷག་པར་རྟ་མགོ་ལྗང་ནག་ལྔ།། ཕྱོགས་བཅུ་ཁྱབ་པར་གཟིགས་ཤིང་རྟ་སྐད་སྒྲོག། དབང་གི་རྟ ་གདོང་མགྱོགས་པའི་འཕྲིན་ལས་ནི། རྣམ་ཤེས་ཡིད་མྱུར་གློག་གི་བརྒྱན་དུ་སྣང་། ཨོཾ་ཤྲཱི་པདྨ་བ་མུ་ཀ་ཡོ་གོ་ཤྭ་རི། ཧ་ཡ་གྲི་བ་ཧྲི་ཧྲི། སྐྱེ་བ་མེད་ལས་སྐྱེ་བའི་ཚུལ།། མཚན་མ་མེད་ལས་མཚན་མར་སྣང་།། ཐུགས་ཀར ་དཔལ་བེའུ་ཤང་བ་ནི།། སྐྱེས་བུ་ཆེན་པོ་ཉིད་ཀྱི་རྟགས།། ཨོཾ་ཛྙཱ་ན་ས་ཏྭ་ཧཱུཾ་ཛ། ཨོཾ་ཨཱཿཧཱུཾ། རྡོ་རྗེ་རིན་ཆེན་སྦྲུལ་ནག་གཤོག་པ་ནི།། རྟོགས་པས་འཕང་གཅོད་འཕྲིན་ལས་རླབས་ཀྱིས་སྡུད།། ཉི་མ་སྟོང་གིས་བརྒྱན ་པའི་ཐེག་གཤོག་ཅན།། མཁའ་འགྲོ་རྒྱལ་པོ་རྒྱལ་མོའི་སྤྲུལ་པ་འགྱེད།། ཨོཾ་བཛྲ་ཛ་ལ་ཨ་མུ་ཀ་ཧཱུཾ། ཛ་ལ་ཛ་ལ་ཨ་མོ་ཀ་ཏྲཾ། མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཕྱིར།། ང་རྒྱལ་མཐུ་སྙེམས་བདུད་ཀྱི་དཔུང་བཅོམ ་ནས།། འཇིག་རྟེན་འདས་པའི་རྡོ་པ་ཆེན་པོ་བརྒྱད།། ཆེ་བའི་རྟགས་དང་ལྡན་པས་དབང་ཕྱུག་ཡང་ཆེ་གནོན།། ཨོཾ་ནས་ཤ་སྟཾ་བ་ནི། སུམྦྷ་ནི་སུམྦྷ་ཧཱུཾ། ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་དང་ལྡན།། བཀའ་དང ་དམ་ཚིག་གནས་པར་བྱ་བའི་ཕྱིར།། སྙིང་ཁར་འཁྲིགས་མ་སྣརུབས་ཤིང་སྒལ་ཚིགས་འཇོམས།། ཉོན་མོངས་ཉམ་ཐག་བོད་སྒྲོགས་སྒྲ་ཆེན་འབྱིན།། དཔའ་བོ་རབ་བརྗིད་ཏིང་འཛིན་སྟག་གི་ཆས།། རྣོ་གདུག་ཟློག་བྱེད ་རྒྱ་བྱེའུ་ལྕགས་ཀྱི།། ཤེས་རབ་ཏིང་འཛིན་རྡོ་རྗེ་གཤོག་པའི་ཆས།། དབང་གི་བསེ་ཁྲབ་སྨུག་པོ་གཟི་འབར་ཆས།། དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས།། དབང་ཕྱུག་དམར་སེར་མཆི་བ་ཆགས་པའི ་ཆས།། ཤུ་ཀེན་སྨད་གཡོག་ཆུ་རིས་དར་གྱི་ཆས།། གཅན་གཟན་རྒྱལ་པོ་ཐབས་མཆོག་གཟིག་གི་ཆས།། ཞབས་ཀྱི་ཆས་བརྒྱད་ཏིང་འཛིན་བྱེ་བྲག་གི། ཕྱོགས་མཚམས་ཁྲོ་བོ་ཚུལ་བཞིན་མནན་པར་བྱའོ།། ཧཱུཾ་ཀ་ར ་དང་ནི་མི་གཡོ་མགོན།། གཤིན་རྗེ་གཤེད་དང་དབྱུག་སྔོན་ཅན།། གཡས་ཀྱི་ཞབས་བཞི་གདན་དུ་བཏིང་།། པྲ་བྷེ་ཤ་ཕཊ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། པདྨ་འཁྱིལ་དང་འདོད་པའི་རྒྱལ།། བདུད་རྩི་འཁྱིལ་དང་སྟོབས ་པོ་ཆེ།། གཡོན་གྱི་ཞབས་བཞིའི་གདན་དུ་བཏིང་།། པྲ་བྷེ་ཤ་ཕཊ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཾ། འབར་བ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན།། གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་སྲེག་ཅིང་།། ཤེས ་རབ་གསལ་བས་མ་རིག་མུན་པ་སེལ།། བསྐལ་པའི་མེ་དཔུང་འབར་བ་སྟོང་ལ་གནས།། རྀ་ཛ་ལ་སྥ་ར་ན་ཧཱུཾ། དུང་ཆེན་ཁོང་སེང་རྒྱུ་མའི་ཟོད་འཕྲེང་ནི།། དུས་གསུམ་སངས་རྒྱས་ཡེ་ཤེས་ལྔ་དང་ལྡན།། སྐུ ་གསུང་ཐུགས་ལྡན་རྡོ་རྗེ་རྩེ་གསུམ་འབར།། དབང་པོ་དབྱེར་མེད་སྟོང་པའི་རྒྱན་དུ་སྣང་།། ཨོཾ་རད་ན་ཀྲོ་ཏ་ཤྭ་རི་སྨ་ཤ་ནི་བ་བི་ཤ་ན་ནི་ཛ་ལ་མ་ལ་མ་ཀུ་ཏེ་མ་ཧཱ་པྲ་ཏཾ་པྲ་བྷེ་ཤ་ཀ་པ་ལ། རུ་ལུ་ར་ལ་ཧི་ཏི་ཁ་ཏྲཾ་ཏྲི་ཤུ་ལ། ་རུན་ཏུ་མ་ལ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཐོད་སྦྲུལ་མཉེན་ལྕུག་འཇིག་བྱེད་རྒྱུན་དུ་ཆེ།། སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམ་བརྗིད་ཅན།། ཀླུ་ལྔས་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྱིལ།། དུག་ལྔ་མ་སྤངས་དབང ་གི་རྟགས་སུ་སྟོན།། ན་ག་ར་ཛ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། རྣོ་གདུག་ཞེན་པ་བཟློག་པས་བདུད་ཀྱི་གཡུལ་བཞིན་འཇོམས། ཁམས་གསུམ་གཡུལ་ལས་རྒྱལ་བས་རྟགས་སུ་བསྟན།། ཞིང་ལྷག་རྟགས་སུ་གསོལ་བས་དུར་ཁྲོད ་བདག། མགོ་སྐྲ་འདོམས་སུ་བསྡུས་པས་ཕྱི་ནང་གསང་བར་ཅིག། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་།། སྟག་ཆེན་ཤམ་ཐབས་དཔའ་བར་ལྡན་པ་དང་།། ཞིང་ལྤགས་རློན་པ་ཐབས་ལ་མཁས་པ་ཡིས།། ན་བཟའ ་རྒྱན་གྱིས་སྐུ་ལ་མངའ་གསོལ་ལོ།། བམ་སྣག་ཏ་ཛ་ལ་མཎྜལ་ཧཱུཾ། སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོ་འཕྲུལ་སྟོན།། མི་གནས་དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་འབྱུང་བའི ་ཡུམ།། ཀྲོ་དྷི་ཤྭ་རི་གཟི་ལྡན་ཕྱག་རྒྱར་གསལ།། ཨེ་ཀ་ཛ་ཏི་བི་ཀ་ཏེ་མ་ཏ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། ཟུར་གསུམ་ཐོགས་གསུམ་གདན་སྟེངས་སུ།། ཕྱག་རྒྱ་ཆེན་པོ་བཞི་ལས་མ་གཡོས་ཏེ།། གནས་པ་བྱང་ཆུབ་སེམས་ལ་རྟག ་ཞུགས་ཀྱང་།། འཇུག་དང་སྨོན་དང་ལྡང་བས་འགྲོ་དོན་མཛད་སླད་དུ།། རིགས་མཆོག་གསང་ཡུམ་ཁམ་རྒྱ་དྲུག་ཏུ་གསལ། བུད་དྷ་བཛྲ་ཨོཾ། སརྦྦ་བཛྲ་ཧཱུཾ། རད་ན་བཛྲ་ཏྲཾ། དྷརྨ་བཛྲ་ཧྲི། ཀརྨ་བཛྲ་ཧ། གུ་ན་བཛྲ ་ཕཊ། ཐོད་རུས་ཉི་ལྟར་ཤར་བའི་བར་ཁྱམས་དང་པོ་ལ།། ཆོས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས།། མཚན་མའི་དངོས་པོའི་རྟོགས་པ་མི་མངའ་ཡང་། ཁམས་གསུམ་འཁོར་བ་རྣམས་ཀྱི་དོན་སླད་དུ།། སྤྲུལ་པ ་ལོང་པ་བརྒྱད་དང་དམུས་ལོང་དྲུག་ཅུར་གསལ།། ཨོཾ་ཤྭ་རི་ཁ་ཧྲི་ཤྭ་རི་ཁ་ཧི་ཧཱུཾ། མེ་རི་སྤྲིན་ལྟར་འཐིབས་པའི་བར་ཁྱམས་ཐ་མ་ལ།། སྔོ་བའི་བདུད་འཇོམས་འབར་བའི་ཞབས་གཉིས་ལ།། སྐྱེ་མེད་དོན་རྟོགས་ལྕགས ་ཀྱི་སྦྱང་མོ་བརྒྱད།། ཕྱི་ནང་གཉིས་མེད་རྟོག་འཇོམས་ཁྱི་བརྒྱད་གཉིས།། རྩ་བ་རང་སྔགས་བརྗོད་པས་ཕྱག་རྒྱར་གསལ། ཏིས་ཏ་ཙཀྲ་ཤྲ་ན་མུ་ཁ་ལོང་ཁ་ཀུ་ཀུ་ར་ཙ་རག་ཤ་ཁ་ལོང་ཁ་ཧཱུཾ་ཕཊ། འབར་ཆེན་དཀྱིལ ་འཁོར་ཕྱོགས་བཞི་སྒོ་བཞིན།། ཐེག་ཆེན་དགུ་དང་ལྡན་པའི་ཕྱིར།། མགོ་དགུ་པོ་ལ་རྐང་གཅིག་པོ།། རྣམ་ཐར་བརྒྱད་ལ་གཟུད་པའི་ཕྱིར།། མགོ་བརྒྱད་ལག་བརྒྱད་རྐང་བརྒྱད་པོ།། ཡེ་ཤེས་དྲུག་ལྡན་རྟོགས་པའི ་ཕྱིར།། མགོ་དྲུག་ལག་དྲུག་རྐང་དྲུག་གོ། སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར།། མགོ་གསུམ་ལག་གསུམ་རྐང་གསུམ་པོ།། སྔགས་བརྗོད་ཙམ་གྱིས་ཕྱག་རྒྱར་གསལ།། ཧཱུཾ་ཧཱུཾ་ཕཊ། ཏྲཾ་ཧཱུཾ་ཕཊ། ཧྲི་ཧཱུཾ་ཕཊ། ཧ་ཧཱུཾ་ཕཊ། ་སྟེང་འོག་ཕྱོགས་མཚམས་ཐབས་དང་ཤེས་རབ་ལས།། བྱང་ཆུབ་སེམས་ཀྱི་རང་བཞིན་མེ་དང་རླུང་།། འཁོར་བ་དོང་སྤུག་བག་ཆགས་སྲེག་པའི་ཕྱིར།། སྔགས་བརྗོད་ཙམ་གྱི་མེ་འབྲུག་རླུང་དུ་གསལ།། འཛིན་ལང་ཏོ ་ཙེ་རཾ། ཡག་ཤ་ཀུ་བན་ཙ་ཧཱུཾ། ཧཱུཾ། བདེ་གཤེགས་ཕོ་བྲང་རིན་ཆེན་གཞལ་ཡས་ནི།། ཡིད་བཞིན་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་དབྱིངས།། ཤེས་རབ་ཟབ་མོ་རྣམ་དག་ཡུམ་གྱི་མཁའ།། བྷ་གའི་ཀློང་ནས ་སྤྲུལ་པ་མང་པོ་འབྱུང་།། སྣ་ཚོགས་ཡོན་ཏན་གསང་བ་མཛོད་ཀྱི་གཏེར།། ཁྲོ་བོ་འབྱུང་གནས་དཔལ་ཆེན་རྔམ་པའི་ཡུལ།། ཏུག་ཅོམ་འབྲུག་སྒྲས་སྟོང་གསུམ་ཡོངས་སུ་ལྡིར།། ནམ་མཁའི་མཐའ་དང་མཉམ་པས་ཆོས ་ཀྱི་དབྱིངས།། ཕྱོགས་བཅུ་རྒྱ་མཆད་པས་དཔག་ཅིང་ཚད་ལས་འདས།། ཚད་མེད་ཡོན་ཏན་དཔག་གིས་མི་ལང་སྟེ།། ཀླུ་ཆེན་ཕོ་མོ་བསྣོལ་བའི་གདུང་ཕྱམ་ལ།། རྒྱལ་ཆེན་རིགས་བཞི་གཤིབས་པའི་ཀ་བ ་བཙུགས།། ལྷ་ཆེན་དྲེགས་པ་བཅོམ་པའི་རྩིག་རྨང་ལ།། ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་རྩིག་ཏུ་རྩིགས།། གཟའ་རྒྱད་བར་དུ་བོར་བའི་དྲལ་དྲ་བ་ལ།། རྒྱུ་སྐར་རྣམས་ཀྱིས་ཕྱོགས་ནས་མིག་ཚགས་བྱས།། ཞིང་ཆེན་བླ ་རེ་མཚོན་ཕྲན་འཕན་གདུགས་དང་།། ཉ་ཆེན་བསྐྲད་བུ་སྦྲུལ་ཆེན་ཟ་ར་ཚགས།། ཆུ་སྲིན་སྒོ་དང་མེ་རི་སྤྲིན་ལྟར་འཁྲིགས།། ཐོད་རུས་པར་ཁྱམས་རྡོ་རྗེ་གཟེར་མགོ་ལ།། ཉི་མ་ཟླ་བ་བར་སྣང་ཡོས་ལྟར ་བགྲད།། དབུས་ཀྱི་འཁོར་ལོ་ལྟེ་བ་ཟླུམ་པོ་ལ།། སྐར་མ་རྒྱལ་གྱི་འོད་ཟེར་གདུབ་ཏུ་བསྐོར།། སྔ་མ་འདས་པའི་རྒྱལ་སྲས་བཞུགས་པའི་གནས།། སླད་ཀྱིས་འབྱོན་པའི་རྒྱལ་སྲས་གཤེགས་པའི་ཤུལ།། ད་ལྟར ་བཞུགས་པའི་ཁྲོ་བོའི་གཞལ་ཡས་ལ།། གར་གྱི་དབང་ཕྱུག་ཆེན་པོས་བསྟོད་པའི་ཕྱིར།། ཏིང་ངེ་འཛིན་ལྷའི་བུ་དང་གང་ཟག་རྣལ་འབྱོར་པས།། སྨོན་ལམ་མཐུན་པའི་ཚུལ་གྱི་ཕྱག་འཚལ་བསྟོད།། ཨོཾ་དྷརྨ་དྷཱ་དུ་གུ་ཧྱ ་མཎྜ་ལ་སིད་དྷི་བྷྲཱུཾ། དེ་ལྟར་བསྐྱེད་པའི་དཀྱིལ་འཁོར་དུ།། རང་བཞིན་དཀྱིལ་འཁོར་འཁོར་དང་བཅས།། སྤྱན་དྲངས་མཆོད་པ་རྫོགས་ནས་ནི།། བསྒྲུབ་པའི་མངོན་དུ་བསྙེན་པ་དབུལ།། དབང་དང་བྱིན་བརླབས ་དངོས་གྲུབ་སྩོལ།། གསོལ་བྱས་དེ་གནང་ཡིད་ཀྱིས་དམིགས།། དཀྱིལ་འཁོར་བསྡུས་ལ་བཀྲ་ཤིས་གསོལ།། ལུས་བསྲུང་བ་དང་གོ་བགོ་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རབ་ཏུ ་གསང་བ་སྐྱེ་བར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་ང་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་དྲག་པོ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་སོ།། དེ་ཚེ་འབྱུང་པོ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་འདི་གསུངས་སོ།། གང་གིས་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དང་པོ་དབང་ཕྱུག་གད་མོ ་ཆེ།། ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ།། དྲི་ཟ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། དྲི་ཟ་འདུལ་བའི་སྐུ་ནི་གང་།། སྒྲ་ནི་དྲི་ཟ་འདུལ་བའི་སྒྲ།། ཧ་ཧ་རབ་ཏུ ་སྒྲ་ཆེན་སྒྲོགས།། འཇིགས་པས་དྲི་ཟའི་ཚོགས་རྣམས་འདར།། དྲི་ཟ་འདུལ་བའི་དབང་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། དྲི་ཟ་འདུལ་བར་མི ་འགྱུར་ན།། དྲི་ཟ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཨཽ་ཁཾ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། ཨིན་དྲ་ཡ་བན་དྷ་བན་དྷ་ཧྲི་ཛ། ཧྲི ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་དྲི་ཟ་ཕོ། དྲི་ཟ་མོ་དང་ཕྲུ་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར ་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདྲིལ།། དྲི་ཟ་མ་ལུས་བརྒྱལ་བར་འགྱུར།། འཁོར་ལོ་ཐོག་ཐོག་ཨ་ལ་ལ། རབ་ཏུ་འཇིགས་པའི་ཙཀྲ་ཡི།། དྲག་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་དྲི་ཟ་སྲེག་པར ་བྱེད།། དཀར་མདངས་འོད་ཀྱི་དྲི་ཟ་སྲེག། ཧ་ལ་བན་དྷི་སྒྲ་བསྒྲགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་པོ་ཀུན་ཀྱང་རབ་ཏུ་སྒྲོལ།། ཙཀྲ་ཟོག་གི་ཆར་པ་ཕབ།། ཁ ་རླངས་དཀར་པོ་འཇིག་རྟེན་གང་།། དྲི་ཟའི་ཚོགས་ཅན་ཆུང་མ་སྒྲོལ།། གད་རྒྱངས་བགད་པ་སྟོང་གསུམ་སྲེག། ཧོ་ནི་འཇིགས་པས་ཀུན་དབང་སྒྱུར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ ་སོགས།། མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། ཤར་ཕྱོགས་འཇིག་རྟེན་ཁམས་སུ་གང་།། གང་གིས་སེར་པོར་འགྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར ་འགྱུར།། དམར་པོ་ཁྲག་གི་ཟངས་ཐོ་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། ཙཀྲ་འབར་བ་བཅིངས་བྱས་ན།། ཕྱག་རྒྱའི་འོད་ལས་ཙཀྲ་སྤྲོ།། དྲི་ཟའི་ཚོགས་རྣམས་བརྒྱལ་བར ་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དྲག་པོ་གསང་བ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་གསུངས་སོ།། མེ་ལྷ་འདུལ ་བའི་རྣལ་འབྱོར་པས།། ཆོ་ག་ཡོངས་སུ་རྫོགས་བྱས་ཏེ།། གང་ཕྱིར་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། ཤར་ལྷོ་མཚམས་སུ་ཁ ་བལྟས་ཏེ།། མེ་ལྷ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། མེ་ལྷ་འདུལ་བའི་དབང་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོག ་མཛད་དེ།། མེ་ལྷ་འདུལ་བར་མི་འགྱུར་ན།། མེ་ལྷ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཧཱུཾ་ཨོཾ་བྷྱཱཾ། ཧ་ན་ཧ་ན་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་ཧ་བན་དྷ་ཧྲི་ཛ། ཧྲི་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧྲི་ཛ། གསང་སྔགས་འདི་ནི་དྲན ་ཙམ་གྱིས།། གང་གིས་ལྷ་ཆེན་མེ་ལྔ་པོ།། མེ་ལྷ་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། མེ་ལྷ་མ ་ལུས་བརྒྱལ་བར་གྱུར།། ཙཀྲའི་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇིགས་པའི་ཙཀྲ་ཡིས།། དྲག་པོ་ཐོག་ཆེན་ཀུན་ཏུ་འཇོམས།། རབ་ཏུ་མེ་ལྷ་སྲེག་པར་བྱེད།། དཀར་མདངས་འོད་ཀྱིས་མེ་ལྷ་སྲེག། ཧ་ལའི་བན་དྷའི་སྒྲ ་སྒྲོགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། འཁོར་ལོ་ཐོག་གི་ཆར་པ་འབབ།། ཁ་རླངས་དཀར་སེར་འཇིག་རྟེན་གང་།། མེ་ལྷའི་ཚོགས་ཆེན ་ཆུང་མ་སྒྲོལ།། གད་རྒྱངས་བ་གད་པས་སྟོང་གསུམ་སྲེག། ཧོ་ནི་འཇིག་རྟེན་ཀུན་དབང་སྒྱུར།། ལྕགས་བྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་མཚོན་ཆ་ཡིས།། ཚོགས་སུ་བྱིན་གྱིས་བརླབས་བྱ ་སྟེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། ཤར་ལྷོའི་འཇིག་རྟེན་ཁམས་སུ་གང་།། གང་གིས་སེར་པོར་བསྒྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ།། ཁྲོ་ཆུ་ཡིས ་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། ཙཀྲ་འབར་བ་གཅིག་བྱས་ན།། ཕྱག་རྒྱའི་འོད་ལས་ཙཀྲ་འཕྲོ།། མེ་ལྷའི་ཚོགས་བཅས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས ་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཁྲོ་བོ་མཚོན་ཆ་རྣམ་པ་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞི་བའི་ལས་ཀྱིས་མི་འདུལ་བའི་རྣལ་འབྱོར་པས། དུར་ཁྲོད་ཆེན་པོའི་གནས ་དག་ཏུ།། རྔམ་བརྗིད་ཕྱག་རྒྱ་ཆེན་པོ་འགྲུབ།། གང་གིས་རབ་ཏུ་གསང་བ་ཡི།། སྙིང་པོ་ཁྲོ་བོ་ཆེན་པོ་ཡིས།། མི་མཐུན་བགེགས་ཀྱིས་སྡེ་འཇིགས་པ།། ཧེ་ཧེ་ཧེ་ཡི་རྔམ་ཐབས་ཅན།། གང་གིས་རབ་ཏུ་དྲག་པོ ་ཆེཚེཆེ།། འཇོམས་པ་གར་གྱི་དབང་ཕྱུག་ཆེ།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། གཤིན་རྗེ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི ་ལྡན་མ་དང་གཉིས་མེད་ལས།། གཤིན་རྗེ་འདུལ་བའི་སྐུ་ནི་གང་།། སྒྲ་ནི་གཤིན་རྗེ་འདུལ་བའི་སྒྲ། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོག། འཇིགས་པ་གཤིན་རྗེའི་ཚོགས་རྣམས་འདར།། གཤིན་རྗེ་འདུལ་བའི་དབང ་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། གཤིན་རྗེ་འདུལ་བར་མི་འགྱུར་ན།། གཤིན་རྗེ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཨོཾ་བྷྲཱུཾ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧཱུཾ་ཡ་ཧཱུཾ་ཡ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། མ་ར་ཡ་ཛ། བན་དྷ་བན་དྷ་ཧྲི་ཛ། པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན ་གཤིན་རྗེ་པོ།། གཤིན་རྗེ་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོའི་ཐོག་འདི་ཡིས།། གཤིན་རྗེ་མ་ལུས་བརྒྱལ་བར ་འགྱུར།། རིན་ཆེན་ཐོག་ཐོག་ཨ་ལ་ལ།། རབ་ཏུ་ཁྲོས་པའི་འཁོར་ལོ་ཡིས།། དྲག་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་གཤིན་རྗེ་སྲེག་པར་བྱེད།། སྔོ་མདངས་འོད་ཀྱིས་གཤིན་རྗེ་སྲེག། ཧ་ལ་བན་དྷའི་སྒྲ་བསྒྲགས ་པས།། ཀུན་ཏུ་གཤིན་རྗེ་སྲེག་པར་འགྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་པོ་ཀུན་ཀྱང་རབ་ཏུ་སྒྲོལ།། རིན་ཆེན་ཐོག་གི་ཆར་པ་འབབ། ཁ་རླངས་སྔོན་པོས་འཇིག་རྟེན་གང་།། གཤིན་རྗེ་མ་ཚོགས་ཆུང་མ ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ་བསྲེག་བྱུང་ངོ་།། དེའི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་ལྷ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ལ་སོགས་པ་ཐམས་ཅད་འདར། ་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་བར་གྱུར་ཏོ།། དེའི་ཚེ ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།། རབ་ཏུ་དྲག་པོ་བསྐུལ་བ་ཞེས་བྱ་བའི་སྔགས་འདི་ཉིད་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་པདྨ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ་ཧྲི་ཧྲི་ཧྲི་ཛ། ་པ་ཤ་མ་ཀུ་པ་ཤཾ་པ་ཀུ་རུ། ཤྲ་ན་ཡ། རཀྵ་ཤྲ་ན་ཡ། རཀྵ་ཤྲ་ན་ཡ། ཐུན་ཐུན། ཨཱ་ཀར་ཤ་ཡ། ཨཱ་ཀར་ཤ་ཡ། ཤྭ་ན་ཡ་ཤྲ་ན་ཡ། པ་ར་ཤ་ཤྲ་ན་ཡ། ཧཱཾ་ཧྲི་ཐུན། རཀྵ་ཐུན། ཡ་ཡ། ཞུང་ཞུང་། རཀྵ་རཀྵ་ཞུང་ཞུང་། ཞེས ་བརྗོད་དོ།། འཇིག་རྟེན་ལྕགས་ཀྱི་ས་གཞི་ལ།། གསང་བ་སྐུ་ཡི་སྤྲུལ་པ་ནི།། ལྕགས་ཀྱི་སྤྱང་མོ་བསམ་མི་ཁྱབ།། རབ་ཏུ་འཁྲུགས་ཏེ་བསྐུལ་བའི་ཚེ།། མཆི་མ་ཁྲག་གི་རྒྱ་མཚོར་འཁྱིལ།། རཀྵ་ཤྲ་ན་ལ་སོགས ་པའི།། གསང་སྔགས་འདི་ནི་དྲན་ཙམ་གྱིས།། སྟོང་གསུམ་འཇིག་རྟེན་ཀུན་རྒྱས་པའི།། སྦྲང་མོ་ཀུན་ནི་རབ་ཏུ་འཁྲོས།། གང་གི་ལྷ་ཆེན་ལ་སོགས་འདར།། གང་དུ་སྔགས་པའི་ས་ཕྱོགས་སུ།། འབྱུང་པོ་ཕོ་མོ་དོན་སྙིང ་འདྲེན།། ལྕགས་ཀྱི་ས་གཞི་འབར་བ་ལས།། འབྱུང་པོ་འདྲེ་ལྡོག་བྱེད་ཅིང་བརྡེག། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རྡོ་རྗེ་གསང་བ་བཀའི་ཕོ་ཉ་སྦྲང་མོའི་ལེའུ་སྟེ་གཉིས ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་གཟའ་བྱེད་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཟག་ཏུ། སྐུའི་སྤྱི ་བོཔོ་གཙུག་དང་། སྐུ་སྤྱན་གཉིས་དང་། སྐུ་གསང་བ་དང་། སྐུ་ལྟེ་བ་དང་། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པ་དུང་གི་ཁྱི་མོ་འབུམ་ཕྲག་དྲུག་ཅུ་དང་། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་བྱུང་ངོ་།། དུང་གི་ཁྱི་མོ ་དེ་རྣམས་ཀྱང་མིག་ཁྲག་མིག་ཏུ་འདུག་པ། མིག་ལ་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་དང་ལྡན་པ། རུ་ལུ་རུ་ལུ་ཞེས་རབ་ཏུ་སྒྲོགས་པར་བྱེད་པ། དཔག་ཏུ་མེད་པའི་སྤྲུལ་པ་དང ་བཅས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འདི་ཐོན་ནོ།། ཨོཾ་ཤྲ་ན་མུ་ཁ། རཀྵ་ཁ་རག་དུཾ་བུ་དྲིལ། ཁ་ཁ་ཁ་ཐུན་ཁ་ཐུན་དྲི་ཟ་དྲི་ཟ། རཀྵ་རཀྵ། ཁ་ལ་དུན་དུན། རཀྵ་ཤྭ་ན། ཧོས་ནི་འཇིག་རྟེན་དབང ་ཕྱུག་བསྒྱུར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན་ཆའི་ཚོགས་སུ་བརླབས་པ་སྟེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། ལྷོ་ཕྱོགས་འཇིག་རྟེན་ཁམས་སུ་གང་།། གང་གིས ་སེར་པོར་བསྒྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། རིན་ཆེན་འབར་པ་བཅིང་བྱས་ན།། ཕྱག་རྒྱ ་འོད་ལས་རིན་ཆེན་འཕྲོ།། གཤིན་རྗེའི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དྲག་པོ་གཏུམ་པོ་རབ་ཏུ་སྒྲོལ་བ་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཕྱག་རྒྱ་ཆེན་པོ་གསང་བ་ཡི།། སྙིང་རྗེ་ངེས་པར་རྫོགས་པ་ཡིས།། གསང་བ་དེ་ཉིད་བསྟན་བྱ་སྟེ་ཁམས་གསུམ་པོ་ཡང་དབང་དུ་འགྱུར།། སྲིན་པོ ་འདུལ་བའི་ཆོ་ག་ནི།། གང་གིས་སྲིན་པོ་འདུལ་བའམ།། སྲིན་པོ་ཟིལ་གྱི་གནོན་པའི་སར། མཁས་པས་རབ་ཏུ་བསྒྲལ་བ་བརྩམ།། གང་གིས་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི ་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། ལྷོ་ནུབ་མཚམས་སུ་ཁ་བལྟས་ཏེ།། སྲིན་པོ་འདུལ་བའི་ཕྱག་རྒྱ་སྟེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། སྲིན་པོ་འདུལ་བའི་སྐུ ་ཡིས་གང་།། ཀུན་ནི་སྲིན་པོ་འདུལ་བའི་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པ་སྲིན་པོའི་ཚོགས་རྣམས་འདར།། སྲིན་པོ་འདུལ་བའི་དབང་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ ་ཏུ་སྒྲོག་མཛད་དེ།། སྲིན་པོ་འདུལ་བར་མི་འགྱུར་ན།། སྲིན་པོ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་སྭ་བྷྱཱཾ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ ་ཧྲི་ང། རག་ཤ་ཀུ་རུ་སརྦ་ཛ། བན་ད་བན་ད་ཧྲྀ་ཛ། བྲི་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་སྲིན་པོ་དང་།། སྲིན་མོ་དང་ནི་ཕྲུག་གུ་དང་།། དེ་བཞིན་འཁོར ་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། སྲིན་པོ་མ་ལུས་བརྒྱལ་བར་འགྱུར།། རིན་ཆེན་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇིགས་པའི་རིན་ཆེན་གྱིས།། དྲག ་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་སྲིན་པོ་སྲེག་པར་བྱེད།། དམར་སེར་འོད་ཀྱིས་སྲིན་པོ་སྒྲོལ།། ཧ་ལ་བན་དྷའི་སྒྲ་བསྒྲགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར།། གསང་བ་ཆེན་པོ་བདེ་བ ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། རིན་ཆེན་ཏོག་གི་ཆར་པ་འབབ། ཁ་རླངས་དམར་སེར་འཇིག་རྟེན་གང་།། སྲིན་པོའི་ཚོགས་ཆེན་ཆུང་མ་སྒྲོལ།། གད་རྒྱངས་གད་པས་སྟོང་གསུམ་སྲེགས།། ཧོ་ནི་འཇིགས་པ ་ཀུན་དབང་སྒྱུར།། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསར་གྱི་ཕྱེ་ལ་སོགས།། མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། ལྷོ་ནུབ་འཇིག་རྟེན་ཁམས་སུ་གང་།། གང་གིས ་སེར་པོར་འགྱུར་བྱས་ན།། དེ་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོས་པའི་ཕྱག་རྒྱ་ཡིས།། རིན་ཆེན་འབར་བ་ཅིང་བྱས་ཏེ།། ཕྱག་རྒྱའི ་འོད་ལས་རིན་ཆེན་འཕྲོ།། སྲིན་པོའི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འགུག་པ་དྲག་པོ་རབ་ཏུ་འཇོམས་པ་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དཔའ་བོ་ཆེན་པོ་མཐུར་ལྡན་པས།། གསང་བ་ཆེན་པོ་ཡོངས་སུ་རྫོགས།། རབ་ཏུ་དྲག་པོར་འགྱུར་ནས་སུ།། རང་གིས་ཕྱག་རྒྱ་ཆེན་པོ ་འགྲུབ།། ཧཾ་ལས་སྐྱེས་པ་ཧེ་རུ་ཀ། གང་གིས་དབང་ཕྱུག་ཆེན་པོ་ཡི།། བཞད་པའི་ཕྱག་རྒྱ་ལ་གནས་ནས།། ལྷ་ཆེན་སྲེག་བྱེད་འདར་བའི་ཕྱིར།། སྦྲུལ་མགོ་བདུན་གྱི་ཕྱག་རྒྱ་ཅན།། གསང་བའི་སྐུ་ནི་བསྒོམ ་པར་བྱ།། བདག་ཉིད་ཕྱག་རྒྱ་བསྟན་པའི་བདག། གང་གིས་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གི། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། ནུབ་ཀྱི་ཕྱོགས་སུ་ཁ་བལྟས ་ཏེ།། ཀླུ་རྒྱལ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། ཀུན་ནི་ཀླུ་རྒྱལ་འདུལ་བའི་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པ་ཀླུ་ཡི་ཚོགས་རྣམས ་འདར།། ཀླུ་རྒྱལ་འདུལ་བའི་དབང་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། ཀླུ་རྒྱལ་འདུལ་བར་མི་འགྱུར་ན།། ཀླུ་རྒྱལ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཧྲི་བྷྲཱུཾ་ཧ་ཡ་གྲི་བ་བྷྲཱུཾ ་ནཱ་ག་པ་ལ་བྷྱཱཾ། ནཱ་ག་ནཱ་ག་ཧཱུཾ་ཧྲི་བན་མུ་ཀཾ་ཀུ་རུ།། ཧ་ན་ཧ་ན་ཧྲི་ད། ད་ཧ་ད་ཧ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ ་གྱིས།། གང་གི་ལྷ་ཆེན་ཀླུ་རྒྱལ་པོ།། ཀླུ་རྒྱལ་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་པོ།། ཀླུ་རྒྱལ་མ་ལུས་བརྒྱལ་བར ་བྱེད།། རལ་གྲི་ཐོག་ཐོག་ཨ་ལ་ལ། རབ་ཏུ་འཇིགས་པའི་རལ་གྲི་ཡིས།། དྲག་པོ་ཀུན་ཏུ་ཆེན་པོ་འཇོམས།། རབ་ཏུ་ཀླུ་རྒྱལ་སྲེག་པར་བྱེད།། དམར་མདངས་འོད་ཀྱི་ཀླུ་རྒྱལ་སྲེག། ཧ་ལ་བན་དྷའི་སྒྲ ་བསྒྲགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར་འགྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་པོ་ཀུན་ནི་རབ་ཏུ་བསྒྲལ།། རིན་ཆེན་ཐོག་ཐོག་ཆར་པ་འབབ།། ཁ་རླངས་དམར་པོ་འཇིག་རྟེན་གང་།། ཀླུ་རྒྱལ་ཚོགས ་ཆེན་ཆུང་མ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ་བསྲེག། ཧོ་ནི་འཇིགས་པས་ཀུན་དབང་སྒྱུར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན་ཆའི་ཚོགས་སུ་བྱིན་བརླབས ་ཏེ།། གསང་བའི་སྔགས་སུ་དྲན་པ་ཡིས།། ནུབ་ཕྱོགས་འཇིག་རྟེན་ཁམས་ཀུན་གང་།། གང་གིས་སེར་པོར་བསྒྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡི ་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། རལ་གྲི་འབར་བ་བཅིང་བྱས་ན།། ཕྱག་རྒྱའི་འོད་ལས་ཐོག་ཆེན་འཕྲོ།། ཀླུ་ཡི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན ་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། རབ་ཏུ་གཡོ་བ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། སྐུ་ཡི་འཁོར་ལོ་ཆེན་པོ་ནི།། འཇིགས་པ་འཇིགས་པའི་ཆ ་ལུགས་ཅན། ཧ་ལས་གསུང་གི་བདག་ཉིད་ཆེ།། དུར་ཁྲོད་ཆེན་པོའི་དབུས་ན་བཞུགས།། ཀུན་ཏུ་འཇིགས་པ་དྲག་པོ་ཆེ།། རྔམ་ཞིང་འདུལ་བའི་ཆ་ལུགས་ཅན།། གཟུངས་འཛིན་ཀླུ་ཡི་གནས་དག་ཏུ།། གང་གི་རབ་ཏུ ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ། ནུབ་བྱང་མཚམས་སུ་ཁ་བལྟས་ཏེ།། རླུང་ལྷ་འདུལ་བའི་ཕྱག་རྒྱ་ཅན།། ཤིན་ཏུ་འཇོམས་པ་རབ་ཏུ ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། རླུང་ལྷ་འདུལ་བའི་སྐུ་ནི་གང་།། ཀུན་ནི་རླུང་ལྷ་འདུལ་བའི་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པས་རླུང་ལྷའི་ཚོགས་རྣམས་འདར།། རླུང་ལྷ་འདུལ་བའི་དབང ་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཆེན་རབ་ཏུ་སྒྲོགས་མཛད་དེ།། རླུང་ལྷ་འདུལ་བར་མ་གྱུར་ན།། རླུང་ལྷ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཧྲི་བྲུཾ།། པདྨ་ཏ་ཏ་ཀྲིད་ཧྲི་ཛ། བཱ་ཡ་བེ་བཛྲ་སརྦ་ཛ། ཧ་ན་ཧ ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་པྲི་ཛ།། བན་དྷ་བན་དྷ་ཏྲི་ཛ། གརྫ་གརྫ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ།། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་རླུང་ལྷ་པོ།། རླུང་ལྷ་མོ་དང་ཕྲུ་གུ ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། རླུང་ལྷ་མ་ལུས་བརྒྱལ་བར་འགྱུར།། རལ་གྲིའི་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇིགས ་པའི་རལ་གྲི་ཡིས།། དྲག་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་རླུང་ལྷ་སྲེག་པར་བྱེད།། དམར་ལྡང་འོད་ཀྱི་རླུང་ལྷ་སྲེག། ཧ་ལ་བན་དྷའི་སྒྲ་བསྒྲགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར ་འགྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། རལ་གྲི་ཐོག་གི་ཆར་པ་འབབ། ཁ་རླངས་དམར་ལྡང་འཇིག་རྟེན་གང་།། རླུང་ལྷའི་ཚོགས་ཆེན་ཆུང་མ་སྒྲོལ།། གད་རྒྱངས་བགད་པས ་སྟོང་གསུམ་སྲེག། ཧོ་ནི་འཇིགས་པ་ཀུན་དབང་སྒྱུར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། ནུབ་བྱང ་མཚམས་སུ་ཁ་བལྟས་ཏེ།། རླུང་ལྷ་འདུལ་བའི་སྐུ་ནི་གང་།། གང་གིས་སེར་པོར་བསྒྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ།། ཁྲོ་ཆུ་ཡི་ནི་ཐོག་འབབ ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། རལ་གྲི་འབར་བ་བཅིང་བྱས་ན།། ཕྱག་རྒྱ་འདི་ལས་རལ་གྲི་འཕྲོས།། རླུང་ལྷའི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ ་པདྨ་གར་གྱི་དབང་ཕྱུག་གིས། གནོད་སྦྱིན་དྲག་པོ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དཔའ་བོ་གར་གྱི་དབང་ཕྱུག་གིས།། གང་དམིགས་འཁོར་ལོ ་བསྒོམས་ནས་ནི།། དཔལ་ལྡན་དྲག་པོ་ཆེན་པོའི་བདག། རབ་ཏུ་གནས་པའི་གནས་དག་ཏུ།། གནོད་སྦྱིན་འདུལ་བའི་སྦྱོར་བ་ཡིས།། དྲག་པོ་འཁོར་ལོ་ཆེན་པོ་འགྲུབ།། གང་གི་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར ་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། གནོད་སྦྱིན་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས ་མེད་ལས།། གནོད་སྦྱིན་འདུལ་བའི་སྐུ་ནི་གང་། ཀུན་ནི་གནོད་སྦྱིན་འདུལ་བའི་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པས་གནོད་སྦྱིན་ཚོགས་རྣམས་འདར།། གནོད་སྦྱིན་འདུལ་བའི་དབང ་བསྐུར་ཐོབ།། ཙཀྲ་ཏ་བྲུཾ། ཧ་ཡ་གྲི་བ་བྲུཾ། མ་ཧཱ་ཙནྡ་ཧཱུཾ། ཀུ་རུ་ཀུ་རུ་ཧཱུཾ། མ་ཧཱ་བ་ཏི་བ་ཡ་ཧཱུཾ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། ་བན་དྷ་བན་དྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་གནོད་སྦྱིན་པོ།། གནོད་བྱིན་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར ་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། གནོད་སྦྱིན་མ་ལུས་བརྒྱལ་བར་འགྱུར།། རྒྱ་གྲམ་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇིགས་པའི་ཁྲོ་བོ་ཡིས།། དྲག་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་གནོད་སྦྱིན་སྲེག ་པར་བྱེད།། ལྗང་མདངས་འོད་ཀྱིས་གནོད་སྦྱིན་སྲེག། ཧ་ལ་བན་དྷའི་སྒྲ་བསྒྲག་པས། ཀུན་ཏུ་འཇིགས་པ་བསྲེག་པར་བྱེད།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། རྒྱ ་གྲམ་ཐོག་ཐོག་ཨ་ལ་ལ། ཁ་རླངས་ལྗང་ཁུས་འཇིག་རྟེན་གང་།། གནོད་སྦྱིན་མ་ཚོགས་ཆུང་མ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ་སྲེག། ཧོ་ནི་འཇིགས་པས་ཀུན་དབང་སྒྱུར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན་ཆེའི་ཚོགས་སུ་བྱིན་རླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། བྱང་ཕྱོགས་འཇིག་རྟེན་ཁམས་སུ་གང་།། གང་གིས་སེར་པོར་བསྐུར་བྱས་ན།། དེ་ནི ་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། རྒྱ་གྲམ་འབར་བ་བཅིང་བྱས་ན།། ཕྱག་རྒྱའི་འོད་ལས་རྒྱ་གྲམ་འཕྲོ།། གནོད ་སྤྲིན་ཚོགས་རྣམས་འདུལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། སྣ་ཚོགས་དྲག་པོ་འགུགས་ཤིང་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གསང་ཆེན་འཁོར་ལོ་ཆེན་པོ་ནི།། གང་གིས་རབ་ཏུ་བསྒྲུབ་པར་བྱ།། འབྱུང་པོ་རྣམས་ནི་གདུལ་བའི་ཕྱིར།། འབྱུང་པོ་འདུལ་བའི་གནས་དག་ཏུ།། ས་ཡི་བདག་པོ ་གང་ཡིན་པ།། ངེས་པར་སྤངས་པའི་ཆོ་ག་བྱ།། རུ་ལུའི་གཡབ་མོ་བྱས་ནས་ནི།། གང་གིས་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ ་ཆེ།། བྱང་ཤར་མཚམས་སུ་ཁ་བལྟས་ཏེ།། འབྱུང་པོ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། འབྱུང་པོ་འདུལ་བའི་སྐུ་ནི་གང་།། ཀུན་ཏུ་འབྱུང་པོ་འདུལ་བའི ་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པས་འབྱུང་པོའི་ཚོགས་རྣམས་འདར།། བྱུང་པོ་འདུལ་བའི་དབང་བསྐུར་ཐོབ། གང་གིས་དྲག་པོའི་ཏིང་འཛིན་ལས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། འབྱུང་པོ་འདུལ ་བར་མི་འགྱུར་ན།། འབྱུང་པོ་ཉིད་ལ་ཐོག་ཕབ་སྟེ།། ཙན་ཏྲ་ཧ་བྲུཾ། ཧྲི་པདྨ་ཏ་ཀྲིད་ཧ་ཡ་གྲི་བ་ཧྲི་ཛ། པདྨ་མན་ཏ་ཧྲི་ཛ། ཤོ་རི་ཁ་རི་ཛ། རུ་ལུ་ཧྲི་ཛ། ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི ་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་འབྱུང་པོ་དང་། འབྱུང་པོ་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ ་རྣམས།། ཀུན་ཏུ་འཇིགས་པར་བྱེད་པར་བསམ།། དཔའ་བོ་དྲག་པོ་ཐོག་ཆེན་འདིས།། འབྱུང་པོ་མ་ལུས་བརྒྱལ་བར་འགྱུར།། རྒྱ་གྲམ་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇིགས་པའི་ཙཀྲ་ཡིས།། དྲག་པོ་ཆེན་པོ་ཀུན་ཏུ ་འཇོམས།། རབ་ཏུ་འབྱུང་པོ་སྲེག་པར་བྱེད།། ལྗགས་ཀྱི་མདངས་ཀྱི་འབྱུང་པོ་སྲེག། ཧ་ལ་བན་དྷའི་སྒྲ་བསྒྲགས་པས།། ཀུན་ཏུ་འཇིག་རྟེན་སྲེག་པར་བྱེད།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་པོ་ཀུན ་ཀྱང་རབ་ཏུ་སྒྲོལ།། རྒྱ་གྲམ་ཐོག་གི་ཆར་པ་འབབ། ཁ་རླངས་ལྗང་ཁུས་འཇིག་རྟེན་གང་།། འབྱུང་པོའི་ཚོགས་ཆེན་ཕྱུང་མ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ་སྲེག། ཧོ་ནི་འཇིག་རྟེན་ཀུན་དབང ་སྦྱར།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན་ཆའི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། བྱང་ཤར་འཇིག་རྟེན་ཁམས་སུ་གང་།། གང་གིས་གསེར ་པོར་འགྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི་ཟངས་ཐོག་འབབ།། ཁྲོ་ཆུའི་ཐོག་ནི་འབབ་པར་འགྱུར།། རབ་ཏུ་ཁྲོ་བའི་ཕྱག་རྒྱ་ཡིས།། རྒྱ་གྲམ་འབར་བ་བཅིང་བྱས་ན།། ཕྱག་རྒྱའི ་འོད་ལས་རྒྱ་གྲམ་འཕྲོ།། འབྱུང་པོའི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། སྣང་བ་དྲག་པོ་རྣམ་པར་འཇོམས་པའི་རྡོ་རྗེ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དྲག་པོ་ཕྱག་རྒྱ་ཆེན་པོ་ནི།། མཁས་པ་ཡིས་ནི་བསྒོམས་པར་བྱ།། གང་གིས་འཇོམས་པ་ཁྲོ་བོ་དག། རབ་ཏུ་ཉི་ཟླ་འདུལ་བར་ནི།། གང་གིས ་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། སྟེང་གི་ཕྱོགས་སུ་ཁ་བལྟས་ཏེ།། ཉི་ཟླ་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ ་ལྡན།། གཟི་ལྡན་མ་དང་གཉིས་མེད་ལས།། ཉི་ཟླ་འདུལ་བའི་སྐུ་ནི་གང་།། ཀུན་ནི་ཉི་ཟླ་འདུལ་བའི་སྒྲ་ཆེན་སྒྲོགས།། འཇིགས་པས་ཉི་ཟླའི་ཚོགས་རྣམས་འདར།། ཉི་ལ་འདུལ་བའི་དབང་བསྐུར་ཐོབ།། གང་གིས ་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། ཉི་ཟླ་འདུལ་བར་མི་འགྱུར་ན།། ཉི་ཟླ་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཧཱུཾ་བྷྲཱུཾ། པདྨ་ཏ་ཀྲིད་བཛྲ་ཧ་ཡ་གྲི་བ་ཧཱུཾ་ཕཊ། ཀུ་རུ་ར་ཛ་ཁ་བ་ཁ་ཧྲི་ཛ། སཱུརྱ་ཡེ་ཧྲི་ཛ། ་ཧ་ན་ཧ་ན་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། གརྫ་ག་རྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་ལྷ་ཆེན་ཉི་ཟླ་ཕོ།། ཉི་ཟླ་མོ་དང་ཕྲུག་གུ ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོའི་ཐོག་འདི་ཡིས།། ཉི་ཟླ་མ་ལུས་བརྒྱལ་བར་འགྱུར།། རྡོ་རྗེ་ཐོག་ཐོག་ཨ་ལ་ལ།། རབ་ཏུ་འཇོམས་པའི་རྡོ ་རྗེ་ཡིས།། དྲག་པོ་ཆེན་པོ་ཀུན་འཇོམས་ལ།། རབ་ཏུ་ཉི་ཟླ་སྲེག་པར་བྱེད།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། རྡོ་རྗེ་ཐོག་གི་ཆར་པ་འབབ། ཁ་རླངས་སྔོན་པོས་འཇིག་རྟེན ་གང་།། ཉི་ཟླའི་ཚོགས་ཅན་ཆུང་མ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ་གང་།། ཙ་ནི་འཇིགས་པ་ཀུན་དབང་གྲོལ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མཚོན ་ཆའི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། སྟེང་ཕྱོགས་འཇིག་རྟེན་ཁམས་སུ་གང་།། གང་གིས་སེར་པོར་གྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཁྲག་གི ་ཟངས་ཐོག་འབབ། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བོའི་ཕྱག་རྒྱ་ཡིས།། རྡོ་རྗེ་འབར་བ་བཅིང་བྱས་ན།། ཕྱག་རྒྱའི་འོད་ལས་རྡོ་རྗེ་འཕྲོ།། ཉི་ཟླའི་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ ་ས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། མནན་པ་བརྟེན་པ་དྲག་པོ་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་དཔའ་བོ ་དབང་གི་རྒྱལ།། གདུག་པ་མ་ལུས་ཀུན་གྲོལ་བ།། དེ་ཡི་སྐུ་མཆོག་རབ་ཏུ་བསྒོམ།། གསང་བ་ཆེན་པོ་བདག་ཉིད་ཅན།། རྔམ་པའི་སྐུ་ཡི་གནས་ནས་སུ།། ཆོ་འཕྲུལ་རྔམ་པ་ཧེ་སྒྲ་ཅན།། གང་གིས་རབ་ཏུ་དྲག་པོ ་ཆེ།། འཇོམས་པ་གར་གྱི་ཕྱག་རྒྱ་ཆེ།། ཧམ་གྱི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་མོ་ཆེ།། འོག་གི་ཕྱོགས་སུ་ཁ་བལྟས་ཏེ།། ས་བདག་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པ་རབ་ཏུ་ལྡན།། གཟི ་ལྡན་མ་དང་གཉིས་མེད་ལས།། ས་བདག་འདུལ་བའི་སྐུ་ནི་གང་།། སྐུ་ལས་ས་བདག་འདུལ་བའི་སྒྲ།། ཧ་ལ་རབ་ཏུ་སྒྲ་ཆེན་སྒྲོགས།། འཇིགས་པས་ས་བདག་ཚོགས་རྣམས་འདར།། ས་བདག་འདུལ་བའི་དབང ་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱིས།། ཧཱུཾ་ཞེས་རབ་ཏུ་སྒྲོགས་མཛད་དེ།། ས་བདག་འདུལ་བར་མི་འགྱུར་ན།། ས་བདག་ཉིད་ལ་ཐོག་ཕབ་སྟེ།། ཙཀྲ་ཧཱུཾ་བྲུཾ། ཧྲི་པདྨ་ཏ་ཀྲིད་ཧྱ་གྲི་བ་ཧྲི་ཛ། ཧེ་ཨ་དེ་ཝ་ཏེ ་ཡེ། དྷ་ན་དྷ་ཀུ་རུ་ཧྲི་ཛ། ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བནྣ་བནྡྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། བནྣ་བནྣ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གི་ལྷ་ཆེན་ས་བདག ་ཕོ།། ས་བདག་མོ་དང་ཕྲུག་གུ་དང་།། དེ་བཞིན་འཁོར་དང་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། ས་བདག་ཕོ་མོ་ཆུང་མ་སྒྲོལ།། རྡོ་རྗེ་ཐོག་ཆེན་ཨ་ལ ་ལ།། རབ་ཏུ་འཇིགས་པའི་ཐོག་ཆེན་གྱི།། དྲག་པོ་ཆེན་པོ་ཀུན་ཏུ་འཇོམས།། རབ་ཏུ་ས་བདག་འདུལ་བར་བྱེད།། ནག་མདངས་འོད་ཀྱིས་ས་བདག་སྲེག། ཧ་ལ་བན་དྷའི་སྒྲ་སྒྲོགས་པ།། ཀུན་ཏུ་འཇིག་རྟེན་སྲེག་པར ་གྱུར།། གསང་བ་ཆེན་པོ་བདེ་བ་ཆེ།། འབྱུང་བ་ཀུན་ཀྱང་རབ་ཏུ་སྒྲོལ།། རྡོ་རྗེ་ཐོག་གི་ཆར་པ་འབབ།། ཁ་རླངས་ནག་པོ་འཇིག་རྟེན་གང་།། ས་བདག་ཚོགས་ཆེན་ཆུང་མ་སྒྲོལ།། གད་རྒྱངས་བགད་པས་སྟོང་གསུམ ་སྲེག། ཧོ་ནི་འཇིགས་པ་ཀུན་དབང་སྐུར།། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དང་།། འཁར་བ་གསེར་གྱི་ཕྱེ་ལ་སོགས།། མ་ཡི་ཚོགས་སུ་བྱིན་བརླབས་ཏེ།། གསང་སྔགས་རྗེས་སུ་དྲན་པ་ཡིས།། འོག་ཕྱོགས ་འཇིག་རྟེན་ཁམས་སུ་གང་།། གང་གིས་སེར་པོ་བསྒྱུར་བྱས་ན།། དེས་ནི་གསེར་ཐོག་འབབ་པར་འགྱུར།། དམར་པོ་ཟངས་ཀྱི་ཁྲག་ཐོག་འབབ།། ཁྲོ་ཆུ་ཡི་ནི་ཐོག་འབབ་འགྱུར།། རབ་ཏུ་ཁྲོ་བོའི་ཕྱག་རྒྱ་ཡིས།། རྡོ་རྗེ ་འབར་བ་བཅིང་བྱས་ན།། ཕྱག་རྒྱ་འོད་ལས་རྡོ་རྗེ་འཕྲོ།། ས་བདག་ཚོགས་རྣམས་བརྒྱལ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འདོད་ཆགས་ཅན ་ངེས་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དཔའ་བོ་བཞད་པ་ཆེན་པོ་ཡིས།། འཁོར་ལོ་ཆེན་པོ་གནས་ནས་ཀྱང་།། རོ་ལངས་ལ་སོགས་ཀུན་གྱི ་སར།། འདུལ་བྱེད་འཁོར་ལོ་ཆེན་པོ་ཕྱིར།། དེ་དག་འདུལ་བའི་ཆོ་ག་ནི།། གང་གིས་རབ་ཏུ་དྲག་པོ་ཆེ།། འཇོམས་པ་གར་གྱི་དབང་ཕྱུག་གིས།། ཧཱུཾ་གི་སྒྲ་ནི་རབ་ཏུ་སྒྲོགས།། དཔའ་བོ་དབང་ཕྱུག་གད་རྒྱངས ་ཅན།། ཕྱོགས་མཚམས་ཀུན་ཏུ་ལྟ་བྱས་ཏེ།། འདོད་ཆགས་འདུལ་བའི་ཕྱག་རྒྱ་ཆེ།། ཤིན་ཏུ་འཇོམས་པའི་ཆ་ལུགས་ཅན།། གཟི་ལྡན་མ་དང་གཉིས་མེད་ལས།། མ་སྲིན་འདུལ་བའི་སྐུ་ནི་གང་།། ཀུན་ནི་མ་སྲིན ་འདུལ་བའི་སྒྲ།། ཧ་ལ་ཧ་ལའི་སྒྲ་ཡང་སྒྲོག། འཇིགས་པས་མ་མོ་སྲིན་མོ་འདར།། མ་མོ་འདུལ་བའི་དབང་བསྐུར་ཐོབ།། གང་གིས་དྲག་པོའི་ཏིང་འཛིན་གྱི།། ཧཱུཾ་ཞེས་རབ་ཏུ་སྒྲོག་མཛད་དེ།། མ་མོ་སྲིན་མོ་རོ་ལངས ་མ།། ཞི་བས་འདུལ་པར་མི་འགྱུར་ན།། དེ་ཉིད་གསང་བའི་ཐོག་གིས་བསད། ཁ་ཊཾ་ཀ་ཛ་ལ་བྲུཾ། ཏིར་ཤུ་ལ་ཛ་ལ་བྲུཾ། ཏིཀྟ་ཛ་ལ་བྲུཾ། རག་མོ་ཛ་ལ་བྲུཾ། མ་མ་ཤ་ཏ་སཱ་ཧཱ་ཛ་ལ་བྲུཾ། མ་མ་བྲུ་ཛ་ལ་བྲུཾ། ཧ་ན་ཧ་ན་ཧྲི་ཛ། ་ད་ཧ་ད་ཧ་ཧྲི་ཛ། པ་ཙ་པ་ཙ་ཧྲི་ཛ། བནྡྷ་བནྡྷ་ཧྲི་ཛ། གརྫ་གརྫ་ཧྲི་ཛ། ཧུ་ལུ་ཧུ་ལུ་ཧྲི་ཛ། ཏིཥྛ་ཏིཥྛ་ཧྲི་ཛ། བནྡྷ་བནྡྷ་ཧྲི་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གིས་མ་མོ་སྲིན་མོ་དང་།། རོ་ལངས་འཁོར་དང ་བཅས་པ་རྣམས།། ཀུན་ཏུ་འཇིགས་ནས་བྲེད་པར་བསམ།། དཔའ་བོ་ཆེན་པོ་ཐོག་ཆེན་འདིས།། མ་མོ་སྲིན་མོ་རོ་ལངས་བརྒྱ་ལ། ཁ་ཊྭཱཾ་ཐོག་ཐོག་ཨ་ལ་ལ།། འཇིགས་པས་ཁ་ཊྭཱཾ་ལ་སོགས་པ།། དྲག་མོ་ཆེན་མོ་ཀུན ་ཏུ་འཇོམས།། རབ་ཏུ་མ་མོ་སྲེག་པར་བྱེད།། དམར་སྨུག་གིས་ནི་མ་མོ་སྲེག། རྫས་ཀྱི་ཐོག་ནི་གསོད་པར་བྱེད།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་གནམ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་དྲག་པོ་འདུལ་བའི་སྐུས།། རབས་ཆད་ནག་པོའི་ཐོད་པའི་ནང་།། གནམ་ལྕགས་རབ་ཏུ་འབར་བ་དག། འབེབས་པ་དང ་ནི་བཅས་པ་ཡིས།། བཅོ་ལྔའི་དུས་སུ་དབབ་པར་བྱ།། ནམ་མཁའ་ཡི་དགས་དྲག་པོ་བཀོལ།། བྱང་ཤར་ནོར་བུའི་འདབ་ཏུ་ཕྱིན།། འཕང་དང་སྲེག་པའི་སྦྱོར་བ་བྱ།། ཕྱོགས་སུ་བདག་པོ་དག་འགྲོ ་བ།། མཁས་པས་ཡོངས་སུ་བརྟགས་ནས་ནི།། འདར་བ་འདི་པ་དང་བཅས་ཏེ།། གང་གིས་སྲེག་ཅིང་བརླག་པར་བྱ།། གང་མཆོག་གཟི་བྱིན་ཆེན་པོ་ཡིས། མི་ཁྲག་ཀུ་ཀུ་པ་ར་དང་། དཀྲིས་ནས་མ་ཡི་མདུད་པར ་བཅས།། བརྒྱད་གཉིས་པོ་ལ་གང་མོད་བཀོལ།། གང་གིས་གནས་སུ་ལས་བྱས་ན།། དེའི་ཚེ་སྐད་ཅིག་ཙམ་ལ་འབབ།། མཁས་པས་དུར་ཧའི་དུམ་བུ་དང་།། སྲིན་མོ་འཁོར་དང་བཅས་པ་རྣམས།། གུ་ར་བྷ་ནི ་ངས་ཐོག་འབབ།། དེ་ལ་སོགས་པ་འབེབས་པར་འགྱུར།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། གསང་བ་ཐོག་འབེབ་ཀྱི་ལེའུ་སྟེ་ང་བདུན་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ ་གར་གྱི་དབང་ཕྱུག་གིས། དྲག་པོ་བཅུད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་རྟ་མཆོག་ཕྱག་རྒྱ་ཆེ།། རོལ་པའི་རྫུ་འཕྲུལ་མཁས་པ་ཡི།། གསང་བ ་གསུམ་གྱི་རྫུ་འཕྲུལ་ནི།། ཕོ་ཉ་ལ་སོགས་ཀུན་གྱིས་འཕྲོ།། བདག་ཉིད་ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས།། སྟོང་གསུམ་འཇིག་རྟེན་ཤེས་རབ་འོད་ཀྱིས་བཀང་།། འགྲོ་དྲུག་གནས་ནས་བྱང་ཆུབ་སེམས་བཀུག ་སྟེ།། གང་གི་དབུས་སུ་ཡང་དག་གནས་པར་གྱུར།། བདག་འོད་རྡོ་རྗེ་འགྲོ་དྲུག་ལུས་ནང་གང་།། རྡོ་རྗེ་གསང་ཆེན་མཁས་པའི་ཕྱག་རྒྱ་ཡིས།། སྤྱི་བོ་རྐང་མཐིལ་གནས་སུ་རབ་ཏུ་གང་།། དེར་གནས་རིང་གྱུར་གང་གི ་སྦྱོར་བ་ཡིས།། བརྟུལ་ཞུགས་རབ་ཏུ་སྤྱོད་པ་ཆེན་པོ་ཡིས།། རབ་ཏུ་གང་གྱུར་མོད་པ་རྡོ་རྗེ་གཞན།། གང་གིས་གཡོ་བ་མི་གཡོ་བ།། ཐམས་ཅད་ཅི་འདོད་དེ་ཚེ་རྡོ་རྗེ་དེས།། ཡོན་ཏན་སྟོབས་བཅུ་དངོས་གྲུབ་དམ ་པ་ཐོབ།། གསང་ཆེན་དོན་བཞུགས་པ་ཡི་གསང་བའི་བརྟེན།། རང་འབྱུང་དཔའ་བོ་འགྲོ་བའི་བས་དུ་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རང་བྱུང་དངོས་གྲུབ་ཀྱི་ལེའུ་སྟེ་ང ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དེ་ཉིད་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བ་དེ་ཁོ་ན་ཉིད་ཅེས་བྱ་བ་འདི ་གསུངས་སོ།། གོང་དུ་བསྐྱེད་པའི་གཞལ་ཡས་སུ།། ལྷ་རྣམས་སྔགས་ཀྱི་བསྐྱེད་བྱས་ཏེ།། གཙོ་བོའི་སྐུ་མདོག་ཕྱག་མཚན་ནི།། གོང་དུ་སྨོས་པའི་གཞུང་དང་མཐུན།། ཡུམ་གྱི་སྐུ་མདོག་ཕྱག་མཚན་ནི།། ཞལ་གཅིག ་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་ཡིད་བཞིན་ནོར་བུ་འཛིན།། གཡོན་པ་རིན་ཆེན་ཟ་མ་ཏོག། གསང་བའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར།། གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དུ།། གྲུ་གསུམ་མུཾ་དང་བཅས་པར ་དམིགས།། གཙོ་བོ་ཡབ་ཀྱི་ཐུགས་ཁ་རུ།། རྩེ་ལྔ་མོ་དང་བཅས་པར་དམིགས།། མུཾ་དང་ཨོཾ་དང་ལྡན་བྱས་ཏེ།། ཡིག་འབྲུ་བཅུ་བཞིའི་འཕྲེང་བ་ཡི།། ཟུག་ནས་སྐུ་ཡི་གསང་རྒུད་ལས།། དང་པོ་གསུང་གི ་ཡིག་འབྲུ་ལས།། གཉིས་པ་ཐུགས་ཀྱི་ཕྱག་མཚན་ཏེ།། གསུམ་པ་སྐུར་གྲུབ་ཡུངས་འབྲུའི་ཚུལ།། ཨོཾ་ལས་དབང་ཆེན་ཡབ་ཡུམ་སྐུ།། ཡན་ལག་བཞི་ལས་གྱུར་པ་ནི།། རིགས་བཞིན་ཡབ་ཡུམ་བརྒྱད་ཀྱི་སྐུ།། ཧུ་ལུ་སྒོ ་མ་ཏ་ཀྲིད་མ་མོ་བརྒྱད། ཧུ་ལུ་འོག་མ་འཕྲ་མེན་བརྒྱད།། དེ་ཡི་ཡོན་ཏན་འཕྲིན་ལས་དང་།། སྐུ་གསུང་ཐུགས་སུ་གྲུབ་པ་དང་།། ཁམ་རྒྱ་ཆེན་མོ་དྲུག་གི་སྐུ།། ཧཱུཾ་ལས་སྒོ་སྲུངས་བཞི་རུ་གྱུར།། ཕཊ་ལས་ལོང་པ་དམུས ་ལོང་ཚོགས།། ཏ་ལས་སྤྱང་མོ་ཁྱི་ཡི་ཚོགས།། ཨེ་ལས་ཡུམ་གྱི་གཞལ་ཡས་ཁང་།། དཀྱིལ་འཁོར་གཞུང་དང་མཐུན་པར་དམིགས།། བསྐྱེད་པའི་ལྷ་རྣམས་བཞུགས་སུ་གསོལ།། ཨ་ལས་མ་སྐྱེས་ཆོས་ཀྱི ་དབྱིངས།། ར་ལི་རིག་པ་བྱང་ཆུབ་སེམས།། ཧྲི་ནི་སྐུ་ལུས་ཐུགས་ཀྱི་བདག། ཛ་ནི་ཐམས་ཅད་དབང་དུ་སྡུད།། དེ་ནི་ཡིག་འབྲུ་བཅུ་བཞི་ལས།། གསང་བའི་དཀྱིལ་འཁོར་གྲུབ་པའོ།། དབང་ཆེན་ཐུགས་ཀྱི་དཀྱིལ ་འཁོར་ནས།། ཡིག་འབྲུ་བཅུ་བཞི་འོད་དུ་སྤྲོ།། གཟི་ལྡན་ཡུམ་གྱི་གཞལ་ཡས་སུ།། ཐུགས་ནས་སྐུ་ཡི་གསང་རྒྱུད་དེ།། གསེར་ཞུན་ལྟ་བུར་འཁྱིལ་བ་ལས།། ཛྙཱ་ན་ས་ཏ་ཞེས་བརྗོད་པས།། ཡེ་ཤེས་སེམས་དཔའི་སྐུར ་གྱུར་ཏེ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡོན་པ་རིན་ཆེན་ཟ་མ་ཏོག། གཡས་པ་ཡིད་བཞིན་ནོར་བུ་འཛིན།། གསང་བ་ཆེན་པོ་དངོས་ཡིན་ནོ།། བྱང་ཆུབ་སེམས་ཀྱི་གྲུབ་རྟགས་སོ།། གཙོ་བོ་ཡབ ་ཡུམ་ཐུགས་ཀ་ནས།། ཧཱུཾ་དང་ཨཾ་ཡི་འཕྲོ་འདུ་ལས།། རྡོ་རྗེ་པདྨོར་བྱིན་བརླབས་ནས།། ཡབ་ཀྱིས་ཡུམ་ལ་འདི་སྐད་བསྐུལ།། ཧཱུཾ། བདེ་གཤེགས་གཉིས་མེད་རྣལ་འབྱོར་ཟབ་མོ་ལ།། ཐབས་དང་ཤེས་རབ་ཡེ་འབྲེལ ་ཡང་།། འགྲོ་དོན་ཡིད་བཞིན་ཐུགས་ཀྱི་མཛད་སླད་དུ།། བྱང་ཆུབ་སེམས་ཀྱི་སྤྲོ་བ་བཏང་བའི་ཕྱིར།། གཉིས་མེད་སྦྱོར་བ་དང་ནི་དུས་ལ་བབ།། ཨ་ལ་ལ་ཧོ། ཡུམ་གྱིས་ཡབ་ལ་འདི་སྐད་བསྐུལ། ཧཱུཾ། རྡོ་རྗེ་རྒྱལ་པོ ་ཀུན་འཇུག་ཕྱི།། རིན་ཆེན་རྡོ་རྗེ་བླ་ན་མེད།། ཆོས་ཀྱི་རྡོ་རྗེའི་གླུ་བླངས་པས།། ལས་རབ་རྡོ་རྗེ་བྱེད་པར་འགྱུར།། ཡང་ཡབ་ཀྱིས་འདི་སྐད་བསྐུལ་ལོ།། དྲི་མེད་གཟི་ལྡན་ཡེ་ཤེས་སྐུ།། མཉམ་ཉིད་ཡེ་ཤེས་ཐུགས་ཀྱི ་ཡུམ།། ཟུར་གསུམ་གྱི་དཀྱིལ་འཁོར་དུ།། མཁས་པ་རྡོ་རྗེ་ཐིག་འགྱེད་ན།། གསང་བའི་མེ་ཏོག་བཞེས་སུ་གསོལ།། དེ་ནས་ཡུམ་གྱི་འདི་སྐད་བསྐུལ་ལོ།། མེ་ལོང་ལྟ་བུའི་ཡེ་ཤེས་ལས།། ཆོས་ཀྱི་ཕྱག་རྒྱ་ཅི་འདྲ ་བ།། སྟོན་པའི་བློ་ལ་གསལ་བའི་ཕྱིར།། ཏིང་འཛིན་སྙམ་པའི་མཆོད་པའོ།། སོ་སོར་རྟོགས་པའི་ཡེ་ཤེས་ལས།། སྤྲུལ་པའི་ཕྱག་རྒྱ་ཅི་འདྲ་བ།། ཤེས་རབ་ཀྱི་ནི་བློ་མཐོང་བ།། དབང་པོ་སྦྱོར་བ་ཕུལ་བའོ།། མཉམ་པ ་ཉིད་ཀྱི་ཡེ་ཤེས་ལས།། ལོངས་སྤྱོད་ཕྱག་རྒྱ་ཅི་འདྲ་བར།། བདེ་ཆེན་དབྱིངས་ཀྱི་སྦྱོར་བའོ།། བྱ་བ་གྲུབ་པའི་ཡེ་ཤེས་ལས།། ནན་ཏན་མཆོད་པ་འབུལ་བ་ནི།། རྡོ་རྗེ་པདྨར་ལྡན་བྱས་ཏེ།། བྱང་ཆུབ ་སེམས་ནི་ཉི་ཟླའི་འོད།། སེམས་ལ་ཐིམ་གྱུར་གཉིས་ཀར་འཕྲོ།། ཨ་ལ་ལ་སྟེ་དུས་ལ་བབ། ཨོཾ་བྷྱཱཾ། ཧཱུཾ་བྷྱཱཾ། ཨཾ་བྷྱཱཾ། ཧྲི་བྷྱཱཾ། ཧ་བྷྱཱཾ། ཨ་བྷྱཱཾ། གྲི་བྷྱཱཾ། ཛྙཱ་ན་ཨཱ་ཡུར་ཛྙཱ་ན་བིན་དུ་བྷྱཱཾ། བདེ་གཤེགས་ལྔ་ཡི་ཐུགས་དཀྱིལ ་ནས།། ཛ་ལས་ལྷ་མོ་ལྕགས་ཀྱུ་མ།། སྟོང་ཁམས་ཁྱབ་པར་སྤྲོས་པའི་ཚེ།། འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ།། རྡོ་རྗེ་རིགས་འཛིན་ཚེ་ལ་དབང་སྒྱུར་ཞིང་།། རི་རབ་རྨང་དང་རྒྱ་མཚོ་གཞུང་བསྐམ་སྟེ།། གྲགས ་པ་གཤིན་རྗེའི་ལག་ན་གནས་པ་ནི།། ཇི་ལྟར་ཉ་རྣམས་ལྕགས་ཀྱུས་དྲངས་པ་བཞིན།། ཉི་གསལ་དྲི་མེད་ཐུགས་ཀྱི་དཀྱིལ་ཁོར་དུ།། ཨཱ་ཡུ་ཚེ་ཡི་ལས་རྣམས་གྲུབ་པར་མཛོད།། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨ་ར་ལི་ཧཱུཾ ་ཧྲི་ཛ། གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ན།། ཡིག་འབྲུ་བཞི་ཡི་སྤྲོ་བསྡུ་ཡིས།། དྲི་ཡི་རང་བཞིན་ཧཱུཾ་དུ་གྱུར་པ་ལས།། ཧཱུཾ་ལས་ཡེ་ཤེས་སེམས་དཔའི་སྐུ།། སྲན་ཆུང་ཙམ་གྱི་ཟླ་དཀྱིལ་དུ།། ཉུངས་འབྲུ་ཙམ་གྱི་ཕྱག ་རྒྱར་གསལ།། ཡིད་བཞིན་རིན་ཆེན་ཟ་མ་ཏོག། མི་འཛིན་འཛིན་པའི་ཚུལ་དུ་གནས།། མི་གནས་གནས་པའི་སྒྲ་ཐབས་ནི།། སྐྱེ་བ་མེད་པའི་དབྱིངས་སུ་སྦ།། གསང་བ་ཡུམ་གྱི་མཁའ་ལ་སྦ།། རང་རིག་ཡེ་ཤེས་སྟེང ་ལ་སྦ།། དེ་གསུམ་དང་དུ་ལོན་ནས་ནི།། འདུ་འབྲལ་བྱ་བ་མིང་ཡང་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། གསང་བ་ཚེའི་ལེའུ་ཏེ་ང་དགུ་པའོ།། །། དེ་ནས་ཡང་བཅོམ་ལྡན ་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། སྦྱོར་བྱེད་འཕེལ་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། འདབ་མའི་དབུས་སུ་ཡབ་ཡུམ་སྙོམས་པར་ཞུགས།། སྙིང་པོ ་རང་སྲོག་གསལ་བྱེད་ནུབ་ཚད་གདོན།། པདྨ་བན་དྷ་ཁ་སྦྱོར་ནང་ན་གནས།། དམིགས་བྲལ་དང་ལ་རང་འབྱུང་ཡི་གེར་འགྱུར།། ལྷ་མཆོག་གསལ་བའི་སྐུར་ནི་རབ་གནས་ཏེ།། སྦྱོར་བ་དམ་པ་གཉིས་མེད་བྱང་ཆུབ ་སེམས།། རང་སྲོག་གསལ་བྱེད་བྱང་ཆུབ་བདེ་བའི་རྒྱུད།། ཐིག་ལེར་བཏབ་ན་རང་གནས་སྡིག་པ་འབྱུང་།། ཟོས་པས་རྐང་འགྲོས་བདེ་སོགས་དངོས་གྲུབ་འབྱུང་།། ཡོན་ཏན་དཔག་མེད་གཞན་ཡང་དེ་བཞིན ་ནོ།། ཕུན་སུམ་ཚོགས་པ་ལྔ་ལྡན་ཞིང་།། ཡིད་དུ་འོང་བས་དམ་པར་བཙལ།། དང་པོར་ས་སླང་བྱིན་གྱིས་བརླབས།། བརྟག་པའི་གནས་སུ་མཎྜལ་བྱ།། འདོམ་གང་གྲུ་བཞི་ཁྱུད་སྐོར་བཅས།། སྟེང་དུ་རག་ཏའི་མགོ་མ ་ཡང་།། ཆགས་པའི་དམ་ཚིག་སྔགས་ཀྱི་དབྱུག། དེ་ནས་མཚན་དང་ལྡན་པའི་ཡུམ།། ཁྲུས་བྱས་དར་ལྡན་རྒྱན་གྱིས་ཀླུབས།། དུར་ཁྲོད་བཀའ་དང་མཐུན་པ་ཡི།། གསང་བའི་ཐིག་སྐུད་བཀལ་ནས་ཀྱང་།། སྤྱི་བོར ་བཞག་ལ་དབང་བསྐུར་བྱ།། ཆགས་པ་ཆེན་པོར་མཆོད་པའི་སྔགས།། ལན་གསུམ་བཟླས་ཏེ་གཟི་ལྡན་དུ།། འགྱུར་བར་དམིགས་ཏེ་དགྱེ་བར་བྱ།། ཟླ་གམ་ཁ་སྤྲོད་ཟླུམ་པོ་ལྔའི།། དཀྱིལ་འཁོར ་ཞབས་གྲུ་གསུམ་ལ། ཁྲུ་གང་མཐའ་སྐོར་འཕང་དུ་རྩིག། ས་མཚན་འཁར་བའི་སོ་ཏོག་པ།། ཡང་ན་བུམ་ཆེན་སྲེགས་པ་ཡི།། ནག་པོའི་ས་ལ་ཧེ་ཞལ་བྲི།། མུ་ལ་རཀྟས་ཟླ་གམ་བྲི།། མུ་ལ་རཀྟས་ཟླ་གམ་གྲུབ།། འོད ་དཔུང་མཐའ་བསྐོར་བུ་ཡུག་སྔགས།། དམར་པོ་ཡོན་ཏན་དབང་དུ་སྡུད།། དེ་ཡི་དབུས་སུ་བསགས་པའི་རྫས།། དབང་པོ་དཔལ་དང་ལྡན་པའི་ཤིང་།། ཤུན་ལ་སོགས་པའི་ཟླུམ་པོ་བརྡོ།། དེ་ཡི་དབུས་སུ་ཡངས་པས ་བཤམས།། དེ་ཡི་འགྲམ་མམ་སྟེང་དག་ཏུ།། ཐོད་པ་རྣམ་གཉིས་བཅུད་དང་ལྡན།། སྤྲོ་བསྡུ་དམིགས་པའི་སྟེང་དུ་བཞག། མཐའ་སྐོར་མེ་རི་དམར་པོ་ལ།། ཕུར་པ་དང་ནི་རྫས་རྣམས་དགྲམ།། མེ་སྔགས་བཏབ་སྟེ ་གཞག་པར་བྱ།། གསང་བའི་གཟུངས་ཟག་དམར་པོས་བཅིངས།། ཟླ་གམ་སྟེང་དུ་ལོངས་སྤྱོད་དགྲམ།། དེ་ནས་ཐལ་བ་སྒྲུབ་པའི་ཕྱིར།། བམ་གྱི་རི་བོའི་ས་ཕྱོགས་སུ།། མ་མོ་གོམ་པ་དྲུག་ཅུ་ཡི།། རྡོ་རྗེའི་འགྲོས་སུ ་སོང་ནས་ཀྱང་།། རྡོ་རྗེ་གསུང་གི་ས་ཕྱོགས་སུ།། བཅུ་དྲུག་རོལ་པའི་ཕོ་ཉ་དགྱེ།། བཀྲ་ཤིས་ཆེན་པོའི་རྟ་བྲོས་བསྐོར།། ཡི་གེ་ཧཱུཾ་གིས་རྟ་བྲོ་འཚམ།། ཕྱུང་ནས་ཤུལ་དུ་དམིགས་པ་ཡང་། ཁྲོ་བོ་རྫས་ལ་དམིགས་ལ ་གདབ།། བྱང་ཤར་མཚམས་སུ་བཤིག་པ་ཡང་།། ལུ་གུ་རྒྱུད་ཀྱི་བྲོས་བསྐོར་ཏེ།། དུར་ཁྲོད་ལས་བདག་སྤྱན་དྲངས་ནས།། བཤིག་ནས་མངོན་སྤྱོད་རོལ་པར་བསྒོམ།། སྙིང་ནི་དྲན་པའི་རྐྱེན་ཡིན་པས།། ཨེ་ཡི་སྟེང་དུ ་བཞག་པར་བྱ།། བན་དྷ་དབང་པོ་ལྔ་ཡི་རྟེན།། ཕྲལ་ནས་ཟླ་གམ་སྟེང་དུ་བཞག། གཟི་བྱིན་ལྡན་པའི་ལྷ་མོ་ལྔའི།། རྟེན་དུ་དབང་པོ་ལྔ་ཡང་བཞག། རེའི་ཆ་ལ་ནི་ནང་གྲོལ་ཏེ།། རྐང་ལག་སྒོ་བཞི་རྣམས་སུ ་འོང་།། ཐོད་སྐམ་པར་ཁྱམ་སྒལ་རྩིབས་ཏེ།། མ་རི་ལ་ནི་རྒྱུད་ཕྲེང་ངོ་།། ཤུན་གྱི་གཡབ་དར་རླུང་གི་ཕྱོགས།། སྣ་ཚོགས་ཡམ་ཤིང་བཅངས་ལ་བཞག། དེ་ནས་ཐིལ་བའི་ས་བོན་མཆོག། དེ་ཡི་ཕུད་དུ་འབྲུག་རུས ་དང་།། བྱི་བ་བ་གླང་རྔ་མོང་དང་།། མཁའ་ལྡིང་ལ་སོགས་འབྲུ་ལྔ་ཡི།། གསར་དང་སྙིང་ལ་སོགས་པ་དང་།། མར་ལ་སོགས་པས་བྱུག་ལ་རྩལ།། མཚན་དང་ལྡན་པའི་ཤེས་རབ་ཀྱིས།། ཐལ་མོ་སྦྱོར་ལ་འདི་སྐད ་གསོལ།། པུ་ཙ་མ་དེའི་འོག་ཏུ་མེ་ཡི་ལྷ།། རྒྱལ་པོ་བསྒོམ་པའི་ཏིང་ངེ་འཛིན།། སྙིང་པོ་བཟླས་ཏེ་གཡོགས་ནས་བསྡམས།། བསྙེན་པ་ཉི་ཁྲི་སྟོན་ནས་ཀྱང་།། མཆོད་ཅིང་བསྙེན་པའི་ལས་བྱའོ།། ཏིང་འཛིན་མཆོད་པ ་ཚིམ་བྱས་ནས།། དེ་ནས་རྫས་ཀྱི་དམ་པས་མཆོད།། མཚན་ཉིད་གསུམ་པའི་ཤེས་རབ་ཀྱིས།། ཙིཏྟ་སླང་ཏེ་རུས་པར་བཅས།། ཕུལ་ནས་རྣམ་དག་བཅིངས་སུ་བཞག། མཚན་དང་བྱུག་པ་དེ་བཞིན་ཏེ།། རྣ་བ་རུས་པ ་མིག་དང་ནི།། ལྕེ་དང་སྣ་ཁྲག་ལ་སོགས་པའི།། ཤ་དང་རྐང་དང་དེ་བཞིན་ཏེ།། ཚིལ་དང་སྐྲ་ལ་སོགས་པ་དབུལ།། དེ་ནས་བ་སུ་ཏ་ཡི་རྫས།། མཚན་དང་ལྡན་པས་སྤངས་ཏེ་དབུལ།། ཕོ་ཉ་མཆོད་པ ་སྦྱིན་སྲེག་སྟེ།། གཏུན་ཁུང་ཆེན་མོས་སྔ་མ་བཞིན།། དེ་ནས་བགེགས་ཆེན་འདུལ་བའི་ཕྱིར།། རྩེ་འཇོ་བྲོ་ཡང་འདི་སྐད་དོ།། ཧ་ན་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མཆོག་ལ་སོགས་པ་ཤེལ་ཚོགས་ལྡན།། གང་ཡང་རུང་བ ་བསྒྲལ་བའི་ཕྱིར།། སྙིང་ལ་རྩེ་འཇོ་ཐབས་ཀྱི་བྲོ།། ལུ་གུ་རྒྱུད་ཀྱིས་འདི་སྐད་དོ།། ཨང་ཀུ་ཤ་ཡ་ཛ། དེ་ནས་དབང་པོ་རྣམས་ལ། རྩེ་འཇོའི་ཚུལ་གྱིས་འགྱིང་གར་བྱེད།། བརྗིད་པའི་སྟོབས་ཀྱིས་འདི་སྐད་དོ།། སྥོ་ཊ་བཾ། ་པཱ་ཤ་ཧཱུཾ། གྷེནྟེ་ཧོ།། དེ་དག་ཞིང་བཅུ་བསྒྲལ་བའི་ཚིག། དཀྱིལ་འཁོར་དེ་ཡི་དོན་ཡང་བཤད།། འདོམ་གང་གྲུ་བཞིའི་གྲུ་ཆད་ཙམ།། ཟླ་ཁམ་ཁ་སྤྲོད་གང་པའི་མཁའ།། ཟླུམ་པོ་སྤྲོས་པ་མེད་པའི་དོན།། ཨེ་ནི་དབྱིངས ་ཕྱུག་གཟི་ལྡན་དབྱིངས།། ཡམ་ཤིང་བྱང་ཆུབ་སེམས་སུ་གསུངས།། མེ་ནི་གཉིས་མེད་སྤྲུལ་པ་ཡིན།། ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཆེ།། མཁས་པས་ཆོ་ག་བཞིན་གནས་ནས།། ཞེས་སྒོམ་ཐམས་ཅད་གྲུབ་པར ་གྱུར།། རབ་ཏུ་གསང་བ་འདི་ཉིད་ཀྱི།། ཙཀྐ་དམ་པ་འདི་ཉིད་དག། གང་གིས་ཀུན་ཏུ་གསང་བ་ཡི།། སྦྱོར་བ་གསང་བའི་ཕྱག་རྒྱ་ཆེ།། གང་ཞིག་འབྱུང་པོ་དམ་པ་ནི།། ལེགས་པར་སྒྲོལ་བའི་དམ་པ་བྲི།། གསང་བའི ་དོན་དུ་ཤེས་པར་བྱ།། གང་གི་ཡོན་ཏན་དམ་པ་ནི།། འབྱུང་པོ་རབ་ཏུ་གསང་བ་ཡིན།། ཕྱག་རྒྱ་དམ་པ་འདི་ཁོ་ན།། ཀུན་ནས་རབ་ཏུ་གནས་པར་འགྱུར།། ཡོན་ཏན་དམ་པ་འདི་དག་ནི།། གསང་བའི་སྦྱོར་བ་ཀུན་ཏུ ་གནས།། ཡང་དག་བློ་དང་རབ་ལྡན་པས།། ཀུན་ཏུ་རབ་ཏུ་འབར་བ་ཡི།། འོད་ཟེར་སྤྲོ་བསྡུ་སྦྱོར་བ་ནི།། གར་གྱི་དབང་ཕྱུག་ཆེན་པོ་ཡི།། སྦྱོར་བ་དམ་པ་འདི་ཁོ་ན།། རྒྱལ་བའི་ཕྱག་རྒྱ་ཞེས་སུ་བཤད།། མཁས་པ་ཡི། ་ནི་སྦྱོར་བ་དག། གང་ལ་རབ་ཏུ་གནས་འགྱུར་ཏེ།། འཁོར་ལོ་ཆེན་པོའི་ཏིང་འཛིན་གྱིས།། དབང་ཕྱུག་འདི་ནི་དམ་པ་ཡིན།། དེ་སྐད་རྒྱལ་བ་རྣམས་ཀྱིས་བཤད།། འཁོར་ལོ་ཆེན་པོའི་ཏིང་ངེ་འཛིན།། པདྨ་གར་གྱི་སྦྱོར ་བ་འདིས།། འཁོར་ལོ་ཆེན་པོ་བརྗིད་པའི་ཚུལ།། དེ་ནི་རབ་ཏུ་གསང་བ་ཡིན།། སྦྱོར་བའི་མཆོག་ནི་འདི་དག་ཏེ།། ཙཀྐ་དམ་པ་ཤེས་པར་བྱ།། དེ་ཕྱིར་གསང་བའི་ཙཀྲ་སྟེ།། ཟབ་མོ་ལམ་དུ་ཤེས་པར་བྱ།། ཕུན་སུམ ་ཚོགས་པ་ལྔ་ལྡན་ཞིང་།། དེ་ཡང་གསང་བ་ཤེས་པར་བྱ།། དཀྱིལ་འཁོར་ཟླ་གམ་བྱེ་བྲག་ཀྱང་།། མཁས་པ་དབྱིངས་སུ་ཤེས་པར་བྱ།། དེ་ཕྱིར་མཁས་པ་ཟབ་མོ་འམ།། ཉེ་ལམ་ཞེས་ནི་དེ་ལ་བརྗོད།། དེ་ལྟར་གྱུར ་པའི་དཀྱིལ་འཁོར་དུ།། དབང་གི་རྒྱལ་པོ་སྐུ་བསྐྱེད་ཅིང་།། གདན་ལྔ་རིམས་ཀྱིས་བཀོད་པ་ཡང་།། ཟབ་མོའི་དོན་དུ་ཤེས་པར་བྱ།། རྫོགས་པ་ཆེན་པོ་ཡིན་པའི་ཕྱིར།། གཞལ་ཡས་གདལ་བ་ཆོས་ཀྱི་དབྱིངས།། ནམ ་མཁའ་ལྟ་བུར་ཁྱབ་པར་དམིགས།། དེ་ཡི་དབུས་སུ་སྐུ་བསྐྱེད་པ།། པདྨ་གར་གྱི་དབང་ཕྱུག་དང་།། གཉིས་སུ་མེད་པར་གཟི་བརྗིད་ལྡན།། རྟོག་ནས་སྟེང་དུ་ལེན་པ་ནི།། ཟབ་མོ་ཞེས་ཀྱང་དེ་ལ ་བརྗོད།། དེ་ནས་ཡུམ་རྣམས་བསྒྲུབ་པ་དང་། ལྟ་བ་ཅན་ལ་སོགས་པ་བཞི།། སྤྲོས་དང་བྲལ་བར་ཤེས་པར་བྱ།། ཟབ་མོ་ཞེས་ནི་རྒྱལ་བས་གསུངས།། དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར།། སྒོ་སྲུངས་ཁྲོ་བོ་མགོ་དགུ ་བརྩེགས།། ཐེག་ཆེན་དགུ་ཡི་རིམ་པ་བཞིན།། དེ་ཉིད་གསང་བར་ཤེས་པར་བྱ།། དེ་ཕྱིར་ཐིག་ལེ་ཉེ་ལམ་པ།། དེ་ལྟར་དཀྱིལ་འཁོར་རྫོགས་པ་ཡང་།། རྒྱལ་པོ་འཁོར་དང་ལྡན་པ་བཞིན།། ཕྱི་རོལ་ལོང་པ་རྒྱབ་སྦྲེལ ་ཡང་།། ཆོས་སྐུ་གཅིག་པས་ཐ་དད་མིན།། དེ་ཡི་ཕྱི་རིམ་དམུས་ལོང་རྣམས།། མི་འགྱུར་དབྱིངས་སུ་མྱ་ངན་འདས།། འཁོར་བ་མ་སྤངས་པ་ལས་ནི།། དེ་ཕྱིར་དམུས་ལོང་འཁོར་བ་ཅན།། དེ་ཡི་ཕྱི་རིམ་ཁམ་རྒྱ ་དྲུག། གཟི་ལྡན་སྤྲུལ་པར་གྲགས་པ་ཡིན།། ཉུངས་ཀར་ཚུལ་བཞིན་ཟླུམ་པོར་བཞུགས།། འཁོར་བ་དབྱིངས་སུ་ཟླུམས་པའི་ཕྱིར།། དེ་ཡི་ཕྱི་རིམ་སྤྱང་མོ་རྣམས།། ཞབས་ཀྱི་སྤྲུལ་པ་ཡིན་པས་ན།། ཕོ་ཉར་བཟང་ཞིང ་མངགས་པར་མགྱོགས།། དེ་ཡང་ཆོས་ཉིད་ཡིན་པའི་ཕྱིར།། ཟབ་མོའི་དོན་དུ་ཤེས་པར་བྱ། ཁྱི་བརྒྱད་དགྱེ་ཞིང་བསྒྲུབ་པ་ཡང་།། གསང་བའི་སྤྲུལ་པ་ཡིན་པའི་ཕྱིར།། འཕྲ་མེན་སྤྲུལ་པར་ཤེས་པར་བྱ།། སྤྲུལ་པ་མེ ་འབྲུག་དམར་མོ་ནི།། ཡབ་ཡུམ་འདུ་བྲལ་མེད་པ་ཡི།། སྤྲུལ་པ་ཡིན་པར་བསྟན་པ་ཡང་།། ཡང་ན་སྲིད་པའི་རྒྱལ་པོ་དམིགས།། རྩ་བའི་དཀྱིལ་འཁོར་བསྒྲུབ་པ་ཡིན།། ཕུང་པོ་ལྔ་ནི་གཞལ་ཡས་ཁང་།། ཙིཏྟ་དཔལ ་བེའུ་སེམས་ཀྱི་བརྟེན།། དབང་ཆེན་ཡབ་ཡུམ་ཕྱག་རྒྱར་གསལ།། མ་བཞི་བུ་བརྒྱད་དབྱིངས་ཕྱུག་བཞི།། དེ་ཡང་མཚན་མེད་སྤྲོས་དང་བྲལ།། རྣམ་ཤེས་བརྒྱད་པོ་གནས་སུ་དག། ཤེས་པའི་ཡུལ་དག་གནས་སུ ་དག། དམུས་ལོང་འཁོར་བ་ཡེ་ནས་སྣང་།། ཞབས་ཀྱི་ཆས་བརྒྱད་གནས་སུ་དག། ལྕགས་ཀྱི་སྤྱང་མོ་ཡེ་ནས་གནས། ཁྱི་བརྒྱད་སྤྱང་མོ་བརྒྱད་དང་གཅིག། ཞབས་ཀྱི་སྤྲུལ་པར་རབ་ཏུ་གྲགས།། དེ་རྣམས་རྩ་བར་བསྡུ ་བའི་ཕྱིར།། ཟབ་མོའི་བསྒྲུབ་པ་ཤེས་པར་བྱ།། དབྱིངས་ལས་ཡེ་ཤེས་བསྒྲུབ་པའི་ཕྱིར།། ཡེ་ཤེས་དབྱིངས་སུ་བཞུགས་པ་ལ།། རྟགས་སུ་གཟིགས་ལྡན་ཐུགས་ཁར་སྦས།། ཟབ་མོ་ཞེས་ཀྱང་དེ་ལ་བསྔགས།། ལོང་པ ་རྒྱབ་སྦྲེལ་ཡེ་ཤེས་འཁོར།། མགོ་གུ་བརྩེགས་པ་ཡན་ཆད་ཀུན།། འཁོར་ནི་ཆོས་ཀྱི་དབྱིངས་སུ་དམིགས།། གཙོ་བོ་ཡབ་ཡུམ་ཡེ་ཤེས་ཏེ།། ཡེ་ཤེས་དབྱིངས་ལ་སྦྱོར་བའི་ཕྱིར།། སྟོང་པ་ཆེན་པོ་སྔགས་སྒོམ་ན།། ཟབ ་མོ་ཞེས་ཀྱང་དེ་ལ་བརྗོད།། དེ་ལྟར་དབྱིངས་ལས་མ་གཡོས་ཀྱང་།། མཚན་མའི་དངོས་པོ་བཤིག་པ་ཡང་།། ལོག་པར་ལྟ་བ་གཞོམ་པའི་ཕྱིར།། ཕོ་ཉ་རྣམས་གཅིག་བཤད་པར་བྱའོ།། བདག་ཉིད་ཆེན་པོར་རབ་རྟོགས ་ཏེ།། བཙལ་བ་མེད་པར་དབྱིངས་ནས་བསྐུལ།། ཕོ་ཉ་ཞེས་ཀྱང་དེ་ལ་བྱ།། བྱ་བ་བྱེད་པར་མི་དམིགས་ཤིང་།། འཕྲོ་འདུ་ལ་སོགས་མི་བརྩོན་ན།། འགྱེད་པ་ཞེས་ཀྱང་དེ་ལ་བྱ།། ཕོ་ཉའི་དོན་དྲུག ་བཤད་པ་ནི།། སྐུ་དང་རྔམ་དང་ཡེ་ཤེས་དང་།། གྲུབ་པ་དང་སྤྲུལ་པ་འབྲུའོ།། ཡང་ན་ཕོ་ཉ་གསུམ་དུ་བཤད།། དོན་དང་ལས་དང་རིགས་ལ་སོགས།། གང་གི་འདོད་པ་འགྲུབ་པར་གྱུར།། སྐུ་གསུང་ཐུག་ནི་གསང་བ ་ཆེ།། ཡོན་ཏན་རྒྱུད་མཚོ་ཀུན་གྱི་གནས།། གསང་བ་སྦས་ཏེ་ཁོ་ན་ཡིས།། ཕྱག་རྒྱ་གསང་ཆེན་འཁོར་ལོ་སྒྱུར།། འབྲས་བུ་འདོད་པ་སྣ་ཚོགས་འབྱུང་།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག ་གིས།། རབ་ཏུ་འཁྲུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་གསུངས་སོ།། བདག་ཉིད་ཆེན་པོའི་ཏིང་འཛིན་གྱིས།། གང་ནི་འདོད་པ་ཐམས་ཅད་ཀུན།། ཞི་དང་བསྒྲུབ་པའི་སྦྱོར་བ ་ནི།། གང་གིས་རབ་ཏུ་འཇིགས་པ་ཡི།། དུར་ཁྲོད་ཆེན་པོའི་གནས་དག་ཏུ།། གང་འཛིན་ཕྱག་རྒྱ་རབ་ཏུ་སྒྲུབ།། འགྲོ་བ་འཁོར་ལོ་ཀུན་སྦྱར་བའི།། ཕྱག་རྒྱ་འདི་ནི་གསང་བ་ཆེ།། གང་ཚེ་བདག་ཉིད་ཆེན་པོ ་ཡི།། ཕྱག་རྒྱ་ལྔ་ཡི་བདག་ཉིད་ཅན།། བདག་ལས་བསྲུང་བའི་དཀྱིལ་ཁོར་རྫོགས།། སྣ་ཚོགས་རབ་ཏུ་སྤྲོས་པ་ཡིས།། བདག་ཉིད་ཆོ་ག་བཞིན་རྒྱས་ཏེ།། རབ་ཏུ་གསང་བའི་སྦྱོར་བ་ཡི།། གསང་ཆེན་ལ་སོགས་དམ་པ ་འགྲུབ།། གསང་བ་འཁོར་ལོ་ཆེན་པོ་ཡིས།། གང་གི་ཀུན་འབྱུང་རྡོ་རྗེ་འགྱུར།། ཡི་གེ་གསུམ་གྱི་སྦྱོར་བ་ཡིས།། ཀུན་ཏུ་རབ་ཏུ་བསྒྲུབ་པར་བྱ།། གསང་ཆེན་ཡེ་ཤེས་ཧཱུཾ་སྒྲ་ཡིས།། རབ་ཏུ་གཡོ་བ་ཆེན་པོར ་བསམ།། བདག་ཉིད་ཕྱག་རྒྱ་འབར་བ་ལས།། ཧྲི་ཡི་དཀྱིལ་འཁོར་གསལ་བར་སྤྲོ།། འབར་བ་རྟ་ཡི་སྦྱོར་བ་ཡིས།། ཀུན་ཏུ་སྦྱོར་བ་ཆེན་པོར་བསྒྲུབ།། ཧ་ཡི་དམ་ཚིག་ཆེན་པོ་ནི།། གང་གི་ཕྱག་རྒྱ་འབར ་བ་ཡིས།། རབ་ཏུ་ཁྲོ་བོའི་ཚུལ་བཅས་ཏེ།། ཀུན་ཏུ་རབ་ཏུ་གྲུབ་པར་བྱ།། ལས་ཀྱི་གསང་ཆེན་མཆོག་ཉིད་ཀྱིས།། འབར་བའི་རྒྱལ་པོ་དབང་ཆེན་འགྲུབ།། མཁས་པས་ཆོ་ག་བཞིན་གནས་ཏེ།། བདག་ཉིད་དུ་ནི་གསང ་བར་འགྲུབ།། དོན་རྫོགས་འབྲས་བུ་ཆེན་པོ་སྦྱོར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། ལྷུན་གྲུབ་སྦྱོར་བའི་ལེའུ་སྟེ་དྲུག་ཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ ་གར་གྱི་དབང་ཕྱུག་གིས།། ཏི་ར་ཆེན་པོའི་ཆོ་ག་འདི་གསུངས་སོ།། ཏི་ར་ཆེན་མོའི་གནས་ཉུལ་མ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས།། བཀའ་དང་དམ་ཚིག་མ་ཉམས་པའི།། སྒྲུབ་པ་རྣམས་ལ་དངོས་གྲུབ ་སྩོལ།། གང་གི་བཀའ་ལས་འདའ་བྱེད་པའི།། སྒྲུབ་པ་པོ་ལ་བར་གཅོད་པའི།། མ་དག་ལས་ཀྱི་ཉུལ་ལེ་མོ།། སྲིད་པ་རྣམས་ཀྱི་བྱ་ར་བྱེད།། ཤར་ནས་ཏི་རིའི་གནས་ཉུལ་མ།། རྡོ་རྗེ་ནམ་གྱི་སྲོད་ལ་རྒྱུག། ནག་མོ ་ཁྲག་གི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། གཟི་ལྡན་ཡུམ་གྱི་སྤྲུལ་པ་སྟེ།། ཉམས་པའི་ཁྲག་འཐུང་དབང་མོ་ཆེ།། སྲིན་མོ་ཟོད་འཕྲེང་ཡིན་པར་གྲགས།། ལྷོ་ནས་ཏི་རིའི་གནས་ཉུལ་མ།། རྡོ་རྗེ ་ནམ་གྱི་ཕྱེད་ན་རྒྱུག། ནག་མོ་ཁྲག་གི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། གཤོག་པ་ཅན་གྱི་སྤྲུལ་པ་སྟེ།། ཉམས་པའི་ཁྲག་འཐུང་དབང་མོ་ཆེ།། སྲིན་མོ་ཀམ་མ་ཡིན་པར་གྲགས།། ནུབ་ནས་ཏི་རའི་གནས ་ཉུལ་མ།། རྡོ་རྗེ་ནམ་གྱི་ཐོ་རངས་རྒྱུག། ནག་མོ་དུང་གི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། དྲ་བ་མོ་ཡི་སྤྲུལ་པ་ཏེ།། ཉམས་པའི་ཁྲག་འཐུང་དབང་པོ་ཆེ།། སྲིན་མོ་ར་རོ་ཡིན་པར་གྲགས།། བྱང་ནས་ཏི་རའི ་གནས་ཉུལ་མ།། རྡོ་རྗེ་ཉི་མའི་ཟེར་ལ་རྒྱུག། ནག་མོ་གཡུ་ཡི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། སྡེར་མོ་ཅན་གྱི་སྤྲུལ་པ་སྟེ།། ཉམས་པའི་ཁྲག་འཐུང་དབང་མོ་ཆེ།། སྲིན་མོ་ཁྲག་འཐུང་ཡིན་པར ་གྲགས།། སྟེང་ནས་ཏི་རའི་གནས་ཉུལ་མ།། རྡོ་རྗེ་ཉི་མ་ཕྱེད་ན་རྒྱུག། ནག་མོ་གསེར་གྱི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། གློག་འགྱུ་མ་ཡི་སྤྲུལ་པ་སྟེ།། ཉམས་པའི་ཁྲག་འཐུང་དབང་མོ་ཆེ།། སྲིན་མོ ་པོར་ཐོག་ཡིན་པར་གྲགས།། འོག་ནས་ཏི་རི་གནས་ཉུལ་མ།། རྡོ་རྗེ་ཉི་མ་སྒྲིབ་སོ་སྡུད།། ནག་མོ་ཟངས་ཀྱི་རལ་པ་ཅན།། ཏི་ར་ཆེན་མོ་ཁ་ན་ཐོགས།། ཕེའུ་གཤོག་མིའི་སྤྲུལ་པ་སྟེ།། ཉམས་པའི་ཁྲག་འཐུང་དབང་མོ ་ཆེ།། སྲིན་མོ་གཞོང་ཐོགས་ཡིན་པར་གྲགས།། དུས་དྲུག་མ་མོ་ཁྱེད་རྣམས་ཀྱང་།། སྔོན་གྱི་འཕྲིན་ལས་ཇི་བཞིན་དུ།། སྒྲུབ་པ་ལས་ཀྱི་བྱ་ར་མཛོད།། དེ་སྐད་དུས་དྲུག་བསྐུལ་ནས་ནི།། གང་གི་བདག་ཉིད་ཆེན་པོ ་ཡི།། འདོད་པ་རྡོ་རྗེ་བཞིན་དུ་འགྲུབ།། གསང་བ་འདི་ནི་བསྟན་པོ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས།། ཏི་ར་གནས་ཉུལ་མ་བཀོལ་བའི་ལེའུ་སྟེ་རེ་གཅིག ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཟབ་མོ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གང་གིས་རབ་ཏུ་རིག་པ ་འཛིན།། གསང་བ་རིགས་ཀྱི་དངོས་གྲུབ་ཆེ།། གྲུབ་པ་ཕྱག་རྒྱའི་དམ་ཚིག་ནི།། རྡོ་རྗེ་གྲུ་ཡི་གསང་བ་ཆེ།། ཆོས་ཀྱི་དུང་ཆེན་རབ་ཏུ་བཟུང་།། ཞི་བ་རྒ་བ་ཀུན་གྱི་གནས།། གསང་ཆེན་བདེ་བའི་བཅུད་འབེབས་མ།། རྡོ། ་རྗེ་བཅུད་ཀྱི་དམ་པ་འཛིན།། གསང་ཆེན་བཅུད་དེ་དམ་པའོ།། ས་བོན་ལས་ནི་ས་བོན་སྤྲོས།། ས་བོན་སྙིང་པོ་ཕྱག་རྒྱ་འཛིན།། གང་གི་ཕུལ་དུ་བྱུང་བ་ནི།། གླུ་ཡི་དམ་ཚིག་ཆེན་པོ་སྟེ།། རྟགས་ཆེན་པོ་ལས་གྲུབ་པར ་བྱེད།། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤ་རི་ཛ།། གང་གིས་དམ་པ་ཆེན་པོ་ནི།། ས་བོན་དམ་པ་གསང་བ་ཆེ།། དམ་ཚིག་གསང་བ་རྡོ་རྗེ་ཡིན།། བདེ་བ་ཐམས་ཅད་མཆོག་ཏུ་འགྱུར།། ཡིད་འོང་གནས་སུ་ཕྱག་རྒྱ ་ཆེ།། དཔའ་བོ་དབང་ཆེན་རབ་གནས་པ།། དྲག་པོ་ཆེན་པོ་བདུད་ཆེན་པོ།། མཐུ་རྩལ་དེ་ཡང་འཇིགས་པར་བྱེད།། ཅེས་གསུངས་སོ།། ཨོཾ་རུ་ལུ་རུ་ལུ་ཧྲི་ཛ། བན་དྷ་བན་དྷ་ཧྲི་ཛ། པཱ་ཤ་པཱ་ཤ་ཧྲི་ཛ། སྒོ ་ཊ་ཡ་སྥོ་ཊ་ཡ་ཧྲི་ཛ། ཀུ་རུ་ཀུ་རུ་ཧྲི་ཛ། ཏྲི་ཤ་ཀུ་རུ་ཏྲི་ཤ་ཀུ་རུ་ཧྲི་ཛ། ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ནི།། གང་གིས་རབ་ཏུ་གསང་བ་ཡིན།། སྤྲོ་བ་ཕྱག་རྒྱ་ཆེན་པོ་སྟེ།། གསང་བའི་ལུས་ནི་འཛིན་པར་བྱེད།། ཅེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། རབ་ཏུ་འཇོམས་པའི་ལེའུ་སྟེ་རེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ལྷུན་གྲུབ་གསང་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། རྟག་ཏུ་བདག་ཉིད་གསང་བ་ཡི།། ཡི་གེ་ས་བོན་ལས་སྤྲུལ་པའི།། འཁོར་ལོ་མཚོན་ཆ་བླ་ན་མེད།། ཕྱག་རྒྱའི་མཆོག་ནི་འདི་ལས་འབྱུང་།། ཧྲི་ཡི་དཀྱིལ་འཁོར ་གསང་བ་ནི།། ལས་ཀྱི་ཕྱག་རྒྱ་དག་ལ་གནས།། བླ་མེད་ཡོན་ཏན་ཐམས་ཅད་ཀུན།། ཕྱག་རྒྱ་འདི་ཡིས་ཐོབ་པར་འགྱུར།། ཀུན་ཏུ་གཡོས་པ་མེད་པ་ཡིས།། རིག་པའི་ཕྱག་རྒྱ་བདེ་བའི་མཆོག། བདེ་བ་སྣ་ཚོགས་ཀུན ་འབྱུང་བའི།། ཕྱག་རྒྱ་འདི་ནི་རྒྱ་ཆེན་ཡིན།། ཏྲཾ་གྱི་ཕྱག་རྒྱར་རབ་འབར་བ།། གསང་བའི་སྐུར་ནི་རབ་ཏུ་གནས།། གང་གིས་ཕྱོགས་བཅུ་དུས་གསུམ་གྱི།། བསྟན་པ་རྣམ་པ་ཐམས་ཅད་བྱེད།། འཁོར་ལོ་བསྐོར་བ་རབ ་ཏུ་བརྗིད།། ཕྱག་རྒྱ་གསང་བ་དམ་པ་བསྟན།། གང་གིས་བདུད་ཀྱི་སྡེར་བཅས་པ།། མ་ལུས་ཀུན་ཏུ་འཇོམས་པར་བྱེད།། རྣལ་འབྱོར་གསང་བའི་དམ་པ་ནི།། རྣལ་འབྱོར་པས་ནི་བརྟེན་པར་བྱ།། གསང་ཆེན་ཕྱག་རྒྱ ་འདི་ཡིས་ནི།། བདུད་ཀྱི་དཔུང་རྣམས་འཇོམས་པར་བྱེད།། ཧྲི་ཡི་དཀྱིལ་འཁོར་ཆེན་པོ་ནི།། རབ་ཏུ་འབར་བའི་ཕྱག་རྒྱ་ཅན།། གང་གིས་རིག་པ་འཛིན་བཅས་པའི།། མཆོག་འགྲུབ་གསང་བའི་དམ་པ ་འགྲུབ།། བདག་ཉིད་འདོད་པ་ཀུན་འབྱུང་བའི།། རྟགས་ཆེན་རབ་ཏུ་གསང་བ་ཆེ།། དེ་ཉིད་ཆོ་ག་བཞིན་དུ་གནས།། ཧྲི་ཡི་དཀྱིལ་འཁོར་རབ་ཏུ་སྦྱོར།། ཀུན་རྒྱས་འཁོར་ལོ་དམ་པ་ཆེ།། རྟགས་ཆེན་འདོད་པ་གསང་བ ་ཆེ།། དམ་པ་མཆོག་ནི་འདི་ཡིས་འགྲུབ།། རོལ་མོ་ཆེན་པོ་རབ་ཏུ་སྤྲོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། སྦྱོར་བ་མཆོག་གི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན ་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ་དྲག་པོ་ངེས་པར་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། གདུག་པར་གྱུར་པ་ཐམས་ཅད་ཀུན།། རབ་ཏུ ་གསད་པར་བྱ་བ་ན།། དུར་ཁྲོད་དང་ནི་ཤིང་དྲུང་དང་།། ལམ་ཆེན་མདོ་དང་གྲོག་གླེ་ལ། ཁང་པ་གྲུ་གསུམ་བྱས་ནས་ནི།། དུར་ཁྲོད་སོལ་བ་ཙན་དུག་བཅས།། ཉི་མ་ཡོལ་ནས་སྲེག་བྱ་སྟེ།། གང་གིས་གནས་སུ་བྱུག ་པར་བྱ།། དཔའ་བོ་དབང་ཆེན་གཏུམ་པོ་ཡི།། ཙཀྲ་མཆོད་པ་སྔོན་དུ་རྫོགས།། གདུག་པ་མིང་དག་གཟུགས་སུ་ལྡན།། རྐང་རྗེས་ཁྲག་དང་དྲི་ཆུ་དང་། དུར་ཁྲོད་སོལ་བ་ལ་སོགས་ལ།། མཁས་པ་ཡིས ་ནི་གཟུགས་བྱས་ཏེ།། སྙིང་ཁར་གང་ཡིན་མིང་རུས་གཞུག། ཁ་སྦྱར་རབ་ཏུ་སྦྱར་བ་ཡི།། ཟུར་རྣམས་ཀུན་ཏུ་ཕུར་པ་དགྲམ།། དུས་ཀུན་ཏུ་ནི་རང་ལ་མཆོད།། ཁྲོ་བོ་ཚོགས་ཆེན་ཐམས་ཅད་ཀུན།། རབ་ཏུ་སྤྲོས་ཏེ་བྱིན ་གྱིས་བརླབས།། མཁས་པ་གང་གིས་སྦྱོར་བ་ཡིས།། ཀུན་ཏུ་འོད་ཟེར་སྤྲོས་བྱས་ཏེ།། གདུག་པའི་སྙིང་ནས་བཟུང་ནས་ནི།། དམིགས་པ་ལ་ནི་དགུག་ཅིང་བསྟིམ།། མ་ཉམས་གསང་སྔགས་བཟླས་པར་བྱ།། ཨོཾ་པདྨ ་མ་ཧཱ་ཤྲི་ཧེ་རུ་ཀ། ཀྲོ་ཏི་ཤྭ་རི་ཛ། ཛཾ་བ་ལ་ཏི་ཤོ་རི་ཁ། ཀུ་ཀུ་ར་ཙ་མུ་ཏི་འགྲམ།། ཨངྒུ་ཤ་ཡ། ཨཱ་ཀར་ཤ་ཡ་ཧྲི་ཛ། དབང་ཕྱུག་འཇིག་རྟེན་བཅས་པ་ཀུན།། གསང་སྔགས་འདི་ནི་དྲན་ཙམ་གྱིས།། སྐྲག་ཅིང་རབ་ཏུ ་འདར་གྱུར་ཏེ།། ཡུད་ཙམ་གྱིས་ནི་འགུགས་པར་འགྱུར།། གཞན་ཡང་ཡང་དག་བཤད་བྱ་བ།། ཤར་ལྷོ་མཚམས་ཀྱི་སྦྱོར་བ་ཡི།། གང་ཡིན་འགུགས་པར་གྱུར་པ་ཀུན།། མ་འདུས་འཆིང་བའི་ཆོ་ག་ནི།། གོང་གི་དཔའ ་བོ་དབང་ཆེན་གྱིས།། མི་ཐོད་གྱོན་ཞིང་རྒྱུ་འཕྲེང་ཐོས།། སྣ་ལྔ་སྐུད་པའི་ཞགས་པས་བསྡམས།། གདུག་པ་སྔོན་འགྲོའི་ཆོ་ག་ཡིས།། ལེགས་བསྡམས་དྲག་པོའི་གསང་སྔགས་བཟླས།། ཨོཾ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ། ་པདྨ་ཀྲོ་དྷི་ཤྭ་རི་ཧཱཾ། ཡ་ཤ་ཡ་ཡ་ཤ་ཡ། ཡོ་ཏ་ཀུ་རུ་བན་དྷ་བན་དྷ་ཧྲི་ཛ་ཛ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། ཀུན་ཏུ་འགྲོ་བར་བྱེད་པ་ཡིན།། དབང་ཕྱུག་ཆེན་པོ་ལ་སོགས་པ།། མ་ལུས་མྱུར་དུ་འཆིང་བར ་བྱེད།། ཅེས་པ་འདི་ནི་གསང་བ་ཆེན་པོའོ།། །། གཞན་ཡང་ཡང་དག་བཤད་བྱ་བ།། དྲག་པོར་གྱུར་པའི་སྦྱོར་བ་ཡི།། རེངས་པའི་ལས་ཀྱི་ཆོ་ག་ནི།། བདག་ཉིད་གསུང་གི་ཧེ་རུ་ཀ། གང་ཡིན་ཁུང་བུ་གྲུ་གསུམ ་ནང་།། གང་གིས་རབ་ཏུ་གཞུག་པར་བྱ། སྤྱི་བོ་ནས་ནི་རྐང་པའི་བར།། དྲག་པོར་གྱུར་ནས་སྣོད་བཞག་སྟེ།། ཡང་དག་ཆོ་གའི་སྦྱོར་བ་ཡི།། ལྕི་བའི་རྫས་ལ་གསང་སྔགས་བཟླས། ཁེངས་ནས་རབ་ཏུ་མནན་པར ་བྱ།། ཆོས་ཀྱི་དོན་རྣམས་རྟོགས་པའོ།། ཀྱེ་མ་མ་རུངས་འཇིགས་པ་ཅན།། ཐུག་རྗེ་ཆེན་པོས་ཁྱབ་པའི་བདག། ཡོངས་སུ་དག་ཅིང་ཀུན་ཏུ་གཟིགས།། མ་སྐྱེས་དབྱིངས་ལས་ཅིར་ཡང་འབྱུང་།། མཚན་མ་ཀུན་བྲལ ་གསང་བའི་བདག། དེ་ཉིད་ཆོ་གའི་དམ་པ་སྟེ།། བརྗོད་པ་སྔགས་རྣམས་ཀུན་གྱི་བདག། ཁྲོ་བོ་རོ་ལངས་ཀུན་གྱི་རྗེ།། དག་པའི་ཕྱག་རྒྱ་ཆེ་མཆོག་གིས།། རྔམ་པོ་ཀུན་ཀྱང་རབ་ཏུ་འདར།། མཚན་མེད་ཀུན་ཉིད་གཡོ ་འགུལ་མེད།། དམ་པའི་ཡོན་ཏན་སྣ་ཚོགས་བདག། གསང་སྔགས་འདི་ནི་ཕྱག་རྒྱ་ཆེ།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨེ་ཨ་ར་ལི་ཧྲི་ཛ། ཨོཾ་ཨཱཿཧཱུཾ། བྱང་ཆུབ་སེམས་ནི་བདེ་བའི་མཆོག། སྐུ་གསུང་ཐུགས་ཀྱི་རྫོགས་པ ་ཆེ།། ལུས་ཅན་ཤུལ་དྲག་མི་གཡོ་བསྙེངས།། བརྗིད་པའི་ཕྱག་རྒྱ་དམ་པའི་བདག། རྟགས་ལྡན་ས་བོན་རབ་འབར་བའི།། དེ་ཉིད་གསང་བ་མཆོག་གི་རྒྱ།། ཨོཾ། རབ་ཏུ་འབར་བའི་གཟི་བྱིན་ལྡན།། ཁྲོ ་བོཔོའི་ཕྱག་རྒྱ་ཉེ་བར་འཛིན།། གསུང་གི་རིགས་རྣམས་ཀུན་གྱི་གཙོ།། གང་ཕྱིར་སྣ་ཚོགས་རབ་ཏུ་འབར།། ཁྲོ་བོ་ཤུགས་ཀྱི་སྦྱོར་བ་ཡི།། སྦྱོར་བས་དངོས་གྲུབ་དམ་པ་འཛིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ ་རྟ་མཆོག་རོལ་པ་ལས། ཉེ་བར་བཀོད་པའི་ལེའུ་སྟེ་རེ་བཞི་པའོ།། ། དེ་ནས་ཡང་བཅོམ་ལྡན་དས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གསང་བ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། མཆོག་གི་ཕྱག་རྒྱ་མཉམ་སྦྱོར་བས།། རབ་ཏུ་གསང་བའི་གསང་གནས་དག། བརྗོད་པ་སྔགས་རྣམས་ཀུན་གྱི་བདག་ཁ་དོག་སྦྱོར་བ་སྦྱོར་བ་ཆེ།། གསང་བ་ཀུན་གྱི་ཕྱག་རྒྱ ་ནི།། ཕྱག་རྒྱ་འདི་ལ་རབ་ཏུ་གནས།། རབ་ཏུ་དྲག་པོ་བདུད་ཀྱི་སྡེ།། མ་ལུས་འཇིགས་པར་བྱེད་པ་ཡི།། ར་བུ་པ་ཡི་ཕྱག་རྒྱ་ཡིས།། ཕྱག་རྒྱ་གསང་བའི་དམ་པ་སྟེ།། བདུད་དང་བགེགས་ཀྱི་སྡེ་འཇིག་པ།། ཕྱག་རྒྱ་འདི ་ལ་རབ་ཏུ་གནས།། ལུང་བསྟན་དངོས་གྲུབ་ཕྱག་རྒྱ་ནི།། གསང་བ་མཆོག་གི་གསུང་ལས་འབྱུང་།། སྟེང་གི་ཕྱག་རྒྱ་ཆེན་པོ་སྟེ། ཁྲོ་བོའི་དཔུང་ཡང་འཇིག་པར་བྱེད།། རྡོ་རྗེ་བརྟེན་པ་ཕྱག་རྒྱ་ཆེ།། ལུས་མེད་ཕྱག་རྒྱ ་བསྟན་པ་སྟེ།། སངས་རྒྱས་ཀུན་གྱི་གསང་བ་ནི།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤྭ་རི་ཛ།། གསང་སྔགས་འདི་ནི་དྲིན་ཙམ་གྱིས།། དབང་ཕྱུག་གཟི་བྱིན་ཆེན་པོ་དང་།། རྡོ་རྗེ་ཅན་ཡང་རེངས་པ་དང་།། ཀུན་ཏུ་གཡོ་བ ་མེད་པར་འགྱུར།། ཅེས་གསུངས་སོ།། འདི་ནི་བདུད་ཐམས་ཅད་རེངས་པའི་དམ་ཚིག་ཆེན་པོའོ།། གཞན་ཡང་ཡང་དག་བཤད་བྱ་བ།། མཁས་པས་ལམ་གྱི་ཆོ་ག་ནི།། ངག་གི་སྦྱོར་བའི་ལས་བྱས་ལ།། ཀུན་ཏུ་སྨྲ་བ ་དབྱུང་བར་བྱ།། སྙིང་པོ་འོད་ཟེར་སྦྱོར་བ་ཡིས།། རང་བྱུང་སྨྲ་བའི་ས་བོན་འབྱུང་།། སྨྲ་བའི་རྟེན་ལ་བསྟིམ་པར་བྱ།། ཀ་ཏ་རེ་ལ་སོགས་པ་ཡིས།། བཀྲལ་དང་ཙ་ཀྲ་གཞག་པར་བྱ།། ངག་གི་དབང་ཕྱུག་སྟེང་དུ ་བསྒོམ།། དབང་ཆེན་སྐུ་ནི་རབ་སྤྲོས་ཏེ།། དེ་ཡི་ལུས་ལ་གཞུག་པར་བྱ།། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤྭ་རི་ཛ། སྟཾ་པ་ཡ་ཀུ་རུ་ན་ཎ། གསང་སྔགས་འདི་ནི་དྲན་ཙམ་གྱིས།། གང་གི་ཙཀྲ་དབང་ཐོབ་པ།། རབ ་ཏུ་སྨྲ་བ་ཉམས་པར་གྱུར།། གཞན་འགྱུར་བ་ཡང་སྨོས་ཅི་དགོས།། ཞེས་པ་འདི་ནི་ངག་རྣམས་གནོན་པའི་དམ་ཚིག་ཆེན་པོའོ།། གཞན་ཡང་ཡང་དག་བཤད་བྱ་བ།། གནས་ན་བསྐྲད་པའི་ཆོ་ག་ནི།། དཔའ་བོ་རབ་ཏུ ་འཇོམས་པ་ཡིས།། ས་བོན་ལས་བྱུང་རྔ་མོང་ནི།། རླུང་གི་དཀྱིལ་འཁོར་སྟེང་དུ་བཞག། ངག་གི་སྤྲུག་པའི་ཆོ་ག་ནི།། དེ་ནི་དེ་ཡི་སྟེང་གནས་པས།། བདག་ལས་བྱུང་བའི་ཁྲོ་བོའི་ཚོགས།། དཔག་ཏུ་མེད་པ་སྤྲུལ་བྱས ་ཏེ།། གང་གི་དཔའ་བོ་གཞན་དུ་སྲིད།། དཔའ་ལྡན་ཆེན་པོ་གསང་བ་ཆེ། འཇིགས་བྱེད་གར་གྱི་དབང་ཕྱུག་གི། ཆོ་ག་སྦྱོར་བ་དམ་པ་ཡིས།། གང་དམིགས་ལས་ཀུན་འགྲུབ་པར་འགྱུར།། ཨོཾ་པདྨ་ཤྲི་ཧེ ་རུ་ཀ། ཨུད་ཙ་ཏ་ཡ། ཨུད་ཙ་ཏ་ཡ། མ་ཧ་ཨུད་ཙ་ཏ་ཡ་ཧྲི་ད་ཕཊ། གསང་སྔགས་འདི་ནི་དྲན་ཙམ་གྱི།། གང་གིས་དཔའ་བོ་རྟེན་པའི་བདག། མྱུར་དུ་གཞན་དུ་འགྲོ་བར་འགྱུར།། གཞན་ཡང་འགྱུ་བ་སྨོས་ཅི ་དགོས།། ཞེས་པ་འདི་ནི་རྡོ་རྗེ་བསྐྲད་པའི་དམ་ཚིག་ཆེན་པོའོ།། གཞན་ཡང་དམ་ཚིག་ཡང་དག་བཤད་བྱ་བ།། འཐབ་པར་བྱ་བའི་ཆོ་ག་ནི།། མི་མཐུན་གཟུགས་ལ་གཟུགས་བྱས་ཏེ།། གང་གིས་དབང་ཆེན་རྡོ་རྗེ ་ཡིས།། ལས་འགྲུབ་འཁོར་ལོ་ཆེན་པོ་བསམ། ཁྲོ་བོའི་ཆོག་དང་ལྷན་ཅིག་ཏུ།། གཡུལ་འགྱེད་སྦྱོར་བ་བརྩོན་བྱས་ནས།། རང་གི་དམ་ཚིག་ཆེན་པོ་འགྲུབ། ཨོཾ་པདྨ་ཤྲི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤྭ་རི་ཛ་ཛ།། གསང་སྔགས ་འདི་ནི་དྲན་ཙམ་གྱི།། གང་གི་ཤིན་ཏུ་ཞི་བ་ཡང་། ཁྲོས་ཏེ་རབ་ཏུ་འཐབ་པར་འགྱུར།། གཡུལ་འགྱེད་པ་ཡང་རྩོད་པར་འགྱུར།། ཞེས་པ་འདི་ནི་འཐབ་པར་བྱེད་པའི་དམ་ཚིག་ཆེན་པོའོ།། གཞན་ཡང་ཡང་དག་བཤད ་བྱ་བ།། གང་གི་བཤད་པའི་ཆོ་ག་ནི།། ལས་ཀྱི་ཙཀྲ་སྦྱོར་བ་ཡིས།། ཤིན་ཏུ་སྤྲོ་བར་རབ་བྱས་ཏེ།། དབང་ཆེན་གསང་བ་གྲུབ་པ་ཡི།། ཆོ་གའི་སྦྱོར་བ་རབ་འབར་བ།། གདུག་པའི་རྫས་རྣམས་མ་ལུས་ཀུན།། རང་གིས ་ལག་ཏུ་བསྒྲུབ་པར་བྱ། གང་གི་མིང་ནི་དབུས་ན་གནས།། དེ་ནི་སྲོག་རྩའི་དབུས་ན་གནས།། དེ་ནི་མྱུར་དུ་བསད་པར་བྱ།། རབ་ཏུ་སྤྲོ་བའི་ཕྱག་རྒྱ་ལྡན།། ལྟེ་བའི་དབུས་ན་གནས་པ་ཡི།། རང་གི་ས་བོན་བཤིག་པར ་བྱ།། གང་ཡིན་དཔའ་བོ་ཆེན་མོ་དང་།། དེ་བཞིན་རོ་ལངས་ལ་སོགས་པས།། ཟ་ཞིང་ལྷ་གཞུགས་འབྲེལ་བར་བསམ། ཨོཾ་པདྨ་མ་ཧ་ཤྲཱི་ཧེ་རུ་ཀ། པདྨ་ཀྲོ་དྷི་ཤྭ་རི་ཛ། ཆེ་གེ་མོ་མ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཧྲི་ད་ཡ་མ་ར ་ཚིནྡ་ཚིནྣ་ཧཱུཾ་ཕཊ། གསང་སྔགསའ་དི་ནི་དྲན་ཙམ་གྱིས། ཚངས་པ་ཆེན་པོ་དབང་ཆེན་དང་། དེ་བཞིན་གཞོན་ནུ་འཆིང་བར་འགྱུར།། གཞན་ཡང་འགྱུར་བ་སྨོས་ཅི་དགོས།། ཞེས་པ་འདི་ནི་བསད་པའི་དམ་ཚིག་ཆེན ་པོའོ།། གཞན་ཡང་ཡང་དག་བཤད་བྱ་བ།། རབ་ཏུ་གསང་བའི་ཆོ་ག་ནི།། དེ་ཤ་པ་ཡི་དུས་དག་ཏུ།། ཤར་དུ་ལྟ་བའི་ཁང་པ་རུ།། སྨྱོ་ཏེ་ཤི་པའི་ཐོད་པའི་ནང་།། བཅུག་སྟེ་མནན་པའི་ཆོ་ག་ནི།། དྲི་ཟ་འདུལ་བའི་སྐུ ་ཡིས་བྱ།། དྷི་རི་པ་ཡི་ཉི་མ་ལ།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། ལྐུགས་པའི་ཐོད་པར་མིང་རུས་བཅུག། དེ་ནི་ཆུ་ནང་མནན་པར་བྱ།། མུན་ན་ཤིར་ལའི་ཉི་མ་ལ།། ནུབ་ཕྱོགས་ཆུ་ཡི་ལྦ་བྱའོ།། པ་རི་ཤ་ཡི་ཉི་མ ་ལ།། བྱང་དུ་ལྟ་བར་ལས་བྱའོ།། གུ་མ་རེ་དང་པ་རི་ཤ། ཤ་ཀུ་པས་ནི་ཏ་ཀ་ར།། ཤར་ལྷོའི་ལ་སོགས་ལས་བྱའོ།། གནས་དེར་གང་གི་ཕྱིན་པའི་ཚེ།། དང་པོ་མཉེ་པའི་ལས་བྱས་ཏེ།། གཉིས་པ་ལ་ནི་མནན་པར ་བྱའོ།། གསུམ་པ་གསོ་བའི་ཆོ་ག་སྟེ།། བཞི་པ་རང་གི་ཕྱོགས་སུའོ།། ཞེས་པ་འདི་ནི་མནན་པའི་ལས་ཀྱི་དམ་ཚིག་ཆེན་པོའོ།། རང་གིས་རབ་ཏུ་སྤྲོ་བ་དང་། དེ་ལ་འབྱུང་བ་བདག་ཉིད་ཀྱིས།། འདོད ་པ་ཐམས་ཅད་རབ་ཏུ་གནས།། རྡོ་རྗེ་བདུད་རྩི་ཉིད་ཀྱི་བྱུག། གང་གིས་གང་དང་གང་དག་ཀུན།། ཡོན་ཏན་དམ་པ་ཀུན་གྱི་གཏེར།། མ་ལུས་རྒྱལ་བར་འགྱུར་བའི་བདག། ཡོངས་ཤེས་ཡོན་ཏན་བསམ་མི་ཁྱབ།། སྣ ་ཚོགས་པ་ཉིད་ཡང་དག་སྐུ།། ཞེས་པ་འདི་ནི་རྒྱལ་བ་གསང་བའི་ལས་ཀྱི་དམ་ཚིག་ཆེན་པོའོ།། གང་འདིར་གསང་བ་དམ་པ་ཡིས།། ཉོན་མོངས་གཡུལ་ནི་ཟློག་པར་བྱེད།། གསང་བར་རབ་ཏུ་བྱེད་མཛད་མ།། མ ་ལུས་བདག་ཉིད་ཕྱག་རྒྱར་གནས།། གཏུམ་པོར་གནས་པ་ཙམ་གྱིས་ནི།། གང་དག་འདུག་པར་ཐེ་ཚོམ་མེད།། ཅེས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་བཙལ་བའི་ལམ་གསང་བའི་དམ་ཚིག་ཆེན་པོའོ།། རྒྱུད་ཀྱི་རྒྱལ ་པོ་ཁྲོ་བོ་རྟ་མཆོག་རོལ་ལ་ལས། ལས་ཐམས་ཅད་གསལ་བ་སྣ་ཚོགས་རྨད་དུ་བྱུང་བའི་ལེའུ་སྟེ་རེ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཟབ་མོ་གསང་བ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དབང་ཐོབ་དམ་ཚིག་ལྡན་པ་དང་།། གང་ཡང་དཔའ་བོ་ཏིང་འཛིན་གྱིས། དང་པོ་ལས་ལ་དབང་ཐོབ་ནས།། འཕྲ་མོ་རབ་ཏུ་འབར་བར ་བསམ།། དཔལ་ལྡན་གར་གྱི་དབང་ཕྱུག་ཆེ།། ཤིན་ཏུ་དྲག་ཅིང་གཟི་བརྗིད་ལྡན།། འོད་ཟེར་འཁོར་ལོ་སྦྱོར་བ་ཡིས།། མངོན་སངས་རྒྱས་པར་གྱུར་ཞེས་པའོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི ་དབང་ཕྱུག་གིས། གསང་བ་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཕྱག་རྒྱ་བཀའ་ཡི་འཁོར་ལོ་ཡིས།། ཉི་མ་དང་ནི་ཟླ་བ་བསྒོམས།། གང་གིས་རབ་ཏུ་གསང་བ ་ཡི།། སྦྱོར་བ་པདྨ་འགྲུབ་པར་འགྱུར།། གར་མཆོག་གསང་བ་བླ་ན་མེད།། འབྱུང་པོ་ཀུན་ནི་རབ་ཏུ་སྲེག། པདྨ་གསང་བ་བླ་ན་མེད།། བཀྲ་ཤིས་འཁོར་ལོ་བདེ་དང་ལྡན།། ཞེས་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས ་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འཇོམས་པ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། གསང་ཆེན་རབ་ཏུ་འབར་བ་ནི།། སྐྱེ་གནས་དབུ་ས་ཡང་དག ་གནས།། འཁོར་ལོ་སྣ་ཚོགས་འབར་འདྲ་བ།། དབང་ཆེན་ཙཀྲའི་ཆོ་ག་བཞི། ཨེ་མའོ་རྨད་བྱུང་གསང་བ་ཡིས།། རྣལ་འབྱོར་མཆོག་ནི་ཕྱེད་པ་ཡིན།། ཅེས་པའོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི ་དབང་ཕྱུག་གིས། བདེ་བ་ཆེན་པོ་རབ་ཏུ་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཀུན་རྔམ་དྲག་པོའི་རྟེན་སྒྲུབས་ནས།། མ་ཆགས་འཁོར་ལོ་ཡང་དག ་ལྡན།། ཆགས་བྲལ་སྙིང་པོ་ཐུགས་ཀྱི་མཆོག། རྟོག་བྲལ་སྣང་བ་མུན་པ་ཡིན།། བློ་མཆོག་དོན་ཆེན་རབ་སྨྲ་བ།། སྣ་ཚོགས་ཅན་རབ་ཏུ་གསང་།། དོན་བྲལ་བླ་མེད་གནས་སུ་སྒྲོལ།། ཐབས་གསང་བ་ཡི ་བདག་ཉིད་མཆོག། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འདོད་ཆགས་ཆེན་པོ་ཉེ་བར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད ་ཅེས་གསུངས་སོ།། ངོ་མཚར་དོན་འབྱུང་བདག་ཉིད་ཅན།། འཁོར་ལོ་སྦྱོར་བ་ཆེན་པོ་ཡིས།། ལེགས་སྦྱངས་གཟི་ལྡན་གཞལ་ཡས་དབུས།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོ།། གཉིས་མེད་སྦྱོར་བའི་བྱིན་བརླབས ་ལས།། བདུད་རྩི་ཆུ་བོ་གསང་བའི་དབྱིངས།། འཁོར་ལོ་དཔའ་བོ་གོ་ཆ་ཆེ།། སྐྱོབ་པ་བདེ་བ་ཆེན་པོ་ཡིན།། ཅེས་པའོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གཉིས་སུ་མེད་པ་གསང ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། དཔལ་ལྡན་གསང་བ་འཛིན་གང་གི། དབང་ཕྱུག་བཞིན་དུ་ཀུན་གྱི་བདག། རབ་ཏུ་དྲག་པོ་བདེ་ཆེན་གྱིས།། ཀུན་ཏུ་སྦྱོར་བ་དམ ་པ་ཐོབ།། དབང་སྦྱོར་དབང་ཐོབ་ཁ་ལོ་སྒྱུར།། འགྲོ་བ་དྲུག་པོ་རྒྱུན་བཅད་དེ།། དབང་པོ་དེ་ཉིད་གསུམ་ལ་གནས།། བླ་མེད་དབྱིངས་སུ་མངོན་པར་གྲུབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ ་ལས། དེ་ཁོ་ན་སྣང་བའི་ལེའུ་སྟེ་རེ་དྲུག་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འདུས་པ་ཆེན་པོའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་ཀྱེ་འདུས་པ ་ཆེན་པོའི་ཚོགས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གསང་བ་གར་གྱི་དབང་ཕྱུག་ཅེས་བྱ་བ་གང་ལགས་པ་དེ་ཉིད་ཟུང་ཞིག་དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཐོབ་པར་བྱ ་བ་ཐོབ་པ་ལགས་སོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། འདུས་པ་ཆེན་པོའི་འཁོར་རྣམས་ཀྱི་གསོལ་པ། གར་གྱི་དབང་ཕྱུག་བྱ་བ་གང་ལགས།། བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་གར་གྱི་དབང་ཕྱུག་ཅེས་བྱ་བ་ནི། གང་ཆོས་རྣམས་ཀུན་གྱི་ཆོས་ཉིད་དོ།། གསོལ་པ། ཆོས་ཞེས་བྱ་བ་ནི་གང་། ཆོས་ཉིད་ཅེས་བྱ་བ་ནི་གང་ལགས། བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས། ཆོས ་རྣམས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་སོ།། ཆོས་ཉིད་ཅེས་བྱ་བ་ནི།། སྐྱེ་བ་དང་། འགག་པ་དང་། གཉིས་ཀྱི་རྣམ་པ་དང་བྲལ་ཞིང་། གཅིག་གི་རྣམ་པར་ཡང་མི་དམིགས ་པའོ།། གསོལ་བ།། བཅོམ་ལྡན་འདས།། ཆོས་རྣམས་དང་ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས། འོན་ཏེ་དེ་ཉིད་ལགས། བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས། ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཉིད་ཡིན ་སྙམ་མམ།། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། འདུས་པ་ཆེན་པོའི་ཚོགས།། གལ་ཏེ་ཆོས་རྣམས་ལས་གཞན་ཞིག་ཡིན་སྙམ་མམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ ་པ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཀྱང་མ་ཡིན་ལ། ཆོས་རྣམས་ལས་གཞན་པ་ཡང་མ་ལགས་སོ།། འདི་ནི་ཆོས་རྣམས་ལ་གང་གིས་ལེགས་པར་ཡོངས་སུ ་བརྟགས་ན། ཆོས་དང་ཆོས་རྣམས་ཡིན་པ་དང་། སྐྱེ་བ་དང་འགག་པ་ཡང་མི་དམིགས། ཡོད་པ་མི་དམིགས། མཐའ་མི་དམིགས། དབུས་མི་དམིགས། ཁ་དོག་མི་དམིགས། དབྱིབས་མི་དམིགས། རྣམ་པར་རིག ་པ་མི་དམིགས། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། གང་ལ་སྟོང་པ་དང་མི་སྟོང་པ་མི་དམིགས། བདག་དང་། སྲོག་དང་། གསོ་བ་ལ་སོགས་པ་མི་དམིགས་པ་འདི་ནི། ཆོས་རྣམས་ཀྱི་ཆོས་ཉིད་དེ། འདུས་པ ་ཆེན་པོའི་ཚོགས་དེ་ལྟ་བས་ན།། ཆོས་ཐམས་ཅད་ལ་མཚན་མར་མ་འཛིན་ཅིག། དེ་ཅིའི་ཕྱིར་ཞེ་ན། གང་ལ་མཚན་མར་འཛིན་པ་འདི་ནི། མཚན་མ་རགས་པ་འམ། འཕྲ་བའང་རུང་སྟེ། དེ་ལ་གནས་ལ་རྟོག་པའི་དྲ ་བར་གནས་སོ།། དེའི་ཕྱིར་ན་རྟོགས་པ་དང་བྲལ་བ་རིང་དུ་སྤངས་པའོ།། དེའི་ཕྱིར་མཚན་མའི་མཐར་གནས་སོ།། དེའི་ཕྱིར་འཁོར་བ་ནས་འཁོར་བར་འགྱུར་རོ།། དེའི་ཕྱིར་འཁོར་བའི་སྡུག་བསྔལ་ཐམས ་ཅད་ཉམས་སུ་མྱོང་ངོ་།། དེའི་ཕྱིར་ཆོས་ཐམས་ཅད་ལ་མཚན་མར་འཛིན་པར་མ་བྱེད་ཅིག། མཚན་མར་མ་གཟུང་ན་ནི།། མཚན་མ་ཐམས་ཅད་དང་བྲལ་བར་འགྱུར་རོ།། དེའི་ཕྱིར་ཆོས་ཀྱི་དབྱིངས་ཐོབ་པར་འགྱུར ་རོ།། དེའི་ཕྱིར་འཁོར་བའི་ཉེས་པ་ཐམས་ཅད་སྤངས་པར་འགྱུར་རོ།། འདུས་པའི་ཚོགས་དེ་པས་ན།། འདས་པའི་སངས་རྒྱས་རབ་ཏུ་རྣམ་པར་སྣང་བྱེད་ཅེས་བྱ་བས་ཀྱང་། ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས ་སོ།། གང་གིས་ཆོས་རྣམས་མེད་ཅིང་མི་གནས་པ།། གནས་མེད་གནས་པར་མཐོང་བ་དེ་ནི་འཁོར་བ་ལ།། ལོག་རྟོག་དགྲ་དང་བྲལ་བས་རྟག་ཏུ་བརྩོན།། རང་གནས་འགྲོ་བའི་ཐབས་གཞན་དག་ནི་རིང་དུ་སྤངས་པ ་ཡིན།། འདུས་པ་ཆེན་པོའི་ཚོགས། སྔོན་བྱུང་བའི་སངས་རྒྱས་རྒྱལ་བའི་རྒྱལ་བ་ཞེས་བྱ་བས་ཀྱང་། འདི་སྐད་ཅེས་གསུངས་སོ།། དངོས་ལ་ཆོས་རྣམས་དངོས་པོ་མེད།། མིང་ཚིག་ཡི་གེ་ཀུན་དང་བྲལ།། རྟོག་པའི ་ཉེས་པ་ཐམས་ཅད་སྤངས།། ཞེས་གསུངས་སོ།། འདུས་པ་ཆེན་པོའི་ཚོགས། དེ་བས་ན་སྔོན་བྱུང་བའི་སངས་རྒྱས་གཞན་དཔག་ཏུ་མེད་ཅིང་གྲངས་ལས་འདས་པ་རྣམས་ཀྱིས་ཀྱང་། ཚིགས་སུ་བཅད་པ་དཔག་ཏུ་མེད ་ཅིང་བགྲང་བ་ལས་འདས་པ་རྣམས་གསུངས་སོ།། གང་དག་སྣང་བ་མ་ལུས་པ།། རང་ཞི་བར་ནི་བྱེད་པ་ཡི།། ཆོ་ག་དམ་པ་འདི་དག་ནི།། གསང་བ་ཀུན་ཏུ་རབ་ཏུ་གནས།། སྲོག་གི་བདག་ཉིད་ཇི་བཞིན་དུ།། གང་གི ་འདོད་པ་ཀུན་འགྱུར་བ།། དེར་ནི་རབ་ཏུ་གནས་པར་འགྱུར།། སྒྱུ་མ་གསང་བའི་བདག་ཉིད་ཅན།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རབ་ཏུ ་གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཀྱེ་མ་རབ་ཏུ་གསང་བ་ཆེ།། གང་ཕྱིར་གསང་བ་ཀུན་གྱི་བདག། འདོད་པ་ཀུན་ནི་མ་ལུས་པ།། ཐོགས་པ་མེད་པར་འགྱུར་བ ་དེ།། གང་གི་ཁ་ལོ་སྒྱུར་དབང་པོ།། སྐུ་གསུང་ཐུགས་ནི་རྫོགས་པ་ཆེ།། དམ་པ་བདེན་པའི་གསང་བ་ནི། བདག་ཉིད་དུ་ནི་རྟག་ཏུ་གནས།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི ་དབང་ཕྱུག་གིས། རོལ་པ་རྨད་དུ་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། ཀུན་དབང་འཁོར་ལོ་སྒྱུར་དབང་པོ། རབ་ཏུ་གསང་བ་དམ་པ་ཆེ།། སངས་རྒྱས་ཀུན་གྱི་ཡེ ་ཤེས་ཟུགས།། བཞེད་པ་གསང་བ་བླ་ན་མེད།། གང་འདིར་ཡོན་ཏན་ཀུན་གྱི་གཏེར།། མ་ལུས་བསམ་གྱིས་མི་ཁྱབ་འགྱུར།། གང་འདི་བཅངས་པ་ཙམ་གྱིས་ནི།། དཔག་མེད་དངོས་གྲུབ་དམ་པ་འབྱུང་།། དེ་ལ་རྟག་ཏུ ་ཕན་འགྱུར་བའི།། འདའ་དཀའ་ཡོན་ཏན་སྨོས་ཅི་དགོས།། སྐྱོབ་པ་དུས་གསུམ་བདེ་བ་ཆེ།། གསང་ཆེན་ཆོས་ནི་ཀུན་ཏུ་འབྱུང་།། གང་གིས་རབ་ཏུ་གསང་བ་འདི།། ཐོས་བསམ་ཉོན་མོངས་སྲེག་པར་བྱེད།། གང་ལ ་གང་གི་སྦྱོར་བ་ཡིས།། སེམས་བསྐྱེད་བསོད་ནམས་ཅི་འདོད་པ།། དེ་ནི་རྟག་ཏུ་བདེ་བ་ཐོབ།། བླ་མེད་བླ་ན་མེད་མཆོག་གིས།། སངས་རྒྱས་ཀུན་གྱི་དམ་པ་ནི།། གང་ཚེ་འདི་ལ་རབ་ཏུ་གནས།། གཞན་འགྱུར་ཡོན ་ཏན་སྨོས་ཅི་དགོས།། དུ་བ་མཐོང་བར་གྱུར་ན་ཡང་།། བརྒྱ་སྦྱིན་གཙུག་གི་ནོར་བུ་བཞིན།། རབ་ཏུ་བླང་བར་བྱ་བ་ཡིན།། དབེན་པ་དང་ནི་འདུས་པ་ཡི།། གང་འདི་འཛིན་པར་བྱེད་པ་ནི།། མཁས་པ་རྣམས་གྱིས ་བསྟོད་པའི་གནས།། གང་ཚེ་གསང་བ་མི་དད་ཅིང་། འདི་ཡི་ལམ་དུ་འཇུག་མི་བྱེད།། དེ་ནི་རྟག་ཏུ་དམ་པ་དང་།། གང་གི་འཕྲད་པ་མ་ཡིན་ནོ།། གང་གིས་སྡོམ་པ་ནོར་བུ་འཛིན།། ཉོན་མོངས་སྦྲུལ་ནག་བཞིན་དུ ་དེ།། འདི་དེ་དེ་པ་རྟེན་པར་བྱ།། ཞེས་གསུངས་མ་ཐག་ཏུ།། འདུས་པ་ཆེན་པོའི་འཁོར་རྣམས་རྨད་དུ་བྱུང་བ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་རྗེས་སུ་ཡི་རངས་ཏེ། རྨད་དུ་བྱུང ་བའི་མཆོད་པས་ཀུན་ཏུ་ཁྱབ་པར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། བསྟན་པ་གཏད་ཅིང་རྗེས་སུ་ཡི་རངས་པའི་ལེའུ་སྟེ་དྲུག་བཅུ་རེ་བདུན་པའོ།། རྫོགས་སོ།། །། ་