CLOSE WINDOW

Gpb043.024: dpal rta mgrin gyi rgyud phyi ma zhes bya ba
Wyliee-texts produced with BDRC’s OCR application

ཉི་ཤུ་རྩ་གཅིག་པའི་སྐབས་དགུ་པ་རྫོགས།། རྒྱ་རྒྱ་རྒྱ།། །། @#།། རྒྱ་གར་སྐད་དུ།། ཤྲི་ཧ་ཡ་གྲྀ་བ་ཏན་ཏྲ་ཡ་དེ་ན་མ།། བོད་སྐད་དུ། དཔལ་རྟ་མགྲིན་གྱི་རྒྱུད་ཕྱི་མ་ཞེས་བྱ་བ།། བཅོམ་ལྡན ་འདས་རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་པདྨ་རིགས་ཀྱི་སངས་རྒྱས་ཤིན་ཏུ་རྣམ་པར་དག་པ།། པདྨ་རིགས་ཀྱི་ཕོ་བྲང་རྒྱ་ཁྱོན་དཔག་ཏུ་མེད་པ ་ན།། འཁོར་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ།། བྱང་ཆུབ་སེམས་དཔའ་ཚོགས་དང་ཁྲོ་བོ་དང་།། ཁྲོ་མོ་དང་།། སྤྲུལ་པ་དང་། ཡང་སྦྲུལ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས ་སོ།། དེའི་ཚེ་པདྨ་གསུང་གི་དབང་ཕྱུག་གིས།། པདྨ་རིགས་ཀྱི་སངས་རྒྱས་ལ།། ཕྱག་བཙལ་བསྐོར་བ་བྱས་ནས་ནི།། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས།། པདྨ་དབང་གི་རྒྱུད་ཆེན་པོ།། བསྙེན་སྒྲུབ་ལ་སོགས ་བཅས་པ་རྣམས།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། དེ་ནས་བཅོམ་ལྡན་འདས་པདྨ་རིགས་ཀྱི་སངས་རྒྱས་ཀྱིས།། ཁམས་གསུམ་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་ཞུགས་པ ་དང་།། དཔལ་རྟ་མགྲིན་ཡུམ་གསང་བའི་ཡེ་ཤེས་དང་།། སྲས་པདྨ་གར་གྱི་དབང་ཕྱུག་དང་།། སྲས་མོ་པདྨ་གར་གྱི་དབང་ཕྱུག་མ་ཞེས་བྱ་བ་དང་།། ཡབ་ཡུམ་སྲས་དང་བཅས་པ་བཞེངས་ནས།། དབང ་གི་རྟ་སྐད་ཟེངས་གསུམ་གྱིས་ཁམས་གསུམ་དབང་དུ་བསྡུས།། སྲིད་གསུམ་ཟིལ་གྱིས་མནན་ནས་དྲེགས་པ་ཅན་ཐམས་ཅད་ཚར་བཅད་པར་གྱུར་ཏོ།། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། གླེང་གཞིའི ་ལེའུ་སྟེ་དང་པོའོ།། །། དེ་ནས་པདྨ་རིགས་ཀྱི་སངས་རྒྱས་ལེ།། གསུང་གི་དབང་ཕྱུག་གིས་འདི་སྐད་ཅེས་ཞུས་སོ།། དབང་ཆེན་ལྷ་བཞིའི་བསྒྲུབ་པ་ལ།། དང་པོ་བསྙེན་པ་ཇི་ལྟ་བྱ།། དེ་སྐད་གསོལ་བ་གསན ་ནས་ཀྱང་།། པདྨ་རིགས་ཀྱི་སངས་རྒྱས་བཀའ་སྩལ་པ།། དད་དང་སྙིང་རྗེ་བརྩོན་འགྲུས་ཅན།། པདྨ་དབང་ཆེན་སྒྲུབ་འདོད་པས།། དབེན་ཞིང་ཡིད་འོང་ཉམས་དགའ་བར།། ས[:]བདག་ཀླུ་གཉན ་ཞི་བྱའི་ཕྱིར།། མཆོད་སྦྱིན་གཏོར་མ་རྒྱས་པར་བཏང་།། བཀྲ་ཤིས་ལེགས་པའི་ས་བླངས་ལ།། མཎྜལ་ཟླ་གམ་གྲུ་བཞི་བྱ།། དྲི་སྣའི་སྐྱང་ནུལ་ལེགས་བྱས་ལ།། མེ་ཏོག་དམར་པོའི་ཚོམ་བུ་དགྲ་མ།། རྟ ་མགྲིན་སྐུ་གསུང་ཐུགས་ཀྱི་རྟེན།། མཆོད་རྫས་ཕྱི་ནང་བཤམས་ནས་ནི།། བདེ་བའི་སྟེན་ལ་འདུག་བྱས་ནས།། ཐོག་མར་བྱང་ཆུབ་སེམས་བསྐྱེད་ལ།། རྟེན་ལ་ཚོགས་སོགས་མཆོད་པར་བྱ།། ཚད་མེད་རྣམ་བཞི་སྔོན ་བཏང་ལ།། སྐད་ཅིག་སྟོང་པའི་ངང་ལས་ཀྱང་།། རྟ་མགྲིན་སྐུ་རུ་གསལ་བྱས་ལ།། ཐུགས་ཁ་ཉིད་ལ་གྲིབསམ་ལ།། ཧྲི་ཡི་འོད་ཟེར་ཧཱུཾ་འཕྲོས་པས།། རྡོ་རྗེ་ཕྲ་མོའི་འཕྲོ་འདུ་ལས།། ཕྱོགས་མཚམས་རྡོ་རྗེའི་རྩིག་པ ་ལ།། སྟེང་འོག་རྡོ་རྗེའི་གུར་དང་ས།། སྲིད་པའི་རླུང་གིས་མི་ཐར་སྒོམ།། ཕྱི་རིམ་བསྐལ་བའི་མེ་རི་སྒོམ།། དེ་ནི་བསྲུང་བའི་འཁོར་ལོའོ།། དེ་ནས་ཐུགས་ཀའི་ཧྲི་ལས་ནི།། ཡི་གེ་སྤུག་ནག་བྲུམ་འཕྲོས་པས།། རིན ་ཆེན་སྣ་ལྔ་གཞལ་ཡས་ཁང་།། སྒོ་བཞི་རྒྱན་དང་བཅས་པར་སྒོམ།། ཉི་ཟླ་པདྨའི་གདན་སྟེངས་སུ།། ཧྲི་ཡི་འཕྲོ་འདུའི་སྦྱོར་བ་ལས།། བདེ་གཤེགས་མཆོད་ཅིང་འགྲོ་དོན་བྱ།། ཚུར་འདུས་གསེར་གྱི་རྡོ་རྗེར་གྱུར།། དེ་ཡི ་འཕྲོ་འདུའི་སྦྱོར་བ་ལས།། བདག་ཉིད་རྟ་མགྲིན་སྐུར་བསྒོམས་ཏེ།། སྐུ་མདོག་དམར་པོ་བྱེ་རུ་འདྲ།། ཞལ་གཅིག་པ་ལ་ཕྱག་བཞི་པ།། དབུ་གཙུག་རྟ་མགོ་ལྡང་ཞུ་འཚེར།། གཡས་གཡོན་དང་པོ་ཡུམ་ལ ་འཁྱུད།། དབང་སྡུད་ཕྱག་རྒྱ་གདེངས་པའོ།། གཡས་གཡོན་རྡོ་རྗེ་པདྨ་བསྣམས།། དབུ་རྒྱན་རིན་ཆེན་རིགས་ལྔས་བརྒྱན།། སྦྲུལ་དང་ཟོད་པའི་རྒྱན་གྱིས་བརྒྱན།། ཞབས་བཞི་ཉི་ཟླ་པདྨའི་གདན།། གསང་བ་ཡེ་ཤེས ་མཁའ་འགྲོ་མ།། དམར་མོ་ཞལ་གཅིག་ཕྱག་བཞི་མ།། གཡས་གཡོན་དང་པོ་ཡབ་ལ་འཁྱུད།། གཡས་ཀྱི་འོག་མ་གྲི་གུག་ལ།། གཡོན་གྱི་འོག་མ་ཐོད་ཁྲག་སྟོབ།། ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྲིལ།། རུས ་པའི་རྒྱན་དྲུག་སྐུ་ལ་བརྒྱན།། ཡབ་ཡུམ་གཉིས་ཀྱི་ཞབས་འོག་ན།། མཁའ་འགྲོ་རིགས་བཞིས་འདེགས་པར་སྒོམ།། ཡབ་ཡུམ་གཉིས་མེད་དབུ་གཙུག་ན།། སངས་རྒྱས་སྣང་བ་མཐའ་ཡས་ནི།། སྦྲུལ་སྐུ ་མཉམ་གཞག་སྐུ་མདོག་དམར།། རིགས་ཀྱི་བདག་པོས་རྒྱས་གདབ་སྒོམ།། ཐུགས་ཁར་འཇིག་རྟེན་དབང་ཕྱུག་ནི།། སྐུ་མདོག་དམར་པོ་པདྨ་འཛིན།། ཡེ་ཤེས་སེམས་དཔའི་ཚུལ་དུ་སྒོམ།། དེ་ནས་ཡབ་ཀྱི་ཐུགས་ཀ། ་ནས།། ཧཱུཾ་དམར་གཡས་ཕྱོགས་འཕྲོས་པ་ལ།། པདྨ་གར་དབང་སྐུ་མདོག་དམར།། གཡས་གཡོན་རྡོ་རྗེ་པདྨ་བསྣམས།། ཞབས་གཉིས་ཉི་ཟླ་པདྨ་ལའོ།། ཡུམ་གྱི་ཐུགས་ཁའི་ཧཱུཾ་ལས་གཡོན།། པདྨ་གར་གྱི་དབང་མོ ་ཡུམ།། གཡས་པ་གྲི་ཁུག་གཡོན་ཐོད་པ།། ཞབས་གཉིས་ཉི་ཟླ་པདྨའོ།། ཡབ་ཡུམ་བཞི་ཡི་སྐུར་སྒོམ་ལ།། ཁམས་གསུམ་དབང་དུ་སྡུད་པ་དང་།། སྲིད་གསུམ་ཟིལ་གྱིས་གནོན་པ་དང་།། སྲིད་གསུམ་ལས་ལ་འཁོར ་བ་བསྒོམ།། དེ་ནས་ཡེ་ཤེས་ལྷ་བཞི་པའོ།། འོག་མིན་གནས་ནས་སྤྱན་དྲངས་ལ།། གཉིས་སུ་མེད་པར་གཞུག་ཅིང་བསྟིམ།། ཕྱག་འཚལ་མཆོད་ཅིང་བསྟོད་པ་བྱ།། དེ་ནས་བསྙེན་པ་འབུལ་བ་ནི།། ཨོཾ་པདྨ་དྷ་ར ་ཧཱུཾ།། དབུ་གཙུག་སྣང་བ་མཐའ་ཡས་ཀྱི།། ཐུགས་ལས་འོད་ཟེར་དཀར་པོ་འཕྲོས།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཐུགས་ཀའི་སྤྱན་རས་གཟིགས་དབང་གི།། ཐུགས་ཁའི་འོད་ཟེར་དམར་པོ་འཕྲོ།། ཨོཾ་པདྨ་ཏ་ཀྲི་ད་ཧཱུཾ།། སྐུ ་ཡི་སྙིང་པོ་འབྲུ་དྲུག་པ།། ཨོཾ་ཧ་ཡ་གྲྀ་བ་ཧཱུཾ།། གསུང་གི་སྙིང་པོ་འབྲུ་དྲུག་པའོ།། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུཾ། ཐུགས་ཀྱི་སྙིང་པོ་འབྲུ་དྲུག་པའོ།། ཨོཾ་ཧ་རི་ནི་ས་ཧཱུཾ།། ཡུམ་མཁའ་འགྲོའི་སྙིང་པོ་འབྲུ་དྲུག་པའོ།། ཡབ་ཡུམ་བཞི ་ཡི་ཐུགས་ཀ་ནས།། སྔགས་ཀྱི་འོད་ཟེར་དམར་ནག་འཕྲོས།། ཕྱོགས་བཅུའི་བདེ་བར་གཤེགས་པ་ལ།། སྔགས་ཀྱི་འོད་ཟེར་ཕོག་པ་ཡིས།། སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ།། ཁམས་གསུམ་འགྲོ་དྲུག། ་སེམས་ཅན་ལ།། འོད་ཟེར་ཕོག་པས་སྒྲིབ་པ་སྦྱངས།། པདྨ་དབང་གི་ལྷར་གྱུར་ནས།། ཀུན་ཀྱང་རང་སྔགས་སྒྲོགས་པར་སྒོམ།། དུས་ཀྱི་བསྙེན་པ་ཞག་ཟླ་ལོ།། ཇི་ཙམ་འགྲུབ་པར་བསྒྲུབ་པར་བྱ།། གྲངས་ཀྱི་བསྙེན ་པ་བརྒྱ་སྟོང་ཁྲི།། ཇི་ཙམ་འགྲུབ་དང་དམ་བཅར་བཟུང་།། མཚན་མ་འགྲུབ་པ་ལྟ་ཡི་རྟགས།། སྐུ་རྟགས་འོད་དཀར་ཉམས་དགའ་དང་།། གསུང་རྟགས་སྒྲ་སྙན་སྒྲོག་པ་དང་།། ཐུགས་རྟགས་དྲི་ཞིམ་འབྱུང་བ ་དང་།། སྐུ་རྟགས་ལྷ་ཡི་ཞལ་སྟོན་དང་།། གསུང་རྟགས་ལུང་སྟོན་ཆོས་འཆད་དང་།། ཐུགས་རྟགས་ཆོས་ཉིད་རྟོགས་པར་འཆར།། སྐུ་རྟགས་ལུས་ཀྱི་ནད་སོས་དང་།། གསུང་རྟགས་ངག་ལ་ནུས་པ་འབྱུང་།། ཐུགས ་གས་དུག་ལྔ་ཁོང་དུ་སོང་།། དེ་ལྟར་རྟགས་རྣམས་ཐོན་པར་སྒྲུབ།། ཅེས་གསུངས་སོ།། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། བསྙེན་པའི་སྐབས་ཏེ་དང་པོའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྒྲུབ་པའི ་རིམ་པ་བསྟན་པ་ནི།། དཀྱིལ་འཁོར་མཐའ་དགང་གྲུ་བཞི་ལ།། ཆག་ཆག་སྦྱང་ནུལ་ལེགས་བྱས་ལ།། གཞུང་བཞིན་ལེགས་པར་ཐིག་བཏབ་སྟེ།། དཀྱིལ་འཁོར་དབུས་སུ་ཟླ་གམ་ལ།། མུ་ཁྱུད་ཟླ་ཁམ ་དམར་པོ་འོད་ཟེར་འཕྲོ།། གྲུ་ཆད་སྒྲོ་བཞི་ཕྱོགས་དང་བཅས།། སྒོ་རྒྱན་མུ་ཁྱུད་རྡོ་རྗེ་མེ་རིས་བསྐོར།། དབུས་སུ་མཚན་ལྡན་དུམ་བུ་བཞི་པ་རུ།། པདྨ་མཚན་དང་ཁྲག་བསྲེས་ལ།། མཐའ་མ་ཞི་ཁྲོའི་སྔགས་ཀྱིས ་བསྐོར།། ནང་དུ་སྨན་དང་རིན་ཆེན་དང་།། འབྲུ་སྣ་ལྔ་ལ་སོགས་པ་བླུག། དངོས་གྲུབ་ཅི་འདོད་གསོལ་བྱང་གཞུག། ལེ་རྒན་དར་དུ་དྲིལ་ནས་ནི།། དཀྱིལ་འཁོར་དབུས་སུ་སྟེགས་ལ་བཞག། གཏོར་མ་རཀྵ་བདུད་རྩི ་དང་།། མཆོད་རྫས་རྒྱས་པར་བཤམས་ནས་ནི།། ཚོགས་དང་དངོས་གྲུབ་ཅི་འདོད་གསོལ།། འབྱོར་པའི་ཡོ་བྱད་ཅི་ཕྱིར་དགྲམ།། དེ་ནས་བསྲུང་བའི་འཁོར་ལོ་དང་།། ཏིང་ངེ་འཛིན་གྱི་ལྷ་སྒོམ་དང་།། ཡེ་ཤེས་དཀྱིལ ་ཁོར་མཆོད་པ་དང་།། བསྟོད་པ་ལ་སོགས་བྱས་ནས་ནི། བཟླས་པས་ཏིང་འཛིན་སྔགས་བསྟན་པ།། ཨོཾ་པདྨ་རི་ནི་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་པདྨི་ཏ་ཀྲིད་ཧཱུཾ།། ཨོཾ་ཧ་ཡ་གྲི་བ་ཧཱུཾ།། ཨོཾ་མ་ཧ་ཀྲོདྻཱ་ཧཱུཾ།། ཨོཾ་ཧ་རི་ནི ་ས་ཧཱུཾ།། ཨོཾ་དུ་མ་ག་ཡེ་ན་མ་སྭཱ་ཧཱ། ཞེས་བཟླས་པས་བདག་ཉིད་རྟ་མགྲིན་ཐུགས་ཀ་ནས།། ཉི་མའི་སྟེང་ཧྲི་འཕྲོས་པས།། སྤྱན་ཙུག་སྣང་བ་མཐའ་ཡས་ལ།། འོད་ཀྱི་ཐུགས་དམ་རྒྱུད་ཀྱང་བསྐུལ།། སྣང་བ་མཐའ ་ཡས་ཐུགས་ཀ་ནས།། ཐུགས་རྗེ་ཆེན་པོའི་ཐུགས་ཁར་སྤྲོས།། ཐུགས་དམ་རྒྱུད་བསྐུལ་མཉེས་བྱས་ནས།། ཐུགས་རྗེ་ཆེན་པོའི་ཐུགས་ཁ་ནས།། དཔའ་བོ་རྟ་མགྲིན་ཐུགས་ཁར་ཕོག། རྟ་མགྲིན་ཐུགས་དམ་རྒྱུད་བསྐུལ ་ནས།། གསང་བ་ཡེ་ཤེས་ཐུགས་ཁར་ཕོག། ཡུམ་གྱི་ཐུགས་དམ་རྒྱུད་བསྐུལ་ནས།། ཞབས་འོག་མཁའ་འགྲོའི་ཐུགས་དམ་བསྐུལ།། མཁའ་འགྲོ་རྣམ་བཞིའི་ཐུགས་ཀ་ནས།། འོད་ཟེར་འཕྲོས་པས ་འཇིག་རྟེན་ཁྱབ།། མི་དང་ལྷ་དང་མཁའ་འགྲོ་དང་།། ཟས་དང་སྨན་དང་ནོར་དང་འབྲུ།། སྟོང་གསུམ་ཐམས་ཅད་བཅུད་བསྡུས་ནས།། ཐོད་པའི་ནང་དུ་གང་བར་སྒོམ།། འོད་དང་དུ་བའི་རེ་རྙེད་དང་།། རོ་ཞིམ་མང་དུ ་འཕེལ་བ་དང་།། རྨི་ལམ་ནོར་དང་ཟས་རྙེད་དག། མི་མང་ཟས་ནོར་འབུལ་བ་དང་།། མི་མང་ཕྱག་འཚལ་བསྙེན་བཀུར་བྱེད།། ཀུན་གྱི་གཙོ་བོར་དབང་བསྐུར་དང་།། གླུ་བྲོ་གར་གྱི་སྣ་འདྲེན་དང་།། ཆོས་གཏེར་རྙེད ་དང་ནོར་རྙེད་དང་།། རྟགས་ཐོན་དངོས་གྲུབ་བླང་བར་བྱ།། རྩ་སྔགས་རྣམས་ཀྱི་མཇུག་ལ་ནི།། སིད་དྷི་སིད་དྷི་ཧཱུཾ། བསྡུས་བསྡུས་ཧཱུཾ་ཧཱུཾ། ཞེས་བཟླས་པས།། དངོས་གྲུབ་ཇི་ལྟར་འདོད་པ་བཞིན།། ལྷ་རྣམས་ཀྱིས ་ནི་གསོལ་བར་སྒོམ།། དངོས་གྲུབ་རྫས་ལ་ཕུད་སྤྲོས་ལ།། ཡེ་ཤེས་ལྷ་རྣམས་མཆོད་པར་བྱ།། དེ་ནས་རང་དང་སྒྲུབ་གྲོགས་བཟའ།། ཐོད་པར་དངོས་གྲུབ་རྫས་ལྷག་བཅད།། རང་དང་མི་འབྲེལ་རྟག་ཏུ་བཅང་།། ་ཕྱིས་ཀྱིས་སྒྲུབ་པའི་རྟེན་རྫས་བྱ།། མི་ལ་མི་བསྟན་སྦ་བར་བྱ།། རྒྱུན་དུ་མཁའ་འགྲོའི་སྙིང་པོ་བཟླས།། བདག་ཉིད་རྟ་མགྲིན་ཡབ་ཡུམ་གྱི།། ཞབས་ནས་མཁའ་འགྲོ་རྣམ་བཞིས་འདེགས།། འགྲོ་བ ་དབང་དུ་སྡུད་པས་སྒོམ།། ལྷ་འདྲེ་མི་གསུམ་དབང་དུ་འགྱུར།། ཞེས་གསུངས་སོ།། སྒྲུབ་པའི་སྐབས་ཏེ་གཉིས་པའོ།། །། དེ་ནས་བཟླས་སྦྱོར་བཤད་པར་བྱ།། དྲག་སྔགས་དྲེགས་པ་འདུལ་བ་ནི།། ཨོཾ་པདྨི་ཏ་ཀྲི ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།། རྟ་མགྲིན་དྲེགས་པ་ཚར་གཅོད་སྔགས།། ཡ་མ་སྟཾ་པ་ཡ།། གཤིན་རྗེ་ཚར་བཅད་ཡིག་འབྲུ་ལྔ།། མ་ཙ་སྟཾ་པ་ཡ།། རྒྱལ་པོ་ཚར་གཅོད་ཡིག་འབྲུ་ལྔ།། ཏྲེའུ་ཤུ་སྟཾ་པ་ཡ།། ཐེའུ་འགོང་ཚར ་གཅོད་ཡིག་འབྲུ་ལྔ།། ཤུ་ལ་སྟཾ་བ་ཡ།། བཙན་གྱི་ཚར་གཅོད་ཡིག་འབྲུ་ལྔ།། དྷ་བ་སྟཾ་པ་ཡ།། ལྷ་ཡི་ཚར་གཅོད་ཡི་གེ་འབྲུ་ལྔ།། ཨ་སེ་ལ་སྟཾ་པ་ཡ། སྨན་གྱི་ཚར་གཅོད་ཡིག་འབྲུ་ལྔ།། དུག་ཁྲག་སྟཾ་པ་ཡ། བདུད་ཀྱི་ཆར ་གཅོད་ཡིག་འབྲུ་ལྔ།། རག་ཤ་སྟཾ་པ་ཡ། སྲིན་པོ་ཚར་གཅོད་ཡི་གེ་འབྲུ་ལྔ།། ཡཀྐ་སྟཾ་པ་ཡ། གནོད་སྦྱིན་ཚར་གཅོད་ཡིག་འབྲུ་ལྔ།། ཀ་ལ་སྟཾ་པ་ཡ། འགོང་པོ་ཚར་གཅོད་ཡིག་འབྲུ་ལྔ།། མུན་མུན་སྟཾ་པ་ཡ། དམུ་ཡི་ཚར ་གཅོད་ཡིག་འབྲུ་ལྔ།། ཏིར་ཏི་སྟཾ་པ་ཡ།། མུ་སྟེགས་ཚར་གཅོད་ཡིག་འབྲུ་ལྔ།། ཡཾ་ཏི་སྟཾ་པ་ཡ།། དམ་སྲི་ཚར་གཅོད་ཡིག་འབྲུ་ལྔ།། ན་ག་སྟཾ་པ་ཡ་ཀླུ་གདོན་ཚར་གཅོད་ཡིག་འབྲུ་ལྔ། ཀེ་ཏ་སྟཾ་པ་ཡ།། གཟའ་རྣམས་ཚར ་གཅོད་ཡིག་འབྲུ་ལྔ།། བྷཱུ་ཏ་སྟཾ་བ་ཡ། འབྱུང་པོ་ཚར་གཅོད་ཡིག་འབྲུ་ལྔ།། མུ་ཀ་སྟཾ་པ་ཡ། ཕོ་འདྲེ་ཚར་གཅོད་ཡིག་འབྲུ་ལྔ།། ལང་སྐྲི་སྟཾ་པ་ཡ། མོ་འདྲེ་གནོད་བྱེད་ཚར་གཅོད་ཡིག་འབྲུ་ལྔ།། པྲེ་ཏ་སྟཾ་པ་ཡ།། ཡི་དགས ་ཤིན་འདྲེ་ཚར་གཅོད་ཡིག་འབྲུ་ལྔ།། སརྦ་སྟཾ་པ་ཡ། གནོད་བགེགས་ཐམས་ཅད་ཡི་གེ་ལྔ།། པ་ཙ་ཡ། ད་ཧ་ཡ། ཧ་ན་ཡ། ཧྲི་ཧྲི། ཧཱུཾ་ཧཱུཾ་ཕཊ་ཕཊ། དྲེགས་པ་ཐམས་ཅད་ཚར་གཅོད་སྔགས།། བསྐྲུན་དང་།། བཅིངས ་དང་།། བརྡུང་བ་དང་།། བཅད་པ་དང་། གདུལ་བ་དང་། བརླག་པ་དང་། དབང་དུ་སྤུ་དང་། ཚར་བཅད་དང་།། དགོས་ཀྱི་འདུལ་ན་རྩ་སྔགས་ལ།། སོ་སོའི་སྲོག་སྙིང་ཤམ་བུ་སྔགས།། བསྲེས་ལ་བཟླས་ཤིང་ཚར ་གཅད་བྱ།། སྤྱི་རུ་ཐམས་ཅད་ཚར་གཅོད་དྲིལ།། སྲིད་པའི་ལྷ་འདྲེ་ཐམས་ཅད་ཀུན།། དབང་དུ་འདུས་ནས་བཀའ་ཉན་དང་།། ཚར་གཅོད་བརླག་པར་ཐེ་ཚོམ་མེད།། ཅེས་གསུངས་སོ།། གནོད་བྱེད་གདོན་བགེག་ཚར ་གཅོད་པའི་སྐབས་ཏེ་གསུམ་པའོ།། །། དེ་ནས་ལས་སྦྱོར་བཤད་པ་ནི།། བསད་པ་འབྲུབ་ཁུང་ལས་སྦྱོར་ནི།། འབྲུབ་ཁུང་ནང་དུ་ལིང་ཀ་གཞུག། སེང་ལྡེང་ཕུར་པ་ཁྲོ་བོར་བསམ།། ཤ་ཏྲུཾ་ཨ་མུ་ཁ་མ་ར་ཡ་ཧཱུཾ ་ཕཊ་སོད།། ཕུར་པ་གདབ་ཅིང་ཐུན་ཀྱང་བྲ་བ།། གང་ལ་བྱ་བ་བརླག་པར་འགྱུར།། སྦྱིན་སྲེག་མེ་ཡི་ལས་སྦྱོར་ནི།། ཐབ་ཁུང་དམར་ནག་གྲུ་གསུམ་དུ།། གདུག་པ་ཅན་གྱི་ཤིང་བརྩིགས་ལ།། བཀྲ་མི་ཤིས་པའི ་མེ་སྦར་ཏེ།། མེ་ནང་རྟ་མགྲིན་བསྐྱེད་བྱས་ལ།། སྦར་དཀར་གཏོར་མ་ཤ་ཁྲག་མཆོད་པ་འབུལ།། ཛ་ལ་རཾ་ཛ་ལ་རཾ།། མ་ར་ཡ། མ་ར་ཡ་ཧཱུཾ་ཕཊ།། རྩ་སྔགས་སྦྲེལ་ལ་སྦྱིན་སྲེག་བྱ།། ཐལ་བ་བསྐུལ་ལ ་མནན་གཏོར་བྱ།། གཏོར་སྲང་རླུང་གི་ལས་སྦྱོར་ནི།། སྦྱིན་སྲེག་ཐལ་བ་ཉ་བོ་བྱ།། སྙིང་ཁར་མིང་རུས་བཅུ་པ་ལ།། རླུང་ཚུབས་མ་ཡིས་ཐུན་དུ་བྲབ།། བྲག་སྒྲ་རླུང་སྒྲ་ཅན་དུ་མནན།། ཡང་ན་བཏགས་ལ་རླུང ་ལ་ཕྱར།། ཆེ་གེ་མོ་ཀ་མ་རག་ཤ་ཡ་ར་ན།། ཨུ་ཙ་ཏ་ཡ་ཕཊ་ཕཊ། ཙ་སྔགས་སྦྲེལ་ལ་བཟླས་པ་བྱ།། དགྲ་བགེགས་གང་བྱས་བསྐྲད་པར་འགྱུར།། མནན་པ་ས་ཡི་ལས་སྦྱོར་ནི། ཁོ་ཡི་ཟག་པའི་རྫས་བཙལ་ལ།། ས ་ནག་བསྲེས་ལ་ཉ་བོ་བྱ།། མིང་རུས་བྲིས་ལ་ལིང་ཁར་གཞུག། སྙིང་ཁར་ཕུར་བུ་བཏབ་ནས་ནི།། ཐོད་པ་མཚན་ངན་ནང་དུ་གཞུག། རེ་བས་དྲིལ་ལ་མཁར་ནག་དཀྲི།། ལྷ་ཁང་ཐེམ་འོག་རྒྱ་གྲམ ་ལམ།། མཆོད་རྟེན་སྙིང་པོའི་ནང་དུ་མནན།། ཆེ་གེ་མོ་ཨ་མུ་ཀཾ། ཨོཾ་ཀུ་ཨ་ཛ། མཱ་ར་ཡ་ནན། རོ་གཡས་རྡོ་རྗེ་རྒྱ་གྲམ་དང་།། ཚ་ཚ་ས་ཚོན་རྣམ་ལྔ་མནན།། ལྕགས་ཀྱི་ཁར་སྒྲོམ་འབར་བ་ནས།། བསྐལ་པའི་མཐར་ཡང ་མི་ཐར་བསམ།། དགྲ་བགེགས་གང་ཡང་གནོན་པར་འགྱུར།། སྦྱོང་བྱེད་ཆུ་ཡི་འཁོར་ལོ་ནི། ཁམ་པ་རྡོལ་བྱས་པ་ཡིས།། གྲུ་གསུམ་གའུ་ཁ་སྦྱོར་དུ།། ཆུ་འགྲམ་ས་ལ་གཟུགས་བྱས་ལ།། སྙིང་ཁར་གྲུ་གསུམ་མིང་རུས ་གཞུག། གང་ཚེར་བཅུག་ལ་ལ་ཆས་བསྡམ།། བཾ་ནི་མཱ་ར་ཡ་སོད་སོད། བཾ་ནི་མཱ་ར་ཡ་ཐུམ་རིལ། ལི་ལི་ཛི་ཛ། མཚོ་འམ་ཆུ་མིག་ཆུ་གཞུང་བསྒྱུར།། དགྲ་བགེགས་གང་ཡིན་རྩ་བ་འཆད།། ཟློག་པ་ཟོར་གྱི་ལས་སྦྱོར ་ནི་། ཐོད་པ་མཚན་ངན་ནང་དུ་ནི།། ཁྲག་སྣ་དུག་སྣ་ཟངས་ལྕགས་རྡོ།། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་།། དེ་ལ་སྔགས་ལ་ཐུན་དུ་བྲབ།། སྐྲོད་གཏོང་གཏོང་བའི་རྐང་རྗེས་ས།། མཆིལ་སྣབས་དང་ནི་དྲི ་ཆེན་ཆུ།། སྙིང་ཁར་མཆོག་ཕུར་བཏབ་བྱས་ན།། བན་དྷེ་ཤ་ཡ་བན་དྷེ་ཤ་ཡ། ཆེ་གེ་མོ་ཧ་ཧ་སྟཾ་བ་ཡ་བཟློག་བཟློག། ཤ་ཏྲཾ་ཨ་མུ་ཁ་མཱ་ར་ཡ་བཟློས་སོད།། ཐོད་པ་མཚན་ངན་ཉ་བོ་བཅས།། རང་གི་མལ་འོག་མནན ་པར་བྱ།། ཐུན་རྫས་དགྲ་ཡི་ཕྱོགས་སུ་འཕང་།། ཕུར་ཁ་སྐྲོད་གཏོང་ཁོ་ལ་བཟློག། བསྲུང་བའི་འཁོར་ལོའི་ལས་སྦྱོར་ནི།། གྲོ་གའམ་ནི་ཤོག་བུ་ལ།། གུར་ཀུམ་གྷི་ཧང་མཚལ་གྱིས་བྲི།། དབུས་སུ་འཁོར་ལོ་རྩིབས་དྲུག ་ལ།། རིམ་གསུམ་པདྨ་འདབ་དྲུག་བྲི།། དབུས་སུ་རྟ་མགྲིན་སྐུ་ཡི་སྔགས།། རྩིབས་དྲུག་ལ་ནི་གསུང་གི་སྔགས།། རྩིབས་མཚན་དྲུག་ལ་ཐུགས་ཀྱི་སྔགས།། ཕྱི་རོལ་པདྨ་ཡུམ་གྱི་སྔགས།། ཕྱི་རོལ་ཐུགས་རྗེ་ཆེན ་པོའི་སྔགས།། ཕྱི་རོལ་སྣང་བ་མཐའ་ཡས་སྔགས།། ཕྱི་རོལ་རྟ་མགྲིན་ཡབ་ཡུམ་སྔགས།། འཁོར་ལོ་རབ་གནས་བྱིན་བརླབས་བྱ།། ལ་ཆར་དཔུང་པ་གཡོན་པར་གདགས།། བསྲུང་སྐུད་དམར ་པོ་སྔགས་བཟླས་གདགས།། ནད་དང་གནོད་དང་བར་ཆད་ཐུལ།། དགྲ་བགེགས་བརྡུང་བའི་ལས་སྦྱོར་ནི།། རྡོ་རྗེ་དམར་པོ་རྩེ་ལྔ་པ།། རྟ་མགྲིན་སྔགས་ཀྱིས་བྱིན་བརླབས་ལ།། ས་ལ་དགྲ་བགེགས ་གཟུགས་བྲིས་ལ།། ཡང་ན་ལྕགས་ཀྱི་ཐོ་བས་བརྡུངས།། ཡང་ན་རྡོ་རྗེ་ཐོ་བས་བརྡུངས།། ལོ་ཀ་ལོག་ཏྲི་ས་ལ་ཏྲི་ཕུང་།། ཨེ་ཀ་ཐུམ་རིལ།། རྨི་ཤ་ཐུན་རིལ།། གམ་གུ་རུ། རོ་རྩ་ཐུམ་རིལ། གམ་གུ་རུ་ཨཱ་བེ་ཤ་ཡ་ཨ་བེ ་ཤ་ཡ། དགྲ་བགེགས་གནོད་བྱེད་ཟུམ་རི་ལི་ལི། མཱ་ར་ཡ་ཛ་ཛ། གནོད་བྱེད་རྡུལ་དུ་བརླག་པར་འགྱུར། གདབ་པ་ཕུར་པའི་ལས་སྦྱོར་ནི།། ཟངས་སམ་འཁར་བའི་ཕུར་པ་ལ།། སེང་ལྡེང་ཕུར་པ་ཁྲུ་གང་པ།། རྟ ་མགྲིན་སྐུར་བསྐྱེད་དབང་བསྐུར་ལ།། རང་དང་མི་འབྲལ་སྔས་སུ་གཞུག། སྲིའུ་ནད་པ་ལ་སོགས་པ།། ལྔས་སུ་བསྲུང་བ་བྱས་པ་ནི།། ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲིབ་ཧུ་ལུ་ཧུ་ལུ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ།། ཅེས་པ་བཟླས ་པ་བྱས་ལ་བྱིན་གྱིས་བརླབ་པར་བྱ།། བགེགས་ལ་གདེངས་པ་ཙམ་གྱིས་ཆོག། ལས་ཀྱི་སྦྱོར་བ་དེ་རྣམས་ལ།། རྩ་སྔགས་གྲུབ་པར་རབ་ཏུ་གཅེས།། བདག་ཉིད་རྟ་མགྲིན་སྐུར་བསྒོམས་ལ།། འཇིག་རྟེན་དྲེགས་པ ་དབང་དུ་བསྡུས།། གང་ལ་བྱ་བ་གཟིར་བྱས་ལ།། གནོད་བགེགས་ཐམས་ཅད་བསྲུངས་ནས་འབྱིན།། ཅེས་གསུངས་སོ།། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། འཕྲིན་ལས་ལས་སྦྱོར་གྱི་སྐབས་ཏེ་བཞི ་པའོ།། །། དེ་ནས་པདྨ་རིགས་ཀྱི་སངས་རྒྱས་ལ།། པདྨ་གསུང་གི་དབང་ཕྱུག་གིས་འདི་སྐད་ཅེས་བསྟོད་དོ།། ཆོས་སྐུ་སྐྱེ་མེད་དང་ལས་མ་གཡོས་པར།། གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན ་ནས།། སྦྲུལ་སྐུ་དྲེགས་པ་འཇོམས་མཛད་རྒྱུད་བཤད་པ།། ངོ་མཚར་སངས་རྒྱས་ཁྱེད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་པ་བྱས་སོ།། དེ་ནས་པདྨ་སངས་རྒྱས་ཀྱིས།། འཁོར་རྣམས་ཀུན་ལ་རྒྱུད་བཤད་པས།། རྟ ་མཆོག་རྒྱལ་པོའི་རྒྱུད་འདི་ནི།། བསྟན་པ་ཉམས་པའི་དུས་འདི་རུ།། བདུད་དང་དྲེགས་པ་དགྲ་བགེགས་རྣམས།། ཚར་གཅོད་དོན་དུ་ངས་བཤད་དོ།། གཏད་དོ་འདུས་པའི་འཁོར་ལ་གཏད།། ཅེས་གསུངས་སོ།། གཙོ ་བོཔོ་ཆོས་ཉིད་ལ་གནས་ནས།། འཁོར་རྣམས་རང་སར་འཁོད་དེ།། རྒྱུད་གཏད་པའི་ལེའུ་སྐབས་ལྔ་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ།། །། ཨོཾ་རྒྱན་པདྨ་འབྱུང ་གནས་ཀྱིས།། ཐུགས་རྗེ་ཆེན་པོ་བསྒྲུབ་པ་ལ།། བར་ཆད་བགེགས་རྣམས་ཚར་བཅད་ཕྱིར།། རྟ་མགྲིན་ཁྲོ་བོའི་རྒྱུད་བསྒྱུར་ནས།། སྠསྠ་སྐེ་སྤེལ་བའི་གནས་མེད་གཏེར་དུ་སྦས།། ལས་འཕྲོ་ཅན་དང་ཕྲད་པར ་ཤོག། བར་ཆད་དམ་སྲི་ཐུལ་བར་ཤོག། བཀྲ་ཤིས་དངོས་གྲུབ་འབྱུང་བར་ཤོག། བསྟན་པ་ཡུན་དུ་རྒྱས་པར་ཤོག། རྒྱ་རྒྱ་རྒྱ།། །། ་