| Wylie | e-texts produced with BDRC’s OCR application |
པའི་འདི་གསུངས་སོ།། རོ་གཡམ་ཐོག་ཏུ་རོ་རས་ལ།། འཁོར་ལོའི་དབུས་སུ་བསྒྲུབ་བྱ་བྲི།། ལྕེ་ལ་མནན་པའི་སྔགས་བྲིས་ཏེ།། རྩིབས་ནི་བཅུ་དྲུག་ནང་དུ་བསྟན།། དེ་ལ་གསང་སྔགས་བྲི་བར་བྱ།། དེ་སྟེང་མཆོད ་རྟེན་གསུམ་བརྩེགས་པ།། ཟུར་སུམ་བྱས་པའི་ནང་དུ་ཡང་།། ཕུར་བུ་ཛགས་བྲིས་ལིང་ག་གཟེར།། བུམ་པ་བཀྲ་ཤིས་ས་ལ་བྱ།། ནང་དུ་བདག་ཉིད་བཞག་པར་བྱ།། ཕྱག་གི་ཕུར་པ་ཕྱིར་ཕྱུང་ལ།། རྩེ་མོ་དགྲ་ལ ་བསྟན་པར་བྱ།། དཔལ་ལ་གསང་སྔགས་བྲི་བར་བྱ།། གོས་ནག་གོན་ལ་བསྒྲུབ་བྱ་དགུག། ལིང་ག་དག་ལ་བསྟིམ་པར་བྱ།། རང་བས་ཆེ་བ་མེད་པར་བསྒོམ།། བསྐོར་བ་ཕྱིན་ཀ་ལོག་ཏུ་བྱ།། ཉ་སྟོང་ཚེས་བརྒྱད་དུས ་གཉེན་ལ།། སྔགས་འདི་རབ་ཏུ་བཟླས་པར་བྱ།། ཨོཾ་མ་ག་ཏི་བཟློག། ས་ག་ཏི་བཟློག། ས་ཏི་དུན་ཏི་སྲོག་ལ་བཟློག། ང་སྲོག་ཏིག་ལ་བབ། ངར་ངར་ལ་བབ།། སུ་པ་ཎི་ཡ་བཟློག། རྦོད་སྟོང་དུར་ཡ་བཟློག། དེ་ནི ་བསྙེན་པའི་གསང་སྔགས་དེ།། འདི་ནི་ལས་ཀྱི་ཤམ་བུ་ཡིན།། བརྒྱ་བརྒྱ་དག་ལ་རེ་རེ་གདགས།། གཤིན་རྗེའི་ཡ་ཐོག་བཟློག། ཕུར་བུའི་ལྷ་འབྱེད་བཟློག། མ་མོའི་དལ་ཁ་ད་ན་ཤིང་བཟློག། བསེ་མོའི་སྲོག་ཤིང ་སྲོག་སྙིང་བཟློག། ཕོ་རྒྱུད་བཟློག། མོ་རྒྱུད་བཟློག། བཙན་བཟློག། བདུད་བཟློག། རྒྱལ་པོ་བཟློག། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས།། གཏི་མུག་ཀླུའི་གདོང་ཟླ ་བཟློག་པ་སྟེ་ལེའུ་ཉེར་དྲུག་པའོ།། དེ་ནས་བཅོམ་ལྡན་འདས་ལ། འཁོར་རྣམས་ཀྱིས་འདི་སྐད་ཅེས་སྔགས་པའི་ཆེ་བ་མང་པོ་མགྲིན་གཅིག་ཏུ་བརྗོད་དོ།། སྟོང་གསལ་རིག་པ་ཆོས་ཀྱི་སྐུ།། ཡེ་ཤེས་ལྔ ་ཡི་རྩལ་འཆང་བ།། གཟུང་ཡུལ་སྟོང་པ་ཤེས་རབ་ཉིད།། འཛིན་སེམས་ཡེ་ཤེས་ལས་བྱུང་བས།། སྙིང་རྗེ་ཐབས་ཀྱི་བདག་ཉིད་ཅན།། ཐབས་དང་ཤེས་རབ་གཉིས་མེད་པས།། སྐུ་གསུམ་སྣང་བ་ཁྱོད་ཀྱི་སྐུ།། འཁོར ་བ་ཁམས་གསུམ་སེམས་ཅན་ལ།། ལས་ཀྱི་དབང་གིས་ཉོན་མོངས་སྣང་།། དེ་བཟློག་ཆོས་ཀྱི་འཁོར་ལོ་བསྐོར།། བླ་མེད་ཐེག་པ་རབ་སྟོན་མཛད།། རྣལ་འབྱོར་ལམ་ལ་ཞུགས་པ་ལ།། ཉམས་ཀྱི་སྣང་བ་ཤར ་བར་བྱེད།། ཐབས་ཀྱི་ཆ་ལས་སྐྱེས་པ་ནི།། སྣང་བ་དགྲར་ལངས་རྣལ་འབྱོར་ཡིན།། ཤེས་རབ་ཆ་ལས་སྐྱེས་པ་ནི།། སྟོང་པ་དགྲར་ལངས་རྣལ་འབྱོར་ཡིན།། སྣང་སྟོང་གཉིས་སུ་མེད་པ་ཡིན།། སྐུ་གསུང་ཐུགས་ནི་མི ་ཟད་པའི།། རྒྱན་པའི་འཁོར་ལོ་ཡང་དག་གནས།། དཀྱིལ་འཁོར་དགུ་ཡི་བསྒྲུབ་པ་ཡིས།། ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ཆེ།། བདག་ཅག་དུག་གསུམ་གདུག་པ་ཅན།། དཔལ་གྱི་བཀའ་ལས་མི་འདའ་བར།། དམ ་ཚིག་བཞིན་དུ་བསྟན་པ་བསྲུང་།། ཞེས་བརྗོད་ནས་རྗེས་སུ་ཡི་རང་བར་གྱུར།། ཐམས་ཅད་ཆོས་ཀྱི་སྐུར་ཐིམ་མོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གྱིས་གནོན་པའི་རྒྱུད་ལས།། རྗེས་སུ་ཡི་རང་བ་སྟེ་ལེའུ་ཉེར་བདུན ་པའོ།། །། དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་རྫོགས་སོ།། པཎྜི་ཏ་པདྨ་འབྱུང་གནས་དང་། ལོ་ཙར་ཁ་ཆེ་ཨ་ནན་ཏ་ས་བསྒྱུར་བའོ།། །། @#།། རྒྱ་གར་སྐད་དུ།། ཤྲི་བཛྲ་མ་ཧཱ་ཀྲོདྷ་ཧ་ཡ་གྲི ་བ་ཏན་ཏྲ་རཱ་ཛ་ནི་ནཱ་མ།། བོད་སྐད་དུ། དཔལ་རྡོ་རྗེ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན།། འོག་མིན་ཆོས་ཀྱི་དབྱིངས་པདྨ་དབང་གི་ཕོ་བྲང་ན།། རྒྱ་ཆད་ཕྱོགས་མཚམས་མེད་པ་རིན་པོ་ཆེ་འོད་ཀྱི་ཕོ་བྲང་ན།། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན ་གཟི་བརྗིད་འབར་བ་ཞེས་བྱ་བ་ལ།། དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་པ་འདི་ལྟ་སྟེ།། དེ་བཞིན་གཤེགས་པ་གསུང་རྡོ་རྗེ་དང་།། སྐུ་རྡོ་རྗེ་དང་། ཐུགས་རྡོ་རྗེ་དང་། ཡོན་ཏན་རྡོ་རྗེ་དང་། འཕྲིན་ལས་རྡོ་རྗེ ་དང་།། གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བ་དང་ཐབས་གཅིག་གོ། ཡང་ཤེས་རབ་ཀྱི་ཡུམ་དུ་གྱུར་པ།། གསུང་གི་ཡུམ་དང་སྐུའི་ཡུམ་དང་། ཐུགས་ཀྱི་ཡུམ་དང་། ཡོན་ཏན་གྱི་ཡུམ་དང་།། འཕྲིན་ལས་ཀྱི་ཡུམ ་དང་།། གཉིས་སུ་མེད་པ་ཤེས་རབ་ཀྱི་ཡུམ་དང་ཐབས་གཅིག་གོ། ཡང་ཐུན་མོང་གི་འཁོར་ལྷ་ཐར་བྱེད་དང་།། ལྷ་མ་ཡིན་ཐར་བྱེད་དང་།། མི་ཐར་བྱེད་དང་།། བྱོལ་སོང་ཐར་བྱེད་དང་།། ཡི་དགས་ཐར་བྱེད ་དང་།། དམྱལ་བ་ཐར་བྱེད་རྣམས་དང་ཐབས་གཅིག་གོ། ཡང་ཁྱད་པར་གྱི་འཁོར།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས་པ་དང་ཐབས་གཅིག་ཏུ ་བཞུགས་སོ།། ཡང་ངོ་བོ་ཉིད་ཀྱི་འཁོར།། འདི་ལྟ་སྟེ། དོན་གཅིག་པ་ཞེས་བྱ་བའི་འཁོར་དང་།། རང་བྱུང་ཆེན་པོ་དང་།། རང་གསལ་ཆེན་པོ་དང་།། ཉིད་ལས་མི་ཞན་པ་དང་།། མ་བཙལ་ཀློང་ཡངས་དང་།། མ ་བཀག་རང་གསལ་ཞེས་བྱ་བ་དང་།། མ་བཏུས་ཁྱབ་རྡལ་ཞེས་བྱ་བ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས།། དྲེགས་པ་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ།། འཁོར་རྣམས་ཀྱང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་ཏིང་ངེ་འཛིན་དུ་མ་འཁོར་རྣམས་ཀྱི་རྒྱུད་ལ་འདི་ལྟ་སྟེ།། སྐྱེ་བ་མེད ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། འགག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། གནས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། བརྗོད་པ་དང་བྲལ ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།། དྲེགས་པ་ཚར་གཅོད་པ་བདུད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་སོ།། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སྤྱན ་རས་གཟིགས་ཀྱིས་བདུད་དང་ལོག་འདྲེན་ཐམས་ཅད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཐུགས་ཞི་བའི་ངང་ལས་མ་གཡོས་པར།། སྐུ་ཁྲོ་བོ་རྟ་མགྲིན་གྱི་གཟུགས་སུ་ཡང་དག་པར་སྟོན་པར་གྱུར ་ཏོ།། སྤྱི་གཙུག་རྟ་མགོ་ལྗང་ཁུར་རྟ་སྐད་ཐེངས་གསུམ་སྟོན་པས།། ཁམས་གསུམ་དབང་དུ་སྡུད།། སྲིད་གསུམ་ཟིལ་གྱིས་མནན་ནས་བདུད་དང་དྲེགས་པ་ཐམས་ཅད་ཚར་བཅད་དེ།། འཁོར་ཐམས་ཅད་བཀའ ་བཞིན་བྱེད་པར་གྱུར་ཏོ།། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་འཁོར་གྱི་ནང་ནས་གསུངས་རྡོ་རྗེ་ཞེས་བྱ་བ་འཁོར་གྱི་གཙོ་བར་གྱུར་པ་དེ་སྟན་ལས ་ལངས་ཏེ།། བཅོམ་ལྡན་འདས་པ་པདྨ་དབང་ཆེན་ལ་ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བཅོམ་ལྡན་དབང་ཆེན་རྒྱལ།། ཐུགས་རྗེའི་བདག་པོ་སྤྱན་རས་གཟིགས།། རྟ་མཆོག་རྒྱལ ་པོར་སྐུ་ཁྲོས་ནས།། བདུད་དང་བགེགས་རྣམས་ཚར་བཅད་ཕྱིར།། ཉིད་ཀྱིས་ལྷ་སྒོམ་སྤྱོད་འབྲས་དང་།། བསྙེན་སྒྲུབ་ལས་ལ་སྦྱར་བ་དང་།། དབང་དང་སྦྱིན་སྲེག་མནན་དང་བསྲུང་།། དབབ་གཅད་འཁྲུལ་འཁོར་ལ ་སོགས་པ།། བསྟོད་བསྐུལ་འཕྲིན་ལས་རྟ་བྲོ་དང་།། དགྲ་བགེགས་གདུག་པ་ཚར་གཅད་པའི།། ལས་ཀྱི་རིམ་པ་མ་ལུས་པ།། དབང་ཆེན་རྒྱལ་པོས་བཤད་དུ་གསོལ།། ཞེས་གསོལ་ནས་ཆེད་དུ་གླེང ་།། རྟ་མགྲིན་དྲེགས་པ་ཆར་གཅོད་ཀྱི་རྒྱུད་ལས།། གླེང་བསླང་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དབང་ཆེན་རྒྱལ་པོ་ལ།། གསུང་གི་རྡོ་རྗེས་འདི་སྐད་ཞུས།། ཨེ་མཧོ་དབང ་གི་རྒྱལ་པོ་ལགས།། དབང་མཆོག་རྒྱལ་པོ་ལྟ་བ་ཇི་ལྟར་ལགས།། དེ་སྐད་གསོལ་བ་གསན་ནས་ཀྱང་།། དབང་ཆེན་རྒྱལ་པོས་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་ཚོགས་རྣམས་ཉོན།། རྟ་མཆོག་རྒྱལ་པོའི་ལྟ་བ ་ནི།། འཁོར་བ་མྱ་ངན་འདས་པའི་ཆོས།། ཡེ་ནས་མ་བཅོས་ཆོས་ཀྱི་སྐུ།། རྟ་མགྲིན་རྒྱལ་པོར་ཡེ་ནས་གནས།། སྐྱེ་འགག་གཉིས་ཀྱི་མཐའ་ལས་གྲོལ།། མ་སྤངས་མཐའ་བྲལ་གཟུང་འཛིན་མེད།། ཡེ་ནས་རང་བྱུང་ཡེ ་ཤེས་ལ།། མཚན་མེད་སྤྲོས་བྲལ་ཡེ་སངས་རྒྱས།། རང་ལ་གནས་པས་གཞན་ན་མེད།། བལྟས་པས་མཐོང་བ་མ་ཡིན་ཏེ།། རང་རིག་རྟ་མགྲིན་ལྷུན་གྱིས་གྲུབ།། མ་བཙལ་བཞག་པས་རྟ་མཆོག་མཐོང་།། མཐོང ་བ་ཙམ་གྱིས་ཡང་སངས་རྒྱས།། གཞན་ནས་ལྟ་མེད་རང་ལས་མཐོང་།། རྟ་མཆོག་རྒྱལ་པོའི་ལྟ་བར་ཡིན།། ཞེས་གསུངས་སོ།། ལྟ་བའི་ལེའུ་སྟེ་གསུམ་པའོ།། དེ་ནས་རྟ་མཆོག་སྒོམ་པ་གསུངས།། དབང ་ཆེན་རྟ་མཆོག་སྒོམ་འདོད་ན།། ལུས་ནི་མ་བཅོས་བདེ་བ་ཆེ།། རྟ་མགྲིན་སྐུ་རུ་གསལ་སྟོང་།། གསལ་སྟོང་གཉིས་མེད་སྒོམ་པའི་མཆོག། ངག་ནི་རང་བྱུང་སྔགས་ཀྱི་སྒྲ།། སྒྲ་རུ་གྲགས་པས་ངོ་བོས་སྟོང་།། གྲག་སྟོང ་གཉིས་མེད་སྒོམ་པའི་མཆོག། སེམས་ནི་མ་བཅོས་བདེ་བ་ཆེ།། གསལ་ལ་མ་འགགས་ངོ་བོ་སྟོང་།། བདེ་སྟོང་གཉིས་མེད་སྒོམ་པའི་མཆོག། རྣམ་རྟོག་ཆོས་ཉིད་ངང་དུ་ནི།། དུག་ལྔ་རང་སར་རྗེས ་མེད་གྲོལ།། མ་སྤངས་མཐའ་བྲལ་གཟུང་འཛིན་མེད།། རིག་པ་རང་བྱུང་རྟ་མགྲིན་ཡིན།། ཡེ་ནས་མ་བསྒྲུབས་རང་ལ་གནས།། བསྒོམས་དང་མ་བསྒོམས་གཉིས་མེད་ན།། ཐོབ་མེད་དོན་ལ་རྩོལ་སྒྲུབ་མེད།། རི ་དགས་སྨིག་རྒྱུ་སྙེག་པ་འདྲ།། བསྒྲུབ་པས་གྲུབ་པར་མི་འགྱུར་རོ།། རང་ལ་བཞག་ནས་གཞན་ལ་བཙལ།། བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར།། ཞེས་གསུངས་སོ།། བསྒོམ་པ་བསྟན་པའི་ལེའུ་བཞི ་པའོ།། །། དེ་ནས་རྟ་མཆོག་སྤྱོད་པ་གསུངས།། རྟ་མགྲིན་རྒྱལ་པོའི་སྤྱོད་པ་ནི།། ཆོས་སྐུ་སྐྱེ་མེད་ངང་ཉིད་ནས།། ལོག་ལྟ་ཞི་བས་མི་འདུལ་བ།། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིས།། ཁྲོ་བོ་རྟ་མཆོག་རྒྱལ ་པོར་སྤྲུལ།། མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཡིས།། འཁོར་བའི་སྡུག་བསྔལ་ཉོན་མོངས་རྣམས།། ཐམས་ཅད་མ་ལུས་འཇོམས་པ་མཛད།། རྣམ་རྟོག་ཟུང་དུ་འཇིལ་བར་མཛད།། འདི་ལྟར་སྣང་བའི་ཆོས་རྣམས ་ལ།། འཛིན་ཆགས་མེད་པར་རང་བཞིན་གསལ།། སྣང་ཙམ་ཉིད་ན་ངོ་བོ་སྟོང་།། སྣང་སྟོང་གཉིས་མེད་རང་གྲོལ་སྤྱོད།། རྣམ་རྟོག་དུག་ལྔ་གང་སྐྱེས་པ།། འཛིན་མེད་ཞེན་མེད་རང་གྲོལ་ལ།། གཟུང་དང་འཛིན་པ་མེད ་པའི་ངང་།། ཆོས་ཉིད་རང་སངས་དང་དུ་སྤྱོད།། འཁོར་བ་མི་སྤོང་རང་གྲོལ་ལ།། མྱ་ངན་འདས་པ་མི་སྒྲུབ་པ།། འཁོར་བ་རང་བཞིན་མེད་ཅེས་ན།། མྱ་འདས་སངས་རྒྱས་དེ་ལྟར་རོ།། ཁྱད་པར་རྟ ་མགྲིན་སྤྱོད་པ་ནི།། ཁམས་གསུམ་ཐམས་ཅད་དབང་བསྡུས་ནས།། ཐམས་ཅད་རྒྱལ་བའི་ཞིང་དུ་སྤྱོད།། སྲིད་གསུམ་ཐམས་ཅད་ཟིལ་གྱིས་མནན།། དྲེགས་པ་ཚར་གཅོད་ལས་ཁོ་ལ་སྤྱོད། རྒྱུད་དྲུག་འཁོར་བ་རྩད ་བཅད་ནས།། ཐམས་ཅད་བྱང་ཆུབ་ལམ་ལ་སྤྱོད།། ཅེས་གསུངས་སོ།། སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འབྲས་བུ་བསྒྲུབ་པ་གསུངས།། ཆོས་དབྱིངས་སྐྱེ་མེད་སྤྲོས་དང་བྲལ།། སྐྱེ་མེད་དོན་དེ ་བརྗོད་ནུས་མིན།། བརྗོད་མེད་མཐའ་དང་བྲལ་བ་ནི།། ཆོས་སྐུ་རྟ་མགྲིན་ཞེས་སུ་བརྗོད།། ཐུགས་རྗེའི་རང་བཞིན་མ་འགགས་པས།། འགྲོ་འདུལ་བའི་དོན་ཆེད་དུ།། ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས།། རྟ ་མགྲིན་ཁྲོ་བོའི་སྐུར་བསྟན་པ།། ལོངས་སྤྱོད་རྫོགས་སྐུའི་རྟ་མགྲིན་ཡིན།། དྲེགས་པ་བདུད་དཔུང་གཞོམ་པའི་ཕྱིར།། སྐུ་མདོག་ཕྱག་མཚན་ཆ་ལུགས་རྣམས།། མི་མཐུན་སོ་སོ་གྲངས་ལས་འདས།། གང་ལ་གང ་གིས་འདུལ་བ་དང་།། ཅི་ལ་ཅིས་འདུལ་གཉེན་པོར་སྤྲུལ།། སྤྲུལ་པ་སྐུ་ཡི་རྟ་མགྲིན་ཡིན།། ཁྱད་པར་རྟ་མགྲིན་སྒྲུབ་ཏུ་མེད།། སེམས་ཉིད་ཡེ་ནས་རྟ་མགྲིན་ལ།། སྐྱེ་མེད་བརྗོད་མེད་སྤྲོས་དང་བྲལ།། གཟུགས་དང་ཁ ་དོག་མཚན་མ་མེད།། ཆོས་སྐུ་རྟ་མགྲིན་ཡེ་ནས་གྲུབ།། སེམས་ཉིད་མ་འགགས་རང་བྱུང་ལ།། དུག་ལྔ་ཡེ་ཤེས་ལྔ་རུ་ཤར།། རྣམ་རྟོག་ཆོས་ཉིད་ངང་དུ་གྲོལ།། ཆོད་ཉིད་ལོངས་སྤྱོད་རྒྱུན་ཆད་མེད།། ལོངས་སྐུ་རྩ ་མགྲིན་ཡེ་ནས་གྲུབ།། ཕྱི་དང་དངོས་པོར་ཅིར་ཡང་སྣང་།། རང་སྣང་ངོ་བོ་རང་སར་གྲོལ།། རྒྱུད་དྲུག་སྐྱེ་འགྲོ་ཐམས་ཅད་ཀྱང་།། རྟ་མགྲིན་སྐུ་དེ་སྣང་སྟོང་ཡིན།། སྒྲ་རུ་གྲགས་པ་ཐམས་ཅད་ཀྱང་།། རྟ་མགྲིན་གསུང ་གྲག་སྟོང་ཡིན།། སེམས་ཀྱི་དྲན་རྟོགས་ཐམས་ཅད་ཀྱང་།། རྟ་མགྲིན་ཐུགས་དེ་བདེ་སྟོང་ཡིན།། ཐམས་ཅད་སྦྲུལ་སྐུའི་རྟ་མགྲིན་ཡིན།། ཞེས་གསུངས་སོ།། འབྲས་བུའི་ལེའུ་སྟེ་དྲུག་པའོ།། །། རྟ་མགྲིན་དྲེགས ་པ་ཚར་གཅོད་ཀྱི་རྒྱུད་ལས།། ལྷ་སྒོམ་སྤྱོད་པ་འབྲས་བུའི་སྐབས་ཏེ་དང་པོའོ།། །། དེ་ནས་དབང་མཆོག་རྒྱལ་པོ་ལ།། གསུང་གི་རྡོ་རྗེ་འདི་སྐད་ཞུས།། ཨེ་མ་ཧོ་དབང་མཆོག་རྒྱལ་པོ་ཆེ།། རྟ་མགྲིན་བསྙེན ་པ་ཇི་ལྟར་བྱ།། དཔའ་བོས་རྒྱས་པར་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། དབང་ཆེན་རྒྱལ་པོས་བཀའ་སྩལ་པ།། ཨེ་མ་འདུས་པའི་འཁོར་ཚོགས་ཉོན།། བསྙེན་པ་ལ་ནི་རྣམ་པ་གཉིས།། ཞི་བ ་དང་ནི་ཁྲོ་བོའོ།། དང་པོ་ཞི་བའི་བསྙེན་པ་ནི།། ཡིད་འོང་དབེན་པའི་གནས་སུ་ནི།། མཎྜལ་མཆོད་པ་བཤམས་ནས་སུ།། རྟེན་དང་སྐུ་གཟུགས་བཀྲམ་བྱས་ལ།། གདོང་དང་ཁ་ལག་བཀྲུས་བྱས་ལ།། བདེ་བའི་སྟན། ་ལ་འདུག་ནས་ནི།། དང་པོ་བྱང་ཆུབ་སེམས་བསྐྱེད་ལ།། བླ་མེད་དཀོན་མཆོག་སྐྱབས་སོང་ལ།། བླ་མ་སངས་རྒྱས་ལ་སོགས་ཏེ།། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས།། སྤྱན་དྲངས ་བཞུགས་གསོལ་ཕྱག་འཚལ་མཆོད།། སྡིག་བཤགས་རྗེས་སུ་ཡི་རངས་འབུལ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།། མྱ་ངན་མི་འདའ་གསོལ་བ་གདབ།། དགེ་བ་བྱང་ཆུབ་དོན་དུ་བསྔོ།། བདག ་གཞན་བྱང་ཆུབ་ཐོབ་པར་སྨོན།། དེ་ལྟར་བསོད་ནམས་ཚོགས་བསགས་ནས།། ཡེ་ཤེས་ཚོགས་བསགས་སེམས་བསྐྱེད་བྱ།། དེ་ནས་ཏིང་ངེ་འཛིན་ལ་འཇུག། སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད།། ཚད་མེད་བཞི་ལྡན ་ཀུན་ཏུ་སྣང་།། ཡེ་ཤེས་སེམས་དཔའ་ཚོགས་ནང་རྒྱུ།། ཧཱུཾ་ལས་ཡེ་ཤེ་ས་གཞལ་ཡས་ཁང་།། སྟེང་འོག་འཁོར་ལོ་པདྨར་ལྡན།། དབུས་གནས་པདྨ་འདབ་བཞིས་བཏེག། ཕྱི་རོལ་པདྨ་འདབ་དྲུག ་མཛེས།། བར་ཁྱམས་སྒོ་བཞི་རྒྱན་གྱིས་མཛེས།། ཁོར་ཡུག་རྡོ་རྗེ་ར་བ་ལ།། ཡེ་ཤེས་མེ་རི་རབ་འབར་ཅིང་།། ཕྱི་རིམ་བྱང་ཆུབ་ཤིང་གིས་མཛེས།། དེ་དབུས་ཉི་ཟླ་པདྨའི་གདན།། དེ་དབུས་རྒྱུ་ཡིས་སེམས ་དཔའ་ལས།། སྒྲོ་བསྡུའི་སྦྱོར་བ་བྱས་པ[:]ལས།། ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར།། ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར།། འཛུམ་བྱས་སྤྱན་དམར་མཛེས་པའི་ཞལ།། ཕྱག་གཉིས་ཐུགས ་ཁར་ཐལ་མོ་སྦྱར།། གཡས་ཀྱི་འོག་མ་ཤེལ་འཕྲེང་ལ།། གཡོན་གྱི་འོག་མ་པདྨ་བསྣམས།། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། པདྨ་ཟླ་བའི་གདན་ལ་བཞུགས།། ཐུགས་ཀར་ཡེ་ཤེས་སེམས་དཔའ ་བཞུགས།། རིགས་ཀྱི་བདག་པོས་དབུ་ལ་བརྒྱན།། སྣང་ལ་རང་བཞིན་མེད་པ་བསྒོམ།། དེ་ནས་ཡི་གེ་དྲུག་མ་ཡུམ།། ཞལ་གཅིག་ཕྱག་གཉིས་གཙོ་དང་ཐུན།། གཡས་སུ་ནོར་བུ་འཛིན་པ་དཀར།། ཞལ་གཅིག་ཕྱག ་གཉིས་ནོར་བུ་འཛིན།། གཡོན་དུ་རིག་སྔགས་འཛིན་མ་དཀར།། ཞལ་གཅིག་ཕྱག་གཉིས་ཤེལ་འཕྲེང་བསྣམས།། རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན།། ཡུམ་སྲས་ཡབ་ལ་འདུད་ཚུལ་བསྐྱེད།། དེ་ནས་འཁོར་གྱི་ལྷ་བསྐྱེད ་པ།། ཕྱི་རོལ་པདྨའི་གདན་སྟེངས་སུ།། ཡབ་ཀྱི་ཐུགས་ཁའི་ཧྲཱི་འཕྲོས་པས།། འཁོར་དུ་རྒྱལ་བ་རིགས་དྲུག་བསྐྱེད།། སྤྱན་རས་གཟིགས་དབང་པདྨ་དཀར།། རྡོ་རྗེ་སེམས་དཔའ་རྡོ་རྗེ་དཀར།། རྣམ་པར་སྣང་མཛད ་འཁོར་ལོ་དཀར།། རིན་ཆེན་འབྱུང་ལྡན་རིན་ཆེན་སེར།། སྣང་བ་མཐའ་ཡས་པདྨ་དམར།། དོན་གྲུབ་ལྗང་ཁུ་རྒྱ་གྲམ་ལྡང་།། ཕ་རོལ་ཕྱིན་དྲུག་ཡུམ་གྱི་ཚུལ།། ཤེས་རབ་བསམ་གཏན་བརྩོན་འགྲུས་དང་།། སྦྱིན ་པ་ཚུལ་ཁྲིམས་བཟོད་པ་རྣམས།། གཙོ་བོའི་སྐུ་མདོག་ཕྱག་མཚན་འཛིན།། དབྱིངས་དང་ཡེ་ཤེས་ཡབ་དང་སྦྱོར།། སྒོ་བཞི་སྦྲུལ་སྐུ་ཐུབ་པ་དྲུག། ཤར་སྒོར་བརྒྱ་བྱིན་པི་ཝང་དཀར།། ལྷ་མིན་ཐུབ་པ་ཐགས ་བཟང་སྔོ།། ལྷོ་སྒོར་ཤག་ཐུབ་གསེག་ཤང་བར།། ཤཀྱ་སེང་གེ་པོ་ཏི་བསྣམས།། ནུབ་སྒོ་ནམ་མཁའ་མཛོད་དམར་རིན་ཆེན་སྒྲོམ།། བྱང་སྒོར་ཆོས་རྒྱལ་མེ་ཆུ་གནག། སྣང་ལ་རང་བཞིན་མེད ་པར་སྒོམ།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།། རིགས་ལྔ་ཡེ་ཤེས་དཀྱིལ་འཁོར་དབང་བསྐུར་བྱ།། དེ་ནས་ཡེ་ཤེས་དཀྱིལ་འཁོར་བསྒྲུབ།། རང་བཞིན་གནས་ནས་སྤྱན་དྲངས་པ།། བཞུགས་སུ་གསོལ ་ཞིང་ཕྱག་འཚལ་མཆོད།། བསྟོད་ཅིང་འཕྲིན་ལས་བཅོལ་བ་བྱ།། ཚོགས་ལ་སོགས་པས་འབྱོར་ཚོགས་མཆོད།། དེ་ནས་བསྙེན་བསྒྲུབ་དབུལ་བ་ནི།། ཐུགས་རྗེ་ཆེན་པོའི་ཐུགས་ཁ་རུ།། ཟླ་དཀྱིལ་ཧྲཱིཿ ་ལ་སྔགས་ཀྱིས་བསྐོར།། ཨོཾ་མ་ཎི་པདྨེ་ཧཱུཾ།། འཁོར་གྱི་ལྷ་རྣམས་ཐུགས་ཀ་ནས།། སྔགས་ཀྱི་འཕྲེང་བ་གནས་པ་ལ།། འོད་ཟེར་དཀར་པོ་འཕྲོས་པ་ཡིས།། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས།། ཞིང་ཁམས ་དག་པར་འོད་འཕྲོས་པས།། སྐུ་གསུང་ཐུགས་ཀྱིས་མཆོད་པ་འབུལ།། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱང་།། ཐུགས་རྗེའི་ཆེན་པོའི་སྐུ་རུ་གྱུར།། སླར་འདུས་རང་གི་སྒྲིབ་པ་དག། སྐུ་གསུང་ཐུགས་ཀྱི ་དངོས་གྲུབ་ཐོབ།། དེ་ལྟར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱིས།། ཡེ་ཤེས་ལྷ་ལ་བསྙེན་པ་འབུལ།། ཐུན་མཚམས་ལྷ་ལ་མཆོད་པ་འབུལ།། ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ། འདོད་པའི་དོན་ལ་གསོལ་བ་འདེབས།། ཡེ ་ཤེས་སེམས་ས་དཔའ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་གཙོ་ལ་བསྡུ།། དེ་ཡང་ཐུགས་ཀའི་ཧྲི་ལ་བསྡུ།། ཧྲཱི་ཡང་རིམས་ཀྱིས་ཐིག་ལེར་བསྡུ།། ཐིག་ལེ་མི་དམིགས་ཆོས་ཀྱི་དབྱིངས།། སྤྲོས་པ་མེད་པའི ་ངདང་ལ་བཞག། ཐུན་བཞི་ཐུན་དྲུག་ཉམས་སུ་བླངས།། ཐུན་གྱི་དང་པོ་བསྐྱེད་རིམ་བྱ།། ཐུན་གྱི་ཟམ་བསྡུ་གཤེགས་བྱ།། དེ་ལ་དུས་ཀྱི་བསྙེན་པ་ནི།། ཞག་གྲངས་ཟླ་གྲངས་ལོ་ལ་སོགས།། རབ་འབྲིང་ཐ་མར་སྦྱར ་ཏེ་སྒྲུབ།། གྲངས་ཀྱི་བསྙེན་པ་འབུམ་དང་ནི།། བྱེ་བ་ས་ཡ་གང་འགྲུབ་སྒྲུབ།། རྟགས་ནི་བསྙེན་པ་ཞལ་མཐོང་དང་།། འོད་དང་སྒྲ་དང་ལུང་སྟོན་དང་།། ནད་གདོན་སེལ་དང་བར་ཆད་སོལ།། མཆོག་དང་ཐུན་མོང ་དངོས་གྲུབ་འབྱུང་།། དེ་ལྟར་ཞི་བའི་བསྙེན་པ་ཡིས།། ཞི་བ་ཐུགས་རྗེ་ཆེན་པོ་གྲུབ་པར་སྒྲུབ།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། སངས་རྒྱས་བྱང་ཆུབ་ཐེ་ཚོམ་མེད།། ཅེས་གསུངས་སོ།། ཞི་བའི་བསྙེན་པའི ་ལེའུ་སྟེ་བདུན་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། ཞི་བའི་བསྙེན་པའི་སྐབས་ཏེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཁྲོ་བོའི་བསྙེན་པ་བསྟན་པ་ནི།། དང་པོ་དབེན་པའི ་གནས་སུ་ནི།། མཎྜ་ལ་ཕྱི་ནང་མཆོད་པ་བཤམས།། ནུབ་ཏུ་ཁ་གཧད་གོས་དམར་བགོ།། པདྨ་ར་གའི་ཕྲེང་བའི་བགྲང་།། བདེ་བའི་རྟན་ལ་འདུག་ནས་སུ།། སྐད་ཅིག་སྟོང་པའི་ངང་ལས་ནི།། བདག་ཉིད་རྟ ་མགྲིན་སྐུར་བསྒོམས་ལ།། རྟ་སྐད་འདོན་ཅིང་མཚམས་བཅད་ལ།། བར་ཆད་བགེགས་རྣམས་བསྐྲད་པར་བྱ།། སྔོན་འགྲོ་ཡན་ལག་བཅུ་པ་བྱ།། གཏོར་མ་རཀྟ་བདུད་རྩི་རྣམས།། མཆོད་རྫས་བྱིན་གྱིས ་བརླབ་པར་བྱ།། སྔོན་དུ་འགྲོ་བའི་ལས་རྫོགས་ནས།། དམ་ཚིག་དཀྱིལ་འཁོར་བསྐྱེད་པ་ནི།། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།། མ་བཅོས་སྤྲོས་མེད་བྱང་ཆུབ་དང་།། ཀུན་ཏུ་སྣང་གི་ཏིང་ངེ་འཛིན།། མ་རྟོགས་སེམས ་ཅན་སྙིང་རྗེ་བསྐྱེད།། བསྐྱེད་པ་རྒྱུ་ཡི་ཏིང་ངེ་འཛིན།། རང་སེམས་ཡེ་ཤེས་སེམས་དཔར་གསལ།། རང་ལུས་ནང་གི་འབྱུང་བ་དང་།། སྣོད་བཅུད་འབྱུང་བ་ཕྱི་སྤྱད་ཕྱིར།། ནམ་མཁའ་རླུང་དང་ཆུ་དང་ས།། རི་རབ་དང ་ནི་མ་ལ་སོགས།། སེམས་དང་དབུགས་དང་ཤ་དང་ཁྲག། དྲོད་དང་རུས་པ་སྦྱར་བའི་ཕྱིར།། འབྱུང་བ་རིམ་བརྩེགས་བསྐྱེད་པར་བྱ།། དེ་ནས་བྷྱཱཾ་ལས་གཞལ་ཡས་ཁང་།། དྲེགས་པ་གདུག་པ་འདུལ ་བའི་ཕྱིར།། གཞལ་ཡས་ཁང་གི་རྩིགས་པ་དང་།། ཀ་གདུང་གྲལ་བཀྲམ་སྐར་ཁུང་བསྟོད།། ཕྱོགས་སྐྱོང་བཅུ་ཡི་རྩིག་རྨང་ལ།། ལྷ་ཆེན་བརྒྱད་ཀྱི་རྩིག་པ་ལ།། ཀླུ་ཆེན་བརྒྱད་ཀྱི་གདུང་མ་བྲི།། རྒྱལ་ཆེན་ཞི་ཡི་ཀ་བ ་ལ།། ལྷ་ཆེན་བརྒྱད་པོ་བད་དུ་བོར།། རྒྱུ་སྐར་རྣམས་ཀྱིས་གྲལ་ཀྲབ་བྱ།། ཉི་ཟླ་གཉིས་ཀྱི་སྐར་ཁུང་སྟོད།། ཕོ་བྲང་འཁོར་ལོ་རྩིབས་བཞི་ལ།། ཕྱི་རོལ་འཁོར་ལོ་རྩིབས་དྲུག་མཛེས།། གྲུ་ཆད་པར་ཁྱམས་སྒོ ་བཞིར་ལྡན།། རྡོ་རྗེ་ར་བ་མེ་རི་འབར།། དེ་དབུས་ཉི་ཟླ་པདྨ་གདན།། འཁོར་ལོའི་རྩིབས་ལ་དྲེགས་པའི་གདན།། སྒོ་བཞི་འགྲོ་བ་རིགས་དྲུག་གདན།། དེ་ལྟར་གཞལ་ཡས་ཁང་བསྐྱེད་ནས།། དབུས་ཀྱི་གདན་སྟེངས ་རྒྱུ་ཡི་ལྷ།། ཡེ་ཤེས་སེམས་དཔའ་སྤྲོ་བསྡུ་ལས།། རྟ་མགྲིན་དབང་གི་སྐུ་རུ་གྱུར།། དམར་ནག་ཞལ་གསུམ་ཕྱག་བཞི་པ།། ཞལ་གསུམ་གཡས་དཀར་གཡོན་སྔོ་བ།། དབུས་དམར་སྐུ་དང་ཐུན་པའི་ཞལ།། གཡས་པ ་དབང་སྡུད་ཕྱག་རྒྱ་དང་།། གཡོན་པ་པདྨ་ཡུམ་ལ་འཁྱུད།། གཡས་ཀྱི་འོག་མ་རྡོ་རྗེ་ཡིས།། གཡོན་གྱི་འོག་མ་ཐོད་ཁྲག་དཀྲུག། དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན།། དབུ་གཙུག་རྟ་མཆོག་རྟ་སྐད་འཚེར།། ཞབས ་བཞི་རྟ་བྲོས་བདུད་བཞི་གཟིར།། བདག་དང་གཉིས་མེད་རང་སེམས་ལྷ།། རྟ་མགྲིན་ལོགས་ནས་སྒོམ་དུ་མེད།། ཤེས་རབ་ཡུམ་གྱི་རང་བཞིན་ནི།། གསང་བའི་ཡེ་ཤེས་མཁའ་འགྲོ་མ།། དམར་མོ་ཞལ་གཅིག་ཕྱག ་བཞི་མ།། གཡས་གཡོན་དང་པོ་ཡབ་ལ་འཁྱུད།། གཡས་ཀྱི་འོག་མ་གྲི་གུག་ལ།། གཡོན་གྱི་འོག་མ་ཐོད་ཁྲག་སྟོབ།། ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྱུད།། གནས་ལྔ་རུས་པའི་ཆས་ཀྱིས་བརྒྱན།། གཉིས ་མེད་རྡོ་རྗེ་པདྨར་སྦྱོར།། སྣང་ལ་རང་བཞིན་མེད་པར་བསྒོམ།། དེ་ནས་རྩ་བའི་འཁོར་བསྐྱེད་ལ།། ཡབ་ཡུམ་རྡོ་རྗེ་པདྨར་སྦྱོར།། བྱང་ཆུབ་སེམས་ཀྱི་འཕྲོ་བསྡུ་ལས།། ཡབ་ཀྱི་ཆ་འཛིན་གར་དབང་ནི།། ཞལ ་@གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཁྲུག། ཞབས་གཉིས་བརྐྱང་བསྐུམ་དྲེགས་གནོན། ཐབས་དང་ཤེས་རབ་ཡབ་ཡུམ་ཚུལ།། རྒྱན་དང་ཆ་ལུགས་ཡབ་ཡུམ་ལྟར།། སྣང ་ལ་རང་བཞིན་མེད་པར་སྒོམ།། དེ་ནས་འཁོར་གྱི་ལྷ་བསྐྱེད་པ།། ཡབ་ཀྱི་ཐུགས་ནས་ཧྲཱིཿབརྒྱད་ལས།། འཁོར་ལོ་རྩིབས་དྲུག་གདན་སྟེངས་འཕྲོས།། སྟེང་འོག་འཁོར་ལོའི་རྩིབས་སྟེངས་སུ།། སངས་རྒྱས་ཁྲོ་བོ་སྐུ་མདོག ་དཀར།། གཡས་གཡོན་འཁོར་ལོ་ཐོད་ཁྲག་བསྣམས།། སངས་རྒྱས་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་བསྐྱང་བསྐུམ་ལྷ་གདོན་གཟིར།། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ།། རྡོ་རྗེ་ཁྲོ་བོ་སྐུ་མདོག ་མཐིང་།། གཡས་གཡོན་རྡོ་རྗེ་ཐོད་ཁྲག་བསྣམས།། རྡོ་རྗེ་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་བརྐྱང་བསྐུམ་བདུད་བགེགས་གཟིར།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། རིན་ཆེན་ཁྲོ་བོ་སྐུ་མདོག་སེར།། གཡས ་གཡོན་རིན་ཆེན་ཐོད་ཁྲག་བསྣམས།། རིན་ཆེན་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་རྐང་བསྐུམ་གཤིན་རྗེ་གཟིར།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ།། པདྨ་ཁྲོ་བོ་སྐུ་མདོག་དམར།། གཡས་གཡོན ་པདྨ་ཐོད་ཁྲག་བསྣམས།། པདྨ་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་བརྐྱང་བསྐུམ་ཀླུ་གདོན་གཟིར།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ།། ལས་ཀྱི་ཁྲོ་བོ་སྐུ་མདོག་ལྗང་།། གཡས་གཡོན་རྒྱ་གྲམ་ཐོད་ཁྲག ་བསྣམས།། དཀར་མོ་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་བརྐྱང་བསྐུམ་གནོད་སྦྱིན་གཟིར།། འོག་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ།། དབང་སྡུད་ཀྲོ་བོ་སྐུ་མདོག་དམར།། གཡས་གཡོན་པདྨ་ཟོད་ཁྲག ་བསྣམས།། དབང་སྡུད་དྲག་མོ་ཡུམ་དང་སྦྱོར།། ཞབས་གཉིས་བརྐྱང་བསྐུམ་ལོག་འདྲེན་གཟིར།། དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ།། ཐབས་དང་ཤེས་རབ་ཡུམ་དང་སྦྱོར།། སྤྲུལ་པ་ཡང་སྦྲུལ་ཚོགས་བཅས ་སྒོམ།། སྒོ་བཞི་ཐར་བྱེད་སྒོ་སྐྱོང་དྲུག། ཤར་སྒོ་ལྷ་འདུལ་ཐར་བྱེད་ཁྲོ་བོ་ནི།། སྐུ་མདོག་དཀར་པོ་བི་ཝང་བསྣམས།། ལྷ་ཡི་གདན་ལ་བརྗིད་པར་བཞུགས།། ལྷ་མིན་འདུལ་བྱེད་ཐར་བྱེད་ནི།། སྐུ་མདོག་སྔོན་པོ་གོ་ཆ ་ཅན།། ལྷ་མིན་གདན་ལ་བརྗིད་པར་བཞུགས།། ལྷོ་སྒོར་མི་འདུལ་ཐར་བྱེད་ནི།། སྐུ་མདོག་སེར་པོ་འདོད་ཡོན་བསྣམས། མི་ཡི་གདན་ལ་བརྗིད་པར་བཞུགས།། བྱོལ་སོང་འདུལ་བྱེད་ཐར་བྱེད་ནི།། སྐུ་མདོག་ནག ་པོ་གླེགས་བམ་བསྣམས།། བྱོལ་སོང་གདན་ལ་བརྗིད་པར་བཞུགས།། ནུབ་སྒོར་ཡི་དགས་ཐར་བྱེད་ནི།། སྐུ་མདོག་དམར་པོ་རིན་ཆེན་བསྣམས།། ཡི་དྭགས་གདན་ལ་བརྗིད་པར་བཞུགས།། བྱང་སྒོར་དམྱལ་བ་ཐར ་བྱེད་ནི།། སྐུ་མདོག་ནག་པོ་མེ་ཆུ་བསྣམས།། དམྱལ་བའི་གདན་ལ་བརྗིད་པར་བཞུགས།། སྣང་ལ་རང་བཞིན་མེད་པར་བསྒོམ།། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ།། ཆོས་སྐུ་སྐྱེ་མེད་ངང་ལས ་ནི།། ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས།། རང་བཞིན་གནས་ནས་སྤྱན་དྲངས་པ།། དམ་ཚིག་སེམས་དཔའི་ལྷ་ཚོགས་ལ།། གཉིས་སུ་མེད་པར་བསྟིམ་བྱས་ལ།། སྤྲུལ་པའི་ལྷ་མོ་ཕྱག་འཚལ ་ལོ།། ཕྱི་ནང་གསང་བའི་མཆོད་པ་དང་།། གླུ་བྲོ་གར་གྱིས་མཉེས་བྱས་ལ།། སྐུ་བསྐྱེད་གསོལ་གདབ་མཆོད་བསྟོད་བྱ།། དེ་ནས་བཟླས་བརྗོད་བསྙེན་པ་དབུ་ལ།། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། ཐུགས་ཁའི ་ཉི་དཀྱིལ་ཧྲི་ཡིག་ལ།། སྔགས་ཀྱི་འཕྲེང་བས་བསྐོར་ནས་ནི།། འོད་ཟེར་འཕྲོ་བསྡུའི་སྦྱོར་བ་ལས།། ཨོཾ་པདྨ་ཏ་ཀྲི་ད་ཧཱུཾ།། སྐུ་ཡི་སྙིང་པོ་འབྲུ་དྲུག་པའོ།། ཨོཾ་ཧ་ཡ་གྲི་བ་ཧཱུཾ།། གསུང་གི་སྙིང་པོ་འབྲུ་དྲུག་པའོ།། ཨོཾ ་མ་ཧཱ་ཀྲོདྷ་ཧཱུཾ།། ཐུགས་ཀྱི་སྙིང་པོ་འབྲུ་དྲུག་པའོ།། སྐུ་ཡི་སྙིང་པོ་དབུ་གཙུག་ནས།། འོད་ཟེར་དཀར་པོ་སྤྲོ་བར་བྱ།། གསུང་གི་འོད་ཟེར་མགྲིན་པ་ནས།། འོད་ཟེར་དམར་པོ་སྤྲོ་བ་དང་།། ཐུགས་ཀྱི་འོད་ཟེར་ཐུགས་ཁ ་ནས།། འོད་ཟེར་མཐིང་ནག་སྤྲོས་པ་ཡིས།། བདེ་གཤེགས་སྐུ་གསུམ་ཐུགས་མཉེས་ནས།། ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱངས།། ཚུར་འདུས་བདེ་གཤེགས་དངོས་གྲུབ་བསྡུས།། འོད་ཟེར་སྤྲོ་བསྡུ་རྒྱུན ་མི་གཅད།། དུས་ཀྱི་བསྙེན་པ[:]ཞག་གྲངས་ལོ།། གྲངས་ཀྱི་བསྙེན་པ[:]འབུམ་བྱེ་བས་ཡ།། རྟགས་ཀྱི་བསྙེན་པ[:]འོད་དང་སྒྲ།། ཞལ་མཐོང་ལུང་སྟོན་དངོས་གྲུབ་སྟེར།། བསྙེན་པའི་དུས་སུ་འཛབ ་བཟླས་བྱ།། སྟོང་རྫོགས་མཆོད་པ་བྱས་ནས་ནི།། ཐུན་མཚམས་གཏོར་མ་གཏང་བར་བྱ།། ཐུན་བཞིའི་མཇུག་ལ་ལྟུང་བཤགས་བྱ།། དེ་རྣམས་བསྙེན་པའི་རིམ་པ་ཡིན།། ཞེས་གསུངས་སོ།། བསྙེན་པའི་རིམ་པའི ་ལེའུ་སྟེ་བརྒྱད་པའོ།། །། ཁྲོ་བོའི་བསྙེན་པའི་སྐབས་ཏེ་གསུམ་པའོ།། །། དེ་ནས་བསྒྲུབ་པ་བསྟན་པ་ནི།། དབང་དྲག་ལས་ལ་ཤིས་པའི་གནས།། ས་གཞི་དམར་ལ་བྲག་རི་དམར།། ནུབ་ཏུ་ཁ་བལྟས ་དབེན་པའི་གནས།། ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ།། ཡང་ན་ཡིད་འོང་དབེན་གནས་སུ།། དཀོན་མཆོག་མཆོད་གཏོར་ཆ་གསུམ།། ས་བདག་སྤྱི་དང་གནས་དེའི་བདག། གང་ཡིན་དེ་ལ་གཏོར་མ་སྦྱིན།། མངའ ་གསོལ་མཚམས་བཅད་བཀའ་བསྒོ་བྱ།། བར་མཚམས་རྟ་མགྲིན་སྒོ་བྱང་གདགས།། ཐེམ་པའི་ཕྱི་རོལ་དམ་སྲི་མནན།། ནང་མཚམས་བཀའ་བསྒོ་བསྐྲད་པར་བྱ།། བསྲུང་འཁོར་རྡོ་རྗེའི་གུར་དང་རྭ། མེ་ཡི་འཁོར་ལོ ་རབ་ཏུ་སྒོམ།། གསང་བའི་མཚམས་བཅད་ཆོས་དབྱིངས་སུ།། བགེགས་དང་རྣམ་རྟོག་རང་སར་བཞག། ཡེ་ནས་ཆོས་སྐུ་མཚམས་ཀྱི་མཆོག། ཕྱི་ནང་གསང་བའི་མཚམས་བཅད་ནས།། གཟུགས་བརྙན་དཀྱིལ ་འཁོར་བྲི་བ་ནི།། དཀྱིལ་འཁོར་གདོམ་གང་གྲུ་བཞི་ལས།། བདུད་བརྩི་རྣམ་ལྔའི་ཆ་ག་ཆག་འདབ།། ཐིག་གདབ་མཚོན་ལྔ་བྱིན་རླབས་ལས།། དབུས་སུ་གྲུ་བཞི་གནམ་སྒོ་ཅན།། ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ།། ་བདུད་རྩི་རྣམ་ལྔའི་ཆག་ཆག་གདབ།། ཐིག་གདབ་ཚོན་ལྔ་བྱིན་བརླབས་ལ། དབུས་སུ་གྲུ་བཞི་གནམ་སྒྲོ་ཅན།། ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ།། མུ་ཁྱུད་འོད་ཟེར་སྣ་ཚོགས་འཕྲོ།། ཕྱི་རོལ་འཁོར་ལོ ་རྩིབས་དྲུག་ལ།། མུ་ཁྱུད་ཟོད་འཕྲེང་གྲུ་ཆད་དང་།། ཁྱམས་དང་སྒོ་བཞི་རྒྱན་དང་བཅས།། པཉྩར་ཀའི་རྩིག་པ་ལ།། འདོད་ཡོན་ཕ་གུ་དྲ་བ་དང་།། ད་རུ་ཀ་དང་མགོ་གླིང་བཞི།། རྡོ་རྗེ་རྒྱ་གྲམས་བཞི་ལ།། ཕྱི་རིམ་ཁོ ་ར་ཡུག་རྡོ་རྗེ་དང་།། མེ་རི་འཕྲེང་བས་བསྐོར་བའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི།། དེ་ལ་སྒྲུབ་རྫས་དགོད་པ་ནི།། རལ་གྲི་བཞི་དང་ཕུར་པ་བཞི། མདའ་བཞི་མེ་ལོང་བརྒྱན་པ་བཞི།། ཕྱོགས་བཞི་གྲ་བཞིར ་བཙུགས་བྱས་ལ། ཚོན་སྐུད་རྣམ་ལྔའི་དྲ་བ་བྲི།། བསྙེན་བསྒྲུབ་གང་བྱེད་དམིགས་དང་སྦྱར།། འཕྲིན་ལས་དྲག་པོའི་ཕུར་སྒྲུབ་ནི།། དབང་དྲག་གཉིས་ཀྱི་ལས་ཡིན་པས།། ཕུར་བསྒྲུབ་བྱེད་པར་འདོད་པ་ཡིན།། སྒྲུབ ་ཕུར་ལྷ་ཡི་གྲངས་དང་སྦྱར།། ཉི་ཤུ་རྩ་གཉིས་ལྷ་གནས་དགོད།། འཕྲིན་ལས་རྣམ་བཞི་ཕུར་པ་དང་།། སྔགས་ཕུར་ནི་ཤུ་རྩ་བརྒྱད་དང་།། དཀྱིལ་འཁོར་སོ་སོའི་གནས་སུ་དགོད།། དཀྱིལ་འཁོར་བྱང་ཤར་འབྲུབ་ཁུང ་བཅའ།། གདབ་ཕུར་བརྒྱ་དང་རྩ་བརྒྱད་ལ།། བྱིན་གྱིས་བརླབས་ལ་ཕུར་བསྐོར་བྱ།། ཕུར་པ་དགོད་ཅིང་མངའ་གསོལ་བྱ།། གུ་གུལ་དུད་པ་གཟི་བྱིན་བསྐྱེད།། རཀྟས་བྱུགས་ལ་དབང་བསྐུར་བྱ།། ཡུངས་ཀར་བྲབ་ལ ་འཕྲིན་ལས་བཅོལ།། དབང་རྫས་ཐོད་པ་བུམ་པ་དང་།། གཏོར་མ་རཀྟ་ཛ་གད་ཆང་།། ཚོགས་དང་མཆོད་རྫས་རྒྱ་ཆེན་དགྲམ།། མཆེད་ལྕམ་སློབ་དཔོན་མངའ་གསོལ་བྱ།། དེ་ནས་ཏིང་འཛིན་དཀྱིལ་འཁོར ་སྒོམ།། མཚམས་བཅད་ཡན་ལག་བཅུ་པ་བྱ།། མཆོད་རྫས་བྱིན་གྱིས་བརླབ་པར་བྱ།། ཏིང་འཛིན་རྣམ་གསུམ་བསྒོམ་པར་བྱ།། འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་།། བསྙེན་སྒྲུབ་རྐྱང་པའི་དུས་སུ་ནི།། ལྷ ་རྣམས་ཁྲོ་བོ་ཁྲོ་མོ་ལ།། ཞལ་ཕྱག་ཞབས་ཀྱིས་བགེགས་གཟིར་བ།། རྒྱན་དང་ཆ་ལུགས་ལྡན་པར་བསྐྱེད།། དབང་སྐྲག་ཕུར་སྒྲུབ་དུས་སུ་ནི།། སྐུ་སྟོད་ཁྲོ་བོ་དམར་ནག་ལ།། སྨད་ཕུར་པ་ཟུར་གསུམ་པ།། ཕྱག་ན ་ཕུར་པ་འདྲིལ་བའོ།། ལྷ་ཚོགས་ཐམས་ཅད་དེ་ལྟར་སྒོམ།། རང་བཞིན་གནས་ནས་སྤྱན་དྲངས་ལ།། བསྟིམ་བཞུགས་ཕྱག་དང་མཆོད་བསྟོད་བྱ།། མཆོད་དང་གཏོར་མས་དུས་བཞིར་བསྐང་།། སྒྲུབ་པ་ཆེན་པོའི་དུས ་སུ་ནི།། མཆེད་ལྕམ་གསར་པ་དཀྱིལ་འཁོར་བཞུགས།། རྙིང་པ་རྣམས་ལ་དམ་ཚིག་མནན།། དུར་ཁྲོད་ཆས་གསོལ་རྟགས་གདབ་བོ།། སློབ་དཔོན་ཡོན་དབུལ་གཏང་རག་གཏང་།། སྒྲུབ་པ་ཆེན་པོའི་སྔོན་འགྲོ ་ཡིན།། དེ་ནས་ཕུར་པའི་སྒྲུབ་པ་ནི།། དབང་དྲག་ལས་ལ་རབ་ཏུ་འཇུག། དང་པོ་ཕུར་པ་མང་གསོལ་ལ།། ཕྱི་ཡི་འཛབ་འདི་བཟླས་པ་བྱ།། ཨོཾ་པདྨོ་ཀཱི་ལཱི་ཀཱི་ལི་ཡི་སརྦ་བན་བཾ་ཧཱུཾ་ཕཊ།། སྟོང་རྫོགས་མཆོད་པ་བྱས ་ནས་ནི། ལྷ་ཚོགས་རྣམས་ནི་གསལ་བར་བ་ལ།། ཞལ་ནས་སྔགས་ཀྱི་སྒྲ་བཟླས་པས།། སྣང་སྲི་ཁྲོ་བོ་ཁྲོ་མོ་གང་།། དབང་དྲག་གཉིས་ཀྱི་ལས་མཛད་སྒོམ།། དེ་ནས་འཕྲིན་ལས་རྣམས་བཞིའི་ཕུར་པ ་བླང་།། ཕུར་པ་མངའ་གསོལ་བསྟོད་པ་བྱ།། ཨོཾ་བཛྲ་ཀཱི་ལཱི་ཀཱི་ལི་ཡ་ཤན་ཏིང་པུཥྤཾ་པ་ཤང་མཱ་ར་ཡ་ཕཊ།། སོ་སོའི་སྔགས་ཀྱི་བསྙེན་པ་དབུལ།། དེ་ནས་སྒྲུབ་ཕུར་ལྷ་ཚོགས་ལ།། མཆོད་བསྟོད་བསྙེན་པ་སོ་སོར ་དབུལ།། མངག་ཕུར་ཉི་ཤུ་རྩ་བརྒྱད་ལ།། བསྟོད་ཅིང་བསྙེན་པ་སོ་སོར་དབུལ།། དེ་ནས་གདབ་ཕུར་བྱིན་བརླབ་ལ།། ཁྲོ་བོ་འདུས་པའི་བསྙེན་འཛབ་བགྲང་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱ་ན་བཾ་ཧཱུཾ ་ཕཊ།། འཛབ་བཟློས་སྟོང་རྫོགས་མཆོད་བསྟོད་བྱ།། བར་དེར་དགྲ་བགེགས། དགུག་གཞུག་བྱ།། མངག་ཕུར་སྔགས་ལ་དགྲ་བགེགས་དགུག། ཕུར་བསྐོར་བྱས་ལ་གདབ་ཕུར་དྲིལ།། གང་ལ་དམིགས་པ་དེ་ལ ་གདབ།། ཨོཾ་བཛྲ་ཀཱི་ལི་ཉ་ཀཱི་ལ་ཡ་ཤ་ཏྲི་ཛ་ནརི་ཏྲི་ཁུག། སེམས་དང་བག་ཆགས་མཱ་ར་ཡ་ཕཊ།། ཅེས་པའི་སྔགས་ཀྱིས་གདབ།། གང་བཏབ་ལྷ་ཡང་བརླག་པར་འགྱུར།། དགྲ་བགེགས་གདུག་པ་སྨོས་ཅི་དགོས།། དེ ་ལྟར་བསྒྲུབ་པ་བྱ་བ་ནི།། གྲངས་དང་དུས་དང་མཚན་མ་དང་།། བསྙེན་བསྒྲུབ་དུས་ཀྱི་སྐབས་དང་སྦྱར།། རྟགས་བྱུང་དོངས་གྲུབ་བླང་བར་བྱ།། ཕུར་པ་རྫས་ཀྱི་དབང་བསྐུར་བྱ།། དགྲ་བགེགས་གདུག་པ་ཚར་གཅོད ་འགྱུར།། ཞེས་གསུངས་སོ།། སྒྲུབ་པ་ཆེན་པོ་ཕུར་སྒྲུབ་ཀྱི་ལེའུ་སྟེ་དགུ་པའོ།། །། བསྒྲུབ་པའི་སྐབས་ཏེ་བཞི་པའོ།། དེ་ནས་པདྨ་དབང་ཆེན་ལ།། གསུང་གི་རྡོ་རྗེས་འདི་སྐད་གསོལ།། ཨེ་མ་ཧོ་པདྨ་དབང་ཆེན ་ལགས།། འཕྲིན་ལས་ལས་སྦྱོར་ཇི་ལྟར་ལགས།། དབང་ཆེན་ཡབ་ཀྱིས་བཀའ་སྩལ་པ། འཁོར་ལོ་ཐུན་གྱི་ལས་སྦྱོར་ནི།། དྲེགས་པ་ཚར་གཅོད་དཀྱིལ་འཁོར་དབྱིངས།། མཆོད་རྫས་གཞུང་བཞིན་རྒྱས་པར ་བཤམས།། དེ་ནས་འཁོར་ལོ་བཅའ་བ་ནི།། རོ་རས་ལ་ནི་འཁོར་ལོ་བྲིལ།། སྣག་ཚ་དུག་ཁྲག་སྦྱར་བ་ཡི།། སྨུག་གུ་མི་རྐང་གླིང་བུ་ཡིས།། འཁོར་ལོ་རྩིབས་ནི་བཅུ་དྲུག་བྲི།། འཁོར་ལོའི་རྩིབས་ལ་སྔགས་རེ་བྲི།། ཨོཾ ་པདྨ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།། རྩིབས་མཚན་ལ་ནི་འཁོར་ལོའི་སྔགས།། ཆེ་གེ་མོ་ཧྲི་ཙ་ཀྲ་མཱ་ར་ཡ་ཧཱུཾ་ཕཊ།། ཅེས་པ་བྲིས་ནས་ནི།། འཁོར་ལོ་ཐོད་པའི་ཁ་བརྒྱད་ལ།། དཀྱིལ་འཁོར་དབུས་སུ་གྲུ ་གསུམ་དུ།། ནང་དུ་ཐོད་པ་གཞུག་པར་བྱ།། འཁོར་ལོའི་མཐའ་མ་ཕུར་བས་བསྐོར།། ཐུན་སྣོད་ཟོད་པ་མཚན་ངན་དུ།། དུག་ཁྲག་བསྲེས་ལ་ནག་པོར་བྱུག། ལིང་ཀ་མིང་རུས་བཅས་པས།། བཙན་དུ་ག་ར་དུག་བོང ་དུག་དང་།། དུག་སྣ་རྣམ་པ་སྣ་ཚོགས་དང་།། ར་ཁྲག་མི་ཁྲག་ཁྲི་ཁྲག་རྟ།། ཁྲག་སྣ་རྣམ་པ་སྣ་ཚོགས་དང་།། ཐོད་པའི་ནང་དུ་སྦྱར་ལ་གཞག། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ ་དང་།། དྲག་པོའི་རྫས་རྣམས་འཚོགས་པར་བསོག། ཐུན་སྔགས་ཁྲི་སྔགས་འཁོར་ལོ་སྔགས་སྦྲེལ་ལ།། ཆེ་གེ་མོ་ཤ་ཏྲུཾ་ཨུ་ཁ་མཱ་ར་ཡ་ཐུན་ཡ་རྦད། ཐུན་སྣོད་ནང་དུ་མང་ཅིང་བྲབ།། ཐུན་གྱིས་གྲུབ་པའི ་རྟགས་སུ་ནི།། རབ་ནི་ཐུན་ཚིག་མེ་འབར་དང་།། དུ་བརླངས་པ་འབྱུང་བ་དང་།། འོད་དང་སྒྲ་དང་དྲི་འབྱུང་བའོ།། འབྲིང་ནི་རྨི་རྟགས་བཟང་པོ་འབྱུང་།། ཐ་མ་ཞག་གྲངས་བདུན་གསུམ་སོགས། གང་གྲུབ་ལས་ཀྱི ་མིང་དང་སྦྱར།། དེ་ནས་ཐུན་གྱི་འཕང་ཐབས་ནི།། སྔོན་ལ་འཁོར་ལོའི་རྩིབས་མཚན་ལ།། དགྲ་བགེགས་ལིང་ཁ་བྲིས་པ་དེ།། མི་བསད་མཚོན་གྱིས་བཏབ་ནས་ནི།། ལིང་ཁ་ལ་ནི་ཕུར་པས་གདབ།། རྩ་སྔགས་ཕུར ་པའི་སྔགས་འདིས་བརྡེག། ཆེ་གེ་མོ་བཛྲ་ཀཱི་ལི་ཀཱི་ལི་མཱ་ར་ཡ་མཱ་ཡ་ཡ་ཧཱུཾ་ཕཊ།། ཅེས་པ་ཕུར་པ་གདབ།། ལིང་ག་གཞན་ཡང་ཕུར་པ་གདབ།། དགྲ་བགེགས་དངོས་སུ་སྒྲོལ་བར་བསམ།། དེ་ནས་ཐུན་གྱིས་བརྡེག་པ ་ནི།། ནད་ཀྱི་ཆར་པས་མྱོས་བརླག་བསམ།། དེ་ནས་ཐུན་དེ་འཕང་བ་ནི།། དྲག་པོའི་ཆས་སུ་ཞུགས་ནས་ཀྱང་།། ཆེ་གེ་མོ་མ་ར་ཡ་ཐུན་བྷོ།། ཞེས་རྩ་སྔགས་གདགས་ལ།། དགྲ་ལ་བྱེད་ན་ཡུལ་ཕྱོགས་སམ།། ཡུལ ་ཕྱོགས་ཁྱིམ་ལ་འཕང་བར་བྱ།། བགེགས་ལ་བྱེད་ན་གནོད་ཕྱོགས་སམ།། བགེགས་དེ་གནོད་པའི་ས་རུ་འཕང་།། དགྲ་བགེགས་མྱོས་ཤིང་བརླག་པར་བསམ།། གང་ལ་བྱ་བ་བརྩད་ནས་ཆོད།། ཅེས་གསུངས ་སོ།། འཁོར་ལོ་ཐུན་གྱི་ལས་སྦྱོར་གྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བསྲེག་པའི་ལས་སྦྱོར་བཤད།། དྲག་པོ་ཧོམ་གྱིས་བསྲེག་པ་ནི།། གང་དུ་དྲག་པོ་ཧོམ་བྱེད་སར།། ས་གླུད་གཏོར་མ་རྒྱས་པར ་གཏང་།། ཡུལ་གྱི་ས་བདག་ལྷ་ཀླུ་ལ།། གསེར་སྐྱེམས་གཏོར་མ་བཏང་ནས་ནི།། བར་ཆད་མ་བྱེད་བཀའ་བསྒོ་བྱ།། དེ་ནས་ཧོམ་ཁུང་བྱ་ཐབས་ནི།། དབང་དྲག་ལས་ལ་ཤིས་པ་ཡིས།། མི་བསད་པའམ་ཕུང་ཤུལ ་ས།། དེ་ལ་དམར་ནག་གྲུ་གསུམ་བཅའ།། ཚད་ནི་ཁྲུ་གང་དོའམ་ཇི་རྩམ་རིམ་བཞིན་བྱ།། དུག་དང་ཁྲག་དངས་དམར་གྱི།། ནང་དུ་དམར་ནག་བྱུག་པར་བྱ།། ནང་དུ་ཁ་སྐྱེར་མེ་རིས་བསྐོར།། དུར་ཁྲོད་ཐོད་པ་མཚན ་ནང་དུ།། ནང་དུ་ཁྲག་གིས་རམ་བྲིས་ལ།། ཐོད་པའི་ནང་དུ་མེ་རི་བྲི།། ནང་དུ་དགྲ་བགེགས་ལིང་ཁ་གཞུག། དུག་ཤིང་ཚེར་མ་ཅན་གྱི་ཤིང་།། གྲིར་ཤི་བ་ཡི་ཁྲག་ལ་སོགས།། ཁྲག་སྣ་དུག་སྣ་སྒྲར་ལ་བྱུག། ཧོམ་དུ ་དྲིལ་ལ་ཧོམ་ཁུང་གཟུགས།། མེ་ཚང་བཅས་ལ་མེ་ཡང་གཞུག། ཧོམ་ལ་དགྲ་བགེགས་ལིང་ཁ་གདགས།། ཡམ་ཤིང་གདུག་པའི་ཤིང་རྣམས་ལ།། རྩེ་མོའི་ངོས་ལ་འབྲུ་མར་བྱུག། རྩ་བ་ངོས་ལ་ཁྲག་སྣ་བྱུག། བསྲེག ་རྫས་ལིང་རོ་རྙིང་པ་དང་།། ལིང་ཀ་མིང་རུས་བྲིས་པ་དང་།། དྲག་པོའི་རྫས་ནི་དུག་ཁྲག་དང་།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང་།། ཤངས་ཚེ་དུག་ཚེ་མེ་ཏོག་དང་།། ནས་ནག་བྲ་བོ ་སྲན་མ་དང་།། མར་ནག་བསྲེག་ལ་གཡོན་དུ་བཞག། མཆོད་རྫས་གཏོར་མ་རག་ཏ་དང་།། བདུད་རྩི་ལ་སོགས་གཡས་སུ་བཞག། དེ་ནས་མེ་ཡི་སྦར་ཐབས་ནི།། མི་སྡོད་དང་ནི་ཡུགས་ས ་དང་།། མགར་བ་མིག་དམར་ཁྱིམ་ནས་བླང་། ཡང་ན་གཙུབ་ཤིང་ལྕགས་ཡག་མེད།། ཐ་མལ་ཐབ་ནས་མི་བླང་ངོ་།། དེ་ནས་སྦྱིན་སྲེག་རིམ་པ་ནི།། ལྷ་དང་མེ་ལྷ་རྣམ་པ་གཉིས།། ལྷ་ནི་དཀྱིལ་འཁོར་ལྷ་ཚོགས ་དང་།། ཡེ་ཤེས་དགུག་ཅིང་མཆོད་བསྟོད་བྱ།། དེ་ནས་མདུན་གྱི་ནམ་མཁའ་བཞུགས།། དམ་ཚིག་མེ་ལྷ་བསྐྱེད་པ་དང་།། ཡེ་ཤེས་མེ་ལྷ་སྤྱན་དྲང་བའོ།། དམ་ཚིག་མེ་ལྷ་བསྐྱེད་པ་ནི།། རཾ་ལས་མེ་ལྷ་དྲང་སོང ་ཆོག། དམར་སེར་ཞལ་གཅིག་ཕྱག་གཉིས་པ།། གཡས་གཡོན་མེ་ཐབ་བགྲང་འཕྲེང་བསྣམས།། ལྟོ་བ་ཟླུམ་པོ་ཧོམ་ཁུང་ཞལ།། ར་སྐྱེས་ཁམ་པ་ཆིབས་སུ་ཆིབས།། དམ་ཚིག་མེ་ལྷ་བསྐྱེད་ནས་ནི།། ཡེ་ཤེས་མེ ་ལྷ་སྤྱན་དྲངས་བཞུགས།། མེ་ལྷའི་ལྟོ་བར་གཞལ་ཡས་ཁང་།། མདུན་གྱི་ལྷ་ཚོགས་ལྟོ་བར་དགུག། སྔོན་ལ་མེ་ལ་མཆོད་པར་བྱ།། དེ་ནས་དཀྱིལ་འཁོར་ལྷ་ཚོགས་མཆོད།། མཆོད་རྫས་བསྲེག་རྫས་ཕུལ་ནས ་ནི།། མཇུག་ལ་མེ་ལྷ་མཆོད་ནས་ཀྱང་།། ཡེ་ཤེས་མེ་ལྷ་ལྷ་ཚོགས་གཤེགས།། དམ་ཚིག་མེ་ལྷ་དཀྱིལ་འཁོར་བསྡུ།། ཧོམ་ཁུང་མི་དམིགས་སྟོང་པར་བསམ།། ཐལ་བ་བསྡུས་ལ་རླུང་ལ་ཕྱར།། ཆ་གཅིག་མནན་པ་བྱས ་ནས་ནི།། དཔལ་གྱི་རྟ་བྲོ་རབ་ཏུ་བརྡུང་།། དགྲ་བགེགས་མ་ལུས་ཚར་ཆོད་འགྱུར།། ཞེས་གསུངས་སོ།། དབང་གི་དྲག་པོ་ཧོམ་གྱིས་བསྲེགས་ལ་ཚར་བཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས ་ཡང་དག་བཤད་བྱ་བ།། མནན་གཟིར་བྲོ་ཡིས་ཚར་གཅད་པ།། དགྲ་ཡི་མནན་ས་རྣམ་པ་དྲུག། རྐང་གཅིག་ཤིང་དང་རྒྱ་གྲམ་ལམ།། ལུང་གསུམ་མདོ་དང་དུར་ཁྲོད་དང་།། བྲག་དང་ཆུ་འཐབ་ཆུ་གླིང་ངོ་།། བགེགས ་ཀྱིས་མནན་པ་རྣམ་པ་བཞི།། སྟོང་ཟ་མ་འོག་དང་ཐེམ་པའི་འོག། མཆོད་རྟེན་འོག་དང་གནོད་པའི་ས།། གཟའ་དང་སྐར་མ་ངན་པ་དང་།། དུས་ཚོད་ཚེས་གྲངས་ངན་པ་དང་།། ཟླ་བ་མར་གྱི་ངོ་ལ་མནན།། མནན་པའི ་སྣོད་ནི་རྣམ་པ་གཉིས།། དགྲ་བོ་རབས་ཆད་ཐོད་པའམ།། ཁོ་རང་ཕ་མེས་ཐོད་པར་མནན།། བགེགས་ཀྱི་མནན་པའི་སྣོད་ལ་ནི།། རྒྱལ་པོ་རྟ་ཡི་ཐོད་པར་མནན།། ཀླུ་ནི་སྲམ་དང་བྱི་བའི་མགོ།། བསེན་མོ་བེ་རུའི ་ནང་དུ་མནན།། ཕུང་སྲི་ཕག་ཟོད་ཁྱི་ཟོད་དོ།། ཕྱུང་སྲི་ཕ་གུ་ཁྱི་གུའི་མགོ། ཁྱིམ་སྲི་བླུག་མའི་ནང་དུ་མནན།། མནན་པའི་འཁོར་ལོ་བྲི་བ་ནི།། དགྲ་ལ་རོ་རས་གྲོ་གའམ།། བགེགས་ལ་དུག་ཤིང་ཤོག་ཤོག་བྱ།། སྟག ་ཚ་དང་ནི་དུག་ཁྲག་སྦྱར།། སྐྱུག་གུ་མི་རྐང་མི་བསད་མཚོན།། འཁོར་ལོ་རྩིབས་ནི་བཅུ་དྲུག་ལ།། རྩིབས་ལ་སྔགས་འདི་བྲི་བར་བྱ།། ཨོཾ་པདྨ་མཧཱ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།། རྩིབས་མཚན་མནན་པའི ་སྔགས་འདི་བྲི།། ཆེ་གེ་མོ་ཨུ་ད་ན་གྷྲི་ཧ་ན་ནག་ཛ་བི་བོ་ཏ་ཡ།། མ་ར་ཡ་མཱ་ར་ཡ་ནན་ནན། ཅེས་བྲི། འཁོར་ལོའི་ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་བྲི།། འཁོར་ལོ་མནན་པ་བཞི་ཡི་སྣོད་དུ་གཞུག། འཁོར་ལོ ་གནན་པའི་ཐོད་པར་གཞུག། མི་མཐུན་རྫས་ནི་དུག་ཁྲག་དང་།། གུ་གུལ་ནག་པོ་དུག་ཆུ་དང་།། ཐུན་བྲབ་རྫས་དང་ལིང་རོ་དང་།། ལིང་ཀ་གསར་པ་བཅས་ལ་གཞུག། ཐོད་པ་རེ་བས་གྲིལ་ནས་ནི།། ཁ་ནག་ཕྱིང་ཁ ་ལོག་གིས་བཅིངས།། རྟ་མཆོག་ལྷ་ཚོགས་བསྐྱེད་ནས་ནི།། མཆོད་པ་བསྟོད་པ་གཞུང་བཞིན་བྱ།། ཕོ་ཉ་གཏང་ཞིང་དགུག་གཞུག་བྱ།། གོང་གི་སྔགས་བཟླས་ཐུན་གྱི་བྲབ།། རྟ་མགྲིན་བྱིན་བརླབས་ཕུར་པས ་གདབ།། དེ་ནས་གནན་ས་གང་ཡིན་པར།། གྲུ་གསུམ་དོང་བྲུས་དུག་ཁྲག་བྱུག། ནང་དུ་མནན་པའི་སྣོད་བཅུག་ལ།། སྲི་ཁུང་ཆུ་ཡི་རྒྱ་མཚོའི་ནང་།། ཆུ་སྲིན་ཁ་རུ་བཅུག་ནས་ནི།། བསྐལ་བའི་མཐར་ཡང་ཐར་མི ་བསམ།། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲི།། མནན་ཁུང་ཁ་ནི་གཅད་པར་བྱ།། ཨོཾ་ལཾ་ཨ་ལཾ་ཧཱུཾ་ལཾ་གིས།། ལན་དགུ་བཟླས་ལ་ས་རེ་བྱ་བ།། རི་རིབ་དགུ་བརྩེགས་མནན་པ་བྱ།། དཔལ་གྱི་རྟ་བྲོ་དྲག་ཏུ་བརྡུང་།། དགྲ ་བགེགས་གང་ལ་དམིགས་པ་དེས།། བསྐལ་པའི་མཐར་ཡང་ལྡང་མི་ནུས།། ཞེས་གསུངས་སོ།། རྟ་མགྲིན་དྲེགས་པ་ཚེ་གཅོད་ཀྱི་རྒྱུད་ལས།། གནན་པ་ལས་སྦྱོར་གྱིས་དགྲ་བགེགས་ཚར་གཅད་པའི་ལེའུ་སྟེ་བཅུ ་གཉིས་པའོ།། །། དྲག་སྔགས་གསང་བས་ཚར་གཅད་པ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ། ཨེ་ཨ་ར་ལི། ཧུ་ལུ་ཧུ་ལུ། ཧོ་ཧྲི། ཨོཾ་ཏ་ཀི་ནི་ཏ་ཀི་ནི་ཧཱུཾ། ཏ་ཀེ་ཏ་ཀོ་ཕཊ།། བྷ་ན་དྷ་བྷ་ན་དྷ་ཆོམ།། ཏིག་སྣང་ཏིག་སྣང་ཚོམ། ་རག་ཤ་རག་ཤ་ཧཱུཾ།། གར་རྫ་གར་རྫ་ཧཱུཾ།། ཚིན་དྷ་ཚིན་དྷ་ཧཱུཾ། ཧ་ལ་ཧ་ལ་ཕཊ། རག་ཤ་རག་ཤ་ཧཱུཾ།། བྷན་དྷ་བྷན་དྷ་ཕཊ།། ཨ་མུ་ཁ་ཛ། བཛྲ་ཀ་རུག་ཤ་ནན། མ་ཏང་ཀ་རུག་ཤ་ནན། མ་ར་ཡུ་ཏེ་ཁ་བ་ནི་ཡ་ཀ་ཧཱུཾ། ་ཤམ་པ་རི་ཤོ་ཀ་ར་ཏྲི་རོ་རོ་ཙཏྟི་ཁ། མ་ར་ཡཾ་མུ་ར་ཏི་བཾ།། ཨ་ཀ་རུ་ཎི་ཤ། པྲ་ཏང་ཏ་མ་ལ། ར་ཏྲི་ཤ་པ་ཁ། ཞུང་སྣི་ནི་ན་ཏ་ཁ་ཏི། ཨ་ཏྲི་མུ་ར་ཛ་ཡ། ཀྲེ་ཀྲེ་ཤོག་ཏི་ཀུ་དུ་ན་ཡ་དུ་ན་ཡ། སྥུ་ར་ལཾ་སྥུར་ལཾ།། ཏང་ཤ་ཏང ་ཤ། ཡག་པོ་དུར། ཡག་མོ་དུར།། ར་མར་ལྕམ།། ན་ག་ཏིང་རུ་ཡ།། ཙ་མ་ར་ཡ། ཙི་མ་ར་ཡ། ཀྲོ་ཏ་ནི། ན་ནི་པྲ་ལ་ཤ། གི་ལ་ག་ལི། སླ་ཀྲྀ་མེ་ཡུག་མེ་ཡུག་མེ།། ཧཱུཾ་ཧཱུཾ་ཕཊ་ཕཊ། རྦད་རྦད།། དགྲ་བགེགས་གདུག ་པ་ཚར་གཅད་སྔགས།། རྟ་མགྲིན་སྒྲར་བསྒོམ་གཟིར་བར་བྱ།། གང་ལ་བྱ་བ་བརླག་པར་འགྱུར།། ཞེས་གསུངས་སོ།། དགྲ་བགེགས་དྲག་སྔགས་ཀྱིས་ཚར་གཅད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། རྟ་མགྲིན ་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། འཕྲིན་ལས་ལས་སྦྱོར་གྱི་སྐབས་ཏེ་ལྔ་པའོ།། །། དེ་ནས་དབང་ཆེན་རྒྱལ་པོ་ལ།། གསུང་གི་རྡོ་རྗེས་འདི་སྐད་ཞུས།། གྲུབ་པའི་རྟགས་དང་མཚན་མ ་རྣམས།། དཔལ་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་བ་གསན་ནས་ཀྱང་།། དབང་ཆེན་རྒྱལ་པོ་བཀའ་སྩལ་པ།། བསྙེན་པ་གྲུབ་པའི་རྟགས་བསྟན་པ།། བདེ་བར་གཤེགས་པའི་སྐུ་མཐོང ་དང་།། མཆོད་དང་སྐོར་བ་བྱེད་པ་དང་།། ཉི་མ་མགོ་ལ་ཤར་བ་དང་།། མཆོད་རྟེན་རྩེ་ལ་འདུག་པ་དང་།། གྲོ་ཁྱེར་ཉམས་དགའ་མཐོང་བ་དང་།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། པདྨ་རྒྱ་གྲམ་དྲིལ་བུ་དང་།། རྙེད ་ནས་བཅངས་དང་ལུས་ལ་ཐིམ།། ཁུང་བས་བཅུད་འཐུང་མེ་ཏོག་ཟོས།། མིང་དང་འདུས་པས་ཕྱག་འཚལ་དང་།། རྨིས་ལྟས་བྱུང་ན་ཐ་མ་ཡིན།། དངོས་སུ་སྐུ་མཐོང་འོད་དང་སྒྲ།། སྐུ་དང་ཕུར་པ་བརྡེག་པ ་རབ།། བསྒྲུབ་རྫས་གཏོར་མ་ཁོལ་པ་འབྲིང་།། སྒྲུབ་པ་གྲུབ་པའི་རྟགས་བསྟན་པ།། ཉམས་སམ་རྨི་ལམ་དངོས་སུ་ནི།། དུང་ཆེན་འབུད་དང་རྔ་ཆེན་བརྡུང་།། གདུགས་འབུབས་རྒྱལ་མཚན་འཕྱར་བ་དང་།། གངས ་དཀར་རྩེ་ལ་འདུག་པ་དང་།། རི་བོའི་རྩེ་ལ་འདུག་པ་དང་།། བུད་མེད་འདུལ་བས་བསྐོར་བ་དང་།། སྒྲུབ་རྫས་མཆོད་རྫས་རྟེན་རྫས་དང་།། འོད་དང་སྒྲ་དང་དུ་བ་འཐོན།། ཁོལ་དང་རླབས་པ་འབྱུང་བ་ནི།། སྒྲུབ་པ ་ཚར་དུ་གྲུབ་པ་ཡིན།། ལས་སྦྱོར་གྲུབ་པའི་རྟགས་བསྟན་པ།། གང་ལ་དམིགས་པ་ཞུགས་ནས་ཀྱང་།། གསོད་གཅོད་ལས་རྣམས་བྱེད་པ་དང་།། གླང་སྟག་སེམས་ཅན་མ་རུངས་བརྡུང་།། འཁྲུལ་འཁོར་བསྐོར ་དང་མཚོན་ཆར་འབེབས།། སྒྱོགས་འཕེན་མདའ་མདུང་འདེབས་པ་ནི།། འཁྲུལ་འཁོར་ཐུན་གྱི་ལས་གྲུབ་རྟགས།། མེ་ཆེན་གཏོང་དང་ཧོམ་ནག་སྦོར།། དུང་འབུད་རྔ་བརྡུང་རོལ་མོ་དཀྲོལ།། དྲག་པོ་ཧོམ་གྱི ་ལས་གྲུབ་རྟགས།། དགྲ་བགེགས་བརྡུངས་ནས་བཙོན་དོང་བཅུག། མཆོད་རྟེན་རྩིག་དང་མཁར་སྤེ་བརྩིགས།། མནན་པ་གྲུབ་པའི་རྟགས་སུ་བཤད།། མ་གྲུབ་རང་ལ་ངན་པ་ནི།། དམག་འདྲེན་ཕར་ལམ་ཚུད ་ན།། མཚོན་ཆ་སོ་ནི་མེད་པ་དང་།། འཐབས་ཀྱང་རང་ལ་གྲོགས་མེད་དང་།། ཁུ་ལྷོགས་རང་ལ་འོང་བའི་རྟགས།། ཁྲལ་འདོད་རང་ཡང་ལྡོག་པ་དང་།། སློང་དུ་འོང་དང་སྒོ་བརྡུང་དང་།། གཏོར་མ་དུས་ལས་ཡོལ ་བཔབའི་རྟགས།། ཡུགས་ས་མཛེ་ཅན་གཉེར་འཁྲོས་དང་།། ཡུལ་ངན་ཁ་བ་བུ་ཡུག་དང་།། འདམ་རྫབ་དུ་བ་མུན་ནག་དང་།། ས་བླངས་རྣམ་ཁྲག་མུན་པ་དང་།། ཉམས་གྲིབ་མི་གཙང་ཕོག་པའི་རྟགས།། བཤགས་པ་བྱ ་ཞིང་བསྐང་སོ་བྱ།། ཞེས་གསུངས་སོ།། མཚན་མ་རྟགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དམ་ཚིག་བཤད་བྱ་བ།། དྲེགས་པ་ཚར་གཅོད་དཀྱིལ་འཁོར་དུ།། སློབ་མ་དབང་བསྐུར་བྱེད་འདོད ་ན།། དབེན་ཞིང་དགོན་པའི་གནས་དག་ཏུ།། མཚམས་བཅད་ས་ཡི་ཆོ་ག་བྱ།། དཀྱིལ་འཁོར་གཞུང་བཞིན་བཞེངས་ནས་ནི།། བུམ་པ་མཆོད་རྫས་ལ་སོགས་དགྲམ།། སྔོན་དུ་འགྲོ་བའི་ལས་རྣམས་བྱ།། རྣམ ་གསུམ་ཏིང་འཛིན་གཞལ་ཡས་ཁང་།། དམ་ཚིག་ལྷ་ཚོགས་བསྐྱེད་ནས་ནི།། སྤྱན་དྲངས་བསྟིམ་དང་ཕྱག་འཚལ་དང་།། སྙན་པ་འཕྲིན་ལ་ས་རྫོགས་པར་བྱ།། དེ་ནས་དབང་བསྐུར་དཀྱིལ་འཁོར ་ལ།། ཆག་ཆག་སྐྱང་ནུལ་བྱས་ནས་ནི།། སྟ་གོན་དྲི་ཡི་ཐིག་ལེ་བྱ།། བསྐྱེད་དང་སྤྱན་དྲངས་མཆོད་རྫོགས་ནས།། སློབ་མ་ཁྲུས་བྱས་གསོལ་གདབ་བཟུང་།། སོ་ཤིང་བྱིན་ལ་བསྲུང་སྐུ་དག་དགས།། སྐུ་ཤ་གདགས་ལ་རྨི ་ལམ་བརྟག། ཆོས་བཤད་སྐྱབས་འགྲོ་སེམས་བསྐྱེད་འབོག། དེ་ནས་ཐིག་གདབ་ཚོན་བྲི་སྟེ།། དཀྱིལ་འཁོར་རྒྱན་དགོད་མཆོད་རྫས་བསོག། ཏིང་འཛིན་དཀྱིལ་འཁོར་ལས་གཞུང་བསྲང་།། གནས་སུ་དཀྱིལ ་འཁོར་ལྷ་ཚོགས་བསྐྱེད།། སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་བྱ།། འཛབ་བསྐོར་བསྟོད་སོགས་བྱས་ནས་ནི།། སློབ་མ་འཇུག་པའི་ལས་རྫོགས་ནས།། བུམ་པ་དབང་བསྐུར་སྒྲིབ་པ་བཀྲུ།། དུར་ཁྲོད་ཆས ་བརྒྱད་དབང་བསྐུར་ལ།། ཁྲོ་བོའི་རྟགས་གདབ་ལྷ་དབང་བསྐུར།། དེ་ནས་སྒྲུབ་རྫས་ཕུར་བའི་དབང་།། མཆོད་རྫས་གཏོར་མ་བདུད་རྩི་དང་།། རཀྟ་ཚོགས་དང་དངོས་གྲུབ་རྫས།། ཚེ་ལ་སོགས་པས་དབང་བསྐུར ་ལ།། བཀྲ་ཤིས་བརྗོད་ཅིང་དངོས་གྲུབ་བླང་།། དངོས་གྲུབ་རྫས་ལ་རོལ་བར་བྱ།། ཡེ་ཤེས་གཤེགས་དང་དམ་ཚིག་བསྲུང་།། སྨོན་ལམ་བཏབ་ལ་སློབ་མ་དགྱེ།། མ་སྨིན་པ་རྣམས་སྨིན་པར་བྱེད།། ཕྱིན་ཆད་འཁོར ་བར་ལོགས་མི་འགྱུར།། སྐུ་གསུང་ཐུགས་ལ་རབ་གནས་ནི།། སྤྱན་དྲངས་མཆོད་བསྟོད་དབང་དང་མཚུངས།། སྐུ་རྟེན་གསུང་རྟེན་ཐུགས་རྟེན་ལ།། ཞུ་བསྟིམ་བྱ་ཞིང་ཤིས་པ་བརྗོད།། སྤྱན་དབྱེ་སྐུ་བསིལ་རྟེན་འབྲེལ ་བརྗོད།། དབང་བསྐུར་བྱ་ཞིང་རྫས་ལ་རོལ།། ཡེ་ཤེས་གཤེགས་ལ་དམ་ཚིག་བསྲུང་།། སྨོན་ལམ་གདབ་ཅིང་བསྔོ་བ་བྱ།། ཞེས་གསུངས་སོ།། དབང་བསྐུར་རབ་གནས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ ་ནས་དམ་ཚིག་བསྲུང་ཐབས་བཤད།། སྐུ་ཡི་དམ་ཚིག་བསྲུང་ཐབས་ནི།། རྡོ་རྗེ་སློབ་དཔོན་མི་སྨད་ཅིང་།། ངན་སེམས་མི་སྐྱེ་བཀའ་མི་བཅག། གསུང་གི་དམ་ཚིག་ཡི་དམ་ལྷ།། སྔགས་དང་སྙིང་པོ་རྒྱུན་མི ་བཅད།། རྒྱུད་ཀྱི་དོན་ལ་ལོག་སེམས་སྤངས།། ཆོས་ཉིད་དོན་ལ་ཚད་མ་ཡིན།། རིག་པས་དཔག་པར་བྱ་བ་མིན།། ཐུགས་ཀྱི་དམ་ཚིག་སྐྱེ་མེད་དོན།། རྟོགས་པས་ཉམས་སུ་བླངས་ནས་ནི།། གསང་ཆོས་དབང་བསྐུར ་མ་ཐོབ་ལ།། མི་བསྒྲག་མི་བསྟན་སྦ་བར་བྱ།། རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར།། འཆད་དབང་མ་བསྐུར་རྒྱུད་མི་བཤད།། གསང་སྤྱོད་ཕྱི་རུ་མི་བཤད་དོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི།། ཉམས་ན་བསྐལ་པ ་གཅིག་གཉིས་གསུམ།། རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར།། ཐུན་མོང་སྤྱི་ཡི་དམ་ཚིག་ཏུ།། བླ་མ་བསྐུར་དང་ལུས་ངག་ཡིད།། དད་གུས་མོས་པ་རྒྱུན་མི་བཅད།། ལྷ་དང་སྔགས་ལ་སོགས་པ་ལ།། ཐུན་བཞིའི་རྣལ ་འབྱོར་ཉམས་མི་བྱ།། སེམས་ཅན་རྣམས་ལ་བྱམས་པ་དང་།། སྙིང་རྗེ་སེམས་བསྐྱེད་རྒྱུད་ལ་བསྐྱེད།། མཆེད་ལྕམ་རྣམ་ལ་རྩེ་གདུངས་བསྐྱེད།། ལྷ་དང་སྔགས་ལ་ཐེ་ཚོམ་སྤོང་།། ང་རྒྱལ་རློམ་སེམས་ཕྲག ་དོག་དང་།། དུག་གསུམ་ཉོན་མོངས་ཁར་མི་བཏང་།། ལེ་ལོ་ལོང་ཡོད་སྙོམས་ལས་དོར།། བརྩོན་འགྲུས་རིམ་གྱིས་ཉམས་སུ་བླངས།། གསང་སྔགས་ལྷ་སྤྱོད་ཟུང་དུ་འབྲེལ།། བསྙེན་བསྒྲུབ་གཞུང་བསྲང་མཐའ་རུ ་དབྱུང་།། ཁྱད་པར་ལྷག་པའི་དམ་ཚིག་ནི།། འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན།། ཐོག་མ་མེད་ནས་རང་གི་སེམས།། ཡེ་ནས་རང་བྱུང་ཆོས་སྐུ་ལ།། དམ་ཚིག་བསྲུང་མེད་ཉམས་པ་མེད།། མི་བསྲུང་བྱས་ནས ་བཞག་པ་མེད།། དམ་ཚིག་བསྲུང་དང་མི་བསྲུང་དང་།། ཉམས་པའི་སྐྱོན་མེད་འབྲས་བུ་མེད།། མ་སྤངས་མཐའ་བྲེལ་གཟུང་འཛིན་མེད།། བདེ་ཆེན་ཟུང་དུ་མེད་པས་དམ།། རྣམ་རྟོག་ཆོས་ཉིད་ངང་དུ་ཚིག། དམ་ཚིག ་གཞན་ལས་ཁྱད་པར་འཕགས།། ཞེས་གསུངས་སོ།། དམ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། རྟགས་དང་དབང་དམ་ཚིག་གི་སྐབས་ཏེ་དྲུག་པའོ།། །། དེ་ནས་པདྨ ་དབང་ཆེན་ལ།། གསུང་གི་རྡོ་རྗེས་འདི་སྐད་ཞུས།། ཨེ་མ་པདྨ་དབང་ཆེན་ཡབ།། བདུན་ཚིགས་རོ་བསྲེགས་མན་པ་བསྲུང་དབབ་དང་བཅང་བ་དང་།། འཁྲུལ་འཁོར་ལ་སོགས་ཇི་ལྟར་ལགས།། དཔའ་བོ་དཔལ་ཆེན ་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། དབང་ཆེན་པདྨས་བཀའ་སྩལ་པ།། བདུན་ཚིགས་བྱ་བའི་ལས་རིམ་ནི།། སྟོད་ཀྱི་ཁོག་དབུག་བར་གྱི་གཞུང་བསྲང་དང་།། སྨད་ཀྱི་ལས་མཐུན་བསྡུ་བའོ།། རོ ་བསྲེག་བྱ་བའི་ལས་རིམ་ནི།། རོ་ཆས་བཞུགས་དང་ཐབ་ཤིང་བརྩིག། དཀྱིལ་འཁོར་བྲིས་རྫས་དགོད་གཞུང་བསྲང་དང་།། མཆོད་འབུལ་ལམ་བསྟན་སྨོན་ལམ་མོ།། སྦྱིན་སྲེག་བྱ་བའི་ལས་རིམ་ནི།། ཞི་རྒྱས ་དབང་དྲག་ཐབ་ཁུང་ནི།། ཟླུམ་པོ་གྲུ་བཞི་ཟླ་གམ་དང་།། གྲུ་གསུམ་ལ་སོགས་གང་བྱེད་བཅའ།། དཀར་སེར་དམར་ནག་ཁ་དོག་བྱུག། ལས་དང་རྗེས་འཐུན་ཤིང་བརྩིག་སྟེ།། ལས་དང་མཐུན་པའི ་བསྲེག་རྫས་རྣམས།། འཕྲིན་ལས་གནས་སྐབས་གང་བྱེད་སྦྱར།། འཕྲིན་ལས་གཞུང་བསྲང་ཐབ་ཁུང་ནང་།། མེ་ལྷ་བསྐྱེད་པ་མཆོད་བསྟོད་བྱ།། ལྟོ་བར་ལྷ་བསྐྱེད་བསྲེག་རྫས་འབུལ།། ལྷ་བསྐྱེད་ཆོ་ག་གཞུང་བསྲང ་ལ།། མཆོད་སྦྱིན་རྫོགས་པར་བྱས་ནས་ནི།། ཤན་ཏིང་པུཥྚི་པ་ཤང་དང་།། མཱ་ར་ཡ་ཕཊ་རྩ་སྔགས་སྦྲེལ།། ཞི་རྒྱས་དབང་དྲག་གང་ཡིན་གྲུབ།། ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ།། སྦྱིན་སྲེག་ཤུལ་ལ་རྟ་བྲོ ་བརྡུང་།། ཐལ་བརྒྱ་གྲམ་ལམ་དུ་མནན།། ཡང་ན་རླུང་ལ་འཕྱར་བར་བྱ།། དེ་ནས་མནན་པ་བྱ་བ་ནི།། དགྲ་བགེགས་རྣམ་པ་གཉིས་ཡིན་ཏེ།། དགྲ་བོ་ཀླུ་ལ་གཏད་དེ་མནན།། གྲོག་ཤོག་ཤོག་དག་ལ་ནི།། དགྲ་བོའི ་ལིང་ཁ་བྲིས་ནས་ནི།། གླང་དམར་རར་བཅུག་ལ་ཆས་བསྡམ།། ས་བདག་ཀླུ་གཉེན་གནས་སར་མནན།། ནཱ་ག་ར་ཛ་ཁུག་སྙིང་ལ་ཕྲིལ་ཕྲིལ་ཛ།། ཞེས་པས་ཀླུ་ལ་གཏད།། ཞ་དང་འཁུམས་དང་མཛེ ་ཡིས་ཁྱེར།། བགེགས་ཀྱི་མནན་པ་བྱ་བ་ནི།། གྲོག་ཤོག་ཤོག་གང་རྙེད་ལ།། གང་གནོད་བགེགས་ཀྱི་ལིང་ཁ་བྲི།། མིང་དང་ནན་བཅས་ལྟོ་བར་བྲི།། ཐོད་པ་མཚན་ངན་ནང་དུ་གཞུག། གང་ལ་བྱ་བ་དགུག་གཞུག ་བྱ།། ཐོད་པ་ལ་ཆས་ཁ་བཅད་ལ།། རེ་བས་དྲིལ་ལ་ཁར་ནག་བསྡམ།། རྒྱ་གྲམ་ལམ་མམ་སྟོང་ཟམ་སྔས།། མཆོད་རྟེན་རིང་པོའི་འོག་ཏུ་མནན།། ཨོཾ་ལཾ་ཏྲ་ཛི།། གནོད་བྱེད་ཀྱི་ལུས་རྣམས་བར་ཆིངས་ཤིག། ནན་ཎ་ཎ། ་ཨ་ལམ་ཏྲི་ཛ་གནོད་བྱེད་ལུས་རྣམ་པར་ཆིངས་ཤིག། ཧཱུཾ་ལཾ་ཏྲི་ཛ་གནོད་བྱེད་ཡིད་རྣམ་པར་ཆིངས་ཤིག། ནན་ཎ་ཎ། ཅེས་པས་མནན་ཅིང་གཟིར་པར་བྱ།། དཔལ་གྱི་རྟ་བྲོ་དྲག་ཏུ་བརྡུང་།། བསྐལ་བའི་མཐའ་ཡང་མི ་བཏང་མནན།། ཞེས་གསུངས་སོ།། བསྲེག་མནན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་དབབ་བཅད་ལས་བཤད་པ།། དབབ་པ་སེར་བ་ཆད་པ་གཉིས།། སེར་བ་ད་བབ་པའི་ལས་བྱས་ན།། བསེ་ཁབ་དམར ་པོ་ཁ་སྦྱོར་དུ།། སྦལ་པ་སྡིག་པ་རྨིག་པ་རྨིག་བུའི་མགོ། སྲམ་དང་ཉ་ཡི་ཤ་ཁྲག་དང་།། བ་དམར་དཀར་འོ་མ་བླུགས།། ཡུངས་ཀར་ཡུངས་ནག་གུ་གུལ་ལ།། ཐུན་བཅས་དེ་ལ་སྔགས་ཀྱིས་སྒྲུབ།། སེང་ལྡེང་ཕུར་པ ་སོར་བརྒྱད་པ།། སྔགས་འདི་བཟླས་ལ་གཟིར་བར་བྱ།། ན་མོ་བུད་དྷ་ཡོ།། ཨོཾ་བཛྲ་ཀཱ་ལི་ཀི་ལི་ཡ་ན་ག་དུ། ཙན་དྷ་ཙན་དྷེ། མི་ལི་མི་ལི།། ནཱ་ག་དུ་ཧཱུཾ་ཕཊ།། འབུམ་ཕྲག་བཟླས་ལ་ལྷ་ཀླུ་གཟིར།། ས་མ་ཡ་ར་ཛ་དུ་ཤ ་ག་ར།། ཙ་དུ་ལིང་ཤག་ཏྲཾ་ཕྲེཾ་ཧྲིལ་ཤར་ཕོབ།། ནཱ་ག་ལྷ་མོ་ཀླུ་མོ་ཡ་མ་དམ་སྲི་མེ།། ཏྲཾ་ཕྲེཾ་མ་ཧྲིལ་ཤར་ཕོབ།། ཅེས་བཟླས་ལ། ཐུན་ལ་བཏབ་ལ་བསྒྲུབ་པ་བྱ།། གྲུབ་རྟགས་དངོས་སུ་རང་ལ་འབབ།། བསེ ་གབ་རྫས་ནི་ཀླུ་ཡོད་པའི།། ཆུ་མིག་ནང་དུ་བླུག་པར་བྱ།། སེང་ལྡེམ་ཕུར་པས་ཆུ་མིག་གདབ།། ཐུན་རྫས་དགྲ་ཡི་ཡུལ་དུ་གཏོར།། ཆུ་འཁྱགས་སེར་པས་ཡུལ་མཁར་འཇོམས།། དེ་ནས་ཆར་བ་དབབ་པ་བཤད།། ཀླུ ་ཡོད་གནས་སུ་སོང་ནས་ནི།། བ་ཡི་རྣམ་ལྔའི་མཎྜལ་བྱ།། ཀླུ་སྨན་བདུད་རྩིའི་མཆོད་པ་བཤམས།། བག་ཕྱེ་ཀླུ་སྨན་བསྲེས་པ་ཡིས།། རིལ་བུ་ཟངས་གཞོང་འཁར་གཞོང་བཀང་།། རི་ལུ་རེ་ལ་སྟོང་ཚོ་རེ།། སྔགས་འདི ་བཟླས་ཤིང་ཆུ་མིག་བླུག། ཨོཾ་ན་ག་པུ་ཏྲ་ཏི་བཛྲ་དུ་ན་ཏི། མི་ལི་མི་ལི་སྭཱ་ཧཱ། ཆར་ཕོབ། ཨོཾ་ནག་ཤུ་ལི་ནི་སྭཱ་ཧཱ།། ཞེས་པས། སྔགས་འབུམ་བཟླས་ཤིང་ཆུ་མིག་བླུག། རིལ་བུ་ཆུ་མིག་གར་ཡོད་བླུག། ཆར་པ་ཕེབས ་པར་གདོན་མི་ཟ།། གལ་ཏེ་དེས་ཀྱང་མ་ཕེབས་ན།། གོང་གི་སེང་ལྡེང་ཕུར་བས་སྔགས།། ཕུར་པ་ལ་ནི་དྲག་ཏུ་མངག། ནཱ་ག་རཱ་ཛ་ཆར་ཕོབ།། ཅེས་བཟླས་ཤིང་ཆུ་མིག་ནང་དུ་གདབ།། ད་ལྟ་ཉིད་དུ་ཆར་པ ་འབབ།། ཅེས་གསུངས་སོ།། སེར་བ་དང་ཆར་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅད་པ་བསྟན་པ་ནི།། སེར་བ་སྲུང་བའི་ཡུལ་ཁམས་སུ།། མཆོད་དང་སྦྱིན་གཏོར་རྒྱ ་ཆེན་བྱ།། ཕུར་པ་བཅུ་ལ་སྔགས་བྲིས་གདགས།། རབ་གནས་བྱིན་བརླབས་མཆོད་པ་བྱ།། ཨོཾ་བཛྲ་དུན་དེ།། མི་ལི་མི་ལི། ཕྱེ་ཤག་ཕྱེ་ཤག་སྭཱ་ཧཱ། ཞེས་བཟླས་པར།། ཕུར་བུ་བཅུ་དང་མཐོ་ཡིས་བསྐོར།། སེར་སྤྲིན ་འདུས་ན་ལྷ་བསྒོམས་ལ།། སྔགས་བཟླས་ནམ་མཁའ་ཕུ་ཡིས་གདབ།། སྡིགས་མཛུབ་བསྒྲེང་ལ་རི་མོ་བྱ།། སེར་བ་འབབ་པར་མི་འགྱུར་རོ།། ཆར་དང་ཆུ་ནི་བཟློག་འདོད་ན།། སེང་ལྡེང་ཕུར་པ་སོར་བརྒྱད ་ལ།། སྔགས་འདི་བཟླས་པ་འབུམ་དུ་བྱ།། ན་མོ་བུད་དྷ་ཡ།། ཨོཾ་བཛྲ་ཀཱི་ཡི་ཀི་ལ་ཡ།། ན་ག་དུ་ཙན་དྷེ་ཙན་དྷེ།། མི་ལི་མི་ལི། བྷན་དྷ་བྷན་དྷ། ན་ག་ནི་སྭཱ་ཧཱ། ནཱ་ག་མ་ལ་ཤི་པྲ་དུ། ན་ག་མ་ལ་ཤིག་སྭཱ་ཧཱ། བར་ཆད་ཚར ་གཅོད་ཆུ་བཟློག་ཅེས་བཟླས་ཤྭ་དང་འོད་ཁ་བཟློག་འདོད་ན།། ཟངས་སམ་ལྕགས་ལ་འབྲུག་གཟུགས་བྱ།། སྔགས་བཟླས་ཆུ་སྣར་སྦས་པས་བཟློག། ཅེས་གསུངས་སོ།། ཆར་ཆུ་སེར་བ་བཅད་པའི་ལེའུ་སྟེ་བཅུ་དགུ ་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། བསྲེ་མནན་དབབ་བཅད་གཉིས་ཀྱི་སྐབས་ཏེ་བདུན་པའོ།། །། དེ་ནས་འཁྲུལ་འཁོར་ལས་བཤད་པ།། དང་པོ་བསྲུང་བའི་ཁྲུལ་འཁོར་ནི།། ཤོག། ་ཤོག་གཙང་མ་དག་ལ་ནི།། འཁོར་ལོ་རྩིབས་བརྒྱད་བྲིས་བྱས་ལ།། ཐ་མ་མུ་ཁྱུད་རྡོ་རྗེ་དང་།། མེ་རི་གཉིས་ཀྱིས་བསྐོར་བར་བྱ།། རྩིབས་ལ་རྩ་སྔགས་བྲི་བར་བྱ།། ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲེ་པ་ཧུ་ལུ་ཧུ་ལྭ ་ཧཱུཾ་ཕཊ།། རྩིབས་མཚན་སྔགས་འདི་བྲི་བར་བྱ།། ཀྲོ་དྷ་པྲ་བེ་ཤ་ཕཊ།། ཚལ་པ་ཚལ་པ། དུམ་བུ་དུམ་བུ་ཧཱུཾ་ཕཊ།། དབུས་ཀྱི་ལྟེ་བ་གང་བསྲུང་ལ་རཀྵ་རཀྵ་ཧྲི་ཞེས་པ་བྲི། མཎྜལ་སྟེང་གཞག་བྱིན་གྱིས ་བརླབས།། མཆོད་བསྟོད་བྱས་ལ་ལུས་ལ་གདགས།། ཡང་ན་ཚོན་སྐུད་རྣམ་ལྔ་ལ།། མདུད་པ་བྱས་ལ་སྔགས་བཟླས་ལ།། རྡོ་རྗེ་འཕྲེང་བར་བསམ་ལ་གདགས།། འགྲོ་བ་ཕོ་མོ་སི་འུ་ལ།། བཏགས་པ་ཙམ་གྱིས་གནོད ་པ་བསྲུངས།། ཀླུ་ལ་སོགས་པའི་གདོན་ཟིན་ན།། ཟངས་གཞོང་འཁར་གཞོང་ནང་དུ་ནི།། ཀླུ་གཟུགས་སྣ་ཚོགས་བཅུག་ནས་ནི།། ཀླུ་གཏོར་ཀླུ་སྨན་མཆོད་པར་འབུལ།། ནཱ་ག་ར་ཛ་སརྦ་ཨ་མྲྀ་ཏ་བ་ལིང་ཏ་སྭཱ་ཧཱ། ཞེས ་པས་མཆོད་ཅིང་འབུལ།། ནད་པའི་ལུས་ལ་སླ་བྱས་བྱ་བ།། ཀླུ་གདོན་ས་རུ་ཡས་ཟག་བསྐྱལ།། ཀླུ་ཡི་གདོན་ལས་ཐར་བར་བྱེད།། བསྐྲད་པའི་འཁོར་ལོ་རྩིབས་བརྒྱད་ལ།། རྩ་སྔགས་བཀོད་ལ་མིང་བཅུག་ལ།། ཆེ་གེ ་མོ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ།། ཅེས་བྲི།། ཕྱི་རིམ་རླུང་གི་རི་མོ་བྲི།། གང་གནོད་ས་རུ་སྦས་པ་ན།། ཕྱི་ནས་གནོན་པ་བྱེད་མི་ནུས།། དེ་ནས་ཚེ་ཡི་སྒྲུབ་པ་ནི།། ཚེ་ཆང་སྨན་དང་རྫས་བླུག་སྟེ།། མཎྜལ་སྟེང་བཞག་བྱིན་གྱིས ་བརླབ།། འཇིག་རྟེན་ཁམས་ཀྱི་ཚེ་བཀུག་ནས།། རྩ་སྔགས་ཤམ་བུར་ཚེ་སྒྲུབ་པ།། ཨཱ་ཡུ་བཛྲ་ཤེ་ཡུ་བྲུཾ་ཨ།། གནས་སྐབས་སྒྲུབ་པ་གྲངས་དང་སྦྱར།། བསྟོད་ཅིང་ཚེ་ནི་བུམ་པར་བསྟིམ།། གང་ལ་བྱ་བ ་དེ་ལ་ནི།། ཚེ་བསྟིམ་ཚེ་དབང་བསྐུར་བར་བྱ།། བཅུ་ལས་མི་ཐུབ་བརྒྱ་ཐུབ་འགྱུར།། ཚེ་ཉམས་ཚེ་ཟད་སྟོང་ཐུབ་འགྱུར།། དེ་ནས་སྨན་གྱི་སྒྲུབ་པ་བཤད།། ས་ཆོག་བྱ་ཞིང་སྟ་གོན་བྱ།། དཀྱིལ་འཁོར་འཕྲིན་ལས་གཞུང ་བསྲང་ལ།། བདུད་རྩི་སྒྲུབ་པའི་འཕྲིན་ལས་བྱ།། རྗེས་ཀྱི་ཆོ་ག་རྫོགས་པར་བྱ།། སྨན་བླ་དྲང་སྲོང་རྣམས་ཀྱིས་བྱིན་གྱིས་རློབ།། ཅེས་གསུངས་སོ།། བསྲུང་གོས་སྨན་གྱི་ཚེ་སྒྲུབ་སྨན་སྒྲུབ་ཀྱི་ལེའུ་སྟེ ་ཉི་ཤུ་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། སྐབས་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས།། པདྨ་དབང་ཆེན་སྐུ་ལ་བསྟོད།། ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས ་ནས།། བཅོམ་ལྡན་དབང་ཆེན་པདྨ་ཧེ་རུ་ཀ། དབང་གི་རྒྱལ་པོ་དབང་ལ་མངའ་མཛད་པ།། འཁོར་བ་དབང་སྡུད་ཐུགས་རྗེ་སྤྱན་རས་གཟིགས།། ཐུགས་རྗེའི་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་པ ་དང་།། པདྨ་དབང་ཆེན་དཔལ་རྟ་མགྲིན་གཉིས་སུ་མེད་པར་གྱུར་ཏེ། དཔལ་རྟ་མགྲིན་གྱིས་རྟ་སྐད་ཐེངས་གསུམ་བཏོན།། རྟ་བྲོ་འཁོར་གསུམ་བརྡུངས་ཏེ་ཁམས་གསུམ་དབང་དུ་བསྡུས།། སྲིད་གསུམ་ཟིལ་གྱིས ་མནན་ནས།། དྲེགས་པ་ཅན་ཐམས་ཅད་ཚར་གཅད་དེ།། ཧྲི་ཧཱུཾ། ང་ནི་དབང་ཆེན་ཧེ་རུ་ཀ། ང་ནི་རྟ་མགྲིན་ཁྲོས་པའི་སྐུ།། རྟ་སྐད་ཐེངས་གཅིག་གནམ་ལ་ཚེར།། སྟེང་གི་ལྷ་རྣམས་དབང་དུ་སྡུད།། རྟ་སྐད་ཐེངས ་གཅིག་པར་སྣང་ཁམས་སུ་ཚེར།། ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད།། རྟ་སྐད་ཐེང་གཅིག་འོག་ཏུ་ཆེར།། འོག་གི་ཀླུ་རྣམས་འབུབ་ཅིང་བརྒྱ་ལ།། རྟ་སྐད་ཐེང་གཅིག་ཕྱོགས་བཅུར་སྒྲོགས།། ཕྱོགས་སྐྱོང་དྲེགས་པ་ཞབས ་འོག་གཟིར།། དཔལ་གྱི་རྟ་སྐད་ཚེ་རེ་རེ།། ཁྲོ་བའི་ཧཱུཾ་སྒྲ་འབྲུག་སྟོང་ལྡིར།། ཕཊ་ཀྱི་ཐོགས་དང་གནམ་ལྕགས་འབེབས།། སྦུབས་ཀྱི་ལྕགས་པས་ཁམས་གསུམ་གཡོ།། ཤངས་ཀྱི་རླུང་གི་སྲིད་གསུམ་གཡོ།། སྙན་ནས ་འབྲུག་སྒྲོགས་སྟོང་གསུམ་ལྡིར།། ལྗགས་ལས་གློག་བྱུང་བར་སྣང་འཁྱུག། སྤྱན་ནས་ཆུ་འབྱུང་སྲིད་པ་འཁྲུ།། ཞལ་ནས་མཆེ་གཙིགས་སྐྱེ་ཤི་སྒྲོལ།། སྨ་ར་མེ་འབར་གདུག་པ་བསྲེག། ཕྱག་ནི་མཚོན་ཆས་དགྲ ་བགེགས་སྒྲོལ།། ཞབས་ཀྱི་རྟ་གྲོལ་དྲེགས་པ་འདུལ།། རྟ་བྲོ་འཁོར་གསུམ་ཆེམས་སེ་ཆེམས།། རྟ་བྲོ་ཐབས་གཅིག་དང་པོ་ཡིས།། གཟུགས་མེད་སྲིད་པ་རྩེ་ནས་གནོན།། རྟ་བྲོ་འཁོར་གཉིས་བར་མ་ཡིས།། གཟུགས ་ཁམས་བཅུ་བདུན་ཟིལ་གྱིས་གནོན།། རྟ་བྲོ་འཁོར་གསུམ་ཐ་མ་ཡིས།། འདོད་ཁམས་ཉི་ཤུ་ཞབས་འོག་གནོན།། རོལ་བའི་རྟ་བྲོ་བརྡུངས་པ་ཡིས།། ལྷ་སྲིན་སྡེ་བརྒྱད་དབང་བསྡུས་ནས།། དྲེགས་པ་གདུག་པའི ་ཚོགས་རྣམས་བརྒྱན།། དཔལ་གྱི་རྟ་དྲོ་རྒོ་ར་རོ།། ཁྲོ་བོའི་གར་ཟབས་ལོགས་སེ་ལོགས།། བྲོ་ནི་དྲེགས་པ་འདུལ་བའི་བྲོ།། གླུ་ནི་དབང་དུ་སྡུད་པའི་གླུ།། ཚིག་ནི་དོན་དམ་ཆོས་ཀྱི་ཚིག། ཞབས ་གཡས་ཐབས་ཀྱིས་བྲོ་བརྡུངས་པ།། ཁྲོ་བོའི་ཚོགས་རྣམས་དབང་དུ་སྡུད།། ཞབས་གཡོན་ཤེས་རབ་བྲོ་བརྡུངས་པས།། ཁྲོ་མོའི་ཚོགས་རྣམས་དབང་དུ་སྡུད།། རོལ་བའི་རྟ་བྲོ་བརྡུངས་པ་ཡིས།། དྲེགས་པ་བགེགས་ཀྱི ་ཚོགས་རྣམས་འཇོམས།། ཧྲི་ཧྲི་ཧྲི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།། ཅེས་དཔལ་རྟ་མགྲིན་གྱི་བརྟུལ་ཞུགས་དྲག་པོའི་བྲོ་བརྡུངས་པས།། དྲེགས་པ་ཅན་རྣམས་ཐམས་ཅད་ལ་ལ་ལ་བསྒྱེལ།། ལ་ལ་བརྒྱ་ལ།། ལ་ལ་རེངས།། ལ ་ལ་ལུས་སེམས་ཚར་བཅད་ནས།། དཔལ་གྱི་ཞབས་འོག་ཏུ་འདུས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དབང་ཆེན་རྟ་མགྲིན་གྱིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྒྱུད་ཆེན་དྲེགས་པ་ཚར ་གཅོད་རྒྱུད།། སྤྱན་རས་གཟིགས་དབང་ཁྲོས་པ་ན།། རྟ་མཆོག་རྒྱལ་པོའི་སྐུ་རུ་སྦྲུལ།། དྲེགས་པ་གདུག་པ་འདུལ་བ་དང་།། ཐུན་མོང་མཆོག་གི་དངོས་གྲུབ་སྟེར།། ནོར་བུ་ལྟ་བུར་དགོས་འདོད ་འབྱུང་།། ཡོན་ཏན་བྱིན་བརླབས་ཟད་མི་ཤེས།། རྒྱུད་འདི་འདུས་པའི་འཁོར་ལ་གཏད།། བསྟན་པའི་སྙིང་པོ་ཐུབ་པར་སྲུངས།། ཞེས་གསུངས་སོ།། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། དྲེགས་པ ་དབང་དུ་སྔ་བ་དང་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། མཇུག་བསྟོད་པ་རྟ་བྲོ་དང་གཏད་པའི་སྐབས་ཏེ་དགུ་པའོ།། །། རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས།། ལེའུ ་ཉི་ཤུ་རྩ་གཅིག་པའི་སྐབས་དགུ་པ་རྫོགས།། རྒྱ་རྒྱ་རྒྱ།། །། @#།། རྒྱ་གར་སྐད་དུ།། ཤྲི་ཧ་ཡ་གྲྀ་བ་ཏན་ཏྲ་ཡ་དེ་ན་མ།། བོད་སྐད་དུ། དཔལ་རྟ་མགྲིན་གྱི་རྒྱུད་ཕྱི་མ་ཞེས་བྱ་བ།། བཅོམ་ལྡན ་