| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཡ་མ་ཧཱ་རཱ་ག་ཀྲྀཥྞ་མ་ར་དྷ་ར་ཏན་ཏྲ། བོད་སྐད་དུ། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད། འཇམ་དཔལ་གསིན་རྗེ་གཤེད་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། རང་བཞིན་ལྷུན་གྱིས་གྲུབ་པའི་གནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་བརྡལ་ཁྱབ་ཆེན་པོ་ན། གྲུ་གསུམ་མཐིང་ནག་འབར་བའི ་གཞལ་ཡས་ནི། རྒྱ་ཡོངས་སུ་མ་ཆད་པ། རྩ་བ་ནས་ར་ག་རཀྵ་ཆགས་པའི་རྦ་གློང་འཁྲུག་ཅིང་འཁྱིལ་བ། རཀྟ་འཁྲུག་པ་སྐབས་བྲེར་ལ། རཀྟ་བྲག་གི་མི་རེང་བསམ་གྱིས་མི་ཁྱབ་པ ་འཇིགས་པའི་གར་བྱེད་པ། རྒྱ་མཚོའི་གཏིང་ནས་བསེའི་སྡིག་པ་དམར་པོ་ཁ་དགུ་མིག་དགུ་པས་སེམས་ཅན་གྱི་སྲོག་ཀློམ་པ། གསེར་གྱི་རུས་སྦལ་ལ་མཚོན་ཆའི་སྤུ་ཡོད་པ། ཉི་ཟླ ་འབར་བའི་མིག་ཡོད་པ། ལྟོ་བ་ནས་སྲིད་པ་གསུམ་གྱི་བླ་ཚེ་འཁྱམས་པ། རཀྟ་ཆགས་པའི་རླབས་ནི་འཁྲུག་ཅིང་འཁྱིལ་བའི་དབུས་ན། ཟོད་པ་བརྩེགས་པ་ལས་གྲུབ ་པའི་མཁར། བསེའི་མདུང་འཁྲོལ་བ། མི་རོ་མང་པའི་རྒྱ་མཚན་འཕྱར་རྐེད་པ་ནས་རླུང་ནག་གི་འཁོར་ལོ་ནི། རྡོ་རྗེ་རྒྱ་གྲམ་ལྗང་ནག་གི་ཕྱོགས་བཅུར་འཐོར་བ། སྲིད་པའི་རླུང་ནག ་ལས་གྲུབ་པའི་སྤྲུལ་པ། རླུང་ནག་རོལ་བའི་བུ་གནོད་སྦྱིན་འབུམ་དར་ནག་གི་གཡབ་འདོར་བ། སྟེང་ན་གནམ་ལྕགས་འཕར་བའི་ཐོག་གི་ཚ་ཚར་འཕྲོ་བ། གནམ་ལྕགས་ཐོགས་གི་འོད ་ཟེར་ལས། གནམ་ལྕགས་ཀྱི་མདའི་འཕེན་པ་དང་། འཁོར་ལོ་བསྒེག་ལྡན་གྱི་མདའ་འཕེན་པ་དང་། མཚོན་ཆ་འཁྲུག་པའི་ཆར་པ་རྒྱུན་དུ་འབབ་པ། ཕྱོགས་མཚམས་ཐམས་ཅད་ནས་རོ ་མྱགས་དུར་ཁྲོད་སྟོང་སྟོང་ཡོད་པ། དུར་ཁྲོད་ཀྱི་ཚལ་རེ་རེ་ན་མ་མོ་བྱེ་བ་དགུ་ཁྲི་དགུ་ཁྲི་ཡོད་པ། སྤྲུལ་པ་བྱེ་བ་ས་ཡར་འགྱེད་པ། ཤིན་ཏུ་གདུག་པ་འཆང་ཞིང་ཡངས་པ། མཚོན་ཆ་འཁྲུག་པའི་ཚར་པ་དང་། སྐད་མི ་སྙན་པར་གྲགས་པ། དྲི་མི་ཞིམ་པ། རོ་ལངས་པ་དང་། རོ་བདུག་མནམ་པ། རོ་རབ་ཏུ་ཁ་བ། དུར་ཁྲོད་ཀྱི་རྒྱན་དེ་དག་དང་རེ་རེ་ལ་ལས་ཀྱི་སྲིན་པོ་དང་སྲིན་མོ་ཤ་ཟ་བ་དང་།། ཁྲག་འཐུང་བ་དང་། དབུགས་འཕྲོག ་པ་དང་། མདངས་ལེན་པ་དང་། ཤ་རུས་ལོངས་སྤྱོད་པ་དང་། འཐུབ་པ་དང་། གཤོག་པ་དང་། སྤྱུགས་པའི་གླུ་ལེན་པ་དང་། སྟག་དང་། བྱ་རོག་དང་། ཁྲ་དང་། ཤ་བ་དང་། སྤྱང་ཀི་དང་། དོམ་དང་། དྲེད་དང་། ་གཟིག་དང་། སེང་གེ་དང་། སྲེ་མོ་དང་། བྱི་ལ་དང་། སྟག་རྒོད་དང་། ཕག་པ་དང་། སྦྲུལ་དང་། དེ་དག་ལ་སོགས་པ་ནི་ཤིན་ཏུ་ང་རོ་མི་སྙན་པ། སྡུག་པའི་སྒྲ་སྐད་རབ་ཏུ་སྒྲོགས་པའོ།། རབ་ཏུ་འཇིགས་པ་གདུལ ་བྱའི་གནས་དེ་ན་ནི། བཅོམ་ལྡན་འདས་དཔལ་ཁྲོ་མཆོག་ཡ་མཱན་ཏ་ཀ་ཞི་བ་ཀུན་ཏུ་བཟང་པོ་མཉམ་པ་ཉིད་ཀྱི་སྐུ་ལས། ལས་ཀྱི་གནོད་སྦྱིན་དྲེགས་པ་འདུལ་བའི་དོན་དུ་སྦྱིན་དྲེགས་པ་ཅན་གྱི་ཚུལ་བཟུང་སྟེ། གསེར ་གྱི་མདོག་རིན་ཆེན་དབྱིབས་འདྲ་བའི་སྐུ་ཉིད་ཆུ་ནག་གི་སྤྲིན་ནག་འདྲ་བ། གདུག་བྱེད་ཀྱི་མཚོན་ཆ་ཕྱག་ན་བསྣམས་ཏེ། དུར་ཁྲོད་རྒྱན་དང་རོ་ཉེས་སྤྲས། དེའི་ཚེ་ཡེ་ཤེས་དང་ལས་ཀྱི་ལྷ་མོ་འབུམ་གཙོ་མོ།། གཙོ་མོ ་ཉིད་ཀྱི་གཡོན་འཁོད་པ། ལས་བྱེད་འབུམ་གྱི་གཙོ་མོ་ཡང་། ལྷ་མཆོག་ཉིད་ཀྱི་གཡས་ན་རབ་ཏུ་ཁྲོས་པར་བཞུགས་སོ།། དེའི་ཚེ་དེའི་དུས་ན་འཁོར་ཡང་ཡེ་ཤེས་ལས་གྲུབ་པའི་འཁོར་དང་། གདུག ་བྱེད་ཡེ་ཤེས་ཀྱི་སྤྲུལ་པ་དང་། འཇིགས་རྟེན་རླག་པར་མཛད་པའི་གཤིན་རྗེ་ནི། ཕྱི་འབྱུང་བ་ལ་དབང་བྱེད་པའི་གཤིན་རྗེ་དང་། ནང་ཕུང་པོ་ལ་དབང་བྱེད་པའི་གཤིན་རྗེ་དང་། གསང་བ་རིག་པ་ཁྲིད་པའི་གསིན་རྗེ ་དང་། བསེའི་གྱད་གཏུམ་པོ་དང་། བསེའི་སྐྱེས་བུ་དྲག་པོ་དང་། བསེའི་རོལ་པ་དང་། བསེའི་ཁྱེའུ་ཆུང་དང་། བསེའི་ལྷ་མོ་དང་། བསེའི་སྐྱེས་པ་དང་། རྗེའུ་དང་། བློན་པོ་དང་། སྤྲུལ་པ་དང་། བསམ་ལས་འདས་པ ་སྟེ། དུར་ཁྱི་ནག་པོ་དང་། ལྕེ་སྤྱང་ནག་མོ་རོ་ལ་རྔམ་པ་དང་། མྱོས་བྱེད་དང་། ལྐུགས་བྱེད་དང་། འཛིན་གིང་དང་། སྤྲུལ་པ་ཡང་སྦྲུལ་དང་། རྗེ་མོ་དང་། ཡང་རྗེ་མོ་དང་། བློན་མོ་ཡང་གཡོག་མོར་བཅས་ཏེ། ལ་ལ་ནི ་ཤ་ལ་ཟ། ལ་ལ་ནི་ཁྲག་ལ་འཐུང་། ལ་ལ་ནི་རུས་པ་འཆའ། ལ་ལ་ནི་ངུ། ལ་ལ་ནི་དགོད། ལ་ལ་ནི་མི་སྡུག་པའི་གར་བྱེད། ལ་ལ་ནི་གླུ་ལེན། ལ་ལ་ནི་གོམ་པའི་སྟབས་རྡེག། ལ་ལ་ནི་གནམ་ལྕགས་འཕེན། ལ་ལ ་ནི་འཁོར་ལོ་འཕེན་ལ་ལ་ནི་མདའ་འཕེན། ལ་ལ་ནི་སྲོག་ལ་ཞལ་གྱིས་རྔུབ་སྟེ། ཁ་ནས་ཁ་རླངས་དུག་གི་ཆུ་འབབ། མིག་ནས་ཁྲག་འཛག། དབུགས་ཞེ་སྡང་གི་མེ་འབར་སྣ་ནས་ནད་ཀྱི་ན་བུན་འཐུལ། འཇིག་རྟེན ་ཁམས་ལ་དབང་བྱེད་པའོ།། དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ། ལས་ཀྱི་གནོད་སྦྱིན་མི་འགྲུངས་པ་འདུལ་བའི་ཕྱིར། ཀརྨ་ཁྲག་འཐུང་ཁྲོས་པའི་སྐུར་གྱུར་ཏེ། སྐུ་མདོག་སྨུག་ནག་ར་ག ་རཀྟའི་མདོག། དཔལ་འབར་ཆེན་མོའི་མདུན་ན་གནས།། འཇིག་རྟེན་དྲེགས་པ་ཅན་གྱི་འཁོར།། གདུག་པས་སྐྱོང་ཞིང་གཙོ་བོ་མཛད།། ཉིད་ལས་མི་གཞན་སྤྲུལ་བས་གདུག་པ་འདུལ།། ལྷ་ཀླུ་ལས་སོགས་འཇིག ་རྟེན་དྲེག་པ་ཅན།། དུར་ཁྲོད་མཆོག་གི་གནས་ནས་ཐབས་ཅིག་གོ། དེ་ནས་ཡང་དེའི་ཚེ་དེའི་དུས་ན། དཔལ་འབར་ཆེན་པོ་ཡ་མཱན་ཏ་ཀ་དེ། གདུག་པ་ཅན་དང་འདུལ་བའི་ཏིང་ངེ་འཛིན་ལ་མི་གཡོ་མི་འཁྲུག་པར ་བཞུགས་ཏེ། ཨོཾ་ས་མ་ཡ་ཨཱརྱ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ། ཧ་ལ་ཙཀྲུ། པཉྩ་རཱུ་པ་ནི། ཀུན་ལན་རྩ་ས་མ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཨེ་ཨ་ར་ལི་རུ་ལུ། ་རུ་ལུ་རུ་ལུ། ཧྲིང་ཧྲིང་ཧྲིང་། ཞེས་གསུངས་པས་གདུག་བྱེད་དྲེགས་པའི་འཁོར་དེ་དག་བྲེད། རབ་ཏུ་དངངས་ཤིང་བྲེད། ལུས་འདར། ཡིད་དངངས་ནས། རབ་ཏུ་དངངས་ཤིང་ཡིད་འཁྲུག་དྲན་པའི་སེམས་སྟོང་སྟེ། ་རང་རང་གི་སྲོག་ནི་གདུངས་པའི་ཤུགས་ཀྱིས་བརྗོད་དོ།། སྲོག་གི་སྙིང་པོ་ཕྱུང་ནས་ཕུལ་ལོ།། ཡ་མ་ཏ་དུ་ཨ་ར་ར་ཤ་ཤ་ཧ། ཙ་ཛ་རྩི་ཏྲི། ཏན་ག་ཕུ། བསྟན་པ་དམ་པ་བསྲུང་བར་དམ་བཅས་སོ།། དཔལ་གཤིན་རྗེ ་དམར་ནག་འབར་བའི་རྨི་རྒུད་ལས། དྲག་པོའི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་འཇིག་རྟེན་སྤོང་བའི་གཙོ་བོ་དེས་སྟན་ལས་ལངས་ཏེ། དཔལ་འབར་ཆེན་པོ་ཁྲོ་བདག་རྫ ་ལ།། བསྐོར་བ་ལན་དུ་མས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་དཔལ་འབར་ཁྲོ་བདག་རྗེ།། སྲིད་གསུམ་གདུག་པ་ཚར་གཅད་ནས།། འཇམ་པའི་དཔའ་བོས་བཞུགས་པ་དེ།། དེ་ཉིད་བསྒྲུབ་པར་བྱ་བ་ཡི།། ལས་དང ་བྱ་བ་བཀའ་སྩོལ་མཛོད།། ཅེས་ཞུས་པས། དཔལ་འབར་ཆེན་པོས་བཀའ་སྩལ་པ།། ཉིན་ཅིག་འཇིག་རྟེན་མགོན་པོ་ཁྱོད།། ལྔ་བརྒྱ་དུས་ཀྱི་ཉེ་དུས་སུ།། དམ་སྲི་དག་གི་བསྟན་པ་འབྱུང་།། རང་གིས་རང་གི་བསྟན་པ ་འཇིག། རྡོ་རྗེ་ནང་དམེ་བྱུང་བ་ཡིས།། སྔགས་ཀྱི་བྱིན་རླབས་ཉམས་པར་གྱུར།། ནད་དང་གདོན་དུ་འཁྲུག་པ་ཡིས།། དུས་མེད་ཆོ་འཕྲུལ་སྣ་ཚོགས་འབྱུང་།། དེ་ཚེ་ང་ཡི་དུས་ཡིན་པས།། བསྟན་པ་ང་ཡིས་གནས་པར ་བྱེད།། དུས་གསུམ་འབྱུང་བར་མ་ངེས་ཏེ།། ང་ལ་སུ་ཞིག་ཐུགས་གཏོད་ན།། ལྷ་མཆོག་ཉིད་དུ་མངོན་དུ་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་ནི་བཤད་བྱ་བ།། ང་ལ་ཉན་པར་བརྩོན་པ་ལེགས།། འཇིག་རྟེན་གཙོ ་བོཔོ་ལེགས་པར་ཉོན།། དད་པ་དང་ནི་དམ་ཚིག་གིས།། མཉམ་པར་རྫོགས་ལ་ཡིད་བསམ་སྟེ།། ཡུལ་ལ་རྟེན་པས་རྟོགས་པ་སྐྱེ།། སྣང་བ་སྟོང་པ་དབྱེར་མི་ཕྱེད།། རང་བཞིན་རྫོགས་ལ་དངོས་གྲུབ་མྱུར།། སྣང་ལ ་འགག་མེད་རྒྱན་ཤར་བས།། ང་ཡི་དངོས་གྲུབ་འདོད་པ་དེས།། སྐུ་མདོག་ཕྱག་མཚན་ངེས་མེད་བསྒོམ།། གལ་ཏེ་འབྱུང་པོ་དམ་སྲི་ནི།། རང་གི་རྒྱུད་ལས་ལྷར་སྲིད་པས།། བདག་ཅེས་མེད་པའི་ངང་དུ་བསྒྲལ།། ཅེས ་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། མ་རིག་འཁྲུལ་རྒྱས་རྒྱུ་ལུས་ལ།། བག་ཆགས་ཁྲིག་པའི་རྟེན་བཅས་ནས།། མི་འདོད་པ་དག་འབྱུང་གྱུར་བས།། མཚན་མ་རྫོགས་པས་གཤེད་པོ་ལྔས།། ལས་རྣམས ་རྫོགས་པར་བྱ་བའི་ཕྱིར།། གནས་དུས་དཀྱིལ་འཁོར་རྫས་ལ་སོགས།། གྲུབ་པའི་སྔགས་ལ་སོགས་པ་སྦྱར།། ནད་འཁྲུག་དམ་ཚིག་ཉམས་པའི་ཚེ།། འབྱུང་བ་བཤིག་ཕྱིར་གཤིན་རྗེ་རྦད། མཚོན་ཆའི་འཁོར་ལོ་རང ་སྲོག་གཅད།། བསྙེན་པའི་ལྷ་ཉིད་བདུད་དུ་དབབ།། ཅེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གླེང་བསླང་དྲག་པོའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དཔལ་འབར་ཆེན་པོ ་ལ།། འཇིག་རྟེན་མགོན་པོས་འདི་སྐད་ཞུས།། ཀྱེ་མ་དཔལ་འབར་ཁྲོ་བདག་རྗེ།། གདུག་པ་མ་ལུས་འདུལ་བའི་ཕྱིར།། ལྷོ་ཡི་རོ་ཕྱོགས་ཉམས་འཇིགས་པ།། ཤན་མ་རི་ལ་སོགས་པ་ནི།། དུར་ཁྲོད་ཤིང་གཅིག་དུར ་ཁྲོད་དང་།། བྲག་དམར་བྲག་ནག་ས་ཕུག་དང་།། ཉམས་དགའ་བ་ཡི་གནས་སུ་བྱ།། བྱང་ཆུབ་རྩལ་ནས་སེམས་སྦྱངས་ཏེ།། བསྙེན་པའི་དོན་དུ་གསུངས་པ་ཡི།། ཞི་ཁྲོ་ཆོ་ག་གཞུང་བཞིན་ཏེ།། འབྲས་བུ་ལྔ་ལ་རྟེན ་བཅས་ནས།། སྦྱོར་སྒྲོལ་མཆོད་པས་མཉེས་བྱས་ལ།། ལས་ཀྱི་རིམ་པ་རྫོགས་པར་བྱ།། ཁྲུས་དང་སྐབས་འགྲོ་སེམས་བསྐྱེད་ལ།། ཤག་གདབ་འབེན་བཅའ་གོ་ཆ་བསྟར།། ཕྱག་རྒྱ་ཆེན་པོའི་སྐུ་རྫོགས ་པས།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ།། ཀུ་ཤའི་སྟན་ལ་སེམས་པར་འདུག། རིས་སུ་བྲིས་སམ་འབུར་དུ་གཏོད།། མིག་གི་རྟེན་ལ་ཡིད་བསམ་ལྷ།། སྒོ་ལྔ་རང་སོ་ཡུལ་མེད་གཞག། བེ་ཤིང་འཁར་བ་ཐོགས་ནས ་ནི།། བྱིང་ནས་རྨུགས་པར་གྱུར་པ་ན།། འཇམ་དབྱངས་ཁྲོ་བོའི་འཛབ་ཀྱིས་བསྐུལ།། གཡེལ་ཞིང་དགོད་པར་གྱུར་པ་ན།། མཚན་མ་ལྷ་ཡི་སྐུ་ལ་བརྟག། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཁྲོ་རྒྱལ་རྔམ་པའི་རྒྱལ ་པོ་ཉིད།། བདག་དང་དབྱེར་མེད་རྫོགས་པའི་སྐུ།། ཐུགས་ཀའི་ཧཱུཾ་ལས་ཡི་གེ་ནི།། འཁོར་ལོའི་ཚུལ་དེ་རང་རྒྱུད་སྦྱངས།། ཀླད་པ་སྐུ་དང་མགྲིན་དབུགས་གསུངས།། འཁོར་ལོ་རྫོགས་པས་འཕྲོ་འདུའི་གནས།། མཚོན ་པའི་སྤྲིན་ཚོགས་རྒྱས་འགྱུར་བ།། མཐོ་གང་ལས་ནི་སྟོང་གསུམ་གང་།། འདོད་ཡོན་ཕུལ་ཏེ་བྱིན་བརླབས་བསྡུ།། སྔགས་ཉིད་ལྷ་ཡི་སྐུར་གྱུར་པས།། སྣང་བའི་དུས་ན་སྐུར་གསལ་བས།། སྟོང་པའི་དུས་ན་རྫོགས་པ ་ཉིད།། རྒྱུ་ལུས་ལྷ་ཡི་སྐུ་རུ་འཕོ།། ངག་གིས་གྲག་སྟོང་སྔགས་སུ་འཕོ།། སེམས་ཉིད་གསལ་སྟོང་ཆེན་པོར་འཕོ།། སྒྲིབ་པ་གསུམ་ལས་རིམ་པར་གྲོལ།། ནམ་མཁའ་བཞིན་ཏེ་མཉམ་རྫོགས་ཆེ།། འཁོར་ལོ་ཐམས་ཅད ་རྫོགས་པར་འདོད།། དཀའ་ཐུབ་ཆེན་པོ་བྱེད་པ་ན།། གསད་པའི་ལས་ཀྱི་སྔགས་ཡང་གདགས།། སྐུ་གཟུགས་བཞད་དམ་འགུལ་བའམ།། ལུང་སྟོན་སྒྲ་འམ་གཟུགས་བརྙན་ནམ།། རྨི་ལམ་རྟགས་རྣམས་མང་དུ ་འབྱུང་།། བསྟན་པར་རེད་ནས་དངོས་གྲུབ་སླང་།། ཞེས་གསུངས་སོ།། འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དཔལ ་འབར་ཆེན་པོ་ལ།། འཇིག་རྟེན་གཙོ་བོས་འདི་སྐད་གསོལ།། ཀྱེ་མ་དཔལ་འབར་ཁྲོ་བདག་ནི།། བསྙེན་པ་དེ་ལྟར་རྫོགས་གྱུར་ནས།། དངོས་གྲུབ་ལས་རྣམས་རྫོགས་པར་བྱ།། དེ་སྐད་གསོལ་པ་བཏབ་པ ་དང་།། དམ་ཚིག་བདག་པོས་ཡང་དག་གསུངས།། དུར་ཁྲོད་ཆེན་པོའི་གནས་དག་དང་།། གསར་རྙིང་ཡི་དགས་གྲོང་ཁྱེར་ན།། གདུག་པ་འདུལ་བའི་ཏིང་ངེ་འཛིན་གྱིས།། རྡོ་རྗེ་འགྲོས་དང་སྟང་ཐབས་བྱ།། གྲོང་ཁྱེར ་བཤིག་པའི་ས་དག་ལས།། རཀྵ་ཁྲག་གིས་ཆག་ཆག་གདབ།། གཞན་གྱི་ཐལ་ཆེན་མ་ཡིན་པ།། རང་གི་དོན་དུ་བསྒྲུབ་པ་ཡི།། ཐལ་ཆེན་གྱིས་ནི་བྲི་བར་བྱ།། གནམ་ས་གཉིས་ལ་ཐིག་བཏབ་པས།། དཀྱིལ་འཁོར ་རྣམ་གཉིས་ལྷུན་གྱིས་གྲུབ།། དུར་ཁྲོད་གཞལ་ཡས་ཕུན་སུམ་ཚོགས།། དབུས་ནི་གྲུ་གསུམ་མཐིང་ནག་ལ།། ཟླ་གམ་དམར་ལ་གྲུ་ཆད་སེར།། འཁོར་ལོ་བརྒྱད་དང་ཟླ་གམ་དམར་པོ་བཞི།། ཐོད་འཕྲེང་མེ་རིས་རབ ་ཏུ་མཛེས།། དུར་ཁྲོད་རྒྱན་དང་རྫོགས་སྤྲས་ལ།། རབ་ཏུ་འཇིགས་པར་དཔའ་བོས་བྲི།། ཞེས་གསུངས་སོ།། དེ་ནས་ཡང་དག་ངེས་གསུངས་པའི།། རྡོ་རྗེ་དཔའ་བོའི་ཚམ་རྔམ་གྱིས།། བགེགས་བསྐྲད་རྡོ ་རྗེའི་གུར་ཆེན་དབུབ།། སྒྲ་རྣམས་བརྡུང་ཞིང་ང་རོ་ཡིས།། དམ་ཅན་མཁའ་འགྲོས་སྤྲིན་ལྟར་གཏིབས།། ཚོགས་ཕུད་དེ་དག་མཉེས་བྱས་ལ།། རིས་སུ་བྲིས་སམ་བླུགས་སུ་བླུགས།། ཙ་ཀ་ལི་ལ་སོགས་པས ་དགྲམ།། ཡིག་འབྲུ་སྲོག་དང་འདྲ་བས་དགོད།། ཅེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། རྫས་ཕུར་བྱིན་བརླབས་དབང་བསྐུར་བ།། བསྐྱེད་པའི་སྔགས་བྲི་དར་ལྕེའུ་གདགས།། དབྱིངས་ནས་སྤྱན་དྲངས ་དབྱེར་མེད་བསྟིམ།། སོ་སོའི་རྩ་བའི་དྲག་སྔགས་ལས།། དགྱེས་ཤིང་བརྟན་པར་བྱ་བ་ནི།། གཤེད་ཕུར་ཉིད་ལ་ལྕགས་ཕུར་ཏེ།། དེ་འདྲ་སོར་ཚད་བཅུ་གཉིས་པ།། མ་མོ་གཉིས་དང་སྒྲོལ་གིང་ལའོ།། ཐར་བྱེད་བརྒྱད ་དང་དྲག་ཕུར་རེ།། ཡང་སྔོན་རེ་དང་བྲག་ལ་བྱ།། བསེ་ཏི་དུན་ཏི་བ་ཏི་དང་།། གོ་ཏི་ལ་སོགས་ཕུར་རྫས་སོ།། གློན་མ་ལ་སོགས་བླ་རྐུན་མ།། དགྲོལ་བདག་ལ་སོགས་དགོད་དང་བསམ།། ཡ་མཱན་ཏ་ཀ་ལ་སོགས ་པའི།། ཡབ་ཡུམ་སྲས་དང་བཅས་པ་ཡིས།། རུ་ཏྲ་སྒྲོལ་ཞིང་འགུགས་པར་བྱེད།། སྐུ་སྟོད་ཁྲོ་རྒྱལ་འཇིགས་པ་ལས།། སྨད་ནི་ལྕགས་ཕུར་དཔལ་དང་ལྡན།། ཞལ་ནས་ཕུར་བུའི་འཛབ་ཟློས་པས།། ཉི་ཤུ་བཞི་དང་རྩ ་བ་བཞིས་མཛེས།། རྟེན་བཅའ་འབེན་བཅའ་ཐུན་ཡང་བཅའ།། འབྲུབ་ཁང་ཆས་གཞུག་སྦྲང་ཕུར་བཅའ།། བསྒྲུབ་དང་དྲག་པོའི་གཏོར་མ་བཅའ།། དངོས་གྲུབ་ལ་སོགས་ཚེ་རྟེན་བཅའ།། ལས་ཀྱི་སྦྱོར་བ་སྦྱར་སྐབས ་ལ།། ཞི་དང་རྒྱས་པ་དག་དང་སྦྱར།། མངོན་སྤྱོད་དག་དང་འགུག་པ་དང་།། དབྱེ་བསྐྲད་མནན་དང་སྤྲོ་འཕྲོས་དང་།། ལས་ནི་གསང་བའི་སྔགས་དང་སྦྱར།། ཅེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། ཆོས ་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས།། སྤྲོས་པའི་མཚོན་ཆ་མི་མངའ་བའི།། རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ནི།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། རང་བཞིན་སྤྲོས་དང་བྲལ་བ་ལ།། རིག་པ་སྤྲོས་བྲལ་མི་རྟོག ་པས།། ཆོས་སྐུ་བདེ་བ་ཆེན་པོའི་ཀློང་།། ཆོས་ཉིད་ཀུན་ཁྱབ་ཡེ་ནས་དོན།། མ་རྟོག་སེམས་ཅན་འཁོར་བ་ལ།། སྙིང་རྗེ་ནམ་མཁའ་ལྟ་བུའི་འོད།། སྐྱེ་བ་མེད་ལས་སེམས་ཉིད་ཨ།། ཨ་ཡི་ཆོ་འཕྲུལ་བྱིན་རླབས ་ལས།། འབྱུང་བ་དབང་ཆེན་ས་བོན་སྤྲོས།། ཡུམ་ཆེན་ལྔ་ཡི་མཁའ་ཀློང་ནས།། ཐུགས་རྗེ་འབྱུང་བའི་ཡིག་འབྲུ་ལས།། གྲུ་གསུམ་མཐིང་ནག་གཞལ་ཡས་ཤར།། དྲེགས་པ་ཁྱོ་ཤུག་ཉི་ཟླ་མཛེས།། ཨ་ལས་སྤྲུལ་པའི་ཧཱུཾ ་ནག་ནི།། སྟག་གཟིག་དུག་གི་འཕྲོ་དང་འདྲ།། སྤྲོས་འདུལ་ཐུགས་མཚན་ཉིད་ལས་ནི།། དཔལ་འབར་ཁྲོས་པས་གཤིན་རྗེ་གཤེད།། མཐིང་ནག་ཞལ་གསུམ་ཕྱག་དྲུག་སྟེ།། གྱད་ཀྱི་དོར་སྟབས་ཡི་དགས ་གནོན།། གཡས་སྔོ་གཡོན་ལྡང་དབུས་མཐིང་ཞལ།། བེ་ཅོན་དགྲ་སྟ་སྟིར་དབྱུག་གཡས།། སྡིགས་མཛུབ་མཐེའུ་ཆུང་ཐོད་རློན་གཡོན།། ཀོ་རློན་གཡང་གཞི་ཤམ་ཐབས་དང་།། ཐོད་འབྲེལ་སྦྲུལ་དང་མེ ་རིས་བརྒྱན།། རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང་།། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།། དབང་བསྐུར་བྱིན་གྱིས་རློབ་དང་སྒོམ།། དེ་དོན་ཡང་དག་ངེས་བཤད་པ།། སྐྱེ་མེད་སེམས་ཉིད་དོན་དམ་ལྷ།། དེ་ཡི་ངང་ལས ་སྐུ་གསལ་བ།། མཚན་མའི་ལྷ་ཞེས་བྱ་བ་སྟེ།། དེ་ལས་སྤྲུལ་པ་ལས་ཀྱི་ལྷ།། དེ་ལྟར་གསལ་བའི་སེམས་ཉིད་དེ།། སྙིང་པོ་བྱང་ཆུབ་སེམས་ཞེས་བྱ།། སེམས་ལ་འགྱུར་མེད་རྟག་ཆེན་སྔ།། དེ་ཉིད་ངང་གི་སྟོང་པ ་ཉིད།། རོ་ལངས་ཁྲོ་མོ་དཔལ་འབར་མ།། ཐིག་ལེ་གསང་སྔགས་ས་བོན་རྒྱུ།། དེ་ཉིད་དོན་དམ་སྟོང་པ་ཉིད།། གདུག་པ་འདུལ་ཕྱིར་ཞེ་སྡང་ཁྲོས།། རྩ་བའི་ས་བོན་རྒྱུ་དང་བྲལ།། འཇམ་དཔལ་ཁྲོས་པས་གཤིན་རྗེ ་གཤེད།། ཐུགས་སྦྲུལ་གཤིན་རྗེ་མ་རུ་རྩེས།། བདུད་ནི་སྲིན་མོ་མ་རུ་རྩེ།། དུར་ཁྲོད་ཁྲག་ལ་རོལ་པའི་ཕྱིར།། སྣང་སྲིད་རཀྟའི་གཞལ་ཡས་སུ།། སྐུ་མདོག་དམར་ནག་ཁྲག་རུལ་མདོག། དྲང་སྲོང་ཁྲོས་པའི་ཆ་བྱད ་ཅན།། བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ།། བསེ་མོ་སྙིང་ཟན་མ་རུ་རྩེ།། བློན་མོ་ཡང་བློན་ལ་སོགས་པ།། དཔག་ཏུ་མེད་པས་བསྐོར་བར་བསམ།། ཏིང་འཛིན་དཀྱིལ་འཁོར་རིམ་བསྐྱེད་དེ།། ཡེ་ཤེས་དཀྱིལ ་འཁོར་སྤྱན་དྲངས་མཆོད།། དུས་བཞི་མ་ཡེངས་བརྩོན་འགྲུས་ཀྱིས།། ཡང་དང་ཡང་དུ་བྱ་བ་མིན།། ཡ་མཱན་ཏ་ཀ་ལ་སོགས་པའི།། ཐུགས་ཁ་ལ་སོགས་གནས་དག་ཏུ།། འཁོར་ལོ་རྫོགས་པའི་ཐིག་ལེ་ཀློང་།། བཅུད ་ཀྱི་དམ་པ་འདི་ཉིད་ལ།། དཀྱིལ་འཁོར་ཐམས་ཅད་རྫོགས་པར་འདོད།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། དངོས་གྲུབ་ཆེན་པོ་རྫོགས་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་དཔལ་འབར་ཆེན ་པོ་ལ།། འཇིག་རྟེན་ཇོ་བོས་ཡང་དག་བཤད།། ཀྱེ་མའོ་འཇིགས་བྱེད་ཆེན་པོ་ལགས།། དངོས་གྲུབ་ཆེན་པོ་རྫོགས་མཛད་པས།། རྫོགས་དང་འཕོ་བ་བྱང་སེམས་གང་།། དེ་ལ་ཡང་དག་བཤད་བྱ་བ།། སྟོང་པ་ཉིད ་ལས་སྐུ་རུ་གསལ།། འགྲོ་དོན་ཐུགས་རྗེ་རྫོགས་པ་ལ།། དཀྱིལ་འཁོར་རྫོགས་པའི་བདག་ཉིད་ཅན།། ཀླད་པ་སྐུ་ཡི་འཁོར་ལོ་ལ།། མགྲིན་པ་གསུང་ལ་སྙིང་ཁ་ཟུགས།། ལྟེ་བ་ཡོན་ཏན་འཁོར་ལོ་ལ།། གསང་བའི ་འཕྲིན་ལས་འཁོར་ལོ་ལ།། སྟོང་པ་ཉིད་ལས་སྐུར་གསལ་བ།། ཙིཏྟ་གསང་བའི་གའུ་རུ།། ཡེ་ཤེས་འཇམ་དཔལ་རྡོ་རྗེ་ཉིད།། འཁོར་ལོ་རྫོགས་དང་ཡིག་འབྲུས་བརྒྱན།། ཆོས་ཉིད་འཁོར་ལོ་རྫོགས་རྩར་འདོད།། བདེ ་ཆེན་འཁོར་ལོ་རྫོགས་རྩར་འདོད།། བདེ་ཆེན་འཁོར་ལོ་རྫོགས་ཚུལ་གྱིས།། གསང་བ་ཡ་མ་ར་ཙའི་སྐུ།། གཟུགས་སྣང་འོངས་སྤྱོད་རྫོགས་པར་མཛད།། ལོགས་སྤྱོད་ཆེན་པོས་སི་ར་གཉིས།། ཐུགས་རྗེ་ཆགས་ཚུལ ་མ་རུ་རྩེས།། སྒྲ་སྣང་སྤྲུལ་བའི་སྐུར་རྫོགས་མཛད།། གཞི་སྟེངས་ཡོན་ཏན་རྫོགས་པ་ཡི།། སྤྲུལ་པ་ཉིད་ལ་འཁོར་ལ་རྫོགས།། ཡེ་ཤེས་མྱོས་བྱེད་འབར་བས་ནི།། ཡོན་ཏན་ཡེ་ཤེས་ཀློང་དུ ་རྫོགས།། གསང་བ་རྫོགས་པའི་མེ་རླུང་ཉིད།། ཐོགས་མེད་རལ་པ་ཚར་དགུ་ཡིས།། ཀུན་ནས་རྫོགས་པས་དོན་འགྲུབ་སྟེ།། དཀྱིལ་འཁོར་ཐམས་ཅད་རྫོགས་པའོ།། ཡེ་ཤེས་སེམས་རྫོགས་གཟུགས་དཀྱིལ་དུ།། ཁ ་དོག་ལྔ་ལྡན་ཡིག་འབྲུ་ལྔ།། ས་པ་ཏ་ཙ་རུ་ལ།། ཨ་ལི་དྲུག་པས་བརྒྱན་པ་སྟེ།། ཨཱ་ལི་བན་ཙས་སྤྲོས་པ་ཉིད།། གཅིག་ལ་ལྔ་རྫོགས་ཡེ་ཤེས་རྟགས།། འཇིགས་པའི་བདུད་འཇོམས་འགྲོ་དྲུག་བཅོད།། ཉོན་མོངས་ལྔ ་ཉིད་རང་སར་གྲོལ།། ཐོགས་མེད་ངོས་གཟུང་མེད་པ་དང་།། འགྱུར་མེད་འགག་མེད་གསལ་སྟོང་འོད།། མ་བྲིས་དཀྱིལ་འཁོར་རྫོགས་ཆེའོ།། རང་འོད་རང་སྣང་ཡིག་འབྲུ་ལ།། འཁོར་ལོ་རྫོགས་པའི་ཡིག་འབྲུ ་ལ།། མ་རྟོགས་སེམས་ཅན་རང་རྒྱུད་སྦྱང་།། རྟོགས་པའི་རྣལ་འབྱོར་གདེང་ལྡན་ཉིད།། འཁོར་ལོ་ཡེ་ནས་རྫོགས་པའི་དོན།། དུག་ལྔ་ཡེ་ཤེས་རྫོགས་པ་ཆེའོ།། འབྱུང་བ་ལྔ་འདུས་ཕུང་པ་ཉིད།། ལོངས་སྤྱོད་རྫོགས་པ ་ལྷ་ཡི་སྐུ།། ངང་དང་ཡིད་ཀྱང་དེ་བཞིན་ནོ།། ཨེ་མ་ངོ་མཚར་ཡང་ཆེན་པོ།། སྐུ་ལ་བགྲེས་རྒུད་མི་མངའ་གཞོན།། གསུང་ལ་འགག་པ་མེད་པས་བདེ།། ཐུགས་ལ་སྐྱེ་འགག་མེད་པས་གསལ།། འཕེལ་འགྲིབ་མེད་དེ ་གྲོལ་བ་ཆེ།། ཐོག་མེད་བཀག་མེད་རྫོགས་པ་ཆེའོ།། དེ་དག་ཡང་དག་བཤད་བྱ་བ།། འཇམ་དབྱངས་རྡོ་རྗེ་ཉིད་གསལ་བས།། རྔམ་པར་སྣང་བས་མི་འགྱུར་བ།། ཐིག་ལེ་རྡོ་རྗེ་སེམས་དཔར་འཕོ།། འཁོར་བའི་སྨག ་རུམ་མུན་བསལ་ནས།། ཆོས་དབྱིངས་རྣམད་ག་བྱང་ཆུབ་ཆེ།། མཁའ་ལྟར་དག་པས་སེམས་ཉིད་དངོས།། ཀླད་པ་སྐུ་ཡི་འཁོར་ལོ་ཡི།། བདེ་ཆེན་འཁོར་ལོ་ཆེན་པོ་ནི།། མ་ར་ཙའི་སྐུ་གསལ་བས།། རྣམ་པར་སྣང་བའི ་སྐུ་རུ་འཕོ།། མེ་ལོང་ཡེ་ཤེས་གསལ་བ་ཆེ།། མགྲིན་པ་གསུང་གི་འཁོར་ལོ་ལ།། འཕགས་པ་མ་རུ་རྩེ་གསལ་བས།། སྣང་བ་མཐའ་ཡས་སྐུ་རུ་འཕོ།། ཆགས་པ་མ་འགག་སོ་སོར་རྟོགས།། ལྟེ་བ་ཡོན་ཏན་ཆེན་པོའི ་དཀྱིལ།། མྱོས་བྱེད་འབར་བར་སྐུ་གསལ་བས།། ཡོན་ཏན་རང་བྱུང་རང་རོལ་བས།། རིན་ཆེན་འབྱུང་ལྡན་སྐུ་རུ་འཕོ།། མཉམ་ཉིད་ཡེ་ཤེས་ཟང་ཐལ་ཆེ་ཧོ།། གསང་བ་འཕྲིན་ལས་འཁོར་ལོ་ལ།། རལ་བ་ཚར་དགུ ་གསལ་བ་ལས།། དོན་ཡོད་གྲུབ་པའི་སྐུ་རུ་འཕོ།། མ་བརྩལ་ཡེ་ཤེས་འགྲོ་དོན་རྫོགས།། སྐྱེ་མེད་དབྱིངས་ལས་སྐུ་གསལ་ལྷ།། གསལ་བ་ཡེངས་མེད་ཏིང་འཛིན་སྲོག། དགོངས་པས་ཀློང་དུ་སྒྲོལ་བས་སྙིང་།། སྣང་ལ ་རང་བཞིན་མེད་པར་རྫོགས།། གཞི་ལ་སྐྱེ་བ་མེད་པའི་དཀྱིལ།། རང་འབྱུང་འགག་པ་མེད་པར་འཁོར།། སྟོང་པ་བྱང་ཆུབ་སེམས་ཉིད་ཡུམ།། རང་འབྱུང་རིག་པ་ཤར་གསལ་ཡབ།། ཟུང་དུ་འཕེལ་བར་གཉིས་མེད ་སྲོག། ཅེས་གསུངས་སོ།། དེ་ནས་ཡང་དག་ངེས་གསུངས་པ།། དོན་དམ་སྲོག་གི་སྤྲོས་བྲལ་ཏེ།། རྣལ་འབྱོར་ཉམས་ལ་འབྱོར་པས་ཐོབ།། ཀུན་རྫོབ་སྐུ་གསུང་ཐུགས་གསལ་ཏེ།། ཏིང་འཛིན་ཡེ་ཤེས ་རྫོགས་པ་ཧོ།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། འཁོར་ལོ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དཔལ་འབར་ཆེན་པོ་ལ།། འཇིག་རྟེན་མགོན་པོས་འདི་སྐད ་ཞུས།། ཀྱེ་ཧོ་དཔལ་འབར་ཁྲོ་བོའི་བདག། བསམ་པ་མྱ་ངན་འདས་གྱུར་ཀྱང་།། དོན་དང་ལྡན་པའི་རྣལ་འབྱོར་པས།། དོན་དེ་དཀྲུག་པའི་དགྲ་བྱུང་ན།། དེ་ལ་ཇི་ལྟར་གསལ་བ་ལས།། དེ་ནས་ཡང་དག་བཤད ་བྱ་བ།། ཏིང་འཛིན་གསང་སྔགས་དྲག་པོའི་རྫས།། འབྱོར་པ་རྣམ་པ་གསུམ་དུ་སྡེབ།། སྐད་ཅིག་བདག་གམ་རིམ་པ་ཡིས།། འཇིགས་སྐུ་མཐིང་ནག་མེ་དཔུང་འབར།། ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། མཐིང་ནག ་གྱད་ཀྱི་འཇིགས་ཚུལ་ཅན།། རིགས་ལྔའི་ཁྲོ་བོ་དབུ་ལ་བརྒྱན།། ཐུགས་ཁར་ཡེ་ཤེས་སེམས་དཔའ་མཐིང་།། མགུར་ནས་ཞབས་ཀྱི་ལོང་བུ་རུ།། ཤེས་རྒྱུད་ཁྲོ་ཐུང་མཚོན་གང་བ།། མེ་རླུང་ལས་ཀྱི་འཁོར་ལོ ་བསྣམས།། དེ་ལས་སྤྲུལ་བའི་འོད་ཟེར་གྱིས།། མཚོན་ཆ་འཁོར་ལོའི་མེ་དཔལ་སྔགས།། རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས།། སྲིད་པ་གསུམ་ཡང་འགུག་པར་ནུས།། ར་ལས་རཀྟ་མ་ཧཱ་ལས།། སྣང་སྲིད་ཁྲག་མཚོ་ཁོལ ་མར་བསམ།། བཛྲ་ཀྲོ་དྷ་ཡཀྐ་མ་རུ་རྩེ།། འཇིགས་པའི་སྐུ་མདོག་དམར་ལ་གཏུམ།། བེ་ཅོན་འཁོར་ལོ་ཕྱག་ན་བསྣམས།། དེ་ནས་སྤྲུལ་བའི་བསེ་མོ་དང་།། གྱད་ཀྱི་དམག་དཔོན་ལ་སོགས་བསམ།། ཆོས་ཀྱི་རྒྱལ་པོ ་ལ་སོགས་པས།། ཉི་ཟླ་འཁོར་ལོ་ལྟར་བཞོན་ནས།། མཚོན་ཆའི་འཁོར་ལོ་རབ་ཏུ་བསྐོར།། སྣང་བ་འདི་དག་རབ་ཏུ་བསྐོར།། ལྕགས་ཀྱུ་ཁེངས་པར་རབ་བསྒོམ་སྟེ།། ཛ་ཡི་སྦྱོར་བས་འགུག་པར་འགྱུར།། ཁ་ཁ་རུ་ལུ ་ལ་སོགས་པས།། འཇིག་རྟེན་རྨེ་དུད་ཐོག་པ་ཡིས།། འཇིགས་རྟེན་ཁམས་རྣམས་ཁེངས་བསམ་ནས།། ཕཊ་ཀྱི་སྦྱོར་བས་བྱེད་པར་འགྱུར།། གང་དག་ལྷ་ཀླུ་མི་ལ་སོགས།། གཟིར་ཅིང་མནན་པར་འདོད་ན་ཡང་།། རི ་རྒྱལ་རྦབ་དང་ལྕགས་ཐོག་འདྲས།། མགོ་འགས་ལུས་ལ་ཤེར་བཏབ་བསྒོམ།། ཏྲིག་ནན་སྦྱོར་བས་གཟིར་བར་འགྱུར།། རི་རབ་རྒྱ་གྲམ་དག་དང་ནི།། གླིང་བཞི་གླིང་ཕྲན་ལྷ་ཡི་དཔལ།། སྟོང་གསུམ་གླིང་བཞི་རི་རབ ་དང་།། འཕྲོ་འདུ་ལྷ་ཡི་གཞལ་ཡས་སུ།། ལྷ་ཚོགས་ཕོ་བྲང་གཏམས་པ་དང་།། དོན་ཡོད་གྲུབ་པའི་ཕོ་བྲང་དང་།། ལམ་དང་ནན་གྱི་སྦྱོར་བ་ཡིས།། སྲིད་པ་གསུམ་ཡང་ནོན་པར་འགྱུར།། རྡོ་རྗེ་ཁྲོ་བོ་གསལ་བ ་དང་།། མཚོན་ཆ་འཁྲིག་པའི་ག་པུ་དང་།། རྡོ་རྗེ་ལྕགས་ཀྱུ་ལྡན་པ་ཡིས།། ཧུར་ཐུམས་ཛ་ཡི་སྦྱོར་བ་ཡིས།། དྲེགས་པའི་སྲོག་སྙིང་འཕྲོག་པར་འགྱུར།། ཨེ་ནི་འབར་བའི་སྤར་ལུག་དང་།། གདུབ་རྩུབ་འཁྲིག་ཤིང་ཧོམ ་ཁུང་དུ།། ཛ་ལ་རམ་གྱིས་སྦྱོར་བ་ཡིས།། མངོན་སྣང་དངོས་མེད་སྲེག་པར་འགྱུར།། རལ་གྲི་སྤུ་གྲི་འཁོར་ལོ་དང་།། མར་ཡའི་སྦྱོར་པ་ཐམས་ཅད་སྒྲོལ་བར་ནུས་པ་ཡིན། ཞེས་གསུངས་སོ།། དེ་ནས ་ཡང་དག་བཤད་བྱ་བ།། བདག་ཉིད་ལྷ་རུ་གསལ་བ་ཡི།། ཐུགས་ཁ་ལ་སོགས་གནས་གསུམ་དུ།། སྐུ་གསུམ་ཡིག་འབྲུ་དེ་ཉིད་སྔགས།། རབ་ཏུ་མགལ་མེ་འཁོར་ལོའི་ཚུལ།། དྲིལ་བུའི་སྒྲ་ལྟར་རྒྱུན་མི་འཆད།། འོད ་ཟེར་ཉི་མ་ལྟ་བུ་སྟེ།། འདོད་པའི་ཡོན་ཏན་མ་སྤྲུལ་ཏེ།། བདེ་གཤེགས་མཆོད་ལ་བྱིན་བརླབས་ལུས།། བདག་དང་སེམས་ཅན་རྟོག་སྒྲིབ་སྦྱང་།། དེ་ཉིད་དྲག་པོའི་ལས་ཀྱི་དུས།། མཚོན་ཆའི་འཁོར་ལོ་ཉིད་དུ ་བསམ།། དེ་ཉིད་མ་རུ་རྩེ་སོགས་ལ།། ཁྲོས་པས་རང་རང་འཁོར་ལོ་བསྐོར།། ཆོས་ཀྱི་རྒྱལ་པོ་ལ་སོགས་ལ།། རང་རང་ཡིག་འབྲུ་བཞི་བཞི་ནི།། ཡ་ནི་སྔོ་ནག་དག་ལ་འཁོར།། དེ་ཡིས་འཁོར་ལོ་བསྒྱུར་བ་ཡིན། ཞེས ་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། བསྟན་པ་འཇིག་པའི་རུ་དྲ་དེ།། ལུས་ནི་འབྱུང་བ་ལས་གྲུབ་པས།། ཅི་འདྲ་ཅི་གསལ་བསྒོམས་པ་ཡིས།། སྙིང་ཁར་ཡི་གེ་ནི་དམར་བསམ།། དེ་ལ་མཚོན་ཆའི་ཡི་གེ ་ནི།། མ་ར་ཡ་ཡིས་བསྐོར་བར་བསམ།། རང་གཤེད་ཡིན་པས་རལ་གྲི་བསམ།། དྲག་སྔགས་འཁོར་ལོ་འཕྲོས་པ་ཡིས།། རང་སྲོག་དེ་ཉིད་གཅོད་པར་བསམ།། འཇིགས་བྱེད་ལས་ཀྱི་གཤིན་རྗེ་དང་།། དམར་ནག་མ ་མོ་མང་པོ་ཡིས།། ཤ་རིད་དག་ལ་སྦྲང་འདུས་འཚལ།། ཧ་བ་ཧབ་ཐུན་ཐུན་འདུས་པར་བསམ། ཁ་རླངས་ནད་ཀྱི་རང་བཞིན་གྱིས།། རྩ་རྣམས་ཁེངས་ཏེ་མྱོས་པར་བསམ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ ་རྒྱུད་ལས།། མཚན་མ་བརྗོད་པ་རྫས་ཀྱི་ལས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འབར་བ་ཆེན་པོ་དེས།། དྲག་པོའི་སྔགས་ཀྱིས་ངེས་པར་བཤད།། འཕགས་པའི་ནང་ནས་འཇམ་དཔལ་ཉིད།། ལྷ་མོའི་ནང ་ནས་འོད་ཟེར་ཅན།། ལས་བྱེད་ནང་ནས་ཛ་ཏི་མ།། འཁོར་ནི་ནག་མོ་འབུམ་གྱིས་བསྐོར།། བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ།། དེ་བསྒོམ་དེ་ཉིད་བོད་རྦད་སྔགས།། ཨོཾ་ས་མ་ཡཱ་ཨཱརྱ་མཉྫུ་ཤྲཱི་མུ་ཏྲ་ཡ་མན་ཏ ་ཀ། བན་ཙ་ཏེ་རོ་ནི་ཧཱུཾ་ཛ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མན་ཏ་ཀ་ཀ་མ་རཱུ་པ་ཧཱུཾ་ཕཊ། ཏ་ཨ། ནརི་ཡ་མན་ཏ་ཀ་ཀ་ལ་རཱ་པ་ནརི་དྲོངས་ཤིག། ཤྲཱི་ཏེ་ཀྲོ་ཧ་ཧ། ཤྲཱི་ནི་ཛ་ཡ་ཁཾ་ཐུམས།། ནརྀ་ཛཱ་འགལ་བྱེད་སོད། ཀླག་བྱེད་གཙོ་ཁང ་ཁང་ཐམས།། ཨོཾ་ས་མ་ཡ་མ་འཛུ་གུག་ཏ་ཧཱུཾ། ཨ་ནུ་རཱ་ག་ཡ་མཱ་ན་ཏ་ཀ་ཧཱུཾ། དེ་ཕྱི་ཐམས་ཐམས།། ཧེ་སྲ་ཧ་དམ་དམ། ས་མ་ཡ་གུ་གུ་དུལ། ཡ་མན་བམ་རིམ་རྦད་ཟད། སོད་ཆོད་སོད་ཆོད། གཏུམ་མོ་རོ་ལངས ་འཇིགས་པའི་གཟུགས།། དེ་ཉིད་དེ་བསྒོམ་བོད་རྦད་གསང་།། ཨོཾ་མཉྫ་ཤྲིཿཡ་མན་ཏ་ཀ་ཨུ་ཙུཥྨ་ཀྲ་ཏྲ་སྭེ་ཏ་ལི། མུཾ་ཀྲོ་དྷི་ཤྭ་རི། རག་ཤ་ཡག་ཤ་ཛཱ་ཛ། སྙིང་ཁ་རག་བྷྱོ། ནག་མོ་སྙིང་རྩ་མ་བྷྱོ། ཁྲག་ལ་མུ་ཤ་མ ་བྷྱོ།། ནག་མོ་ཏིང་ལམ་བྷྱོ། ནག་མོ་ཏིང་ཏིང་ཀཱ་ལ་རག་མོ་བྷྱོ། དུམ་རུ་མ་ལ་དུམ་པྲ། ཙ་རུ་ར་དུམ་བུ། ཁྲ་སུ་ཁ་ཁ་ཟུམས།། དམ་ཙི་རུ།། དུས་ཡ་ན་རྦད། སྒེག་མ་ཁྲོ་མ་རལ་གཅིག་མ།། དེ་ཉིད་སྙིང་པོ ་འདི་དག་གོ། ཨོཾ་མཉྫུ་ཤྲི་ཡ་མཱ་ན་ཏ་ཀ། མ་མ་ཨེ་ཀ་ཛ་ཏི་ཛ་ཛཱ། ཏྲག་རག་ཤ་མུ། སྙིང་ཁ་རག་མ་བྷྱོ། ནག་མོ་ཁ་ལི་བཾ་ཛ་བྷྱོ། ཁ་འགྲམ་མུ་འགྲུམ་བྷྱོ། བྷྱོ་བྷྱོ་བྷྱོ་རུ་ཏྲ་རྦད། རག་ཤ་རྦད། སྙིང་རྩ་རྦད། ཁ་ཐུན་རྦད། ཙི ་ཏ་རྦད། མ་ར་ཡ་རྦད། ཐལ་ཕྱུང་ཐལ་ཕྱུང་།། མ་ཐུན་མ་མ་ཐུན།། རྦད་དུ་རྦད་དུ། དུ་ཡཾ། ཙི་ཏ་ཡང་། རུ་ཐུམས་ས་མ་ཡ་རཾ་ཐུ། བྲུཾ་པུ་རུ། རུ་ཐུ་ཡ་ན་རྦད། ཧཱུཾ་དུ་ཧཱུཾ་ཕཊ་རྦད། རྩ་བའི་སྔགས་དང་ལས་སྔགས ་དང་།། དམོད་པའི་སྔགས་དང་གསང་སྔགས་དང་།། མ་ལུས་དེ་ཉིད་ཡིན་པ་རུ།། དམ་ཚིག་བདག་པོས་རབ་ཏུ་གསུངས།། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། བྱེ་བ་སྔོན་དུ་འགྲོ་བར་རིགས།། རི ་རབ་རྡུལ་དུ་རླག་པ་དང་།། རྒྱ་མཚོ་དག་ཀྱང་སྐམ་པར་ནུས།། གནམ་ལྕགས་སེར་བ་དབབ་པ་དང་།། བཟློག་པ་དག་ཀྱང་ཐོག་པ་མེད།། ཁྲོས་ན་བདུད་ཀྱང་བརླག་བྱེད་ལ།། ལྟས་པ་ཙམ་གྱིས་དགྲ་ཡང ་རུང་།། དགའ་ན་སེམས་ཅན་གསོ་བ་དང་།། འཁོར་བ་དོང་ཡང་སྤྲུག་པར་ནུས།། སྔགས་ཀྱི་དོན་ཉིད་ལྷ་ཡིན་ཏེ།། ལྷ་ཡི་ཡང་བཞིན་སྔགས་ཉིད་དོ།། དེས་ན་བསྐྱེད་པ་མེད་ཡང་ནི།། ལུང་ལས་ཆུ་བུར་རྡོལ་བ ་བཞིན།། སྙིང་པོས་ཡན་ལག་རྫོགས་པར་གསལ།། དེ་ཉིད་བསྙེན་དང་སྐྱེད་པ་ནི།། རིག་པ་ཅན་གྱིས་དེ་ཤེས་བྱ།། སྒྲུབ་པའི་དུས་སུ་སིལ་བུ་འམ།། ཡང་ན་དྲིལ་ལ་བཟླས་པར་བྱ།། ཡི་གེ་རྫོགས་པའི་འཁོར་ལོ ་ནི།། གཤེད་པོ་ལ་སོགས་ཐུགས་ལ་གནས།། གྲངས་དང་མཚན་མ་དུས་ལས་ནི།། མཚན་མ་མཐོང་ན་དེ་ཉིད་ཡིན།། ཡབ་ཡུམ་སྔགས་ཀྱི་གྲངས་ཐིམ་ཡང་།། ལྷ་ཡི་མཚན་མ་མ་མཐོང་ན།། སྔགས་ཀྱི་དམ་ཚིག་ཉམས ་སྲིད་པས།། ལྷ་ལྷུམས་བསིལ་ལ་བརྒྱ་གཤེགས་བྱ།། དེ་ཚེ་མཚན་རྟགས་མངོན་དུ་སྟེར།། དེས་ཀྱང་རྟགས་རྣམས་མ་བྱུང་ན།། གསང་སྔགས་སིལ་བུར་ལྟོ་ནས་བཟློག། རུ་ཁུག་རུ་ཉལ་རུ་ཉལ་དང་།། རུ་བཟློག་དྲག ་པོས་གནད་ལ་དབབ།། གཞུག་ལ་དམ་ཚིག་བརྡར་ལ་གཞག། ལྷ་ཉིད་གནད་ལ་དབབ་པ་སྟེ།། ཀུན་གྱིས་བྱ་བ་མ་ཡིན་ཏེ།། ལས་རྣམས་རྡུགས་ནས་བྱ་བ་ཡིན།། མི་འགྲོ་འགྲོ་བར་བྱ་བ་ཡིན།། མི་འགྲུབ་འགྲུབ་པར ་བྱ་བར་བ་རུ།། དམ་ཚིག་བདག་པོས་རབ་ཏུ་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། གཏུམ་ཁྲོས་འཇིགས་པ་ཡ་མ་ར།། དྲག་པོའི་གསང་སྔགས་འདི་དག་གོ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ་ས་དོ་མེ་ཡ། ཡཾ་ཡཾ་ཟུམས།། ་གཤིན་རྗེ་ནག་པོ་སྙིང་པོ་སྙིང་ཁྲག་ལ་དུན་བྷྱོ། མ་རུ་རྩ་རྩ་ལ་ཧུར་བུག་ལ་ཐུམས་སྲོག་ལ་མ་ར་ཡ། ཏྲི་ལིང་ཤང་ཀ་དུ། ཏྲི་ཛ་ཡག་ཤ། རྦད་ཕུ། ཕྱེ་མ་ཁ་བདར་རུ་རུ་པྲ་སྒྲ་དུམ་དུམ་ཤིག། དགྲ་བོ་ནི་མ་ར་ཡ་ཙ་ཙ་ར ་རྦད། དྲག་སྔགས་གསང་བའི་ལས་དག་ཡིན།། ཡག་ཤ་མེ་དཔལ་སྲོག་བདག་ཆེ།། སྔགས་བདག་འཁོར་ལོས་ཐུགས་ལ་གནས།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒུད ་ལས།། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་དཔལ་འབར་ཆེན་པོ་ལ།། འཇིག་རྟེན་མགོན་པོས་འདི་སྐད་ཞུས།། ཧེ་ཧེ་དཔལ་ཆེན་འབར་བདག་ཁྲོ།། ལས་ཀྱི་གཤིན་རྗེའི་སྲོག་སྔགས་གང་།། དེ་ལ ་ཡང་དག་བཤད་བྱ་བ།། གཏུམ་ཁྲོ་མི་བཟད་འཇིགས་པའི་གཟུགས།། ཡི་དགས་ཤ་ཟའི་དེད་དཔོན་པོ།། གདོན་གྱི་ཡང་བདུད་མ་གདོན་འཁོལ།། ཤ་ཁྲག་སྲོག་དབུགས་མངའ་བདག་པོ།། ཆོས་ཀྱི་རྒྱལ་པོ་ལ་སོགས ་པ།། མུན་ནག་འཁྱིལ་བའི་ནང་ཤེད་ན།། འོད་ཕུང་ནག་པོ་འཕྲོས་བརྗིད་པ།། ཉི་ཟླ་འཁོར་ལོ་ཟེར་ཞོན་ནས།། སྲིད་གསུམ་ཉུལ་ཞིང་བླ་རྩེ་འཕྲོག། སྤྲུལ་པ་བདུན་བརྒྱ་ཉི་ཤུ་གཅིག། དུག་མཚོ་མེར་བའི་ནང་ན ་གནས།། ཕོ་གཤེད་སུམ་བརྒྱ་དྲུག་ཅུ་གཅིག། ཉི་མའི་རྟ་ལ་རབ་ཞོན་ནས།། ཉིན་དུས་རྒྱུ་ཞིང་ཕུང་པོ་འཇོམས།། མི་གཤེད་སུམ་བརྒྱ་དྲུག་ཅུ་ནི།། མུན་པའི་གློག་དམར་ཞོན་ནས་སུ།། མཚན་མོ་རྒྱུ་ཞིང་འབྱུང་བ ་འཇོམས།། ཡང་སྦྲུལ་བྱེ་བ་དགུ་ཁྲི་གཅིག། དུག་མཚོ་མེར་བའི་བར་ན་གནས།། ཆིབས་སུ་ཀླུ་གླང་ནག་པོ་ཞོན།། སྐུ་ལ་ལྕགས་ཀྱི་ཤུན་ཁྲབ་གསོལ།། ཐོད་པ་ཞིང་ཆུང་སྦྲུལ་གྱིས་བརྒྱན།། མཚོན་ཆའི་འཁོར་ལོ་ཕྱག ་ན་བསྣམས།། དེ་དག་སྲོག་སྙིང་དམ་པ་ནི།། འཕྲུལ་ཡིག་སུམ་ཅུ་རྩ་གཅིག་ལ།། བཀོད་པའི་ཡིག་འབྲུ་བཅུ་བདུན་ཡིན།། བོད་པའི་གཟུང་ཡིག་འབྲུ་གཅིག་སྟེ།། རྣམ་ཤེས་ཡ་ནི་སྔོ་ནག་གོ། ཡེ་ཤེས་ལྷ་དང་འཇིག ་རྟེན་པ།། དེ་དག་ཀུན་སྲོག་དམ་པ་དེ།། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀླེ་ཡ་ཙྪ་ནི་རཱ་མ་ཡ། ཨཽ་ཧྲིཥྚིཿཝི་ཀྲྀ་ཏ་ན་ན་ཧཱུཾ་ས་མ་ཡ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ཙ་མ་མ་ཨེ་ཀ་ཛ་ཏི་ཛ ་ཛ། ཏྲི་ལིང་ཤང་ཀ་དུ་ཙ་ཙ་ར་ཙ་རྦད། ཏྲི་ས་དུ་ཙ་ཙ་རཱ་ཙ་རྦད། འབུར་ཁྲི་གཤིན་ནི་ཙ་ཙ་རཱ་ཙ་རྦད། བ་ཏྲི་ཁ་ཡང་ཞུག་ཙ་ཙ་རཱ་ཙ་རྦད། འདུས་ཏྲི་ཙ་ཙ་རཱ་ཙ་རྦད། ར་ཁྲི་ཆུམ་ཙ་ཙ་རཱ་ཙ་རྦད། པླ་ཁྲི་ཤིག་ཙ་ཙ་ར་ཙ་རྦད། ་སྙིང་ལ་ཡ་ཙ་ཙ་ར་ཙ་དུ་རྦད། ཨོཾ་མཉྫུ་ཤྲཱི་ཨ་ཀྲོ་དྷེ་ཀ་ཀ་ལ་རཱ་པ། ཡ་མ་རཱ་ཛ་ས་དོ་མེ་ཡ། དྷི་སྟི་ཡེ་ཀྲིན་ཨ་ནེ་ཨ་ནེ་ཨ་ནེ། ཡ་མ་མེ་དྷ་ཀྵེ། ར་ཛ་ས་དོ་རུ་ཎ་ཡོ་ནི། ར་ཡ་ཙ་ནི། དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་ཡ། ་དྲག་སྔགས་འཁོར་ལོ་ཡ་མའི་སྲོག། སྲིད་གསུམ་བླ་ཚེ་འཇོམས་པ་རུ།། དམ་ཚིག་བདག་པོས་རབ་ཏུ་བཤད།། དེ་ནས་ཡང་དག་བཤད་བྱ་བ།། གདུག་པ་མ་ལུས་འདུལ་བའི་ཕྱིར།། ཡ་མཱན་ཏ་ཀ་ཡབ་ཡུམ་ལས། ་སྤྲུལ་པའི་སྲས་ནི་ལྕམ་དྲལ་ལྔས།། གདུག་པ་སྒྲོལ་ཞིང་སྐུ་ལ་འཁོར།། ཀུན་གྱིས་ལས་མཛད་སྒྲོལ་བའི་གིང་།། དེ་དག་དྲག་སྔགས་བཤད་བྱ་བ།། རྣལ་མ་རྣམས་ཏེ་སྲོག་ལ་རྔམ། སྲོག་ལ་མེར་མེར། དབྲིས་ལ ་ཆུམས། ཐུ་བིས་ཐུ་དགྲ་བོ་ནརི་མ་ར་ཡ་ཙ་ཙ་ར་ཙརྦད། བཛྲ་ཀུན་དྷ་རི་ཛ་ཛཱ་ཧཱུཾ། བཛྲ་ཤུ་ལན་ཧེ་རི་ཛ་ཛ་ཧཱུཾ། བཛྲ་ཀང་ཀ་དྷ་ར་ཛ་ཛཱ་ཧཱཾ། བཛྲ་ཙ་མུན་ཏ་རི་ཛ་ཛ་ཧཱུཾ། སུ་ཏྲི་པ་ཡ་བཛྲ་ཙིཏྟ། ཡོ་གི་ཤྭ་ར། ་མ་ཙི་ཏ་ཧཱཾ། ཡ་མ་ཙི་ཏ་ཧཱུཾ། ཀྱི་ཁྲིད་ར་ཁྲིད་ཀུ་རུ་མ་ཤྭ་རོ་ལ་ཁྲག་འཐུང་རུ་ལུ་རུ་ལུ་བྷྱོ། ཀྲང་ཧེ་ཀྲང་ཧེ། རུ་རུ་རོ་རུ་ཙ་པ་ལ་ནག་མོ་རེ་མ་ཏི་བྷྱོ། བཛྲ་ཡི་ཤ་མ་རུ་རྩེ་དུན་དུན། བཛྲ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། འཁོར་ལོ་རྫོགས ་པའི་ཐུགས་ཁ་རུ།། ས་བོན་རྒྱུ་དང་ཡིག་འབྲུས་སྤྲས།། སྲིད་གསུམ་གང་བའི་སྤྲུལ་པ་སྤྲོས།། རཀྟ་ཁྲག་གི་ཀློང་དཀྱིལ་ནས།། འཇིགས་བྱེད་མེ་དཔུང་འབར་འདྲའི་སྐུ།། ར་ག་རཀྟ་དམར་ནག་འཇིགས།། སྣང་སྲིད ་དབང་གི་སྤྲུལ་པ་འགྱེད།། རྡོ་རྗེ་བེ་ཅོན་རབ་ཏུ་བརྡེག། གཡོན་པ་མཚོན་ཆའི་འཁོར་ལོ་འཕེན།། རྡོ་རྗེ་བསེ་མོ་སྙིང་ཟན་མ།། རྒལ་མོ་གདུག་པ་ཆེན་མོ་ཡང་།། སྐུ་མདོག་གསལ་བས་སྒྲོ་འདུ་བྱའོ།། དཔལ་གཤིན་རྗེ ་དམར་ནག་འབར་བའི་རྨེ་རྒྱུད་ལས། ལས་ཀྱི་གཤིན་རྗེ་བསེ་གཏོར་དང་བཅས་པའི་དྲག་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འཇིག་རྟེན་གཙོ་བོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀྱེ་མ ་རབ་ཏུ་འཇིགས་བྱེད་ཆེ།། གསང་སྔགས་འདི་ཉིད་བཤད་འགྱུར་ན།། ལས་དང་བྱ་བ་བཀའ་སྩོལ་མཛོད།། ཅེས་ཞུས་པས། ཉོན་ཅིག་འཇིག་རྟེན་སྐྱོང་བའི་གཙོ།། བསྟན་པ་དག་ལ་དགྲ་དར་བ།། བསྙེན་བསྒྲུབ་ལས ་ཀྱི་མཐར་བྱ་བ།། དམ་སྲི་གདུག་པ་བསྒྲལ་བ་ཡི།། སྨེ་ཕུར་བཅས་ཤིང་གདབ་བ་དང་།། འཁོར་ལོ་དྲག་པོས་བསྒྲལ་བ་དང་།། ཟོར་ཐུན་དྲག་པོས་བསྒྲལ་བའི་ཕྱིར།། མནན་བསྲེགས་འཕང་བའི་ལས་མཐའ ་བརྟུལ།། དེ་ལ་སྨེ་ཕུར་ལས་བྱ་བ།། མཎྜལ་བཅས་རྫོགས་གོང་བཞིན་ཏེ།། ཕུར་པ་བརྒྱད་དང་བཅུ་བདུན་ནམ།། ཡང་ན་བརྒྱ་དང་རྩ་གཅིག་ཡིན།། དེ་དག་མེད་ན་རྒྱུད་བཅུའོ།། མགོན་པོ་གཤིན་རྗེའི་ལྷ་རུ ་བསམ།། སྟོད་ནི་ཁྲོ་ཞལ་འཇིགས་པའི་སྐུ།། སྨད་ནི་དྲག་པོར་འགྱུར་བའི་དཔལ།། དེ་ལྟར་བསམ་ལ་གནས་སུ་དགོད།། བྱིན་བརླབས་དབང་བསྐུར་སྐུར་གསལ་ཏེ།། མི་བཟད་ཕུར་པ་ནག་པོ་དྲུག། བྱིན་གྱིས ་བརླབས་ལ་བན་དྷར་སྤུང་།། སྨེ་ཕུར་བྱ་བ་སོར་བཅུ་གཉིས།། རི་རབ་ལྟར་བརྗིད་ཟུར་བརྒྱད་པའོ།། བདག་ཉིད་ཡ་མན་ཏ་ཀར་བསྒོམས།། ཕུར་པ་སྒྲོལ་གིང་བདག་པོར་བསླབ།། ཟུར་བརྒྱད་ལས་ཀྱི་གཤིན་རྗེ ་བརྒྱད།། བརྒྱད་བདུན་དག་ལ་བསེ་མོའི་ཚོགས།། དཔལ་ལ་ཕུང་བྱེད་མ་མོ་གསུམ།། དེ་ལྟར་གསལ་བར་གྱུར་པ་དང་།། འབྲུབ་ཁུང་ལས་ཀྱི་མཎྜལ་དུ།། ལིང་ག་དངོས་སུ་གསལ་བ་དང་།། སྙིང་ཁ་དག་སྲོག་གི ་གཞི།། ཁྲག་གི་དངས་མའི་ནང་ཤེད་ན།། སྲོག་གི་དངས་མ་ཡི་གེ་ནི།། འོད་ཀྱི་དངས་མ་ཡིག་འབྲུ་གསུམ།། དེ་ལ་ནརྀ་ཉིད་ཛ་ཡི་བར།། དབུག་ཉིད་བར་བར་ཁྱིབས་ཁྱིབས་གནས།། དེ་ལ་དགོངས་པས་ཕུར་བ ་དྲིལ།། དེ་ཡང་ཏིང་འཛིན་འདི་ལྟ་སྟེ།། དམ་ཚིག་ཉམས་པའི་སྔགས་པ་དེའི།། སྙིང་ཀར་བླ་མས་བསྟིམ་པ་ཡི།། ཡེ་ཤེས་སེམས་དཔར་ཞུགས་པ་ཉིད།། དམ་ཚིག་སྲོག་གི་ལྷ་ཡིན་པས།། དམ་ཚིག ་བསྲུངས་ན་དངོས་གྲུབ་རྟེན།། ཉམས་ན་སྙིང་ཁྲག་འཇིབ་པའི་འདྲེ།། དེ་ལ་དམ་བདར་མཆོད་བཤགས་ལ།། དམ་ཚིག་ཉམས་པའི་གཤེད་དུ་གཏང་།། ལྕགས་ཀྱི་སྡིག་པ་མགོ་དགུ་པས།། སྙིང་རྩ་བརྒྱད་ནས་ཟ་བར ་བསམ།། དེ་ལ་ཕུར་པ་གདབ་པར་བྱའོ།། ཡང་ནི་འོད་དང་འོད་ཟེར་ལས།། འགོ་བའི་ལྷ་དང་དབྱེ་བར་བསམ།། ཐ་མ་ལུས་སེམས་རབ་ཕུལ་ལ།། བཀྲག་དང་གཟི་མདངས་སྤུག་ཆུ་ཚུལ།། ཁོང་སེང་བྱང་ཆུབ་སེམས ་པའི་ལམ་དོན།། ཡ་མ་རཱ་ཛའི་སྤྱི་བོར་ཕྱུང་།། བྱང་སེམས་འདྲ་བ་བདག་ལ་བསྟིམ།། དེ་ཡང་དང་པོ་བྱིན་བརླབས་སེམས་དཔའ་གཤེགས།། གཉིས་པས་འགོ་བའི་ལྷ་ལྔ་དཔྲལ།། གསུམ་པས་བྱང་ཆུབ་སེམས་སྤྱན ་འདྲེན།། འབྱུང་བ་འདུས་པའི་ཕུང་པོ་དེ།། དེ་ནས་ཕུར་བས་དུས་གསུམ་གདབ།། བདག་དག་དཀྱིལ་འཁོར་ལྷ་ཚོགས་ཀྱིས།། ཡབ་ཀྱི་སྔགས་ཀྱིས་སྙིང་ལ་གདབ།། ཨོཾ་ཙིན་དྷ་ཙིན་དྷ། ཧ་ན་ཧ་ན། ཏིབ་ཏ་ཙཀྲ་ཧཱཾ ་ཕཊ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ་ཕཊ། ཆེ་གེ་མོ་ཤིག་ཨ་བེ་ཡ་ཤ་ཨོཾ་ཨོཾ། དགྲ་བོ་ནརྀ་མ་ར་ཡཱ། མ་ར་དུ་ཡཱ་མ་སྙིང་། ཡ་མ་ཁྲག། ཚལ་པ་བཾ་རི་ལ། དམ་པ་དུམ་བུ་དུམ་བུ་ཧཱུཾ་ཕཊ། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦད། མཁལ་རྩ ་གཡོན་ལ་རོ་ལངས་གདབ།། ཧ་ས་ནརྀ་ཤ་རཀྵ་ར་སེ་ཏ་ལི་ཧཱུཾ་ཨོཾ་ཨོཾ། ཕཊ་ཀ་མ་ར་ཡ་ཕཊ། ནག་མོ་རཀྵ་སྙིང་རྩ་ལ་ཡ། དགྲ་བོ་ཆེ་གེ་མོ་ནརྀ་མ་ར་ཡ་རྦད། མཁལ་རྩ་གཡས་ལ་ཛ་ཏི་མས།། ཨོཾ་བཛྲ་ཀི་ལི་ཀི་ལི་ཡ། མ་མ ་ཨེ་ཀ་ཙ་ཏི། སྙིང་ཁ་རག་ཐུམ་རི་ལ་རྦད། ཤྲཱི་མཉྫུ་ཡ་མ་ར་ཛ་མ་མ་ཨེ་ཀ་ཏི་ཧྲི་དྷ་ཡ་ན། ཀྲོ་ཏི་ཤ་རི་སྙིང་ཁ་ར་ཀ་ཙ་ལ་རྦད། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦད། སྒྲོལ་གིང་བདག་པོས་ཀླད་པ་ལའོ།། ཨོཾ་རྣལ་མ་རྣལ་ཏེ་སྲོག ་ལ་རྔམ་གཤོལ་ལ། མེར་མེར་དབྲིས་ལ་ཟུམས་ཐུམས་བྲིས་ཐུམས་ལྕགས་ཀྱི་སྒྲ། ཏྲི་ལིང་ཤང་ཀ་དུ། ཟི་ཟ་ཡག་ཤ་རྦད། ཕུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག་ཆེ་གེ་མོ་ནི་མཱ་ར་ཡ་རྦད། ཨོཾ་ཏ་ན་པ་ན། ་རྦད་ན་རྦད་ན། རྦད་ན་རྦུད་རྦད་ན་རྦུད། སྟོང་ཤོས་ཤ་ཡ། པྲི་ལི་པྲི་ལི་ལི། ཡ་མ་སྙིང་ལ་ཡ། མགོ་ལ་ཡ། རྩ་ལ་ཡ། དབུགས་ལ་ཡ། དེ་ནས་བསེ་མོས་གནས་སུ་གདབ།། པུ་ཏྲི་ས་ཡ། དགྲ་བོ་ཆེ་གེ་མོ་ནི་ཤག་རྦད།། ་བ་ར་ཙི་ཏ་ཆེ་གེ་ནི་ཤག་རྦད། བ་ར་ཙི་ཏ་ཆེ་གེ་ནི་ཤག་རྦད། ཡ་མ་ཙི་ཏ་ཆེ་གེ་ནར་ཤག་རྦད། རུ་རུ་པེ་ཀ་ཏང་ཀ་ཏེ་བྷྱོ། ནི་ཤག་རྦད། རུ་རུ་པེ་ཛ་ཡེ་བི་ཛ་ཡ་བྷྱོ། ནི་ཤག་རྦད། རུ་རུ་བེ་ཨ། ཙི་ཏ་བྷྱོ། ནི་ཤག་རྦད། རུ་རུ ་བེ་ཨ་པ་ར་ཙི་ཏ་བྷྱོ་ནི་ཤག། དེ་ནས་བློན་མོ་རྣམས་ཀྱིས་གདབ།། ཨོཾ་བཛྲ་ཨུད་ཀ་ར་མུ་ཏི་གྲི་རྣ། མུ་སྲི་གྲི་རྣ། ཀ་པི་ར་ཛ་ཡ་ཧཱུཾ་ཕཊ། ནི་ཤག་རྦད། ཨཱ་བེ་ཤ་ཡ་ཕཊ། ནི་ཤག་རྦད། ཨ་ཕཊ་མེ་རི་ཀུན་དྷ་ལི་བཾ་ཟུམ། ་ནི་ཤག་རྦད། ཁྲག་ཏི་མ་རཱ་ཡ་ཕཊ་ནི་ཤག་རྦད། ལྕེ་སྤྱང་ནག་མོ་དག་དང་ནི།། བསེ་ཡི་སྦྲང་མོས་གནས་སུ་གདབ། བཛྲ་ཀ་ལི་མ་མ་བྷྱོ། ནི་ཤག་རྦད། བཛྲ་ཙན་དྷ་ཧ་ལ་ཧ་ལ་ཧཱུཾ། ནི་ཤག་ཟད། བཛྲ ་ཙན་དྷ་ཙན་དྷ་ཧཱུཾ་ནརི་ཤག་རྦད། ཀྲོ་མ་ཙ་ལ། ཀྲོ་མ་ཛ་ལ་ཧཱུཾ་ནརི་ཤག་རྦད། མ་ར་ཛ་ཏྲ་མ་ར་ཡ་ཛ་ཏྲ་ཧཱཾ་ནརི་ཤག་རྦད། དེ་ནས་སྲིན་མོ་བཞི་ཡིས་གདབ།། མུན་ལོ་དན་ཏི་བྷྱོ། ནི་ཤག་རྦད། ཕྲལ་ན་ཕྲལ་ན། ཧཱཾ་ནི་ཤག་རྦད། ་ཕྲག་ནི་ཕྲག་ནི་ཧཱུཾ་ནི་ཤག་རྦད། ཕྲ་མོ་ཁ་ཕྲ་མོ་ཀ་ནི་ཤག་རྦད། སྲོག་གི་ཤན་པ་བརྒྱད་ཀྱིས་གདབ།། ཏྲག་རག་ཤ་ནི་ཤག་རྦད། མ་རག་ཤ་ནི་ཤག་རྦད། བ་རག་ཤ་ནི་ཤག་རྦད། མོ་རག་ཤ་ནི་ཤག་རྦད། བྱ་རག་ཤ ་ནི་ཤག་ཟད། སུག་རག་ཤ་ནི་ཤག་རྦད། ཧེ་རག་ཤ་ནི་ཤག་རྦད། མགྲིན་རག་ཤ་ནི་ཤག་ཟད། སྙིང་རག་ཤ་ནི་ཤག་རྦད། དེའི་རྟིང་ཤུགས་སྒྲོལ་དྲག་སྔགས་གདབ།། བཛྲ་དྷ་ར་ཡི་བཤག་ཟད། ཟད་ན་རྦད་མུ་ཁམས ་མུག། ནི་ཤག་རྦད། དྷ་ར་ཡ་ནི་ཤག་རྦད། ཁཾ་རིལ་རྦད་ན་ནི་ཤག་རྦད། ཁུག་རྔམ་ནི་ཤག་རྦད། ཁྲོ་བོ་ཡང་སྙིང་དྲག་པོས་གདབ།། ཧ་ན་ཧ་ན་བཛྲ་ནི་ཤག་རྦད། ད་ཧ་ད་ཧ་བཛྲ་ནི་ཤག་རྦད། པ་ཛ་པ་ཛ་བཛྲ་ནི་ཤག ་རྦད། མ་ཐ་མ་བཛྲ་ནི་ཤག་རྦད། ཛ་ལ་ཛ་ལ་བཛྲ་ནི་ཤག་རྦད། སུ་རུ་སུ་རུ་བཛྲ་ནི་ཤག་རྦད། མུ་རུ་མུ་རུ་བཛྲ་ནི་ཤག་རྦད། ཀ་ཏ་ཀ་ཡ་བཛྲ་ནི་ཤག་རྦད། ཛ་ཡེ་བི་ཛ་ཡེ་ནི་ཤག་རྦད། མ་ར་ས་ན་པྲ་མར་ཏ་ན་ཡེ་ཕཊ ་ནི་ཤག་རྦད། འབར་མ་བླ་ཉུལ་དྲག་སྔགས་བརྡེག། ཧེ་རག་ཤ་གྲེ། བེ་རག་ཤ་མེ་རག་ཤ། ཐིབས་སུ་རིལ་གཉའ་ན་ཐིབས། མུག་ཐིབས། ཕུ་བརྡའ་ཟན་ཐིབས་སན་ཏིང་ནན་དུན་ཏིང་། དབང་ཕྱུག་ལ་སོགས་སྒྲོལ ་སྔགས་གདབ།། མ་ནུ་རག་ཤ་སི་བྷྱོ། ནི་ཤིག་རྦད། བླ་རྐུན་ལ་བརྡེག་ཅིང་ཁྱི་སྦྲང་སྲོག་ལ་རོལ།། མུང་ཏྲ་མ་བྷྱོ་ནི་ཤག་རྦད། རཾ་པུ་རུ་ལ་བྷྱོ་ཤག་རྦད་ཧཾ་ཧ་བ་ཏྲག་ན་བྷྱོ་ནི་ཤག་རྦད། ཨ་ཤུག་མེ། ཧ་ན་ཧ་ན་ནི་ཤག ་རྦད། ཨ་ཤུག་མེ་མར་མ་ར་ན་ཤག་རྦད། ཨ་ཤུག་མེ་ཛ་ལ་ཛ་ལ་ཆེ་གེ་ནི་ཤག་རྦད། ཅེས་པ་ལྷ་ཡི་ཕུར་པ་ཡིས།། རྫོགས་པར་བསྐུལ་ཞིང་གནས་སུ་གདབ།། ཡང་ན་ཡབ་ཡུམ་སྲས་དང་བཅས།། བསེ་མོས་ཕུར་བ ་བཏབ་པ་ལ།། བློན་མོས་ཁྲག་འཐུང་ཡབ་རྗེས་ལ།། སྔགས་རྣམས་བཟླས་ཤིང་ཉུངས་ཀར་བླུག། ཕུར་པ་དྲུག་གིས་གནས་བདུན་གདབ།། དེ་ཡིས་འགྲུབ་པར་དཔའ་བོས་བཤད།། དེ་ནས་ལིང་ཐོད་པར་བྲུབ།། ཕུར ་ནག་རལ་པ་ཚར་དགུ་སྐྲག། གདུག་པའི་ཡུལ་ལམ་ཡི་དགས་གྲོང་།། དེ་ལྟ་བུ་རུ་གཏད་པར་བྱ།། རྡོ་རྗེ་སྨེ་འཐབ་འབྱུང་བ་ན།། སྐྲག་ནི་ནག་པོ་ཁྲུ་གང་ལ།། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས།། བུམ་པར་ཡ་མན་ཏ ་ཀའི་སྔགས།། ཡབ་ཡུམ་སྲས་བཅས་སྔགས་བྲིས་གཞུག། ཕུར་པ་ནག་པོ་དེ་དག་ནི།། ཁོ་ཡི་སྙིང་ཁར་བཅུགས་ལ་གཞག། རང་གནས་དཀྱིལ་འཁོར་འོག་ཏུ་སྒྲ།། ཡང་ན་མཆོད་རྟེན་ནང་དུ་གཏད།། རང་ལ་ངང་གིས ་འབྲུབ་པ་རུ།། དམ་ཚིག་བདག་པོས་ཡང་དག་གསུངས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། བསེའི་དམེ་ཕུར་ཆེན་པོའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དཔལ་འབར་ཆེན་པོ ་དེས།། འཇིག་རྟེན་མགོན་ལ་འདི་སྐད་གསུངས།། རྡོ་རྗེ་ནང་སྨེ་བྱུང་བའི་ཚེ།། སྨེ་ཕུང་སྲོག་གི་སྤུ་གྲི་བཤད།། དང་པོར་བསྙེན་པ་རྫོགས་པ་དེས།། བན་དྷ་ནག་པོ་བསྒྲལ་བའི་ཕྱིར།། འབྲུབ་ཁུང་ནག་པོ་ཁྲུ་གང ་བར།། གཟས་པ་པོའི་ལིང་ག་ལེགས་བཅས་ལ།། ཕུར་པ་ནག་པོ་ཆས་སུ་གཞུག། ག་འཁོར་ལོ་ཡུམ་གྱི་ལྟོ་བར་བཅས།། བདག་ཉིད་ཡ་མན་ཏ་ཀ་ཡི།། ཐུགས་ཀར་རོ་སྡུད་ནག་པོར་བསམ།། ཕུར་པའི་འཁོར་ལོ་རབ ་སྔགས་ལ།། རོ་ལངས་དྲག་པོའི་འཁོར་ལོ་བསྐོར།། དམིགས་པ་དེ་ཉིད་རླག་པར་འགྱུར།། དེ་ནས་ཡང་དག་བཤད་བྱ་བ།། བདག་ཉིད་ལྷ་རུ་གསལ་བྱས་ལ།། སྨེ་ཕུར་ནག་པོས་ལིང་ག་གསད།། ཉུངས་ཀར་ཉུངས ་ནག་སྐེ་ཚེས་བྲབ།། དེ་ལ་ཡང་དག་ངེས་པའི་དོན།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། ཡ་མན་ཏ་ཀ་ཧ་ལ་ལྟ།། སྲིད་གསུམ་ཞབས་འོག་འདུས་པར་བསྒོམས།། ཞིང་གི་གཡང་གཞིའི་སྤྱི་ཙར་སྒོན།། སྦྲུལ་ཆུན་ཐུར་ལ ་འཕྱང་བར་བྱ།། གཞིས་སྟེ་ཆས་རྣམས་མགོ་གཞུག་བཟློག། རུས་སྦལ་སྟངས་སུ་ཞིང་ལ་འདུག། སེང་ལྡེང་འཁར་བ་ཧོང་ཚུགས་བྱ།། རྔམ་པའི་ང་རོས་མི་སྙན་འབྱུང་།། གདུག་པའི་སྔགས་བཟླས་སྐྱུགས་གླུ ་བླངས།། མཚོན་ཆ་རྩེ་ནས་འཛིན་ལ་སོགས།། བཟློག་པའི་དམ་པར་ཡང་དག་གསུངས།། དེ་ནས་ཡང་དག་ངེས་གསུངས་པ།། ཨོཾ་ས་མ་ཡཱ། ཨཱརྱ་མཉྫུ་ཤྲཱི་ཡ་མན་ཏ་ཀ། ཡ་མ་རཱ་ཛ། མ་མ་ཨེ་ཀ་ཏི་ཛ་ཛ་མ་མ་སྲོག་ལ ་བཾབཻ་རི་ལ་རི་ལ། ཡ་མ་བཾ་ཡ་མ་ཆུམ་ཐུམས་ཡ། ཡ་མ་སྲོག་ཐུན་སྙིང་བཾ་རིལ་བྷྱོ། ཡ་མ་ཀུག་ཐུན་མ་ར་ཡ་ཐུན་ཐུན། དགྲ་བོའི་ཙིཏྟ་བྲེང་ཤག་ཛ། སྲོག་ལ་བྲེང་ཤག་མ་ར་ཡ་རྦད། ཅེས་ནི་སྟོང་ནི་ཕྲག་བརྒྱ་བཟླས།། དེ ་ལ་མཚོན་རྟགས་སྟེར་བར་ངེས།། ལིང་ཀ་ཐོད་པར་འབྲུབ།། མཆོད་རྟེན་ནག་པོས་གཏད་བྱ་ན།། སྔགས་པ་ནག་པོ་རླག་པར་འགྱུར།། དཔལ་གཤིན་རྗེ་མར་ནག་འབར་བའི་རྨེ་རྒྱུད་ལས། སྨེ་ཕུར་སྲོག་གི་སྤུ་གྲིའི ་ལེའུ་སྟེ་བཅུ་པའོ།། །། དེ་ནས་དཔལ་འབར་ཆེན་པོ་ཡིས།། འཁོར་ལོ་བསྐོར་བའི་ལས་བཤད་པ།། གཞུང་དང་མཐུན་པར་ཡིད་འཐད་གཟུང་།། དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ལ།། ཟླ་གམ་དམར་པོ ་འཁོར་ལོ་བརྒྱད།། ཕྱི་པ་ཟླ་གམ་ཟོད་འཕྲེང་ཅན།། རབ་ཏུ་མཁས་པས་བྲི་བར་བྱ།། དེ་སྟེང་དུར་ཁྲོད་རོ་རས་ལ།། བག་ཆུས་དཀར་རབ་སྦྱངས་ལ།། གོང་དང་འདྲ་བར་འཁོར་ལོ་བྲི།། ཡ་མ་བརྒྱད་ཀྱི་གསང་སྔགས ་བྲི།། ཕྱོགས་བཞིར་བསེ་མོའི་སྲོག་སྙིང་བྲི།། མཚམས་སུ་དགུག་པའི་འཁོར་ལོ་བྲི།། རབས་ཆད་མོན་གྱི་ཐོད་པ་རུ།། དབུས་སུ་ཡབ་ལ་གཡས་གཡོན་ཡུམ།། དཔྲལ་བར་ཡ་མ་ར་ཙའི་སྔགས།། མཐའ་མ་བསེ་མོ ་རྗེ་བློན་དང་།། ཡང་སྙིང་རྒྱལ་པོ་ཐམས་ཅད་བྲི།། རས་ཀྱི་དཀྱིལ་འཁོར་སྟེང་དུ་གཞག། དཀྱིལ་འཁོར་སྟེང་དུ་འཁོར་ལོ་ནི།། བེ་ཅོན་རལ་གྲི་རྒྱ་གྲམ་ཅན།། གསང་སྔགས་སྦྲེལ་བ་ཤྲི་དང ་བསམ།། བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམས།། སྒྲོལ་གིང་བདག་པོ་མ་རུ་རྩེ།། བེ་ཅོན་འཁོར་ལོ་རབ་ཏུ་འཕེན།། མངག་པའི་ལས་བྱེད་གཞན་མ་བརྒྱད།། དམག་སྣ་འདྲེན་པའི་གྱད་ཆེན་བཞི།། དགུག་བྱེད ་དམ་ཅན་ཕོ་ཉ་སྟོང་།། དེ་ལྟར་གསལ་བ་ཤིན་ཏུ་གཅེས།། ཆོས་ཀྱི་རྒྱལ་པོ་ལ་སོགས་བརྒྱད།། འཁོར་ལོ་འབྲུ་བཞི་ཐུགས་ལ་གནས།། སྔོ་ནག་ཡ་མ་འཁོར་བའི་ཚུལ།། ཉམས་པའི་ལུས་ལ་འཁོར་ལོ་འཕེན།། བསྟན ་པ་འཇིག་པའི་དམ་སྲི་ལ།། རང་རྒྱུད་ལས་ཀྱི་གཤིན་རྗེ་བཞི།། སྤྱི་བོ་མགྲིན་པ་ལྟེ་བ་སྙིང་།། མིག་པོ་ཆེ་ལ་ཁ་ཡང་གདངས།། མཆུ་དང་སོ་སེན་རབ་ཏུ་རྣོ།། ཕྱི་ནས་དམིགས་ཀྱིས་བསྐུལ་བ་ཡིས།། ནང་ནས་རང་སྲོག ་རང་གིས་གཅོད།། ཅེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། བདག་ཉིད་ལྷ་རུ་གསལ་བ་དེས།། མ་རུ་རྩེ་དང་ཤན་པ་བརྒྱད།། སྔགས་དང་ཏིང་འཛིན་འོད་ཀྱི་བཙུན།། དམིགས་པ་ཉིད་ལ་འཁོར་ལོ ་འཕང་།། བདུད་སྔགས་རྩ་བཅད་འཕྲིན་ལས་བྱས།། ཉི་མ་བཞི་རུ་ཤེས་པར་བྱ།། ཡ་མ་རཱ་ཙ་ས་ཏྭ་མེ་ཡ། ཆེ་གེ་མོ་ཨ་མོ་ཁཾ་པྲ་མཱ་ར་ཡ། ཡ་མ་རཱ་ཛ་ཛ་ལ་ཆུམ། ཛ་རྩ་ར་ཛ་རྦད། ར་ཏྲིང་ཆུམ་རྩ་རྩ་ར་ཙ་རྦད། ཡ་མེ་དོ ་རུ་ཎ་ཡོ་ད་ཡ། ཆེ་གེ་མོ་ཨ་མུ་ཁམ་རག་ཏ་ཛ་མ་ར་ཡ། ཏྲི་ལིང་ཤང་ཀ་དུ། ཛ་ཛ་ར་ཛ་རྦད། པླ་ཁྲི་ཤིག་རྩ་རྩ་ར་ཛ་རྦད། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཆེ་གེ་མོ་ཨ་མུ་ཁཾ་མུར་ཛ་ཡ་འདུ་ས་ཏྲི་རྩ་ར་ཛ་རྦད། ཁ་ཏྲི་ཁ་ཡག་ཞུང ་རྩ་རྩ་རཱ་ཛ་རྦད། ཨོཾ་ས་མ་ཡཱ། ཨཱརྱ་མཉྫུ་ཤྲཱི་མུ་ཏྲ། ཡ་མཱན་ཏ་ཀ། པན་ཛ་དེ་རོ་ནི་ཛ། སྙིང་ལ་ཡ་རྩ་རྩ་རཱ་ཙ་རྦད་ཕོ་ཉ་ལས་ཀྱི་ཡ་མ་བརྒྱད།། གདུག་བྱེད་གཤིན་རྗེའི་ཉིན་པར་རྒྱུ།། དམར་ནག་མ་མོ་མཚན་རངས ་རྒྱུ།། དེ་ལ་དྲག་པོའི་ཐུན་སྔགས་དྲངས།། ཡེ་ཤེས་ལྷ་རྒྱུད་གནས་ནས་བསྐུལ།། ས་མ་ཡ་དང་ཁྲག་སྐྱུག་བཟླས།། ཡ་མ་སྙིང་འདི་ཡང་དྲག་ཏུ་བཟླས།། ཨོཾ་ཙི་བི་རི་ཙ་ཏྲ་བ་ན་ས་མ་ཡ་ཚལ་བ། ཨ་ནརི་ཏྲི་ཏྲིག་ནན། མཱ་ར ་ཡ། ཨ་གུ་ཤ་ཛ་ཛ་ཛཱ་ནཱ་ག་མཱ་ར་ཛ་ཚལ་པ། ཨ་རྣི་ཏྲི། ཏྲིག་སྣ་མཱ་ར་ཡ་ཨ་གུ་ཤ་ཛ་ཛ་ཛ། ཤུ་ཤུ་ཤུ་རག་ཤ་ཡ་ཚལ་བ། ཨ་ནརི་ཏྲིག་ཏྲིག་ནན་མཱ་ར་ཡ། ཨོ་གུ་ཤ་ཛ་ཛ་ཛ། ཨ་བེ་ཤ་ཡ་ཚལ་པ། ཨ་ནི་ཏྲིག་ནན། མ་ར་ཡ། ་ཨ་གུ་ཛ་ཛ་ཛ། ལྷ་འདྲེ་མི་གསུམ་དབང་དུ་འདུས།། དུས་གསུམ་དག་ཏུ་དེ་དག་བཟླས།། དེ་ནས་འཁོར་ལོ་ལིང་ག་གཞག། དྲག་སྔགས་རངས་པ་གྲངས་པ་ཡིན།། ཐུན་དང་ཡུངས་ཀར་བསྔགས་ཅིང་དྲང་།། ཁྲག་ཐུན ་དབབ་ཅིང་ཕོ་ཉ་གཏང་།། ཕྱིར་མི་ལྡོག་པའི་ལས་བྱས་ལ།། དུར་ཁྲོད་གནས་སམ་ཕོ་བྲང་འོག། ཡི་དགས་གྲོང་ངམ་ཀླུ་ཡི་ཁྱིམ།། མཁས་པས་གཏད་ལ་བྲོ་ཡིས་གཟིར།། རྩ་རྒྱུད་ཡན་ཆད་རླག་པ་རུ།། དམ་ཚིག ་བདག་པོས་ཡང་དག་གསུངས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས།། དྲག་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཤལ ་བསྒྲུབ་དྲག་པོ་ཐུན་གྱི་ལས།། མཐིང་ནག་ཁྲོ་ཞལ་ལྔ་པ་ཡི།། ཞལ་ནི་གྲུ་གསུམ་གཏིང་དུ་བྲུ།། མདའ་གཞུ་གསུམ་བཅས་གཙང་མར་གཟུགས།། རབས་ཆད་མོན་ཐོད་མུ་སྟུ་ར་རཱ།། དྲག་པོ་ཐུན་གྱི་རྫས་བསགས ་པ།། ར་ཁྲག་མི་ཁྲག་ཁྲི་ཁྲག་དང་།། ཕག་གི་ཁྲག་དང་མཆིན་པ་སྦྱར།། ར་དུག་བཙན་དུག་སྦྲང་དུག་དང་།། ས་དུག་ཤིང་དུག་སྣ་དགུ་བསག། འབྲས་དང་གྲོ་དང་ཏིལ་དང་ཁྲེ་ཡི་ཆང་།། དེ་དག་སྦྱར་ལ་དབུས་སུ ་གཞུག། ས་ལུ་ས་ལུ། དུག་འདུ་ཁྲག་འདུ། བལ་ཕྱུར་བ་ལ་ཕྱུར། ཚིལ་ཚིལ། རུག་རུག། སབ་སབ། ཐོད་པར་བྲུབས་ལ་དབང་ཡང་བསྐུར།། ཐོད་པར་ལྷ་ཚོགས་སྙིང་པོ་དགོད།། དེ་ལ་བཟླས་པའི་སྔགས་བསྟན ་པ།། ཨོཾ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཧཱུཾ། ས་མ་ཡཱ། མཉྫུ་ཀུག་ཧཱུཾ། ཧ་ཧ་དམ་དམ། ས་མ་ཡཱ་གུ་གུ་ཐུལ། ཡ་མན་བམ་རི་ལ་དེ་ཕྱི་ཐུམས་ཐུམས།། རྦད་རྦད་སོད་ཆོད་ཨོཾ་ཁ་བོ་ཤ། ཀ་ཏྲ་པེ་ཤ་བེ་ཤ་རུ་པེ་ཤ་ཀ་ཐུན། ར་ག་རག་ཏ། ་མ་ར་ཡ་ཐུན། ཙི་པི་རི་ཐུན། བྲ་ཨ་ནི་ཏྲི་ཐུན། ན་ག་མ་ཐུན། ཤུ་གྲ་རི་ཐུན། ཅེས་ནུབ་རེ་ལ་སྟོང་སྟོང་ཁྲི་ཁྲི་རབ་ཏུ་བགྲང་།། བུད་མེད་མང་པོ་བྱུང་བ་དང་།། མོན་དང་ཞུབ་ཅན་མང་པོ་འབྱུང་།། ཁང་བ་འཚེག་དང ་འོད་དང་སྒྲ།། ཐུན་ནི་ཁོལ་དང་རླངས་པ་དང་།། གནག་དང་ལྦུ་བ་བྱུང་འཕར་བ་དང་།། སླ་དང་ཉུང་བར་གྱུར་པ་ན།། བཤགས་པ་བྱ་ཞིང་མ་ཉེས་བགྲང་།། དེ་ནས་འཕང་བའི་ལས་བྱ་སྟེ།། ཡེ་ཤེས་ལྷ་ཚོགས་ཐུགས ་དམ་བསྐུལ།། དྲག་སྔགས་དེ་དག་བཟླས་པར་བྱ།། ཨོཾ་སུ་ཏྲི་ས་མཱ་ཡ་ཐུན། བ་ར་ཙི་ཏ་མ་ར་ཡ་ཐུན་ཡ། ཡོ་གི་ཤྭ་ར་མཱ་ར་ཡ་ཐུན་ཡ། ཡ་མ་ཙི་ཏ་མཱ་ར་ཡ་ཐུན་ཡ། བཛྲ་མ་ཧཱ་ཡག་ཤ་མཱ་ར་ཡ་ཐུན་ཡ་མཱ་ར་ཡ་ཐོད་པ། ་སྙིང་ལ་ཡ་ཐོད་པ། རྣམ་ཤེས་མ་ར་ཡ་ཐོད་པ། གཟུགས་ཕུང་མཱ་ར་ཡ་ཐོད་པ། འཁོར་བཅས་མ་ར་ཡ་ཐོད་པ། དུན་ཏིང་མ་ར་ཡ་ཐོད་པ། ཞེས་ནི་གནས་ལ་འཕང་བར་བྱའོ།། རྩ་རྒྱུད་རླག་པར་དཔའ་བོས ་བཤད།། དཔལ་གཤིན་རྗེ་མར་ནག་འབར་བའི་རྨི་རྒྱུད་ལས། དྲག་པོ་ཐུན་འབེབས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་འཇིག་རྟེན་མགོན་པོ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀྱེ་ཀྱེ་སྲོག ་བདག་འབར་བ་ཆེ།། འཁོར་ལོའི་སྲོག་གི་ངོ་བོ་གང་།། དེ་ལ་བསྐོར་ལུགས་དུ་ཞིག་ཡོད།། ལས་ནི་གང་བྱེད་དཔེ་ནི་གང་།། ཞེས་ཞུས་པས།། དེ་ལ་ཡང་དག་བཤད་བྱ་བ།། འཁོར་ལོའི་སྲོག་གི་ངོ་བོ་དེ།། དོན་དམ ་བརྗོད་ལས་འདས་པ་དེ།། ཀུན་རྫོབ་མིང་དང་ཡི་གེ་ལས། གཤིན་རྗེའི་སྲོག་གི་ངོ་བོ་ཡང་།། རྒྱུན་མི་འཆད་པར་འཁོར་ལོས་བྱ།། གནམ་ས་སྲིད་པའི་ལྷ་སྲིན་ཀུན།། མ་ལུས་འཁོར་བས་འཁོར་ལོ་ཡིན།། སྲིད་གསུམ ་ལྟོ་བའི་གྲོང་ཁྱེར་ཡིན།། ཞེས་གསུངས་སོ།། བསྐོར་ལུགས་བསམ་ལས་འདས་གྱུར་ཀྱང་།། བསྒྲུབ་བྱ་བྱིན་བརླབས་འཁོར་ལོ་དང་།། དྲག་པོ་རང་གཤེད་འཁོར་ལོ་བསྐོར།། བསྒྲུབ་བྱ་དག་ལ་ཕྱི་ནང ་གསུམ།། བསྐོར་ལུགས་བསམ་ལས་འདས་པ་ཡིན།། དེ་ཡང་འཆི་བདག་ཐོད་པའི་བསྒྲུབ་པ་དང་།། མ་དང་གཤིན་རྗེ་བསྒྲུབ་པ་དང་།། རོ་རས་ཡི་དགས་བསྒྲུབ་པ་དང་།། སྲོག་བདག་གཡང་གཞིའི་བསྒྲུབ་པར ་གསུངས།། ཐོད་པ་ནག་པོ་མ་ར་ཡ།། ཐོད་པ་ནག་པོ་གནས་པའི་གྲོང་།། འཆི་བདག་ནག་པོ་གནས་པའི་གྲོང་།། དྲག་སྔགས་མཚོན་ཆ་གདུག་པའི་དཔལ།། དམ་ཉམས་རུ་ཏྲ་དམིགས་པའི་འབེན།། རབས་ཆད་ཐོད ་པ་གཉིས་རྩལ་ལ།། འཆི་བདག་ཕོ་མོ་གཉིས་བྱས་ཏེ།། མེ་རླུང་འཁོར་ལོའི་ཚུལ་དུ་བྱ།། འཁོར་ལོ་རྩིབས་བདུན་ནང་དུ་བསྟན།། རལ་གྲི་དགྲ་ཡི་འབྲུ་བདུན་དགོད།། བསྒྲུབ་སྔགས་འདི་དག་རྒྱུན་དུ་བཟླས།། ཨོཾ་ཨ ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ། ཡ་མ་མེ་དྷ་ཀྵེ། ར་ཛ་ས་ཏྭ། རུ་ན་ཎ་ཡོ་ནི་ར་ཡ་ཙ་ནི། དེ་ནས་དགྲ་བོའི་འཁོར་ལོ་བསྐོར།། དྲག་སྔགས་བདུན་པ་འདི་བཟླས་སོ།། ཡ་མ་མེ་དྷ་ཀྵེ་ནི་ཛ། དེ་ཡི་མཚན་མོ་མོས་སྔགས་དྲངས།། ཨོཾ ་ས་མ་ཡ་མཉྫ་ཤྲཱི་ཡ་མཱན་ཏ་ཀ་ཡ་མ་ར་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ། མུ་ཏྲ་སྙིང་ཁ་རག་མ་མ་བྷྱོ་བྷྱོ།། ཉིན་མཚན་དག་ལ་ཁྲི་ཁྲི་དང་།། སྒྲ་དང་འོད་དང་འཚུབ་མ་དང་།། མེ་དང་ཆུ་དང་རི་ཉལ་དང་།། ཁྱི ་འགྱེད་པ་དང་རི་དགས་གཤོར།། འདེད་དང་འཛིན་དང་འཆིང་བ་དང་།། གསོད་དང་བརྡེག་དང་བཤད་བྱེད་དང་།། ཁྲ་དང་སྤྱང་ཁུ་གདུང་བ་དང་།། མོན་དང་ཞིབ་ཅན་བྱུང་བ་ན།། དེ་ཚེ་ལས་རྣམས་གྲུབ་པ ་ཡིན།། འཁོར་ལོ་ལྔ་ལ་ཐུན་ལ་གཉིས།། ཉི་མ་བདུན་དུ་ལས་བྱས་ན།། ཟླ་བ་བདུན་ན་རླག་པར་འགྱུར།། དེ་ལ་མངོན་དུ་མ་གྱུར་ན།། སྔགས་པས་དམ་ཚིག་ཉམས་པ་ཡིན།། ཕྱིས་ནི་བསྒྲུབས་ཀྱང་རང་ལ ་ལྡོག། ཤི་ས་འཁོར་ལོ་ལན་བདུན་བསྐོར།། ཧཱུཾ་ཡ་མ་ཀྵེ་དྷ་མེ་ཕཊ། སྲིད་པས་འདུས་པས་སེམས་ཅན་ལ།། ལུས་ལ་འཁོར་ལོ་གནས་པ་ན།། འཁོར་ལོ་ཞེས་ནི་དེ་ལ་བྱ།། འབྱུང་བས་བསྡུས་པས་སྨོས་ཅི ་དགོས།། དཔལ་འབར་ཆེན་པོས་ཡང་དག་གསུངས།། དེ་ནས་ཡང་དག་བཤད་བྱ་བ།། གཏད་པས་གཤིན་རྗེ་ཉིད་ལ་སྟེ།། དངོས་ནི་བྱེ་བ་གུང་རིངས་སོ།། ལྷ་ཁང་རོ་ཁུང་ནག་པོ་ཡིས།། སྦྲུལ་ལྕེ་བསྣོལ་ལམ་སྟག་གི ་ཁ།། དེ་རུ་གཏད་མནན་ཐེབས་པར་བྱ།། དོན་ཡོད་གྲུབ་པའི་ཕོ་བྲང་གཏད།། དེ་ལྟར་བྱས་ན་སྨོས་ཅི་དགོས།། ཞེས་གསུངས་སོ།། འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ཐོད་པ་ནག་པོ་འཆི ་བདག་གི་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། དེ་ནས་དཔལ་འབར་ཆེན་པོ་དེས།། མ་གཏང་ཞིང་ལྤགས་བསྒྲུབ་པ་སྟོན།། མ་གཏང་ནག་པོ་སྔགས་པའི་གཤེད།། ལས་རྣམས་གྲུབ་པས་བྱ་བ་ལས།། ལས་འདི་སྔས ་ན་རང་ལ་གནོད།། ཕྱིན་ཅི་ལོག་གི་ཙཀྲ་སྟེ།། ཞིང་ལྤགས་མི་ནི་རབས་ཆད་དམ།། མོན་པ་ནག་པོའི་པགས་པ་ལ།། དུག་ཁྲག་དག་གིས་འཁོར་ལོ་བྲི།། བདག་ཉིད་རོ་ལངས་ནག་པོར་བསྒོམ།། ལིང ་ག་ཁྲག་དང་དུག་ཆུར་བྱུག། བསྙེན་པ་རྫོགས་པའི་རྣལ་འབྱོར་དེས།། གཟིར་བྱེད་དྲག་སྔགས་མགོ་ལ་དྲངས།། ཉིན་བཞི་ལས་ཀྱི་འཁོར་ལོ་བསྐོར།། དེ་མ་གྲུབ་པ་གཡས་ཀྱི་སྤོག། ལྷ་སྲིན་བཀུག་ལ་གནས་སུ ་གཏད།། དེ་ལྟར་བཡས་ན་རླག་པར་འགྱུར།། དེ་ནས་ཡང་དག་ངེས་བཤད་པ།། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཀཱ་ལ་རུ་པ་ཛ། ཡ་ཨ་ཧྲི། ཡ་མ་ར་ནི་ཛ་ཡཀྵེ་ཡ། ཡཀྵེ་ར་ཡ་ར་ནི་ཡོ་ད་ཡ། ཡ་ད་ཡོན་རུ་དོ་མེ་ཡ། ཡ་མེ ་དོ་ས་ཛ་ར་མ་ཡ། དྷཱི་ཏེ་ཨེ་ཀྲིན། ཨ་ནེ་ཨ་ནེ། ཆེ་གེ་མོ་སྙིང་ཁྲག་རྩ་ལ་ཡ་མཱ་ར་ཡ་ཕཊ། དྲག་པོ་ངན་སྔགས་ཀླད་དུ་གྲང་།། ཡ་མ་དྷ་ཀྵེ། མ་མེ་དྷ་ཀྵེ་ཡ། དྷ་ཀྵེ་ཡ་མེ་མ། ཀྵེ་ཡ་མ་མེ་དྷ་ཡ་མ་དུ་རུ་ར། ཙ་ཤ་ན་ཡ། མུ ་ཀ་ཡེ། ཨ་པ་ཡེ་ཡ་ཀ་པ་ཡེ། དྷཱི་དྷ་ཡེ། ཧ་ལ་ཡེ། ཆེ་གེ་མོ་མྱག་བཾ་རི་ལ། པྲ་མ་ཡ་རྦད། ཉི་མ་དང་པོའི་སྔགས་སུ་ཤེས།། ར་ཛ་ཏོ། ཛ་ས་དྷོ་ར། དྷོ་ར་ཛ་དྷ་ཡ། ཡ་མ་དུ་ཤ་ཛ་ན་མ། མུ་ཀ་ཡེ། ཨ་པ་ཡེ། ཀ་པ་ཡེ། པྲི་དྷ ་ཡེ་ཧ་ལ་ཡེ། ཆེ་གེ་མོ་མྱོགས་བམ་རི་ལ། མུར་ཛ་ཡ། རྦད་ཡ། ཉི་མ་གཉིས་པའི་ལས་ཡིན་ནོ།། རུ་ན་ཡོ་ནི། ན་ཡོ་ནི་རུ། ཡོ་ནི་རུ་ན། ནི་ཏུ་ན་ཡོ། ཡ་མ་དུ་རུ་ར་ཛ་ཤ་ན་ལ། མུ་ཀ་ཡེ། ཨ་ས་ཡེ། ཀ་ས་ཡེ། བྲི་དྷ་ཡེ། ་ཧ་ལ་ཡེ། ཆེ་གེ་མོ་མྱགས་ཐུམས་རི་ལ་རག་ཏ་ཛ་ར་ཡ་རྦད། ཉི་མ་གསུམ་པའི་ལས་ཡིན་ནོ།། ར་ཡ་ཛ་ནི། ཡ་ཛ་ནི་ར། ཛ་ནི་ར་ཡ། ནི་ར་ཡ་ཙ། ཡ་མ་དུ་ར་ཛ་ན་ལ་ཤ། མུ་ཀ་ཡེ། ཨ་པ་ཡེ། ཀ་པ་ཡེ། བྲི་དྷ་ལེ། ཧ་ལ ་ཡེ། ཆེ་གེ་མོ་མྱགས་ཐུམ་རིལ། མ་ར་ཡ་རྦད་ཡ། ཉི་མ་བཞི་པའི་ལས་ཀྱི་འགྲུབ།། བསྣུར་འགྲོས་རུས་སྦལ་ཆེན་པོ་ལ།། རྣམས་ཐུས་རུ་ཁུག་འབྲུ་དེད་པ།། རོ་ལངས་ནག་པོའི་ལས་སུ་བཤད།། དེ་ནས་ཡང་དག ་བཤད་བྱ་བ།། དེས་ཀྱང་ལས་ལ་མ་གྲུབ་ན།། རོ་ལངས་འཁྲུག་བྱེད་གཡས་ནས་བསྐོར།། མགོ་འདྲེན་ལས་སྔགས་མིང་དང་ནི།། སྤུ་གྲིས་བསྡེབས་པས་གཅོད་པར་འགྱུར།། ཉི་མ་བཞི་པའི་ལས་ཡིན་ནོ།། ཨོཾ་ཧྲིཥྚྲཱིཿཝི ་ཀྲི་ཏ་ཀ་ལ་རཱུ་པ་ཛ་ཛ། ཡ་མཀྵེ་དྷ་མེ། མ་ཀླེ་དྷ་མ་ཡ། ཀྵེ་དྷ་མེ་ཡ་མ་དྷ་མེ་མ་ཡཀྵེ། ར་ནི་ཛ་ལ་ཡ། ནི་ཛ་ཡ་ར། ཙ་ར་ཡ་ནི་ཡ་ར་ནི་ཛ། ར་ནི་ཡོ་ནི། ནི་ཡོ་ན་ར། ཡོ་ནི་ར་ནི། ན་ར་ནོ་ཡོ། རོ་ཏོ་ས་ཡ། ཏོ་ས་ཛ་རུ། ས ་ཙརུ་དྷོ། ཙ་རུ་ཏོ་ས། ཉི་མ་བཞི་པའི་ལས་ཡིན་ནོ།། སྐྲ་གྲི་འཁོར་ལོ་འགྲོ་བ་འདྲ།། ཆེ་གེ་མོ་ནརི་ཨ་མུ་ཁཾ། མ་ལ་ཡམ། ད་ལ་ཡེ། ཀྱི་བོ་ཡེ། ལི་ཧི་ཡེ། སྙིང་ཁྲག་ཀྱོག་ཟད། སྙིང་ཁྲག་ཀྱོག་རྦད་རཀྵ་ཛ་ཡ་རྦད། སྲིང ་ཁྲག་མྱོག། མུ་ར་ཛ་ཡ་རྦད། སྙིང་ཁྲག་མྱོག་མ་ར་ཡ་རྦད། འཕྲིན་ལས་རྫོགས་དང་ལྷ་སྲིན་དཀྲུག། ཡ་མ་དཀྲུགས་ཕྱུང་འཇུར་ཤག། ར་ཛ་དཀྲུག་ཕྱུང་འཇུར་ཤག། ཆེ་གེ་མོ་ཀླད་པ་དཀྲུག་མ་ར་ཡ་རྦད། ལིང་ཀ ་འཁོར་ལོ་བཅས་པ་དེ།། མཆོད་རྟེན་ཁྲུ་གང་འོག་ཏུ་གཏད།། ཀླུ་ཡི་ས་འམ་དུར་ཁྲོད་གནས།། རྩ་རྒྱུད་རླག་པར་དཔའ་བོས་བཤད།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། མ་ཏང་སྨེ ་ནག་ལས་ཀྱི་འཁོར་ལོ་རོ་ལངས་ནག་པོའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་དཔལ་འབར་ཁྲོ་བདག་རྗེ།། དུར་ཁྲོད་རས་ལ་བསྒྲུབ་པ་བསྟན།། དུད་ཁྲོད་རས་ལ་འཆི་བདག་གཟུགས།། ཁ་བགྲད་མིག ་བཟློག་མཆེ་བ་གཙིགས།། ལག་ན་དབྱུག་པ་ནག་པོ་ཐོགས།། དེ་འདྲ་ལྷོ་རུ་འཁོར་ལོ་བྲི།། རབ་ཏུ་གནས་པའི་ཆོ་ག་བྱ།། འཁོར་ལོ་རྩང་མར་ཁ་ལ་འགྲམ།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། ཡ་མ ་གནས་པའི་མཎྜལ་བྲི།། ཆག་ཆག་ཐིག་དང་ཚོན་བཀྱེ་ལ།། གྲུ་གསུམ་མཐིང་ནག་ཟླ་གམ་དམར།། འཁོར་ལོ་ནག་པོ་དཔལ་ཁ་དམར།། བར་ཁྱམས་གནམ་ལ་ཟླ་གམ་དམར།། སྒོ་རིགས་ཏེ་ག་རུས་པས་བྱ།། རིག་པ ་ཅན་གྱི་ལྷ་བཀོད་དེ།། དམར་ནག་འཆོལ་བའི་ལས་མཆོག་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་དམིགས་པས་བསྐོར་བའི་ཚེ།། ཡིག་འབྲུ་སུམ་ཅུ་རྩ་དྲུག་ལ།། ཉིན་པར་འགུག་དང་རྩ་རྣམ་ཁྲོ།། མཚན ་མོ་གསོད་དག་ཤ་ཁྲག་ཟ།། དྲག་པོ་འཁོར་ལོའི་དྲག་སྔགས་སོ།། ར་ཛ་ས་དོ་རུ་ན་ཡོ་ད་ཡ། ཆེ་གེ་མོ་ཨ་མུ་ཁཾ། པྲ་མ་ཡ་ཧཱུཾ་ཕཊ། དོ་རུ་ཎ་ཡོ་ནི་ར་ཡཀྵེ་ཡ། ཆེ་གེ་མོ་ཨ་མུ་ཁཾ་མུར་ཛ་ཡ་ཧཱུཾ་ཕཊ། ཡོ་ནི་ར་ཡ་ཛ་ནི་ར་མ ་ཡཱ། ཆེ་གེ་མོ་ཨ་མུ་ཁཾ་རག་ཏ་ཛ་ར་ཡ་ཧཱུཾ་ཕཊ། ཡ་ཛ་ནི་རཱ་ཛ་ར་དོ་མེ་ཡ། ཨོཾ་ཆེ་གེ་མོ་ཨ་མུ་ཁཾ་མ་ར་ཡ་ཧཱུཾ་ཕཊ། མཚན་ནི་བསེ་མོའི་དྲག་སྔགས་དང་།། ས་མ་ཡ་དང་ཁྲག་སྐྱུག་བཟླས།། ཡང་སྙིང་ཐུགས་ཀྱི་རྒྱལ་པོ ་བརྡེག། ཡང་དག་དཔའ་བོས་བླ་མེད་གསུངས།། དེ་ནས་ཡང་དག་བཤད་བྱ་བས།། ཉིན་བཞི་དྲག་སྔགས་འདི་བཞིན་བཟླས།། འཇིག་རྟེན་དབང་ཆེན་གཤིན་རྗེ་དང་།། གདུག་བྱེད་ཤན་པ་མང་པོའི་ཚོགས།། བཙན ་གྱི་ཛག་པ་འཆས་པ་ལྟར།། འཇིག་རྟེན་ཁམས་ཀུན་ཁེངས་པར་བསམ།། མོ་འཁོར་གཡོན་ནས་འཁོར་ནས་ནི།། འགུག་བྱེད་རླུང་ནག་འཁོར་ལོ་ཡིན།། ར་ཛ་ས་དོ་རུ་ཎ་ཡོད་ཡ། དྷེ་རུ་ན་ཡ་ནི་ར་ཡཀྵེ་ཡ། ཡོ་ནི་ར་ཡ ་ཛ་ནི་ར་ཛ་ས་དོ་མེ་ཡ། མཚན་བཞི་དྲག་སྔགས་འདི་ལྟར་བསྐོར།། གདུག་བྱེད་གཤིན་རྗེ་ནག་པོ་དང་།། སྒྲོལ་གིང་སྲོག་བདག་དམར་པོ་དང་།། དབང་ཆེན་སྲིད་གསུམ་མ་མོ་དང་།། ཁྲམ་ཐོགས་གྲི་ཐོགས་བདུད་དང ་གིང་།། བདུད་ཀྱི་ཤན་པ་སྲོག་གཅོད་ལྟར།། ཁྲག་དང་ཤ་ལ་རོལ་པར་བསྒོམ།། སྔགས་ཀྱང་དྲག་ལ་འདྲིལ་བ་དང་།། རི་རྒྱལ་ཟབ་དང་གནམ་ལྕགས་ཐོགས།། སྤུ་གྲི་སོ་དང་འདྲ་བར་བསམ།། ར་ནི་ཛ་ཡ་ར་ནི་ཡོད ་ཡ། ཏོ་ས་ཛ་ར་ན་ཛ་ཡཀྵེ་ཡ། ཡོ་ན་རུ་ཏོ་ས་ཛ་ར། ཡ་མ་ཡ་ར་ནི་ཡོ་ནི། རུ་ཏོ་མེ་ཡ། མིང་དང་སྤུ་གྲི་གདགས་ཡིག་ནི།། འདི་ལྟར་བཟླས་པ་དཔའ་བོས་བཤད།། ཆེ་གེ་ཨ་མུ་ཁཾ། སྙིང་བཾ་རི་ལ་རྦད་ཡ། ཆེ་གེ་མོ་ནརི། ་ཨ་མུ་ཁཾ་རུ་ཏ་ནན་ཁཾ་ཏི་རྦད་ཡ། ཆེ་གེ་མོ་ནརྀ་ཨ་མུ་ཁཾ། ར་མ་ར་ཡ་ཁཾ་དུ་རྦད་ཡ། ལས་རྣམས་རྫོགས་པར་འགྱུར་བ་དང་།། ལིང་ག་འཁོར་ལོ་ཐོད་པར་བྲུབ།། ཨོཾ་ཧྲི་ཥྚིཿབི་ཀྲྀ་ཏཱ་མོན་དང་དགྲ་བོ་མ་ར་ཡ ་དུ་ཛ། ཨོཾ་ཧྲིཥྚཱིཿཝི་ཀྲྀ་ཏ་མོན་ཏ་དགྲ་བོ་མ་ར་ཡ་ནན། གཏད་ཁྲམ་ལས་ནི་འཐེབས་པར་བྱ།། སྒྲོལ་གིང་གཤིན་རྗེ་དམར་པོ་དང་།། བསེ་མོ་ཚོགས་ཀྱིས་ཐུན་ཡང་བྲབ།། དྲང་སྲོང་དམོད་པ་རྫོགས་པ་དང་། འཕྲིན ་ལས་བྲོ་གཟིར་ཕོ་བྲང་དང་།། དམ་ཚིག་བདག་པོས་རབ་ཏུ་གསུངས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ཡི་དགས་གཤིན་རྗེ་རོ་རས་ནག་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དཔལ ་འབར་ཁྲོ་བོ་ཡི།། གཡང་གཞི་ནག་པོའི་ལས་འདི་བཤད།། སྔགས་པ་ནང་འབྲས་འབྱུང་བ་འམ།། ལས་རྣམས་བརྐུག་པས་བྱ་བ་ཡིན།། ཐོག་མར་བསྙེན་པ་རྫོགས་པ་དེས།། དྲག་པོའི་ལས་འདི་མཐར་བྱ་བ།། དྲག ་ས་འཁོར་ལོ་མ་བྲིས་ཀྱང་།། གཤིན་རྗེ་ཉིད་ཀྱི་ཐུགས་ལ་གནས།། མི་འཇིགས་དཔའ་བོ་བརྟུལ་ཞུགས་ཀྱིས།། དུར་ཁྲོད་ས་ལ་མཎྜལ་བྱ།། ཐིག་བཞི་བཏབ་པས་ལེ་ཙེ་དགུ།། ཕྱི་རིམ་ལ་ཙེ་བཅུ་གཉིས་ལ།། ཡེ་གེ ་མཁས་པས་དགོད་པར་བྱ།། ལྕགས་སམ་ཤིང་ནག་ཕུར་པ་དགོད།། དཔལ་ཆེན་གཏོར་མ་དགོད་ཅིང་བརླབ།། ཡ་མཱན་ཏ་ཀ་ལ་སོགས་པ།། དྲག་པོའི་གཏོར་མ་རྒྱུན་དུ་དབུལ།། ཐུན་གྱི་འཁོར་ལོ་འབྲུབ་ཁུང་དུ།། ར ་རོག་པ་འགལ་ཁ་ལ། མིང་བྱང་བཅུ་གསུམ་ར་ལ་གདགས།། མ་ཉེས་དཔང་གཟུགས་ཆོ་ངེས་བཏབ།། གཤིན་རྗེ་མ་མོ་བདུད་དང་གིང་།། དུས་བཞིར་བསྐལ་ཞིང་ཕོ་ཉས་དགུག། ལྷ་དང་དབྱེ་ཞིང་རང་ལ ་བསྟིམ།། དཔྲ་རྟགས་རང་དང་ཉམས་ལ་བརྟག། མ་ར་ཡ་དང་ཙི་བི་རིས།། དུས་གསུམ་དགུག་པའི་ལས་ཀྱང་བྱ།། ཁུག་པའི་དྲོད་རྟགས་བྱུང་བ་དང་།། གཅེར་བུ་བྱུང་ལ་སྐྲ་ཡང་རྗེ།། མཎྜལ་ཐ་མར་ར་ཁྲིད ་ལ།། བསྐོར་ར་བྱ་ཞིང་དམ་ཅན་བོད།། དེ་ནས་ར་དེས་དགྲ་བཟློག་བྱ།། དམིགས་པ་ར་ཁ་བསྟེམ་ལ་བསྒྲལ།། གཡང་གཞི་མ་བྲལ་བར་བཤུས་ལ།། གཡང་གཞིའི་དབུས་སུ་སྒྲུབ་ཁུང་ནི།། ར་ཁྲག་དུག་དང་སྦྱར་བས ་བྲི།། དེ་ཡི་མཐའ་མར་འཁོར་ལོ་ཡི།། དབུས་སུ་ཡི་གེ་ནརྀ་བྲིས་ལ།། ར་སྙིང་ལིང་ག་སྦྲེལ་ལ་བཞག། དྲག་པོའི་ངན་སྔགས་འདི་དག་གོ། ཨོཾ་ས་མ་ཡ། ཨ་རྱ་མཉྫ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ་སན་ཙ་ཏེ་རོ་ནི་ཛ་ཧཱུཾ། ཛ་ཡ་ར་ནི།། ་ཡོ་ན་རུ་དོ། ས་རྩ་ར་ནི། ཀྵེ་ཏ་མེ་ཡ་མ། ནི་མ་ར་ཡ། ཡ་མ་སྙིང་། ཡ་མ་ཁྲག་ཚལ་པ་བཾ། རིལ་དམ་པ་དུམ་བུ་མཱ་ར་ཡ་རྦད། གཡང་གཞི་དྲག་སྔགས་འཁོར་ལོ་བསྐོར།། ཉུངས་ཀར་ཉུང་ནག་སྐེ་ཚེ་བྲབ།། ཐུན་དང ་རྩང་ཕུར་གདབ་པར་བྱ།། དེ་ནས་གཡང་གཞི་གྲིལ་བ་ལ།། ཚོན་སྣ་ལྔ་ཡི་སྐུད་པས་བདུག། གཤིན་རྗེ་བདག་གི་སྨེ་གཏོར་དང་།། ཕུར་པ་ནག་པོ་སོར་བཞི་བསྒྲག། གཤིན་རྗེ་ནག་པོ་ལ་སོགས་པ།། ཤན་པ ་གྲི་ཐོགས་དམར་པོས་ཁྲིད།། རྒྱ་མཚོའི་རླུང་གི་བར་དག་ཏུ།། ལྕགས་ཀྱི་ཁང་རོམ་འབར་བ་རུ།། སྒྲོལ་བདག་བདུད་ལ་གཏད་པར་བསམ།། རི་རབ་ཆེན་པོ་ཉིད་ཀྱིས་མནན།། ཡེ་ཤེས་ལྷ་ཚོགས་བྲོ ་ཡིས་གཟིར།། ཅེས་དམ་ཚིག་བདག་པོས་རབ་ཏུ་གསུངས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། གཤིན་རྗེ་སྲོག་བདག་གཡང་གཞིའི་འཁོར་ལོ་ནག་པོའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ ་ནས་འཇིགས་བྱེད་འཁོར་གྱི་གཙོ་བོ་དེས། དཔལ་འབར་ཆེན་པོ་རྔམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་དང་ལ་འབར་ཆེན་པོ་ལགས།། ཕྱི་རབས་བསྟན་པ་བསྲུང་བའི་ཕྱིར།། དམོད་པ་དྲག་པོའི་གསང་སྔགས ་གང་།། ཞེས་ཞུས་པས། ལེགས་སོ་འཇིག་རྟེན་མགོན་པོ་ཉོན།། སྲོག་བསྒྲུབ་གསང་བ་ཐུགས་ཀྱི་བཅུད།། སྲོག་རྟེན་བཅའ་ཞིང་གནོད་སྦྱིན་སྟེན།། བླ་འགུག་འགོ་བའི་ལྷ་དང་དབྱེ།། བེ་ཅོན་རྩང་ཕུར་ཐུན་གྱིས ་གསད།། སྲོག་གཤེད་ཤན་པ་གྲི་ཐོགས་རྦད།། སྒྲོལ་གིང་བསེ་ཡི་གྱད་ཆེན་རྦད།། བན་དྷེ་བོན་པོ་མུ་སྟེགས་དང་།། བུད་མེད་སྡིག་རྟག་འཁོར་བ་ན།། གསད་པའི་ལས་དྲུག་ལས་ལ་སྦྱར།། སྒྲོལ་གིང་དམར་པོ་མཆེད ་བཞི་ལ།། གནོད་སྦྱིན་ཕོ་མོ་ཐམས་ཅད་བསྐུལ།། དེས་ཀྱང་མི་འདུལ་གང་ཡང་མེད།། དེ་ནས་ཡང་དག་བཤད་བྱ་བ།། དུད་ཁྲོད་འཇིགས་པའི་གནས་དག་ཏུ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ ་གསུམ་དང་འཁོར་ལོ་བཞི།། ཟླ་གམ་དམར་ནག་བརྒྱད་ཀྱིས་མཛེས།། འཁོར་ལོ་ཟླ་གམ་ཡིག་མཚོན་ཏེ།། རིག་པ་ཅན་གྱི་ལྷ་གྲངས་དགྲམ།། ཕུར་བ་ལ་སོགས་ལྷ་རྫས་དགྲམ།། བསེ་འཁོར་བཅས་ལ་མངའ་ཡང ་གསོལ།། གཏོར་མ་གསུམ་དང་མཚོ་བཞི་བཅའ།། ཁྲག་འཐུང་གཏོར་མའི་གཟེར་ཡང་བཅའ།། སྲིང་མོ་གསུམ་གྱི་རྫས་ཀྱང་བཞག། རོལ་པོ་ལྟེ་ཀར་དགྲ་ཡི་གཏེར།། སོ་སོའི་སྲོག་གི་རྐང་རྫས་བྱ།། ནག་པོ་སྤྱི ་དཀར་གཤིན་རྗེ་ལ།། བྱ་མོ་རྡུལ་ཐིག་རོ་ལངས་མ།། རྒྱ་མཚོ་གསེར་ཟམ་ཏི་ལ།། གིང་ལ་མི་ཡི་ཙིཏྟས་བསྐང་།། སྨུག་མོ་མོན་མགོ་སྤྱང་མུན་ལ།། དམར་མོ་སྦྲུལ་མགོ་ཤུ་ལན་གྱི།། སེར་མོ་འུག་མགོ་ཙ་མུན ་གྱི།། དཀར་མོ་ཟངས་མགོ་ཀེག་མུན་གྱི།། དེ་དག་སྲོག་གམ་མདངས་ཀྱིས་བཀང་།། ཡང་ན་སྨུག་པོ་བ་ལག་གོ། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། ཏིང་འཛིན་རིམ་དང་ཆུ་བུར་ཚུལ།། དབང་ཆེན ་གཞལ་ཡས་གདན་སྟེང་དུ།། བདག་ཉིད་ཡ་མཱན་ཏ་ཀ་ནི།། དབུ་གསུམ་ཕྱག་དྲུག་ཞབས་དྲུག་བརྒད།། སྔོ་དང་མཐིང་དང་ལྡང་ནག་ཞལ།། བེ་ཅོན་དགྲ་སྟ་རལ་གྲི་དང་།། སྡིགས་མཛུབ་ཁ་དང་བན་དྷ ་དམར།། བདུད་དང་མ་ཧེའི་གདན་ལ་བཞུགས།། ཀྵེ་དང་སྭ་དང་ཡ་ལས་ནི།། ཡུམ་སྲས་བཾ་ཆེན་གདན་ལ་བཞུགས།། ཁང་ལས་མཚོ་བཞི་ཡིས།། སྐུ་གསུང་ཐུགས་དང་འཕྲིན་ལས་དང་།། དེ་ཡི་ཕྱི་རིམ་བྷྱོ་ཛི ་ལས།། བློན་མོ་དབང་ཕྱུག་སྒྲོལ་གིང་ཚིགས།། དཔག་ཏུ་མེད་པས་བསྐོར་བར་བསམས།། ཆོས་ཉིད་དང་ལས་སྐུ་བཞེངས་ལ།། སོ་སོ་ཕོ་བྲང་དམ་པ་ནས།། སྤྱན་དྲངས་ཕྱག་བཙལ་བཞུགས་པ ་དང་།། མཆོད་བསྟོད་བཤགས་པ་ལ་སོགས་བྱ།། དེ་ནས་བཟླས་པ་བརྩམ་པར་བྱ།། གཤེད་པོ་ལ་སོགས་ཐུགས་ཀ་རུ།། རྒྱུ་ལས་རང་སྔགས་འཁོར་ལོ་ཚུལ།། ཨོཾ་ཟ་མ་ཡ་ཤྲཱི་མཉྫུ་ཡ་མན་ཏ། ཡ་མ་ར་ཙ། མ་མ་ཨེ་ཀ ་ཛ་ཏི་ཛ་ཛཱ། ཏྲག་རག་ཤ་མུ་ཏྲ་ཁ་མུན་རུ་ལུ་རུ་ལུ་བྷྱོ། ཨོཾ་ཤྲཱི་མཉྫུ་ཡ་མ་ར་ར་ས་དོ་མེ་ཡ། ཡམ་ཡཾ་ཐུམས་ཐུམས།། གཤིན་རྗེ་ནག་པོ་སྙིང་ཁྲག་ལ་བདུན་བྷྱོ། མ་རུ་རྩ་ཛ་ལ་ཧུར། དབུགས་ལ་ཐུམས། སྲོག་ཡ་མ་ཡམ་ཛ ་ཛཱཛ། ཨོཾ་སུ་ཏྲི་བ་ཡ། བ་ར་ཙི་ཏ་ཡོ་གི་ཤ་ར། ཡ་མ་ཙིཏྟ་ཧཱུཾ་ཕཊ་སྭཱ་ཧཱ། རྟག་པའི་རྣལ་འབྱོར་བླ་མེད་བརྩོན།། ཀྲི་ལིང་ཤང་ཀ་དུ། དྲི་ཟ་ཡག་ཤ་རྦད་སུ། ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག་དགྲ་བོ་མ་ར་ཡ། རྩ ་རྩ་རཱ་ཛ་རྦད། ཀྱི་ཀྲིད་ཏྟ་ཁྲིད་རོ་ལ་ཁྲག་འཐུང་།། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཙིན་དྷ་མ་རོ་ལ་ཁྲག་འཐུང་།། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཤ་ཟ་བའི། སྙིང་འབྱིན་པའི། ཁྲག་འཐུང་བའི། དབུགས་འཕྲོག་པའི།། ་སྲོག་གཅོད་པའི། སྙིང་ཟའི་ཙ་ཏ་ཡ། མ་རག་ཤ་ཨ་ཏང་པར་ལ་ཏོ།། ཤ་ལ་ཀྱི་སྤྱང་ཀྲ་ཧེ་ཀྲ་ཧེ་ཧཱུཾ་ཕཊ། ཉིན་མཚན་མ་ནོར་དྲག་པོའི་མདའ།། སྲོག་ནི་ཏིང་འཛིན་བསྟན་པ་རུ།། དམ་ཚིག་བདག་པོས་རབ་ཏུ ་བཤད།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། སྲོག་ལ་ཤན་པ་དགྱེ་བའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་དཔལ་འབར་དེས།། འཇིག་རྟེན་གྲགས་པ་དབང་བསྡུས ་ལ།། དགྲ་བོ་ཁྲམ་ལ་གདབ་པའོ།། དྲག་པོ་ལས་ཀྱི་གཟེར་ཀ་གཟུང་།། ལྷ་སྲིན་ཕོ་ཉ་འཐབ་བཞིན་དུ།། བྱ་རོག་འུག་པའི་ལས་བྱ་ཞིང་།། ལྷ་སྲིན་དབང་དུ་སྡུད་པའི་ཕྱིར།། བདག་ཉིད་སྒྲོལ་གིང་བདག་པོ ་བསྒོམ།། ཕོ་ཉ་བཀུག་ལ་ཙི་བི་རི།། ལྷ་སྲིན་དབང་དུ་བསྡུ་བའི་ཕྱིར།། ཨོཾ་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་བཛྲ་དུན་བྷྱོ། ཨཱརྱ་ཤྲི་སྲིག་སྭ་ཛ་ཛ་ས་མ་ཡ་སྟོམ། དེ་ནས་གུ་གུལ་ལ་སོགས་པས།། འགོ་བའི་ལྷ་རྣམས་རིམ་པར ་དབྱེ།། དབྱེ་བའི་སྔགས་རྣམས་བཟླས་པའི་ཚེ།། ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཡིས།། སྣང་སྲིད་བཀང་ནས་ལྷ་སྲིན་དཀྲུགས།། འགོ་བའི་ལྷ་རྣམས་བཀྲག་པར་བསམ།། གུ་གུལ་དུད་པ་དྲག་པོ་དེས།། འགོ་བའི་ལྷ ་ལ་ཕོག་པར་བསམ།། ཨོཾ་ལ་དུ་ས་མ་དུ། ཧུ་ལུ་ལི། མྱོས་ན་དག་ལ། གཟེར་ན་ཡ། ཨ་ནི་ཏྲག་རག་ཤ་མ་ར་ཡེ་ཕྱེ།། དེ་ནས་ཕོ་ལྷ་ལ་སོགས་པ།། རྫས་དང་སྔགས་ཀྱི་རིམ་པ་དབྱེ།། སྠི་རུ་དབྱེ་ན་འདི་ལྟར་རོ།། ་རོག་འུག་པའི་གོང་རུ་ལ།། ལྷ་དང་དགྲ་ཡི་མིང་བྲིས་གདགས།། ལིང་ཀའི་མདུན་རྒྱབ་དག་ཏུ་ཡང་།། བྱ་རོག་འུག་པའི་མཚོན་གྱིས་བཀྱིག། གུ་གུལ་དུད་པ་རྒྱུན་དུ་གཏང་།། དེ་རྗེས་ཕོ་ཉས་དྲག་ཏུ་དགུག། བསྟིམ ་དང་གདུང་པའི་ལས་དག་བྱ།། དེ་ནས་ར་སྦྲུལ་ལིང་ག་སྙིང་།། ར་ཡི་རྫས་རྣམས་ཆས་དགོས་ལ།། ཐུན་དང་སྲེག་དང་མནན་པ་བྱ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། དྲག་པོ ་ཤུགས་སྒྲོལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་བེ་ཅོན་དྲག་པོ་ཆེ།། འདི་ཡི་བེ་ཤིང་འཁར་བ་ལ།། ཡི་དམ་ལྷ་ཚོགས་སྔགས་བྲིས་ལ།། རྟག་ཏུ་ལག་ཏུ་མི་འབྲལ་བར།། མི ་རྒོད་བྱ་ཞིང་བགྲོད་དཀར་འགྲོ།། དགྲ་འམ་བགེགས་ཀྱི་བར་ཆད་སེལ།། སྙིང་པོ་འདི་དག་དྲག་ཏུ་བཟླས།། ཨོཾ་ཤྲིཿམཉྫུ་ཡ་མ་རཱ་ཛ། ཨུ་ཤ་ནན། བྷན་དྷ་ནན། གུ་ཏྲང་གུ་ཏྲང་། བ་ཤན་མུ་ཏི་མ་ར་ཡ་རྦད། ཁྲོས་ན་ལྷ ་ཡང་རླག་པར་བྱེད།། འཇིག་རྟེན་མགོན་པོས་ཡང་དག་གསུངས།། དེ་ནས་ཡང་དག་ངེས་བཤད་པ།། ཤི་ཤིང་ནག་པོའི་ཕུར་པ་ལ།། རྨེ་བདུད་སྣ་ཚོགས་བདུད་བྱས་ལ།། དྲག་སྔགས་བཟླས་ཤིང་གདབ་ལས ་བྱ།། གནན་པའི་ཡང་སྙིང་ལས་ལ་འཇུག། སྒྲོལ་གིང་བདག་པོའི་སྲོག་སྔགས་ཡིན།། སྔགས་པ་ནང་འགྲས་བྱུང་བའི་ཚེ།། གྲོ་གཤོག་ཤོག་རས་དག་ལ།། དགྲ་བོ་དེ་ཡི་ལིང་ག་བྲི།། གྲུ་གསུམ་གཏིང་དུ་ཁ་སྦུབ ་ལ།། དྲག་སྔགས་འདི་དག་ཁྲི་ཕྲག་གསུམ།། རྫོགས་སོགས་ཁྲི་ཕྲག་བཏབ་ལ་གཞག། འཇམ་དཔལ་དམར་པོས་མནན་པར་བསམ།། དེ་ཡི་སྟེང་མཆོད་རྟེན་ནག་པོ་མནན།། ཨོཾ་བཛྲ་ཀི་ལི་ཀི་ལི་ཡ་ཧ། སྙིང་ལ་ཐོ ་རམ། རག་ཤ་སྙིང་ལ་རྦད། ཙ་པ་ལ་ནན། ཁྲག་ཟུམ་རལ་རྦད། རོ་ལ་རྦད། ཀྵེ་ལ་མཾ་ཁུག་བྲུཾ་རིལ་རྦད། རོལ་རྨུགས་བྲུཾ་རིལ་རྦད། ནི་མ་ར་ཡ། མ་ར་དུ། སྙིང་ཚལ་པ་ཤག་ཤ་ནན། ཧ་ར་ཧ་ར། ཀྵཾ་ཀྵཾ་དགྲ་བོའི་སྲོག ་དབུགས་སྙིང་ལ་ཡ། ནང་ཁྲོལ་སྨད་ལྔ་ལ་ཡ། ཕུང་པོ་རྣམ་ཤེས་ལྔ་ལ་ཡ། གང་ལ་དམིགས་པ་རྩ་རྒྱུད་རྩག། དེ་ནས་ཡང་དག་བཤད་བྱ་བ།། རྩང་དམར་ཉི་ཤུ་རྩ་གཅིག་ལ།། དྲག་པོའི་རྩང་དམར་བདུན་འགྲབས ་ལ།། དབང་ཕྱུག་ལ་སོགས་སྲིང་མོ་ཡིས།། འབྱུང་བཤིགས་ཤིང་ཕུང་པོ་འཇོམས།། དགྲ་བོའི་ལིང་ག་བྲི་ཞིང་བསམས།། ཁྲག་རྟེན་མཆིན་པ་དྲོད་རྟེན་མཆེར།། དབུགས་རྟེན་གློ་བ་ས་རྟེན་མཁལ།། དེ་རྣམས་སྙིང ་ལས་གྱེས་པ་ཡིན།། ལན་བདུན་གདབ་ཅིང་རྒྱུན་དུ་བཟླས། ལིང་ག་དོང་གི་ནང་དུ་གཞུག། ཧེ་ཐུམས་ཧེ་ཐུམས་ལིང་ལིང་སོད་སོད། བྱིན་ཚིག་ལིང་སྲོད་སོད་སོད། ཀུ་བྱིང་ལིང་ག་ལིང་སོད་སོད། ས་འཁོར་ས་འཁོར ་ལིང་སོད་སོད། ཐུན་ཕོབ་སོད་སོད། སོད་སོད། ཤིག་ཤིག། རྩང་གིས་གཙང་ལ་ཐོད་ངན་བླུགས།། དྲག་སྔགས་ཁྲི་ཕྲག་དྲུག་བཟླས་བྲབ།། སྲི་མོ་ཁྲོས་འདྲར་གཏད་པ་ན།། རྩ་རྒྱུད་རླག་པར་དཔའ་བོས་བཤད།། དེ ་ནས་ཡང་དག་བཤད་བྱ་བ།། ར་རོག་བསྒྲལ་བའི་སྙིང་ཁྲག་དེ།། ར་སྙིང་ནང་ངམ་ར་ཐོད་བླུག། ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ།། སྔགས་འདི་བཟླས་ཏེ་ཡུལ་མཁར་འཕང་།། ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡག་ཤ་རྦད་སུ།། ་ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག། དགྲ་བོ་མ་རཱ་ཡ། ཏིང་ས་ཐུན།། ཏིང་ལིང་ཤང་ཀ་ཐུན། འབུམ་ཁྲི་ཀྵེ་ནི་བཾ་འདུ་ས་ཏྲི། ར་ཏྲི་ཆུམ། བླ་ཏྲི་ཤིག། སྙིང་ཁྲག་རྦད། ལས་ཀྱི་ཁྲག་ཟུན་གསང ་བའི་གཏེར།། ཅེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ཡོ་མ་ཐུན་གྱི་ལས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་འབར་བ་དེས་སྲོག་གཤེད ་དྲག་པོའི་ལས་འདི་གསུངས་སོ།། བྲག་དམར་སྟག་གཟིག་འདྲ་བའི་གནས།། ནགས་ཚལ་ཐུག་པའི་གནས་ཕྱིན་ལ།། སྲོག་ལ་ཆན་པ་གདབ་པའི་ལས།། རབས་ཆད་ཐོད་པ་ནག་པོ་ལ།། རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་ལ།། ཧྲི ་སྟིསྟེ་བཞི་ཡི་སྔགས་ཀྱིས་བསྐོར།། ནང་དུ་འཁོར་ལོ་རྩིབས་བཞི་ལ།། དྲག་སྔགས་བཞི་པས་མཚན་པར་བྲི།། དབུས་སུ་གྲུ་གསུམ་ལིང་ག་གཞག། འབྲུབ་ཁུང་གྲུ་གསུམ་སྲིང་སྲིངས་ལ།། སྐར་ཁུང་བཏོད་ལ་རྩང་གིས ་སྐོར།། བདག་ཉིད་ཡ་མཱན་ཏ་ཀར་བསྒོམས།། ཁྲག་དང་དུག་དང་ལྕགས་ཕྱེ་དང་།། ཉུངས་ཀར་ཉུངས་ནག་སྐེ་ཚེས་བྲབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཚ་མ་མ་ཨེ་ཀ་ཛ་ཏི་ཛ། དེ་ལ་རྒུན་གྱི་ལས་རྣམས་བྱ།། དེ་ནས་དྲག་ཏུ ་ལས་བྱེད་དུས།། དྲག་སྔགས་འདི་དག་བཟླས་ཤིང་བྲབ།། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བེ་ཤ་མ་ར་སེ། ན་ཏྲ་གུས་ར་སེ། གུ་ཧ་ཀ་ཏེ་ས་ཏེ། ཏ་པ་ན་ཀུ་པ་ར་མ་ཏ་ཤ་མི། ཨ་ནུ་རུ་པ། སུ་རུ་པ། ན་ཏ་ཀུ་པ་ར་ཙ་ཏྲ་ཁ་ན ་ཛ་ཁི་ཧེ་མོ་ཧ་ས། ཀུ་པ་ར་ན། ཧེ་མ་ཧ་ནན། གུ་ཧ་ཀ། ཙ་ལ་ཙ་ལ། པ་ཙ་པ་ཙ་སུ་ལུ་སུ་ལུ་ས་ཧ། ཀྲི་ལི་ཤ་ག་དུ་ཏྲི་ཟ་ཡག་ཤ་རྦད། སུ་ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག། དགྲ་བོ་ནི་མ་ར་ཡ། རྣལ་མ་རྣལ་ཏེ ་གསོད་ལ་རྔམ། གཤོག་ལ་མེར། སྲིས་ལ་ཆུམས། ཐུ་བི་ཐུ་ལྕགས་ཀྱི་པྲ། དགྲ་བོ་མ་ར་ཡ། བདུད་པྲ་མ་ཡ། དུ་རུ་དུ་རུ། ཧ་ར་ཏི་ཧ་ར་ཏི། ནག་པོ་ཛ་པི་ཛ་ཡ། དགྲ་བོ་སྲོག་མ་ར་ཡ་རྦད། ཅེས་པའི་དྲག་སྔགས་ཁྲི་ཕྲག ་བཞི།། རྫོགས་དང་མཆོད་རྟེན་རྨང་དུ་གནན།། སྲོག་རྩ་ཟོད་བསྒྲུབ་མནན་པའི་ལས།། དྲག་སྔགས་འཕྲུལ་ཐབས་མ་ཤེས་ན།། སྔགས་པའི་སྲོག་ལ་བར་ཆད་འབྱུང་།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད ་ལས། ཤན་པ་སྒྲོལ་བྱེད་ཀྱི་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་དཔལ་འབར་ཆེན་པོ་དེས། སྒྲོལ་གིང་བསེའི་གྱད་ཆེན་པོའི་དྲག་སྔགས་འདི་གསུངས་སོ།། རྫ་ཀླུད ་དམར་ནག་འཇིགས་པ་རུ།། གཙོ་བོའི་བསྙེན་པ་རྫོགས་པ་དེས།། འབྲུབ་ཁུང་ནག་པོ་ཁྲུ་གང་བ།། དུག་ཁྲག་དག་གིས་ཞལ་ཞལ་བྱས།། ར་སྦྱང་ཐོད་པ་རྣག་པའི་རྫས།། འཁོར་ལོ་བྲི་བར་ཤེས་པར་བྱ།། དཔའ་བོ ་ཆེན་པོས་འཇིག་རྟེན་འདོད།། ཉི་ཤུ་གཅིག་གིས་སོད་པར་འགྱུར།། ཉི་ཟེར་ཟླ་ཟེར་སྐར་ཟེར་ལ།། རྦད་ཅིང་བླ་ནི་དགུག་པར་བྱ།། གྲིབ་སོ་བྱུང་དང་ཉི་མ་ནུབ།། ནམ་གྱི་གུང་ལ་གསད་པར་བྱ།། ལས་རྣམས་རྫོགས ་པར་གྱུར་པ་དང་།། སྐྱ་རེངས་དང་པོ་ཤར་བ་དང་།། དགྲ་བོ་མཆོད་རྟེན་རྨང་དུ་མནན།། ལས་སྔགས་དག་ནི་གཏད་སྔགས་བཟླས།། དུག་དང་ཁྲག་སྐམ་ཉུངས་ཀར་གྱིས།། དུས་གསུམ་དག་ཏུ་བྲབ ་པར་བྱ།། ར་དམར་སྙིང་དང་ཤ་ཁྲག་ལ།། གཏོར་མ་བྱས་ཏེ་དབུལ་བར་བྱ།། འོད་དང་སྒྲ་དང་རྟ་པ་དང་།། ཞི་བ་ཆེན་མོན་པ་མང་པོ་འབྱུང་།། སེམས་ཅན་གསོད་དང་རྟ་རྒྱུག་དང་།། འཁྲུག་པའི་རུས་སྐོས་བྱེད་པ ་ནི།། གཤིན་རྗེ་བསྒྲུབ་པའི་རྟགས་ཡིན་ནོ།། མཚོན་ཐོགས་པ་དང་ར་ཁྲིད་དང་།། ར་དང་རི་དྭགས་གཤོར་བ་དང་།། དངོས་གྲུབ་བྱུང་ན་བླ་ཁུག་པས།། དེའི་ཚེ་གསང་སྔགས་གདགས་པར་བྱ།། ཤ་ཁུར་སྙིང་ཁྱེར་བྱུང ་བབ་ན།། ལས་རྣམས་འགྲུབ་པས་གཏང་རག་གཏང་།། ཨོཾ་ཡ་ཧེ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། ཉི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཛཾ་ཛཾ་ཕཊ། ཛཾ་ཛཾ་དགྲ་བོའི་སྲོག་ལ་ཛཾ། ཉི་ཕཊ། ཧཱུཾ་ཧཱུཾ་ཕཊ། ས་མུ་ཡེ་ཕཊ། ཨོཾ་ས་མ་ཡ། ་ཕུག་ཕུག། རྟོག་རྟོག། ཙིཏྟ་ཕྱུང་། སྙིང་ལ་ཚལ་པ་ཁ་རཾ་ཚལ་པ་བྷྱོ། ཁཾ་ཁཾ་སྙིང་ལ་ཁཾ། ཕྱུང་ཕྱུང་ཙིཏྟ་ཕྱུང་། ཙག་ཤུ་བཾ་རི་ལ། ཐུམ་ཐུམ་རིལ་སྙིང་ལ་ཡ། སྙིང་ཁྲག་ཁོང་ནས་ཕྱུང་ལ་ཤོག། ཆེ་གེ་མོ་མཱ་ར་ཡ། བླ་རྟགས ་བྱུང་ནས་ཞག་གསུམ་དུ།། ལིང་ཀ་དག་ལ་བྲབ་པར་བྱ།། སྐབས་སུ་ཐུན་གྱིས་བྲབ་པའི་ལས།། ཨོཾ་ཡ་མ་ཤུ་ཏྲི་ཡ་དུན། མ་རུ་རམ་པ་ས་ལ་ཡ། མུག་ནི་མུག་རྦད། རྦད་དུ་རྦད་ས་ཡ་སྣི། ཆེ་གེ་མོ་རྦད་རྦད། ཤ་ལ་རྦད ་རྦད། རུས་ལ་རྦད་རྦད། སོག་ལ་རྦད་རྦད། དབུགས་ལ་རྦད་རྦད། ཉུངས་ཀར་དུག་དང་ཁྲག་གིས་བྲབ།། མྱུར་དུ་རླག་པར་གདོན་མི་ཟ།། བསྙེན་དང་བསྒྲུབ་པས་ལས་སྦྱར་ལ།། གདུག་པའི་གནས་སུ་གཏད་ཁྲམ ་བྱ།། འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྒྲོལ་གིང་དམར་པོ་ཤན་པ་གསོད་བྱེད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། གཤིན་རྗེ ་དམར་པོ་སྙིང་འབྱིན་གྱི་ལས། སྤུ་གྲི་ངར་མོ་འདི་གསུངས་སོ།། དུར་ཁྲོད་འཇིགས་པའི་ཤན་མ་རིར།། སྔགས་པ་དམ་ཚིག་ལྡན་པ་དེས།། འབྲུབ་ཁུང་ནག་པོ་ཁྲུ་གང་དུ།། དཔངས་སུ་སུམ་བརྩེགས་དག་ཏུ་བྱ།། རྩང ་དམར་བདུན་གྱིས་ཁ་ཡང་བསྐོར།། དུར་ཁྲོད་མོན་ཐོད་ནག་པོ་ལ།། ཁྲག་དང་དུག་གི་ལྡེ་ཁུས་བྱུག། ནང་དུ་དགྲ་བོའི་མིང་བཅུག་ལ།། བདག་ཉིད་ལྷ་རུ་གསལ་བ་དེས།། ལག་ཕུར་སོར་བརྒྱད་པ་ལ་ནི།། འཇམ ་དཔལ་དམར་པོ་གསལ་བསྒོམ་གདབ།། ཉུངས་ཀར་ཁྲོ་ཆུང་བསམས་ལ་བྲབ།། སྔགས་པ་མི་ངས་མི་ཚིག་སྤངས།། ཡ་མ་ར་ཛ་ས་ཏོ་མེ་ཡ། གཤིན་རྗེ་དམར་པོ་དགྲ་བོའི་སྙིང་པོ་ལ།། བྲུཾ་བྲུཾ། མེ་རུ་ཀ། སྲོག་ལ ་ཧུརུར་ཐུམས། ཀྲི་ལིང་ཤང་ཀ་དུ་རྦད། མ་ར་ཡ་སྙིང་འཁྲིལ། སྲོག་ལ་ཡ་ཧུར་ཐུམས་རྦད་ཐུམས་རྦད་ཐུམས། རྩེ་རང་རུ་རྩ་རྩ་ར་ཛ་རྦད། དྲག་སྔགས་དྲག་ལ་འགྲིལ་བར་བླངས།། ཉི་ཤུ་གཅིག་ལ་རླག་པར ་འགྱུར།། དཀར་ནག་རྫས་དང་ཡུངས་ཀར་བྲབ།། ཕུང་པ་ལིང་ཀའི་སྙིང་ལ་གདབ།། ཕུད་དང་གཏོར་མ་རྒྱུན་དུ་གཏང་།། ཟླ་བ་བདུན་ལ་རླག་པར་འགྱུར།། དཔལ་གཤིན་རྗེ་དམར་ནག་འབའ་བའི་རྨེ ་རྒྱུད་ལས། གཤིན་རྗེ་དམར་པོ་ཤན་པ་སྒྲོལ་བྱེད་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོས། བསད་པ་སྲོག་གི་ལས་སྲིན་པོ་དམར་ནག་སྲོག་རྩ ་ནག་པོ་ཞེས་བྱ་བའི་དྲག་སྔགས་འདི་གསུངས་སོ།། དམ་ཚིག་ལྡན་པས་དམ་ཅན་བོད།། ལུང་པ་ནག་པོ་ནགས་ཚལ་ཅན།། ཤན་པ་ཁྱི་ཁྲིད་རྒྱུ་བའི་ས།། འབྲུབ་ཁུང་ནག་པོ་ཁྲུ་གང་འབྲུ།། ཐོད་པ་ནག་པོར་ལིང་ག ་བཅའ།། དམ་རྫས་ཚོགས་ཀྱིས་མཉེས་པར་བྱ།། ཉུངས་ཀར་ལ་སོགས་རྫས་ཀྱིས་བྲབ།། བདག་ཉིད་ལྷ་རུ་གསལ་བ་དེས།། དྲག་སྔགས་སྤུ་གྲི་འདྲ་བ་ཡིས།། དམིགས་པ་མྱལ་དམྱལ་གསོད་པར་བསམ།། བེ་ཅོན ་རྡེག་ཅིང་སྡིགས་མཛུབ་སྒྲེང་།། སོ་བསྒོ་བདམ་ཤིང་ཉུངས་བརྡེག། མི་ཁྱིའི་སྒྲ་ཡང་སྤང་བར་བྱ།། རྣལ་མ་རྣལ་ཏེ་སྲོག་ལ་རྔམ། ཧ་བ་ལེ་ཧོ་བ་ལེ་ནན།། དུ་རུ་དུ་རུ། ཏུ་ཏྲ་རུ་ཏྲ་ཛ། བྷི་ཤ་དྷ་ར། ཆེ་གེ་མོའི་སྙིང་ལ་ཁྲིལ ་ཕྲིལ། མཱ་ར་ཡ་ཕཊ་རྦད། ཉི་ཤུ་གཅིག་ན་མ་ར་ན། དེ་དུས་གཏང་རག་གཏང་བ་གཅེས།། ཐོད་པ་དུར་ལུང་ནག་པོར་གཏད།། མཆོད་རྟེན་ནག་པོ་ཁྲུ་གང་བས།། ཐོད་པའི་སྟེང་ནས་མནན་པ་བྱ།། དཔལ་གཤིན་རྗེ ་དམར་ནག་འབར་བའི་རྨི་རྒྱུད་ལས། སྲིན་པོ་དམར་ནག་ཤན་པ་རྔམ་བྱེད་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསད་པ་སྲོག་གི་ལས། གནོད་སྦྱིན་དམར ་པོ་མི་ཀུན་གྱི་དྲག་སྔགས་འདི་གསུངས་སོ།། དུར་ཁྲོད་ལ་སོགས་གནས་དག་ཏུ་རྣལ་འབྱོར་དམ་ཚིག་ལྡན་པ་ཡིས།། ཡ་མཱན་ཏ་ཀ་གསལ་བསྒོམས་ལ།། རབས་ཆད་ཐོད་པ་ཁ་ཡེལ་དུ།། དུག་དང་ཁྲག་གིས་གྲུ་གསུམ ་བྲི།། དབུས་སུ་ལིང་ག་གན་རྐྱལ་གཞག། སྡིགས་མཛུབ་གཏད་ཅིང་ཉུངས་ཀར་བརྡེག། ཕུད་དང་གཏོར་མས་མཉེས་པར་བྱ།། བདུན་གསུམ་ལོན་ནས་དུར་ཁྲོད་དུ།། དུར་གཡམ་དག་ལ་རྒྱ་གྲམ་བྲི།། དེ་ནས་དྲག ་སྔགས་འཁོར་ལོ་བསྐོར།། ཡ་མ་ར་ཛེ་ཧཱུཾ་ཕཊ། མུ་མུ་མུ་ཧཱུཾ་ཕཊ། ཁུ་ཁུ་ཧཱུཾ་ཕཊ། ཆ་ཆ་ཧཱུཾ་ཕཊ། རྗེ་ཏ་ཡ་རྗེ་ཏ་ཡ་ཧཱུཾ་ཕཊ། དུར་དུར་དུར་ཧཱུཾ་ཕཊ། མི་ཁྱི་སྒྲ་ཡང་གཡེང་མི་བྱ།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར ་ནག་འབར་བའི་རྨེ་རྒྱུད་ལས།། གནོད་སྦྱིན་དམར་པོ་སྲོག་ཟན་གྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། བདུད་སྒྲོལ་གིང་དམར་པོའི་དྲག་སྔགས་འདི་གསུངས ་སོ།། འཆི་བདག་བདུད་ཀྱི་སྡེ་དཔོན་ནི།། ཁྲམ་བདག་འབྲུའི་སྙིང་སྟིག་ལས།། འབྲུབ་ཁུང་ནག་པོ་ཁྲུ་གང་དུ།། འབྲུབ་ཁུང་ཁ་ལ་རྩང་དམར་བསྐོར།། ནང་དུ་མིང་དང་རུས་བཅུག་ལ།། དྲག་སྔགས་འདི་ཉིད་བཟླས ་ཤིང་བྲབ།། བདུད་པྲ་མ་ཡ། རག་ཤ་པ་ཛ་རྦད། མཱ་ར་ཡ་ཤེ་ཛ་རྒུག་པ་ཁའི།། མུར་ཏ་ཡ། རུ་པ་ཛ་ཁ་ཐུམས། སྣེ་ལིང་ཤ་ལ་ཤ་ཛ། ཏི་ལ་ནག་ཉུངས་ནག་ཁྲག་གིས་བྲབ།། ཉི་ཤུ་གཅིག་ལ་མ་ར ་ཡ།། ལིང་ག་ཧོ་ལ་སྲེག་ལ་གཏང་།། དགྲ་བོ་མ་ར་ཡ་ནི་ཨག་ནི་ཛ་ལ་རཾ། མ་ར་ཡ་ན་ཤ་ཤ་ཕཊ་རྦད། ཅེས་བཏགས་ལ་བསྲེག་པར་བྱ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། བདུད་མ་རུ་རྩེ་ལས ་ཀྱི་ཤན་པའི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། སྲོག་བདག་མ་རུ་རྩེ་ལས་ཀྱི་ཤན་པ་སྲོག་ལན་གྱི་དྲག་སྔགས་འདི་གསུངས་སོ།། སྲོག་གཤེད་དམར་པོ་བསེ་ཡི ་གྱད། ཤུགས་སྒྲོལ་དྲག་པོ་ཉེ་བའི་ཐུགས།། ལས་ཀྱི་གིང་ཆེན་གསང་བའི་བདུད།། སྲོག་རྩ་སྒྲིལ་མའི་བར་ན་གནས།། དེ་ཡི་དྲག་སྔགས་བཤད་བྱ་བ།། ཨོཾ་ཏྲི་ལིང་ཤང་ཀ་ཐུན།། ཏྲི་པ་ཛ་ལ་ཏྲི་ཛ་པ་ལ། སད་དུ་ཡ་ནེ།། ་ཤུ་མེ་ཏྲི་ཀར་ཏྲི་ཀར།། ཧུ་ཧ་ར་ཧུ་ཧ་ར། དམའ་ར་ཙེ་སྲོག་ལ་ཆོད་ཆོད། ཆེ་གེ་མོ་སྲོག་ལ་འདྲིག་ཤོ་འགྲིག་ཤོ། རྩ་རུ་ཐུམ་ལིང་། གུག་ཟུམ་ལིང་།། མུག་དམའ་ར་རྩེ་རྦད། ལྷ་བསྙེན་གོང་དུ་སོང་བ་དེས།། ར་ཙ་དཀར ་པོ་གཉའ་ནག་ལ།། དམིགས་པའི་ལིང་ག་བཅུ་གསུམ་གདགས།། འབྲུབ་ཁུང་ནང་དུ་ར་བཏགས་ལ།། དྲག་སྔགས་བཟླས་ཤིང་ཡུངས་ཀར་བྲབ།། རྩ་ར་སོད་དང་དགྲ་རྟགས་འབྱུང་།། ར་བཤས་གཏང་རག་གཏང ་བར་བྱ།། ཡང་ན་ར་དཀར་སྙིང་ནག་དུ།། དགྲ་བོའི་ལིང་ག་བཅུག་པ་ཡང་།། འབྲུབ་ཁུང་བཅུག་ལ་སྔགས་རྣམས་བྲབ།། འོད་དང་སྒྲ་དང་ཁང་པ་འཚེག། སྲོག་གཅོད་པ་དང་ར་གསད་ན།། དགྲ་ལ་རྟགས་ནི་འབྱུང ་བར་འགྱུར།། ཡང་ན་སྙིང་ཀར་སྙིང་ཀས་བཏུམ།། འབྱུང་བས་དུས་ལ་སྨོས་ཅི་དགོས།། དཔལ་གཤིན་རྗེ་དམར་ནག་གི་རྨེ་རྒྱུད་ལས། མ་རུ་རྩེ་ཤུགས་སྒྲོལ་གྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉེར་དྲུག ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ས་བདག་ཆེན་མོ་ལས་ཀྱི་འཁོར་ལོའི་དྲག་སྔགས་འདི་གསུངས་སོ།། དེ་ཡང་དུར་ཁྲོད་འཇིགས་པ་རུ།། མཎྜལ་འབྲུབ་ཁུང་ཁྲག་གིས་བྱུག། དུར ་ཁྲོད་རས་ལ་བཅུ་དྲུག་རྩིབས།། དུར་ཁྲོད་དབུས་སུ་མིང་བྲིས་ཐ་མ་རུ།། ཐོད་འཕྲེང་མེ་རི་ལ་སོགས་བྲི།། མོན་ནག་ཐོད་པའི་ཐུན་ཡང་བཅའ།། བསྐྱེད་པའི་རིམ་པ་འདི་ལྟ་སྟེ།། ཡ་མཱན་ཏ་ཀ་གསལ་བ་དག། སྲོག་གི ་སྙིང་པོ་ཉིད་ཀྱིས་སུ།། བསྐྱེད་དང་སྤྱན་དྲངས་མཆོད་པ་ཕུལ།། བསྙེན་འདི་ལྟར་དབུལ་བར་བྱ།། ཨོཾ་སུ་ཏྲི་པ་ཡ། བ་ར་ཙི་ཏ། ཡ་གི་ཤོ་ར། ཡ་མ་ཙི་ཏ་ཧཱུཾ་ཕཊ། སྭཱཧཱ། བསྙེན་པ་རྫོགས་པས་འཁོར་ལོ་ནི།། ཉིན་མཚན ་བརྒྱད་དུ་བསྐོར་བྱས་ལ།། ཐུན་ལས་ཉིན་གཅིག་གནན་ལས་གཅིག། ཉི་མ་བདུན་གྱིས་རྫོགས་པར་བྱ།། ཨོཾ་སུ་ཏྲི་པ་ཡ་ཆེ་གེ་མོ་ནརྀ་མ་ར་ཡ་རྦད། རྩ་རྩ་རཱ་ཛ་རྦད། ཡ་བ་ཀྲི་སུ་ཆེ་གེ་མོ་མཱ་ར་ཡ་རྩ་རྩར ་ཛ་རྦད། བ་ར་ཙིཏྟ་ཆེ་གེ་མོ་ནི་མ་ར་ཡ་རྦད་རྩ་རྩ་ར་ཛ་རྦད།། ཏ་ཙི་ར་པ་ཆེ་གེ་མོ་ནིནརི་མ་ར་ཡ་རྩ་རྩ་ར་རྩ་རྦད། ཡོ་གི་ཤ་ར་ཆེ་གེ་མོ་ནི། ར་མ་ཡ་རྦད་རྩ་ཛ་ར་ཛ་རྦད། ར་ཤ་ཀི་ཡོ་ཆེ་གེ་མོ་ནི་མ་ར་ཡ་རྦད། ་རྩ་རྩ་རཱ་ཛ་རྦད། ཡ་མ་ཙི་ཏ་ཆེ་གེ་མོ་ནི་མ་ར་ཡ་རྦད། རྩ་རྩ་རཱ་ཛ་རྦད། ཡ་མ་ཙི་ཏ་ཆེ་གེ་མོ་ནི་མ་ར་ཡ་རྦད། རྩ་རྩ་རཱ་ཛ་ཡ་རྦད། ཏ་ཙི་ཡོ་མ་ཆེ་གེ་མོ་ནི་མར་ཡ་རྦད། ཅེས་ཉི་མ་བཞི་རུ་བྱ།། མོན་མོ་མང་པོ་ཆོ་ངེས ་འདེབས།། མེ་འབར་འོད་དང་རླུང་ནག་དང་།། ཤྭ་དང་སེར་བ་དྲག་པོ་འབྱུང་།། ཨོཾ་སུ་ཏྲི་ཨ་ཐོད་དམར་ཡ། ཆེ་གེ་མོའི་སྲོག་ལ་ཐུན། བ་ར་ར་ཙིཏྟ་ཐོད་དམར་ཡ་ཆེ་གེ་མོའི་སྲོག་ལ་ཐུན། ཡོ་གི་ཤྭ་ར་ཟོད་དམར་ཡ། ་དགྲ་བོའི་སྲོག་ལ་ཐུན། ཡ་མ་ཙིཏྟ་ཐོད་དམར་ཡ་ཆེ་གེ་མོའི་སྲོག་ལ་ཐུན། ཐུན་ནི་ལིང་ག་དག་ལ་བསྟིམ།། ཕུད་དང་གཏོར་མས་མཉེས་པར་བྱ།། སོ་སོའི་དམ་རྫས་དག་གིས་བསྐང་།། ལས་རྣམས་བསྡུག་ན་བྱ་བ ་ལས།། ཀུན་གྱིས་བྱས་ན་རླག་པར་འགྱུར།། དམ་ཅན་གནད་ལ་དབབ་པ་ལས།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། བསེ་མོ་ལས་ཀྱི་འཁོར་ལོའི་དྲག་སྔགས་ཀྱི་ལེའུ་སྟེ་ཉི་ཤུ ་བདུན་པའོ།། །། དེ་ནས་འཇིགས་རྟེན་མགོན་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། རྡོ་རྗེ་ནང་དམེ་དྲག་པོ་འམ།། ལས་རྟགས་བསྒྲུབ་རྟགས་མེད་ཅིང་།། ལས་རྣམས་འགོར་ན་ཇི་ལྟར་བྱ།། དུར ་ཁྲོད་ཆེན་པོར་རབ་བཟུང་ལ།། སྔགས་པས་བརྟུལ་ཞུགས་སྤྱོད་པའི་ཚེ།། རས་དར་ནག་པོའི་གོས་གོན་ནས།། དཔྲལ་བར་མེ་ལོང་གདགས་བྱ་ཞིང་།། མགོ་ལ་དར་སྔོན་ཐོད་ཀྱང་བཅིངས།། ཡི་དགས་རོ་ཡི་སྟན་ལ ་འདུག། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ།། གཤིན་རྗེའི་སྐུ་ལ་ལྟ་ཞིང་བསྒོམ།། དེ་ནས་ལངས་ནས་སྤྱོད་པའི་ཚེ།། སེང་ལྡེང་འཁར་བ་འདོམ་གང་ལ།། ཨོཾ་ཙུག་བྱ་ཞིང་སྡིགས་མཛུབ་བསྒྲེང་།། ང་རྒྱལ་བྱ་ཞིང་ཞེ་སྡང ་གིས།། སྙིང་པོ་ཡི་གེ་བཅུ་བདུན་བཟླས།། དེའི་ཚེ་མཚན་རྟགས་མང་པོ་འབྱུང་།། སྐུ་གཟུགས་བཞད་དམ་འགུལ་པའམ།། ལུང་བསྟན་སྒྲ་འམ་གཟིགས་བརྙན་ནམ།། རྨི་ལམ་རྟགས་རྣམས་མང་དུ་འབྱུང་།། དེ་ནས ་བསྟོད་ཅིང་འཕྲིན་ལས་བརྩམ།། བསྙེན་པའི་སྔོན་རྟགས་མ་བྱུང་ན།། ས་མ་ཡ་ལ་སེལ་ཡོད་པས།། ལུས་ངག་འབད་པའི་བཤགས་པ་བྱ།། དེས་ཀྱང་མངོན་དུ་མ་གྱུར་ན།། ལས་འཕྲོ་མེད་དམ་བསོད་ནམས་ཞན།། དེ ་ཡིས་བྱ་བ་མ་ཡིན་པ།། ཀུན་གྱིས་བྱས་ན་རང་ལ་གནོད།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲིད་པ་བཀའ་བཟློག་ནག་པོ་ཞེས་བྱ་བ་འདི་གསུངས་སོ།། ཨོཾ་ས་མ་ཡ་ཨརྱ་མཉྫུ་ཤྲཱི་མུ་ཏྲ། ཡ ་མཱན་ཏ་ཀ་པ་ན་ཛ་ཏ་རོ་ནི་རུཾ་ཛ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཏ་ཨ་བྲི་ཡ་མཱན་ཏ་ཀ་ཀ་ལ་རཱུ་པ་གྲོངས་ཤིག། ཤྲི་ཏེ་ཀྲོ་ཧ་ཧ་རྦད། ཤྲི་དྷེ་ཀྲོ་ཧ་ཧ་ནི་འགལ་བྱེད་སོད་རྦད། འགལ་བྱེད་གཙོ་བོས་ཁང ་ཁང་ཐུམས། ས་མ་ཡ་མན་དུ་ཀུག་ཏ་ཧཱུཾ། དེ་ཕྱི་ཐུམས་ཟུམས། ཧེ་ཏ་ཧ་དཾ་དཾ། ས་མ་ཡ་གུ་གུ་ཐུལ། ཡ་མན་བཾ་རིམ་རམ། རྦད་རྦད་སོད་སོད་ཆོད་ཆོད། དེ་དག་སྔགས་ཀྱི་འཁོར་ལོ་སྟེ།། བསྐལ་པའི ་མཚོན་ཆ་འཁྲིག་ལ།། འགལ་བྱེད་ཉལ་ཉལ་གཅོད་པར་བསམ།། ཡུམ་སྲས་ལ་ཡང་དེ་ཤེས་བྱ།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དེས་ཀྱང་སྒྲོལ་བར་མ་གྱུར་ན།། སྔགས་ཀྱི་འཁོར་ལོ་ལྟོ་ནས ་བཟློག། ཁྲམ་པར་མིང་དང་རྣམ་ཤེས་སྤེལ།། རྩ་རྩ་ར་ཛ་རྦད་ཅེས་གདགས།། དེ་ཡིས་ཁམས་གསུམ་སྒྲོལ་བར་ནུས།། ཡི་གེ་གནད་ཡིག་བཟློག་པ་ཡིས།། ལྷ་ཉིད་གནད་ལ་ཕབ་པ་ཡིན།། དེ་བཞིན་ཀུན་ལ་ཤེས་པར ་སྦྱར།། ལས་ཉིད་རང་སྲོག་འཆད་ཅེས་གསུངས་སོ།། དེ་ནས་ཡང་ནི་བཤད་བྱ་བ།། བསེ་མོའི་སྲོག་སྙིང་བཟློག་ཞབས་ལ།། དགུག་པའི་ཡང་སྙིང་བཟླས་བརྟག་སྟེ།། ཉིན་གྱི་ལས་སུ་ཤེས་པར་བྱ།། སྒྲོལ་གིང་སྲོག ་སྔགས་གཏོ་བཟློག་ལ།། མཚོན་ཆ་ནག་པོ་གདགས་པར་བྱ།། དེ་ལྷའི་ལས་འདི་འབྱུང་འགྱུར་ན།། འཇིག་རྟེན་རླག་པར་དཔའ་བོས་བཤད།། ཅེས་གསུངས་སོ།། དེ་ནས་ཡང་དཔལ་འཇིགས་བྱེད་ཆེན་པོ ་དེས།། གསང་བ་ཐུགས་ཀྱི་བསྒྲུབ་པ་འདི་གསུངས་སོ།། དུར་ཁྲོད་རབ་ཏུ་འཇིགས་པ་རུ།། ས་ཆོ་ག་གཏོར་མ་གཏང་ནས་ཀྱང་།། དུར་ཁྲོད་ས་ལ་མཎྜལ་ནི།། གྲུ་གསུམ་མཐིང་ནག་ཟླ་གམ་ཅན།། ཐོད་པའི་འཕྲེང་བས ་རྣམ་པར་བརྒྱན།། བར་ཁྱམས་གནག་ལ་ཟླ་གམ་དམར།། སྒོ་རིགས་ཟླ་གམ་རེ་རེས་མཚན།། དབུས་སུ་ཧཱུཾ་ཞེས་བྲི་བར་བྱ།། དེ་ནས་ཡིག་མཚོན་དགོད་པ་དང་།། ལྕགས་ཕུར་དག་ལ་གཙོ་བོའི་སྔགས།། བཟླས་ཏེ ་གྲོལ་ལ་དབུས་སུ་དགོད།། རང་རང་ཕུར་བུ་རང་སྔགས་ཀྱིས།། ཟླ་གམ་དག་ལ་ཡུམ་སྲས་དང་། ཕྱི་རིམ་བསེ་ཡི་ལྷ་མོ་དང་།། བློན་པོ་འཁོར་བཅས་དགོད་པར་བྱ།། སྒྲ་རྣམས་བུད་བསྒྲེང་འདུད་པ་དང་།། སྐྱུག་མ ་ཚིགས་ནི་ལྷ་མ་ལ།། ཁྲག་གིས་བྱུགས་ཏེ་དབུས་བཙུགས་ལ།། བསེ་མཁར་ཆེན་པོར་བྱིན་གྱིས་བརླབས།། སོ་སོའི་མཆོག་ནི་བསེ་ཕུར་དུ།། མར་ཁུ་སྦྲང་རྩི་ཁྲག་དང་ནི།། འོ་མ་ལ་སོགས་ཕྱོགས་བཞིར ་བཅའ།། མཚམས་སུ་ཁྲག་ནི་གཞག་པར་བྱ།། བླ་མཚོ་ཆེན་པོ་བསད་དུ་བསམ།། ལྷོ་སྒོར་མར་མེ་ལྔ་བརྒྱ་གཏང་།། ཤར་ལྷོ་མཚམས་སུ་ཧོ་ནག་བཅའ།། ལྷོ་ནུབ་གྲུ་གསུམ་གནད་ཐོད་བཅའ།། ནུབ་བྱང་འབྲུབ་ཁུང ་དག་ཏུ་ནི།། སྒྲོ་དང་དུག་གི་རྒྱ་མཚོ་ལ།། རྩང་ལ་ལིང་ག་སྤྲིང་རྩང་གཞག། བྱང་ཤར་འབྲུབ་ཁུང་དག་ཏུ་ནི།། ཕུར་བའི་ཚོགས་རྣམས་སྦྲང་ཕུར་བྱ།། ཕོ་ཉ་རྣམས་ཀྱི་རྫས་ལ་དགོད།། སོ་སོའི་ལིང་ག་བཅས་ལ ་གཞག། དབུས་སུ་མུ་སུ་ར་དག་གམ།། མོན་ཐོད་ནང་དུ་ཐུན་བཅས་ལ།། ལྷ་རྣམས་ཚང་བའི་སྔགས་བཀོད་ལ།། དུར་ཁྲོད་རས་ལ་བྲིས་པ་ཡི།། འཁོར་ལོ་དག་ཏུ་གཏུམས་ལ་གཞག། རྒྱུན་གྱི་རྣག་པ་དེ་ལ་བྱ།། དམ ་རྫས་ཚོགས་ནི་འཚོགས་བྱས་ལ།། སྔགས་པ་གདེང་ལྡན་དཔའ་བོ་དེས།། རྣམ་པར་མི་རྟོག་ཏིང་འཛིན་འཇུག། ཅེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དང་པོ་སེམས་ཉིད་རྣམས་དག ་སྟོང་།། ནམ་མཁའ་འདྲ་སྟེ་འདི་ཞེས་བསྟན་དུ་མེད།། དེ་ལྟར་མ་རྟོགས་སེམས་ཅན་འཁོར་བ་ལ།། སྙིང་རྗེ་ཉི་ཟླ་འོད་ལྟར་སྙོམས་པར་བྱ།། རང་སེམས་སྐྱེ་མེད་ཡི་གེ་ཨ་རུ་བསམ།། སྐྱེ་མེད་ཉིད་ལས་མ་འགགས ་དབང་ཆེན་ཤར།། དུར་ཁྲོད་ཁྱོད་ཤུག་ཨ་ཉིད་གདན་སྟེང་འགྲོ།། ཧཱུཾ། བསྐལ་བའི་མེ་དཔུང་འབར་བས་བརྗིད།། ཁམས་གསུམ་གདུག་པ་དབང་སྡུད་བྲན་དུ་འཁོལ།། སྤྲོས་འདུས་མཐིང་ནག་རྡོ་རྗེ་དག་ཏུ ་འགྱུར།། གསར་རྙིང་ས་བོན་རྒྱུ་དང་འབྲས་བུ་ཅིག་གོ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། གཏུམ་ཆེན་རབ་འབར་ཧ་ལའི་གད་རྒྱངས་སྒྲོགས།། མཐིང་ནག་རལ་པ་ཁམ་ནག་གྱེན་དུ ་བརྫེས།། སྤྱན་དགུ་སྟང་ཐབས་གྲུ་གསུམ་མཐིང་ནག་འབར།། རྡོ་རྗེ་བེ་ཅོན་ཁ་ཊྭཱཾ་རྡེའུ་དང་།། སྡིགས་མཛུབ་དགྲ་སྟ་དབྱུག་ཏོ་བྷན་དྷ་དམར།། རིགས་ལྔས་དབུ་བརྒྱན་ཁྲོ་བོའི་ཆས་ཀྱིས་བརྒྱན།། སྤྱན་ནས་མེ་འབར ་སྨིན་མཚམས་གློག་སྟོང་འགྱུར།། སྤྱན་ནས་འབྲུག་སྒྲོགས་ཤངས་ནས་རླུང་ནག་འཚུབ།། ཞབས་གཉིས་གྱད་ཀྱིས་བགྲད་པས་གདུག་པ་འདུལ།། དེ་འདྲའི་སྐུ་ནི་བདག་ཉིད་རྣམ་པར་བསམ།། མུཾ་ཏྲོ་ཏི་ཤོ་རི་ནག་མོ ་རོག་ཤ་ཛ་ཛ། ལྷ་མོའི་ནང་ནས་རོ་ལངས་མེ་འབར་མ།། སྤྱན་གསུམ་ཁྲོ་གཉེར་འཇིགས་པའི་ཁ་ཡང་གདངས།། ཟོད་སྦྲུལ་ལུས་བརྒྱན་སྒྲ་མ་རྫེས་གསུས་པོ་ཆེ།། ཏྲི་ཤུལ་ཟོད་རློན་ཁྲག་གིས་རབ་ཏུ་བཀང་།། རླུང་ནག ་བཅིབས་པའི་བན་ཆེན་གདན་ལ་བཞུགས།། མ་མ་ཏྲག་ཤ་ནག་མོ་ཁ་ལི་བཾ་ཛ་བྷྱོ། སྒྲོལ་བདག་ནག་མོ་མཆེ་གཙིགས་རྔམ་པའི་སྐུ།། སྒེག་མོ་རལ་གཅིག་གཡུ་ཡི་རལ་གཅིག་མ།། གསེར་གཡུ་མུ་ཏིག་རིན་ཆེན་བཻ་ཌཱ ་རྱ།། པུ་ཤ་རག་འོད་ཟེར་ཕྱོགས་བཅུར་འཕྲོས།། ཁྲག་མཚོ་མཐའ་ནས་སྐེམས་ཤིང་ལྕགས་ཕུར་འདྲིལ།། སྤུ་གྲི་ཙིཏྟ་འབར་བ་ཕྱག་ན་བསྣམས།། ར་རག་ཏ་མ་འདའ་ལ་ཧཱུཾ། སྟོང་གསུམ་བདལ་བའི་ཁྲག་གི་རྒྱ་མཚོ ་འཁྲུག། ཁྲག་མཚོ་མཐའ་མེད་འཁྱིལ་བའི་ཀློང་ཡངས་སུ།། ཡི་དྭགས་དྲེགས་པའི་གདན་ལ་དམར་ནག་བཞུགས།། ཧཱུཾ་བཛྲ་ཀྲོ་དྷེ་ཡག་ཤ་མ་ར་རྩེ་ཧཱུཾ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་མ་རུ་རྩེ།། དམར ་ནག་གཏུམ་ཁྲོ་འཇིགས་པའི་མེ།། གཏུམ་པོའི་ཚོགས་ཀྱིས་ཁམས་གསུམ་ཁྱབ་པར་སྤྲོས།། མ་ཧེ་སྨུག་ནག་བཅིབས་ཤིང་སྟོང་ཁམས་རྒྱུ།། ཕྱག་གཡས་རྡོ་རྗེ་བེ་ཅོན་དྲེགས་པ་འདུལ།། གཡས་པ་མཚོན་ཆའི་འཁོར ་ལོས་སྲིད་གསུམ་སྒྲོལ།། ཐུགས་ལས་འགུག་བྱེད་ཛ་འཕྲོས་པས།། ཛ་ལས་སྤྲུལ་པའི་ཕོ་ཉ་མ།། ལྕེ་སྤྱང་ནག་མོ་ཁྲག་གི་རལ་པ་ཅན།། འཇིགས་བྱེད་ཁ་གདངས་མཆེ་བ་ཟང་ཡག་གཙིགས།། གདུག་པའི་ལྕེ་ཡིས་སྟོང ་ཁམས་བརླབ་ཅིང་ལེན།། སྤྱང་མོ་འཇིགས་བྱེད་བཞི་ཡིས་རབ་བསྐོར་ཏེ།། གདུག་པའི་ང་རོས་སྤྱང་ངུས་དི་རི་རི།། རུ་རུ་རོ་རུ་ཙ་པ་ལ་ནག་མོ་དུན་བྷྱོ། ཛ་ལས་སྤྲུལ་བའི་ས་བདག་བསེ་མོ་བཞི།། སྐུ ་མདོག་ཕྱག་མཚན་མ་ངེས་སྤྲུལ་པ་མོ།། དབང་གི་ཅོད་པན་དར་ནག་ཅོད་པན་ཅན།། པ་ཏྲི་པ་ཡ། བ་ར་ཙི་ཏ། ཡོ་གི་ཤྭ་ར་ཡ་མ་ཙི་ཏ། ཛ་ལས་སྲིད་གསུམ་ཕོ་ཉའི་ཚོགས།། ཀང་ཀ་མཆུ་རིངས་ཚོགས་དང་ནི།། ལི ་འདུའི་ཚོགས་དང་བཅས་པ་རྣམས།། དཔག་ཏུ་མེད་པས་རབ་བསྐོར་ཏེ།། དགྲ་རྣམས་ཤ་ལ་རོལ་བར་བསམ།། ཡེ་ཤེས་ཕོ་བྲང་དམ་པ་དང་།། རང་གནས་འཇིག་རྟེན་གྲོང་ཁྱེར་གནས།། གདུག་པ་འདུལ་ཕྱིར་སྤྱན ་དྲངས་མཆོད།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གསུངས་སོ།། ཨོཾ་ས་མ་ཡ། ཨཱརྱ་མཉྫུ་ཤྲཱི་མུ་ཏྲ། ཡ་མན་ཏ་ཀ། པན་ཛ་རེ་རོ་ནི་ཧཱུཾ་ཛ། ཧེ་ལ་ཛ་ཏྲ་པན་ཛ་རུ ་པ་ནི། ཀུ་ལན་ཛ་ས་མ་ཡ། ནཱ་ར་ཡ། མཱ་ར་ཡ། གུ་གུལ་ཐུལ། མཱ་ར་ཡ། ཡ་མན། བཾ་རི་ལ་རྦད་རྦད། སོད་ཆོད་སོད་ཆོད། ཨོཾ་མཉྫུ་ཡ་མཱ་ན་ཏ་ཀ་ཨུ་ཙྪ་མ་མ་ཀྲོ་དྷ་པེ་ཏ་ལི། མུཾ་ཀྲོ་དྷི་ཤྭ་རི་ཛ་ཛཱ། རག་ཤ་ཡག་ཤ་སྙིང་ལ ་ཡ་ཤེས། དུན་ཏིང་དུན་ཏིང་མུག། མ་ར་ཡ། སོད་ཆོད་སོད་ཆོད། ཨོཾ་མཉྫུ་ཤྲཱི་ཡ་མ་ར་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ། ནག་མོ་ཁ་ལི་བཾ་ཛ་བྷྱོ། ཁ་འགྲམ་མུ་འགྲམ་ཟ་འགྲྀ་བྷྱོ། བྷྱོ་བྷྱོ ་མཱ་ར་ཡ། སྙིང་ལ་རིལ་རིལ་དུ་པ་ཡ་ན་རྦད་རྦད། ཨོཾ་ཤྲི་མཉྫུ་ཡ་མ་ར་ཛ་ས་དོ་མེ་ཡ། ཡཾ་ཐ་ཡཾ་ཐུམས་ཐུམས། གཤིན་རྗེ་དམར་པོ་དགྲ་བོའི་སྙིང་ཁྲག་ལ་དུག་བྷྱོ། མ་རུ་རྩེ་ཛ་ལ་ཧུར། དབུགས་ཐུམས་སྲོག་ལ་ཡཾ་ཡཾ་ཛ ་ཛ། ཀུ་ལན་དྷ་རི་ཛ་ཛ་ཧཱུཾ། ཙ་མུན་ད་རི་ཛ་ཛ་ཧཱུཾ། ཀང་ཀང་ད་རི་ཛ་ཛ་ཧཱུཾ། ཁྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཙན་དྷ་མ་རིལ་ཁྲག་འཐུང་། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཤ་ཟ་བའི།། ་སྙིང་འབྱིན་པའི། ཁྲག་འཐུང་བའི།། དབུགས་འཕྲོག་པའི།། སྲོག་གཅོད་པའི། རོ་ཟ་བའི།། ཙི་ཏ་མ་ར་ཡ་ཤ་ཟ། ཨ་ཏང་པར་ལ། ཤ་ལ་ཀྱི་སྤྱང་། ཀྲ་ཧེ་ཀྲ་ཧེ་ཧཱུཾ་ཕཊ། གཤིན་རྗེ་དམར་ནག་འབུམ་ཁྲི་དང་།། སྤྲུལ་པ ་བསམ་འདས་མ་ཚོགས་དང་།། དྲེགས་པ་ལྷ་སྲིན་ཐམས་ཅད་ཀུན།། སྤྲིན་ཕུང་བཞིན་དུ་འདུ་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་ལས་ཀྱིང་ཤན་པ་དགོད།། གསད་པའི་དྲག ་སྔགས་དྲག་པོའི་ལས། དེ་ནས་སློབ་དཔོན་ཁྱེད་རེངས་གདོན།། གཡོན་ལ་ཁྲག་བྱུགས་དབུས་ནི་ནག་པོ་བྱ།། ལག་པ་ཁྲག་བྱུགས་སྒྲ་ཡང་བརྫེས།། དར་ནག་ཟོད་བཅིངས་མི་སྤགས་གོན།། རཀྟ་སེ་རལ་མེ་ལོང ་དཔྲལ།། སེང་ལྡེང་ཐོགས་ལ་གཤེད་པོ་བསྒོམ།། བུད་མེད་གདོང་པ་ནག་པོར་བྱུག། གཡས་པ་སླེ་ནག་མིང་ནས་འབོད།། གཡོན་པ་ལྕགས་ཀྱུ་འདྲེན་ཚུལ་བྱ།། ཁྱོ་ག་གདོང་པ་རཀྟས་བྱུག། སྐ་ཡི་ཞགས་པས་ལིང་ག ་འཐེན།། ཀུན་ཀྱང་ཞབས་མ་ནང་རྗེས་ལ།། གཤེད་པོ་རལ་གཅིག་སྒྲོལ་གིང་བསྒོམ།། ཡང་སྙིང་ཐུགས་ཀྱི་རྒྱལ་པོ་ཟློ།། ཅེས་གསུངས་སོ།། དེ་ནས་ཡང་དག་ངེས་གསུངས་སོ།། དགུག་པའི་སྔགས ་རྣམས་བཟླས་པའི་ཚེ།། བདག་གི་སྒྲ་ཡི་བུ་ག་ནས།། ལྕགས་ཀྱུ་ཞགས་པ་ཐོགས་པ་ཡི།། ཁྲོ་བོ་འཇིགས་པ་འཁོར་བཅས་ཀྱིས།། དགྲ་བོ་དགུག་ཅིང་བསྟིམ་པ་ཡང་།། ལིང་ག་དག་ལ་གནས་པར་བསྒོམ།། དེ་བཞིན ་དཀྱིལ་འཁོར་ལྷ་རྣམས་ལ།། རང་རང་ལྟ་བའི་སྤྲུལ་པ་ཡིས།། འཇིག་རྟེན་གང་ཞིང་དགྲ་བོ་དགུག། ལིང་ག་དག་ལ་བསྟིམ་བཞིན་བཟླས།། ཡེ་ཤེས་ལྷ་རྣམས་ཐུགས་དམ་བསྐུལ།། སྒྲོལ་གིང་བསེ་ཡི་ལྷ་མོ་དང་།། ཕོ ་ཉ་མང་པོ་དྲན་མེད་གང་།། རིག་པ་ལྷ་ཡི་རྫུ་འཕྲུལ་ཅན།། སྲིད་པ་གསུམ་གྱི་བྱ་ར་མ།། སྐུ་ལ་ཡེ་ཤེས་འོད་འབར་མ།། སྲིད་གསུམ་གསལ་བྱེད་ཕོ་ཉ་མངག། སྣང་སྲིད་དབང་དུ་འདུལ་བྱ་ཞིང་།། དགུག་དང་དབྱེ་བ ་སྣོལ་མར་རྒྱུད།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྨེ་ཕུར་གྱི་ཡང་སྙིང་འདི་གསུངས་སོ།། ཆེ་གེ་མོ་ནརི་ར་ཛ། འགལ་བྱེད་བྲོད། རླག་བྱེད་གཙོ་བོས་ཁང་ཁང་ཐུམས།། ས་མ་ཡ་མཉྫུ་ཀུག་ཏ་ཧཱུཾ། ་ཨ་ནུ་ར་ག་ཡ་མཱན་ཏ་ཧཱུཾ། དེ་ཕྱི་ཐུམས་ཐུམས། ཧེ་སྟ་ཧ་མ་ས་མ་ཡ་གུ་གུ་ཐུལ། ཡ་མན་བཾ་རིམ། རྦད་རྦད་སོད་ཆོད་སོད། ཙེས་བཟླས་པ་བྱའོ།། ཆེ་གེ་མོ་ནི་ཡ་མན་ཏ་ག་ལ་རུ་པ་གྲོངས་ཤིག། ཤྲིཿཏེ་ཀྲོ་ཧ་ཧ། ཤྲིཿཔི ་ཛ་ཡ་ཁམ་ཐུམས། ཞེས་པས་དྲག་ཏུ་བསྐུལ་བར་བྱའོ།། ཆེ་གེ་མོ་ནི་དུམ་རུ་མ་བུ་ཙི་ཏུ་ར་དུམ་གཅིག། ཁྲག་དུག་ཁ་ཁ་ཟུམས་ཐུམས། མ་དུ་མ་ཙི། རུ་རུ་ས་ཡ་ན། མཱ་ར་ཡ་རྦད། དེས་ཀྱང་རབ་ཏུ་གསད་པར ་བྱའོ།། བྷྱོ་བྷྱོ་བྷྱོ། རུ་ཏྲ་རྦད། རཀ་ཤ་རྦད། མ་མ་སྙིང་རྩ་ཟད། ཁ་ཐུན་རྦད། རཱ་ར་ཡ་རྦད། ཐལ་ཕུང་ཟལ་ཕུང་། མ་མ་ཐུན་མ་མ་ཐུན། རྦད་དུ་ཟད་དུ། ས་དུ་ཡཾ། ཙིཏྟ་ཡ། རུ་བྲུཾ་ས་མ་ཡ། མ་ར་དུ་ཐམས་ས་རྦ ་རུ་ཐུམས་ཡ་ན་རྦད། ཅེས་ནི་ཏུན་དང་ཕུར་བུས་བྲབ། ཏྲི་ལིང་ཤིང་ཀ་དུ་རི་ཟ་ཡག་ཤ་རྦད། ཕུ་ཕྱེ་མ་ཁ་འདའ་རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག། དགྲ་བོ་མ་ར་རྩ་རྩ་ར་ཛ་རྦད། གསད་ཅིང་རླག་པར་བྱེད་པའི ་སྔགས།། ཨོཾ་ག་ག་ཏ་ཡ་ག་ཏ་ཡ། སརྦ་དུ་སཊ་ན། ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་ས་སཾ། ཕཊ་ཕཊ། ཧཱུཾ་ཧཱུཾ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིག་ནམ། ཀ་ཡ་ཝཀ་ཙིཏྟ་ཀི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། དྲག་ཏུ་བཟླས་ཤིང ་གནད་དུ་གདབ།། གནན་པ་དང་བསྲེག་པའི་ལས་ཀྱང་བྱ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྤྲེ་ཕུར་ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་སྨེ་ཕུར་གྱི་ཡང་སྙིང་འདི་དག་གསུངས་སོ།། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མན་ཏ་ཀ། ཨ་མུ་ཁཾ་ཡ་མ་རཱ་ཛ། ཨ་མུ་ཁམས་ས་དོ་མེ་ཡ། ཨ་མུ་ཁཾ། ཡ་མེ་དོ་རུ། ཨ་མུ་ཁཾ། ཎ་ཡོ་ཏ ་ཡ་ཨ་མུ་ཁ། ཡ་ད་ཡོ་ནི་ཨ་མུ་ཁ། ར་ཡཀྵེ་ཡ་ཨ་མུ་ཁ། ལཀྵེ་ཡཙྪ་ཨ་མུ་ཁ། ནི་ར་མ་ཡ་ཨ་མུ་ཁ། མ་བྲྀཥྚིཿཝ་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ས་མ་ཡ། ཆེ་གེ་མོ་ནི་ཀི་ལ་ཀི་ལ་ཡ་མ་ར་ཡ་རྦད་ཟད། ཕྱེ་རག ་ཤ་རག་ཤ་ཧཱུཾ། ནརྀ་མཱ་ར་ཡ། སྟཾ་པ་ཡ་ནན། མགལ་མེ་འཁོར་ལོ་བསྐོར་བ་འདྲ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་ར་ཡ་འཁོར་ལོ་ནག་པོས་རུ་ཏྲ་བསྒྲལ་བའི་སྨེ་ཕུར་ཡང་སྙིང་འདི་གསུངས ་སོ།། ཡ་མ་ར་ནི་ཛ་ཡཀྵེ་ཡ། ཡ་ཁྱེ་ཡ་ར་ནི། ཡོ་ད་ཡ། ན་ཡོ་ཏ་ཡ་རུ་དོ་མེ་ཡ། ཡ་མེ་དོ་ས་ཛ་ར་མ་ཡ། མིང་ཏྲིག་ནན་ཨ་གུ་ཤ་ཛ་ཛ། མ་ར་ཡ་ཧཱུཾ་ཛ། སྟམ་པ་ཡ་ནན། མ་ར་ཡ་རྦད། བན་དྷེ་ནང་འགྲས་རླག་པར ་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མ་ར་ཡ་འཁོར་ལོ་ནག་པོས་རུ་ཏྲ་བསྒྲལ་བའི་ལས་འདི་གསུངས་སོ།། དུར་ཁྲོད་ཆེན་པོའི་གནས་དག་ཏུ།། དུར་ཁྲོད་ས་ལ་མཎྜལ་བྱ།། དབུས་ནི་གྲུ ་གསུམ་མཐིང་ནག་ལ།། ཟླ་གམ་དམར་པོ་གསུམ་གྱིས་སྟོན།། འཁོར་ལོ་བརྒྱད་ནི་ནག་པོར་བྱ།། རབས་ཆད་ཐོད་པ་ཁ་སྦྱར་ལ།། ཕོ་ཐོད་མཚོན་ཆ་འཁོར་ལོར་བསམ།། མོ་ཐོད་ལྕགས་ཀྱི་འཁོར་ལོར ་བསམ།། འཁོར་ལོ་ཕོ་བསྐོར་མོ་བསྐོར་བྲི།། ཕོ་ཐོད་སྤྱི་བོར་བུག་པ་དབུག། ཐོད་པ་གྲི་བོའི་ཁྲག་གིས་བྱུག། སྟེང་གི་འཁོར་ལོའི་ཕྱི་རོལ་དུ། རི་རབ་འཁོར་ལོ་བྲི་བར་བྱ།། དེ་ལྟར་བྱས་པའི་འཁོར་ལོ་དེ།། དབུས་ཀྱི ་མཐིང་ནག་ཨེ་ལ་གཞག། དེ་ཡི་ནང་དུ་ལིང་ག་གཞག། རོ་རས་ཤིང་ལོ་རྒྱ་ཤོག་ལ།། ར་ཁྲག་ཁོ་བོ་ཡག་སྟག་གིས།། ལེགས་པར་བྲིས་ལ་གནན་ཡིག་དགོད།། ཉི་མ་བཞི་རུ་འཁོར་ལོ་བསྐོར།། ཁྲག་དང་སྡུག་རྣམས ་རབ་ཏུ་བསྡུག། དེ་ནས་ཐོད་པའི་འཁོར་ལོ་དེ།། རོ་རས་གཏུམས་ལ་འབྲུབ་ཁུང་གཞུག། མཆོད་རྟེན་ནག་པོ་ཁྲུ་གང་ལ།། བཾ་རིམ་ལྔ་རུ་ཡོད་པ་ཡིས།། ཁོང་སེང་ཅན་གྱི་ཐོད་པ་མནན།། བུམ་པའི་འོག་ཏུ་སྐར་ཁུང ་གདོད།། བུམ་པ་ཡ་མན་ཏ་ཀའི་སྔགས།། ལྷ་ཚོགས་དུ་མའི་སྔགས་བྲིས་གཞུག། རབ་ཏུ་གནས་པ་དག་ཀྱང་བྱ།། རྟག་ཏུ་དེ་ལ་བསྐོར་བྱ་ཞིང་།། མཆོད་པ་དག་ཀྱང་རྒྱུན་དུ་དབུལ།། ཕོ་ཉ་མང་པོས་གཟིར་གནོན ་བྱ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་གསུངས་སོ།། ཨོཾ་ས་མ་ཡ། ཨཱརྱ་མཉྫུ་ཤྲཱི་ཡ་མན་ཏ་ཡ་མ་ར་ཛ་ཨེ་ཀ་ཛ་ཏི་ཛ། མ་ར་ཛ་ས་དོ་མེ་ཡ། ཡ་མེ་དུ་རུ་ཎ་ཡོ་ད་ཡ། ཡ ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཛ་ནི་ར་མ་ཡ། དགྲ་བོ་ཙིཏྟ་ལ་མ་ར་ཡ་ཧཱུཾ་ཕཊ་ཛ། ཤྲཱི་མུན་ཛུ་ཡ་མ་ར་ཙ་ཛ་ཛ། ཡ་མན་ཏ་ཀ་ཨ་ཀ་ཙི་ཏ་ཛི། ཆེ་གེ་མོ་ཙི་ཏ་ཁར་རྦད་རྦད། ཆེ་གེ་མོ་ཙི་ཏ་ཁར་རྦད་རྦད། གཤཾ་དུ་རྩི་གྲུག ་ལིང་རྦད། དགྲ་བོ་ནི་ཧུར་ཐུམས་ཛ། ཨོཾ་ཤྲི་མཉྫུ་ཡ་མ་རཱ་ཙ་བེ་ཏ་ལེ་སྙིང་ཁ་རག་ས་མ་ཡ་ཐུམ་རི་ལ་རྦད། ཡ་མ་ར་ཛ་ས་ས་དོ་མེ་ཡ། ཁྲག་ལ་དོ་རུ་མེ་ཡ་དགྲ་བོའི་གླད་པ་ལ་ཧ། ཧི་ཧོ་རེ་བཾ་རི་ལ་རྦད། ཡ་མ་རཱ་ཛ་ས་དོ ་མེ་ཡ། ཡ་མེ་དོ་རུ་ཀྵ་ཡེ། མགོ་ཚོད་ཆེ་གེ་མོ་གློ་སྙིང་སྙིང་བསྣིད་མ་ར་ཡ། དོ་རུ་མེ་ཡ་བྱི་ཙ་ཡེ་སིང་ག་ཡེ། བྲི་ཏ་ཡོ། ཙ་ཏ་ཡེ། བྱི་ཙ་སེ། ཧ་ལ་སེ། ཆེ་གེ་མོ་ཏྲིག་ནན། ནརི་མ་ར་ཡ་ཧུར་ཐུམས་ཛ། ནརི་མ ་ར་ཙི་ཏ། མྱག་ཟུམ་རིལ་རྦད། ཆེ་གེ་མོ་ནརྀ་མ་ར་ཡ་རྦད། གསང་སྔགས་གའུ་ནག་པོ་གསང་བའི་འཁོར་ལོ་རྡོ་རྗེ་དམེ་འཐབ་ལྕགས་ཀྱི་ཁང་བུ་དྲག་སྔགས་སྙིང་པོ་གསང་བའི་རྒྱུད་ཅེས་གསུངས་སོ།། དེ་ལ་ཡང་ནི ་བཤད་བྱ་བ།། ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་།། བསྣོལ་ཁྲག་སྨེ་ཁྲ་དུག་རྫས་དང་།། ལྕགས་ཕྱེ་དག་ལ་སོགས་ལ་བཟླས།། དུས་གསུམ་བྲབ་ཤིང་གཟིར་བ་ན།། རྩ་རྒྱུད་རླག་པར་ཡང་དག་བཤད།། ཅེས ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྨེ་ཕུར་གྱི་ལས་གཞུག་གི་ཆིངས་འདི་གསུངས་སོ།། མཛོ་རྟོལ་དེའུའི་ཐོད་པ་འམ།། ཁམས་གཤེད་བརྩིས་པའི་ཐོད་པ་ལ།། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དང་།། རི་རབ་གླིང ་བཞིས་ལམ་དར་བཅས།། ཐོད་པ་ལྕགས་ཀྱི་མུན་ཁང་ལ།། འཆི་བདག་རལ་བ་ཙར་དགུ་བཞུགས།། སྦྲུལ་ནག་སྟོང་གི་གདན་སྟེངས་ན།། གཤིན་རྗེ་དབྱུག་པ་ནག་པོ་བསྣམས།། དེ་ལ་གཟས་པ་གཏད་བྱ ་བ།། རལ་གྲི་འབར་བས་ས་དྲལ་ནན།། རལ་པ་ཚར་དགུ་གསལ་པ་དང་།། ཀྱེ་མ་འདི་ནས་ཏོད་པ་གཤེད་ཀྱི་མུན་ཁང་ན།། བཾ་རི་གཏམས་པའི་དུར་ཁྲོད་ན།། ཁྲག་འཚོ་འཁྱིལ་བའི་གླིང་དཀྱིལ་ན།། གནོད་སྦྱིན་ཀུན ་གྱི་ཚོགས་ཆེན་རྗེ།། ཀླུ་སྲིན་ཀུན་གྱི་དམག་དཔོན་ཏེ།། གསོན་གཤིན་གཉིས་ཀྱི་ཟམ་ཁ་བ།། དཀོན་མཆོག་སྤྱི་དགྲར་གྱུར་པ་ནི།། ཁྱོད་ལ་གཏད་ཀྱི་ཤོ་ར་རེ།། དེ་སྐད་བདག་ཀྱང་རབ་ཏུ་བརྗོད།། བསྒོམ་ཞིང་ཕྱག་རྒྱ ་རབ་ཏུ་གསལ།། ཡ་རྟག་དམ་རྫས་གཏད་ཅིང་དྲ་བ།། སྔགས་བྲབ་དྲང་སྲོང་དམོད་པས་གདབ།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མནན་སྔགས་དང་ཁྲམ་ལ་གདབ་པའི་སྔགས་འདི་གསུངས ་སོ།། ཨོཾ་དུ་ས་ཏྲི་ཀྵེ་ཡ་ཧཱུཾ། ཨོཾ་ཧྲིཥྚིཿཝི་ཀྲྀ་ཏ་མོན་ཏ་དགྲ་བོ་མ་ར་ཡ་རྦད། སྟཾ་བྷ་ཡ་ཧཱུཾ་ནན། འབྲི་ནན་རྩ་རྩི་ནན། ཧ་སུ་སད་བྷྱོ། བྲུཾ་བྱིང་བྲུཾ་བྱིང་། བྷྱོ་ཐུམ་བྷྱོ་ཐུམ། བྲུམ་པ་ར་ལི་ནན། སེང་སྠ་སེང་སྠ་སེད། ཀྵ་དྲད་ཀྵ ་དྲད། ནི་ཁང་ཁ་ས་མེ་ས་ཧེ། ཨེ་རི་ལེ་ལི་བ་ཤན་ཤིག་ཤིག། ཨེ་ཧྲི་ཏྲད་ནན། ཏྲི་པ་ལི་ལེ།། ཤན་བྲ་བ་མི།། ཨེ་རེ་ལི་ལེ། གཤན། ཧེ་ཧ་པ་ཤི་ཤ་ར། ཚ་ཚ་ལི་ལི་ཧི་ནན། ཤ་ཤི་བྷྱོ་ཐུམས་ཧུ་རུ་ཧུ་རུ། ཧཱུཾ་ཏ་ར་ཏ་ར། ་ཚལ་ཚལ། མུག་མུག་མུག། མྱོས་མྱོས་མྱོས། རག་ཤ་ཙི་ཏ་ཛ་ལ་ཧཱུཾ། ཀརྨ་ཙ་ཏི་ཛ་ལ་ཧཱུཾ། ག་རུ་ག་རུ། ར་ཏི་ར་ཏི། གུར་ཏི་གུར་ཏི། འམ་དུ་འམ་དུ། ཙན་ཏྲི་ཧྲི་ཀ་སོ་པ་ཏི་ཁ་གྲི་སོག་མ་ར་རྦད། སྙམ་པ་ཡ་སྲོག་སྙམ་པ ་ཡ་སྲོག་སྙམ་པ་འདིར་རྦད་རྦད། ཐོད་པའི་དབང་པོ་དག་ལ་གདབ།། རལ་པ་ཚར་དགུའི་ལག་ཏུ་གཏཏ།། དོན་ཡོད་གྲུབ་པའི་ཕོ་བྲང་གདབ།། ཅེས་གསུངས་སོ།། དེ་ནས་ཡང་དག་ངེས་བཤད་པ།། ཤར་ལྷོ་འབྲུབ ་ཁུང་དག་ཏུ་ཡང་།། གདུག་པ་ཅན་གྱི་ཤིང་བུ་ལ།། དྲུག་བརྩེགས་དག་གི་བཾ་པོ་བསྒྲེང་།། ཁྲག་དང་དུག་ཆུས་བསྐུ་བར་བྱ།། དེ་ནས་རྣལ་འབྱོར་ལྷོར་ལྟར་འདུག། གཏོར་མ་མར་དང་གུང་ཤིང ་དང་།། ཉུངས་ཀར་ཉུངས་ནག་སྐེ་ཚེ་དང་།། ལིང་ག་ལ་སོགས་བསག་པར་བྱ།། གཞན་ཡང་ཟངས་ཕྱེ་ལྕགས་ཕྱེ་དང་།། རུས་བྱེ་རྡོ་རྗེ་གཏོར་མ་དང་།། སྙིང་དང་གློ་བ་མིང་བྱང་དང་།། མཆིན་པ་མཁལ་མ་རྒྱུ་པ ་དང་།། ཁྲག་དང་རུས་པ་ལ་སོགས་དང་།། སྙིང་དང་མཁྲིས་པ་རྗེ་དར་དང་།། མར་ཁུ་སྦྲང་དང་འོ་མ་ཁྲག། བདག་ཉིད་ཁྲོས་པའི་གདུག་སེམས་ཀྱིས།། རག་ཤ་འཕྲེང་བ་སེ་རལ་པ།། ལག་ཏུ་ལྕགས་ཀྱི་གཟར་པུ ་ཡིས།། མེ་ལྷའི་ཚོགས་དང་ལྷ་ཚོགས་ལ། བསྐྱེད་དང་སྤྱན་དྲངས་བསྟིམ་བྱས་ནས།། སོ་སོ་རྩ་སྔགས་ཁ་རཾ་ཁས།། དྲག་ཏུ་དམ་རྫས་དབུལ་བར་བྱ།། ཐུགས་ཀྱི་སྙིང་པོའི་ཞབས་དག་ལ།། ལྷ་ཚོགས་སོ་སོའི་རྩ་སྔགས ་དང་།། སྲེག་སྔགས་བསྡེབས་ལ་འབུལ་བྱ་ཞིང་།། རེ་རེ་ཉིད་ལ་རྩ་བརྒྱད་སྔགས།། ཡང་ན་ཉི་ཤུ་རྩ་གཅིག་ཡིན།། རྫོགས་དང་ཐལ་བ་ཀླུ་ལ་གཏད།། ཡང་ན་རླུང་ལྷའི་ཚོགས་ལ་དབུལ།། དེ་ལྟར་རྫོགས་རྗེ་བསྡུ་དང ་གཤེགས།། རྣལ་འབྱོར་སྒྲིབ་སྦྱང་བར་ཆད་སེལ།། དམིགས་པ་མྱུར་ཏུ་རླག་པར་འགྱུར། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། རྡོ་རྗེ་དམེ་ཕུར་དང་། ལྕགས་སྦུར་པུ་དང་། གནན་ཅིང་སྲོག་གཅད ་ལས་ཀྱི་གཞུག་སྡུད་པའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་འཇིག་རྟེན་མགོན་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཧེ་ཧེ་དཔལ་འབར་ཁྲོ་རྒྱལ་གདོང་།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། བསྟན་པ ་གནས་པར་མི་འགྱུར་ཏེ།། ལས་ཀྱི་བདུད་ཆེན་ཁོང་ནས་འཁྲུག། དམ་སྲི་རང་གི་རྒྱུད་ལས་ལྡང་།། རང་གིས་རང་གི་བསྟན་པ་འཇིག། རང་ཤ་རང་གིས་ཟ་བའི་དུས།། དེ་ལྟ་བུ་ཡི་དུས་བྱུང་བས།། སྟོང་ཕྲག་བརྒྱད་ཅུའི ་གདོན་རྣམས་འཁྲུག། ནད་དང་མཚོན་ནི་སྐར་ལྟར་འཁྲུག། བསྒྲུབ་པའི་ལོང་མེད་ཅིང་།། བསྟན་པ་རང་གིས་འཇིག་པས་ན།། དེ་དུས་བསྟན་པ་གང་གིས་བསྲུང་།། ཞེས་ཞུས་པས། ཉོན་ཅིག་འཇིག་རྟེན་མགོན་པོ ་ཁྱོད།། ཁྱོད་ཀྱིས་དུས་གསུམ་མཁྱེན་གསལ་བ།། ང་ལ་ཞུས་པ་ལེགས་སོ་ཉོན།། བསྐལ་པ་སྙིགས་མ་བྱུང་བའི་ཚེ། བསྟན་པ་རང་གིས་འཇིག་པས་ན།། སྲིད་པ་ལྟོ་ནས་བཟློག་ཀྱང་འཚལ།། མཚོན་ཆ་རྩེ་ནས་གཟུང ་ཡང་འཚལ།། ལྷ་འདྲེའི་སྲོག་ནས་གཟུང་ཡང་འཚལ།། འདུས་བྱས་མི་རྟག་བཤད་ཀྱང་འཚལ།། རང་གཤེད་རང་ལ་བསླབ་པ་དང་།། མཚོན་ཁ་ནང་དུ་བསྟན་པ་དང་།། རང་སྲོག་རང་གིས་གཅད་ཀྱང ་འཚལ།། བསྙེན་པའི་ལྷ་ནི་བདུད་དུ་དབབ།། ཅེས་གསུངས་སོ།། སྐྱེ་མེད་རྣམ་དག་ལྷུན་གྱིས་གྲུབ།། ཡེ་ཤེས་དཀྱིལ་འཁོར་ཆུ་ཟླའི་ཚུལ།། མི་རྟོག་དབྱིངས་ལས་ཐུགས་རྗེ་སྒྲོལ།། ཕྱོགས་དུས་ལྷ་ཡི་དཀྱིལ་འཁོར ་ཆེ།། མཆོད་པ་བླ་མེད་རྒྱ་ཆེས་མཆོད།། ཆོས་ཉིད་ལ་ནི་ཆོས་ཉིད་རོལ།། སྣང་སྲིད་ཡེ་སངས་རྒྱས་པ་ལ།། ཚོགས་བསགས་དགེ་རྩའི་བྱས་མེད།། དོན་དམ་སྐྱེ་མེད་ཡེ་ཤེས་ལྷ།། ཀུན་རྫོབ་འགག་མེད ་གདུག་པ་འདུལ།། གཟུགས་སྣང་ཐམས་ཅད་ཁྲོ་བོའི་སྐུ།། བཟའ་བཏུང་ཤ་ཁྲག་རི་བོ་མཚོ།། སྐྱེ་འགྲོ་མ་ལུས་སྒྲོལ་བའི་ཞིང་།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། སྲོག་དང་སྲོག་གི་གནད་ནས ་དེད།། དོན་དམ་ཞེས་པའི་མིང་དང་བྲལ།། བརྗོད་མེད་ནམ་མཁའ་དང་འདྲ།། ཀུན་རྫོབ་གཟུགས་ལ་གཅེས་པ།། ལྷ་ཡི་ཏིང་འཛིན་གསལ་བས་ལྟ།། རྗེས་མི་དང་ཡི་གེ་ལས།། གསལ་བའི་སྲོག་དང་ཡིག་འབྲུ ་སླསྤང་།། ཞེས་གསུངས་སོ།། དེ་ནས་ཡང་འཇིག་རྟེན་མགོན་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ལྔ་བརྒྱ་སྙིགས་མའི་དུས་དེ་རུ།། སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་འཁྲུག། སྔགས་པ་ནང་འགྲས་བྱུང ་བ་ཡིས།། དམ་སྲི་འཇིག་རྟེན་ལྷ་འདྲེས་བྱེད།། དེ་ལ་བགེགས་རིགས་དུ་མ་ལ།། དེད་དཔོན་རིས་སུ་རྟོག་པ་གང་།། སྔགས་པ་ནང་འགྲས་བྱུང་བའི་ཚེ།། རང་གཤེད་རང་ལ་སློང་བ་གང་།། བཟློག་དང་བསྲུང་དང ་བསད་པ་དང་།། བསྲེག་དང་མནན་པ་ཇི་ལྟར་ལགས།། སྲོག་གི་ཡི་གེ་ཇི་ལྟ་བུ།། གཅོད་ཅིང་གཟིར་དང་རྣམ་ཤེས་སྲོག། ཡང་དག་དཔའ་བོས་བཀའ་སྩོལ་ཅིག། ཅེས་གསོལ་པས།། དེ་ནས་བཅོམ་ལྡན་འདས་ཉིད ་ཅང་མི་གསུང་བར་དྲེགས་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་ནས་ཡང་འདི་སྐད་གསུངས་སོ།། ཉོན་ཅིག་འཇིག་རྟེན་མགོན་པོ་ཁྱོད།། བགེགས་རིགས་དུ་མ་དེ་དག་ལ།། དེད་དཔོན་ཉི་ཤུ ་རྩ་ལྔ་ཡིན།། དེ་དག་ཀུན་གྱི་རྗེ་བོ་ནི།། ཡི་དགས་གཤིན་རྗེ་ནག་པོ་ཡིན།། སྐོས་དང་ལས་ཀྱི་ཆོས་འཆད་ཅིང་།། སྲིད་གསུམ་སེམས་ཅན་ཚེ་སྲོག་འབྲེལ།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གསང ་སྔགས་ཀྱི་རྒྱལ་པོ་འདི་ཟོན་ཏོ།། ཨོཾ་ས་མཱ་ཡ་ཨརྱ་མཉྫུ། ཨོཾ་ཤྲཱི་མུ་ཏྲ་ཡ་མན་ཏ་ཀ་པན་ཙ་ཏེ་རོ་ནི་ཧཱུཾ་ཛ། ཧེ་ལ་ཙ་ཏྲ་རུས་ནི། ཀུ་ལན་ཙ་ས་མཱ་ཡ་ར་ཡ་གུ་གུ་ཐུལ་མཱ་ར་ཡ། དྲག་པོ་ནམ་མཁའ་ཐོག་དང་འདྲ།། ཞེས ་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། རྡོ་རྗེ་ནང་འགྲས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་འཇིག་རྟེན་དྲེགས་པའི་སྲོག་སྙིང་རྣམ་ཤེས་བྱུང་བ ་འདི་གསུངས་སོ།། ཡ་མ་རག་མོ་རག་ཤ། ཀྵེ་མ་བཛྲ་ཀྲི་ཏ། དུན་ཏིང་ཀི་ལ་ཡ། མ་མ་རོཀྑ། ཉིད་དུ་རྔུབས། ཧེ་ཤ་རག་ཀྲག། དུག་བྲག། དུན་ཏིང་འབི་ལ་ལི། ཨ་དུན་ཏི། ཏྲི་ཤན། ར་ཙ་ཧ་ཏི། ཙ་ར་མུ་ཏྲག། ཤ་ཏྲུཾ་སྟི ་སྟ། རི་ནི་རི། ཏྲི་ནག་ཨ་ཏྲི་ས་དུ། ཙ་ཏྲི། ར་ཙ། རཱ་ཙ་ནཱ་ག་དུ་ས་པུ་ཏྲི། ཁ་རག། ཀྵེ་མ་ཏྲི། དུན་ཏིང་དུན་ཏིང་། ཏྲོ་སྲོག་མཱ་ར་ཡ། ག་ན་པ་ཏི། བི་ན་ཀ་ཏི། ཀ་ལ་ཏུ་དབྲག། བྱི་རུ་ར། ན་ག་མོ་ཏིང་། ས་ག་བྱི་རུ། བཛྲ ་ཨ་གུ་ཤ་ཛ། ཏྲིག་ནན། ཛ་ལ་རིམ་རམ། མ་ར་ཡ་རྦད། སྙམ་པ་ཡ་ནན། ས་མ་ཡ་དམ་དམ། དེ་དག་སྤྱིའི་གཟིར་བྱེད་དོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་འདྲེའི་སྲོག་གཅད་པ་འདི ་གསུངས་སོ།། ཨོཾ་ཡ་མ་ཏ་ད། དྷ་ཨ་ཏྲ་ན་རཱ་རཀྵེ་ཤ་ཛ་ཙ་ས་ག་ནི་ཏྲ་ཏྲི་མེ་སྲི་ས་མ་ཡཱ་མ་རུ་ལུ། དུན་ཏིང་ཀི་ལ་ཡ། ཏིར་ཏ་ཀ། རུ་ཏྲ་དེ་བ། རག་ཤ་ཡག་ཤ། ཡག་མོ། མུན་མུན། ཤུ་ལ། ར་ཙ། དུན་ཏིང་། བཛྲ་ས་དུ། ་ཧཾ་ཤཾ། ས་ན་ག། རུ་གྲི། སརྦ་ཤད་དྲྀ། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། རྡོ་རྗེ་ནང་འགྲས་ཀྱི་འཇིག་རྟེན་དྲེགས་པའི་སྲོག་སྙིང་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་བཅོམ་ལྡན ་འདས་ཀྱིས་རྡོ་རྗེ་ནང་འགྲས་ཀྱི་ལས་གནམ་ལྕགས་འཁོར་ལོ་ནག་པོ་ཞེས་བྱ་བ་འདི་གསུངས་སོ།། ཡིད་འཐད་དུར་ཁྲོད་མ་ར་ཡར།། བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས།། མཎྜལ་ཟླ་གམ་གྲུ་བཞིའི་བར།། གྲུ ་གསུམ་ནག་པོ་དཔངས་སུ་བརྩིགས།། དུར་ཁྲོད་རས་ལ་དུག་ཁྲག་གིས།། འཁོར་ལོ་རིམ་པས་བསྐོར་བྱས་ལ།། དང་པོར་ཡབ་ཀྱི་གསང་སྔགས་བྲི།། ནང་དུ་རྩེ་བསྟན་མཚོན་ཆ་བྲི།། དབུས་སུ་གཤིན་རྗེ་ནག་པོ ་ཡི།། ལྟོ་བར་རང་གཤེད་འཁོར་ལོ་བྲི།། བདག་ཉིད་སྲོག་ལ་ཡ་མན་ཏ་ཀར་བསྒོམ།། འབྲུབ་ཁུང་ཁ་ལ་འཁོར་ལོ་དགྲམ།། དང་པོ་བོད་པ་ནི། མི་འོང་འོང་བར་བྱ་བ་ཡིན།། གཤིན་རྗེ་གཤེད་པོས་དབང་དུ ་བསྡུ།། གཉིས་པ་རི་རྒྱལ་རྦབ་ལྟ་བུས།། རང་དབང་མེད་པས་གཟིར་མྱོས་བྱ།། གསུམ་པ་སྲོག་སྙིང་ཐོབ་པར་བྱ།། བཞི་པས་མ་ར་ཏྲི་དང་བཅས།། ལྔ་པས་མནན་ཅིང་བསྲེག་པར་བྱ།། དེ་ནས་ཕྱིས་ནི་ལོག་གནོན ་དུ།། དམ་ཚིག་མར་བས་བཞག་པ་ཡིན།། ཞེས་གསུངས་སོ།། དེ་ནས་དཔལ་འབར་ཉིད་ཀྱིས་རྡོ་རྗེ་རང་གཤེད་ཀྱི་དྲག་སྔགས་འདི་གསུངས་སོ།། ཨོཾ་ས་མཱ་ཡ་ཨཱརྱ་མཉྫུ་ཤྲཱི་མུ་ཏྲ། ཡ་མཱན་ཏ་ཀ་བན་ཙ་ཏེ་རོ་ནི་ཧཱུཾ་ཛ། ཧེ ་ལ་ཙཀྲ་པ་ན། ཙ་རུ་པ་ནི། ཀུ་ལན་ཙ་ས་མ་ཡ། མ་ར་ཡ་གུ་གུལ་ཐུལ། མཱ་ར་ཡ། ཨེ་ར་ག་རེ་བ་ཤ་མོ་ཧ། ན་མ་ཨི་རི་ཤ་བྷྱོ། བཛྲ་སརྦ་དུ་སྟན། ཡ་མ་ཏྲིག་ན། སྲོག་ནི་ཧུར་ཏུམས་ཛ། ས་མ་ཡ་ཨ་གུ་ཤ་ཛ་ཛ། མིང ་ཏྲིག་ནན། སྲོག་ཧུར་ཐུམས་ཛ། ཡ་མ་ཡ་མ་རཱ་ཙ། མིང་ཏིག་ནན་སྲོག་ཧུར་ཐུམས་ཛ། མིང་སྲོག་སྟཾ་པ་ཡན། ས་མ་ཡ་དམ་དམ། གཤིན་རྗེ་འཁོར་ལོ་ལ་སོགས་པ།། བསྐོར་ནས་རང་ཉིད་རླག་པར་འགྱུར།། བདག ་ཉིད་གསལ་བའི་གོ་ཆ་སྟེ།། དྲག་སྔགས་མཚོན་ཆ་འཁོར་ལོ་ཡིས།། དམིགས་པ་སྔགས་ཀྱི་གནས་ཡིན་ཏེ།། རང་གཤེད་ཡིན་པས་ཡང་དག་གསུངས།། དེ་ལ་ཡང་དག་བཤད་བྱ་ན།། ཡ་མ་ཏྲིག་ནན། ཡ་ཆེ་གེ་མོ་ཙིཏྟ ་མཱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མ་ར་ཡ་སོད། ཙིཏྟ་གནད་ལ་བོར་བའོ།། ཡ་མ་ཧུར་ཐུམས་རྦད་རི་ལ། རཾ་ནི་ཙི་ཏ་མ་ར་ཡ་རྦད། ཧཱུཾ་བཛྲ་མ་རུ་ནི་ཛ་ཛ། ཧཱུཾ་ནི་ཧུར་ཐུམས་རི་ལ་ཙིཏྟ་མཱ་ར་ཡ་རྦད། ཡ་མ་སྙིང ་ཙིཏྟ་མ་ར་ཡ་རྦད། སྲོག་ལོང་རྦོད། གཤིན་རྗེ་འཁོར་ལོ་མ་ར་ཡ།། དམ་ཚིག་ཉམས་པའི་སྔགས་པ་ཡི།། སྲོག་ལ་འཁོར་ལོ་བསྐོར་བར་འགྱུར།། གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། འཁོར ་ལོ་ནག་པོ་སྙིང་ལ་བསྐོར་བའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས། མཚོན་འཁྲུགས་ནག་མོ་ཞེས་བྱ་བ་འདི་གསུངས་སོ།། དུར་ཁྲོད་ཡིད་དང་འཐད་པར་འགྲོ།། ས་མ ་ཡ་དང་ལྡན་བྱས་ལ།། མཎྜལ་བྲུབ་ཁུང་ཁྲུ་གང་སར།། ཁྲག་དང་དུག་གིས་ཞལ་ཞལ་བྱ།། དུར་ཁྲོད་རས་སམ་ཤོག་ཤོག་ལ།། འཁོར་ལོ་རིམ་པ་ལྡན་པ་ལ།། ཐ་མ་གཤིན་རྗེའི་སྔགས་ཀྱིས་བསྐོར།། དུག་དང་ཁྲག་ཏུ ་བསྲེས་པ་ཡིས།། མ་མོའི་གཟུགས་ནི་དབུས་སུ་བྲི།། ལྟོ་བར་གནད་ཀྱི་འཁོར་ལོ་བྲི།། དབུས་སུ་སྲོག་གི་ཡི་གེ་བྲི།། ལིང་ག་བྲི་བ་ཟག་པ་ཟད།། བདུད་བཅས་ཁྲོ་བོའི་རྒྱུ་ལ་བྲི།། ཡི་གེའི་གནས་སུ་དགོད་པར ་བྱ།། བདག་ཉིད་ཡ་མཱན་ཏ་ཀར་བསྒོམ།། འཁོར་ལོ་མ་མོ་ཆེན་མོར་བསྒོམ།། ལིང་ཀ་གཟས་པར་གསལ་བར་བྱ།། གསད་པའི་གཟོར་ཀྱང་གོང་ལྟར་བསྒྲུབ།། འཁོར་ལོ་ནོན་ཁར་ཐུན་གྱིས་བྲབ།། དམ་ཅན་འབོད ་ཅིང་གཏོར་མ་གཏང་།། བྲང་བརྡུང་མ་ཉེས་དཔང་ཡང་གཟུགས།། དེ་ནས་འཁོར་ལོ་དྲག་ཏུ་བསྐོར།། བདུན་ནམ་གསུམ་མམ་བཅུ་གཉིས་འགྲུབ།། སྲིད་པ་མ་མོ་ཐམས་ཅད་ཀུན།། ཁྲ་སྤྱང་གཟན་ལ་འདུ་བ ་ལྟར།། མཉམ་པ་ཉིད་ལ་འདུ་བར་འགྱུར།། ཨོཾ་ས་མཱ་ཡ། ཧེ་ལ་ཙ་ཏྲ་ཨེ་རཱ་ག། མ་མ་རུ་ལུ་ཏྲིག་ནན། མ་ཧུར་ཐུམས་ཛ། མ་མ་རུ་ལུ་ཏྲིག་ནན། མ་ནི་ཧུར་ཐུམས་ཛ། མ་མ་རུ་ལུ་སྟཾ་པ་ཡ་ཡན། མ་མ་རུ་ལུ་ཏྲིག་ནན། ཆེ ་གེ་མོ་ཙི་ཏ་མཱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མ་ར་ཡ་སོད། མ་མ་རུ་ལུ་ཧུར་ཐུམས་རི་ལ། བཾ་ཙིཏྟ་མ་ར་ཡ་རྦད། ཧཱུཾ་བཛྲ་མ་དུ་ནི་ཛ་ཛཿཧཱུཾ་ནརྀ་ཧུར་ཐུམས་རི་ལ། ཙིཏྟ་མ་ར་ཡ་རྦད། མ་རུ་ལུ་སྙིང་ཙིཏྟ་མ་ར་ཡ་ཏྲི ་སྲོག་ལོང་དབུགས་ལ་ཡང་རྦད། ཁྲག་དུག་ཉུངས་ཀར་ཉུངས་ནག་དང་།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་བྲབ།། ཡུག་ས་མོ་ཡི་ཞབས་མས་གདབ།། འཇུག་ཏུ་ཞབས་མར་གུམས་ནས་ནི།། དུར་ཁྲོད་དག་ཏུ་གནན་པར ་བྱ།། མ་མོའི་ཟོར་ཐུན་མ་ས་རྦད་ཡ། འཁོར་ལོ་འདི་ཡི་དབང་དུ་འགྱུར།། དམ་བདར་རྟགས་ཐོན་རག་ཏ་གཏང་།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུས་ལས། སྲིད་པ་གསུམ་ཟོར་བཟློག་ཐུན་ཟོར ་བཟློག། ཐུན་དང་གཤེད་འཁོར་ལོ་སྙིང་ལ་གཟེར་འདེབས་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། རྡོ་རྗེ་ནང་སྨེ་ལས་རྒྱ་མདུད་ནག་པོ་དང་མགོ་མཇུག་མ་ཞེས་བྱ་བ ་འདི་གསུངས་སོ།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། ཡིད་དང་འཐད་པའི་གནས་བཟུང་ལ།། དུག་ཤིང་ནག་པོ་ཚེར་མ་ཅན། ཡང་ན་ཤིར་ཤིང་ནག་པོ་ལ།། མགོ་འཇུག་མ་ནོར་ཕུར་པ་དེ།། པོག་པོར་ནག་པོའི ་@དུད་པས་བདུགས།། རྒྱ་མདུད་ནག་པོར་ཧཱུཾ་ནག་གཅིག། རྡོ་སོལ་ནག་པོས་བྲི་བར་བྱ།། རྒྱ་མདུད་འོག་མར་གཟིར་སྔགས་བྲི།། ཐ་མ་དཔལ་མ་མ་ར་ཡ།། ལྡུམ་ཞོག་དག་ལ་བཅོ་ལྔ་པ།། རྩ་བའི་ཡི་གེ ་བྲི་བར་བྱ།། འཁོར་ལོ་གོང་དང་རྒྱུ་འཐུན་ཏེ།། འཛོ་རྟའི་ཁྲག་དང་དུག་བསྲེས་ལ།། ཁྲོ་བོ་འཇིགས་པའི་གཟུགས་བདར་བྲི།། འབྲུབ་ཁུང་གཏིང་དུ་གྲུ་གསུམ་བྲུ།། ཐ་མ་རྩང་དམར་དག་གིས་བསྐོར།། དེ་ལ་ལིང་ག ་བྲི་བ་དག། ཤོག་ཤོག་ཀར་རི་ཀ་ལ་བྲི།། བདག་ཉིད་ཡ་མཱན་ཏ་ཀར་བསྒོམ།། ཁྲོས་པས་ང་རྒྱལ་དྲག་པོས་བརྒད།། མཛོ་རྟ་དྲེའུའི་ཐོད་པ་ལ།། རྡོ་རྗེ་རྒྱ་གྲམ་རབ་ཏུ་བྲི།། ཨོཾ་ལཾ་སྙིང་པོ་བྲིས་ལ་གཞག། ཡུལ་གསུམ ་འདི་ཉིད་གསལ་བྱས་ལ།། དྲག་པོ་རང་གཤེད་འཁོར་ལོ་རང་གཤེད་བསྐོར།། ཕུར་བུའི་དཔལ་ཁ་རང་ལ་ལྡོག། ཕུར་བུ་མདའ་རུ་འཕེན་པར་རྨི།། ཕུར་བུ་དཔལ་ནས་འཛིན་པར་རྨི།། ཨོཾ་ས་མ་ཡ་ཧེ་ལ་ཙཀྲ། ཨེ་ར ་རཱ་ག་བཛྲ། དུན་ཏིང་ཀ་ལ་ཡ་ཏྲི་ནན།། ཏ་ཧུར་ཐུམས་ཛ། དུན་ཏིང་ཀ་ལ་ཡ། ཨཾ་གུ་ཤ་ཛ་ཛ། མཱ་ར་ཡ་རྦད། སྟཾ་བྷ་ཡ་ནན། དུན་ཏིང་ཀི་ལ་ཡ་ཀྲིག་ནན། དུན་ཏིང་ལ་ཡ། ཆེ་གེ་མོ་ནརྀ་ཧུར་ཐུམས་བཛྲ། ཏ་ཏྲི་མ་ར་ཡ ་རྦད། དུན་ཏིང་ཀ་ལ་ཡ་ཀྲིག། དུན་ཏིང་ཀི་ལ་ཡ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད་ནན། དུན་ཏིང་ཀི་ལ་ཡ་ཏྲིག་ནན། ཏ་ཆེ་གེ་མོ་ཙིཏྟ་ལ་མཱ་ར་ཡ་རྦད། ཏ་ཆེ་གེ་མོ་ནརྀ་ཧུར་ཐུམས་ཛཱ། ཙིཏྟ་མཱ་ར་ཡ་རྦད། ་དུན་ཏིང་ཀི་ལ་ཧུ་ཐུམས་རི་ལ། རཾ་བྲི་ཙི་ར་མཱ་ར་ཡ་རྦད། ཧཱུཾ་མཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ནརྀ་ཧུར་ཐུམས་རི་ལ། ཙིཏྟ་མཱ་ར་ཡ་རྦད། དུན་ཏིང་ཀི་ལ་ཡ་སྙིང་ཙིཏྟ་མ་ར་ཡ། ཏྲི་སོག་ལོང་དབུགས་ལ་ཡང་རྦད།། ཁྲག་དུག་ཉུངས ་ཀར་དག་གིས་བྲབ།། ཕུར་པ་ནག་པོ་དྲིལ་ཞིང་བརྡེག། དེ་ནས་ལྷ་ཀླུའི་གནས་དག་ཏུ།། འཁོར་ལོ་ཐོད་པར་རབ་བྲུབས་ལ།། ལིང་ཀའི་སྙིང་ཁར་ཕུར་པས་གདབ་ཕུར་བུས་བཏབ་ཀྱང་རང་ལ་འདེབས་སོ།། རྒྱུ་ལྡོག ་ཕུར་གཤེད་ནག་པོ་ཡིན།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ཀི་ལ་ཡ་ཁྲག་འདི་ནག་པོ་རང་གཤེད་འཁོར་ལོའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཉིད་ཀྱིས་རྡོ། ་རྗེ་ནང་དམེའི་ལས་ཕུང་བྱེད་དུག་མདའ་ནག་པོ་འདི་གསུངས་སོ།། རི་ནག་མོན་ནག་ཁྲོས་པ་འདྲ།། རྩཝ་དང་ཤིང་དུ་སྐྱེས་པའི་གནས།། སྔགས་པ་དམ་ཚིག་ལྡན་པའི་མིས།། མཎྜལ་མཐིང་ནག་གྲུ་གསུམ་ལ།། གྲི་རྒོད ་ཁྲག་གིས་ཞལ་ཞལ་བྱ།། ཁ་ལ་རྩང་མར་དགྲམ་པར་བྱ།། སྐྱེར་པའི་མདའ་ལ་སྦྲང་ཁའི་སྒོ།། མཐོ་གང་བ་ནི་ཚད་ཡིན་ནོ།། དུག་དང་ཁྲག་དང་རྟོད་ནག་བྱུག། ཁྲི་ཁྲི་ཁྲྀ་ལ་ཐོབ་ཅེས་བྲི།། དར་ནག་ཡང་དོར་བདུད་ལ ་གཏད།། རྟགས་ཐོན་གཏང་རག་ཁས་ཀྱང་བླངས།། བདག་ཉིད་ཡ་མན་ཏ་ཀར་བསྒོམ།། འཁོར་ལོ་བདུད་དུ་རབ་བསྒོམས་ལ།། ལིངྒ་གཟས་པ་དེ་ལ་གཏད།། རང་གཤེད་རང་ལ་བསྐོར་བར་གསོད།། ཨོཾ་ས་མཱ་ཡཱ། ་ཧེ་ལ་ཙཀྲ། ཨེ་ར་གེ་བཛྲ་རུ་ཏྲ་ཏྲིག་ནན། རྟ་ཧུར་ཐུམས་ཛ། རུ་ཏྲི་དྷ་ཨ་གུ་ཤ་ཛ་ཛ། མཱ་ར་ཡ་རྦད་སྟཾ་བྷ་ཡ་ནན། རུ་ཏྲེ་ཏྲིག་ནན། རུ་ཏྲི་ཆེ་གེ་མོ་ནརྀ་ཧུར་ཐུམས་མ་ཛ། ད་ནི་མ་ར་ཡ་རྦད། རུ་ཏྲི་ཏྲིག་ནན། ་རུ་ཏྲི་ཆེ་གེ་མོ་ཧུར་ཐུམས་རྦད། ཆེ་གེ་མོ་མ་ར་ཡ་རྦད། རུ་ཏྲི་ཏྲིག་ནན། དྷ་ཆེ་གེ་མོ་ཙིཏྟ་མཱ་ར་ཡ་རྦད། དྷ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཡ་རྦད། རུ་དྲི་ཧུར་ཟུམས་རི་ལ། རུ་ཎི་ཙིཏྟི་མཱ་ར་ཡ་རྦད། ཨོཾ་བཛྲ་མ་དུ་ནི་ཛ ་ཛ། ཧཱུཾ་ཎཾ་ཧུར་ཐུམས་རི་ལ། ཙི་ཏྟ་མ་ར་ཡ་རྦད། རུ་ཏྲི་སྙིང་ཙིཏྟ་མཱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། སྐྱེར་བའི་མདའ་ནག་དག་ལ་ཡང་།། བསྔགས་ཤིང་ལིང་དག་ལ་བརྡེག། བདུད་ཀྱི་ཁྲམ་ཤིང་ནག་པོ ་ལ།། བདུད་ཀྱི་གཟུགས་བྲི་འཁོར་ལོ་དེ།། བདུད་དུ་བསམ་ལ་བདུད་དུ་བརྡེག། བདུད་ཀྱི་ཁྲམ་ཁ་སྟོང་འགྱུར་ན།། མུན་པའི་ཞགས་པ་སྟོང་འགྱུར་དང་།། འཁོར་ལོ་འདི་ཡི་དབང་དུ་འགྱུར།། དམ་ཚིག་བདག་པོས ་དབང་དུ་བཤད།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། བདུད་རང་གཤེད་རང་ལ་དབབ་པ་རུ་ཏྲ་ནག་པོ་སྲོག་ལེན་ཁྲམ་ནག་རང་གཤེད་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས ་ཉིད་ཀྱིས་རྡོ་རྗེ་ནང་དམེའི་ལས་མེ་འབར་ནག་མོ་འབྲུ་གཅིག་པ། ཤང་ཀའི་རང་གཤེད་འདི་གསུངས་སོ།། མ་ལ་ཡ་ཡི་རྩེ་མོ་འམ།། ཤ་སྦྲང་འདུ་བའི་གནས་དག་ཏུ།། མཎྜལ་ནག་པོ་ཁྲུ་གང་པ།། རིམ་པ་གསུམ་དང ་ལྡན་པ་ལ།། ཟླ་གམ་ལྡང་ནག་བྲི་བར་བྱ།། རྒྱ་ཤོག་དག་ལ་འཁོར་ལོ་བྲི།། དབུས་སུ་ལྡང་ནག་གཤའ་བསམས་བྲི།། ལིང་ག་རང་གཟུགས་རང་གནད་བྲི།། འབྲུ་གཏོར་གསེར་སྐྱེམས་ཕུད་གཏོར་ལ།། བདག་ཉིད་ཡ ་མན་ཏ་ཀར་བསྒོམ།། གནོད་སྦྱིན་སྔོ་ནག་འབར་བ་ལ།། བསྟན་པ་འཇིག་པའི་དམ་སྲི་ལ།། མཚོན་ཆའི་ཆར་པ་ཕབ་པར་བསམ།། དེ་འདར་ཕྱེ་དང་མཚོན་ཆ་ཆེ།། དུག་ཁྲག་རའི་ངར་བསྐྲད་ལ།། འདུད་དང་ལིང་ག། ་དག་ལ་བྲ་བ། ཡ་མན་ཏ་ཀ་གསལ་བསྒོམས་ནས།། ཨོཾ་ས་མ་ཡཱ། ཧེ་ས་ཙཀྲ། ཨེ་ར་ག། བཛྲ་ཡག་ཤྲི་ཏྲིག་ནན། ཀྵ་ཧུར་ཐུམས་ཛ། ཡང་ཤ་ཀྵ། ཨ་གུ་ཤ་ཛ། མཱ་ར་ཡ། སྟམ་བྷ་ཡ་ནན། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ ་གེ་མོ་ནརྀ་ཧུར་ཐུམས་ཛ། ཀྵ་ནི་མ་ར་ཡ་རྦད། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། ཡག་ཤ་ཏྲིག་ནན། ཡག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད། ཡག་ཤ་ཏྲིག་ནན། ་ཀྵ་ཆེ་གེ་མོ་ཙིཏྟ་མཱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཡ་རྦད། ཡག་ཤ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཏ་རྦད། ཡག་ཤ་ཧུར་ཐུམས་རི་ལ། རི་ནི་ཙིཏྟ་མཱ་ར་ཡ་རྦད་ནན།། ཨོཾ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ནི་ཧུར་ཐུམས ་རི་ལ། ཙི་ཏྟ་མཱ་ར་ཡ་རྦད། ཡ་ཨ་སྙིང་ཙིཏྟ་མ་ར་ཡ་ཏྲི། སྲོག་ལིང་དབུགས་ལ་རྦད། ཚམ་རྔམ་དྲག་པོའི་སྔགས་བྲབས།། མྱུར་དུ་རླག་པར་དཔའ་བོས་བཤད།། གནོད་སྦྱིན་སྡེ་དཔོན་བརྒྱ་རྩ་བརྒྱད།། ཉི་ཤུ་རྩ་ལྔ་ལ ་སོགས་པ།། ལག་ན་རྡོ་རྗེ་ལ་སོགས་པ།། འཁོར་ལོ་འདི་ཡི་དབང་དུ་འགྱུར།། རྦད་ཁ་སྟོང་དང་བྲུབ་ཤིང་སྟོང་།། རང་ལ་རང་གི་མཚོན་ཆར་འབེབས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད ་ལས། གནོད་སྦྱིན་རང་གཤེད་ཆེན་པ་ངར་བའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནང་སྨེའི་ལས་གདུག་པ་ཀླུའི་འཇིགས་ཐབས་འདི་གསུངས་སོ།། ན་ག་མེད་པ་མེ་བརྩེགས ་འཁྱིལ།། དུར་ཁྲོད་རོ་ཤ་བསྒྲུབ་པའི་གནས།། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས།། དུར་ཁྲོད་ས་འམ་ཕུངས་ལ།། འབྲུབ་ཁུང་བྱས་ལ་དུག་ཁྲག་བྱུག། ལྡོང་རོས་རོ་ཡི་སོལ་བས་བྱུག། རུས་སྦལ་ནག་པོའི་པགས་པ ་ལ།། ཤིང་ཤུན་དག་ལ་ཀླུ་ཡི་གཟུགས།། སྦྲུལ་ནག་གཟུགས་ལ་མགོ་གཟུགས་བྱ།། ལྟོ་བར་རང་གཤེད་ཀྱི་ཡི་གེ་དགོད།། ལིང་ཀ་ཁྲོ་བ་དག་ལ་བྲིས།། བདག་ཉིད་ཡ་མན་ཏ་ཀར་བསྒོམ།། ཀླུ་གཉེན་རང་གཤེད་རང ་ལ་དབབ།། ཨོཾ་ས་མཱ་ཡ་ཨཱརྱ། ཧེ་ལ་ཙཀྲ། བན་ཙ་ཨེ་ར་ག་བཛྲ། ན་ག་ཏྲིག་ནན། ཕུ་ཧུར་ཟུམས་ཛ། ས་ན་ག་པུ། ཨ་གུ་ཤ་ཛ་ཛ། མ་ར་ཡ་སྟཾ་ས་ཡ་ནན། ན་ག་ཏྲིག་ནན། ས་ན་ག་ཆེ་གེ་མོ་ནརྀ་ཧུར་ཟུམས་ཛ། པུ་སྠི་མ ་ར་ཡ་ཕཊ། ན་ག་ཏྲིག་ནན། ན་གེ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད། ན་ག་ཏྲིག་ནན། ཕུ་ཆེ་གེ་མོ་ཙིཏྟ་མཱ་ར་ཡ་རྦད། ཕུ་ཆེ་གེ་མོ་ས་ཧུར་ཐུམས། ཛ་ཏི་མཱ་ར་ཡ་རྦད། ན་ག་ཧུར་ཐུམས་རི་ལ། རི་ནརི་ཙིཏྟ་མཱ་ར ་ཡ་རྦད། ཧཱུཾ་བཛྲ་མ་དུ་ནི་ཛ་ཛ། ཙིཏྟ་མ་ར་ཡ་རྦད། ན་ག་སྙིང་ཙིཏྟ་མ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་རྦད། ཀླུ་གཉེན་གནད་ལ་བོར་བའི་ལས།། བྱད་དང་སྟོང་དང་དུག་ནད་ལས།། ཐར་བྱེད་བསྟན་པའི་བདུད་དུ ་དབབ།། གཞན་ཡང་གཏད་མཁན་དང་འགྲས།། མྱུར་དུ་ཁོ་ཉིད་འཕུང་བར་འགྱུར།། བསྲུང་བ་བྱ་བར་འདོད་ན་ཡང་།། རིགས་དང་དྲུང་གིས་ཐབས་ལས་དང་།། རྩོལ་བ་དང་། བྱེད་ཀྱི་ལས་གཞན་ཆགས་ལས་གྱུར ་དུག་ལས་ཐར། ཅེས་གསུངས་སོ།། འཇམ་དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ལས་ཀྱི་ཀླུ་ནག་འཁྲུག་པ་རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས ་ཀྱིས་རྡོ་རྗེ་ནང་སྨེ་ལས་མཚོན་ཆ་འཁྲུག་པ་ཞེས་བྱ་བ་འདི་གསུངས་སོ།། ཛ་ལ་མོ་རབ་སྲོག་གི་བདག། འཇིག་རྟེན་དྲེགས་ཅན་སྒྲུབ་པའི་མིས།། རི་གསུམ་རྩེ་ལ་སོགས་པ་རུ།། མཎྜལ་ནག་པོ་ཁྲུ་གང་ལ།། གྲི་བོའི ་ཁྲག་གིས་བྲི་བར་བྱ།། རྒྱ་གོར་དག་ལ་འཁོར་ལོ་བྲི།། དྲེགས་ཅན་མི་ཡི་ལུས་པོ་ལ།། སེམས་ཅན་གཡག་གི་མགོ་བོ་ཅན།། ཡང་ན་ཤ་བའི་མགོ་རུ་བྱ།། ཤ་བའི་རུ་ལ་ཁྲོ་སྟོད་ལ།། མཚལ་གྱིས་གཡུང་དྲུང་བྲི་བར ་བྱ།། ལིང་ག་བྲི་བ་ཤེས་བྱས་ལ།། འཁོར་ལོ་འབྲུབ་ཁུང་ཁ་རུ་དགྲམ།། དམ་ཅན་ཡ་མཱན་ཏ་ཀའི་སྐུ།། འཁོར་ལོ་དམར་ནག་གཡག་མགོ་ཅན།། ཛ་དམར་སྲོག་དང་བཅས་པའི་བསམ།། གཟས་པ་དངོས་སུ་གསལ་བ ་གཅེས།། ཤོད་ཀའི་རྡེའུ་དཀར་ནག་དང་།། དུག་དང་ཁྲག་ལ་སྔགས་བཟླས་ཏེ།། སྐུ་ལ་གཏོར་ཞིང་དྲག་སྔགས་དྲང་།། ཨོཾ་ས་མ་ཡཱ། ཧེ་ལ་ཙཀྲ། ཨེ་ར་ག། བཛྲ་ཤུ་ལ་ཏྲིག་ནན། ཛ་ཧུར་ཐུམས་ཛ། ཤུ་ལ ་ཛ་ཛ། ཨ་གུ་ཤ་ཛ་ཛ། མ་ར་ཡ་རྦད། སྟཾ་བྷ་ཡ་ནན། ཤུ་ལ་ཏྲིག་ནན། ཤུ་ལ་ཆེ་གེ་མོ་ནརྀ། ཧུར་ཐུམས་ཛ། ཛ་ནརྀ་མཱ་ར་ཡ་རྦད། ཤུ་ལ་ཏྲིག་ནན། ཤུ་ལ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། ཤུ་ལ་ཏྲིག་ནན། ཆེ ་གེ་མོ་ཙིཏྟ་མ་ར་ཡ་རྦད། ཛ་ཆེ་གེ་མོ་ཧུར་ཐུམས། ཙིཏྟ་མཱ་ར་ཡ་རྦད། ཤུ་ལུ་ཧུར་ཐུམས་རི་ལ། ཧཱུཾ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ནརྀ་ཧུར་ཐུམས་རི་ལ། ཙིཏྟ་མཱ་ར་ཡ་རྦད། ཤུ་ལ་ཙིཏྟ་སྟིང་ཙིཏྟ་མཱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ ་རྦད།། ཁྲག་ཏུ་ཤོད་རྡིའུ་ཆར་ཕབ་ལ།། ཤ་རུའི་ཁྲམ་ལ་རབ་ཏུ་གཏེམ།། ལིང་ག་འཁོར་ལོ་རབ་གཏུམ་ལ།། རི་གསུམ་རྩེ་ལ་གནན་པ་བྱ།། ཤ་ཁྱི་གསོ་དང་ཛག་པ་འགྱེད།། མེ་འབར་ཆུ་ཡང་འཁྲུགས་པ ་རྨིགས།། འབྱུང་བ་ལྔ་ཡི་བཙན་དང་ནི།། ཀླུ་བཙན་ཡམས་ཤོད་ལ་སོགས་པ།། ཐ་རབས་སུམ་བརྒྱ་དྲུག་ཅུ་དང་།། ཤོད་ཀ་སྟོང་དང་ནད་ཀ་འབུམ།། དམོད་མཁན་ཡོད་ན་ཁོ་དང་རླག། འཇིགས་བྱེད་སྲོག་རྩ་ཁྲག་གི ་ལུང་།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། གྲི་ཐབས་འབུམ་འགྱུར་རང་གཤེད་ཀྱི་ལེའུ་སྟེ་སོ་བརྒྱད་པོའོ།། །། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་རྡོ་རྗེ་ནང་དམེའི་ལས་སྲོག་རྩ་འཁོར་ལོ། ་ནག་པོ་ཞེས་བྱ་བ་འདི་གསུངས་སོ།། རི་གསུམ་རྩེ་འམ་ངོ་བརྒྱའི་བྲག། བྱ་རྒོད་ལྡིང་བའི་གནས་སུ་བྱ།། སྔགས་པ་དམ་ཚིག་ལྡན་པ་ཡིས།། ལྷ་ཡི་ཏིང་འཛིན་གསལ་བྱས་ལ།། མཎྜལ་གྲུ་གསུམ་མཐིང་ནག ་ལ།། རྩང་བསྐོར་ཐོད་པའི་འཕྲེང་བར་བསྐོར།། དར་དཀར་དག་ལ་འཁོར་ལོ་བྲི།། ལིང་ག་དག་ལ་བྲི། སྲོག་གི་ཡི་གེ་བཀོད་བྱས་ལ།། འབྲུབ་ཁུང་ཁ་རུ་དགྲམ་པར་བྱ།། ཁྱི་དཀར་ཐོད་པ་དག་ལ་ཡང་།། དཔྲལ་བར ་མཚལ་གྱིས་གཡུང་དྲུང་བྲི།། མཚོན་སྣ་ལྔ་ཡི་སྐུད་པས་གྲིལ།། ཙ་དཀར་ཙིཏྟ་དམིགས་བྱས་ལ།། ཡ་མན་ཏ་ཀ་གསལ་བ་དང་།། ཨོཾ་ས་མ། ཧེ་ལ་ཙཀྲ། ཨེ་ར་ག་བཛྲ། ར་ཛ་ཏྲིག་ནན། ཙ་ཧུར་ཐུམས་ཛ། ར་ཙ་ཙ། ཨ ་གུ་ཤ་ཛ་ཛ། མ་ར་ཡ་རྦད། སྟམ་བྷ་ཡ་ནན། ར་ཙ་ཏྲིག་ནན། ར་ཙ་ཆེ་གེ་མོ་ནརྀ་ཧུར་ཐུམས་ཛ། ཙ་ནི་མཱ་ར་ཡ་རྦད། རཱ་ཙ་ཏྲིག་ནན། ཙ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མ་ར་ཡ་རྦད། རཱ་ཙི་ཏྲིག་ནན། རཱ་ཙ་གེ་གེ་མོ་ཙིཏྟ ་མཱ་ར་ཡ་རྦད། ཙ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཡ་རྦད། རཱ་ཙ་ཧུར་ཐུམས་རིལ། རཾ་ཙི་ནི་ཏ་མ་ཡ་རྦད། ཧཱུཾ་ནརྀ་ཧུར་ཟུམས་རིལ། ཙིཏྟ་མ་ར་ཡ་རྦད། ཏྟ་ཙ་སྙིང་ཙིཏྟ་མཱ་ར་ཡ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། རྫས ་དང་འཁོར་ལོ་ཁྱི་ཡི་ཐོད་པར་བྲུབ།། ལྷ་ཁང་སྒོ་འམ་མཆོད་རྟེན་ནམ།། གཏད་ཁྲམ་འཁོར་ལོས་ཁ་བཅད་མནན། རྒྱལ་པོ་སྡེ་བཞི་མན་ཆད་ནས།། རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ཡང་།། འཁོར་ལོ་འདི་ཡི་དབང་དུ ་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ར་ཙ་སྲོག་ལེན་རྒྱལ་པོ་རང་གཤེད་ཀྱི་འཁོར་ལོས་བསྟན་པ་སྟེ་ལེའུ་སོ་དགུ་པའོ།། །། དེ་ནས་དཔལ་འབར་ཆེན་པོ་དེས། རྡོ་རྗེ་ནང ་དམེའི་ལས་སྲིན་པོ་མདའ་ཤ་འབྲི་བ། ལིང་གའི་སྙིང་སྔགས་རང་གཤེད་ཀྱི་འཁོར་ལོ་བསྐོར་ཏེ། གདུག་པའི་སྲོག་དང་བྲལ་བའི་ལས་འདི་གསུངས་སོ།། དུར་ཁྲོད་གནས་སམ་ཤིང་གཅིག་དྲུང་།། རབ་ཏུ་ས་རྩུབ ་གནས་དག་ཏུ།། མཎྜལ་དྲག་པོ་ཨེ་དང་ལྡན།། ཨེ་ལ་ཡ་ཡི་འདབ་མ་ལ།། སྲིན་པོ་གདུག་པའི་འཁོར་ལོ་བྲི།། བདག་ཉིད་ཡ་མན་ཏ་ཀར་བསྒོམས།། ལིང་ག་འཁོར་ལོ་དགྲམ་བྱས་ལ།། ཨོཾ་ས་མ་ཡ། ཧེ་ལ་ཙཀྲ། ཨེ ་ག་བཛྲ། རག་ཤ་ཏྲིག་ནན། ར་ཧུར་ཐུམས་ཛ། རག་ཤ་ར། ཨ་གུ་ཤ་ཛ་ཛ། མཱ་ར་ཡ་རྦད། སྟཾ་བྷ་ཡ་ནན། རག་ཤ་ཏྲིག་ནན། རག་ཤ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད། ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར ་རྦད། རག་ཤ་ཧུར་ཐུམས་རི་ལ། རི་ནི་ཙིཏྟ་མའ་ར་ཡ་རྦད། ཧཱུཾ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ཧུར་ཐུམས་རི་ལ། ཙིཏྟ་མཱ་ར་ཡ་རྦད། རག་ཤ་ཙིཏྟ་མི་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། ལང་ཀའི་སྲིན་སྔགས་ཐམས་ཅད ་ཀྱང་།། འཁོར་ལོ་འདི་ལ་སྲོག་འདུས་པས།། རང་དབང་མེད་པས་ལས་བྱེད་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། སྲིན་པོའི་སྲོག་བདུད་རང་གཤེད་གསང་ཁྲམ་ནག་པོའི་ལེའུ་སྟེ་བཞི་བཅུ ་པའོ།། །། དེ་ནས་ཡང་དཔལ་འཇིགས་བྱེད་ཆེན་པོ་དེས། རྡོ་རྗེ་ནང་དམེ་ལས་ལྷ་རྒོད་ཀྱི་དྲག་སྔགས་རང་གཤེད་ཕབ་སྟེ། སྲོག་ལ་འཁོར་ལོ་བསྐོར་བའི་ལས་འདི་གསུངས་སོ།། འཇིག་རྟེན་ལྷ་ཆེན་དབང་ཆེན ་དང་།། བསྟེན་པའི་ལྷ་དང་བསྒྲུབ་པའི་ལྷ།། འགོ་བའི་སླ་ལ་སོགས་པ་སྟེ།། རང་གཤེད་ཕབ་ལ་བདུད་དུ་དབབ།། ལྷ་ཅིག་སྐྱེས་པའི་ལྷ་ལྔའོ།། རང་ལས་འབྱུང་བས་རང་ལ་དབབ།། ལྷ་ཡི་གཏར་སྲོག་འདུ་བ ་ཡིས།། རང་འཐད་གནས་སུ་མཎྜལ་བྱ།། གྲུ་གསུམ་མཐིང་ནག་ཁྲག་ཏུ་བྱུག། སྨེ་རྫས་རྣམས་ཀྱིས་མེ་ཡང་གཏང་།། འཁོར་ལོ་རྒྱ་ཤོག་དག་ལ་བྱ།། ཡི་གེ་གནད་ལ་དགོད་པར་བྱ།། འགོ་བའི་ལྷ་ལྔ་དག་ཀྱང ་བྲི།། ལིང་ག་བྲིས་ལ་འཁོར་ལོ་བྲུབ།། ཡ་མན་ཏ་ཀ་གསལ་བ་དང་།། ཨོཾ་ས་མ་ཡ། ཧེ་ལ་ཙ་ཀྲ། ཨེ་ར་ག་བཛྲ། དེ་བ་པ་ཙ་ཏྲིག་ནན། ཨ་ཧུར་ཐུམས་ཛཱ། དེ་བ་ཨ་པ་ཨ་གུ་ཤ་ཛ་ཛ། དེ་བ་ཙན་ཙ་ཏྲིག་ནན། དེ་བ་བན ་ཙ་ཆེ་གེ་མོ་ནརྀ་ཧུར་ཐུམས་ཛ། ཨ་ནི་མ་ར་ཡ་རྦད། དེ་བ་པེ་ན། ཙ་ཏྲིག་ནན། ཨ་དེ་བ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད། དེ་བ་པན་ཙ་ཏྲིག་ནན། ཨ་ཆེ་གེ་མོ་ཙིཏྟ་ཡ་མ་རྦད། ཨ་ཆེ་གེ་མོ་ཧུར་ཐུམས ་ཛ། ཙིཏྟ་མ་མ་ར་ཡ་ཕཊ། དེ་བ་པན་ཙ་ཧུར་ཐུམས་རི་ལ། རཾ་ཙིཏྟ་མ་ར་ཡ་རྦད། ཧཱུཾ་བཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ནི་ཧུར་ཐུམས་ཐུམས་རི་ལ། ཙིཏྟ་མཱ་ར་ཡ་རྦད། དེ་བ་པན་ཙ་སྙིང་ཙིཏྟ་མ་ཏྲིག་སྲོག་ལོང་དབུགས་ལ་ཡ་རྦད། ་@འཁོར་ལོ་ཁོ་བོའི་ཁང་འགྲམ་མམ།། ཡང་ན་ལྷ་རྟེན་གནས་དག་གམ།། རིགས་གསུམ་གནས་སུ་གནས་གྱུར་ན།། བསྟེན་པ་རང་གི་བདུད་དུ་འབབ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རླུང ་ལས། བསྟེན་པ་རང་ལ་གཤེད་དུ་དབབ་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ནང་དམེའི་ལས་གདོན་ཐམས་ཅད་རང་གཤེད་དུ་དབབ་པ།། སྲོག་བདག་འཁོར་ལོ་ནག་པོ་འདི ་གསུངས་སོ།། ལང་ག་གྲུབ་པའི་གནས་དག་ཏུ།། བྲག་དམར་ལོགས་ལ་བསྒྲུབ་པར་བྱ།། སྲིད་པའི་སྲོག་བདག་གནད་ལ་བོར།། བན་དྷེ་བོན་པོ་དམངས་དང་རྗེ།། མགོ་ནག་ཡོངས་ཀྱི་རྗེ་དཔོན་དེ།། རང་གཤེད ་བསྐུར་ལ་སྲོག་ལ་རྦད།། དུར་ཁྲོད་མཆོད་པའི་ས་དག་ལ།། འབྲུབ་ཁུང་བརྩིགས་ལ་གཙང་མར་དགོད།། ལག་པ་ལིའི་ལོ་མ་ལི།། ཀ་རི་ཀ་ལ་འཁོར་ལོ་བྲི།། ལིང་ག་བྲིས་ལ་འཁོར་ལོ་དགྲམ།། ཡ་མཱན་ཏ་ཀར ་གསལ་བར་བསྒོམ།། ཨོཾ་ས་མཱ་ཡ། ཧེ་ལ་ཙཀྲ། ཨེ་ར་ག་བ་ར། བཛྲ་ས་དུ་ཏྲིག་ནན། ཀྲ་ཧུར་ཐུམས་ཛ། བཛྲ་ས་དུ་ཛ། ཨ་གུ་ཤ་ཛ་ཛ། མཱ་ཡ་རྦད། སྟམ་པ་ཡ་ནན། བཛྲ་ས་དུ་ཏྲིག་ནན། བཛྲ་ས་དུ་ཆེ་གེ་མོ་ནརྀ ་ཧུར་ཐུམས་ཛ། ཏྲ་ནི་མ་ར་ཡ་རྦད། བཛྲ་ས་དུ་ཏྲིག་ནན། བཛྲ་ས་དུ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད། བཛྲ་ས་དུ་ཧུར་ཟུམས་རི་ལ། བཾ་ཙིཏྟ་མཱ་ར་ཡ་རྦད། བཛྲ་མ་དུ་ནི་ཛ་ཛ། ཧཱུཾ་ནི་ཧུར་ཐུམས་རི་ལ། ཙིཏྟ ་མཱ་ར་ཡ་རྦད། བཛྲ་ས་དུ་སྙིང་ཙིཏྟ་མ་ཏྲི་སྲོག་ལོང་དབུགས་ལ་ཡ་རྦད། ལྷ་རྟེན་གནས་སམ་རི་ཟུར་གནན།། སྟེན་པ་བདུད་དུ་བབས་པར་གྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས་དགྲ་བླ་གཤེད ་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་དམུ་བདུད་སྲོག་མངའ་བྱེད་ཀྱིས་སོས་ཆུས་ལ། གདུག་པ་ཁྲམ་ལ་འདེབས་པ་འདི་གསུངས་སོ།། བྲག་པོ་ཆེ་ཡི་རྩང་ཕྱིན ་ལ།། མཎྜལ་གྲུ་གསུམ་རྩང་གིས་བསྐོར།། འཁོར་ལོ་བྲིས་ལ་གནད་ཡིག་དགོད།། ལིང་ག་ལྟོ་བར་བཅུག་ནས་ཀྱང་། ཡ་མན་ཏ་ཀ་གསལ་བར་བཅུག་གམ།། ཨོཾ་ས་མ་ཡ། ཧེ་ལ་ཙཀྲ། མུན་མུན་ཏྲིག་ཏ་ནན། @ ་ཧུར་ཐུམས་ཛ། མུན་མུན་པ། ཨ་གུ་ཤ་ཛ་ཛ། མཱ་ར་ཡ་རྦད། སྟཾ་པ་ཡ་ནན། མུན་མུན་ཏྲིག་ནན། མུན་མུན་མུན་ཆེ་གེ་མོ་ནརྀ་ཧུར་ཐུམས་ཛ། ས་ནི་མ་ར་ཡ་རྦད། མུན་མུན་ཏྲིག་ནན། མུན་མུན་ཆེ་གེ་མོ་ནརྀ་ཧུར་ཐུམས་ཛ་ཆེ ་གེ་མོ་མཱ་ར་ཡ་རྦད། མུན་ཏྲིག་ནན། བ་ཆེ་གེ་མོ་མཱ་ར་ཡ་རྦད། ཙིཏྟ་མཱ་ར་ཡ་རྦད། མུན་མུན་ཧུར་ཟུམས་རི་ལ། རཾ་ནི་ཙིཏྟ་མ་ར་ཡ་རྦད། ཨོཾ་བཛྲ་མ་དུ་ནི་ཛ་ཛ། ཧཱཾ་ནི་ཧུར་ཐུམས་རི་ལ། ཙིཏྟ་མཱ་ར་ཡ་རྦད། མུན་མུན་སྙིང ་ཙིཏྟ་མ་ར་ཡ་རྦད། ཏྲིག་སྲོག་ལོང་དབུགས་ལ་ཡ་རྦད། བྲག་ནག་འོག་ཏུ་མནན་བྱས་ལ།། རང་སྲོག་རང་གིས་གཅོད་པར་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། གདུག་པ་ཁྲམ་འདེབས་ཀྱི ་ལེའུ་སྟེ་ཞེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་ཁྲམ་ནག་དམིག་འོག་ཕྱིན་ཅི་ལོག་འདི་གསུངས་སོ།། དུག་ཤིང་སྐྱེ་བའི་ས་དག་ཏུ།། རོ་བསྲེགས་ས་དང་གཡུལ ་བཀྱེའི་ས།། འབྲུབ་ཁུང་བརྩེགས་མ་དག་ཏུ་བྱ།། སྦལ་པ་ནག་པོའི་པགས་པ་འམ། ར་རོག་གི་རོག་པགས་པ་ལ།། སྨེ་ཁྲག་དག་གིས་འཁོར་ལོ་བྲི།། ལིང་ག་འཁོར་ལོའི་ལྟོར་བྲུབས་ལ།། ས་སྣ་རྡོ་ཕྱེ་སྣ་ཚོགས ་དང་།། དུག་དང་ཁྲག་གི་ཆར་པ་དབབ།། རག་ཏ་བཟང་ཞིང་སྐྱུག་པ་བོད།། ཡ་མན་ཏ་ཀ་གསལ་བསྒོམས་ལ།། ས་མ་ཡ། ཧེ་ལ་ཙཀྲ། ཧེ་ལ་ཙཀྲ། ཨེ་ར་ག་བཛྲ། ཏིར་ཏི་ཀ་ཏྲིག་ནན། དུར་ཧུར་ཐུམས་ཛ། ཏིར་ཏི་ཀ ་དུ། ཨ་གུ་ཤ་ཛ། མཱ་ར་ཡ་རྦད། སྟཾ་པ་ཡ་ནན། ཏིར་ཏི་ཀ་ཏྲིག་ནན། ཏིར་ཏི་ཀ་ཆེ་གེ་མོ་ཧུར་ཐུམས་ཛ། དུ་ནི་མཱ་ར་ཡ་རྦད། ཏིར་ཏི་ཀ་ཏྲིག་ནན། ཏིར་ཏི་ཀ་ཆེ་གེ་མོ་ཧུར་ཐུམས་ཛ། ཆེ་གེ་མོ་མཱ་ར་ཡ་རྦད།། ཏི་ར་ཏི་ཀ ་ཏྲིག་ནན། དུ་ཆེ་གེ་མོ་མཱ་ར་ཡ་རྦད། དུ་བ་ཆེ་གེ་མོ་མཱ་ར་ཡ་རྦད། དུ་ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཡ་རྦད། ཏིར་ཏི་ཀ་ཐུམས་རི་ལ། རཾ་ནི་ཙིཏྟ་མཱ་ར་ཡ་རྦད། ཧཱུཾ་བཛྲ་དུ་ནི་ཛ་ཛ། ཧཱུཾ་ཧུར་ཐུམས་རི་ལ། ཙིཏྟ་མཱ་ར་ཡ ་རྦད། ཏིར་ཏི་སྙིང་ཙིཏྟ་མཱ་ར་ཡ་སྲོག་ལོང་དབུགས་ལ་ཡ་རྦད། རི་ནག་རྩེ་ལ་མནན་བྱས་ལ།། རང་སྲོག་རང་གིས་གཅོད་པར་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། མུ་སྟེགས་ངན ་སྔགས་ཐམས་ཅད་འཁོར་ལོའི་དབང་དུ་བསྐོར་ལ།། གདུག་བྱེད་ཁྲམ་ལ་འདེབས་པའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་དམེའི་ལས་བགེགས་དང་ལོག་འདྲེན་སྣ་འདྲེན་དང་། ་སྡོང་པར་བཅས་པ་རང་གཤེད་འཁོར་ལོ་འདི་གསུངས་སོ།། ཕུག་བདག་དང་ནི་འགོང་པོ་དང་།། གནོད་སྦྱིན་མོ་དང་སྲིན་མོའི་ཚོགས།། རང་གཤེད་རང་ལ་བསླང་ལ་གསད།། གནོད་སྦྱིན་སྲིན་མོ་བུད་མེད ་ཚོགས།། རང་གནད་ཡི་གེ་འཁོར་ལོ་བྱ།། འགོང་པོ་དག་ལ་བུ་ཆུང་འདྲ།། དམ་སྲི་ཕག་གམ་རྔ་མོ་བྱ།། ཀླུ་བདུད་མོ་ནི་བུད་མེད་འདྲ།། འཁོར་ལོ་བསྐོར་ཞིང་ཉུངས་ཀར་བྲབ།། ཕུར་པས་བཏབ་ལ་ཧོམ་ལ ་བསྲེག། ཡང་ན་གཟིར་ཅིང་མནན་པ་བྱ།། ཨོཾ་ས་མ་ཡ། ཧེ་ལ་ཙཀྲ་བཛྲ། རག་མོ་ཏྲིག་ནན། ར་ཧུར་ཐུམས་ཛ། རག་མོ་མ་ར་ཡ་རྦད། རག་མོ་ཏྲིག་ནན། ཤ་ཧུར་ཐུམས་ཛ། ཧཾ་ཤཾ་ཏྲིག་ནན། ཤ་ཧུར་ཐུམས་ཛ། དུ་མ ་ཏྲིག་ནན། མེ་ཧུར་ཐུམས་ཛ། རུ་ཏྲི་ཏྲིག་ནན། སྲི་ཧུར་ཐུམས་ཛ། མཱ་ར་ཡ་རྦད་རྦད། སྲོག་སྟཾ་བྷ་ཡ་ནན། མི་སྲོག་ཨག་ནི་ཤ་ཏྲུང་ཛ་ལ་རཾ། འཇིག་རྟེན་དྲེགས་པ་ཐམས་ཅད་ནི།། སྙིང་འགས་སྲོག་དང་འབྲལ་བར ་འགྱུར།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། འཇིག་རྟེན་དྲེགས་པའི་སྲོག་འཕྲོག་ཅིང་རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་འཇིག་རྟེན་མགོན་པོ ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། འཇིག་རྟེན་དྲེགས་པ་འདི་དག་ལ།། རྡོ་རྗེ་ནང་འགྲས་ལས་དག་ཏུ།། རང་གཤེད་འཁོར་ལོ་གཤད་པ་ན།། འཁོར་ལོ་བསྐོར་དུས་གང་ལ་བྱ།། སྟོང་སྲོག ་འདུ་ན་གང་དུ་འདུ།། མཆོད་ཅིང་བསྟེན་པ་ཇི་ལྟར་ལགས།། རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་།། ཞེས་ཞུས་པས།། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཉིན་ཅིག་འཇིག་རྟེན ་མགོན་པོ་ཁྲོད།། དྲེགས་པ་རང་ཤུག་པ་ཡི་འཁྲུག་པ་ཡིས།། མཚན་རྟགས་ངན་ན་འཁོར་ལོ་གཟིར།། སྔགས་པ་ནང་འགྲས་བྱུང་བའི་ཚེ།། སྐྲོད་གཏོང་སྟོབས་ནི་འགྲན་པའི་ཚེ།། གཟིག་ཡག་རྟགས་ཀྱི་མེ ་ལོང་ལྟ།། གང་བྱུང་དེ་ལ་འཁོར་ལོ་བསྐོར།། རྟགས་རྣམས་འཁྲུགས་པར་བྱུང་བ་ན།། སྙིང་སྲོག་གཅིག་ཏུ་བསྡུས་ལ་གཏང་།། སྟོང་སྲོག་གཅིག་གིས་གཅད་པར་བྱ།། ཡང་ན་འདི་ལྟར་ཤེས་པར་བྱ།། ཕོ་སྲོག་གཅིག་ཏུ ་ཤེས་པར་བྱ།། མོ་སྲོག་གཅིག་ཏུ་ཤེས་པར་བྱ།། གདུག་པ་གསུམ་པོ་གཅིག་ཏུ་ཤེས།། མུ་སྟེགས་ངན་སྔགས་གཅིག་ཏུ་ཤེས།། བགེགས་ཀྱི་རུ་ལོག་ཆེ་བ་ན།། སྲོག་གི་བུ་གཏེའུ་གཟུང་བར་བྱ།། ཕྱིས་ཀྱི་ལོག་མནོན ་བྱུང་བ་ན།། དམ་ཚིག་མནའ་ཡིས་བསྒག་པར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། སྲ་བའི་ཆོ་ག་བགོ་བར་བྱ།། བརྡེག་པའི་མཚོན་ཆ་བརྡུང་བར་བྱ།། འབེན་གྱི་བཅའ་ལུགས་བཅའ་བར ་བྱ།། གསལ་བའི་མེ་ལོང་རབ་བལྟ་ཞིང་།། སྟོང་སྡེ་དམངས་སུ་གཅད་པར་བྱ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་སྲོག་ཐམས་ཅད་གཅིག་ཏུ་གསད། གདུག་པ་ཅན་གནད་ལ་ཕབ་པ།། སྲོག་ལ ་མ་ར་ཡས་གདབ་བ་འདི་གསུངས་སོ།། ཨོཾ་ས་མ་ཡ། ཨཱརྱ་མཉྫ་ཤྲི་མུ་ཏྲ་ཡ་མན་ཏ་ཀ་པ་ན་ཙ་ཏེ་རོ་ནི་ཙ་ཧཱུཾ་ཛ། ཧེ་ལ་ཙཀྲ་པན་ཙ་རཱུ་པ་ནི་ལན་ཙ་ས་མ་ཡ། མ་ར་ཡ་གུ་གུ་ཐུལ། མཱ་ར་ཡ་ཨེ་ར་ཡ་ག་དེ་བ་ཤ་མོ་ཧ་ན་མ ་ཨི་རུ་ཤ་བྷྱོ། བཛྲ་སརྦ་དུ་སཊ་ན། ཡཀྵེ་ན་ཡབ་རག་མོ། ར་གཤའ། གཤེ་མ། བཛྲ་ཀྲོ་དྷ། དུན་ཏི་ཀི་ལ་ཡ། མ་མ་རག་མོ། ཉིད་དུ་རྔུབས། ཧ་ཤ་རག་ཏྲ། དུ་ཕྲག་དུན་ཏིང་། འབིང་ལ་ནི། ཨ་དུན་ཏྲི། ཏྲི་ཤ་ན། ར་ཛ ་ཧ་ཏི། ར་ཛ་མུ་ཏྲག། ཤ་ཏྲུང་སྟི་སྟ། ར་ནི་རོ་ཏྲིག་ནན། ཨ་ཏྲི་ས་དུ། ཙ་ཏྲི་ས་དུ། ཙ་ཏྲི། རཱ་ཛ། རཱ་ཛ་ན་ག། དེ་བ་རུ་ཏྲི་ཁ་རག་ཀྵེ་མ་ཏྲི། དུན་ཏིང་དུན་ཏིང་ཏྲི་སྲོག་མ་ར་ཡ། འགའ་ན་ས་ཏི། འཕི་ན་ཀ་རོ། ཀ་ལ་དུ ་ཕྲག། བྱི་རུ་ར། ན་ག་མོ་ཏྲི། ན་ག་བྱི་དུ། སརྦ་ཤ་ཏྲུང་ནན། ཨེ་ནི་ཧུར་ཐུམས་ཛ། ཨེ་ནི་ཆེ་གེ་མོ་མཱ་ར་ཡ། སརྦ་ཤ་ཏྲུང་ཏྲིག་ནན། ཨེ་ནི་ཆེ་གེ་མོའི་དབང་དུ་ཙིཏྟ་མཱ་ཡ་རྦད། ཨེ་ནི་ཆེ་གེ་མོ་ཧུར་ཐུམས་ཛ། ཙིཏྟ་མཱ་ར་ཡ ་རྦད། སརྦ་ཤ་ཏྲུང་སྙིང་ཙིཏྟ་མཱ་ར་ཡ་སྲོག་ལོང་དབུགས་ལ་ཡ་རྦད། དེ་ཡིས་སྟོང་སྙིང་འདུས་པ་ཡིན།། རང་སྲོག་རང་གིས་གཅོད་པར་འགྱུར།། ལས་རྣམས་འགོར་ན་རུ་ལོག་བྱ།། གསད་པའི་ནང་ནས་མཆོག་ཏུ ་བཤད།། གང་དག་བསྲུང་བར་འདོད་ན་ཡང་།། ཀླ་དུ་མགོ་འདྲེན་ཤེས་པ་ལ།། ཚིག་གསུམ་བཟླས་པས་བསྲུང་བར་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། སྟོང་སྲོག་བསྡུ ་གསད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས།། མཆོད་རྟེན་གྱི་གཏང་རག་གཏང་བའི་ལས་འདི་གསུངས་སོ།། དམ་བཅས་རྣམ་པ་གཉིས་ཡིན་ཏེ།། མཆོད་པ་འཐུན ་པའི་རྫས་རྣམས་ཡིན།། རིན་ཆེན་རྣམ་ལྔ་དྲི་མ་ལྔ།། སྨན་དང་འབྲུ་ཡི་གཏོར་མ་གཏང་།། འབྲུ་སྐྱེམས་ལ་སོགས་གཏང་པར་བྱ།། མི་ཤ་རྟ་ཤ་ཁྲག་ཆེན་དང་།། བ་དམར་གླང་དམར་ཤ་ཁྲག་སྙིང་།། འབྲི་རོག་གཡག ་རོག་ཤ་ཁྲག་གཟུགས།། སེང་གེ་དཀར་མོ་ཤ་ཁྲག་སྙིང་།། ཉ་སྦྲུལ་སྦལ་པའི་ཤ་ཁྲག་དང་།། ཙ་ར་ཁཾ་བརྒྱའི་ཤ་དང་ཁྲག། ལུག་ནག་ཤ་ཁྲག་ཏིལ་ནག་དང་།། མཁའ་ལྡིང་ཤེལ་ནག་སྨུག་མོ་ཡི།། ཤ་ཁྲག་སྙིང་དང ་བཅས་པ་དང་།། ཆུ་གཙང་ཁྲག་གཙང་བསྲེས་པ་དང་། ར་དམར་ཤ་ཁྲག་སྙིང་ལ་སོགས།། ཕག་པ་རོག་པོའི་སྙིང་ཁྲག་དང་།། རྟ་ཡི་ཤ་ཁྲག་ལ་སོགས་དང་།། གཟུགས་ལ་སོགས་པ་སོ་སོར་མཆོད།། འཇིག་རྟེན ་དྲེགས་པ་དེ་རྣམས་ལ།། དགྲ་རྟགས་བྱུང་བའི་དུས་སུ་མཛོད།། འཇིག་རྟེན་ལྷ་འདྲེའི་སྲོག་ཤེས་ན།། སྤྲིན་དཔུང་བཞིན་དུ་འདུ་བར་འགྱུར།། གང་འདོད་དངོས་གྲུབ་འབྱུང་བར་འགྱུར།། རྗེ་བོར་མཐོང་ནས་ངེས་པར ་འཁུར།། མ་ནོར་ངེས་པའི་ལམ་ཡང་སྟོན།། ཅེས་གསུངས་སོ།། མི་མཐུན་གནད་ཀྱིས་རྫས་བསྟན་པ།། མི་རྟ་བྱ་གསུམ་ཙིལ་བུ་དང་།། ཉ་སྦྲུལ་སྦལ་པ་གསུམ་གྱི་ཤ། ཁྱི་ཕག་སྦྱང་ཀིའི་རྟུག་པ་དང་།། མཛོ་རྟོལ ་འདྲེའུའི་སྤུག་ཞོབ་དང་།། རྟ་རྨིག་གླང་རུ་བཞོགས་པ་དང་།། ར་དུག་སྦྱང་དུར་བུང་དུག་དང་།། ཐར་ནུ་ལ་སོགས་དུག་སྣ་དང་། དུད་པས་འདུགས་ན་གྲོང་ཆེན་ཡང་།། སྙིང་འགས་སྲོག་དང་བྲལ་བར་འགྱུར།། མི ་མཐུན་ལོག་འདྲེན་འབྱུང་བ་ན།། དམིགས་ལ་དུད་འདུག་འཁོར་ལོ་བསྐོར།། ད་ལྟ་ཉིད་དུ་རླག་པར་འགྱུར།། ཡུལ་བདག་ཡོད་པའི་གནས་དག་ཏུ།། རྫས་སུ་འདུག་སྟེ་ཡུལ་བདག་གཟིར།། ད་ལྟ་ཉིད་དུ་གྲོག་པོར ་འབྱུང་།། རྒྱ་ཚིལ་ཐང་ཁྲོམ་ནག་མོ་དང་།། ཞ་ཉེ་གནད་རྫས་བསྲེགས་གྱུར་ན།། ཡུལ་ཁམས་ཕུང་བའི་ད་ལ་ཡམས་ཕབ།། དྲག་པོ་གནད་ཀྱི་ལས་ཐབས་ཡིན།། དམ་ཚིག་བདག་པོར་རབ་ཏུ་གསུངས།། དཔལ་གཤིན ་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། དྲག་པོ་རྫས་ཀྱི་ལེའུ་སྟེ་ཞེ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྟགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ།། བསྙེན་བསྒྲུབ་ལས་ལ་སྦྱར་བ་ཡི།། འབོད་སྟོང་སྨེ ་སྟོབས་འགྲན་དུས་སུ།། རྟགས་རྣམས་འཁྲུག་པར་སྟོན་པ་དང་།། རང་རང་རྟགས་སུ་འབྱུང་འགྱུར་ཏེ།། རྒོད་གཏོང་བཟློག་པས་ཁོ་རང་བརླག། མེ་འབར་བ་དང་འོད་ཤར་བ་དང་།། ཉི་ཟླ་ཤར་དང་ནམ་ལངས ་དང་།། བན་དྷེ་མོན་དང་རྒྱ་གར་དང་།། རང་བྱུང་དང་ནི་མོན་མོ་དང་།། རྡོ་རྗེ་སློབ་དཔོན་བྱུང་བ་ན།། ཡེ་ཤེས་ལྷ་ཚོགས་ཉེ་བ་ཡིན།། མཁའ་ལ་འཕུར་ནས་རྩ་ཕུར་འདེབས།། མཚོན་ཆ་བརྡུང་དང ་འདེབས་པ་དང་།། ལུས་ཤུགས་ཆེ་ལ་སེམས་ཡང་ཡོལ།། དེས་ནི་རབ་ཏུ་གྲུབ་པ་ཡིན།། མདའ་དང་མདེའུ་ཆར་པ་འབྱུང་།། དེ་དང་ཁོ་ཡི་རྦོད་གཏོང་ཡིན།། རྟགས་ནི་གང་དང་གང་བྱུང་ཡང་།། ཕར་ལ་གསོད་དང ་འཛིན་པ་བཟང་།། ཚུར་ལ་གནོད་པར་བྱེད་པས་ན།། དེ་ཚེ་དྲུག་སྔགས་རབ་ཏུ་བཟླས།། མཛེ་པོ་ཞིབ་ཆེན་མོན་དང་བཙུན།། གཤིན་རྗེའི་རྟགས་སུ་ཤེས་པར་བྱ།། དེ་རྗེ་ཉམས་དགའ་སེམས་གསལ་ན།། དྲག་པོ ་སྔགས་ཀྱང་བཟླས་མི་དགོས།། ཉམས་འཇིགས་ངུ་བྲོ་སྙིང་མི་དགའ།། ལུས་ནི་གཏི་མུག་ཆེན་པོར་འགྱུར།། དེ་ཚེ་ལྷ་ཡི་སྐུ་གསལ་བས།། དྲག་སྔགས་ཕྱོགས་སུ་འཕངས་པས་གྲུབ།། མུན་སྲོས་པ་དང་རྒྱ་མཚོ ་འཁྱིལ།། གཡག་དང་ར་ཡིས་ཁེངས་པ་དང་།། བུད་མེད་གཅེར་བུ་མཐོང་བ་དང་།། བཙུན་པ་བཙད་པོ་ཨ་ཙ་ར།། རྟ་པ་མང་པོ་བྱུང་བ་དང་།། བྲག་དམར་འཇིགས་དང་བྲག་ནག་དང་།། སྦྲུལ་དང་སྦལ་པ་ཉ་དང ་ལྕོང་།། བ་གླང་མང་པོ་བྱུང་བ་དང་།། རྐང་མངས་མང་པོ་བྱུང་བ་དང་།། ལྷ་ཁང་ཆོས་བསྐོར་སྟོན་པ་དང་།། མི་རེད་སྐྱ་བོ་བྱུང་བ་དང་།། བོན་པོ་རལ་པ་ཅན་ཡང་འབྱུང་།། བན་དྷེ་མང་པོ་བྱུང་བ་དང་།། ར་ལུག་བྱུང ་དང་བྱིས་པ་དང་།། ཁྱི་ཕག་མུ་སྦྲང་བྱུང་བ་དང་།། རྗེ་དཔོན་དང་ནི་རིགས་འཛིན་དང་།། འབྲིང་ནག་མང་པོ་བྱུང་བ་དང་། ཁྲ་སྤྱང་མང་པོ་བྱུང་བ་དང་།། མོན་པ་སྦྲུལ་ཞགས་ཁྱེར་བ་འབྱུང་།། གང་བྱུང་རྟགས་གཟུང ་དྲག་སྔགས་གནད།། ཉུངས་ཀར་ལ་སོག་བཟླས་ལ་གཏོར། དེ་ཡི་རང་གཤེད་ཕེབས་པར་བྱེད།། དྲེགས་པ་དེ་དག་འཁོར་བཅས་ཀྱིས།། དེད་དཔོན་བསྡོངས་ལ་གྲོགས་དང་ནི།། ཕོ་ཉ་ལས་ལ་འཕང་མ་དང་།། བར ་ཆད་བྱེད་པའི་ལོག་འདྲེན་ཡིན།། སྲོག་གི་ཡི་གེ་གནད་དག་ནི།། ཤེས་པས་གདུག་པ་ཡང་དག་ནི།། ཤིན་ཏུ་འཁྲུགས་ན་འཁོར་ལོ་བསྐོར།། རྟགས་རྣམས་འཁྲུག་ན་བྱི་སྲོག་གཅད།། རང་གཤེད་གང་མོས་གང་འགྲོ། ་ལྟ།། བསྲུང་དང་བཟློག་དང་གསད་དང་མནན།། མེ་ལ་སྲེག་དང་དམ་བདར་ལ།། དྲེགས་པ་བཞི་དང་དངོས་གྲུབ་འདུ།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། རྡོ་རྗེ་ནང་འགྲས ་རྟགས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོས་སྲོག་གི་སྙིང་གཟེར་ཆེན་པོ་འདི་གསུངས་སོ།། འཇིགས་བྱེད་རྔམ་ཆེན་གཏུམ་ཆེན་འབར་བའི་སྐུ།། འོད་དཔུང་སྟུག་པོ ་བསྐལ་བའི་མེ་ལྟར་འབར།། ཕྱག་དྲུག་མཚོན་ཆས་དགྲ་བགེགས་ལོག་ལ་སྒྲོལ།། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་གསལ་དང་།། ཐུགས་ཀྱི་ཡེ་ཤེས་སེམས་དཔའ་བསམ།། དེ་ལས་ཐུགས་ཀ་ཆོས་ཀྱི་འཁོར་ལོ། ་ལས།། དབུས་སུ་ཡི་གེ་ཧཱུཾ་ནག་བསམ།། པདྨ་བརྒྱད་ལ་འབྲུ་བརྒྱད་འཕྲ་མོ་ལས།། ཡི་གེ་འཁོར་ཚོགས་མགལ་མེ་བཞིན་དུ་འཁོར།། རོ་ལངས་ཁྲོ་མོ་མེ་འདག་འཕུངས་འདྲ་ཡིས།། ཐུགས་ཁང་ཀྵ་ལས ་འབྲུ་བརྒྱད་འཁོར་བའི་ཚུལ།། སྒེག་མ་རལ་གཅིག་མེ་དཔུང་འབར་འདྲའི་སྐུ།། ཐུགས་ཀར་ས་ལས་འབྲུ་བརྒྱད་འཁོར་ལོ་ལ།། སྙིང་པོ་བསྐོར་བས་རབ་ཏུ་བསྐོར་བར་བསམ།། མ་རུ་རྩེ་ནི་དམར་ནག་གཏུམ་པོའི ་སྐུ།། ཐུགས་ཁར་ཡ་ལས་འབྲུ་བརྒྱད་ཕྱག་རྒྱ་འབར།། སྙིང་པོས་འཁོར་ལོའི་ཚུལ་དུ་བསྒོམས་བྱས་ཏེ།། ཛ་བཞིས་བསེ་མོའི་ཐུགས་ཀར་འབྲུ་བཞི་བསམ།། ཡེ་ཤེས་མེ་དཔུང་འོད་འབར་འཁོར་ལོའི་ཚུལ།། ཡེ་ཤེས ་ལྷ་མཆོད་སེམས་ཅན་སྒྲིབ་སྦྱངས་ཏེ།། འཇིག་རྟེན་དྲེགས་པའི་གདུག་པ་རབ་བཏུལ་ནས།། བྱང་སེམས་དབང་གིས་འོད་འབར་ཨ་ཡུ་དེ།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཨ་ཡུར་འགྱུར།། ཏིང་འཛིན་སེམས་ལ ་སྟིམ་པས་འོད་དུ་ཞུ།། དམ་ཚིག་སེམས་དཔས་སྐུ་གསུང་མི་སྟི་སྟྭཾ།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། ཐུགས་ཁའི་སྔགས་ཀྱི་ས་སྦྲུལ་ལས།། ལྕགས་ཀྱུའི་དབྱིབས་སུ་འཕྲོས་པ་ཡིས།། ཡེ་ཤེས་ལྷ ་དང་འཇིག་རྟེན་པ།། སྲོག་དང་སྲོག་ནས་རབ་བསྐུལ་ཏེ།། ཐམས་ཅད་དབང་དུ་བསྡུ་བར་བྱ།། དམིགས་པ་གང་ཡིན་སྔོན་བཀུག་སྟེ།། རྔམ་པའི་ཞལ་གྱི་རྔུབ་པར་བྱ།། ལས་ཀྱི་རླུང་གིས་རབ་དེད་ནས།། དམར་ནག ་ཚོགས་ཀྱིས་ལུས་ལ་རུབ།། སྔོན་དམར་ནད་ཀྱིས་རྩ་རྣམས་ཁེངས།། འོ་ན་དོང་མིག་རྩ་རིག་རིག་བསམ།། དབྱེ་དགུ་པ་ལས་ཀྱི་དྲག་སྔགས་གདགས།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། བདག་དང ་དཀྱིལ་འཁོར་ལྷ་ཚོགས་ཀྱིས།། དམིགས་པ་ཉལ་ཐག་ཆད་པར་བྱ།། ཕོ་ཉ་ཤན་པས་བདུད་དང་གིང་།། ཕྱེ་ས་དམག་ཏུ་འཁྲུགས་པ་ཡིས།། གཟས་པ་རྔུབ་བརླག་པར་འགྱུར།། དུར་ཁྲོད་བརྒྱད་དང་མཁའ་འགྲོ ་མས།། གཤོག་དང་འཐུབ་དང་ལོངས་སྤྱོད་དང་།། རྔམ་པས་སྲིན་གྱི་ཚུལ་བཟུང་བསམ།། འཇིག་རྟེན་སྣང་གྲགས་ཐམས་ཅད་ཀྱང་།། ཤ་ཟའི་ཚོགས་ཏེ་འཕྲ་རབ་རྔུབ།། ཅེས་གསུངས་སོ།། སྲོག་གི་ཡང་སྙིང་ཏིང ་འཛིན་བཅུད།། ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་།། དོན་དམ་ཆོས་སྐུའི་ངང་དུ་གཅིག། ཅེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། སྲོག་གི་སྙིང་ཟེར་གདབ་པའི་ལེའུ་སྟེ་ཞེ་དགུ ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་རྔམ་པ་ཆེན་པོས་རྡོ་རྗེ་ནང་དམེའི་ལས་ཁྲམ་ཁ་རང་གཤེད་ཀྱི་སྒོམ་པ་འདི་གསུངས་སོ།། སྟོང་ཉིད་དང་ལས་སྐུ་སྤྲུལ་པ།། ཁྲོ་རྒྱལ་རྔམ་པའི་གཤིན་རྗེ ་གཤེད།། ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས།། ཁམས་གསུམ་སྲིད་པ་ཐམས་ཅད་ཀྱང་།། བྱད་ཀྱིས་འཐོར་ཐངས་འོག་ཏུ་བརྫིས།། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉིད།། ཁམ་ནག་རལ་པ་ཟུར་གསུམ ་བརྫེས།། ཡང་ན་མཚོན་ཆའི་འཁོར་ལོ་བསྡམས།། དེ་ཡི་ཟུར་གསུམ་རྩེ་མོ་ནས།། ཧཱུཾ་ནག་སོལ་དུམ་བཅག་པ་འདྲ།། ཐུགས་ཁ་ལྕགས་ཀྱི་རུས་སྦལ་ལ།། མཚོན་ཆའི་སྒྲ་ལ་ཉི་མའི་མིག། སྡེར་མོ ་ལྕགས་ཀྱིས་འཁྲིག་པ་འདྲ།། ཡན་ལག་མགོ་དང་གཞུག་མ་དྲུག། རང་འབྱུང་མཆོད་རྟེན་དྲུག་ཏུ་གནས།། ལྟོ་ན་ལྕགས་ཀྱི་ས་རུ་དེ།། མཚོན་ཆ་སྣ་ཚོགས་པ་ན།། སྲིད་པ་གསུམ་གྱི་བླ་རྩེ་འཁྱམས།། དམིགས་པ་གང ་ཡིན་དྲུག་པོའི་སྲོག། རུས་སྦལ་རྔམ་པའི་ཤུགས་ཀྱིས་འདྲེན།། དེ་འདྲ་གསལ་བའི་ཧཱུཾ་ནག་ལ།། འཁོར་ལོ་ལྟ་བུར་ཡིག་འབྲུ་སྤྲོས།། དམིགས་པ་གང་ཡིན་གནས་སུ་སྤྲོས།། རི་རྒྱལ་རྦབ་དང་གནམ་ལྕགས་ཐོག། མགོ ་བཀས་ལུས་ལ་གཤེར་བཏབ་ནས།། ལྕགས་ཀྱུས་དྲངས་ཏེ་རྫས་ལ་བསྟིམ།། ཞེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། གང་དག་ལོག་འདྲེན་བཟློག་པའི་དུས།། དེ་ཉིད་རབ་ཏུ་གསལ་བརྟེན་ལ།། དྲག ་སྔགས་མཚོན་ཆ་མེ་དཔལ།། དགུག་ཅིང་གཟིར་ནས་སྲོག་སྙིང་ཕྲོགས།། རང་སྲོག་རང་གིས་གཅད་ནས་ཀྱང་།། དྲག་སྔགས་མཚོན་ཆ་འཁོར་ལོ་ཡིས།། མྱལ་མྱལ་གཏུབས་ཤིང་གཅད་པར་བསམ།། ཞེས་གསུངས ་སོ།། དེ་ནས་ཡང་དག་ངེས་གསུངས་པ།། རུ་དྲ་བསྒྲལ་བར་འདོད་ན་ཡང་།། གང་ཡིན་ལིང་ག་འཁོར་ལོ་སྒྱུར།། བསྟན་པ་འཇིག་པའི་རུ་དྲ་དེ།། འབྱུང་བ་འདུས་པའི་ལུས་ཉིད་ལ།། ཉོན་མོངས་བག་ཆགས་སེམས་སུ ་ཆགས།། དེ་ཡི་དཀར་ནག་སྙིང་དཀྱིལ་ན།། དངས་མ་རང་འབྱུང་འོད་ལྔ་དང་།། སྙིགས་མའི་དངས་མ་ཁྲག་མཚོ་འཚལ།། སྦལ་པ་ལྟ་བུའི་དབུས་ན་ནརྀ།། དང་པོའི་སྲོག་ཉིད་ཆགས་པའི་གཞི།། དེ་ལས་འབྱུང་བའི་རྩ ་བཞི་ཆགས།། འབྱུང་བཞི་ནུས་པས་ཕུང་པོ་འགྲུབ།། དེ་བསྐྱེད་པ་ཡི་ལྷ་བཞི་འབྱུང་།། དེ་ལས་རང་འབྱུང་བདུད་བཞི་གནས།། དེ་ལྟར་འབྱུང་བཞི་གནས་པ་དེས།། བདག་གི་རྫས་ལ་སྐྱེད་པ་ལ།། དྲེགས་པ་རང ་དབང་མེད་པར་བཀུག། དེ་ནས་གཟིར་ཏེ་དབང་མེད་བསྐུལ།། རང་འབྱུང་གནས་པའི་དྲེགས་པ་དང་།། དམིགས་ནས་རྦད་པའི་དྲེགས་པ་གཉིས།། དེའི་ཚེ་མེ་དང་ཤིང་འདྲེས་ཚུལ།། འབྱུང་བའི་ཕུང་པོ་རླག་པར ་འགྱུར།། རང་སྲོག་རང་གིས་གཅོད་པར་འགྱུར།། དེ་ཡིས་ལུས་སྲོག་ཕྱེད་པར་འགྱུར།། དེས་ཀྱང་གསོད་པར་མ་གྱུར་ན།། ཙིཏྟ་གནད་ལ་ཕབ་ལ་གཏང་།། སྲོག་ནི་རབ་ཏུ་བསྐུར་བར་བྱ།། ཞེས་གསུངས་སོ།། དེ་ནས ་ཡང་དག་བཤད་བྱ་བ།། དེ་ནས་སྲེག་པར་འདོད་ན་ཡང་།། རང་འབྱུང་མེ་དང་འབྱུང་བ་མེ།། མེ་དང་ཤིང་འདྲེས་ཚུལ་དུ་བྱ།། ལས་འཇུག་དམ་ཚིག་འདར་བར་བྱ།། དྲག་སྔགས་འཁོར་ལོ་ནག་པོ་དེས།། བཀའ་ལས ་འདས་ན་གཅོད་པར་བསམ།། མི་འདའ་མནའ་ཡིས་བོར་བར་བསམ།། དེ་ནས་དྲེགས་པ་སྲོག་བྲལ་ནས།། ཆོས་ཉིད་སྟོང་པ་ཉིད་ལས་ཞི།། ཡང་ན་རང་རང་གནས་སུ་འཁོད།། འབྲུ་དང་རྫུ་འཕྲུལ་ཕྲོགས་བྱས ་ལ།། དངོས་གྲུབ་བླང་བའི་ལས་ཀྱང་བྱ།། ཞེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། གཤེད་འཁོར་ལོ་ལ་དགོངས་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས ་བཅོམ་ལྡན་འདས་ཀྱིས་རི་རབ་མནན་པའི་མཆོག་བྱ་བ་འདི་གསུངས་སོ།། སྲིན་པོ་གདུག་པའི་ཐོད་པ་ལ།། མནན་པའི་འཁོར་ལོ་བྲི་བར་བྱ།། རྡོ་རྗེ་རྒྱ་གྲམ་སྔགས་དང་བཅས།། གང་ཡིན་རྫས་བཅུག་མནན་པ ་བྱ།། དུར་ཁྲོད་རས་སམ་རྒྱ་ཤོག་ལ།། རྡོ་རྗེ་རྒྱ་གྲམ་རི་རབ་གཟུགས།། འཁོར་ལོ་རྩིབས་བཞི་ལམ་དང་བཅས།། དེ་ལ་ཡི་གེ་བཀོད་པ་ཡང་།། ཨོཾ་ཧྲི་སྟི་བྱི་བྷི་ཀྲི་ཀ་ན་ན་ཧཱུཾ་ཕཊ། ནན་ཆེ་གེ་མོ་སས་སྟིབ། ཆུས་ཁྱེར།། ་མེས་ཚིག། རླུང་གཡེངས་མཁས་ག། རྣ་རི་ཚི་རི་ཏིའི། ཨོཾ་ལཾ་ཧཱུཾ་ལཾ། སྟཾ་བྷ་ཡ་ནན། དེ་དག་བྲིས་ཤིང་བཟླས་ཏེ་མནན།། མི་སྲོགས་སྙམ་པ་ཡ་ནན།། དེ་ནི་མནན་པའི་ཡང་སྙིང་ཡིན།། དུར་ཁྲོད་གཡམ་པ་སྔོན་པོ ་ལ།། དུག་ཁྲག་བག་ཆུས་སྦྱར་བྱས་ཏེ།། མནན་ན་སྲིད་པ་གསུམ་ཡང་མནོན།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྲེག་པའི་ལས་འདི་གསུངས་སོ།། མ་ཏྲཾ་སྙིང་ཁ་གྲུ་གསུམ་དུ།། བང་རིམ་གསུམ ་གྱིས་མཛེས་པ་ལ།། དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི།། ལྟེ་བར་རཾ་ལས་རྭ་ལ་ཡང་།། ཕྱི་རིམ་རྡོ་རྗེ་ཕྱེད་མ་དང་།། མཚོན་ཆ་སྣ་ཚོགས་བྲི་བར་བྱ།། དེ་ནས་དྲག་པོའི་རྫས་རྣམས་དང་།། ལིང་ག་དག་ནི་རབ་སྤུངས ་ནས།། བདག་ཉིད་ཡ་མན་ཏ་ཀར་བསྒོམ།། ཨོཾ་ས་མ་ཡ། ཨཱརྱ་མཉྫ། ཨེ་ལ་ཙཀྲ། ཨེ་ར་ག་བཛྲ། མིང་ཏྲིག་མནན། སྲོག་ལ་ཧུར་ཐུམས་ཛ། མིང་སྲོག་མཱ་ར་ཡ། ཨག་ནེ་ཛ་ལ་རཾ་རཾ། ཞེས་ནི་རབ་ཏུ་ཁྲོས་པས ་སྲེག། ཐལ་བ་མཆོད་རྟེན་འོག་ཏུ་མནན།། ཅེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། མནན་སྲེག་དྲག་པོའི་ལེའུ་སྟེ་ང་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན ་ལས་ཀྱི་རིམ་པ་འདི་གསུངས་སོ།། རབ་ཏུ་རི་ཟླུམ་ས་དཀར་དུ།། མཎྜལ་ཟླུམ་པོ་ཟླ་བ་འདྲ།། འཁོར་ལོ་གའུའི་སྦྱོར་བ་དང་།། བཞིན་དང་ཆས་དང་ལྷ་ཕྱོགས་ཀྱིས།། ཕུར་བུ་རྩེ་མོ་ཟླུམ་བྱས་ཏེ།། རྩ་བ་དག་ལས་ཤན ་ཏིང་གིས།། འཇིགས་པ་བརྒྱད་ལས་ཡང་དག་སྐྱོབ།། རྫས་དང་གཏོར་མ་མཆོད་པ་རིམས།། དེ་ཕྱིར་ས་གཙང་གསེར་རི་ལ།། གུར་ཀུམ་དག་ལ་བསྟེན་པ་ཡི།། ལིང་གའི་འཁོར་ལོ་བཅས་རྫོགས་ནས།། བཞིན་དང ་ཕུར་བུ་རྒྱན་ཆས་ཕྱོགས།། མ་ནིང་པུས་ཏིང་ཀུ་རུ་ཡིས།། སྦྱོར་བ་དྲུག་དང་ལྡན་པར་འགྱུར།། རི་དམར་བྲག་དམར་གནས་དག་ཏུ།། གའུ་འཁོར་ལོ་བཅས་རྫོགས་པར།། རྒྱ་སྐྱེགས་དག་གིས་བྲི་བར་བྱ།། ཕུར་གདབ ་བཞིན་དང་རྒྱན་ཆས་ཕྱོགས།། མ་ནོར་པ་ཤང་ཀུ་རུ་ཡིས།། མོས་པ་རྣམ་བཞི་ཐོབ་པར་འགྱུར།། དམར་ནག་གྲུ་གསུམ་ཟླ་གམ་འདྲ།། རོ་བསྲེགས་སོལ་བ་རྡོ་སོལ་ཁྲག། ཁྲོས་པས་སྦྱོར་བ་རྫོགས་པ་དང་།། ཕུ ་གདབ་བཞིན་བཟློག་ཆས་བསྒྱུར་ནས།། ལ་ཕྱོགས་མ་ནོར་མ་ར་ཡ།། འཇིག་རྟེན་མངོན་སྤྱོད་འགྲུབ་པར་འགྱུར།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། འཕྲིན་ལས་རྣམ་བཞིའི་ལེའུ ་སྟེ་ང་གཉིས་པའོ།། །། དེ་ནས་འཇིག་རྟེན་མགོན་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀྱེ་མ་འཇིག་རྟེན་མགོན་པོ་ལགས།། བསྟན་པ་དམ་པ་བསྲུང་བ་ལས།། བསྒྲུབ་དང་གདབ་པའི་ལས ་རྫོགས་པ།། འཇིག་རྟེན་མགོན་པོས་ཇི་ལྟར་གདབ།། ཅེས་གསོལ་པས་དེ་ནས་བཅོམ་ལྡན་འདས་ཀྱིས་དམོད་པའི་ཡང་སྙིང་འདི་གསུངས་སོ།། གནོད་སྦྱིན་དམར་པོ་ཤ་ཟན་གྱི།། དམོད་པའི་ཡང་སྙིང་དམ་པ ་དེ།། སྔགས་པ་ནག་འགྲས་བྱུང་ཡང་རུང་།། སྙིང་པོ་བཅུད་ལེན་འབྲུ་ལ་འདུ།། དེ་དོན་སྙིང་པོ་མཆོག་གྱུར་པ།། ཨོཾ་ཨ་ཀྲི་རཱ་ཙ་དུར་ན། ས་དུ་སྙིང་ལ་སྲིལ་སྲིལ།། ཨ་ཀྲོ་རཱ་ཙ་ཙི་ཏ་ནི་ཤ་ལ་རྦད་རྦད། ཡ་ཡ་རྣལ་མ་ཏྲི ་ཛ། སྙིང་ལ་ཁ་ཐུན་མ་ར་ཡ་རྦད། འགུལ་ཁུག་དག་ཏུ་ཉུངས་ཀར་ལ།། དྲག་སྔགས་བསྙེན་པས་གྲངས་གྱུར་ན།། གང་ལ་བྱ་བ་ཐོགས་མེད་ཅེས།། དམ་ཚིག་བདག་པོས་རབ་ཏུ་བཤད།། དེ་ནས་གནོད་སྦྱིན་དམར ་པོ་རུས་སྦལ་སྤུ་གྲིའི་དྲག་སྔགས་འདི་གསུངས་སོ།། དུར་ཁྲོད་རས་ལ་འཁོར་ལོ་བྲི།། རྩིབས་དྲུག་མཆོད་རྟེན་དྲུག་དང་སྦྱར།། དབུས་སུ་རྣག་པའི་མིང་རུས་བྲི།། ཐོད་པ་ནག་པོའི་ནང་དུ་བྲུབ།། ཐོད་པ་རྒྱ་གྲམ་ལམ ་དང་བཅས།། ཉུངས་ཀར་ཁྲག་དང་ཏིལ་ནག་གིས།། ལིང་ག་དག་ལ་བྲི་བར་བྱ།། ཏྲོ་མ་རི་ན་ཤ་ཏྲག་ཐུན། ཙི་ཏ་མཱ་ར་ཡ་ཏྲི་རྦད། ཙི་ཏ་སྠ་མ་ཡག་ཤ་རྦད།། སྲོག་ཏེ་ཏྲི་མ་ཤ་ཛ། ཙག་རེ་ཁ་ཏྲི། ཡག་ཤ་ཛ། ཙི་ཏ་མ་ཎི ་ཡ་ཡ་ཛ། དགྲ་བོའི་ཙི་ཏ་ཛ་ལ་རཾ་ཤག་ཤ་རྦད་རྦད། དེ་དག་བྲིས་དང་བཟླས་བྱས་ཏེ།། ཞག་བདུན་ནུབ་མོ་ལས་ལ་སྦྱར།། ཅེས་གསུངས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ལས་འཕྲང་དོག ་དྲག་པོ་ལྗང་ནག་ཁྲོས་པ་གནོད་སྦྱིན་དམར་པོའི་དམོད་སྔགས་ཀྱི་ལེའུ་སྟེ་ང་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྲིན་པོ་ཁྱི་ཁྲིད་ཡབ་ཡུམ་གྱི་དྲག་པོའི་དམོད་སྔགས་འདི་གསུངས་སོ།། དུར་ཁྲོད ་མོན་གྱི་མགོ་བོ་ལ།། དུག་དག་ཁྲག་གིས་རབ་བྱུགས་ལ།། རྟ་ཁྲག་ར་ཁྲག་མི་ཁྲག་དང་།། ཆང་ལ་སོགས་པས་རབ་བསྒྱུར་ནས།། རྣལ་འབྱོར་སྔས་སུ་གཞག་པར་བྱ།། གྲུབ་པའི་རྨི་རྟགས་བྱུང་བ་དང་།། རྣལ ་གྲིའི་ཐོད་པར་ཐུན་བྷྱོ་ལ།། ཐོད་པར་གཟས་པའི་ལིང་ག་བྲི།། དེ་ནས་ཐུན་དབང་རྫས་དགོད་བརྡེག། དྲག་སྔགས་སྦྱོར་བ་རྫོགས་པ་དང་།། ཤར་ཕྱོགས་བྲག་དང་ཆུ་འཐབ་ཏུ།། ལིང་ག་ཐོད་པ་བཅས་ལ་གཞག། རྩ ་རྒྱུད་རླག་པར་ཡང་དག་བཤད།། ཡག་ཤ་འགྲི་ན་མཱ་ར་ཡ་ཛ་ཛ། ཡག་མོ་གིང་ཁ་རག་མ་བྷྱོ། བཛྲ་ཁ་དྷ་ཁ་དྷ་ཡ། མཱ་ར་ཡ་རྦད། ཙིཏྟ་རྦད་སྙིང་སུབས། ཏྲི་ཨ་འགུ་ཤ། ཧ་ན་མ་ཐ། ཀ་ཀི་དྷ་ཧ། རག་ཤ་ལུ་ཁ། གར་རྫ ་ཡ་མ་ར་ཡ་ཕཊ་ཕཊ། ཅེས་པས་འགྲུབ་པར་ཡང་དག་གཟུང་།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་ལས། སྲིན་པོ་ཁྱི་ཁྲིད་མར་པོ་བསེའི་གྱད་ཀྱི་དམོད་སྔགས་ཀྱི་ལེའུ་སྟེ་ང་བཞི ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཤིན་རྗེ་དམར་པོ་ལས་ཀྱི་ཤན་པ་བསེ་གདོང་གི་དྲག་སྔགས་འདི་གསུངས་སོ།། དུར་ཁྲོད་གནས་སུ་ས་གཟུང་ལ། ཉུངས་ཀར་རྒྱལ་པོ་དག་དང་ནི།། མདོའི་ཕྱེ ་མ་རབ་བསྲེས་ལ།། གཤིན་རྗེ་ཁྲག་སྐྱུག་སྙིང་པོ་བཟླས།། ཨ་མུ་ཀ་ཡི་རྫས་བླངས་བྲུབ།། ལུས་ལ་ཐུན་གྱིས་ཐེབས་པ་དང་།། ཁྲག་སྐྱུག་སྦྲིད་ཅིང་བརྒྱལ་ནས་སུ།། འགུལ་མི་ཤེས་པར་ས་ལ་ལྷུང་།། ཏ་ན་བི་ཡོ་ད་ཡ ་པན་ཙ་ཧཱུཾ་ཆེ་གེ་མོ་ཧཱུཾ་ཕཊ། པ་ཙ་བྷཱི་ཏྲ་ས་མ་ཡ། བཙན་ཐབས་འདི་ལ་ལས་སྦྱར་ན།། དགྲ་འམ་བགེགས་ལ་སོགས་པ་བརླག། གཞན་ཡང་ཁྲག་དང་ཆུ་དང་གངས།། གང་ལ་བྱ་བ་ཐོགས་མེད་ཅེས།། དམ་ཚིག་བདག ་ས་རབ་ཏུ་གསུངས།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་གྱུད་ལས། བསེ་གདོང་གཤིན་རྗེ་དམར་པོ་ཁྲག་སྐྱུག་གི་ངན་སྔགས་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས ་བདུད་ཀྱི་གྱད་ཆེན་སྲོག་ལེན་དམར་པོའི་ཕུང་བཤིག་འདི་གསུངས་སོ།། དུར་ཁྲོད་ཆེད་དུ་དབེན་པ་རུ།། ལྷ་བསྙེན་སྔོན་དུ་སོང་བ་དེས།། དཎྜལ་གྲུ་གསུམ་མཐིང་ནག་ཏུ།། ཁྱི་ནག་དོམ་བུའི་ཐོད་པ་རུ།། ཁྲི་ཁྲག་ཁྱི་ཡི ་ཀླད་པ་དང་།། ར་ཁྲག་ར་ཡི་ཀླད་པ་བླུགས།། གང་ལ་བྱ་བའི་མིང་ཡང་གཞུག། བཟླས་པ་དྲག་ལ་གྲིལ་བར་བྱ།། བདུད་ཀྱི་ཁྲམ་ལ་ཐེབས་པ་དང་།། བདུད་པོ་ནག་པོ་སྙིང་དུ་འཇུག། སེམས་ཀྱང་བར་སྣང་ཁམས་ལ ་འཕྱོ།། རིའུ་ནག་པོ་གོན་པ་རྨི།། རྟ་ནག་པོ་ནི་ཞོན་པ་དང་།། མི་ནག་འབོད་དང་ཁྱི་ནག་ཟ།། བྱ་ནག་མང་པོ་དངོས་སུ་ལྡིང་།། ལྟས་ངན་དེ་རྣམས་བྱུང་བ་ན།། ཕུང་ཤིག་ལས་རྣམས་འགྲུབ་པ་ཡིན།། ཙ་ཁ་མུ་ཙ་ཁ་མུ ་སྙིང་རྩ་ཆེ། ཆོམ་ས་ཡ་ཆོམ་ས་ཡ། རུཾ་རུཾ་ཐུལ་ཡང་ཡང་སོད། ཡུཾ་ཡུཾ་ཐུལ། སྙིང་ལ་ཚོ་ཚོ། སྲོག་རྩ་ལ་ཐོབ་ཡ་ཡ། ཛ་ཛ་ཐུམ་ལ། སྙིང་ལ་ཆོམ་ཆོམ། སྲོག་རྩ་ལ་ཐོ་བ་ཡ་ཡ། ཛ་ཛ་ཐུམ་ལཾ། སྙིང་ལ་ཆོམ་ཆོམ། སྲོག་རྩ་ལ ་ཡ་ཐོབ་ཡ་ཡ། ཏྲག་ཏྲག་སྙིང་ལ་ཡ། ར་ཏྲི་རུ་ཏྲི་རུ་མཱ་ར་དུ་སོད། ཐ་པྲི་ཐ་པྲི་ཐ་པྲི། མཱ་ར་ཡ་སོད་སོད། ཅེས་པ་དྲག་ཏུ་བཟླས་གྱུར་ན།། བླག་བས་དམ་རྫས་གཏང་རག་གཏང་།། དཔལ་གཤིན་རྗེ་དམར་ནག་འབར ་བའི་རྨི་རྒྱུད་ལས། བདུད་སྲོག་ལེན་ནག་པོའི་ལེའུ་སྟེ་ང་དྲུག་པའོ།། །། དེ་ནས་འཇིག་རྟེན་མགོན་པོ་དེས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀྱེ་མ་བཅོམ་ལྡན་འདས་འཇིགས་བྱེད་ཆེ།། རྒྱུད་ཀྱི་རྒྱལ་པོ ་དེ་ཉིད་ནི།། ཇི་ལྟར་བྱུང་ཞིང་ཇི་ལྟར་གནས།། རྒྱུད་ཀྱི་མིང་ནི་ཇི་ལྟར་གསལ།། ཡོངས་སུ་གཟུང་ཞིང་བཅའ་བ་དང་།། ཐ་མ་རྫོགས་དང་གཏད་པ་ཇི་ལྟ་བུ།། ཞེས་ཞུས་པས། དེ་ནས་ཡང་བཅོམ་ལྡན་འདས་དཔལ ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ།། ཀྱེ་མ་འཇིག་རྟེན་མཐུ་ཆེན་ཉོན།། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། དབྱིངས་དང་ཡེ་ཤེས་གཉིས་མེད ་པའི།། སྲོག་གི་ངོ་བོ་ཤར་བའི་རྒྱུད།། དུས་གསུམ་བུདྡྷ་བླ་མེད་རྒྱུད།། ཐུགས་རྗེ་ཆེ་ལ་ཐབས་མཁས་པས།། གདུག་པ་འདུལ་ཕྱིར་བསྟན་པ་འདི་ལ་དགོངས།། ཐར་པའི་ལམ་ལོག་ལས་ཀྱིས་མནར་བ ་རྣམས།། བསྟན་པ་འཇིག་ཅིང་རྣལ་འབྱོར་སྐུ་ལ་བསྔོ།། དེ་ཡི་འབྲས་བུ་དམྱལ་ཁམས་འཁོར་བར་རྒྱུད།། དེ་དག་ཐར་ལམ་བསྟན་ཕྱིར་ངས།། དོན་དམ་སྤྲོས་མེད་ཏོ་མེད་མཉམ་ཉིད་དང་།། རྟགས་ཀྱི་གདུག་པ་མ ་ལུས་འདུལ་ཕྱིར་བཤད།། དྲག་པོ་ཐུགས་རྗེས་གདུག་པ་འདུལ་ཕྱིར་བཤད།། རྒྱུད་ཀྱི་མིང་ནི་དམར་ནག་འབར་བའི་རྒྱུད།། ནག་པོ་ཆོས་ཉིད་མི་འགྱུར་སྟོང་པའི་དོན།། དམར་པོ་བསྒྲལ་བ་མ་བཀག་སྒྲོལ་བའི ་རྟགས།། དོན་བཞིན་རྟགས་རྣམས་འབྲེལ་པའི་རྒྱུད་དུ་བཤད།། ལྔ་བརྒྱ་ཐ་མ་དུས་ཀྱི་བསྟན་པས་ཉེན།། རང་ཤ་ཟ་ཞིང་རང་ཁྲག་འཐུང་དུས་སུ།། སངས་རྒྱས་བསྟན་པ་མི་གནས་དུས་དེ་རུ།། རང་གིས་རང་གི ་བསྟན་པ་འཇིག་དུས་སུ།། རྡོ་རྗེ་རྒྱུད་སྨེ་འདི་ཡིས་བསྟན་པ་བསྲུང་།། རྡོ་རྗེ་མཚོན་ཆ་གཅོད་པའི་རྒྱུད་དུ་ཟུང་།། དྲེགས་པའི་སྲོག་སྙིང་རང་ལ་འདུས་པས་ན།། སྙིང་འཁོར་མྱོས་བྱེད་ཆེན་པོའི་རྒྱུད་དུ་ཟུང་།། རྒྱུད་ཀྱི ་བཅའ་ཐབས་བསྟན་པ་ཡང་།། རྒྱ་མཚོའི་གཏིང་དུ་རྡོ་བ་བོར་ལྟར་བཅའ།། ཆུ་སྲིན་གྲེ་བར་རིན་ཆེན་ལྟ་བུར་བཅའ།། མ་སྙེད་དབྱིངས་སུ་རྟོག་སྤྱོད་འདས་ལྟར་བཅའ།། ཀུན་ལ་སྤེལ་ན་བསྟན་པ་འཇིག་པར ་བྱེད།། མཚོན་ཆའི་འཁོར་ལོས་རང་ལ་གཅོད་པར་འགྱུར།། རྡོ་རྗེ་སྙིང་པོས་རང་གི་སྙིང་ཁྲག་འཇིབ།། རྟག་ཏུ་གཤིན་རྗེའི་ཁང་པར་འཁྱམས་པར་འགྱུར།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། དཔལ་འབར་དབང ་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ།། ལྷ་ཀླུ་མཁའ་འགྲོ་འཁོར་དང་བཅས་པ་ཡིས།། རྒྱུད་འདི་གཟུང་ཞིང་བཅའ་བར་བྱ།། རྫོགས་ལྡན་གཉིས་ལྡན་བསྟན་པ་མར་འགྲིབ་ལ།། བསྟན་པ་མི་གནས་རང་གིས་འཇིག། དེའི ་ཚེ་བསྟན་པ་གནས་པར་བྱ་བའི་ཕྱིར།། ཆོས་ཉིད་སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས།། ཉོན་མོངས་གདུག་པ་འདུལ་ཕྱིར་རང་ཉིད་ཁྲོ།། དཔལ་འབར་ཆེན་པོ་ཡ་མན་ཏ་ཀ་ཡིས།། བྱིན་གྱིས་བརླབས་པའི་ཚུལ་དུ ་དོན་ལས་རྟགས།། སྡུད་པ་འཇིག་རྟེན་མགོན་པོ་དང་།། ལྷ་ཀླུ་གནོད་སྦྱིན་ལ་སོགས་དུ་མའི་ཚོགས།། ཕྱོགས་ཀྱི་ཡབ་ཡུམ་སྤྲུལ་པ་དཔག་མེད་དང་།། བདུན་བརྒྱ་ཉི་ཤུ་གཤིན་རྗེའི་ཚོགས་རྣམས་ལ།། ལྷ་སྲིན་གནད ་ཕེབས་སྲོག་གི་རྒྱུད་ཆེན་གཏད།། ཅེས་གསུངས་སོ།། དཔལ་གཤིན་དམར་ནག་འབར་བའི་རྨི་རྒྱུད་ལས།། རྒྱུད་འབྱུང་བ་དང་། མིང་དང་། བཅའ་ཐབས་དང་། ཡོངས་སུ་གསུང་བ་དང་། རྒྱུད་གཏད་པའི་ལེའུ་སྟེ ་བདུན་པའོ།། །། དེ་ནས་འཇིག་རྟེན་སྐྱོང་བའི་གཙོ་བོ་དང་།། ཡེ་ཤེས་ཀྱི་གཤེད་བཞི་དང་།། ཕྱོགས་སྐྱོང་བའི་ཁྲོ་བོ་དང་། གདུག་བྱེད་ཀྱི་གཤིན་རྗེ་བདུན་བརྒྱ་ཉི་ཤུ་དང་། སྤྲུལ་པ་བྱེ་བ་དགུ་ཁྲིམ ་མོ་དང་བཅས་པ་དང་། གདུག་བྱེད་བསེའི་ལྷ་མོ་དང་། བསེའི་གྱད་དང་། བདུད་གིང་དང་། སྒྲོལ་གིང་དང་། ཤན་པ་དང་། ལྷ་དང་། ཀླུ་དང་། དྲི་ཟ་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་དང་། ནམ ་མཁའ་ལྡིང་དང་། ཐམས་ཅད་པའི་འཁོར་དག་དགའ་མགུ་ཡི་རངས་ཏེ་མགྲིན་གཅིག་ཏུ་བསྟོད་པ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལ།། བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་བསྟན་པ།། ཐུགས་རྗེ་གཟི་ལྡན ་གདུག་པ་ཐབས་ཀྱིས་འདུལ།། ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ།། ཉི་མ་འབུམ་པས་ལྷག་པའི་འོད་འབར་ཞིང་།། གདུག་པའི་མཚོན་ཆ་མང་པོ་ཕྱག ་ན་བསྣམས།། རབ་བརྗིད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ཏ་ན་ག་ཏ་དབྱིངས་སུ་འཁྲིལ་བའི་ཡུམ།། དབང་ཕྱུག་ཆེན་པོའི་སྐུ་ལ་ཉེར་གནས་པ།། རྡོ་རྗེ་རོ་ལངས་མ་དང་རལ་གཅིག་མ།། གདུག་པ་འདུལ ་མཛད་ཡུམ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དེ་མེ་ཏོག་རབ་ཏུ་གཏོར་རོ།། དེ་ནས་བཅོམ་ལྡན་འདས་དཔལ་འབར་ཆེན་པོ་ཉིད་དེ་ཉིད་དུ་མི་སྣང་བར་འགྱུར་ཏོ།། དེ་ནས་ཡང་འཁོར་མང་པོ་རྣམས་འདུས་ཏེ། དཔལ ་འབར་ཆེན་པོའི་འཁོར་ན། འཇིག་རྟེན་པ་དུ་མའི་འཁོར་དང་བཅས་པའི་འཁོར་སྐྱོང་ཞིང་དྲེགས་པ་ཅན་ཐམས་ཅད་ཀྱི་གཙོ་བོ་མཛད་པ་དང་། སྒྲོལ་གིང་བདག་པོ་ལ་བསྟོད་པ། དཔལ་འབར་དབང་ཕྱུག་འཇིག་རྟེན ་པའི་གཙོ།། ཞེས་བསྟོད་དོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨི་རྒྱུད་ལས། ལྷ་སྲིན་གྱིས་རྗེས་སུ་ཡི་རངས་ཏེ་བསྟོད་པའི་ལེའུ་སྟེ་ང་བརྒྱད་པའོ།། །། དེ་ནས་ལྷ་དང་མཁའ་འགྲོ་རྣམས་ཀྱིས། འཇིག ་རྟེན་འདི་རུ་མི་ལ་མ་གཏད་པར། ཡུལ་ཨུ་རྒྱན་གྱི་ཡུལ་རྒྱ་མཚོ་ཆེན་པོ་ལ་བརྟེན་པ་རྫུ་འཕྲུལ་གྱིས་བགྲོད་པ་ལས། གཞན་གྱིས་བགྲོད་པར་མི་ནས་པ། དུར་ཁྲོད་ཆེན་པོ་དབུས་འགྱུར་གྱི་ཚལ། སྣ་ཚོགས་མཁའ་འགྲོ། ་མ་འདུ་བའི་གླིང་། རི་ཟོ་མོ་པུ་རི་བྱང་ཆུབ་ཀྱི་ཚལ་བྱ་བ་དེ་ན། རང་འབྱུང་གི་མཆོད་རྟེན་ཆེན་པོ་གནས་པ་ལ། མཁའ་འགྲོ་མ་རྣམས་ཀྱིས་གྲུབ་སྟེ། བསྟན་པ་བསྲུང་བའི་དོན་དུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ། ་བཻ་ཌཱུརྱ་ཞུན་མས་སྦྲུས་བྲིས་པ་ཙམ་དུ་རང་ནན་དུ་བྲིས་ནས། བསེ་དང་ལྕགས་ཀྱི་སྡིག་པར་བཅུག། རུས་པ་སྣ་ཚོགས་པའི་སྒྲོམ་བུར་སྩལ་ཏེ་སྦས་སོ།། དཔལ་གཤིན་རྗེ་དམར་ནག་འབར་བའི་རྨེ་རྒྱུད་རྫོགས ་སོ།། །། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྡོ་རྗེ་ཟོད་འཕྲེང་རྩལ། དབུ་རྒྱན་སླག་ཤ་ཤའི་ལུང་པ་ཕུག་ཁོང་སེང་ཆེན་བྱ་བ་དེ་ན་དགོངས་པ་མཛད་པ་ལས། ལྷ་སྲིན་རྣམས་ཀྱིས་ཉིན་བཞིན་དུ་བསྐོར་བ ་མཛད་དེ། མཁའ་འགྲོ་མས་ལུང་བསྟན་པ་ཡིན་ནོ།། དེ་ནས་བོད་ཡུལ་དབུས་སུ། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སུ་གསོལ་བས། ལྷ་སྲིན་གྱིས་རྩིག་ཏུ་མ་གཏེར ་ནས། ཇི་ལྟར་བྱ་ཞུས་པས། སློབ་དཔོན་བོ་དྷི་ས་ཏྭའི་ཞལ་ནས། ཨུ་རྒྱན་པདྨ་བྱ་བ་རྒྱ་གར་ན་བཞུགས་ཏེ། སྤྱན་འདྲོངས་ན་ལྷ་སྲིན་ཐུལ་ལོ་གསུངས་ནས་སྤྱན་དྲེན་གཏང་བས། སློབ་དཔོན་གྱི་མངོན་པར་ཤེས་པ་ལ ་ཤར་ནས། བསམ་ཡས་བྱོན་པ་དང་ལམ་ཁར་མཇལ་ནས། དེར་དྲེགས་ཅན་བཏུལ། བསམ་ཡས་ལྷུན་གྱིས་གྲུབ་སྟེ། འཇམ་དཔལ་དམར་ནག་ནི་འཆིང་ཕུའི་བྲག་ཕུག་རྐེའུའི་ཡ་ཐོག་ཏུ། ཨུ་རྒྱན་གྱི་མཁན་པོ་པདྨ ་འབྱུང་གནས་དང་།། ལོ་ཙ་བ་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་བའོ།། རྡོ་རྗེ་ཟོད་འཕྲེང་གིས། རྡོ་རྗེ་དབང་ཕྱུག་བདེ་ཆེན་རྩལ། དེས་རྡོ་རྗེ་དབང་ཆེན་འབྱམ་པ་རྩལ། ཞལ་དྲི་མེད་ཟླ་ཤར་རྩལ། སྤུ་ངན་རྡོ་རྗེ ་ཡང་དབང་གཏེར།། ཀུན་ལ་ཡོད་ན་ཁྱད་པར་མེད།། རྒྱུད་ལུགས་འདི་དང་འགྲོགས་ནས་གཏེར་དུ་མཆིས།། ལས་དག་དམ་ཚིག་ཅན་དང་ཕྲད་པར་ཤོག། ་