CLOSE WINDOW

Gpb040.009: 'phags pa 'jam dpal gshin rje gshed zla gsang nag po'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མ་ར་ཛ། ཀྲྀཥྞ་གུ་ཧྱ་ཙནྡ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཟླ་གསང་ནག་པོའི་རྒྱུད། གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། ཐམས་ཅད ་ཁྱེན་ཉིད་དཔལ་མགོན་མཛད།། གདུག་པའི་ཚོགས་འཇོམས་གཤིན་རྗེ་གཤེད་པོ་ལ།། དད་པས་སྤྱི་གཏུགས་རྒྱུད་འདི་བསྟན་པར་བྱའོ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། ལྷོ་ཡི་ཕྱོགས་སུ་ཁ་བལྟས ་པའི།། ཤིན་ཏུ་དབེན་པའི་དུར་ཁྲོད་དམ།། བྲག་དང་ས་ཕུག་དག་ཏུ་ནི།། བསྒྲུབ་པ་པོས་གནས་བཙལ་ལོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གནས་བཙལ་བ་དང་བཅས་གཞིའི་སྐབས་ཏེ་དང་པོའོ།། །། དེ ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། གཞུང་དང་མཐུན་པའི་གནས་དག་ཏུ།། ས་ཆོག་མཚམས་བཅད་སྡིག་སྦྱངས་ལ།། ཆག་ཆག་ཐིག་གདབ་མགོ་མ་ཡེངས།། དཀྱིལ ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ་བཞི་དང་ལྡན་པར་བྲི།། ཐོད་འཕྲེང་དང་ནི་མེ་རི་འབར།། སྒོ་དང་སྒོ་ཁྱུད་ལྡན་པའོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་བཅའ་བའི་སྐབས་ཏེ་གཉིས ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ལྷོ་ཡི་ཕྱོགས་ཀྱི་ཟླ་གམ་ལ།། འཇིགས་བྱེད་རྒྱལ་པོ་གཤིན་རྗེ་གཤེད།། སྐུ་དང་གཟུགས་བརྙན་བཞུགས་སུ་གསོལ།། གཡས ་སུ་སྒེག་མོ་རལ་གཅིག་མ།། གཡོན་དུ་ཟ་བྱེད་པེ་ཏ་ལི།། གཡས་གཡོན་གཉིས་ཀྱི་ཟླ་གམ་ལ།། སྐུ་ཡི་གཟུགས་བརྙན་དགོད་པར་བྱ།། ཡང་ན་སྙིང་པོ་ཡི་གེ་བྲི།། སྐུར་བསྐྱེད་དེ་བཞིན་བསྒོམ་པར ་བྱ།། བྱང་གི་ཕྱོགས་ཀྱི་ཟླ་གམ་སྟེ།། སྙིང་པོ་ཡི་གེ་བྲིས་པ་ལས།། འཇིགས་བྱེད་ཡ་མ་རཱ་ཛ་ཡི།། སྐུར་བསྒོམས་མཆོག་ཕུར་སོར་གསུམ་གཟུགས།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལྷ་དགོད་པའི་བཅའ་གཞིའི ་སྐབས་ཏེ་གསུམ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཤིན་རྗེ་ཡབ་ཡུམ་སྐུ་ཡི་གཟུགས།། གཞུང་ལས་སྨོས་པའི་ཡས་སྟེགས་རྣམས།། འཚོགས་པར་སྦྱར་བའི ་སྣག་ཚ་ཡིས།། ཀང་ཀའི་སྒོ་འམ་འུག་པའི་སྒྲོས།། ཡི་དྭགས་ཀྱི་ནི་གོས་ལ་བྲི།། མཆོད་དེ་རབ་ཏུ་གནས་པར་བྱ།། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས།། འཁོར་ལོ་བཅའ་གཞིའི་སྐབས་ཏེ་བཞི ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དགྲ་བོའི་རྐང་རྗེ་ཆུ་ཕུད་དང་།། བོང་བུའི་བདུད་རྩི་མཆིལ་སྣབས་དང་།། བའི་ལྕི་བས་ས་མར་སྦྱར།། ཁ་དགོངས་རྣམས་ལ ་འགག་ཏུ་བྱ།། བྱ་རོག་རའི་ཁྲག་གིས་བྱུག། རི་ཤོ་མ་དང་གྲོ་ག་ལ།། དགྲ་བོའི་མིང་དང་རུས་བྲིས་ལ།། སྙིང་ཁ་དག་ཏུ་གླན་ཏེ་བཞག། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལིང་ཁང་བཅའ་བའི ་སྐབས་ཏེ་ལྔ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཤིན་རྗེ་ཡབ་ཡུམ་བར་དུ་གཞུག། ཚོན་གྱི་སྐུད་པས་བཅིངས་ནས་ནི།། མཚན་ངན་ཐོད་པ་ཁ་སྦྱར་དུ།། བཅུག ་ལ་བུད་མེད་ཡུགས་ས་མོའི།། སྒྲ་ཡི་ཟག་པས་བཅིང་བར་བྱ།། མཐིང་ནག་གྲུ་གསུམ་སྟེང་དུ་བཞག། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལིང་ག་བྱད་དུ་གཞུག་པ་དང་། གཞག་ཐབས་ཀྱི་སྐབས ་ཏེ་དྲུག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཏོར་མ་གསུམ་དང་ཨརྒ་དང་།། བཅས་ཏེ་དཀྱིལ་འཁོར་འགྲམ་དུ་གཞག། རྒྱན་དང་མཆོད་པ་ཀུན་ཀྱང ་དགྲམ།། གསུར་ཆེན་དུད་པ་གཏང་བར་བྱ། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མཆོད་པའི་ཡོ་བྱད་དགྲམ་པའི་སྐབས་ཏེ་བདུན་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད ་ཅེས་གསུངས་སོ།། དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི།། སྔགས་པ་ཆས་གོས་ནག་པོ་གྱོན།། ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ།། ཏིང་འཛིན་རྣམ་གསུམ་རིམ་བཞིན ་བསྒོམ།། ཁྲག་འཐུང་དཀྱིལ་འཁོར་རིམ་ཀྱིས་བསྐྱེད།། སྤྱན་དྲངས་མཆོད་པ་ལ་སོགས་བྱ།། གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཁྲག་འཐུང་གི་འཕྲིན ་ལས་ཀྱི་སྐབས་ཏེ་བརྒྱད་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དེ་ནས་ཏིང་འཛིན་རྣམས་གསུམ་གྱིས།། ཁྲོ་བའི་རྒྱལ་པོ་གཤིན་རྗེ་གཤེད།། སྙིང་པོ ་སྔགས་ཀྱིས་ཡབ་ཡུམ་བསྐྱེད།། དེ་བཞིན་གནས་ནས་སྤྱན་དྲངས་ནས།། གཉིས་སུ་མེད་པར་བསྟིམ་པར་བྱ།། བསྟོད་ཅིང་མཆོད་པ་ཕུལ་ནས་ནི།། ཇི་ལྟར་འདོད་པའི་འཕྲིན་ལས་བཅོལ།། མས་ཡར་བགྲངས་པའི ་ཚེཆོས་བརྒྱད་དེ།། ཉི་ཤུ་གསུམ་ནས་དྲུག་ཏུ་ནི།། ཞག་ནི་བཞི་ཡི་བར་དུ་ནི།། ཡ་མཱནྟ་ཀའི་བསྙེན་པ་དང་།། ཨོཾ་ཤྲཱི་མཉྫུ་ཡ་མནྟ་ཀ་ཡ་མ་རཱ་ཛ། དེ་བི་ཀྲོ་དྷི་ཤྭ་རི། ཡག་ཤ་ཛ་ཛ། ཨེ་ཀ་ཛ་ཏི་ས་མ་ཡ་སྟྭཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ ་བྷྱོ་ཧཱུཾ། དགོངས་དང་ཐོ་རངས་གཏོར་མ་གཏང་།། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ལས། ཕྱི་མ་ལས་ཀྱི་སྐབས་ཏེ་དགུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས ་སོ།། ལྷོ་ཕྱོགས་ཁ་བལྟས་མདུན་དུ་ནི།། ཧོ་ཁུང་གྲུ་གསུམ་རྩེ་མོ་ལྷོ།། ཆག་གང་ཐུར་དུ་བརྐོས་པ་ལས།། མིང་རུས་བསྲེགས་པའི་སོལ་བ་ཡིས།། ཁ་དོག་ནག་པོ་དག་ཏུ་བྱ།། དེ་ཡི་ནང་དུ་བན་དྷ་གཞུག། ཅེས ་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དབང་དུ་བསྡུ་བའི་བཅའ་གཞིའི་སྐབས་ཏེ་བཅུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཤིན་རྗེ་དབང་དུ་བསྡུ་བའི ་ཕྱིར།། ཁྲོ་བོའི་ཞབས་ནི་གཡས་པ་ལ།། རྡོ་རྗེ་ཕུར་པ་རྩེ་གཅིག་བསྒོམ།། ལས་ཀྱི་གཤིན་རྗེའི་སྙིང་ཁར་མནན། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཏིང་ངེ་འཛིན་གྱི་དབང་དུ་བསྡུ་བའི་སྐབས་ཏེ ་བཅུ་གཅིག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དགུག་ཅིང་དབང་དུ་བསྡུ་བའི་ཕྱིར།། སྙིང་པོ་སྔགས་ཀྱི་བཟླས་བརྗོད་ནི།། ཉིན་མཚན་ཕྱེ་ལ་མཚན་མོ ་བཟླས།། གཤིན་རྗེ་ནག་པོ་འཁོར་དང་བཅས།། རང་དབང་མེད་པར་དབང་དུ་བསྡུ།། ཇི་ལྟར་བཅོལ་བའི་ལས་ཀྱང་བྱེད།། དགུག་ཅིང་དབང་དུ་སྔགས་འདིས་བསྡུ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྡ་ཧཱུཾ་ཕཊ། ་ཡཱ་བ་ཉ་ཤཱ་ཤ། ཛ་ཛ། ཐུན། ཡཱ་མཱ་སྙིང་དུ་པཱ་ཤ། ཡ་མ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་ནི་མཚན་མོ་བཞི་བཟླས་སོ།། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྔགས་ཀྱི་དབང་དུ་བསྡུ་བའི་སྐབས་ཏེ་བཅུ ་གཉིས་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། སྙིང་པོ་སྔགས་ཀྱི་བར་བར་དུ།། ཁྲོ་བོའི་བསྟོད་པ་སྣང་བར་བྱ།། རཀྟ་བཏབ་ཅིང་མཆོད་པ་དབུལ།། དྲག་པོའི་སྔགས ་འདས་བཏབ་ཅིང་དབུལ།། ཨོཾ་ཤྲཱི་མཉྫུ་ཡ་མཱནྟ་ཀ། ཨེ་ཨ་ར་ལི། པཱུ་ཙ་ཁཱ་ཧི། ཁ་ཁ་ཁཱ་ཧི། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བསྟོད་ཅིང་མཆོད་པ་དབུལ་བའི་སྐབས་ཏེ་བཅུ་གསུམ ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཉི་ཤུ་བདུན་ནས་གནམ་སྟོང་པར།། ཞག་ནི་བཞི་ཡི་བར་དུ་ནི།། གསད་པ་ཡི་ནི་ལས་བྱའོ།། ཞེས་གསུངས ་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གསད་པ་བཅའ་གཞིའི་སྐབས་ཏེ་བཅུ་བཞི་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གཤིན་རྗེ་ལས་ལ་བཙུད་ནས་ནི།། དགྲ་པོ ་མྱུར་དུ་གསད་པའི་ཕྱིར།། བན་དྷ་དཀྱིལ་འཁོར་ཐོག་ཏུ་ཞག། བཅོལ་བ་ལས་ཀྱི་སྔགས་བཞི་ནི།། ཉིན་མཚན་ཕྱེ་ལ་ཉིན་མོ་བཟླས།། ཉི་མ་དང་པོ་སྔགས་འདི་བཟླས།། ཨོཾ་ཧྲིཥྚྲཱིཿབི་ཀྲི་ཏཱ་ནན། ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ ་ཧཱུཾ་ཕཊ། ཡ་མ་ར་ཛ་ས་དོ་མེ་ཡ། ཆེ་གེ་མོ་ལ་མུ་ཀཾ། ས་མ་ཡ་ཧཱུཾ་ཕཊ། བདག་ཐུགས་འོད་འཕྲོས་སྲས་མཆོག་བསྐུལ།། དེ་བཞིན་ཕྱོགས་ཀྱི་གཤིན་རྗེ་བསྐུལ།། བཟས་པ་པོ་བཀུག་འཁོར་ལོར་བཅུག། བེ་ཅོན་ཕྱག་རྒྱ ་མགོ་ལ་བརྒྱ་པ།། མགོ་འཁོར་ནད་ཀྱིས་ཟིན་པར་བསྒོམ།། ཉི་མ་གཉིས་ལ་སྔགས་འདི་བཟླ།། ཨོཾ་ཧྲི་ཥྚིཿབི་ཀྲི་ཏ་ན་ན། ཆེ་གེ་མོ། ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་མེ་དོན་ཡ་ད་ཡ། མུ་ཀ་མ། མུར་ཙ་ཡ་ཧཱུཾ་ཕཊ། འོད་འཕྲོས ་གནས་ཀྱི་གཤིན་རྗེ་བསྐུལ།། བཟས་པ་པོ་བཀུག་ལྟོ་བར་བཅུག། བེ་ཅོན་ཕྱག་རྒྱ་ལུས་ལ་བརྒྱབ།། ལུས་པོ་བརྒྱལ་ཞིང་རེངས་པར་བསྒོམ།། ཉི་མ་གསུམ་ལ་སྔགས་འདི་བཟླས།། ཨོཾ་ཧྲིཥྚྲཱིཿབི་ཀྲི་ཏཱ་ན་ན། ཆེ་གེ་མོ་ཤ ་ཧཱུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ་ན་ར་ཀྵེ་ཡ། ཨ་མུ་ཀཾ་རཀྟ་ཙིཏྟ་ཡ་ཧཱུཾ་ཕཊ། འོད་འཕྲོས་གནས་ཀྱི་གཤིན་རྗེ་བསྐུལ།། གཟས་པ་པོ་བཀུག་ལྟོ་བར་བཅུག། བེ་ཅོ་ན་ཕྱག་རྒྱས་མགྲིན་པར་བརྒྱ་པ།། ཁྲག་ཏུ་སྐྱུག་ཅིང་འཆི ་བར་བསྒོམ།། ཉི་མ་བཞི་ལ་སྔགས་འདི་བཟླས།། ཨོཾ་ཧྲིཥྚིཿབི་ཀྲི་ཏཱ་ན་ཎ། ཆེ་གེ་མོ།། ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀཾ། མཱ་ར་ཡ་ཧཱུཾ་ཕཊ། འོད་འཕྲོས་གནས་ཀྱི་གཤིན་རྗེ་བསྐུལ།། གཟས་པ ་བཀུག་སྟེ་ལྟོ་བར་བཅུག། བེ་ཅོན་ཕྱག་རྒྱས་སྙིང་ཁར་བརྒྱབ།། ལུས་སྲོག་ཕྲལ་ཏེ་གསོད་པར་བྱེད།། གནམ་སྟོང་དག་གི་ནུབ་མོ་ནི།། མ་གཤིན་རྗེ་ཐུན་ཟོར་གཞན་ཡང་བརྡེག། དྲག་པོ་བདུད་ཀྱི་ཧ~ཾ་ནག ་བཅའ།། དགོངས་ཀྱི་དམར་ཐག་ཆད་པ་དང་།། ཚོགས་དང་མཆོད་པ་གཏོར་མ་དབུལ།། དབང་གཟུགས་བཅོལ་བསྐུལ་དྲག་ཏུ་བྱ།། ནུབ་མོ་དབང་བསྡུ་ཉིན་མོ་བསད། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད ་ཕྱི་མ་ལས། གསང་བ་ལས་ཀྱི་སྐབས་ཏེ་བཅོ་ལྔ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། སྔགས་ཀྱི་སྔགས་བཟླས་བརྗོད་པར་དུ།། རྫ་རྔ་བརྡུངས་ཏེ་གཤིན་རྗེ་བོད།། རཀྵ ་སྦྲེངས་ཏེ་མཆོད་པ་དབུལ།། ཁུར་བུར་དེངས་ཏེ་སྤྱུགས་གླ་བླངས།། དུན་ཏིང་ཁ་ཡའི་སྔགས་བརྗོད་ལ།། དགྲ་བོ་དེ་ལ་གཤིན་རྗེ་རྦད། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལས་ཀྱི་གཤིན་རྗེ་རྦད ་པའི་སྐབས་ཏེ་བཅུ་དྲུག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཚེ་གཅིག་ཏུ་ནི་བརྩིས་པའི།། ཉིན་མཚན་གཉིས་ཀྱི་བར་དུ་ཡང་།། མནན་པའི་ཆོ་ག་བྱ ་བར་གསུངས།། ལྷ་ཀླུ་གདུག་པའི་འདུག་ས་འམ།། རོ་ཁུང་དུར་མཆད་རྒྱ་གྲམ་ལམ།། མནན་པའི་བན་དྷ་ཉིད་ལ་ནི།། རི་རབ་བང་རིམ་གསུམ་པའི་གཟུགས།། སྙིང་པོ་ལ་ཧཱུཾ་བྲི་བར་བྱ།། འཇིགས་པ་ཡ་མ་རཱ་ཛ ་ཡི།། མཆོག་གི་ཕུར་བ་སོར་གསུམ་པ།། མནན་པའི་སྔགས་ནི་སྟོང་བཟླས་ཏེ།། རྡོ་རྗེ་ཕུར་པ་རྩེ་གཅིག་པ།། གཟས་པའི་ལིང་ཁའི་སྙིང་ཁར་གདབ།། གཤིན་རྗེ་ཡབ་ཡུམ་ལྟོ་རུ་གཞུག། མཚན་ངན་བན་དྷར་བཅུག ་ནས་ནི།། སྔ་མ་བཞིན་དུ་ཟག་པས་བཅིངས།། རོ་ཡི་ཁུང་དུ་སྦས་ཏེ་བཞག། གཤིན་རྗེ་ནག་པོའི་ལག་ཏུ་གཏད།། ཡ་མནྟ་ཀའི་སྔགས་ཀྱིས་གཟིར།། གདོན་མི་ཟ་བར་གསོད་པར་བྱེད།། ཏིང་འཛིན་སྔགས་ཀྱི་རི་རབ ་བསྐྱེད།། རི་རབ་ཆེན་པོའི་འོག་ཏུ་གཞུག། སྟེང་དུ་ལྷ་ཡི་ཕོ་བྲང་གདབ།། བསྐལ་པ་མཐའ་ཡི་བར་དུ་གནས།། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མནན་པའི་སྐབས་ཏེ་བཅུ་བདུན ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ལས་རྣམས་འགྲུབ་པར་མ་གྱུར་ན།། ལན་གསུམ་བར་དུ་ཆོ་ག་སྤོགས།། དེས་ཀྱང་གྲུབ་པར་མ་གྱུར་ན།། འཁོར་ལོ་བཟློག་ཅིང ་གཤིན་རྗེ་གཟིར།། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས།། གནད་ལ་དབབ་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ལས ་རྣམས་གྲུབ་ནས་ཐོད་པ་དབྱུང་།། ལས་ཀྱི་རྣམ་སྨིན་སྦྱང་བའི་ཕྱིར།། བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ།། བདག་དང་གཤིན་རྗེ་ཟས་པ་གསུམ།། ཡ་མནྟ་ཀ་བརྟག་པར་བྱ།། ཡ་མནྟ་ཀ་རྟོགས་པ་ནི།། ལས་ཀྱི་རྣམ་སྨིན ་སྦྱོངས་པ་ཡིན།། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ལས་ཀྱི་རྣམ་སྨིན་སྦྱངས་པའི་སྐབས་ཏེ་བཅུ་དགུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དྲག ་པོ་འཁོར་ལོའི་སྔགས་རྫོགས་ནས།། ཚེས་གཅིག་དག་གི་ཉི་ཕྱེད་ན།། དྲག་པོ་ཧ~ཾ་གྱི་ལས་བརྩམ་སྟེ།། དཀྱིལ་འཁོར་ཆེན་པོའི་ལྷོ་ངོས་སུ།། ཧོ་ཁུང་ཁ་ཁྱེར་ཆག་གང་བ།། གཏིང་དུ་དེ་ཡི་ཕྱེད་བརྐོས་བྱ།། དུར་ཁྲོད ་སོལ་བས་ནག་པོར་བྱ།། ཞབས་སུ་ཡི་གེ་རཾ་གཅིག་བྲི།། ཁ་ཁྱེར་མཚམས་སུ་མེ་རི་བྲི།། ཁ་ལ་རྡོ་རྗེ་རྭ་བ་བྲི།། ཕྱི་རོལ་ཟླ་གམ་གསུམ་གྱིས་བསྐོར།། དུག་ཤིང་ཚེར་མ་ཅན་གྱི་ཤིང་།། སྨེ་བའི་ཁྲག་གིས་སྤང་བར ་བྱ།། ཧོ་ཁུང་ཇི་བཞིན་བྱས་ཏེ་གཟུགས།། དུར་ཁྲོད་སྐྲ་ཡི་ཐག་པས་བཀྱིག། མིང་བྱང་བྲིས་ལ་ཧཽ་ལ་གདགས།། ཁྲོ་བོའི་པར་པས་དུག་དང་སྤེལ།། རྩང་དུ་རེ་སྣམ་འབྲུ་ན་ག་སྟེ།། མཆོད་རྫས་བསྲེག་རྫས་ལིང་ག ་བཞག། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོ་ཧོ་ནག་གི་སྐབས་ཏེ་ཉི་ཤུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས ་གསུངས་སོ།། ནག་པོ་ཤིང་ཤིང་ཕུར་སོར་བཞི།། གྲུ་གསུམ་སུམ་བརྩེག་རྩེ་ལ་གཟུགས།། གཏོར་མ་ནག་པོ་རྒྱུན་དུ་བཏང་།། ལིང་ག་ཇི་ལྟར་འདོད་པའི་དབྱིབས།། དབང་པོ་ཡན་ལག་ཚང་དུ་དགོད།། ལས་ཀྱི ་གཤིན་རྗེ་དྲག་ཏུ་བསྐུལ།། ཕུར་པ་ཉིད་ཀྱི་མགོ་མཇུག་གདབ།། མནན་པ་དུར་ཁྲོད་ཀླུ་གནས་ཆུ།། ཨོཾ་ཏི་ར་ཤེ་རྨེ་དུ་ཙོ་ཏ་རུ་མེ་ཡ་ནན། ཆེ་གེ་མོ་ཛ།། ག་ཏུ་ད་རྨེ་ལན་དུ་ཡ་རྦད། དྷི་མ་ཀུ་ཏ་པཾ་རིལ་རྦད། ཨོཾ་རོ་ཏ ་ཤིག་རྦད། སྲོག་ལ་ཕྲ་དུ་ཏི་རི་ལ་རྦད། ཚ་དུ་ཀ་ནན་ཤིག་ཤིག། ཆུ་ཆུ་རྦད་ཁྲག་ཏུ་ཏྲ་བཾ་རི་ལ་རྦད་སུ་རུ་ར་ན་ཁུག་རྦད། སྨེ་དུ་ཤ་རྦད། ཨོཾ་དུ་ས་ཧ་ར་ཙ་དུ་རྦད་དུར་ཙ་རྦད། ནི་ར་དུ་བཾ་རི་ལ་རྦད། ཙིཏྟ་རོ་ལ་ཤན་ཏི་ཙ ་དུར་ནན་རྦད། ཁྲག་ཏུ་ཙ་རྦད། རྨེ་ལེན་ནུ་ཀ་བཾ་རི་ལ་རྦད། ཙུ་ཤ་ཙུ་ཤ་ཙུ་རྦད། ཙ་དུ་ར་བཾ་རི་ལ་རྦད། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མ་ར་ཡ་ཙ་སྒྲོལ་གྱི་སྐབས་ཏེ་རྩ་གཅིག ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གྲུ་གསུམ་ནག་པོ་སུམ་བརྩེག་ཏུ།། མེ་རི་རྡོ་རྗེ་ལྕགས་ཀྱུ་དང་།། ཐོ་བ་ཞགས་པ་ལྕགས་སྒྲོག་བྲི།། ནང་དུ་གཟུགས ་བཅའ་ཐོད་པར་གཞུག། གདུག་ཤིང་རྩ་དགུ་དུག་གིས་བྱུག། སེམས་ཅན་སྣ་དགུའི་སྙིང་དགུ་ཡང་།། གྲུ་གསུམ་རྩང་གི་རྩ་ལ་དགལ།། མོན་མོ་མཆོད་དགུའི་སྙིང་ལ་བོད།། རྟགས་བཟངས་མཐོང་ནས་གཙང་གིས ་བརྡེག། ཐོད་པའི་ལིང་ག་དུར་ཁྲོད་མནན།། རཀྵ་མོའི་སྙིང་ལ་ཁུག། རཾ་རིལ་རྦད། ཙ་ཏྲ་མུ་ཀྲྀ་ཀྲུ་ཏོ་ཤ་རི་བཾ་རི་ལ་རྦད། རཀྵ་མོ་ཁ་ལོ་ཁ་ཧི། སྲིང་མོ་རཀྵ་ལོང་ལ་ཁུག་ཐུམ་རི་ལི་ལི་རྦད། ཁ་ལོང་ཧ་ཁཱ་ཧི། རཀྵ་མོ ་སྙིང་ལ་ཁུག་སྙིང་ཚལ་པ་བཾ་རི་ལ་རྦད། དགྲ་བོ་མཱ་ར་ཡ་ཁ་ལོང་ཁ་ལོང་ཁཱ་ཧི། ཡ་མ་རཀྵ་མོ་སྙིང་ལ་རྦད། ཁ་ལོང་ཁཱ་ཧི་ཧ། ཡ་མ་སྙིང་ལ་ཁུག། གློ་སྙིང་ལ་ཁ་ལོང་ཁཱ་ཧི། ཡ་མ་རགྣ་མོ་གློ་སྙིང་ཁུག་ལོང་ཁཱ་ཧི། རགྨ ་མོ་སྙིང་ལ་ཁུག་ལ་ཐུམ་རིལ་རྦད། དགྲ་བོ་མཱ་ར་ཡ་ཐུམ་རིལ་རྦད། ཅེས་ནི་གཟུགས་མིང་སྙིང་ལ་བརྡེག། ཁྱི་དང་བུ་ཆུང་སྐད་ངན་དང་།། རུས་པ་བཙས་པ་མནམ་ན་སྦྱར།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མོན ་མོ་སྙིང་འབྲུ་བཅུ་གསུམ་གྱི་སྐབས་ཏེ་རྩ་གཉིས་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དུར་ཁྲོད་གློ་ནས་རོ་བླངས་ནས།། དབང་པོ་བཀྲོལ་ལ་གཏོར་མ་བྱ།། པགས ་པའི་ཁུང་དུ་འཁོར་ལོའོ།། རྒྱབ་ཏུ་མ་རིའི་གཟུགས་བྲིས་ལ།། མཐའ་མ་གདུག་པའི་སྔགས་ཀྱིས་བསྐོར།། སྙིང་ཁར་ཏྲག་ན?་རྦད་ཅེས་བྲི།། འདོམས་སུ་ཡ་མ་དུ་ཞེས་བྲི།། ལྟེ་བར་ཛ་ནརྀ་ཕཊ་ཅེས་བྲི།། ཐ་མ་མུ་ནརྀ་ཛ ་ཡིས་བསྐོར།། ཉུངས་ཀར་ཉུངས་ནག་སྐྱེ་ཚེ་ལ།། དྲག་སྔགས་འདི་བཟླས་གཟུགས་ལ་བྲབ།། ཨོཾ་སྙིང་རོ་ཙེ་ཀྲོ་དྷི་ཤྭ་རི་དུན་བྷྱོ། ཙིཏྟ་སྙིང་ལ་རོག་པ་ཐུམ་རི་ལི་ལི་རྦད་རྨུགས་ཛ། མྱག་ཚལ་རོག་པ་སྙིང ་རོ་རྩལ་ཤིག་ཤིག། དེ་ནས་ཞིང་གི་འཁོར་ལོ་དེ།། དགྲའི་ཁང་པའི་རྨང་དུ་མནན།། སྣ་ཚོགས་གཏོར་མ་རྟག་ཏུ་བཏང་།། དེ་ལྟར་བྱས་ན་གདོན་མི་ཟ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མ་མོ་སྙིང་ལ་ཉི་མ་རྨོངས ་བྱེད་པའི་དྲག་སྔགས་ཀྱི་སྐབས་ཏེ་རྩ་གསུམ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། མཚན་ངན་ཐོད་པ་སུལ་མངས་སུ།། སྣ་ཚོགས་འབྲུ་སྣ་ཕྱིར་བཏགས་ལ།། ཟུར ་གསུམ་ཉི་ཤུ་རྩ་ལྔར་བཤམ།། མི་ཁྱི་རྟའི་ཁྲག་གིས་བྱུག། གདུག་པའི་ཤིང་གི་གཙང་རེ་གཟུགས།། བརྣག་པའི་མིང་དང་གཟུགས་བྱས་ལ།། དཀྱིལ་འཁོར་བྱང་ཤར་གྲུ་གསུམ་གཞུག། དྲག་སྔགས་བཟླས་ཤིང་རྩང ་གིས་བརྡེག། རཀྵོ་ཙིཏྟ་རོ་ཤན་སྙིང་རུམ་ཐུམ་རི་ལི་ལི་མཱ་ར་ཡ་རྦད། རཀྵོ་ཙིཏྟ་མེ་རི་ཙ་རྦད། ཤིག་ཐུམ་ནརྀ་རྦད། མཛེ་མོ་ཕག་པའི་གཟུགས་བྱུང་ན།། དྲག་པོའི་སྔགས་འདིས་གནད་ལ་དབབ།། རཀྵོ་ཙ་ཏྲ་ཙ་ཀྲ་ཎྜལ་ཧཱུཾ ་ཙིཏྟ་རྦད་ནན་ནན། ཅེས་ནི་དམ་ཚིག་ཕྱག་རྒྱ་བསྟན།། མེ་ཆེན་འབར་བའི་འོད་གསལ་དང་།། དངོས་དུ་འོད་དང་པི་ཝང་སྒྲོགས།། དེ་ལྟར་བྱུང་ན་གྲུབ་རྟགས་ཏེ།། གོང་གི་གཏོར་མ་དགྲ་ཕྱོགས་འཕང་།། གཙང་དང ་ལིང་ཀ་དགྲ་ཕྱོགས་སྦ།། ཞེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྲིན་མོ་ནད་གཏོང་མའི་དྲག་སྔགས་ཀྱི་སྐབས་ཏེ་རྩ་བཞི་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས ་གསུངས་སོ།། ལུང་གསུམ་མདོ་འམ་བྲག་ཆུ་འཐབ།། བྱང་དུ་ཁ་བལྟས་བྲག་ཁུང་ངམ།། བདུན་ན་ཤིང་རྩི་འཐུག་པོ་ཡོད།། ཆུ་མིག་བྱང་ནུབ་ཁ་བལྟས་པ།། ཀླུ་བདུད་གནས་པའི་ས་ཡིན་ཏེ།། དུས་ཚོད་དབྱར་ཟླ ་གསུམ་པ་ལོ།། ཕ་མེས་རྗེད་དཔོན་རབས་ཆད་མགོ། མོན་ནམ་རབས་ཆད་ཐོད་པ་རུ།། ར་ཁྱི་མི་ཡི་ཁྲག་ཀྱང་བླུགས།། མཛེ་ཅན་དྲག་ཅན་རིམས་ནད་ཁྲག། ཀླུ་ནད་སྣ་ཚོགས་ཁྲག་ཀྱག་བླུགས།། གྲུ་གསུམ་མཐིང ་ནག་དབུས་སུ་གཞག། ཟག་པའི་རྫས་བསྡུས་གཟུགས་བྱས་ལ།། ཆག་གང་ལིང་གའི་ཚད་དུ་བྱ།། ཏ་ལའི་ཤིང་ལ་མིང་རུས་བྲིས།། སྦྲུལ་ནག་ཁ་རུ་ཆུད་པ་ལ།། སྡིག་པ་ནག་པོས་འཇུག་ནས་རྡུལ།། སྡོམ་དང་སྦལ ་ནག་ཟ་བའི་གཟུགས།། སྨེ་བའི་ཁྲག་གིས་མཁས་པས་བྲི།། གཟུགས་དང་མིང་རུས་བཅས་པ་དེ།། རོ་ཉེ་ཤུན་པའི་ནང་དུ་གཏུམ།། སྔོན་དམར་ཟག་པས་རྒྱ་གྲམ་བཀྱིག། གུ་གུལ་ནག་པོའི་དུད་པས་བདུག། མཛེ ་ཅན་རབས་ཆད་ཐོད་པར་གཞུག། དུར་ཁྲོད་རས་ལ་འཁོར་ལོ་ནི།། བཅུ་གཉིས་རྩིབས་དང་བཅས་པ།། ཐོད་པ་འཁོར་ལོའི་ནང་དུ་དྲིལ།། ཟ་མོའི་ཕུར་བུ་སོར་བརྒྱད་པ།། ནག་པོ་འོག་རྒུར་དབང་བསྐུར་ལ།། དཀྱིལ ་འཁོར་གྲུ་གསུམ་དབུས་སུ་གཟུགས།། དཀར་གསུམ་གཏོར་མ་རྟག་ཏུ་བཏང་།། གཤིན་རྗེའི་བསྙེན་པ་རྫོགས་པ་དང་།། དྲག་པོའི་སྔགས་འདི་རྒྱུན་དུ་དྲང་།། ཨོཾ་ནག་པོ་ཏི་པ་ཙ་པ་ཡ། ནཱ་ག་རགྣ་ཆེ་གེ ་ཧི་ལ་ནུ་ལ་ཕེ་ཤ་ན་ཕོབས། ཤིག་ཤིག་ཆུ་ཆུ། ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་དགྲ་བོ་ལ་མཱ་ར་ཡ་ཛ་ཛ། སྦྲུལ་དང་སྦལ་པ་སྡོམ་དང་སྡིག་པ་དང་།། མོན་དང་བྱོལ་སོང་གཟུགས་འདྲ་བདག་ལ་སྟོན།། དེ་འདྲ ་རྟག་ཏུ་བྱུང་ན་འགྲུབ་པ་སྟེ།། དྲག་སྔགས་འདིས་ནི་རབ་ཏུ་གསད་པར་བྱ།། ནག་པོ་ཏི་པ་ཙ་རག་ར་ཀ་ཨུ་ནག་ནན། ནག་པོ་ཏི་པ་ཙ་ཡ། ཙི་ར་ཙི་ར། ཙ་པ་རུ་ཤུན། ཆེ་གེ་ལ་ཡམ། ནག་པོ་ཏི་བ་ཙ་པ་ཡ། ཙུ་ཏ་རུ་ཙུ་ཏ ་ར། ཀ་ལ་ཀྵ་ཆེ་གེ་མོ་ལ་ཡམ། ཨ་ཤན་ནག་པོ་ཏི་པ་ཙ་པ། ནཱ་ག་དགྲ་བོ་ཀྲོ་དྷི་ཤྭ་རི་ཏེ་ཤན་རྦད། ཀུ་ར་ཤ་རྦད། ཏི་པ་ཙ་བ། ཛ་ལ་ཛ་ལ། ཁ་ཡན་ཧཱུཾ་ཤ། ཆེ་གེ་མོ་ལ་མཱ་ར་ཡ། ཨོཾ་ནག་པོ་ཏི་པ་ཙ་པ་ཨུ་ཤུག་ཤ་རྦད། ་ནག་པོ་ཤ་པ་ན་ཏྲ་དྲེ་བ་ཏྲ་བ་ཏི་རྦད། བ་དུ་ན་བེ་ཤ་ན་ག་རྦད། ན་ག་ཕེས་ཡེ། ཕེ་ཤན་ཧཱུཾ་ནན། བེ་ལང་ཤ་ཤག་ཤིག་ཡན། དགྲ་བོ་མཱ་ར་ཡ་ཛ། ཞེས་ནི་རབ་ཏུ་ཁྲོས་ལ་བརྡེག། ནུབ་བྱང་ཁ་བལྟས་ཆུ་མིག་བརྔོག། ཁྲུ ་གང་བརྐོས་ལ་ཐོད་པ་སྦ།། སྟེང་ནས་གྲ་མའི་ཕུར་པས་གདབ།། རྩལ་ནག་སྦྲུལ་གྱི་དུད་པས་བཏང་།། དཀར་གསུམ་མངར་གསུམ་མཆོད་པ་དབུལ།། བདག་ཉིད་གཤེད་པོས་གཏད་ཁྲམ་བྱ།། ཡང་ན་ཆུ་མིག་སྔོ་ཐུབ ་ཏུ།། སྐྱེད་བུ་བཙུགས་ཏེ་ཐུན་ཁྲག་བསྐོལ།། དེས་ནི་གནད་ལ་དབབ་པའི་ལས།། ཡང་ན་ཐུན་དེ་ཟོར་དུ་འཕང་།། དེ་ལྟར་བྱས་ན་བརླག་པར་འགྱུར།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མཱ་ར་ཡ་མཛེ་ཅན་གྱི ་སྐབས་ཏེ་རྩ་ལྔ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། མཛེ་ཅན་ཕོ་མོའི་ཐོད་པ་རུ།། སྣ་ཚོགས་ཁྲག་དང་དུག་ཏུ་སྦྱར།། གཙོར་ནི་མཛེ་ཁྲག་བཙན་དུ་གཅེས།། ཕྱིར ་ཡང་དེ་བཞིན་སྦྱར་ཏེ་བྱུག། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དང་།། གཙོར་ནི་ཉུངས་ཀར་ཉུངས་ནག་གཅེས།། ཐོད་པ་རེ་བ་ནག་པོའམ།། ཡུགས་ས་མོ་ཡི་ཞབས་མས་གཏུམ།། དུར་ཁྲོད་རས་ལ་སྐྱུག་ནུལ་བྱ།། ལྡོང་རོས་བཾ ་གྱི་ཁྲག་གིས་བྱུག། མགོ་ཕུར་བདུད་ཀྱི་ཉི་མ་འམ།། ཀིའུ་ཀང་རྒྱུ་བའི་དུས་ཉིད་དུ།། མཁས་པས་འཁོར་ལོ་འདི་ལྟར་བྱ།། རིམ་པ་གསུམ་དང་ལྡན་བྱས་ཏེ།། སུམ་ཅུ་རྩ་གཉིས་ཡི་གེ་དང་།། དྲག་པོའི་སྔགས་པའི ་སྔགས་འདི་སྤེལ་ཏེ་བྲི།། ནག་པོ་ཏི་བ་ཙ་བ་ན་ག་རཀྵ་ཆེ་གེ་མོ་ཧི་ལ་ནུ་ལ། ཕེ་ཤ་ན་བོབས་ཤིག་ཤིག་ཆུ་ཆུ་ཧུ་ཡ་ཧུ་ཡ། མཱ་ར་ཡ། གསོད་པའི་དྲག་སྔགས་སུམ་ཅུ་གཉིས།། རྟག་ཏུ་བཟླས་ཅིང་འཁོར་ལོ ་བསྐོར།། འཁོར་ལོ་བསྐོར་ལ་ཐུན་གྱིས་བསད།། ཁོལ་ལམ་རླངས་པ་བྱུང་ན་འཕང་།། ཐུན་གྱིས་བཏིག་ཅིང་བསྔགས་འདིས་གསད།། ཏདྱ་ཐཱ་ཨོཾ། ཏ་ཀི་ཤ་ཤ་ཤུ་ཤུ་ཏི་ཏེ་ཏི་བ་རེ་ནཱ་ག་ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། ནཱ་ག་རཱ་ཛ་མ་ར ་ཡ་ཙིཏྟ་ཛ་ལ་ཡ། ཨོཾ་མ་ཡུར་ཤིག་སོད།། ཡན་རེ་ཤིག་སོད། ཐུན་ཏྲི་ཤིག་སོད། རྦད་ཤིག་སོད། ཡིད་ཤིག་སོད། ཐུན་དང་ཐོད་པ་སྔགས་འདིས་འཕང་།། ཨོཾ་ཨཱ་ཡུ་ཚེ་ཤིག། སོད། ནཱ་ག་ལི་ཡ་ག་ཡམ། ་སུ་ར་ཏ་རྦད། བཾ་དེར་ཙ་ཐུན་བྷྱོ། འཁོར་ལོའི་ནང་དུ་ལིང་ཁ་གྲིལ།། ནུབ་བྱང་ཁ་བལྟས་ཆུ་མིག་ཏུ།། ཁྲུ་གང་བརྐོས་ལ་སྔགས་འདིས་གཏད།། ཏདྱ་ཐཱ། ཨོཾ་ཏ་ཀི་ཙི་ཀི་ཤར་ལེ་ཤུ་མུ་ལེ་ཤ་ཤ་ཤུ་ཤུ་ཏི་ཏེ་བི་བ་རེ། ན ་ག་ཧུ་ཡུ་ནཱ་གཱ་ཧུ་ཡུ་སྭཱ་ཧཱ། ཞེས་གཏད་པར་བྱའོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མཛེའི་ལེའུ་ནག་པོའི་སྐབས་ཏེ་རྩ་དྲུག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས ་སོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། མཐའ་མ་མེ་རི་འབར་བ་བྲི།། དབུས་སུ་དམར་ནག་ཡ་གཅིག་བྲི།། ལྕགས་ཀྱི་ཕུར་པ་སོར་བཞི་པ།། གྲུ་གསུམ་དབུས་སུ་གཟུགས་པར་བྱ།། ཁྱི་མི་རྟ་ཡི་སྙིང་ཁྲག ་དང་།། ཤ་སྟ་ཁྲག་སྣའི་གཏོར་མས་བསྐང་།། ཚིལ་ཆེན་དུད་པ་རྒྱུན་མི་གཅད།། མིང་རུས་ཕུར་པའི་མགུལ་དུ་གདགས།། དྲག་པོའི་སྔགས་འདི་རྒྱུན་དུ་དྲང་།། ཨོཾ་མཉྫུ་ཤྲཱི་དྷི་ད་ཡ། གཤིན་རྗེ་ནག་པོ་དགྲ་བོའི་སྙིང་ལ ་ཛ་ཛ། མོན་དང་གཡག་དང་བན་དེ་དང་།། རྦབ་དང་ཐུག་ཅོམ་འོད་དང་སྒྲ།། གཤིན་རྗེ་གྲུབ་པའི་རྟགས་ཡིན་ཏེ།། གཏོར་མ་གཏང་ལ་གསད་པར་བྱ།། གཤིན་རྗེ་ནག་པོ་དགྲ་བོའི་སྙིང་རྩ་རྩ་ནན་ནན། རྦད་རྦད ་རྨུགས་རྨུགས། དགྲ་བོ་མཱ་ར་ཡ་ཛ། ཞེས་བརྡེག་གོ། དེ་ནས་དུར་ཁྲོད་ཀློང་དུ་མནན།། བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བླ་ཕུར་ནག་པོའི་སྐབས་ཏེ་རྩ་བདུན ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དུར་ཁྲོད་དཀྱིལ་དུ་གནས་བཙལ་ཏེ།། དུར་ཁྲོད་རས་སམ་པགས་པ་ལས།། འཆི་བདག་ནག་པོ་ཞལ་གཅིག་པ།། མ་ཧེ ་སྔོན་ནག་ཞོན་པ་བྲི། སྙིང་ཁ་ར་ཡ་མཱ་རཱ་ཛ་ཞེས་བྲིས།། མཆོག་གི་ཕུར་པ་སོར་བཞི་པ།། ཡ་མནྟ་ཀར་དབང་བསྐུར་ལ།། འཆི་བདག་ནག་པོའི་སྙིང་ཁར་གདབ།། ཨོཾ་མ་མཉྫ་ཤྲི་ཡ་མནྟ་ཀ་པ་ལ་ཡ་མ་ཙིཏྟ་ཀཱི་ལ་ཡ ་རྦད། ཡ་མ་ཀྲྀ་སྣ་ཙིཏྟ་བྲེང་བྲེང་། སྲོག་ཐུམས་རིལ་ཟད། ཅེས་ནི་གཤིན་རྗེ་གཟིར་གྱུར་ནས།། གནམ་རིས་ས་བྲག་འགེམས་པར་བྱེད།། དེ་ནས་སྙིང་ཁར་ཧ~ཾ་བཙུགས་ལ།། མིང་དང་རུས་བྲིས་ཧ~ཾ་ལ་བསྲེག། ཡ་མ་ཀ ་ལ་ཆེ་གེ་མོ་ཙིཏྟ་རཱ་ཛ་རྦད། ཡ་མ་སྙིང་། ཡ་མ་ཁྲག། ཡ་མ་རྩ་ལ་ཧུར། དབུགས་ཟུམ་རི་ལི་ལི་ཛ་ཛ་ཟད། འཁོར་ལོར་ཧཽ་དང་ལིང་ཁར་བཅས།། དུར་ཁྲོད་གླིང་དུ་སྨན་ཏེ་བཞག། མ་ཧེ་སྐད་ངན་འདོན་པའོ།། ཝ་འམ ་བྲག་སྲིན་བརྒྱལ་བ་འོང་།། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གཤིན་རྗེ་སྲོག་ཕུར་ནག་པོ་སྲོག་འཕྲོག་པའི་སྐབས་ཏེ་རྩ་བརྒྱད་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི ་སྐད་ཅེས་གསུངས་སོ།། དུར་ཁྲོད་ཀློང་ནས་རས་བཙལ་ལ།། མདའ་གང་གྲུ་བཞིའི་ཚད་དུ་བྱ།། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ཚད་དུ་བྲི།། ནཱ་ག་དུ་ཡ་ཀ་ཤ་ཛ་ཞེས་བྲི།། མཐའ་མར་ཐལ་ཆེན ་དཀར་པོར་བཏང་།། སྣ་ཚོགས་ཤ་ཁྲག་གཏོར་མ་བཤམ།། མཆོག་ཏུ་གླང་ནག་སྙིང་ལ་རྟེན།། གཤིན་རྗེའི་བསྙེན་པ་རྫོགས་པ་དང་།། དུར་ཁྲོད་བདག་པོའི་སྲོག་ནས་བཟུང་།། ཡཀྐ་ཀ་ལ་ས་མ་ཡ་ཛ་ཛ། ཡག་མེ་ཀ། ་ལི་མ་མ་ཤཾ་ཤཾ་ཛ་ཛ། བཙུན་པོ་ཕོ་མོར་གང་བྱེད་ཀྱང་།། མོན་དང་བུད་མེད་སྒྲ་བྱེད་དེ།། འོད་ནི་གསལ་ལ་གདངས་པའོ།། གཟུགས་བཅས་གྲུ་གསུམ་ནང་དུ་གཞུག། ཕུར་པ་གཅིག་ལ་སྔགས་འདིས་བརྡེག། ཡག་ཤ ་འབར་བའི་སྲོག་དུང་དུང་། དྷ་ཤ་གྲྀ་བ་ན་དུང་དུང་། ཡ་ཀ་ཤ་ཙིཏྟ་རོ་ལ་སྲོག་ཆོད། སྙིང་ཕུར་ཁྲག་ཞིབས། གནོད་སྦྱིན་མོ་རོལ་རོལ་རྩ་ལ་ཧུར་ཐུམས། དཀྱིལ་འཁོར་ལིང་གར་བཅས་པ་རྣམས།། དུར་ཁྲོད་ལྟ་བུའི ་གནས་སུ་སྦ།། ཡང་ན་ཕ་ཚན་ཕུང་ཤུལ་དུ།། གནོད་སྦྱིན་ལྕམ་དྲལ་འཚོགས་ཏེ།། དེ་རུ་སྦས་ན་ཕུང་བར་འགྱུར།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། གནོད་སྦྱིན་ནག་པོ་ལྕམ་དྲལ་གྱི་དྲག་སྔགས་ཀྱི་སྐབས་ཏེ་རྩ ་དགུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། གདུག་ཅན་གྱི་ཤིང་རྣམས་ལ།། སོར་བརྒྱད་པ་འམ་སོར་བཞིའི་ཚད།། གུ་གུ་ལ་དུད་པས་བདུགས་ནས་ཀྱང་།། རྩེ་མོ་གྲི ་ལྕགས་མ་དེ་འུར་གཞུག། རྟག་ཏུ་བསྙེན་པ་རྫོགས་པ་དང་།། མིང་དང་གཟུགས་ལ་སྔགས་འདིས་གདབ།། ཨོཾ་ཨ་ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག། ཚལ་པ་བཾ་རི་ལ། དུམ་པ་དུམ་བུ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ས ་དོ་མེ་ཡ། བབས་སྙིང་ལ་རོ་ཤ་སྙིང་ལ་བབས། ཡ་མ་རཱ་ཛ་སྙིང་ལ་ཁ་ཁུག་ཐུམ་རིལ་རྦད། ཡ་མ་རཱ་ཛ་སྙིང་ལ་ཁུག་ཐུམ་རིལ་རྦད། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མ་རཱ་ཛ་སྙིང་རྩ་རོ་མོ་བཾ་རི་ལ་རྦད། ཡ་མ་རཱ་ཛ་སྙིང་ལ ་ཁུག། རོ་ཤ་སྙིང་ལ་བཾ་རིལ་རྦད།། ཅེས་བཏབ་ན་ལྷ་ཡང་བརླག་པར་འགྱུར་རོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཕུར་ཐུན་ནག་པོའི་སྐབས་ཏེ་སུམ་ཅུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས ་འདི་སྐད་ཅེས་གསུངས་སོ།། མོན་ནམ་རབས་ཆད་ཐོད་པ་རུ།། དུག་སྣ་སྟོང་རྩ་བརྒྱད་སྦྱར་ཏེ།། འབྲུབ་ཁུང་ནང་དུ་ལིང་ག་གཞུག། ཡ་མའི་བསྙེན་པ་རྫོགས་པ་དང་།། དུག་གིས་བརྡེག་ཅིང་སྔགས་འདི་བཟླས།། ཡ ་མ་རཱ་ཛ་ཁྲམ་ཐོགས་རྦད། ཡ་མ་རཱ་ཛ་མུགས་ཐིབས་ཐིབས་རྦད། ཡ་མ་རཱ་ཛ་སུབས་རིལ་རྦད། ཡ་མ་རཱ་ཛ་སྙིང་དུ་ཡ་རྦད། ཡ་མ་ར་ཛ་མྱགས་བྱིང་ཡ་མ་འུབས་ཐུལ། སྙིང་གི་ཚོད་ཁ་ལ་ཟོ། ཚལ་པ་སྙིང་རྩ་རོ་ལ་བཾ ་རིལ་རྦད། དུག་དང་ཐོད་པ་དུར་དུ་མནན། ཅེས་གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། མྱོས་པ་དུག་ཐུན་གྱི་སྐབས་ཏེ་སུམ་ཅུ་སོ་གཅིག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི ་སྐད་ཅེས་གསུངས་སོ།། རབས་ཆད་ཕོ་མོའི་ཐོད་པ་རུ།། ཉུངས་ཀར་རྒྱལ་པོས་དགང་བྱ་སྟེ།། དུག་དང་ཁྲག་གིས་ཉུངས་ཀར་བྱུག། གྲུ་གསུམ་ནང་དུ་ལིང་ག་གཞུག། ཡ་མའི་བསྙེན་པ་རྫོགས་པ ་དང་།། ཉུངས་ཀར་བརྡེག་ཅིང་སྔགས་འདི་བཟླས།། ཡ་མ་རཱ་ཛ་ཆེ་གེ་མོ། དྷི་ཏི་ཡ་མནྟ་ཀ་སྙིང་ཁྲག་ཚལ་པ་བཾ་རི་ལ་རྦད། ཡ་མ་རཱ་ཛ་གློ་ལ་རྩ་རོ་མེ་ཐ་རིལ་རྦད། ཡ་མ་རཱ་ཛ་གློ་རྩ་བཾ། མཆིན་རྩ་རུལ་རྒྱུ་རྩ་ཁྲི། སྙིང་རྩ ་པྲ་མ་ཡ། སྲོག་ལ་ཏེ་པར་རྩ་སྙིང་ལཾ་རྦད། རྩ་རོ་ཤ་ཁུག་སྙིང་ལ་རོལ། ཚལ་པ་བཾ་རིལ་རྦད། ཅེས་བརྡེག་པར་བྱའོ།། རབས་ཚད་ཁ་སྦྱར་ཐོད་པ་དེ།། ལྷ་ཁང་ཐེམ་པའི་འོག་དག་གམ།། མཆོད་རྟེན་སྙིང་པོའི་འོག་ཏུ ་མནན།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྩ་སྐེམས་ཉུང་ཐུན་གྱི་སྐབས་ཏེ་སོ་གཉིས་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། མི་བསད་མདའ་ལ་གྲི་མདེའུ ་གཞུག། འུག་ས་བྱ་རོག་ཞིང་ལྤགས་དང་།། གདུག་པ་གསུམ་གྱི་སྒོ་བསྐྱོན་ལ།། མདའ་དང་ལྟས་ངན་སྣ་ཚོགས་གཟུགས།། མཁས་པས་མི་ཡི་ཁྲག་གིས་བྲི།། འོད་མའི་གཞུ་ལ་རྒྱུས་ཆེན་རྒྱུད།། གཞུ་མཆོག་གཉིས་ལ ་ཡབ་ཡུམ་བྲི།། ཆང་པར་མ་ར་བྷྱོ་ཞེས་བྲི།། མདའ་ནི་ཡ་མ་རཱ་ཛར་དམིགས།། བརྣག་པའི་གཟུགས་བཅས་འབྲུབ་ཁུང་གཞུག། ཡ་མའི་བསྙེན་པ་རྫོགས་པ་དང་།། བརྣག་པའི་གཟུགས་ལ་སྔགས་འདི་བརྡེག། ཡ་མ ་རཱ་ཛ་སྙིང་ལ་གཏོད་པར་ཀ་ཤ་མེ་བཾ་རིལ་རྦད།། ཨཾ་ཤུ་ཤ་སྙིང་ལ་ཁུག། མཆིན་རྩ་རྦད། ཀས་པ་ཀས་རྩ་ལ་ཤོས། རྩ་རོ་མ་གཡོ་བས། རོ་ལ་རྩ་མེ་བཾ་རི་ལ་རྦད། ཁྲག་རྩ་སྙིང་ལ་ཤོས། རོ་རྩ་ཤོས་བཾ་རི་ལ་རྦད། དགྲ་བོ ་མཱ་ར་ཡ་བཾ་རིལ་རྦད། ཅེས་ནི་བརྣག་པའི་གཟུགས་ལ་བརྡེག། དེ་ནས་མདེའུ་མེ་བཏང་ལ།། ལིང་ག་བསྲེགས་ལ་དགྲ་ཕྱོགས་འཕང་།། སྐལ་པོ་གཞལ་ལག་ནུབ་མོའི་ཡི།། གསུངས་སོ།། ཟླ་གསང་ནག་པོའི་རྒྱུད་ཕྱི ་མ་ལས། མདའ་ཐུན་ནག་པོའི་སྐབས་ཏེ་སོ་གསུམ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། རྒྱ་ཚིལ་གུ་གུལ་སྦྱར་ནས་ཀྱང་།། གཡག་རུ་ནག་པོའི་ནང་དུ་གཞུག། མིང ་དང་གཟུགས་བྲིས་དུད་པས་བདུག། གུ་གུལ་མེ་བཏང་ལིངྒ་བདུག། ཡ་མའི་བསྙེན་པ་རྫོགས་པ་དང་།། དྲག་པོས་སྔགས་འདིས་བརྡེག་པར་བྱ།། ཡ་མ་རཱ་ད་ས་ཏྭ་མེ། ཡ་མ་ར་ཛ་སྙིང་ལ་རོ་དུ་མེ་ཡ། ཡ་ད་ཡོ་ནི་སྙིང ་ལ་ཏོ་རུ་མེ་ཡ། བཾ་རིལ་རྦད། རཀྵ་ཀཱ་ཡ། ཨ་ཀྲ་མ་ཀྲ་མ་སྙིང་ལ་རྩ་རོ་མེ་བཾ་རིལ་རྦད། ཅེས་ནི་ལས་དེ་རྫོགས་པ་དང་།། དགྲ་བོའི་ཡུལ་ལྷ་རྟེན་འོག་སྦ།། ཡང་ན་ཁང་པའི་རུ་ལ་སྦ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ ་ལས། གུ་གུལ་གྱི་སྐབས་ཏེ་སོ་བཞི་པའོ།། ། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། རྣལ་དྲི་མོ་འམ་ཁ་ར་ལ་མ།། མཛེ་མོ་སྦྲང་མོའི་མགོ་ཐོད་དུ།། རིམས་ཁྲག་མཛེ་ཁྲག ་རྨེ་ཁྲག་ཚོགས།། ཟོད་པའི་ནང་དུ་བླུགས་ནས་ནི།། ཕྱིར་ཡང་དེ་བཞིན་བཅུག་པར་བྱ།། ཡུགས་ས་མོ་ཡི་དོར་རྟར་གྲིལ།། ཡ་མའི་བསྙེན་པ་རྫོགས་པ་དང་།། བརྣག་པའི་གཟུགས་བཅའ་སྔགས་འདིར ་བརྡེག། ཡ་མ་རཱ་ཛ་རྩ་ལ་རོད་པ་ཁུག་ཐུམ་རི་ལ་རྦད། སྙིང་ལ་རག་ཤ་མྱེ་བཾ་རི་ལ་རྦད། ཡ་མཱ་རཱ་ཛ་སྙིང་ལ་རྩ་རྩ་ནན་ནན། སྡིགས་སྡིགས། རྨུགས་རྨུགས། ཆེ་གེ་མོ་ཐུམ་རིལ་རྦད། མཁའ་རས་དངོས་སམ་ཕྱོགས ་དག་ཏུ།། བགྲོད་ཁར་འགྲོ་ཞིང་སྔགས་བཟླས་ཏེ།། གཤིན་རྗེའི་ཆས་སུ་ཞུགས་ལ་འཕང་།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྨེ་བ་ཁྲག་ཐུན་གྱི་སྐབས་ཏེ་སོ་ལྔ་པའོ།། ། དེ་ནས་ཡང་མཐུ་སྟོབས ་ཀྱི་བདགས་པོས་འདི་སྐད་ཅེས་གསུངས་སོ།། མོན་ནམ་གླེན་པའི་སྙིང་ནང་དུ།། གླང་རོག་བྱ་རོག་ར་རོག་སྙིང་།། རྟ་ནག་ཁྱི་ནག་ཉ་ཡི་སྙིང་།། སྟག་དང་བྱ་རྒོད་མི་ཡི་སྙིང་།། ཕྱེ་མར་བཏགས་ཏེ་བླུགས་པར ་བྱ།། ཉུངས་ཀར་ཉུངས་ནག་དུག་རྫས་ལ།། ཡ་མའི་བསྙེན་པ་རྫོགས་པ་དང་།། སྙིང་ནང་ལིང་ཀ་བཅུག་ལ་བརྡེག། ཡ་མ་རཱ་ཛ་ས་ཏོ་མེ་ཡ། སྙིང་ལ་རོ་ཤ་བཾ་རིལ་རྦད། དགྲ་པོའི་མཆིན་རྩ་གློ་རྩ་སྙིང་ལ་ཁུག་ཀས་པ ་ཀས་པ། ཚལ་པ་ཚལ་པ། སྙིང་ལ་རོལ་པ་རྩ་བཾ་རི་ལ་རྦད། ཁ་རཾ་ནརྀ་ཙིཏྟ་ཁ་རཾ་ཁཱ་ཧི། རལ་གྲིས་གཏུབས་ལ་གཏོར་མར་དབུལ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོའི་སྙིང་ཐུན་སྐབས་ཐུན་གྱི་སྐབས་ཏེ་སོ ་དྲུག་པའོ།། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ལྕགས་སམ་ནག་པོའི་སྣོད་ནང་དུ།། སྣ་ཚོགས་ཁྲག་དང་བསེ་ཞོར་སྦྱར།། ལིང་ག་ཇི་ལྟར་འདོད་པའི་དབྱིབས།། མིང་དང་རུས ་བྲིས་གཞུག་པར་བྱ།། ཡང་ན་རྦའི་སྦར་བུ་རུ།། དུག་དང་སྦྱར་ཏེ་གཟུགས་ལ་བསྐུ།། ཡ་མའི་བསྙེན་པ་རྫོགས་པ་དང་།། སྔགས་འདི་བཟླས་ལ་ཁར་ལ་བརྡེག། ཨོཾ་དྷཱི་ཏཱི་ཡ་མན་ཏ་ཀྲ་ཤྲཱི་མཉྫུ། ཨ་ཀྲོ་མན་ཛ་ཡེ། བེ་ཏ ་པི་དགྲ་བོའི་རོ་ལ་ཙིཏྟ་རོ་ལ་ཤནྟི། སྙིང་ལ་རོག་པ། རྩ་ཁུག། ཀྲོ་དྷི་ཤྭ་རི་པེ་ཏེ་ལི་ཁུག། ཁུག་བཾ་རིལ་རྦད། ཡ་མ་རཱ་ཛ་སྲོག་ལ་བཾ། ཨ་མཉྫ་སྙིང་ལ་ཁུག། སྲོག་ལ་རྒལ་དེ་བཾ་རིལ་རྦད། ནི་མ་ར་ཡ་ཏོ་པ་མ་ཡ། ཏོད ་པ་པས་སྨི་དེ་ཧཱུཾ་ཛ། ཨོཾ་ཤ་མཉྫུ་ཡ་མ་ཏ་པེ་ཏ་ལེ་ཀྲོ་དྷི་ཤྭ་རི། སྙིང་ཁ་རཀྵ་ས་མ་ཡ་ཐུམ་རི་ལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཁྲག་ལ་ཧོ་དུ་མེ་ཡ། ཀླད་པ་ལ་ཧ་རེ་ཧོ་རེ། བཾ་རི་ལ་རྦད། ཅེས་ནི་ལིང་གའི་སྙིང་ཁར ་བརྡེག། ཕྱོགས་སུ་མི་འཕང་དངོས་ལ་བརྡེག། བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར། སེར་བ་འབེབས་ན་ལོ་ཏོག་ལའོ།། སྒྲོ་འབོག་གཏོང་ན་ལྷ་ཁང་དུའོ།། མཛེ་ནད་གཏོང་ལ་ཆུ་མིག་ལའོ།། ཐོག་ཏུ་འབེབས་ན ་ལྷ་རྟེན་ལའོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། དྲག་པོ་བསྙེན་ཐུན་གྱི་སྐབས་ཏེ་སོ་བདུན་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཟུག་པའི་རྫས་དང་སྣ་མ་ལ ་དང་།། གྲོགས་མཁར་ས་དང་ཐིགས་པ་ལ།། མ་ར་ཡ་ཡི་གཟུགས་བྱས་ཏེ།། དབང་པོ་ཡན་ལག་ཚང་བར་དགོད།། གྲུ་གསུམ་མདའ་གང་ནང་དུ་གཞུག། མཆོག་གི་ཕུར་བ་སོར་བརྒྱད་པ།། ཡ་མའི ་བསྙེན་པ་རྫོགས་བྱས་ཏེ།། རྩ་སྲོག་བཅད་པའི་སྔགས་འདི་བཟླས།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། ཁྲག་ཐིབས་པ་རི་ལ་རྦད། མུག་ཐིབས་རྦད། སུབས་རིལ་རྦད། གླིང་དུ་ཡ་རྦད། གཤིན་དུ་རྦད། ཁྲག་གཤམ་དུ་རྦད།། ་ཁྲག་ཀ་ཁྲག་ཀ་བཻ་རི་ལ། ཙིཏྟ་རོ་ལ་ཤནྟི་རྩ་ནན་ནན། གཤིན་རྗེ་ནག་པོའི་ཕོའི་མོའི་སྙིང་ལ་ཁ་ལ་གློ་སྙིང་ཁུག། དགྲ་བོ་མཱ་ར་ཡ་བཾ་རིལ་ཐུམ་རིལ་རྦད། ཛ་ཛ་ཞེས་བརྡེག་གོ། དེ་ནས་གཟུགས་ཀྱི་ལྷག་མ་དེ།། དུག ་ཤིང་མེ་བཏང་སྦྱིན་སྲེག་བྱ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། རྩ་ཐུན་ནག་པོའི་སྐབས་ཏེ་སོ་བརྒྱད་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། བྲག་ནག་བདུད་ཀྱི ་རྟེན་གནས་ཏེ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། དུར་ཁྲོད་སོལ་བས་ནག་པོར་བྱུག། དེ་ལ་ཐལ་ཆེན་སྦར་ཁབ་དགྱེ།། གྲུ་གསུམ་ཁ་ལ་རྗེས་ངན་བརྡེག། གླ་བ་ནག་པོའི་སྙིང་ལ་བོད།། ཙ་ར་རོག་པོ ་དམིགས་པའི་རྟེན།། ཉུངས་ཀར་ཉུངས་ནག་བརྡེག་པའི་རྫས།། སྣ་ཚོགས་ཤ་ཁྲག་གཏོར་མ་ལ།། གཙོ་རུ་སྲིད་པ་ཕྱི་མི་རྟ།། སྙིང་དང་རཀྟ་བསྐངས་པའི་རྫས།། བརྡ་མི་འཕྲད་དང་མོན་མོའི་གཟུགས།། བཙུན་པའི ་གཟུགས་དང་སྔགས་པའོ།། སྔགས་ནི་རྟག་ཏུ་འདི་དག་གདོན།། བདུད་པྲ་མ་ཡ་བདུད་མཱ་ར་ཡ། བདུད་སྙིང་མགོ་ཆོད། དུ་རུ་དུ་རུ། ཧ་ར་ཏི་ཧ་དྷི། དགྲ་སྙིང་ལ་ཛ་ཛ། ནག་པོ་ཏི་པ་ཙ་པའི། དགྲ་སྙིང་རྩལ་བཾ་རི་ལ ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་པ་ཙ་ལ། ཏྲག་མ་ཏྲག་ཤི། དགྲ་སྙིང་ལ་ཁ་རཾ་ཁཱ་ཧི། ནག་པོ་ཤ་པ་ཏི། རྩ་བཾ་རི་ལ་རྦད། ནག་པོ་ཧེར་ཧཾ་བཾ་རི་ལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད། རྩ་ལ་རིག་པའི་དགྲ ་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧ་རེ་ཧུ་རེ། བེ་ར་བཾ་རི་ལ་རྦད། ཧུ་ཡ་དགྲ་སྙིང་ལ་དུ་ར་དུ་རི་གློ་རྩ་ལ་བཾ་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཅིག། ཡང་ན་སྨྱོས་ཞིང་འབོག་ཏུ་ཆུག། ཡང་ན་རྩ་རྒྱུད་བདུན་རྒྱུན ་ཆོད།། ཡང་ན་དོན་སྙིང་ཐལ་བར་རློགས།། ཡང་ན་མཛེ་དང་འབྲུམ་བུ་ཐོང་། ཞེས་རལ་བརྡེག་པར་བྱའོ།། དེ་ནས་ར་བསྒྲལ་ཏེ། མནན་པ་ཧོ་ཁུང་རྙིང་པར་བྱ།། ཐུགས་དམ་བསྐང་ལ་གཏད་ཁྲི་བྱ།། ཟླ་གསང་ནག ་པོའི་རྒྱུད་ཕྱི་མ་ལས། བདུད་ཀྱི་དྲག་སྔགས་ཀྱི་སྐབས་ཏེ་སོ་དགུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ལྷ་ཁང་ལྟ་བུར་སོང་ནས་ཀྱང་།། དར་དཀར་བཏིང་ལ་འབྲུ་སྣ ་སྤུསྲུང་།། སྤྱན་གཟིགས་སྣ་ཚོགས་ལེགས་པར་དགྲམ།། སྙིང་ཆེན་གཅིག་ལ་རྟེན་བཅས་ཏེ།། སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་།། བརྣག་པའི་གཟུགས་མིང་བཅས་པ་ཡང་།། དགྲ་ཡི་གོས་ལ་བྲི་བར ་བྱ།། མཆོག་གི་ཕུར་བུ་སོར་བརྒྱད་ལ།། ཡ་མའི་བསྙེན་པ་རྫོགས་པར་བྱ།། ཨོཾ་མཉྫ་ཤྲཱི་རཱི་ཛ་མ་ཧཱ་ཏྲི་ཀྲ་ཤར་ལི་པྲ་མ་ནི་རཱ་ཛ་ཏྲྀ་ཏྲྀ་ཛ་ཛ། འོད་ལ་སོགས་ཏེ་སྒྲ་རྣམས་དང་།། མི་མ་ཡིན་པའི་གཟུགས ་ཀྱང་སྟོན།། རཱ་ཛ་མ་ཧཱ་པཱུ་ཙ་པྲ་ཏི་ཙ་ཧོ་ཁ་རཾ་ཁཱ་ཧི། ཞེས་ནི་མཆོད་དབུལ་ཐུགས་དམ་བསྐང་།། བསད་ན་མཆོག་གི་ཕུར་པ་ལ།། སྔགས་ལ་ལིང་ག་དག་ལ་བརྡེག། ཨོཾ་ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་ཡ་མ་ཁྲག། ཚལ ་བ་བཾ་རི་ལ་རྦད། དཾ་པ་དུཾ་བུ། གཤིན་རྗེ་པོ་དེ་ཀུན་ཁུག་ཁུག། དགྲ་བོ་མ་རཱ་ཡ་ཛ་ཛ། ཨོཾ་ནི་མ་རི་ནི། དྷཱི་ཏ་ཡ་ཡ་མན་ཏ་ཀྲི་རཱ་ཛ། ཏེ་པ་ལི་ཀྲོ་དྷི་ཤྭ་རི། སྙིང་མགོ་ཆོད། རྩ་ལ་ཤོས། ཁྲག་མགོ་ཆོད། ཁྲག་ལ་ཀཱི་ལི་ཀི ་ལ་ཡ། བཾ་རི་ལ་རྦད། ཡ་མ་རཱ་ཛས་ཏོ་མེ་ཡ་དུན་བྷྱོ། ཡ་མ་རཱ་ཛ་སྙིང་དོ་མེ་དུན་བྷྱོ། ཡ་མེ་དོ་རུ་མེ་ད་ཡ། ཡ་ཏ་ཡོ་ནི་སྙིང་ལ་ཁྲེ་ཀྵེ་ཡ་བཾ་རི་ལ་རྦད། ཨོཾ་ཤྲཱི་མཉྫུ་གཤིན་རྗེ་ནག་པོ། དགྲ་སྙིང་ལ་གུ་ར་གུ་ར་བཾ་རི་ལ་རྦད།། ་ཧ་ར་ཏུ་ཧ་རུ་བཾ་རི་ལ་ལ་རྦད། ཏྲ་ཧ་ར་ཏྲ་ཧ་ར་བཾ་རི་ལ་རྦད།། རྨེ་རུ་མེ་རུ་བཾ་རི་ལ་རྦད། ཧཱ་ར་ཤ་ཧུ་ར་ཤ་བཾ་རི་ལ་རྦད། ཏ་ཀ་ཀ་ཧ་རི་ཀ་བཾ་རི་ལ་རྦད། དུ་རཾ་སུ་རུ་རཾ་བཾ་རི་ལ་རྦད། ཧ་ར་ཙ་ར་ནན་ནན་ཧ་ར་ར་ནན། སུཾ་ཧཱུཾ ་ར་བཾ་རི་ལ་རྦད། ཀྲ་ཡ་ཧ་ཀྲ་ཡ་ཧ། སྨེའུ་ལུ་སྨེའུ་ལུ། ཙུར་ད་ཙུར་ད་བཾ་རི་ལ་རྦད། སྨེ་ཤ་སྨེ་ཤ་ཀྲ་ཤུ་མེ་ཀྲ་ཤུ་མེ། ཚུར་ཧཾ་ཚུར་ཧཾ། གུ་རཾ་གུ་བ་རཾ་བི་ལ་རྦད། ཙ་དུ་ར་ཙ་དུ་ར་སླེ་ཤ་སླེ་ཤ་བཾ་རི་ལ་རྦད། མི་རུས་དར ་དཀར་སྤྱན་གཟིགས་བཅས།། ལྷ་ཁང་མགོན་པོའི་སྙིང་ཁར་རྦད། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། ཁུ་ཐུན་སྐྱོ་བའི་སྐབས་ཏེ་བཞི་བཅུ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས ་དུར་ཁྲོད་དགོན་པའི་གནས་དག་ཏུ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི།། ནང་དུ་རབས་ཆད་ཐོད་པ་རུ།། གྲི་མོར་ཤི་བའི་སྙིང་ཆེན་གཞུག། སྙིང་གཤགས་ནང་དུ་མིང་རུས་ནི།། ཧ་ལའི་ཤིང་ལ་བྲིས་ཏེ ་གཞུག། རྒྱས་ཆེན་བཙེམས་ལ་སྔགས་འདིས་སྲབ།། ཨོཾ་མཉྫུ་ཤྲཱི་ཡ་མ་རཱ་ཛ་ཀྲྀ་སྣ་བྲི་མཱ་ར་ཡ་ཛ་ཛ། ཡ་མ་རཱ་ཛ་སྙིང་ལ་རྦད། རྩ་ལ་སྦྱངས་དབུགས་ལ་ཐུམས། སྙིང་ལ་ཁ་རཾ་ཁཱ་ཧི། ཞེས་ནི་རལ་གྲིས་གཏུབ་པར ་བྱ།། ཕྱེད་ན་དུག་ཤིང་སྦྱིན་བསྲེག་བྱ།། ཕྱེད་ནི་གཏོར་མའི་ནང་དུ་དབུལ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྙིང་ཟོར་ནག་པོའི་སྐབས་ཏེ་ཞེ་གཅིག་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག ་པོས་འདི་སྐད་ཅེས་གསུངས་སོ།། ཁྲག་གིས་སྤྲས་པའི་མཎྜལ་ནི།། ཆག་གང་གྱེན་ལ་བརྩིག་པར་བྱ།། ཁྲུ་གང་ཟུར་ལ་བྲུ་བར་བྱ།། ཁ་ཁྱེར་ཐལ་ཆེན་དཀར་པོར་བཏང་།། མགུ་ཁ་སྤྲད་ཚུལ་དུ་བྲི།། དབུས་སུ་ཡི་གེ་ཡ ་གཅིག་བྲི།། གཙང་དགུས་གྲུ་གསུམ་ཁ་ལ་བསྐོར།། ཤ་ཁྲག་གཏོར་མ་སྣ་ཚོགས་བཤམ།། རྒྱུན་དུ་སྔགས་འདིས་བསྒྲུབ་པར་བྱ།། ཨོཾ་མཉྫུ་ཤྲཱི་ཏྲ་ཀ་རཀྵོ་སྙིང་ཏེ་ཀེམ་སྙིང་རྩ་སྲོག་སྲོག་བྲེང་བྲེང་མ་མ་ཛ་ཛ། དམ ་ཚིག་ཕྱག་རྒྱ་བཅས་ནས་ནི།། མ་མ་རགྷོ་ས་མ་ཡ་དཾ་དཾ་ཛ་ཛ། ཞེས་དམ་བསྒྲག་གོ། མ་མོ་གཤེད་མོ་འདི་རྣམས་ནི།། ཧོར་བ་གཟན་ལ་བཅུ་མ་གཞིན་འོང་།། གྲུ་གསུམ་ནང་དུ་རྗེས་ངན་འོང་།། ཝའམ ་བྲག་སྲིན་སྐད་ངན་འོང་།། གྲུ་གསུམ་ནག་པོར་ལིང་ག་གཞུག། དྲག་སྔགས་དགུ་པོ་འདི་ཡིས་བསད།། ཏྲག་རཀྵོ་ནི་ཁུག་རྦད། མ་མ་གཟེར་ཤད་མ་རྦད།། མ་མ་འདར་ཡིད་ཡིད་རྦད། མ་ནརྀ་ཤ་ཀུ་རུ་ཐུན་ནརྀ་རྦད། ་ཀ་ཤ་མོ་ཁ་ལོང་ནརི་ཁ་ལོང་རྦད། མ་ཤ་མ་ར་ཀ་མོ་སྙིང་ལིང་རྦུད། མ་མ་རཀློ་སྲོག་བྱེ་ཤག་སྙིང་རྩ་ཀུམ་རྦད། མ་མ་དུང་སྲོག་བྱེ་མཱ་ར་ཡ་རྦད། མ་མ་ཏྲིག་ཏྲིག་ཤ་ལོང་། ཁྲག་ལིང་མཱ་ར་ཡ་རྦད། ཅེས་ནི་རྩ་དགུས ་གཟུགས་ལ་བརྡེག། དེ་ནས་དོང་ནང་ཚེར་མས་དགང་།། མེ་བཏང་ལིང་ག་སྦྱིན་སྲེག་བྱ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལ། གཤེད་མོ་དགུའི་དྲག་སྔགས་ཀྱི་སྐབས་ཏེ་ཞེ་གཉིས་པའོ།། །། དེ་ནས་ཡང་མཐུ ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། དཀྱིལ་འཁོར་གྲུ་གསུམ་ནག་པོ་ལ།། ཟླ་གམ་དམར་པོ་ཁ་སྤྱོད་རྒྱུ།། དཀྱིལ་དུ་ཁྲག་གི་ཛ་རོ་བྲི།། བན་དྷ་དགུ་རུ་སྙིང་ཆེན་དགུ།། ཤ་ཁྲག་སྣ་ཚོགས་སྦྱར་ལ ་བཞག། ལྕགས་ཕུར་དགུ་ལ་ལིང་ག་དགུ།། རང་རང་སྔགས་ཀྱིས་བཏབ་ནས་ཀྱང་།། གཏོར་མ་རོ་རུ་མཆོད་པ་དབུལ།། མ་མ་ཏྲག་ཁ་མུན་ལོང་ཛ་ཛ། མ་ནི་རག་ཏ་ཏྲག་མོ་ཛ་ཛ། མ་མ་སྙིང་རྩ་ཤད་ཤད་ཛ་ཛ། མ་མ ་སྲོག་སྙིང་རྩ་ཤམ་ཤམ་ཛ་ཛ། མ་ཐིག་ནིག་སྲོག་ཐུན་སྙིང་ཐུན་ཛ་ཛ། རཀྵོ་ཡ་ཀ་ལི་དཾ་ཛ་ཛ། མ་གར་ཟ་མ་སྙིང་ཟིག་སྲོག་ལ་ཛ་ཛ། ས་མ་རཀྵོ་སྲོག་སྐེམས་མ་ཛ་ཛ། ཆེ་གེ་མོ་ནི་ཤ་ཏུ་སྲོག་ལ་རྦད། སྙིང་ཁ་ལོང ་རྩ་ཐུན་སྲོག་ཐུན་མཱ་ར་ཡ་རྦད། ཅེས་ཕུར་པས་གདབ་བོ།། ཐུགས་དམ་བསྐང་ངོ་།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྲིན་མོ་ཁྲག་འཐུང་སྦར་སྡེབས་མ་དགུའི་དྲག་སྔགས་ཀྱི་སྐབས་ཏེ་ཞེ་གསུམ ་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། མཆོག་གི་ཕུར་པ་སོར་བརྒྱད་དགུ།། དགུ་དང་ཁྲག་ཏུ་སྦྱར་བས་བྱུག། སྔོན་དམར་སྐུད་པས་འོག་ནས་བཀྱིག། སྔགས ་འདིས་བཟླས་ལ་གཟུགས་ལ་བརྡེག། བལ་མོ་ཤཾ་ཤཾ་སྲོག་ལ་ཤམ། ཏྲྀ་རག་མོ་སྲོག་གུ་རུ་ཙིཏྟ་མ་ར་རྦད་རྦད། ཅེས་བཏབ་ན་བརླག་པར་འགྱུར་རོ།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། བལ་མོ་ནད་གཏོང་བའི ་དགུའི་སྐབས་ཏེ་ཞེ་བཞི་པའོ།། །། དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཁྱི་མོ་དཀར་ནག་གྲོད་པ་ནི།། གཉིས་གཤེགས་སྦྱར་ལ་ཁ་ཡར་བཅོམ།། གྲོད་པ་དཀར་མོར་ཁྲག ་གིས་དགང་།། གྲོད་པ་ནག་པོ་དུག་གིས་དགང་།། ནག་དུ་དམིགས་པའི་མིང་རུས་གཞུག། དུག་ལ་ཁྲག་གི་གྲིགས་དང་སྦྱར།། ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ།། ཕོ་སྔགས་གྲོད་པ་ནག་པོར་གདབ།། རག་ཤ་རྦད་ཛ ་ཛ། རུ་ཏྲ་རྦད་ཛ་ཛ། ཡཀྐ་རྦད་ཛ་ཛ། པག་ཤ་རྦད་ཛ་ཛ། རཱ་ཛ་རྦད་ཛ་ཛ། མོ་སྔགས་གྲོད་པ་དཀར་མོར་གདབ།། རཀྵོ་མཱ་ར་ཡ་ཏྲི་ནི་སད། རཀློ་སྙིང་ཁ་ར་ཀ་བ་ཏི་སྙིང་རྩ་རིལ། ཡཀྐོ་སྙིང་རྩ་རིལ། ཏྲག ་ཤིག་ཤིག། སྙིང་ལ་རོལ།། རུ་ཏྲ་མ་མ་རྩུ་ཤིག། ཡ་མ་སྙིང་ཁྲག་ཤ་རུ་རུ་པ་ཏཾ་སྲོག་པྲྀ་ཤམ་ཁྱེར་བྷྱོ། ཞེས་གྲོད་པ་ཁབ་ཀྱིས་བཙེམ།། རྨེ་ལུག་ནག་པོ་ལྕགས་རུ་ལ།། མགོ་བོ་མཐིང་ནག་དར་གྱིས་གཏུམས།། ཁལ ་དུ་བཀལ་ལ་དགྲ་ཡུལ་བཏང་།། དེ་བཞིན་སྔགས་འདིས་ཕྱོགས་སུ་བཏང་།། རག་མོ་སྲོག་བཾ་ཁ་འུར་ཁུག་མཱ་ར་ཡ་ཁུག། བྷྱོ་བྷྱོ། ཞེས་ནི་ཉུངས་ཀར་ཕྱོགས་སུ་འཕང་།། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་ལས། སྤྲེ་ནག ་གཏོར་སྐྱེལ་གྱི་སྐབས་ཏེ་ཞེ་ལྔ་པའོ།། ། ཟླ་གསང་ནག་པོའི་རྒྱུད་ཕྱི་མ་རྫོགས་སོ།། །། རྒྱ་གར་གྱི་སློབ་དཔོན་ཁྲག་འཐུང་ནག་པོ་དང་། བོད་ཀྱི་ལོ་ཙྪ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས། དུར ་ཁྲོད་ཧ་ལ་སྒྲོགས་པའི་སྒྲུབ་གནས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་