| Wylie | e-texts produced with BDRC’s OCR application |
དགྲ་ལས་བཅའ་བའི་ཐབས།། ཡུལ་ལ་ཕྱིན་ནང་གསང་བ་གསུམ།། དབང་པོ་དོད་པའི་ངོ་བོ་ལུས།། རྒྱུ་བཅས་སྒྲ་ལས་ལྔ་ཡི་མཚོན།། དེ་བཞིན་གསང་སྔགས་འབྱུང་བའི་རྒྱུ།། ངོ་བོ་སྒྲ་དང་དྲང་དང་དཀྲུག། ལས ་དང་གདགས་པ་མཐའ་རུ་སྦྱར།། ཕྱི་ནང་གསང་བ་གསུམ་དུ་བཤད།། དེ་ལྟར་བུ་རྒྱ་གསུམ་དང་ལྡན།། སྒྲ་དང་ངོ་བོ་གནས་དང་ལས།། རྒྱུ་བའི་ཚུལ་དེས་ཉི་མ་བཤད།། གཤིན་རྗེ་གསུམ་ལུས་ཐུགས་ཀྱི་བདག། རང ་གི་ངོ་བོ་རྒྱུད་དང་སྒྲ།། གནས་དང་ལས་དེ་གསོད་པའི་ཚུལ།། དེ་ཡིས་གཤིན་རྗེའི་གྲོང་ཁྱེར་དུ།། འགྲོ་བ་བཀུག་ནས་ཁྲིད་ཅིང་འཆང་།། སྲིད་གསུམ་ཁྱམས་ཁང་གཤིན་རྗེའི་གནས།། བྱིན་རླབས་འབྱུང་ཕྱིར་ཏིང ་འཛིན་གཙོར།། མཱ་ར་ཡ་ཡི་བརྡ་སྒྲས་འཇོམས།། དེ་དག་གཤིན་རྗེ་ནག་པོ་ཡིས།། འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལས།། བརྣག་པའི་རྒྱལ་པོ་གསང་བའི་དོན།། འཁོར་གྱི་ཁྲོ་བོ་དྲེགས་པ་དང་།། ལྷ་དང་མཁའ ་འགྲོ་རྣམས་ལ་གཏད།། དམ་ཚིག་སྲུང་དང་ཐུགས་བརྩེའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་།། འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ། ་བཅུ་གཅིག་པའོ།། །། འཇམ་དཔལ་རིན་པོ་ཆེ་གསང་བའི་རྒྱུད་རྫོགས་སོ།། །། བལ་པོའི་རྒྱལ་པོ་བྷ་སུ་དྷཱ་ར་དང་། བོད་ཀྱི་ལོ་ཙྪ་བ་སྣརུབས་བན་སངས་རྒྱས་རིན་པོ་ཆེས། བལ་ཡུལ་བྷ་ར་སའི་བྲག ་ཕུཕྲག་ཏུ་བསྐུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲི་ཀྲོ་དྷ། རཏྣ་གུ་ཡ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཁྲོ་བོ་རིན་ཆེན་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། རང་བཞིན་ལྷུན་གྱིས་གྲུབ་པའི་གནས། ཁྱབ་བདལ་ཆེན་པོའི་ཀློང་། རྒྱ་ཡོངས་སུ་མ་ཆད་པ། དུར་ཁྲོད་ཆེན་པོ་རབ་ཏུ ་འཇིགས་པ། གཏུམ་པའི་ཚལ་བམ་རོ་སྤུངས་ཞིང་བརྩིག་པ། མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་ན། བཅོམ་ལྡན་འདས་དཔལ་ཁྲོ་མཆོག་ཡནྟ་ཀ། ཟ་བྱེད་ཀྱི་ཡུམ་ཆེན་མོ་པེ་ཏ་ལི་དང་འཁྲིལ་ཏེ། ་གཉིས་སུ་མེད་པ་མཉམ་པ་ཆེན་པོའི་ངང་ལས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་ནས། གཡོ་བ་མེད་པའི་ངང་ལ་སྙོམས་པར་ཞུགས་སོ།། དེའི་ཚེ ་དེའི་དུས་ན་ཉིད་ལས་མི་གཡོས་པའི་སྤྲུལ་པ་རྡོ་རྗེ་འཇིགས་བྱེད་དང་། དུས་གསུམ་གཅིག་པའི་སངས་རྒྱས་དང་། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གདུག་པ་འདུལ་བའི་ཁྲོ་རྒྱལ ་དྲེགས་པ་ཅན་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།། འདི་ལྟར་ཡེ་ཤེས་ཀྱི་གཤེད་བཞི་དང་། ཁྲོས་པའི་ཡུམ་བཞི་དང་། ཐར་བྱེད་ཀྱི་ཁྲོ་བོ་བརྒྱད་དང་། ཁྲམ་བདག་ཆེན་མོ་བཅུ་གཉིས་དང་། ཤན་པ་ཆེན་མོ་བཅུ ་གཉིས་དང་། མདངས་ལེན་ཁྲོ་མོ་བརྒྱད་དང་། ཟ་བྱེད་ཀྱི་ཚོགས་དང་། ཟ་བྱེད་ཀྱི་ཚོགས་དང་། འཇོམས་བྱེད་ཀྱི་ཚོགས་དང་། མ་གདོན་གྱི་ཚོགས་དང་། གསོད་བྱེད་ཀྱི་ཚོགས་དང་། ཁྲམ་ཐོགས་འཐོམས་པ་བདུད ་ཀྱི་ཚོགས་དང་། བརྩིས་བྱེད་ཀྱི་གྲི་ཐོགས་གིང་གི་ཚོགས་དང་། ཁྲག་སྨུག་ཟོར་ཐོགས་མ་མོའི་ཚོགས་དང་། ཤ་ཟ་སྲིན་པོ་དང་སྲིན་མོ་ལ་སོགས་ཏེ། དྲེགས་པ་ཅན་ཐམས་ཅད་དང་ཟབས་གཅིག་བཞུགས་སོ།། དེའི ་ཚེ་འཁོར་དེ་དག་གི་ནང་ནས། ཐུགས་ཀྱི་སྤྲུལ་པ་འཇིགས་བྱེད་ཆེན་པོ་བཞེངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ནས་མ་སྐྱེས་ཆོས་སྐུ་དག་པ་ཡི། མི་རྟོག་མཉམ་པའི་ངང་ལ་མ་གཡོས་ཀྱང་།། ་གདུག་པ་འདུལ་ཕྱིར་རྫོགས་པའི་སྐུར་བཞེངས་ལ།། ཐུགས་རྗེ་དྲག་པོས་འགྲོ་བའི་དོན་མཛོད་ཅིག། ཅེས་གསོལ་བས།། དེ་ནས་བཅོམ་ལྡན་འདས་ཀྱིས་མཉམ་པ་ཆེན་པོའི་ངང་ལས་རོལ་པ་ཆེན་པོའི་སྐུ།། དྲེགས་པ ་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་བཞེངས་ཏེ། གདུག་པ་འདུལ་བར་བྱེད་པ་དཔའ་བརྟུལ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། རབ ་ཏུ་འགུལ་ཞིང་སྡིག་གོ། འཁོར་དུ་གཏོགས་ཤིང་འདུས་པ་རྣམས་ཀྱང་བརྒྱལ་ཏེ།། རབ་ཏུ་གན་ཏེ་འགྱེལ་པར་གྱུར་ཏོ།། དེ་ནས་ཐུགས་ཀྱི་སྤྲུལ་པ་ཡ་མ་ར་ཛས་གསོལ་པ། ཀྱེ་མ་སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། ་མཉམ་པའི་ངང་ལས་འཇིགས་པའི་སྐུར་ཁྲོས་ཏེ།། དཔའ་བརྟུལ་འབར་བྱེད་བསྟན་པ་ངོ་མཚར་ཆེ།། འཇིག་རྟེན་ཁམས་ཀུན་འུར་འུར་ཆེམ་ཆེམ་གཡོས།། འཁོར་དུ་གཏོགས་པ་རབ་ཏུ་གན་ཏེ་འགྱེལ།། འཁོར་རྣམས ་སོ་སོའི་སྲོག་དང་ལྡན་པར་མཛོད།། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཅི་ཡང་མ་ཡིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ངང་ལ་བཞུགས་སོ།། དེ་མ་ཐག་ཏུ་འཁོར་ཐམས ་ཅད་བརྒྱལ་བ་སངས་ཏེ། བཅོམ་ལྡན་འདས་ལ་རང་རྟགས་སྲོག་གི་སྙིང་པོ་རྣམས་དྲིལ་ཏེ་ཕུལ་ལོ།། ཀྱེ་ཧོ། འཕགས་པའི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད།། རབ་ཏུ་ཁྲོས་པའི་སེམས་ཅན་དྲན་ཉམས་པ།། རྫུ ་འཕྲུལ་རྨད་དུ་བྱུང་བ་ངོ་མཚར་ཆེ།། བདག་ཅག་འཁོར་དང་བཅས་ཡི།། རྣམ་ཤེས་སྲོག་གི་སྙིང་པོ་དྲིལ་བའི་མཆོག། བསྟན་པ་བསྲུང་ཕྱིར་མདོངས་གསོལ་དབུལ།། དཀྱིལ་འཁོར་ཆེན་པོའི་བསྲུངས ་མ་བགྱིད།། ཅེས་གསོལ་ཏོ།། སྲོག་གི་སྙིང་པོ་རྣམས་མདོངས་གསོལ་དུ་ཕུལ་ལོ།། དེ་ནས་ཡང་ཐུགས་ཀྱི་སྤྲུལ་པ་འཇིགས་བྱེད་ཡ་མ་ར་ཛས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་འཇིགས་ཆེན ་ཆེན་པོ་ལགས།། གཏུམ་རྔམ་འཁྲུག་པའི་ང་རོ་ཡིས།། འཁོར་གྱི་དྲེགས་པ་དབང་བསྡུས་ནས།། འཇམ་དབྱངས་ཁྲོ་བོར་ཞུགས་པ་ཉིད།། གཤེད་བདག་དཔའ་བོའི་སྒྲུབ་པ་དང་།། འཁོར་གྱི་ཤན་པ་བཀོལ་བ ་ཡི།། ལས་ཀྱི་རིམ་པ་བཤད་པར་མཛོད།། ཅེས་གསོལ་ཏོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཡོངས་སུ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། མི་རྟོག་མཉམ་པ ་ཆེན་པོ་ལས།། བརྟན་པའི་སྙིང་པོ་ངེས་པར་བཤད།། བྱིན་རླབས་ལྡན་པ་གསང་བའི་བཅུད།། རྣལ་འབྱོར་ཆེན་པོ་རྩ་བའི་དོན།། བསྟན་པ་རིན་ཆེན་རྒྱལ་ལམ་གཅིག། ཐབས་དང་ཤེས་རབ་སྙིང་པོའི་དོན།། ཉེ་བར ་གྱུར་བ་གསང་བའི་བཀའ།། དངོས་གྲུབ་ཆེན་པོ་ཉེ་བའི་མཆོག། ལུས་གཅིག་ཡན་ལག་བཞི་དང་ལྡན།། མཐའ་སྡུད་ཁ་སོ་ལས་ཀྱི་སོ་རྣལ་དང་།། ལྟོ་དཀྲུགས་བཟློག་པའི་ཕྱི་དང་ནང་།། གསང་བའི་ལས་ཀྱི་གཤིན ་རྗེའི་ལྟོ་བ་དཀྲུགས།། ཡན་ལག་ཉེ་བ་ཤན་པའི་སོ།། གསང་སྔགས་དོན་གྱི་སྙིང་པོ་འདི།། རིགས་ལྡན་ཉེ་བའི་སྲས་ཀྱིས་གཟུང་།། བགྲོད་པ་གསུམ་གྱི་བཅུད་བླངས་ཏེ།། ཡུན་དུ་མི་གཏོང་རྣལ་འབྱོར་ཅན།། ཉིད་ཀྱི ་ལྟ་སྤྱོད་གསང་བ་སྟེ།། བཀའ་ཡི་བྱིན་བརླབས་ཡུན་དུ་བདེ།། ཐབས་ཀྱི་འགྲོ་བའི་ལམ་དུ་ཡང་།། སྨོད་པ་རྒྱལ་པོ་ལམ་གྱི་མཆོག། ཞེ་སྡང་གཏུམ་ཁྲོ་དང་ཚུལ་ཅན།། ཉེ་བར་གྱུར་བའི་ལམ་དུ་བཤད།། ཅེས་གསུངས ་སོ།། མཉམ་པ་ཉིད་ཀྱི་ངང་ལ་སྙོམས་པར་ཞུགས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། གླེང་གཞི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ཉིད་ཀྱི་དཀྱིལ་འཁོར ་ཆེན་པོ་ཡོད་སུ་རྫོགས་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་མཉམ་ཆེན་པོ་དེ་ཁོ་ན་ཉིད་སྤྲོས་པ་མེད་པའི་དབྱིངས་སུ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་ཆེད་དུ་གསུངས་སོ།། རྟོག་མེད་སྤྲོས་བྲལ་ཆོས་ཀྱི ་དབྱིངས།། དམིགས་མེད་མཁའ་མཉམ་བྱང་ཆུབ་སེམས།། དངོས་དང་མཚན་མ་མི་དམིགས་པས།། ཆོས་ཉིད་ངང་དུ་དབྱེར་མེད་མཉམ།། ཞེས་གསུངས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་སྤྲོས་པ་དང ་བྲལ་བ་ལ། ཡུམ་གྱི་སྤྲོས་ཏེ་ཁོ་ན་ཉིད་དུ་གྱུར་ཏེ། དེ་ནས་ཡང་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས། ཆོས་ཉིད་སྟོང་པ་ཆེན་པོའི་དོན་ལས། ཆེད་དུ་འདི་སྐད་གསུངས་སོ།། ཆུ་ཟླའི་དཀྱིལ་འཁོར་དེ་བཞིན་དུ།། སྒྱུ་མའི ་སེམས་ཉིད་དེ་དང་འདྲ།། མཁའ་ལ་འཇའ་ཚོན་སྣང་བ་ཡང་།། ནམ་མཁའི་ངང་དུ་རོ་གཅིག་མཉམ། ཞེས་ཆེད་དུ་གླེངས་ཀྱང་། སྟོང་པ་ཉིད་ཀྱི་ངང་ལས། སྟེང་འོག་མཚམས་ཐམས་ཅད་དུ་ཡེ་ཤེས་ཀྱི ་འོད་ཟེར་མང་པོ་འཕྲོས་སོ།། བརྡལ་ལོ།། ཡོངས་སུ་ཁྱབ་པར་གྱུར་ཏོ།། དེའི་དུས་སུ་མ་རིག་པའི་མུན་པ་ཐམས་ཅད་ཡོངས་སུ་གསལ་བར་བྱས་སོ།། དེ་ནས་ཡང་དྲེགས་པ་ཅན་ཐམས་ཅད་འདུལ་ཞིང་། དཀྱིལ ་འཁོར་ཆེན་པོ་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཡོད་དེ་ཡོད་པ་མ་ཡིན་ཏེ།། གཟུགས་དང་ཁ་དོག་ཡུལ་ལས་འདས།། མེད་དེ་མེད་པ་མ་ཡིན་ཏེ།། སྟོང་པ་ཉིད་ལས་ཆོ་འཕྲུལ ་འབྱུང་།། སེམས་ཉིད་འོད་ཀྱི་ཐིག་ལེ་ལས།། འོད་འཕྲོས་འདུས་ནས་ཧཱུཾ་དུ་གསལ།། ཞེས་ཆེད་དུ་གླེངས་པས། སེམས་ཀྱི་རང་བཞིན་ཧཱུཾ་མཐིང་ནག་འོད་ཟེར་འཕྲོ་བ་གཅིག་ཏུ་གྱུར་ཏོ།། དེའི་ཚེ་འོདོ་ཟེར་བྱེ་བ་ཕྲག ་མང་པོ་བསམ་གྱིས་མི་ཁྱབ་པ་དེ་དག་ཡོངས་སུ་འདུས་ཏེ་ཐུགས་ཀྱི་རང་བཞིན་ལས། ཙཀྐ་བྲུཾ་ཞེས་བྱའི་སྒྲ་འདི་སྐད་ཅེས་གསུངས་སོ།། རྣམ་པར་དག་པ་ཡུམ་གྱི་ཀློང་།། སྐྱེ་བ་མེད་པའི་དབྱིངས་ཉིད་ནས།། ཐུགས ་རྗེ་བྱིན་རླབས་ཆེན་པོ་ཡིན།། ཡེ་ཤེས་ལྷུན་གྲུབ་གཞལ་ཡས་ཁང་།། ཕྱི་དང་ནང་མེད་ཀུན་ཏུ་སྣང་།། གསར་རྙིང་ཐོད་ཆེན་འབར་བས་གཏམ།། གྲུ་བཞི་རིན་ཆེན་རྒྱུ་དང་ལྡན།། སྒོ་བཞི་གྲུ་ཆད་པར་ཁྱམས་བཞི།། ཏ ་བབས་བཞི་དང་ཏ་ར་དང་།། དྲ་བ་དྲ་ཕྱེད་ཆུན་འཕྱང་སྦྲུལ།། ལྷ་བརྒྱད་ཀླུ་བརྒྱད་ཀ་བ་གདུང་།། ཉི་ཟླ་རིན་ཆེན་གདན་དང་ཟི།། གཟའ་དང་རྒྱུ་སྐར་ལྡན་པས་ཀླུབས།། རུས་སྦལ་སྦྲུལ་དང་ཁྱུང་གིས་མཛེས།། བྷནྡྷ ་བ་ཁྱང་གས་མཛེས།། བྷཊྚ་ལྕང་ལོའི་ཁ་བད་ཅན།། རྟ་ལའི་ཤིང་དང་རོ་རྟག་གླིང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ལྡན།། གྲུ་གསུམ་མཐིང་ནག་འབར་བ་ལ།། ཟླ་གམ་དམར་པོ་དབང་གི་ཚུལ།། ཐོད་མཁར་བཞི ་དང་ལྡན་པ་ལ།། ལྕགས་མཁར་གླིང་ཆེན་བཞི་གསུམ་ལྡན།། འབར་བ་ཁྲག་གི་བར་ཁྱམས་ལ།། སྒོ་བཞི་མུ་ཁྱུད་དུར་ཁྲོད་བརྒྱད།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། བདེ་གཤེགས་ཐུགས་ཀྱི་རང་བཞིན ་གྱིས།། ལྷུན་གྲུབ་དཀྱིལ་འཁོར་གསང་བའི་དབུས།། མ་མོ་གཤིན་རྗེའི་དེད་དཔོན་གྱིས།། དམ་ཚིག་དྲན་ཏེ་གདན་དུ་བསྣོལ།། དྲི་ཟ་གཤིན་རྗེའི་ཀླུ་བདག་དང་།། གནོད་སྦྱིན་གྲག་པ་བསྣོལ་བ་ཡི།། ཉི་ཟླ་འབར་བ ་རོ་ཡི་གདན།། ཡི་དགས་མ་ཧེའི་ཁྲི་སྟེང་ན།། གྱད་ཀྱི་བརྗིད་ཚུལ་འཇིགས་པར་གནས།། སྔགས་ཀྱི་ཡི་གེ་བཅུ་བདུན་པོ།། ངའི་གཟུགས་སུ་གྱུར་པར་བྱའོ།། སྦྱོར་སྒྲོལ་ཁྲོ་བོ་འཇིགས་བྱེད་ཚོགས།། སྨུག་ནག་སེར ་ནག་དམར་ནག་དང་།། ལྗང་ནག་འཇིགས་པའི་ཚོགས་དང་བཅས།། ཡེ་ཤེས་ཐུགས་ཀྱི་ས་བོན་ལས།། འཇིགས་བྱེད་ཡ་མ་ར་ཛ་དང་།། ནག་མོ་ཁྲག་གི་དམིག་ཅན་དང་།། སྔགས་པ་ལས་ཀྱི་ཕོ་ཉ་བཅས།། ཐོད ་མཁར་གཤིན་རྗེ་བདུད་དང་ནི།། སྲིན་པོ་གནོད་སྦྱིན་ཁྲོ་བོ་ལས།། ལྕགས་མཁར་ཁྲམ་བདག་བཞི་གསུམ་ལྡན།། ཞིང་དབྱུག་དགྲ་སྟ་རལ་གྲི་དང་།། སྡིགས་མཛུབ་མདུང་དང་ཐོད་རློན་དང་།། ཏྲི་ཤུལ ་བྷནྡ་དམར་བཀང་དང་།། ཙིཏྟ་སྤྱང་མོ་ཁྲ་ཐབས་ཚུལ།། རལ་གྲི་ཞགས་པ་མེ་དཔུང་འབར།། འགུགས་བྱེད་སྙིང་ཁྲག་སྟོབས་པ་དང་།། དབྱུག་པ་འཁོར་ལོ་ལ་སོགས་པས།། མཚོན་ཆ་མེ་ལྕེ་འབར་བ་འཁྲིགས།། གླང ་ཆེན་ཀོ་རློན་སྟག་ཤམ་སྦྲུལ།། ཐོད་པ་ཚར་གསུམ་ཉི་ཟླ་དང་།། ཁྲག་ཞག་ཚོམ་བུ་འབར་བ་ཡི།། ཡེ་ཤེས་ཁྲོ་བོ་འཇིགས་པའི་སྐུ།། དེ་མཐོང་ཙམ་ན་ཁྲོ་བོ་ཀུན།། ལག་ཆ་ཤོར་ནས་གན་ཅིང་བུག། ཧཱུཾ་དང་ཕཊ་དང་ཧ ་ལ་དང་།། བྷྱོ་དང་ཨ་ར་ལི་ལ་སོགས།། ཁྲོ་བོ་རྔམ་པའི་སྒྲ་དང་ལྡན།། དུར་ཁྲོད་འབར་བའི་བར་ཁྱམས་ནས།། ནག་མོ་རལ་པ་འབེབས་པའི་ཚོགས།། རཀྟའི་རྒྱ་མཚོར་འཁྲུག་ཅིང་སྐམ།། དུར་ཁྲོད་འབར་བའི ་གནས་བརྒྱད་ནས།། བརྡ་དང་གར་གྱུར་རྡོ་རྗེ་གདེང་།། སྤྲུགས་པའི་གླུ་ལེན་རྐང་དུང་འབུད།། ཤ་ཟ་ཁྲག་འཐུང་རྐན་རྡེབ་དང་།། ཁྲོ་རྒོད་དར་ནག་གཡབ་དོར་དང་།། དུར་ཁྲོད་རོ་ལ་འཐུང་ཞིང་ཟ་བ་དང་།། འཁོར ་ལོ་གདེང་དང་གནམ་ལྕགས་འཕན།། འོ་དོད་འབོད་ཅིང་ཁྲག་ཆེན་འཐུང་།། འཛུམ་པའི་གདངས་འདོན་རྔམ་པའི་ང་རོ་སྒྲོགས།། ལྕེ་ལྕང་ལི་རྔུ་རྐང་ཀ་མཆུ་རིངས་འཚོགས།། དཔག་མེད་དུར་ཁྲོད་འབར་བའི་རྒྱན ་དང་ལྡན།། དཀྱིལ་འཁོར་དུར་ཁྲོད་ལྷུན་གྲུབ་རྫོགས་པ་ཆེ་བ་ཧོ།། མི་རྟོག་དབྱིངས་ལས་ཐུགས་རྗེ་ཆེན་པོ་ཡིན།། འགྲོ་དྲུག་ཐབས་ཀྱིས་འདུལ་ཕྱིར་ཁྲོ་བོའི་སྐུ།། དབུ་གསུམ་ཕྱག་དྲུག་འཇིགས་ཤིང་རྔམ་པར ་བགྲད།། རྟག་ཆད་འཛིན་རྟོག་མཐའ་ལས་འདས་པའི་སྐུ།། རང་འབྱུང་ལྷུན་གྲུབ་གཤིན་རྗེ་གཤེད་པོ་སྟེ།། ཕྱག་རྒྱ་ཆེན་པོ་གྲོལ་བའི་ལམ་དུ་གསུངས།། ཞེས་གསུངས་སོ།། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས ་ཤིང་གསལ་བར་གྱུར་ཏོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་པོ་དེས། འབར་བའི ་དཀྱིལ་འཁོར་ཆེན་པོ་དག་ལ། མཆོད་པ་མཉེས་པར་བྱ་བའི་ཆེན་དུ། འབར་བྱེད་འཇིགས་པའི་གཏུམ་དྲག་ཅན་རྣམས་སྤྱན་དྲངས་པའི་ཆེད་དུ་གསུངས།། རང་བཞིན་དཀྱིལ་འཁོར་ལྷུན་གྲུབ་ནི།། རང་བཞིན་ངོ ་པོ་ཐུགས་རྗེའི་ལྷ།། མ་ལུས་འདུས་པའི་བདག་ཉིད་ཆེ།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། བར་བྱེད་དཀྱིལ་འཁོར་སྤྱན་འདྲེན་མཆོད།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། མཐིང་ནག ་འབར་བ་རལ་པ་འཁྱིལ་བའི་ལྷ།། རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ་ཡིས།། སུམ་ཅུ་རྩ་གསུམ་ལྷ་རྣམས་ཀུན་ཀྱང་འདར།། སྤྱན་མིག་སྡང་དགུ་གྱེན་དུ་ཟློག་པ་ཡིས།། ཕྱོགས་བཅུའི་ཁྲོ་བོ་ཀུན་ཀྱང་གན་བུག ་སྲེག། སྨིན་མ་གློག་སྟོང་འོད་དུ་འབར་བ་ཡིས།། སྤྲུལ་པའི་ཕོ་ཉ་མང་པོས་སྲིད་གསུམ་འགེངས།། མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ཡིས།། དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་མཛད་པའི།། ཞལ ་ནས་ཁྲོ་བོའི་གད་རྒྱངས་སྒྲོག་པ་ཡིས།། ཁམས་གསུམ་སྲིད་པ་མ་ལུས་འགུལ་ཞིང་འདེགས།། ཕྱག་དྲུག་མཚོན་ཆ་དགྲ་བགེགས་ཐལ་བར་ཀློག། ཐུགས་དམ་བསྐུལ་གྱིས་གནས་འདིར་གཤེགས་སུ ་གསོལ།། འཇིགས་བྱེད་ཡ་མ་ར་ཛའི་ཐུགས་དམ་དགེས་བསྐུལ་མ།། ཨ་ཀ་ཙ་ཏི་འཇིགས་བྱེད་དཔལ་གྱི་ཡུམ།། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་མ་ཅིག་ལྷ་མོ་རྡོ་རྗེ་དམ་ཚིག་ཅན།། སྐུ ་སྟོད་གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན།། སྐུ་སྨད་སྟག་ལྤགས་རློན་པ་འབུམ་གྱིས་ཆག་ཆག་ཅན།། གཡུ་ཡི་རལ་པས་དུར་ཁྲོད་ཁམས་ཀུན་ཁྱབ།། འཇིགས་བྱེད་ཡ་མ་ར་ཛའི་ཐུགས་དམ་བསྐང་ཕྱིར་གཤེགས་སུ ་གསོལ།། དགྲ་བགེགས་རྩ་བ་དྲུང་ནས་འབྱིན་ཅིང་གཤེགས་སུ་གསོལ།། ཨོཾ་ཨཱ་ཀྲོ་ཏེ་ཀ་མནྟ་ཀ་འཛུཿཤྲི་ཀ་ལ་རུ་པ་ཀྵ་ཡ་ནན། བཾ་རྦད་རུ་ལུ་ཧཱུཾ་ཛ། རུ་ལུ་རུ་ལུ་ཚལ་པ་ཡ་ནི་ཏེ་ཤ་རུ་ནི་ནན། ཆེ་གེ་མོ་མ་ར་ཡ་ནན། ་ཅེས་གསུངས་པར་གྱུར་ཏོ།། དེའི་ཚེ་ཕྱོགས་དུས་བདག་ཉིད་ཆེན་མོའི་སྐུ།། དཔལ་འབར་གཤིན་རྗེ་གཤེད་པའི་ཚོགས། མ་ལུས་ལུས་པ་མེད་པ་མཉམ་པ་ཉིད་ཀྱིས་དབྱིངས་ལས། འཇིགས་པའི་སྐུ་ཁྲོས་ཏེ། བདུད ་ཀྱི་ཚོགས་ཐམས་ཅད་འཇོམས་པར་གྱུར་ཏོ།། དེ་ནས་ཡང་འབར་བའི་དཀྱིལ་འཁོར་དེ་དག་ལ་མཆོད་པས་མཉེས་པའི་འཕྲིན་ཡོངས་སུ་བསྐང་སྟེ།། མཆོད་པ་ཡོངས་སུ་མཉེས་པར་འབུལ་བ་ཞེས་བྱ་བ་འདི་གསུངས ་སོ།། མཁའ་གཏིང་དབུས་མཐའ་ཡུམ་གྱི་ཀློང་།། དབྱིངས་ལས་ཡེ་ཤེས་མཆོད་པའི་རྫས།། སྣང་སྲིད་སྐུ་གསུང་ཐུགས་ཀྱི་རྒྱན།། གཉིས་སུ་མེད་པའི་དོན་གྱིས་ནི།། བླང་དོར་ཐ་དད་སྤང་སྟེ་དབུལ།། འབར་ཆེན ་དཀྱིལ་འཁོར་མཉེས་གྱུར་ཅིག། ཐུགས་ཀྱི་རྒྱན།། གཉིས་སུ་མེད་པའི་དོན་གྱིས་ནི།། བླང་དོར་ཐ་དད་སྤང་སྟེ་དབུལ།། འབར་ཆེན་དཀྱིལ་འཁོར་མཉེས་གྱུར་ཅིག། ཨརྒྷཾ་དྷཱ་པ་མར་མེ་དྲི།། མེ་ཏོག་ཞལ་ཟས་སྒྲ་སྙན ་རྣམས།། བཟའ་དང་བཅའ་བཏུང་དང་བགོ། ལོངས་སྤྱོད་ལྔར་ལྡན་ཐམས་ཅད་ཀྱིས།། འབར་བའི་དཀྱིལ་འཁོར་ཐིམ་པར་དགྱེས།། དུག་ལྔ་བདུད་རྩི་རབ་སྦྱར་བའི།། ཡེ་ཤེས་ལྔ་རྫོགས་མཆོད་པའི་རྫས།། གཏུམ ་རྔམ་འཁྲུགས་པའི་ཚོགས་ལ་དབུལ།། འབར་བྱེད་དཀྱིལ་འཁོར་ཁྲོས་པ་ཡིས།། གཉིས་སུ་མེད་པས་གདུག་པ་བསྒྲལ།། འཁྲིལ་བྱེད་མཆོད་པ་མཉམ་སྦྱོར་བའི།། ལྷ་དང་ལྷ་མོ་ཇི་སྙེད་པ།། དཀྱིལ་འཁོར་ཉིད་ལ ་རྫོགས་པར་ཐིམ།། ཞེས་གསུངས་སོ།། འབར་བའི་དཀྱིལ་འཁོར་ཆེན་པོ་རྣམས།། རབ་ཏུ་མཉེས་པ་ཐིམ་པར་འགྱུར་ཏེ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། འབར་བའི་དཀྱིལ་འཁོར་མཆོད་པས་མཉེས ་པར་བྱ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་འཕྲེང་བ་རབ་ཏུ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐྱོབ་པ་བླ་ན་མེད་པ་གསང་སྔགས ་ཀྱི་དེ་ཁོ་ན་སྐུ་གསུང་ཐུགས་རྡོ་རྗེ་ལས་ཐོན་ཏེ། ཨོཾ་ས་མ་ཡ་མཉྫུ་ཤྲི་མུ་ཏྲ། ཡ་མན་ཏ་ཀ། པན་ཙ་ཏེ་རེ་ནི་ཧཱུཾ་ཛཱ། ཨོཾ་ས་མ་ཡཱ། མཉྫུ་ཤྲི། ཡ་མན་ཏ་ཀ་ཡ་མ་རཱ་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏྲ། སྙིང་ཁ་རག ་མ་བྷྱོ། རག་མོ་ཏེ་ཀུམ་ཛ་ཛཱ། ཁ་ལ་མ་ཏི་བྷྱོ་བྷྱོ། ཡཱ་ཡཱ། ལོན་ཙིན་དན་མ་ལ་བྷྱོ། ཛ་ཛཱ་སྙིང་ཁ་རག། སྲོག་ལ་བྷྱོ་བྷྱོ། ཞེས་གསུངས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་འཕྲེང་བ་འདི་དག་རབ་ཏུ ་བསྒྲགས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་གཡོས་ཏེ། འུར་རབ་ཏུ་འུར། ཀུན་ཏུ་རབ་ཏུ་ལྡེག་གོ། འཐོར་རོ།། རབ་ཏུ་འཐོར་རོ།། དེའི་ཚེ་འཁོར་དུ་འདུས་པ་རྣམས་ཀྱང་རབ་ཏུ་བྱེད་དེ། ལ་ལ་ནི་སྙིང ་འགས་པ་སེམས་སོ།། ལ་ལ་ནི་སྙིང་འབྱུང་བ་སྙམ་སེམས་སོ།། ལ་ལ་ནི་རབ་ཏུ་འགྱེལ་བ་སྙམ་སེམས་སོ།། དེ་བཞིན་དུ་འུབ་པ་དང་། གན་བ་དང་། རྒོད་པ་དང་། ཁྲོ་བ་དང་། གླུ་ལེན་གར་བྱེད་པ་ལ་སོགས་ཏེ། ་འཁོར་ན་འདུས་པ་རྣམས་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་སྲོག་ཐམས་ཅད་འཕྲོག་པར་འགྱུར་རོ།། དེ་ནས་གདུག་བྱེད་ཀྱི་གཤིན་རྗེ་ལ་སོགས་པ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་རྣམས་ཡོངས་སུ་སྐྲག་པར ་གྱུར་པ་ནི། ཡང་འདི་སྐད་ཅེས་གསུངས་སོ།། ཡ་མ་མེ་ད་ཀྵེ་རཱ་ཛཱ་ས་ཏྭ་ར་ན་ཡོ་ནི། རུ་ན་ཡོ་ནི། ར་ཡ་ཙ་ནི། ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ཎ་ཡ་ཏ། ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཨོཾ་ས་མ་ཡ་མཉྫ་ཤྲི ་ཡ་མ་རཱ་ཛ། ཏྲག་རཀྵ་མ་ཧི་དུན་བྷྱོ། མ་ཧཱ་ཡག་ཤ་ཏིག་སྣ་ནག་མོ་དུན་བྷྱོ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཧི་བྷྱོ་བྷྱོ། སྙིང་ཁ་རག་ཕྲོམ་ཧིང་མ་དུན་རག་མོ། ཤན་པ་མ་ར་ཡ། ཐུན ་བ་ས་མ་ཡ་ཛ་ཛ། ཡ་མ་དུ། སྙིང་དུ། ཁྲག་དུ། ཕྲོམ་སྲིང་སྲོག་ཁུག། ས་མ་ཡ་ཆེ་གེ་མོ་ཞིག། ཨ་མུ་ཀི་པྲ་མ་ཡ་ཧཱུཾ་ཕཊ། ཆེ་གེ་མོ་ཞིག། ཨ་མུ་ཁཾ་རག་ཏ་ཙ་ར་ཡ་ཧཱུཾ་ཕཊ། ཆེ་གེ་མོ་ཞིག། ཨ་མུ་ཁཾ་མུར་ཙ་ཡ་ཧཱུཾ་ཕཊ། ཆེ ་གེ་མོ་ཞིག་ཨ་མུག་ཁམ་མ་ར་ཡ་ཧཱུཾ་ཕཊ། ནི་མ་ར་ཡ། མ་ར་དུ་ཡ་མ་སྙིང་། ཡ་མ་ཁྲག། ཚལ་བ་བཾ་རི་ལ། དཾ་པ་དུཾ་བུ་ཧཱུཾ་ཕཊ་ཛ། ཨོཾ་ཡ་མ་ར་ཛ་ས་དོ་མེ་བྷྱོ་རུ་ལུ་རུ་ལུ་ཆེ་གེ་མོ་ཧཱུཾ་ཕཊ། བཾ་རི་ལ་ལི་ལི་རྦད་ནན། ཨོཾ་དུ་བ ་ནུར་དུ་བ་ནུར་ཆེ་གེ་མོ་ཚལ་པ་ཚལ་པ་ནན། ཨོཾ་སྙིང་བ་ཤོ། སྙིང་མེ་ཁ་ལ། མུ་ལུ་ཙ་ཐུན་ནན། ཨོཾ་སྭ་སྟི། པུ་རུ་གོང་ཀ་རཱ་ཛ་ན་ན། ཆེ་གེ་མོ་མ་ར་ཡ་ན་ན། ཅེས་གསུངས་པར་གྱུར་ཏོ།། དཀྱིལ་འཁོར་ཆེན་པོ་ཡོངས་སུ ་རྫོགས་པར་གྱུར་ཏེ། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིས། དངོས་གྲུབ་ཉེ་བར་བསྒྲུབ་པ་ཞེས་བྱ་བ ་འདི་ཐུགས་རྡོ་རྗེ་ལས་ཐོན་ཏོ།། ཐོག་མར་དམ་ཚིག་ལྡན་པ་ཡིས།། སྟོབས་ལྡན་འགྲོད་པ་ཐོག་པ་ཡིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། ལྷོ་ཕྱོགས་བྲག་གམ་དུར་ཁྲོད་གནས།། དབེན་ཞིང ་ཉམས་དགའི་གནས་དག་ཏུ།། ཚུལ་ལྡན་བཤེས་པའི་གྲོགས་ཁྲིད་དེ།། དུར་ཁྲོད་ས་ལ་མ་འདལ་རྩིག། བསྒྲུབ་དང་མཆོད་པའི་རྫས་བཀོད་ལ།། དུར་ཁྲོད་རས་ལ་དཔའ་བོའི་གཟུགས།། ཚོན་རྩི་སྦྱིན་མེད་བཟང་པོ ་ཡིས།། ཁྲོས་པའི་གཟུགས་ལ་སྤྲིན་ནག་མོ།། མཁས་པས་ཡབ་ཡུམ་སྲས་བཅས་བྲི།། རབ་ཏུ་གནས་པའི་ཆོ་ག་བྱ།། སྔོན་དུ་བསོད་ནམས་ཚོགས་བསག་ལ།། སྔགས་ཀྱི་ཡིག་འབྲུ་བཅུ་བདུན་པོ།། ཁྲོ་བོ་ཉིད་ཀྱིས ་གསུངས་པ་དག། འབུམ་ཕྲག་བཅུ་གཅིག་རྫོགས་པར་བྱ།། དེའི་ཚེ་མཚན་མ་ལུས་ལ་འབར།། འོད་དཔུང་འཁྲིལ་དང་ལུང་སྟོན་སྨྲ།། རྨི་ལམ་རྟགས་རྣམས་མང་དུ་འབྱུང་།། མཚན་མ་བཟང་པོ་བྱུང་བ་དང་།། དངོས ་གྲུབ་བླང་བའི་ཆོ་ག་བྱ།། རྟགས་རྣམས་མངོན་དུ་མ་བྱུང་ན།། དམ་ཚིག་གཤེགས་ལ་བསྙེན་པ་སྤོགས།། དཀའ་ཐུབ་ལྡན་པས་བརྟུལ་ཞུགས་སྤྱོད།། མི་སྨྲ་མི་ཡུར་མི་འཁྱམ་པར།། ལྷ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། ཀུ ་ཤའི་སྟན་ལ་འདུག་ནས་ནི།། རི་མོ་དག་ལ་སེམས་ལྟ་ཞིང་།། བཟླས་པའི་ཡི་གེའི་རིམ་པར་བྱ།། བྱིང་ནས་ཤེས་པ་མུག་འགྱུར་ན།། འཇམ་པའི་དབྱངས་ཀྱིས་རབ་བསྐུལ་ལ།། རྒོད་ཅིང་གཡེང་བར་གྱུར་ན་ནི།། མགོ ་ནི་རྨ་བྱ་བཞིན་བཀུག་ལ།། མཚན་མ་ལྷ་ཡི་སྐུ་ལ་བརྟག། ཇི་སྲིད་ཡིད་ནི་མི་སྐྱོ་བར།། རྩེ་གཅིག་སེམས་ཀྱིས་བཟླས་པར་བྱ།། བེ་ཤིང་སེང་ལྡེང་ཐོགས་ནས་ནི།། ཞིང་ལྤགས་གོན་ཞིང་དོམ་ལྤགས་འདིངས།། བགྲོད ་དཀའ་དུར་གན་གནས་སུ་འགྲིམ།། མྱུར་བ་མ་ཡིན་བུལ་པ་མིན།། དེ་བཞིན་ཡི་གེ་འདྲེས་པ་མིན།། ཤིན་ཏུ་གསལ་ཞིང་དག་པར་སྨྲ།། སྔགས་ཀྱི་བཟླས་གྲངས་བར་བར་དུ།། ཁྲོ་བོའི་སྟོད་ར་གཏང་བར་བྱ།། རཀྟ ་དམར་གྱི་ཨརྒ་དབུལ།། ལྷ་སྲིན་སྲོག་གི་རྩ་བར་ནི།། ཡིད་བཞིན་ནོར་བུའི་འཕྲེང་བ་སྟེ།། རྣམ་པ་ཡི་གེ་ངོ་བོ་ལྷ།། རང་བཞིན་སྟོང་པ་ནུས་པ་མེད།། ཉི་ཟླ་རྒྱ་མཚོ་ལྷུན་པོ་བརྗིད།། ཡ་མན་ཏ་ཀའི་ངོ་བོ་ཉིད།། ཨོཾ་ཨ ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཏ་བན་ཛ་ཧཱུཾ་ཕཊ། འཕགས་པའི་ནང་ནས་འཇམ་དཔལ་ཉིད།། ལྷ་མོའི་ནང་ནས་འོད་ཟེར་ཅན།། འཆི་བདག་གཤིན་རྗེ་ཤན་པའི་ཚོགས།། རྡོ་རྗེ་ཁྲོ་མོ་ཁྲག་མིག་མ།། ནག་མོ་རལ་པོ ་འབེབས་པའི་ཚོགས།། བསྙེན་ཅིང་བསྒྲུབས་ན་གང་ཡང་མེད་པ་འགྲུབ།། རྟག་པ་ཆུ་བོའི་གཞུང་བཞིན་དུ།། དུས་ཀྱི་བསྙེན་པ་གཙོ་རུ་བླང་།། སྔགས་ཀྱི་འཕྲེང་བ་སྟོང་རྫོགས་དང་།། སྟོང་ཚིགས་མཆོད་དང་བསྟོད ་པར་བྱ།། དྲག་ཏུ་གཤིན་རྗེ་དགུག་པ་ནི།། ཁུར་པས་བུས་ལ་གཤིན་དམིག་ཟློག། ཚིལ་ཆེན་མར་མེ་རྒྱུན་མི་སྤྱད།། རྫ་རྔ་བརྡུངས་ཞིང་གཤིན་རྗེའི་ཚོགས།། སྨུག་ཆེན་སྤུག་ཆུང་སྙིང་ལ་བོད།། དཔའ་བོ་གྲུབ་རྟགས ་བྱུང་བ་དང་།། དངོས་གྲུབ་དམ་ཤིང་བླང་བར་བྱ།། ཤན་པ་ལས་མཁན་འབྱུང་བའི་ཚེ།། དམིགས་པ་དགུ་པའི་ལས་བྱས་ཏེ།། སྔགས་དང་ཏིང་འཛིན་ཕོ་ཉས་དགུག། བླ་རྟགས་མཐོང་ནས་བསད་པ ་ཙམ།། འཁོར་ལོ་ཐུན་བསྡེབས་བསད་པའི་ལས།། བཞི་དང་བདུན་བཞི་དག་ཏུ་ཡང་།། དུས་མེད་དུས་ཀྱི་འཁོར་ལོ་བསྐོར།། ཐུན་གྱི་ཁ་གསོ་རྒྱུན་ཏུ་བྱ།། སྔགས་ཀྱི་དྲངས་པར་བརྒྱ་སྟོང་ལ།། ཕུ་སྤུག་དྲིལ་བའི་ཅི ་ཀྲུགས་བྱ།། ཚེས་གཅིག་དག་དུ་བརྩིས་པ་ཡི།། ནམ་ཕྱེད་མནན་པའི་ཆོ་ག་བྱ།། ལས་འཇུག་དྲག་པོ་ཧོམ་གྱིས་བཅད།། ཅེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། བསྒྲུབ་པ་རྩ་བའི་ལེའུ་སྟེ་ལྔ ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་ལ་དབང་ངེས་པར་བསྐུར་བའི་ཆེད་དུ་འདི་གསུངས་སོ།། འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར ་ད།། བསྙེན་པ་དྲོད་དང་ལྡན་བྱས་ལ།། ཚོགས་དང་གཏོར་མ་གཏང་བར་བྱ།། རྣལ་འབྱོར་ཉམས་ཆག་ཚོགས་ཀྱིས་བསྐང་།། ཕྱི་དང་གི་མཚམས་བཅད་ལ།། བཀྲ་ཤིས་ས་ལ་མན་ཌལ་བྱ།། བཀྲ་ཤིས་བུམ་པར་ལྷ ་གྲངས་དགྲམ།། རང་བྱུང་བུམ་པ་བདུད་རྩིས་དགང་།། མ་ཉམས་མགུལ་ཆིངས་ཁ་རྒྱན་མཛེས།། གདན་ལ་ཡིག་འབྲུ་ཡབ་ཡུམ་བསྐྱེད།། ཁྲོ་བོའི་སྙིང་པོ་འབུམ་ཕྲག་བརྗོད།། རིན་ཆེན་བུམ་པ་མཛེས་བརྒྱན་ལ།། ལྷ ་གྲངས་རྫོགས་པར་བསྐྱེད་ལ་བཞག། ལྕང་ལོ་མཛེས་པའི་བྷན་དྷ་རུ།། བདུད་རྩི་ཞུན་མར་སྣུམ་གྱིས་དགང་།། དངོས་གྲུབ་དཔལ་དང་ལྷ་བསྙེན་དང་།། ལས་སུ་བྱིན་རླབས་སོ་སོའི་སྔགས།། བཅུ་བདུན་མཐའ་རུ ་གང་འདོད་གདགས།། བུམ་པའི་བྱ་བ་རྫོགས་པ་དང་།། དབུ་རྒྱན་ལ་སོགས་བྱིན་བརླབས་ལ།། སློབ་མ་བསྐྱེད་ལ་ཁྲུས་དང་སྦྱར།། ཕྱག་བྱ་གདོང་བགབ་གསོལ་གདབ་དང་།། སྡིག་བཤགས་སྡོམ་པ་གཟུང་བ ་དང་།། སྡིག་པ་བྲལ་ལ་ཡེ་ཤེས་དབབ།། བསྟན་པར་བྱས་ལ་སོ་ཤིང་དོར།། རྟགས་རྣམས་བརྟགས་ལ་ཀུ་ཤ་ཕྱིན།། ལྷག་པར་གནས་ལ་རྨི་ལམ་བརྟག། ཡི་དགས་ཕལ་ཆེན་དཀྱིལ་འཁོར་འདིར།། མེ་ཏོག་གཏོར་ལ ་དམིགས་པ་གཟུང་།། ཕྱག་འཚལ་གསོལ་གདབ་སྤྲོ་བ་བསྐྱེད།། ལུང་བསྟན་དམ་འབོག་སྡོམ་པ་སྦྱིན།། བརྡ་བསྒོ་དབྱེ་དང་གདོང་གཡོགས་བཀྲོལ། ལྷ་ངོ་བསྟན་ཞིང་དབང་རྫས་སྦྱིན།། སྙིང་ཀར་ཉི་ཟླ་རྡོ་རྗེ ་བཞག། ལུས་བསྲུངས་པའི་ཕྱག་རྒྱ་དགོད།། དེ་ནས་བུམ་པའི་བྱ་བ་བརྩམ།། ཁྱད་པར་བདག་བླང་ལས་ཀྱི་གྲུབ།། རིགས་ཀྱི་བུམ་པས་དབང་བསྐུར་བྱ།། དབུ་རྒྱན་དཔལ་གྱི་ཆས་བརྒྱད་དང་།། ཕྱག་མཚན་སྟོབས ་ཀྱི་དབང་བསྐུར་བྱ།། རྡོ་རྗེ་དྲིལ་བུ་རིག་པ་འཛིན།། ཐབས་དང་ཤེས་རབ་ཕྱག་རྒྱ་བྱིན།། ལས་བསྟན་ཁམས་གསུམ་བདག་པོར་བསྐུར།། དབུགས་དབྱུང་གཟེངས་བསྟོད་ལུང་ཡང་བསྟན།། མིང་གདགས་བརྒྱ་དགྲོལ ་བཀའ་བསྒོ་བྱ།། དམ་བསྒྲགས་གདམ་ངག་བཅའ་གཞི་བསྟན།། གསང་བ་མི་སྒྲ་མཆོད་པ་དབུལ།། དེ་ནས་དུར་ཀྲོད་ཁྱད་པར་དབང་།། ཡི་དགས་ཕལ་ཆེན་དཀྱིལ་འཁོར་དུ།། རྫས་དང་ཡོ་བྱད་ཀུན ་བསགས་ལ།། གདན་ལ་ལྷ་རྣམས་རྫོགས་བྱས་ལ།། དབང་སྟེགས་ལྷོ་རུ་སློབ་མ་བཀྲུ།། འཇུག་རིམས་རྫོགས་དང་བྱིན་གྱིས་བརླབས།། ལྷར་བསྐྱེད་ལྷོ་ཕྱོགས་གདན་ལ་བཞག། དབུ་ལ་རྫོགས་པའི་རིགས་ལྔ ་ལ།། དེ་བཞིན་པདྨ་བཛྲ་དག། གདན་ལ་ལྷ་རྣམས་རྫོགས་བྱས་ལ།། དབུ་དང་ལྕེ་སྟེང་ཐུགས་ཁར་བསྟིམ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ།། དུག་གསུམ་གནས་སུ་འཇོམས་པ་ཡི།། ཞིང་གི་དབྱུག་པའི་དབང ་ཡང་སྦྱིན།། འཁོར་བ་དབྱིངས་སུ་དག་པའི་དབང་།། དགྲ་སྟ་འབར་བ་འདེབས་པ་སྦྱིན།། ཉོན་མོངས་ཡེ་ཤེས་རང་གནས་པའི།། ཤེས་རབ་ཆེན་པོ་རལ་གྲི་སྦྱིན།། སྡིགས་མཛུབ་མེ་ལྟར་འབར་བ་ཡི།། གདུག་པ་ཟིལ ་གནོན་དབང་དག་སྦྱིན།། ཉོན་མོངས་ཡེ་ཤེས་བསལ་འབིག་པའི།། མདུང་ཟུང་འབིག་པའི་ཚུལ་དུ་སྦྱིན།། ཡེ་ཤེས་ལྡན་པར་བསལ་བ་ཡི།། བྷན་དྷ་མཛེས་པ་ཁྲག་ཁལ་བྱིན།། གླང་ཆེན་ཀོ་རློན་སྟག་ཤམ ་དང་།། གཡང་གཞི་རཀྟའི་ཐིག་ལེ་དང་།། ཟོར་རིས་ཐལ་ཆེན་ཚོམ་བུ་ཡིས།། དུག་ལྔ་སྐུ་སྔར་སྒྲོལ་བ་བྱིན།། ཐོད་པ་སྐམ་རློན་ཙིཏྟ་དང་།། སྦྲུལ་དང་རྡོ་རྗེ་གཤོགས་པ་དང་།། རིན་པོ་ཆེ་དང་མེ་རི་ཡིས།། བསོད ་ནམས་ཡེ་ཤེས་བྱང་སེམས་དང་།། སྐྱེ་མེད་དུག་གསུམ་གཏན་བསྲེགས་པའི།། དགོས་འདོད་ཡོན་ཏན་རྫོགས་པར་སྦྱིན།། དུར་ཁྲོད་གཞལ་མེད་དྲེགས་པ་དང་།། མ་ཧེ་ཉི་ཟླ་པདྨ་སྦྱིན།། ཁམས་གསུམ་མ་ལུས་སྦྲུལ ་བ་དང་།། དབང་ཆེན་བྲན་དུ་མངགས་པ་ཡི།། བདག་པོ་ཕྱག་རྒྱ་བསྟན་དབང་སྦྱིན།། རྣ་བའི་དབང་པོ་ཉན་པའི་དབང་།། ཐབས་ཀྱི་མན་ངག་ལྷུག་པར་སྤྱོད།། འཆད་པ་ལྕེ་ལ་བསྐུར་བ་ཡིས།། འདས་དང་མ་འདས ་ཀུན་གྱི་རྗེ།། ཐབས་ཀྱི་རྒྱལ་པོས་འགྲོ་བ་འདྲེན།། བསྒྲུབ་དང་བསྒོམ་པའི་དབང་བསྐུར་བས།། ཐུན་མོང་མཆོག་གི་དངོས་གྲུབ་ཐོབ།། རེ་དོགས་མེད་པར་དབང་དུ་བསྐུར།། འཕྲིན་ལས་རྣམ་བཞིའི་དབང་བསྐུར ་བས།། རྩ་བ་ཡན་ལག་ལས་རིམས་གྲངས།། རྩལ་ཆེན་གསུམ་དང་ལས་མཆོག་གསུམ།། ཐོག་པ་མེད་པར་སྤྱོད་པ་སྦྱིན།། དམ་རྫས་བཞི་དང་མི་འགྱུར་ཚེ།། འཆི་མེད་བདུད་རྩི་བྷ་ལིང་དང་།། ལོངས་སྤྱོད་ཚོགས ་དང་མཆོད་པ་དང་།། ཐབས་དང་ཤེས་རབ་བྱང་ཆུབ་སེམས།། ལྟ་སྤྱོད་འབྲེལ་བའི་དབང་རྣམས་སྦྱིན།། དེ་ནས་དབང་རྣམས་རྫོགས་པ་དང་།། ཤེས་རབ་གསང་མཆོག་སམ་པ་ཡི།། རྒྱ་ཆེན་སློབ་མ་གཟུགས་མར ་བཅས།། དུས་ཉམས་ཡོལ་བས་པར་བཅད་ལ།། དབང་གི་སྦྱོར་བ་ཐོན་དང་སྦྱིན།། གདན་ལ་སློབ་པར་རོལ་དུ་གཞུག། དངོས་གྲུབ་བླང་དང་མཁའ་འགྲོ་མཆོད།། སྙིང་པོ་ལྷ་དང་བཅས་པ་སྦྱིན།། ཡང་དག་དོན་གྱི ་མན་ངག་སྦྱིན།། འབྲས་བུ་མ་བལྟོས་བགྲོད་པའི་མཆོག། ཅེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། བགྲོད་པ་ཕྱག་རྒྱའི་དགྲོལ་བ་དབང་བསྟན་པའི་ལེའུ་སྟེ་དྲུག ་བའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དམ་ཚིག་གསང་བ་བཀོད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཆེད་དུ་འདི་དག་བརྗོད། རྟོགས་དང་བསྲུང་དང་གནས་བྱ་དང་།། སྤྱི་དང་ཁྱད་པར་ལྷག་པའི ་དོན།། ཆོས་རྣམས་མ་ལུས་ཀུན་གྱི་གཞི།། སྔགས་འཆང་གོ་འཕང་བགྲོད་པའི་སྲོག། ངོ་བོ་ཆོས་སྐུ་བྱང་ཆུབ་སེམས།། འཁོར་འདས་ལྷུན་གྲུབ་དང་དུ་རྫོགས།། དེ་མཚོན་དམ་ཚིག་སྲོག་ལྟར་མཚུངས།། རྣམ་གྲངས ་རྣམ་པ་གཉིས་ཡིན་ཏེ།། ཐུན་མོང་ཁྱད་པར་རིམ་པའོ།། ཐུན་མོང་རྩ་བ་ཡན་ལག་གཉིས།། སྐུ་གསུང་ཐུགས་དང་བྱང་ཆུབ་སེམས།། ཡན་ལག་མི་སྤང་དང་དུ་བླང་།། བསྒྲུབ་དང་སྤྱད་དང་ཤེས་པ་ལྔ།། བཅུ་ཕྲག ་གཉིས་དང་ལྔ་རུ་བཤད།། ཁྱད་པར་བསྲུང་བ་རྣམ་གཉིས་ལ།། བསྲུང་བ་ཉི་ཤུ་གཅིག་པ་བཀོད།། གཅན་གཟན་རྒྱལ་པོ་གསད་མི་བྱ།། ཟ་མ་ཏོག་ཏུ་དུག་མི་བླུག། རིན་ཆེན་ལྕུག་ཕྲན་གཅད་མི་བྱ།། གངས་ཀྱི་ཞུན ་ཆུ་བཏུང་མི་བྱ།། བུག་བརྟོལ་སྣོད་དུ་བཅུད་མི་བླུག། མི་ཤིག་སྣོང་དུ་མདངས་མི་དབབ།། ཡིད་བཞིན་ནོར་བུ་བསྲེག་མི་བྱ།། བྱ་ཁྱུང་གཤོག་པ་བཅག་མི་བྱ།། གནམ་ལྕགས་ཨུ་རྨོ་ནང་མི་འཐབ།། སྟག་གཟིག་རོལ ་བའི་ལྷག་མི་བསྡུ།། རྡོ་རྗེ་བལྟམས་པའི་བྲག་མི་བཤིག། མུན་སེལ་སྒྲོན་མ་བསད་མི་བྱ།། རྡོ་རྗེ་ཆུ་བོ་བཀའ་མི་བཅད།། རྒྱལ་པོ་ཕྱག་རྒྱ་རྟག་མིང་བྱེད།། རྡོ་རྗེ་རྫོང་གིས་མཁར་མི་བཤིག། རིན་ཆེན་རྒྱལ་མཚན་རྩེ་མི ་དབབ།། སྔོན་འབྱུང་བརྟུལ་ཞུགས་དགོས་པ་གཅད།། རྡོ་རྗེ་ར་བའི་རྨང་མི་བཅད།། མ་བརྟགས་ནོར་དང་རྫས་མི་བསྲེག། པདྨའི་ཟེ་འབྲུ་ཁ་མི་དབྱེ།། རྡོ་རྗེ་རྨང་གིས་རི་མི་བཤིག། ཁྱད་པར་དམ་ཚིག་བསྲུང་བར ་བཤད།། དངོས་སུ་ཉམས་ན་རྩ་བ་རུལ།། ཟུར་གྱིས་ཉམས་ཀྱང་འབྲས་བུ་རིང་།། གཞུང་དུ་བསྲུངས་ན་འབྲས་བུ་འཆར།། རྒྱུན་བསྲིངས་དོན་གྱི་མན་ངག་འགྲུབ།། ལྷག་པའི་དམ་ཚིག་རྣམ་གསུམ་བསྟན།། སྤྱོད་པ ་རྒྱུན་དང་རང་བཞིན་ལྟ་བ་དང་།། ཁྱད་པར་ལྷག་པ་རྣམ་པ་གསུམ་དུ་བཤད།། སྦྱོར་བ་སྔགས་ཀྱི་འཁོར་ལོ་ལ།། མ་ཡེངས་བསམ་གཏན་ཏིང་འཛིན་བསྟན།། གསང་བའི་ལམ་མིན་གཞན་མི་འགྲོ།། རིག་པའི་མ ་མདའ་ལེན་ཕྱག་མི་བཙལ།། མི་སྨྲ་བར་ནི་ཤ་ཆེན་ཟ།། གཡང་གཞི་སྟག་ལྤགས་རོ་གོས་གྱོན།། དུར་ཁྲོད་གནས་འགྲིམ་འཕྲེང་ཆེན་བགྲངས།། ལྟ་བའི་དམ་ཚིག་ཆེན་པོ་འདི།། མེད་པ་འཕྱལ་པ་གཅིག་པུ་ཉིད།། ཡེ ་འབྱམས་ཡེ་གནས་ཡེ་གསལ་ཁྱབ།། ལྷག་པའི་དམ་ཚིག་ལྔ་རུ་བཤད།། འདུན་པ་གསུམ་གྱི་བརྟན་པར་བརྟག། ཡིན་པ་བཞི་ཡིས་ལྷག་པར་རྟགས།། དབང་བསྐུར་གཉིས་ཀྱིས་བརྟན་པར་འགྲོ།། ལྟ་བ་བཞི་ཡི། ་ཉམས་རྟོགས་ལྡན།། གསང་བ་གསུམ་གྱིས་རང་དབང་སྡུད།། ཅེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན ་འདས་ཀྱིས་འཕྲིན་ལས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསོལ་ཏོ།། སྲོག་དོན་བཀའ་དམ་ལས་གྱིས་དང་།། མཚན་མ་འདོད་པ་ཉམས་པ་ཡིས། སངས་རྒྱས་བསྟན་པ ་འཇིག་པ་རྣམས།། མྱུར་དུ་བསྒྲལ་བར་བྱ་བའི་ཕྱིར།། ཡི་དགས་འཁོར་ལོ་ནག་པོ་ཡིས།། ལས་ཀྱི་སྤུ་གྱི་འཁྲུལ་འཁོར་སོ།། གསང་བའི་མངོན་སྤྱོད་སྒྲུབ་འདོད་ན།། ཐོག་མར་ཤེས་བྱ་བློ་སྦྱངས་ཤིང་།། དད་དང་དམ ་ཚིག་ལྡན་པ་ཡི།། ལྷ་སྤྱོད་གདེངས་ལྡན་རྣལ་འབྱོར་གྱིས།། དུར་ཁྲོད་ཆེན་པོ་རབ་འཇིགས་པའི།། གསར་རྙིང་མི་རོ་སྤུངས་པ་འམ།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི།། བྲག་རི་ནག་པོ་ཧ་ལའི་ཚལ།། འཆི་བདག་ཕོ་མོ ་བསྒྲུབ་པའི་གནས།། སྔོན་དུ་བསོད་ནམས་རྫོགས་པ་ཡིས།། དུར་ཁྲོད་ས་ལ་མ་འདལ་བྱ།། སྨེ་བའི་ཁྲག་གིས་རབ་བྱུག་ལ།། བྱང་ཆུབ་སེམས་དང་རབ་ལྡན་པས།། མི་སྨྲ་མི་ཡུར་མི་འཁྱམ་པར།། འདས་པའི་ཡི་གེ ་བཅུ་བདུན་པོ།། བྱེ་བ་སྔོན་དུ་རྫོགས་པར་བྱ།། ཁྱད་པར་གཤིན་རྗེ་བསྒྲུབ་པའི་དུས།། སྣང་སྲིད་རཀྟའི་གཞལ་ཡས་སུ།། དཔལ་དང་མ་མོའི་གཏོར་མ་དང་།། གཤིན་རྗེ་ཕོ་ཉའི་དམ་རྫས་བཤམས།། སྣང་སྲིད་མ་མོ ་འདུ་བའི་ཕྱིར།། རཀྟ་དམར་གྱི་ཨརྒ་དགྲམ།། སྔགས་པ་ཆས་གོས་ལྡན་པ་ཡིས།། ལྷ་ཡི་ཏིང་འཛིན་གསལ་བའི་རྟེན།། བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ།། ཏིང་འཛིན་རྣམ་གསུམ་རིམ་པས་བསྒོམས།། ཡ་མན་ཏ་ཀ ་འཁོར་བཅས་བསྐྱེད།། དབྱིངས་ནས་སྤྱན་དྲངས་མཆོད་པ་དབུལ།། དེ་ནས་དྲག་པོའི་སྦྱོར་བ་ནི།། དྲག་པོའི་འཁོར་ལོ་བསྐོར་བའི་དུས།། དུར་ཁྲོད་རས་ལ་སྔགས་བསྟིམ་སྟེ།། ལས་ལ་སྦྱོར་ཁོའི་བསྙེན་པ་བྱ།། རས ་ལ་དུག་དང་སྒྲ་ཁྲག་བྱུག། སྲིད་གསུམ་ལྟོ་ན་ཡོད་ཏེགས་སུ།། འཁོར་ལོ་རིམ་པ་གསུམ་དུ་བསྐོར།། དབུས་སུ་མུ་ལའི་ཡི་གེ་ཡ།། ཕྱོགས་བཞིར་ཡ་མེ་དཀྵེ་བྲི།། ཕྱི་རིམ་ཁང་པ་བཅུ་གཉིས་སུ།། མེ་དཔལ་ཡི་གེ་བཅུ ་གཉིས་དགོད།། ཡང་ལོགས་ཁང་པ་བཅུ་དྲུག་ལ།། སྔགས་ཀྱི་རྒྱལ་པོ་ཁ་སྣོམ་སྟོབས།། ནག་པོ་འཇིགས་པའི་ལྟེ་བར་བཞུགས།། ཕྱི་རིམ་རྨོད་པ་ནག་པོའི་མཚོན།། རྙེ་ཀྲེ་དྷ་དེ་བླ་དེ་བ། ཝ་ཏེ་ཨ་མོ་ཁཾ། དགྲ་བོ་མཱ་ར ་ཡ་ཧཱུཾ་ཕཊ། སྡེ་བརྒྱད་དུག་གི་སྤུ་གྲི་དེ།། འཆི་བདག་སྲོག་སྙིང་འཕྲེང་བ་དགོད།། རྒྱ་ཆེ་བ་ཡི་དཀྱིལ་འཁོར་ཡང་།། སྨེ་ཁྲག་གསུམ་གྱིས་རབ་བྱུག་ལ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། ཕྱི་རིམ་འཁོར་ལོ་རྩིབས ་བཅུ་གཉིས།། ཐལ་ཆེན་གྱིས་ནི་བྲི་བར་བྱ།། དུག་དང་མཚོན་ཆའི་ཡི་གེ་དགོད།། ཡི་དགས་རོ་ཡི་གོས་བླངས་ལ།། བརླ་སེམས་འཆགས་ཤིང་འགུག་པར་བྱེད།། དམིགས་པའི་གཟུགས་ནི་ཅི་འདྲར་བྲིས།། རྣམ་ཤེས ་གནས་ནས་དགུག་པའི་ཕྱིར།། ཛ་ཡི་བར་དུ་ཡི་གེ་ནཱི།། འབོད་པར་བྱེད་པའི་མིང་རུས་བྲི།། རྣམ་ཤེས་བཀུག་ལ་གཟུགས་ལ་བསྟིམ།། གུ་གུལ་སྦྱར་མའི་དུད་པས་བདུགས།། ལྷ་ལྔ་སྐྲག་ཕྱིར་ཞབས ་མས་གདབ།། སྔོན་དམར་སྐུད་པས་སྐེ་ནས་གདགས།། དུར་ཁྲོད་ཁྲག་གི་མ་འདལ་དུ།། འཁོར་ལོ་གཙང་མར་ཁ་ལ་དགྲམ།། ཡི་དགས་གཤིན་རྗེ་ནག་པོ་བསྐྱེད།། བདག་ཉིད་ཏིང་འཛིན་ལྡན་པ་ཡིས།། ས་གཞི ་གཤག་ཅིང་རྒྱ་མཚོ་དཀྲུག། ལས་ཀྱི་གཤིན་རྗེ་བཀུག་ལ་བསྟིམ།། དངོས་ནི་འཆི་བདག་བདུད་ཆེན་ཡིན།། དབང་དུ་བསྡུས་ཏེ་དམ་རྫས་སྦྱིན།། འབྲུ་བརྒྱད་རྩ་བའི་མིང་དང་ནི།། ཡང་སྙིང་སྤུ་གྲིའི་གསང་སྔགས ་དག། ཉི་མ་བཞི་རུ་ཕྱི་ལ་བཟླས།། དྲག་སྔགས་འཕྲོ་འདུས་དམིགས་པ་དགུག། སྒོངས་ནས་གསད་ཅིང་སྤུ་གྲི་གདགས།། སྤྱི་རྒྱུག་ལས་ཀྱི་ཕུད་སྦུགས་ཀྱང་།། སྟོང་སྟོང་བར་དུ་དྲིལ་བ་བཟླས།། འཁོར་ལོ་གཅོད་པའི ་གྲོགས་སུ་འགྱུར།། མཚན་མོ་རྒྱུན་འཛབ་ཐུན་དུ་དྲིལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིན་བཞིར་འཁོར་ལོའི་སྔགས་འདི་གསུངས་སོ།། ཡ་མ་ར་ཛ་ས་དོ་མེ་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་དོ ་རུ་ན་ཡོ་ད་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀམ་མ་ར་ཛ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ར་ཀླེ་ཡ། ཆེ་གེ་མོ་ཞིག། ཨ་མུ་ཁམ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཞིག་ཨ་མུ་ཁམ་མ་ར་ཡ་ཧཱུཾ་ཕཊ། གལ་ཏེ་གྲུབ ་བར་མ་གྱུར་ན།། ལས་ཀྱི་ཐུགས་ཁའི་དུས་དག་ཏུ།། སྔགས་རྣམས་ལྡོག་ཅིང་གཤིན་རྗེ་གཟིར།། སྲོག་བསྒྲུབ་མ་མོའི་ཤར་ལ་གདབ།། ཚོགས་དྲུག་གཞོམ་དང་ལྔ་ཕུང་བཅད།། གྲུ་གསུམ་ཤིང་ལ་ཨར་ལ ་གཏད།། འཁོར་ལོ་རྫོགས་དང་མནན་སྔགས་བཟླས།། ཚེས་གཅིག་དག་ཏུ་བརྩིས་པ་ཡི།། ཉི་མ་དམར་ཐག་ཆོད་པ་ལ།། ཤེས་པའི་ས་འམ་གདོན་ཡོད་པར།། འཁོར་ལོ་མནན་པའི་ཆོ་ག་བྱ།། དྲག་པོའི་ལས་ལ་སྦྱར ་བའི་མཐར།། ཐུན་གྱི་ཁ་སོ་རྒུན་མི་གཅད།། དུས་མཐའ་མྱུར་དུ་བརྟུལ་བར་བྱེད།། ཅེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒུད་ལས། ཡི་དྭགས་འཁོར་ལོ་ནག་པོའི་ལས་བསྟན་པའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། གདུག་པའི་འཆི་བདག་གི་ཚོགས་ཐམས་ཅད་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐོད་པ་ནག་པོ་གསང་བའི་ཁ་ཐུན་འདི་གསུངས ་སོ།། གདེངས་གསུམ་ལྡན་པའི་སྔགས་པ་ཡིས།། དུར་ཁྲོད་གདུག་པའི་གནས་ཕྱིན་ལ།། དུར་ཁྲོད་ས་ལ་མ་འདལ་བྱ།། སྨེ་བའི་ཁྲག་གིས་རབ་བྱུགས་ལ།། དབུས་སུ་གྲུ་གསུམ་མཐིང་ནག་བྱ།། ཁ་ཁྱེར་དུག་ཤིང་རྩང ་གིས་བསྐོར།། གཏོར་མ་གསུམ་དང་རཀྟ་དང་།། འཆི་བདག་ཕོ་མོའི་དམ་རྫས་བསག། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། ཏིང་འཛིན་གསུམ་པོ་རིམ་པ་ཡིས།། གཤེད་བདག་ཁྲོ་བོ་ཡབ་ཡུམ་བསྐྱེད།། ཡང་དང་ཡང་དུ ་གསལ་བར་བསྒོམས།། འཇམ་དབྱངས་རྡོ་རྗེ་ཧཱུཾ་རིངས་ཀྱིས།། སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་ལ།། བསྟོད་ཅིང་གསལ་གདབ་བྱིན་གྱིས་བརླབས།། གདུག་པའི་དགྲ་བགེགས་བསྒྲལ་བར་བྱ།། དྲག ་པོ་སྔགས་ཀྱི་ཚམ་རྔམ་བརྗོད།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས།། ཡ་མན་ཏ་ཀ་འཁོར་དང་བཅས།། དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ།། མཆོད་ཅིང་བསྟོད་པ་དག་ཀྱང་བྱ།། རྒུན་དུ་གསང་སྔགས ་དྲིལ་ལ་བཟླས།། ལྷ་རྟགས་མངོན་དུ་རྒྱུད་པའི་ཚེ།། དངོས་གྲུབ་བླང་བའི་ཆོ་ག་བྱ།། དེ་ནས་དྲག་པོའི་ལས་ལ་འཇུག། རབས་ཆད་མོན་དང་མ་སུ་ར།། ཐོད་པ་ནག་པོ་དེ་ལ་བླང་།། གུ་རྒྱལ་ཆུ་དང་དྲི་ཡིས ་གསད།། མ་ནོར་ཐོད་པ་ཤེས་པར་བྱ།། ལྷག་པའི་ཕྱོགས་ན་གནས་པའི་བདུད།། འཆི་བདག་གདུག་པ་སེང་གེའི་མགོ།། ཞལ་བགྲད་མཆེ་བ་གཙིགས་པ་ནི།། སྲིད་པ་གསུམ་པོ་ལྟོ་ན་འཆང་།། དེ་ཡི་གཟུགས་བརྙན ་ལེགས་བརྟགས་ལ།། རམས་དང་ཁྲག་ཏུ་སྦྱར་བ་ཡིས།། གཤིན་རྗེའི་ཞལ་ནི་དབྱུང་བར་བྱ།། དགོང་ནི་བྱེ་བ་གུག་རིངས་སོ།། དེ་ཡི་སྙིང་ཁར་ཡི་གེ་ཡ།། རྡོ་སོལ་ནག་པོས་བྲི་བར་བྱ།། ཞལ་ནས་ཁ་ཐུན་གཡས ་བསྐོར་དུ།། འཆི་བདག་ཐ་མ་འཁོར་བར་བྲི།། ཞལ་གྱི་རྨོད་པ་ནག་པོ་ཡིན།། ཐོད་པ་གོང་མའི་ནང་དག་ཏུ།། རོ་ལངས་ལྟོ་བར་མུ་ཁྱུད་གསུམ།། གླིང་དགུ་བཅུ་གཉིས་ལྕགས་མཁར་དུ།། དྲག་པོའི་ཡི་གེ་བཅུ་བདུན ་དགོད།། རག་ཤ་ནག་མོ་འཇིགས་བྱེད་མ།། རྡོས་ནི་སྲིན་མོ་ནག་མོ་སྟེ།། དུས་མཐའི་གཏུལ་བྱེད་མ་རུ་གསུངས།། དེ་ནས་འཁོར་ལོ་ཁ་སྦྱར་ལ།། འབྲུ་བ་གནས་བཞི་རུ་ལིང་ཀ་བྱ།། ཐོད་པ་ནག་པོ་རྩར་ལ ་སྐྱེན།། གསང་བའི་དྲག་སྔགས་རྒྱུན་དུ་དྲངས།། རླུང་དང་ཆུ་དག་མེ་དང་ས།། དེ་བཞིན་ནམ་མཁའ་དག་དང་ལྡན།། དུས་དང་མེ་དང་ལྟ་བྱེད་ཆུ།། ལྟ་བྱེད་རླུང་དང་མེ་དུས་རོ།། ལྕེ་དང་སྣ་བ་རོ་དང་དུས།། མེ་དང་རླུང ་དང་ལྟ་བྱེད་སྦྱར།། བཅུ་བདུན་དྲག་སྔགས་འཕྲེང་བ་སྟེ།། རྒྱུན་ཏུ་བཟླས་པར་ཡང་དག་བཤད།། རླུང་དང་ཆུ་དང་ནམ་མཁའ་དང་།། ས་མེ་ལྟ་བྱེད་མེ་དང་དུས།། ལྟ་བྱེད་རླུང་དང་མེ་དུས་རོ།། སྣ་བ་ལ་སོགས་བཅུ ་བདུན་པ།། གཤིན་རྗེའི་དམག་དཔུང་འབེབས་པའི་སྔགས།། གསང་བའི་ལས་སུ་དེ་དག་འདོད།། རླུང་དང་ཆུ་མེ་ས་དང་མཁའ།། དུས་མེ་རླུང་དང་ལྟ་བྱེད་དང་།། དུས་དང་། མེ་དང་། སྣ་དང་ཆུ་ལྕེ་རྣ་བ་རོ།། ལྟ་བྱེད ་ལ་སོགས་བཅུ་བདུན་བ།། མཁའ་འགྲོ་ཕྱི་རུ་བཀྲི་བའི་སྔགས།། རླུང་དང་ཆུ་དང་། ནམ་མཁའ་དང་ས། མེ་དང་། རྣ་བ་ལྕེ་ཆུ་སྣ། ལྟ་བྱེད་མེ་དང་དུས་དང་རླུང་།། མེ་དང་དུས་དང་རོ་དང་ནི།། ལྟ་བྱེད་ཡི་གེ་བཅུ ་བདུན་པ།། མ་གྲུབ་སྤོགས་པ་ཤིས་པའི་སྔགས།། ལས་ཀྱི་ཐུས་ཀ་གསང་བ་སྟེ།། བཅུ་བདུན་དྲག་སྔགས་འཕྲེང་བ་སྟེ།། ཡ་བག་ཤ་རུ་ཡང་དག་བཤད།། གོ་མཚོན་གཏར་དང་གསེར་ཐོག་འབེབས།། བཙན་གྱི་ཛག ་པ་རྒྱུག་པ་དང་།། བདུད་ཀྱི་ཤན་པ་སྲོག་གཅོད་ལྟར།། དྲག་པོ་སྔགས་ཀྱི་བཟླས་པ་ཙམ།། སྐྲ་གྲི་མིང་དང་རྣམ་ཤེས་སྦྱར།། རྩ་བ་སྤུ་གྲི་གསང་བར་གདབ།། དེ་ལྟར་ཉིན་གྱི་འཁོར་ལོ་བསྐོར།། མཚན ་མོ་རྒྱུན་འཛབ་ཁོག་ཕུབ་ལ།། ཁུ་ཐུན་སྔགས་ཀྱིས་བྲབ་པར་བྱ།། སྔགས་ཀྱི་བརྒྱ་བར་སྟོང་བར་དུ།། ཁྲག་ཐུན་དབབ་པའི་ལས་ཀྱང་བྱ།། ཉུངས་ཀར་སྔགས་ཀྱིས་བླ་དགུག་ཅིང་།། འཆི་བདག་ཤན་པའི་དམག་དཔུང ་དབབ།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གསུངས་སོ།། ཡ་མ་མེ་དང་ཀླེ་ནི་ར་ཛ་ས། ཏོ་རུ་ན་ཡོ།། ནི་ར་ཡ་ཛཱ། དགྲ་བོ་མ་ར་ཡ་ཧཱུཾ་ཕཊ། ཡ་མ་ཀྵེ་ཏ་མེ། ནི་ར་ཛ ་པ་ཡ་ར་ནི་ཡོ། ན་རུ་ཏོ་སོ། ཡ་མ་མེ་ད་ཀླེ། ནི་ར་ཛ། ནི་ར་ས་དོ། རུ་ན་ཡོ་ཙ། ཡ་མ་ཀླེ་ཏ་མེ། ན་རུ་དོ་ས། ཛཱ་ར་ནི་ཡ། ར་ནི་ཡོ་ཙ། ཆེ་གེ་མོ་ཨ་མུ་ཁཾ་མ་ར་ཡ་ཧཱུཾ་ཕཊ། ལས་ཀྱི་ལྕོང་དུ་དམག་དཔུང་དབབ།། གལ་ཏེ ་གྲུབ་ལས་འགྱངས་ན།། འཁོར་ལོ་དཀྲུག་ཅིང་ཤིས་བསྟན།། འཆི་བདག་ཡ་མ་ར་ཛ་དང་།། བདུད་ཀྱི་ལྕམ་མོ་དྲག་ཏུ་རྦད། སྤྱི་རྒྱུགས་སྔགས་ཀྱི་ཆར་ད་བབ་ལ།། འཁོར་ལོ་ཐོད་པ་རེ་བས་གྲིལ།། ཤིས་པའི་ས་འམ ་ཀླུ་གནས་གནན།། ཐུན་གྱི་ཁ་གསོ་རྒྱུན་ཏུ་བྱ།། དེ་ལྟར་བྱས་ན་ལྷ་ཡང་འཆི།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། ཐོད་པ་ནག་པོ་འཆི་བདག་ཁ་ཐུན་གྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན ་འདས་ཀྱིས་གཤེད་པོ་རྣམས་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། མ་ཏྲང་ཞིང་ལྤགས་ལ་བསྒྲུབ་པའི་ལས་འདི་གསུངས་སོ།། ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས།། དཔའ་བརྟུལ་ལྡན་པའི་སྔགས ་པ་དེས།། དུར་ཁྲོད་གདུག་པའི་གནས་ཕྱིན་ཏེ།། དཔའ་བོ་གྲི་རུ་ཤི་བ་ཡི།། རོ་ཡི་པགས་པ་རབ་བཤུས་ལ།། གསང་བ་སྔགས་ཀྱི་འཁྲུལ་འཁོར་ཡང་།། དུག་ཁྲག་རྡོ་སོལ་སྦྱར་བ་ཡིས།། མི་རྐང་པིར་ལ་སྐྲ ་ཤད་པིར།། ལྡན་པས་འཁོར་ལོ་བྲི་བར་བྱ།། བཅུ་གཉིས་བར་དུ་ཨ་མུ་ཀ། མཁས་པ་དག་གིས་བྲི་བར་བྱ།། འཆི་བདག་གཤིན་རྗེ་ནག་པོ་ཡི།། ཞལ་ཕྱག་ལྡན་པར་ཤེས་པར་བྱའོ།། རབས་ཆད་ནག་པོའི་ཐོད་པར ་གཞུག། ལྷོ་ཡི་ཕྱོགས་སུ་ཕྱག་རྒྱའི་རྟེན།། དམིག་གི་རྟེན་དུ་མངོན་པ་དགྲམ།། ཞིང་ལྤགས་བཞིའམ་ཡན་ལག་ལ།། སྨུག་ནག་སེར་ནག་དམར་ནག་ལྡང་།། ཚོན་རྩི་སྦྱིན་མེད་དམ་པོ་ཡིས།། མཁས་པས་བྲིས་ལ ་ཕྱོགས་བཞིར་དགྲམ།། མི་རྟོགས་དབྱིངས་ལས་ཐུགས་རྗེའི་སྐུ།། སྐྱེ་མེད་དབྱིངས་ནས་སྤྱན་དྲངས་མཆོད།། གཉིས་སུ་མེད་པའི་ཡང་སྙིང་བཟླས།། མི་སྨྲ་རྒྱུན་གྱི་བསམ་གཏན་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ ་ཏང་ནག་པོ་གསང་བའི་སྔགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ།། ཡ་མ་ར་ཛ་ས་ད་མེ་ཡ། ནག་པོ་རག་ཤ་ཆེ་གེ་མོ་ཐུམ་རིལ་རྦད་ཡ། ཡ་མེ་དོ་རུ་ན་ཡོ་ད་ཡེ། ནག་པོ་རག་ཤ་ཆེ་གེ་མོ་སྙིང་བཾ་རིལ་རྦད་ཡ། ཡ་ད་ཡོ ་ནི་ར་ཡ་ཀླེ་ཡ། ཨརྱ་ཆེ་གེ་མོ་རྦད་ཡ། ཡ་ཀླེ་ཡ་ཙ་ནི་ར་ཛ་མ་ཡ། རག་ཤ་ཆེ་གེ་མོ་ཟུམ་རིལ་རྦད་ཡ། སྔགས་དང་འཁོར་ལོའི་བར་དག་ཏུ།། འབོད་པར་བྱེད་པའི་མིང་རྣམས་གཞུག། ཉིན་བཞིའི་ཡ ་འཁོར་ལོའི་སྔགས་སུ་གསུངས།། མཚན་མོ་སྲོག་གཅོད་མ་བཞི་ཡི།། གསང་བའི་ཐུན་གྱིས་བྲབ་པར་བྱ།། རི་མ་ཏི་དང་སྙིང་འཕྲོག་མ།། ཛ་ཏི་མ་དང་རག་ཤ་མ།། གསང་བའི་ཡང་སྙིང་འདི་ལྟ་སྟེ།། ཨོཾ་རི་མ་ཏི་རུ་རུ ་ཏྲག་ཁ་ལ་རག་མོ་སྙིང་ཁ་རག་ཏེ་རིག་ཤ་དམ་ཉམས་ཆེ་གེ་མོ་སྲིན་མོ་རུ་བྷྱོ། ཨོཾ་ཙ་ཤུ་ཁ་ཤག་སྙིང་ལ་རྦད་ཙ་དུ་མ་ར་ཡ་ཆེ་གེ་མོ་ཆོ། ལྕེ་ལྡིབས་རཀྐ་ཙ་པ་ལ་པྲ་མ་ཡ། ཛ་ཏི་ཀ་མ་ལ་རུ་རག་ཤ་ཏ་ཆེ་གེ་མོ་ཏྲཾ་ཌཾ་སྲིན་མོ ་ཁ་ལ་རྦད། ཨོཾ་རག་མོ་རུ་རུ་ཙ་བ་ལ་ཏྲག་ཏྲག་མོ་ཀྲོ་དྷཱི་ཤྭ་རི་སྙིང་ལ་རྦད། ཏྲོ་ཏི་ཤྭ་རི་ཤིང་ལ་རྦད་ཡ། གསང་བ་རག་ཤན་ག་མོ་སྟེ།། མ་ཏང་ནག་པོ་གསང་བའི་མཚོན།། ཉུངས་ཀར་གསང་བས་ཟླ་དགུག ་ཅིང་།། ཁྲམ་ལ་གདབ་དང་ཁྲག་འཐུང་གདབ།། གཤེད་བཞིའི་ཁྲམ་བདག་སྐུལ་བ་དང་།། སྤྱི་རྒྱུག་ལས་ཀུན་རྫོགས་པར་བྱ།། དགོངས་དང་ཐོ་རང་དུས་རྟག་ཏུ།། རྨད་དུ་བྱུང་བའི་གཏོར་མ་གཏང་།། མཚན་མོའི་དུས ་སུ་ཡང་སྙིང་དང་།། སྲིན་མོ་བཞི་ཡི་རྨོད་པ་གདབ།། ཐོན་བྲབ་སྲོག་ཕུར་སྔགས་ཀྱིས་བྲབ།། ཤིས་པའི་ས་རུ་མཁས་པས་གནན།། གལ་ཏེ་ལས་ཏེ་གཡེལ་བ་ན།། འཁྲུགས་བྱེད་རོ་ལངས་དྲིལ་བའི་སྔགས།། མཚན ་མོ་བཞི་ལ་བཟླས་པར་བྱ།། ལས་འཇུག་འཁོར་ལོ་ཟློག་ཅིང་གཟིར།། དཀྲུག་པའི་གསང་སྔགས་ཤེས་པར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་འཁྲུགས་བྱེད་ཀྱི་དྲག་སྔགས་རག་ཤ་ནག་མོ་འདི་གསུངས ་སོ།། ཡ་མ་ར་ཛ་སྙིང་རོ་ཤན་ས་དོ་མེ་ཀྲོ་ཏི་ཤྭ་རི། མ་མོ་དོ་རུ་ཙིཏྟ་རོ་ལ་ཤན་ཏི། ན་ཡོ་ད་ཡ་ས་མ་ཡ་ཛ། ཡ་ད་ཡོ་ནི་རོ་ཙ་རྨུགས། ར་ཡ་ཀླེ་ཡ་ས་མ་ཡ་ཛ། ཡ་ཀྲཱ་ཡ་ཙ། སྙིང་ཁྲག་ཆོད། ནི་ར་མ་ཡ་སྲོག་སྲོག་མ་ར་ཡ ་ཕཊ། སྙིང་ཙ་དགྲ་བོ་མ་ར་ཡ། བརྣག་པའི་རྒྱལ་པོ་གསང་བ་སྟེ།། རོ་ལངས་རྣོ་མྱུར་ལྡན་པ་ཡི།། འཇིག་རྟེན་མགོན་གྱིས་གསང་བར་གདམས། ཞེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། རག་ཤ ་ནག་པོ་གསང་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། སྲོག་བདག་ཤན་པའི་ཚོགས་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཕྲིན་ལས་འདི་དག་གསུངས་སོ།། དུར་ཁྲོད ་གདུག་པའི་གནས་དག་ཏུ།། བདུད་བཅད་ས་ལ་མ་འདལ་བྱ།། ར་རོག་ཁྲག་གིས་ཆག་ཆག་གདབ།། དབུས་སུ་གྲུ་གསུམ་རྒྱ་བཅད་དེ།། ནི་ར་ས་དང་དུག་གིས་བྲི།། འཁྲུལ་མིག་བཅུ་བདུན་གསང་སྔགས ་གདོད།། ཟག་པ་ཟད་པ་ཨ་མུ་ཀའི།། རྫས་དང་ཁྲག་སྦྱར་ཤོག་ཤོག་ལ།། དམིགས་པ་ཅི་འདྲའི་ལིང་ཀ་བྲི།། ནད་དང་མཚོན་ཆའི་ཡི་གེ་དགོད།། ཕོ་ཉ་བཏང་ཞིང་བླ་ཚེ་དགུག། རྣམ་པར་ཤེས་པ་གཟུགས་ལ ་བསྟིམ།། ལྷ་ལྔ་དབྲལ་ཞིང་རྫས་དགོད་སྲེགས།། སྔོན་དམར་ཐག་པས་རབ་བཏགས་ལ།། ལྷོ་ཕྱོགས་གཤིན་རྗེ་ཉིད་ལ་གདགས།། རོག་པོ་ཏེ་དཀར་དམིགས་པའི་བརྟེན།། ཁྲམ་བྱང་བཅུ་གསུམ་ར་ལ ་བཏགས།། ཏིང་འཛིན་གསུམ་ལ་གཤེད་པོ་བསྐྱེད།། མཆོད་དང་བསྟོད་པ་རྫོགས་པ་ཡིས།། དྲག་སྔགས་འཁོར་ལོ་བསྐོར་བར་བྱ།། སྲིད་དང་ཐོ་རངས་དགོངས་ཁ་རྣམས།། འཕྲིན་ལས་བཅོལ་བའི་ལས་ཀྱང ་བྱ།། ཉིན་མ་བཞི་རུ་འཁོར་ལོ་བསྐོར།། རྫོགས་དང་ར་བསྒྲལ་གཡང་གཞི་བཤུ།། དབུས་སུ་ཨེ་ལ་ཡི་གེ་བྲི།། ཕྱི་རིམས་འཁྲུལ་འཁོར་དུག་རྫས་དང་།། ར་ཁྲག་དག་གིས་བྲི་བར་བྱ།། སྙིང་དང་ལིང་ག་གཡང་གཞི ་གཞག། དམར་ནག་དྲག་སྔགས་བསྣོལ་མར་གཞག། རྫོགས་དང་འཁོར་ལོ་གནན་པར་བྱ།། ཐུན་གྱི་ཁ་གསོ་རབ་ཏུ་འབད།། དེ་ནས་བཅོམ་ལྡན་འདས་ཀྱིས། སྲོག་བདག་གཡང་གཞི་ནག་པོའི་གསང་སྔགས་འདི ་གསུངས་སོ།། ཨོཾ་ས་མ་ཡ་མཉྫུ་ཤྲི་མུ་ཏྲ་ཡ་མན་ཏ་ཀ་པ་ཙ་ཏེ་རོ་ནི་ཛ་ཧཱུཾ་ཛ་ཛ་ཡ་ར་ནི། ཡོ་ན་རུ་ན་ནི། ཙ་ས་ར་ནི་ཀླེ་ད་མེ་མ་ཡ། ཨོཾ་རྣལ་མ་རྣལ་དེ་བསོད་ལ་རྔམས། བཤོད་ལ་མེར་མེར། ཕྲིལ་ལ་ཆུམ། ཐུ་བིས་ཐུ ་བིས། ལྕགས་ཀྱི་དགྲ། དགྲ་བོ་མ་ར་ཡ་ཧཱུཾ་ནི་རྦད། བླ་འགུགས་མྱོས་པའི་ཁྲག་ཐུན་དབབ།། གཤིན་རྗེ་ནག་པོའི་ཁྲམ་ལ་གདབ།། གསང་བའི་འཁོར་ལོ་རྫོགས་པ་དང་།། གཡང་གཞིའི་ལིང་ཀ་ཀུན་དྲིལ་ལ།། ལམ ་པོ་ཆེ་འམ་དུར་ཁྲོད་ཁྱིམ།། སྟག་གི་ཁ་འམ་ཀླུ་གནས་སུ།། མཁས་པས་གཏད་པའི་རིམ་པ་བྱ།། རྫས་དང་ཁྲག་དུག་རྫས་རྣམས་བསྲེག། ཁ་ཐུན་སྔགས་ཀྱི་ཁ་གསོས་ལ།། བརྣག་པའི་ཕྱོགས་སུ་འཕང་བར་བྱ།། ར་ཡི ་ཤ་རུས་ཐེབ་རོལ་དང་།། ལིང་ཀ་བསྲེག་རྫས་ཀུན་བསྲེས་ལ།། ཟབ་ཁུང་བཅས་ལ་མེ་ལྷ་བསྐྱེད།། རྩ་བའི་སྔགས་ལ་ཛཱ་ལ་རཾ།། མ་ར་ཡ་དང་ཁ་རཾ་ཁས།། བཅུ་ཕྲག་བཅུ་དང་བརྒྱད་ཀྱིས་བསྲེག། རྣལ་འབྱོར་དབང ་ཕྱུག་ཆེན་པོ་ཡིས།། བཀྲ་ཤིས་ཚེ་ཡི་ཆོ་ག་བྱ།། ལས་ཀྱི་རྣམ་སྨིན་སྦྱང་བའི་ཕྱིར།། བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ།། ཞེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། སྲོག་བདག་ཤན་པ་གཤིན་རྗེའི ་ཚོགས།། གཡང་གཞི་ལས་གྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ལངས་ནག་མོ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྲིན་མོ་གསང་བའི་འཁྲུལ ་འཁོར་འདི་གསུངས་སོ།། ལས་རྣམས་ཀུན་གྱིས་མ་གྲུབ་ན།། འཁྲུག་བྱེད་དུས་མཐའ་རྟུལ་བྱེད་མའི།། འཁོར་ལོ་ཐུན་རྟོག་བརྣག་པའི་ལས།། ལས་ཀྱི་མཐུ་ཁར་རོ་ལངས་སྒྲུབ།། དུར་ཁྲོད་འཇིགས་པའི ་གནས་དག་ཏུ།། དུར་ཁྲོད་ས་ལ་མ་འདལ་བྱ།། ཁྲག་གིས་བྱུག་ལ་མ་འད་ལ་དགོད།། དུར་ཁྲོད་རོ་ཡི་གོས་བླངས་ལ།། ནི་ར་སུ་ཡིས་མདོག་བཏོན་ལ།། སྨེ་ཁྲག་དུག་སྦྱར་སྣག་ཚ་ཡིས།། གཤིན་རྗེའི་ལྟོ་བར་འཁོར་ལོ ་བྲི།། མུ་ཁྱུད་རིམ་པ་གསུམ་པ་ཡི།། དབུས་སུ་ལྕགས་མཁར་གླིང་དགུ་བྲི།། ཕྱི་རིམ་ལྕགས་མཁར་བཅུ་དྲུག་ལགས།། ཐ་མ་རེའུ་ཆ་དྲུག་དང་ལྡན།། དེ་ལ་གནས་པའི་རིམ་པ་ནི།། དབུས་སུ་མུ་ལའི ་ཡིག་འབྲུ་སྟེ།། མཚོན་ཆའི་ཡི་གེ་འབྲུ་བརྒྱད་བཀོད།། བཅུ་དྲུག་མཁའ་འགྲོ་རྩ་བའི་སྔགས། ཁང་པ་དྲུག་ཏུ་ཐུན་སྔགས་བྲི།། མ་འད་ལ་དབུས་སུ་གཙང་བརྒྱད།། རབས་ཆད་མོན་གྱི་ཐོད་པ་རུ།། སྙིང་ཁྲག་དུག ་སྦྱར་ཐུན་ཡང་བཅའ།། འཁོར་ལོ་ཡིག་འབྲུ་ལྟར་བསྐྱེད་ལ།། མཆོད་དང་འཕྲིན་ལས་དག་ཀྱང་བཅོལ།། ཉི་ཤུ་བདུན་ནམ་གནམ་སྟོང་ལ།། ཉི་མ་བཞི་ཡི་འཁོར་ལོ་བསྐོར།། རྨོད་པ་དྲག་པོ་རྨོ་བ་དང་།། སྔོགས་ཀྱི་ཕུ ་སྦུགས་དག་ཀྱང་བྱ།། མཚན་མོ་དྲིལ་དང་ཐུན་དྲུག་སྔགས།། མཚོན་ཆ་བསྣོལ་མར་རྒྱ་གྲམ་བརྡེག། ཁྲམ་ལ་གདབ་ཅིང་ཁྲག་ཐུན་དབབ།། འཁོར་ལོ་ཐོད་པ་རེ་པས་དྲིལ།། བམ་རོ་ཅན་གྱི་ཁུངས་སུ་འམ།། ཀླུ་ཡི་ཕོ ་བྲང་ཡོད་པར་མནན།། གལ་ཏེ་གྲུབ་པར་མ་གྱུར་ན།། རོ་ལངས་ལས་ལ་གཡེལ་བ་ན།། འཁོར་ལོ་ལྡོག་ཅིང་སྤྲུག་པར་བྱ།། རོ་ལངས་སྙིང་ཁར་ཕུར་པ་ལ།། དྲག་དང་ལྡན་པའི་གསང་སྔགས་འཕྲེང་།། རྫོགས་པའི ་འཕྲོ་འདུ་རྩད་ནས་གཅོད།། དེ་ལྟར་བྱས་ན་ལྷ་དབང་ཡང་།། མྱུར་དུ་རླག་པར་དཔའ་བོས་བཤད།། དེ་ནས་བཅོམ་ལྡན་འདས་ཀྱིས། རོ་ལངས་ནག་མོ་གསང་བ་སྔགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ།། ཨོཾ་ས་མ ་ཡ་མཉྫུ་ཤྲི། ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛ། ཏྲག་རཀྵ་མུ་ཏྲ། སྙིང་ཁ་རཀ་བྷྱོ་བྷྱོ། སྲོག་ལ་རྦད། ཡ་ཡ་ལོན་རྩིན་དན་མ་ལ་བྷྱོ། སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། ཡ་དུན་ཤན་དུ་ན་མན་ཙིཏྟ་རཀྟ་རམ་ཐུན་གཟིར་སྙིང་། རྩ ་རོ་མྱག་ཨུད་ཨ་མུ་ཁཾ་སྲོག་ལ། ཐུན་ཤག་མ་ར་ཡ་རྦད། ཡ་མ་དེ་མ་བྷྱོ་རུ་ལུ་རྦད། ཉིན་མཚན་སྔགས་ནི་དྲིལ་ལྷོར་བརྡེག། མ་མོ་ཙིཏྟ་ཁ་ལ་ར་ཀྲཱ་ཐུན་བྷྱོ། མ་མ་དུམ་བུ་དུམ་བུ། ཚལ་པ་ཚལ་པ། ཧ་ན་ཧ་ན་ཐུན་བྷྱོ། ་མ་མ་ཧཱུཾ། ཡ་མ་ལིང་རྦད། ཐུན་བྷྱོ། མ་མ་བྲག་ཟག། ནི་ལིང་ནི་ལིང་། ཀ་ཐུན་བྷྱོ། མ་མ་ཐུན་ནཾ་ཐུན་ནཾ། རུ་བ་ཙིཏྟ་ཡཾ་ཤག་ཐུན་བྷྱོ། མ་མ་ཁ་ལ་རཀྵོ་ཙ་ལ་བྲེང་ཤག་ཐུན་བྷྱོ། ཨ་ཨུར་རོ་མྱགས་ཙ་ཡང་སྙིང ་གཟེར། ཐུན་ཛ། ཡ་ཏ་རཀྟ་ཙིཏྟ། ཡ་མན་དུན་ཤན། དུམ། ཨ་མུ་ཀ་སྲོག་ལ་དུམ་ཤག་མ་ར་ཡ་རྦད། བྷྱོ་རུ་ལུ་རྦད། རོ་ལངས་ལས་ལ་གཡེལ་བ་ན།། བཟློག་ཅིང་དཀྲུག་པའི་དྲག་སྔགས་ཏེ།། ཡ་བག་ཤ་ཡི་ལས་སུ ་གསུངས།། འཇམ་དཔའ་ཁྲོ་བོ་གསང་བའི་རྒྱུད་ལས། རོ་ལངས་ནག་མོ་གསང་བའི་ཐུགས་ཁའི་ཡང་སྙིང་གི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཡ་མ་རོ་ལངས་ཀྱི་ཚོགས་དབང་དུ ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རོ་ལངས་ནག་མོ་ལྟོ་བ་དཀྲུགས་པའི་ལས་འདི་གསུངས་སོ།། ལས་རྣམས་ཀུན་གྱི་ཐ་མ་ལ།། གསོད་བྱེད་རོ་ལངས་ཤན་པ་བསྒྲུབ།། དུར་ཁྲོད་གནས་སུ་མན་དྷ་ལ ་བྱ།། མཁས་པས་འཁོར་ལོ་བྲི་བར་བྱ།། བྱང་ཤར་རྒྱ་མདུད་འབྲུབ་ཁུང་དུ།། སྲོག་གི་མདངས་ལེན་མ་མོ་བརྒྱད།། བསྐོར་ལ་ཐུན་རྫས་གཏོར་མ་བཤམ།། དམིགས་པའི་ལིང་ཀ་བཅས་ནས ་ནི།། འཁོར་ལོ་ཕུར་བ་དག་ལ་གདགས།། ཉི་ཤུ་བདུན་ནས་གནམ་སྟོང་དུ།། ཉི་མོ་འགུག་ཅིང་མཚན་མོ་བསད།། དཔལ་ལྡན་ནག་མོ་རེ་མ་ཏི།། གྲུབ་པའི་གནས་ནས་འཁོར་དང་བཅས།། སྤྱན་དྲངས་མཆོད་པ ་དབུལ་བར་བྱ།། ཉིན་བཞི་འཁོར་ལོ་རྫོགས་པ་དང་།། རལ་པ་ཚར་དགུ་ལྟོ་བར་གཞུག། ནག་པོ་ཀླུ་ཡི་ཕོ་བྲང་མནན།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་རོ་ལངས་ཀྱི་རྒྱུད་ལས་གསང་སྔགས་འདི་གསུངས ་སོ།། ཡ་མ་ར་ནི་ཙ་ཡ་གྷེང་ཡ། ཆེ་གེ་མོའི་བླ་རྩ་ལ་རཀློ་ཤན་པ་མ་ར་ཡ་ཛ། ཡཀྵེ་ཡེ་ར་ན་ཡོ་ད་ཡ། ཆེ་གེ་མོ་རྩ་བོ་ཆེ་ལར་ཀློ་ཤན་པ་མ་ར་ཡ་ཛ། ཡཀྵེ་ཡ་ར་ན་ཡོ་ད་ཡ་ཏ། ཆེ་གེ་མོ་རྩ་བོ་ཆེ་ལ་རཀློ་ཤན་པ་མ་ར་ཡ ་ཛ། ཡ་ད་ཡོ་ན་རུ་དོ་མེ་ཡ། ཆེ་གེ་མོའི་ནང་ཁྲོལ་སྨད་ལྔ་ལ་རཀློ་ཤན་པ་མ་ར་ཡ་ཛ། ཡ་མེ་ད་ས་ཙ་མ་རས། ཆེ་གེ་མོའི་སྲོག་རྩ་ལ་མ་རག་ལོ་ཤན་པ་མ་ར་ཡ་ཛ། མཚན་མོ་འབྲུ་བརྒྱད་རྣལ་མ་ཡ།། རྩ་མདུད་གཅོད ་པའི་སྤུ་གྲི་གདགས།། གསད་པའི་ལས་སུ་དེ་ཤེས་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཤན་པའི་གཙོ་མོ་བོད་ཅིང་། ལས་ལ་དགྱེ་བ་འདི་གསུངས་སོ།། སྐུ་མདོག་དམར་མོ་ཟངས་ཀྱི་དྲིལ་ཞགས་ཅན།། ཟངས་ཀྱི ་རལ་པ་སྤྲུགས་པའི་སྒྲ་གསེབ་ནས།། མ་མོ་ནག་མོ་ལྔ་བཅུ་རྩ་བཞི་དགྲ་ལ་གཏོང་།། ལྕགས་ཀྱི་ཕྱག་སོར་འབར་བ་བརྡབས་པ་ཡིས།། གཤིན་རྗེ་ནག་པོ་དུན་བདུན་འབངས་སུ་འཁོལ།། ཁྲོ་མོ་སྡིགས་མཛུ་བ་ཕྱར་ཏེ ་བརྡབས་པ་ཡིས།། མ་མོ་ནག་མོ་དུན་བདུན་འབངས་སུ་འཁོལ།། དགྱེས་ཏེ་གད་མོ་དྲག་ཏུ་དགོད་པ་ཡིས།། སྡང་བའི་དགྲ་བོ་གཏན་དུ་ཕུང་བར་མཛོད།། དམ་ཉམས་དགྲ་བོ་ཕུང་བར་བྱེད་ཅིང་ཐལ་བར་རློག། འགོ ་འཕྱང་མ་ཛ་ཛ། དུན་རྨུགས་བླ་རྩ་ལ་ཛ་ཛ། རྩ་བོ་ཆེ་ལ་དུན་དམུགས། ནང་ཁྲོལ་སྣ་ལྔ་ལ་རྩ་བཾ། དུན་ཙམ། བྲུཾ་རི་ལི་ལི་རྦད་རྦད། སྲོག་གི་ཤན་པ་ལས་ལ་དགྱེས།། སྲོག་ལ་ཕུར་ཐུན་དབབ་པ་དང་།། ཁྲམ་ལ་གདབ ་པའི་རིམ་པ་བྱ།། ཞེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། གསོད་བྱེད་ནག་མོ་རོ་ལངས་ཀྱི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་འཇིག་རྟེན་དབང་དུ ་སྡུད་པའི་སྲིན་མོའི་ཚོགས་རྣམས་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བ་ཐུན་ཟོར་གྱི་ལས་འདི་གསུངས་སོ།། དུར་ཁྲོད་དགོན་པ་མ་མོའི་གནས།། རྣལ་འབྱོར་དམ་ཚིག་ལྡན་པ ་ཡིས།། མ་འདལ་བྲི་བ་ཤེས་པར་བྱ།། དབུས་སུ་གྲུ་གསུམ་བརྩེགས་པ་ལ།། ཟླ་གམ་གྲུ་ཆད་སྒྲོ་ཁྱུད་ལྡན།། དབུས་སུ་ནག་མོ་རེ་མ་ཏི།། གྲུ་གསུམ་སྲིན་མོ་གསུམ་པོ་དགོད།། གྲུ་ཆད་ལ་ནི་མེ་འབར་བཞི།། མདའ ་དང་དུག་དང་ཁྲག་དང་ཟོར།། གཏོར་ཟོར་རིམ་པ་དགོད་པར་བྱ།། ཉུངས་ཐུན་ཁྲག་ཐུན་སྙིང་ཐུན་དང་།། ཕུར་ཐུན་ལ་སོགས་ཐུན་ཀ་བརྒྱད།། བཅས་ལ་བསད་པའི་ཡང་སྙིང་བཟླས།། ཁོལ་ལམ ་བླངས་པའི་མདོག་གྱུར་ན།། ཐུན་ཟོར་གནས་ཁང་དག་ལ་རྡེག། དེ་ནས་བཅོམ་ལྡན་འདས་ཀྱིས།། ཟོར་ཐུན་གསང་བའི་ཡང་སྙིང་འདི་གསུངས་སོ།། ཨོཾ་ས་མ་ཡ་ཡ་མ་དུ། སྙིང་ཁྲག་དུ་མ་མ་སྲིད་དུ་ལ་ཐུན། སྲོག ་ཁུགས་ས་མ་ཡ་ཛ། རུ་རུ་མ་ཏི་ཐུན། ཆེ་གེ་མོ་ཙ་ཐང་མུ་ལེ་ཙིཏྟ་རྦུད། གྲཱའུ་རག་མོ་ཁ་ཙ་ཐུན་ཆེ་གེ་མོ་ཙ་ཐང་མུ་ལེ་ཙིཏྟ་རྦུད། ནག་མོ་དགྲ་སྙིང་ལ་ཐུན་ཆེ་གེ་མོ་ཙ་ཐང་མུ་ལེ་ཙིཏྟ་རྦུ། ཨེ་ཏ་ར་ཛ་ར་དགྲའི་སྙིང་ལ་ཐུན ་གེ་ཆེ་མོ་རྩ་ཐང་མུ་ལེ་ཙིཏྟ་རྦུད། དུ་རུ་ཧ་ན་ཆེ་གེ་མོ་ཙར་ཐ་ཡུ་ལེ་ཙིཏྟ་རྦུད། མ་ར་ཏི་མར་ཏི་ཐུན་ཆེ་གེ་མོ་ཙ་ཐང་མུ་ལེ་ཙིཏྟ་རྦུད། སྙིང་ཙིཏྟ་མ་ར་ཡ་ཏི་ཐུན་ཆེ་གེ་མོ་ཙ་ཐང་མུ་ལེ་ཙིཏྟ་རྦུད། སྲོག་ཙིཏྟ་མ་ཏི་ཆེ་མེ་མོ ་ཙ་ཐང་མུ་ལེ་ཙིཏྟ་རྦུད། ཨ་ལོ་ཤ་ཙ་རྦུད། ཡ་མ་སྙིང་རྦུད། ཡ་མ་ཁྲག་རྒུད།། ཡ་མ་ར་ཛ་རྦུད། མ་ར་ཡ་རྦུད། ཚལ་པ་ཚལ་པ་རྦུད། དུམ་བུ་དུམ་བུ་རྦུད། འགྲི་ན་འགྲི་ན་རྦུད། སྲོག་ཟུམ་སྲོག་ཐུམ་རྦུད། ཤ་ཁཾ་ཁཾ། མ ་མ་སྲོག་ཙིཏྟ་རྦུད། སྙིང་ཙིཏྟ་དུམ་བུ་དུམ་བུ། ཁ་ལིང་རྒུད། སྲོག་རྦད་པུ་རྦད། པུ་དུ་རི་ཡག་ཤ་རྦད། ཁྲག་ཐིབས་སྣང་པ་སྣང་པ་མ་ཤ་པུབས་རྦད། སྙིང་ཙིཏྟ་དུ་སུ་ར་ཏེ་རུ་ཏེ་རྦད་སྙིང་ཙིཏྟ་སྙིང་དུམ་བུ་ཁ་ལ་ཡཀྵ་རྦད། ་རྦད་རྦུད་ཁ་ལ་དུམ་བུ་སྙིང་ལ་རྦད། མ་དུ་ཡ་མ་དུ་ཡ་རྦད། ཁྲག་ཤཾ་ཙང་། སྙིང་ལ་རྦད། བྷྱོ་མ་ར་ནི་ཛ། དུན་ཡཾ། ཚལ་པ་ཤག་ཁ་རི་ལ་མུག། ཐུམ་བྷྱོ། ཨོཾ་ཡ་མན་ཏ་ཀ་ཀྵ་མ། ཨརྱ་ཨ་ཙ་ལ་ཀྲཱ་མ། ཨོཾ་མ་དུག་ཙ་ཙ། ་ཚལ་པ་ཚལ་པ་རྦད་རྦད། མ་དུག་ཤམ། ཡ་མ་ཤམ། ཆེ་གེ་མོའི་སྲོག་རྩ་ལ་རྨུགས་ཏི་རྦད། ཙ་ཙ་ར་རྦད། མ་མོ་ཁྲག་ལ་དུན་ཏི་རྔུབས། སྲིན་པོ་རུས་ལ་ཆོམ་ཆོམ་ཙལ། གཤིན་རྗེའི་ཁྲམ་ལ་ལྷན་ལྷན་ཐོབ།། དགྲ་བོ ་ཡི་ཁྲི་ལ་རི་ལ་ལི་ལི་ནི་ཛ་རྦད། ཨོཾ་མུན་ཡ་ཨོཾ་མུགས་ཏི་སུབས་ཆེ་གེ་མོ་ལ་ཆོ་ཆོ་བལ་ཧུབ་བལ་ཧུབ། བལ་ཡུ་བ་ལ་ཡུ། སྙིང་གོང་ཙ་ཐུན་ནན། མ་ཐུན་ནན། ཆེ་གེ་མོ་ནན། ཁྲག་ཐུན་ཁོང་ཁྲག། ཆེ་གེ་མོའི་ཁོང་ཁྲག་ལ ་ཡ་ཡ།། དེ་ནས་བཅོམ་ལྡན་འདས་ཀྱིས། སྲོག་གཤེད་བཞི་དང་ཁྲམ་ལ་གདབ་པ་དང་། ཐུན་གདབ་པའི་ཕྱིར། ཆེད་དུ་འདི་དག་གསུངས་སོ།། ཁམ་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། འཇིགས་བྱེད་ཡཱ ་མ་ར་ཛ་གཤེགས་སུ་གསོལ།། དཔལ་ཆེན་དྲག་པོའི་འཕྲིན་ལས་སྐུ་ལ་རྫོགས།། སྨུག་ནག་དཀྱིལ་བས་བདུད་དཔུང་ཐལ་བར་རློག། འཇིགས་བྱེད་དེ་ཡི་ཐུགས་དམ་དགེས་བསྐུལ་མ།། ཡུམ་ཆེན་སྲིན་མོ་མགོ་འཕྱང ་དབྱིངས་ནས་བཞེངས།། ཡབ་ཡུམ་གཉིས་མེད་རོལ་པ་མཁའ་དཀྱིལ་ནས།། ཐུགས་ཀྱི་སྤྲུལ་པ་ཁྲོ་རྒྱལ་མི་གཡོ་མགོན།། དབྱུག་ཏོ་འབར་བས་ལྷ་མཆོག་སྲིད་གསུམ་བདག། གཤིན་རྗེ་འཆི་བདག་དཔའ་བོ་ཀུན ་འདུལ་བ།། ཁ་རོག་ནག་པོ་བདུད་འདུལ་རལ་གྲི་ཅན།། སྲན་མོ་མ་ཧེ་ནི་སྟག་གཟིགས་ཞོན་ནས་སུ།། རལ་གྲི་སྲིད་པ་གསུམ་པོ་ཐལ་བར་རློག། སྐུ་མདོག་སྔོ་ནག་གཤིན་རྗེ་གཤེད་ཀྱི་ལྷ།། སྐུ་ནི་དུད ་ཀ་ཆེན་པོ་ལ།། འབྱུང་པོ་ཀུན་གྱི་གཤེད་མར་བྱུང་།། གཤེད་བདག་ཡ་མ་ར་ཛའི་དུས་ལ་བབ།། ཅི་བགྱིས་བཀའ་ཉན་མ་མོའི་ཚོགས་ཀྱི་བསྐོར།། མ་མོ་རྦོད་གཏོང་སྡང་བའི་དགྲ་ལ་གཏོར།། སྡིགས་མཛུབ་འབར ་བས་དགྲ་བོའི་སྲོག་རྩ་གཅོད།། སྡང་མིག་བགྲད་པས་གཤིན་རྗེའི་ཚོགས་རྣམས་འདུལ།། རྐན་སྒྲ་བརྡབས་པས་སྲིན་པོ་བྲན་དུ་འཁོལ།། སྲིན་པོ་ཁྲོས་པས་ཁྲག་མཚོ་ཁོང་དུ་གསོལ།། དབྱུགས་གླུ་བླངས་པས་མ་མོ ་དགྲ་ལ་གཏོང་།། དུག་གསུམ་ཞལ་དུ་རྔུབས་ལ་ཕྱག་འཚལ་ལོ།། ཞབས་འོག་གཤིན་རྗེ་མ་མོ་སྲིན་པོ་ཀུན།། དུན་དུན་གུ་གུཾ་སྡང་བའི་དགྲ་ལ་གཏོང་།། གཤིན་རྗེ་ཁྲོས་ཏེ་ཤིན་ཏུ་རྔམ་པ་ཡིས།། སྲིན་པོ་ཕོ་མོ་དོན་སྙིང ་ར་གྱིས་འདེ་བས།། གདུག་པའི་སྲིན་པོ་ཁྲོས་ཏེ་བརྒྱུགས་པ་ཡིས།། དམ་ཉམས་དགྲ་བོ་དབང་དུ་སྡུང་ཅིང་ཐལ་བར་རློག། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། གསོད་བྱེད་ཡ་མ་ར་ཛ་གཤེགས་སུ ་གསོལ།། དམར་སྨུག་བརྗིད་པས་མ་མོ་ཀུན་གྱི་རྗེ།། ཁྲོ་གཏུམ་བཙུན་དག་སྲིད་པ་གསུམ་གྱི་ལྷ།། ཆེ་བཙན་དྲེགས་པས་མ་མོ་བྲན་དུ་འཁོལ།། གསོད་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ།། མ་གཅིག་སྲིན་མོ ་མགོ་འཕྱང་མ།། དགྲ་ལ་ཁྲག་ཐུན་འབེབས་ཀྱི་ན་ད་ཚུར་སྤྱོན།། འཇིགས་བྱེད་དེ་ཡི་ཞབས་ཀྱི་ཆགས་འོག་ན།། སྲིད་གསུམ་ཤ་ཁྲག་མངའ་མཛད་མ་མོ་རྣམས།། དམར་ལམ་བསྟན་གྱིས་མ་ཐོགས་ད་ཚུར་སྤྱོན།། ཙིཥྛ ་དབྱུང་གིས་མ་ཐོགས་ད་ཚུར་སྤྱོན།། ཁྲག་འཐུང་དབབ་པས་མ་ཐོགས་ད་ཚུར་སྤྱོན།། སྲིད་པ་གསུམ་གྱི་ཁྲམ་གྱི་མངའ་བདག་མོ།། དམར་མོ་མཆུ་འཇིབ་རྩ་སྲོག་མངའ་བདག་མོ།། ཕྱག་ན་ལྕགས་སྐམ་ལྕགས་ཀྱུས ་སྙིང་འབྱིན་མ།། འཁོར་གྱི་མ་མོ་སྟོང་གི་རྩ་བརྒྱད་བསྡུས།། ཐུན་ཟོར་འཕང་གིས་མ་ཐོགས་ཚུད་སྤྱོན།། དམ་ཉམས་དགྲ་བོ་དབང་དུ་སྔ་ཤིག་ཐལ་བར་རློག། ཅེས་དགྲ་བོ་ལ་ཐུན་ཟོར་བརྡེག། འཇམ་དཔལ་ཁྲོ་བོ ་གསང་བའི་རྒྱུད་ལས། ཐུན་ཟོར་སྒྲུབ་ཅིང་འཕང་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཆེད་དུ་བརྗོད་པ་འདི་གསུངས ་སོ།། གསང་བའི་མཆོག་ནི་དམ་པ་ཡི།། གཙོ་ནི་ཏིང་འཛིན་ཉིད་ཡིན་པས།། བསམ་གཏན་འཁོར་ལོ་དམ་པར་བཤད།། བསལ་བ་གསུམ་ནི་དེ་ཉིད་ལས།། ཏིང་འཛིན་བརྒྱ་དང་རྩ་བཞི་ལས།། ངེས་པར་ཉེ་བར ་བསྡུས་པའི་དོན།། བསམ་གཏན་སེམས་དང་གཅོད་པ་སྔགས།། བསམ་གཏན་འཇམ་དཔལ་ཡེ་ཤེས་ཉིད།། ངོ་བོ་ཆོས་སྐུ་བྱང་ཆུབ་སེམས།། མ་བཅོས་བདེ་ཆེན་ཐིག་ལེའི་སྐུ།། སྐུ་མཆོག་མི་གཡོ་སྤྱིར་ཡང ་སྣང་།། ཁྱབ་བརྡལ་བདེ་ཆེན་འགྱུར་མེད་ལ།། སྣ་ཚོགས་ངོས་བཟུང་མེད་པ་ལ།། ལྷུན་གྲུབ་ཕྱག་རྒྱ་སྤྱིར་ཡང་འཆར།། ཐབས་ཀྱིས་འགྲོ་བ་འདུལ་བའི་མཆོག། ཟུག་རྔུ་མི་མངའ་སྤྱི་ཡང་ལྟོས།། མཚན ་དང་དཔེ་བྱད་ཚད་ལས་འདས།། རིག་པ་རྒྱལ་པོ་རྫོགས་པའི་སྐུ།། སྣ་ཚོགས་སྒྱུ་མ་སྤྲུལ་པའི་སྐུ།། ཐམས་ཅད་སྐུ་གསུམ་རོལ་པའི་རྒྱན།། ཕྱི་རྒྱུད་དག་པས་སྐུ་གསུམ་རྫོགས།། དབུས་ཀྱི་ཐིག་ལེ་རྩ་འདུས་པའི།། ས ་རི་རྣམ་པ་ཡི་གེ་ལས།། འཕྲོ་འདུ་སྦྱོར་ལེན་ཀུན་བྱེད་པ།། ནང་རྒྱུད་དག་པའི་སྐུ་གསུང་རྫོགས།། ཐབས་དང་ཤེས་རབ་གཉིས་མེད་པར།། བྱང་ཆུབ་བདེ་ཆེན་དངོས་མེད་པར།། ཡུམ་གྱི་མཁའ་ལ་བདེ་ཆེན ་སྤྲོ།། འཁོར་ལོ་རྣམ་དྲུག་བརྒྱུད་ཅིང་ཁྲོས།། ཐབས་ཀྱི་སྤྱོད་པ་དོན་བྱས་ནས།། སླར་འདུས་ཐིག་ལེ་བདེ་ཆེན་སྐུ།། གཉིས་སུ་མེད་པ་བྱང་ཆུབ་སེམས།། རོ་མཉམ་མི་ཤིགས་རྡོ་རྗེའི་སྐུ།། ཐབས་དང་ཤེས་རབ་རྡོ་རྗེའི ་སྐུ།། ཐམས་ཅད་ཡོངས་ལ་གསལ་ཅིང་ཁྱབ།། གསང་བ་ཐབས་ཀྱི་སྒྲ་ཞེས་བཤད།། དུས་གསུམ་མཉམ་ཉིད་བརྡལ་བ་ཡི།། རིག་པའི་རྒྱལ་པོ་བྱང་ཆུབ་སེམས།། སྣང་སྲིད་ཐམས་ཅད་ཆོས་རྣམས་ཀུན་གྱི་གཞི།། སྣ ་ཚོགས་ངོས་གཟུང་བྲལ་བའོ།། རྒྱུ་མེད་འབྲས་བུ་ལྷུན་གྱིས་གྲུབ།། ཆགས་སྡང་ལོངས་སྤྱོད་ལམ་གྱི་རྒྱུན།། སེམས་ལས་མ་ཕྱུང་སངས་རྒྱས་གཙོ།། ཡེ་ཤེས་ཉི་མས་དབུས་མཐའ་རྫོགས།། ལུང་མེད་མན་ངག་ཡང ་དག་མཆོག། ཁྱབ་བརྡལ་དཀྱིལ་འཁོར་ཡོངས་རྫོགས་ཡིན།། ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྒྱ།། མི་ཟད་རྒྱན་གྱི་འཁོར་ལོ་རྫོགས།། གཅོད་པའི་སྔགས་ཀྱིས་རོལ་པའི་རྒྱན།། འདྲེན་པ་གསུམ་གྱི་དོན་གཉིས ་ལྡན།། དྲག་དག་ཆེ་དང་འཕྲ་ལ་ཞན།། གང་དང་གཏོང་དང་འཕར་བ་དང་།། རྔུབ་དང་སྟོང་དང་བསྐྱེད་པ་དང་།། འདུད་དང་ཉལ་དང་འདྲེན་པ་ཡིས།། ལས་ཀྱི་སྐབས་སྦྱོར་སོ་སོར་སྦྱར།། ཉི་མ་ཆུ་རླུང་རྡོ་རྗེ ་དང་།། པདྨ་རིན་ཆེན་སོ་མ་ཏ།། རྡོ་རྗེ་ལྕགས་ཀྱུ་བྷེ་བག་ཏ།། རླུང་གིས་མཚོ་གླིང་དཀའ་འཕངས་དང་།། མུ་མེན་ཏུ་ཡི་ཁུ་བ་བཅུད།། དེ་བཞིན་རི་ཡི་རྦབས་ཚན་དང་།། རྒྱལ་པོ་བརླབས་དང་ཀླ་ཆེན་སྟོབས།། གསེར ་གྱི་ཆུ་ཏོག་སྐམ་པའི་སོ།། ས་རི་སོ་དང་ལྕེ་འབབ་དང་།། བྱ་རྒོད་ཁྲ་ཆེན་ཟན་ལ་འབབས།། བཅོ་བརྒྱད་འདྲེན་དང་འོད་ཟེར་དག། ཏིང་འཛིན་ཞེས་ནི་ཡང་དག་བཤད།། བསྙེན་དང་ཉེ་བའི་བསྙེན་པ་དང་།། བསྒྲུབ ་དང་བསྒྲུབ་པ་ཆེན་པོ་ཡི།། གྲུབ་དང་སྤོགས་དང་མཐའ་བསྡུ་དང་།། ཏིང་འཛིན་གྱིས་ནི་འབྱེད་པས་ན།། འཕེན་པ་དེ་ཉིད་རྟགས་ཞེས་བརྗོད།། ཅེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད ་ལས། གསང་བ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། འབར་བྱེད་གཏུམ་རྔམ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་འདི་བརྗོད་དོ།། གཏུམ་ཆེན ་གྲགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ།། དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན།། ཁྲོ་རྔམ་གཏུམ་པས་སྲིད་གསུམ་ཐལ་བར་རློག། སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ ་འཁོལ།། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ།། འཇིགས་བྱེད་ཡ་མ་ར་ཛའི་སྐུ་ལ་ཕྱག་འཚལ་ལོ།། ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་ཕྱོགས་བཅུར་དགྱེ།། གདུག་བྱེད་མཚོན་ཆ་མང་པོ་བསྐལ ་པའི་མེ་ལྟར་འབར།། རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་རྒྱན་ཅིང་།། གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ།། ཤ་ཟན་འུག་པའི་ཚོམ་བུས་དབུ་ཡི་ཐོད་དུ ་བཅིངས།། ཁྲོ་བོའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་ཞབས་དྲུག་ཧཱུཾ་སྒྲ་ཅན།། ཧཱུཾ་དང་ཕཊ་ཀྱིས་ཁམས་གསུམ་སྟོང་གསུམ་ཞབས་དྲུག་གཤིན་རྗེ་མནོན།། བརྐྱང་བསྐུམ་བརྗིད་པས་གཤིན་རྗེ་ཡ་བ་སྟིའི་སྙིང་ཀ ་མནན།། ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེའི་ཐོག་ཕབ་པས།། འཁོར་གྱི་མ་མོ་རྣམས་ཀྱང་བྲན་དུ་འཁོལ།། ཚམ་རྔམ་ཁྲོ་བོའི་རྐན་སྒྲ་བསྒྲགས་པ་ཡིས།། འཁོར་གྱི་མ་མོ་རྣམས་ཀྱང་འདར་ཆུམ་ཆུམ།། ཚངས ་པ་འཁོར་བཅས་རྡུལ་གྱི་ཐིག་འཛག་ཅིང་།། ལྷ་ཆེན་ཁྱབ་འཇུག་མ་ཧཱ་དེ་ཝ་གནོན།། ཕྱག་ན་བྷན་དྷ་རློན་པ་རབ་བསྣམས་ཤིང་།། དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ།། ཁྱུང་དང་འུག་པ་ལྟ་བུའི་ཁ ་བསྣམས་ཤིང་།། དམ་ལས་ཟློག་པ་རྣམས་ལ་གཏོང་བར་མཛད།། རྣལ་འབྱོར་བདག་ལ་གདུག་ཅིང་འགལ་བྱེད་རྣམས།། རབ་ཏུ་ཆིངས་ཤིག་ཕུང་བར་མཛད་དུ་གསོལ།། གཤིན་རྗེ་ཡ་མ་ར་ཛ་ཁྲོ་བོ་ཀུན་གྱི ་རྗེ།། གཏན་གྱི་ལྷ་ཡང་ཁྱོད་ལ་གསོལ་འདེབས་ན།། དགྲ་བགེགས་མགོ་ནས་ཆེམ་ཆེམ་བསྣམས་སུ་གསོལ།། ནད་གཏོང་སྲིན་མོའི་ཚོགས་རྣམས་དབང་དུ་སྡུད།། ཁྲུང་ཆེན་སྔོན་པོ་མཁའ་ལ་ལྡིང་བ་བཞིན།། ཐུགས་ཀྱི ་སྤྲུལ་པ་ཁྱེའུ་ཆུང་མང་པོ་ཡིས།། རྣལ་འབྱོར་བདག་ལ་གནོད་པའི་དགྲ་དང་བགེགས་ཡུད་ཙམ་གྱིས་ནི་ཐལ་བར་བརླག་པར་མཛད་དུ་གསོལ།། འཇིགས་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ།། ཨེ་ཀ་ཛ་ཏི་འགུ་ཡ ་རལ་གཅིག་མ།། མི་འཕམ་ཁྲོ་གཉེར་གཡུ་ཡི་རལ་པ་ཅན།། རལ་པ་སྤྲུགས་པའི་སྒྲ་གསེབ་རེ་རེ་ནས།། ཁྲོ་ཆུང་མང་པོ་སྟོང་ཁམས་ཁྱབ་པར་འགྱེད།། ཀུན་ཀྱང་མི་བཟད་འཇིགས་བྱེད་ལྕགས་ཀྱུ་ཅན།། འཇོམས ་བྱེད་སྲིན་མོ་ལས་ལ་འགྱེད།། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཉིད་ལ་འདུད།། ཅེས་གསུངས་པས། འབར་བའི་དཀྱིལ་འཁོར་ཆེན་པོ་རྣམས་སྐུ་ཡོངས་སུ་རྫོགས་ཏེ་དགྱེས་པ་ཆེན་པོ་ཧ་ཧ་ཞེས་སྒྲ་སྒྲོགས་པར་གྱུར ་ཏོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད ་ཅེས་གསུངས་སོ།། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། འཇམ་དབྱངས་ཁྲོ་བོ་ཉིད་ཀྱི་སྐུ།། སྤྲོས་མེད་ཐིག་ལེ་ཆེན་པོ་ལས།། འཛིན་རྟོག་ལས་ཀྱིས་ཟིན་པ་ལ།། རྣམ་གྲངས་བསམ་གྱིས ་བསམ་གྱིས་མི་ཁྱབ་ཀྱང་།། གྲོལ་ནས་མྱ་ངན་འདས་པའི་ལམ།། དམོད་པའི་རྒྱལ་པོ་ལམ་གྱི་མཆོག། ཞེ་སྡང་གཏུམ་ཁྲོས་འགྲོ་བ་སྒྲོལ།། མ་ལུས་འཇོམས་པའི་ངང་ཚུལ་ཅན།། རྣལ་འབྱོར་ཆེན་པོ་རྩ་བའི ་དོན།། ཐབས་དང་ཤེས་རབ་སྙིང་པོའི་བཀའ།། ཉེ་བར་གྱུར་པ་སྒྲུབ་པའི་ལུང་།། སྟོང་ཕྲག་བདུན་དང་བརྒྱ་ཕྲག་བརྒྱད་དེ་དོན་དངོས་གྲུབ་ཉེ་བའི་མཆོག། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས།། རྡོ་རྗེ་སྙིང་པོ་ལ ་སོགས་པ།། གཤིན་རྗེ་གཤེད་ཀྱི་དགེ་འདུན་ཀུན།། ངའི་བཀའ་རྒྱུད་པ་རིམ་པ་འདི།། རྣམ་རྟོག་མཚན་མར་རང་གྲོལ་བ།། རྡོ་རྗེ་བདེ་ཆེན་རྒྱལ་བའི་བཀའ།། སྐུ་གསུང་མི་ཟད་བརྒྱན་གྱི་ཐུགས།། བདག་གཞན་འགྲོ ་བ་ཡོངས་ཀྱི་དཔལ།། དོན་གྱི་ལམ་སྟོན་མགོ་མ་ལ།། གསང་བ་དོན་གྱི་ཀ་དག་གསང་།། ལྷ་སྤྱོད་འཁོར་ལོ་དམ་ཚིག་དབང་།། བསྒྲུབ་དང་འཕྲིན་ལས་ཕྱག་རྒྱ་སྔགས།། ལམ་རིངས་སྦྱོར་བ་འབྲེལ་བའི་དོན།། བཅོམ ་ལྡན་རིགས་རྣམས་ཀུན་གྱི་སྐུ།། རྒྱལ་བ་ཀུན་གྱི་རང་བཞིན་དངོས།། རྡོ་རྗེ་འཆང་གི་ངོ་བོ་ཉིད།། ཆོས་དབྱིངས་སྐྱེ་བ་མེད་དབྱིངས་ལས།། ཡེ་ཤེས་རོལ་པ་སྐུར་བསྟན་ནས།། དངོས་གྲུབ་ཉེ་བའི་བཀའ་རྒྱུད ་འདི།། རྣལ་འབྱོར་ཅན་ལ་གནས་ཕྱིར་བཤད།། རྡོ་རྗེ་ཁྲོ་བོ་དྲེགས་པའི་ཚོགས།། སྲོག་གཅོད་ཤན་པ་གིང་གི་ཚོགས།། མ་མོ་མཁའ་འགྲོ་རིགས་འཛིན་དང་།། བདུད་དང་སྲིན་པོ་བྱད་སྟེམས་དང་།། བཙན་དང་རྒྱལ ་པོ་སྲོག་བདག་གིང་།། གནོད་སྦྱིན་དྲི་ཟ་ལྟོ་འཕྱེ་གཟའ།། ལྷ་དང་མཁའ་འགྲོ་ལ་སོགས་པ།། ཀུན་ཀྱང་གཤིན་རྗེ་ཉིད་ཀྱི་འཁོར།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། རིགས་འཛིན་གཞན་གྱི་དངོས་གྲུབ་རིལ།། ཡལ ་ནས་འགྲུབ་ཏུ་མི་འདོད་ཚེ།། གཤིན་རྗེ་མཐར་བྱེད་གང་བསྒྲུབས་ཚེ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ།། ང་ཡི་དམ་ལས་མི་གཡེལ་བས།། ལྷ་ཀླུ་དྲེགས་པ་ཆེན་པོ་ཡིས།། རྣལ་འབྱོར་སྒྲུབ་པའི་གྲོགས་གྱིས ་ཤིག། ང་ཡི་ལས་རྒྱུད་གསང་བ་འདི།། འདས་དང་མ་འདས་དྲེག་པའི་འཁོར།། ལྷ་དང་མཁའ་འགྲོ་རྣམས་ཀྱིས་གསུངས་འདི་ལ་མོས་དང་འབྲི་བ་དང་།། བསྒྲུབ་དང་ཚུལ་བཞིན་ཡིད་ལ་བྱེད།། དངོས་གྲུབ་ཉེ་དང ་བར་ཆད་སེལ།། དགྲ་དང་དུག་དང་མཚོན་ཆ་དང་།། མེ་དང་རྒྱལ་པོ་ཆུ་ལ་སོགས།། འཇིགས་པ་ཀུན་ལས་ངེས་པར་ཐར།། ཞི་དང་རྒྱས་པ་དབང་དྲག་དང་།། མངོན་སྤྱོད་ལ་སོགས་འཕྲིན་ལས་ཀུན།། ཇི་ལྟར་བསམ ་པ་བཞིན་འགྲུབ་པས།། སྙིང་པོ་གསང་བའི་རྒྱུད་དུ་གསུངས།། ཞེས་གསུངས་སོ།། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ལས། འཁོར་ལ་རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ ་ལྡན་འདས་ཀྱིས་འབར་བ་ཆེན་པོ་རྔམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གཙོ་འཁོར་ཐམས་ཅད་རྫོགས་པར་ཐིམ་ནས་ཆེད་དུ་བརྗོད་པའི་གླུ་འདི་དག ་བརྗོད་དོ།། ང་ནི་ཨེ་མ་གཤིན་རྗེ་གཤེད།། འབར་བྱེད་འཇིགས་པ་གཏུམ་བག་ཅན།། མ་ལུས་འདུལ་ལ་ཕྱག་འཚལ་བསྟོད།། ཨེ་མ་འཇིགས་བྱེད་གསང་བའི་གསུང་།། སྟོང་གསུམ་རི་རབ་འབུམ་སྙིལ་སྐད།། གདུག ་པ་འདུལ་བྱེད་གསུང་སྒྲ་སྒྲོག། མ་ལུས་སྒྲོལ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མ་བྱང་ཆུབ་སེམས་རབ་གསལ།། རྣམ་རྟོག་རིག་པ་ཆོས་ཉིད་ཀློང་།། སྟོང་གསུམ་སྦྲུལ་ཡང་ཁྱེད་ལས་སྤྲུལ།། ཐུགས་ཀྱིས་ཐུགས ་ལ་ཕྱག་འཚལ་བསྟོད།། ཅེས་གསུངས་སོ།། འབར་བའི་དཀྱིལ་འཁོར་ཆེན་པོ་རྣམས།། དགྱེས་པ་ཆེན་པོའི་ངང་ལ་གནས།། སྐུ་གསུང་ཐུགས་དེ་ཁོ་ན་ཉིད།། མཉམ་པ་ཆེན་པོའི་ངང་དུ་ཐིམ་པར་གྱུར་ཏོ།། དེ་ནས ་འཁོར་དུ་གཏོགས་པ་རྣམས་ཤིན་ཏུ་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དགའ་མགུ་ཡི་རངས་ཏེ་མངོན་པར་བསྟོད་པའི་ཀླུ་དང་། འཁོར་རྣམས་རྗེས་སུ་ཡི་རང་བའི་ལེའུ་སྟེ། ་བཅོ་བརྒྱད་པའོ།། །། འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཅེས་བྱ་བ་བསྒྲུབ་པའི་རྒྱུད་ལས། རྒྱུད་རིན་པོ་ཆེ་ཞེས་བྱ་བ། བལ་ཡུལ་གྱི་རྒྱལ་པོ་བ་སུ་དྷ་ར ་ཞེས་པ་དང་། བོད་ཀྱི་ལོ་ཙཱ་བ་སྒྲ་ངན་སྒྲུབ་པ་ན་སངས་རྒྱས་ཀྱིས། ཡུལ་བ་ལ་ཡུལ་གྱི་བྷ་ས་རིའི་བྲག་ཕུག་ཏུ། དབང་རྫོགས་ཟག་བཅད་དེ། བསྒྱུར་བའོ།། ས་མ་ཡ། ན་ར་སྐན། འཇམ་དཔལ་ཟླ་གསང་ནག་པོ་ཡན ་ལག་གི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མ་རི་ཀཱ་ལ་མན་ཏྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་ནག་པོའི་སྔགས་རྒུད་ནག་པོ་ཞེས་བྱ་བ། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ ་