CLOSE WINDOW

Gpb039.031: gtsug tor dri ma med pa sku gzugs mngon par bstan pa'i rgyud
Wyliee-texts produced with BDRC’s OCR application

བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་དཀྱིལ་འཁོར་ལས། གསང་བའི་དམ་ཚིག་ཆེན་པོའི་མདོ་རྟོག་པ་ཆེན་པོའི་རྒྱལ་པོའོ།། རྫོགས་སོ།། །། @#།། རྒྱ་གར་སྐད་དུ། བི་མ་ལ་ཨུཥྨཱ་ཥ། སུ་པ་ར ་བྷི་བྷི་ཤ་ཀར་མ་སི་ཏེ་ཏན་ཏ། བོད་སྐད་དུ། གཙུག་ཏོར་དྲི་མ་མེད་པ་སྐུ་གཟུགས་མངོན་པར་བསྟན་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་མི་དམིགས་པ་ལས་འདས་པ། ཡོན་ཏན་མངོན་པར་བསྟན་པ། སྐུའི་རང་བཞིན་དུ་མ་འགགས་པར་གསལ་བ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱ་བ་ལ་སོགས་པ ་གཅིག་དང་བསམ་ཡས་པ་བགྲང་བའོ།། གཞན་ཡང་བཅོམ་ལྡན་འདས་འཁོར་ལོ་ཨོཾ་གྱི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོ་དང་། རྡོ་རྗེ་ཧཱུཾ་ལས་བསྐྱེད་པ་རྡོ་རྗེའི་རིགས་དང་། རིན་པོ་ཆེ་ཏྲཾ་ལས་སྐྱེས་པ་རིན་ཆེན ་འབྱུང་ལྡན་དང་། པད་མ་ཧྲི་ལས་བསྐྱེད་པ་སྣང་བ་མཐའ་ཡས་དང་། རལ་གྲི་ཨ་ལ་སོགས་པ་དོན་ཡོད་གྲུབ་པ་ལ་སོགས་པའི། བྱང་ཆུབ་སེམས་དཔའ་བྱམས་པ་མི་ཏྲི་དང་། སྒྲིབ་པ་སེལ་བ་ལ་སོགས་པ་བསམ ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བའི་ཚོགས་ཡུམ་དང་སེམས་པ་དང་བཅས་པ་དེ་དག་ཉིད་དུ་སྐུ་མི་མངའ། གསུང་བརྗོད་པ་དང་བྲལ་བ་མི་རྟོག་པའི་ངང་ཉིད་ལས་མཆོད་རྟེན་དུ་གྱུར་པའོ།། དེ་དག་ཀྱང་ཆོས་ཀྱི ་དབྱིངས་བརྗོད་པ་དང་བྲལ་བའི་འོག་མིན་གྱི་གནས་དམིགས་པ་མེད་པའི་དཀྱིལ་འཁོར་ན་གནས་པར་གྱུར་ཏོ།། དེའི་ཚེ་དེ་དུས་ན་དུས་དང་མཚམས་མེད་པར་ཆོས་ཀྱི་སྐུའི་གཟུགས་བརྙན་མཆོད་རྟེན་དུ་རྣམ་པར ་གཟིགས་ནས། འདི་སྐད་ཅེས་གསུངས་སོ།། དེ་བཞིན་གཤེགས་པ་གང་གི་ཚེ། རྟོགས་པ་རྣམ་པར་བྲལ་བའི་ཚེ། བསམ་གྱིས་མི་ཁྱབ་གནས་པ་ཀུན། གང་དེ་རིག་པའི་དོན་གྲུབ་དང་། དེ་དག་རྣམ ་ཀུན་འདུས་པའི་ཚེ། ཡང་དག་དོན་དེ་འདི་སྐད་དུ།། རང་བཞིན་ལྷུན་གྲུབ་མཆོད་རྟེན་དང་།། ཚད་མེད་བཞི་ཡི་མཆོད་རྟེན་དང་།། ཕ་རོལ་ཕྱིན་པའི་མཆོད་རྟེན་དང་།། སྤྲུལ་པ་བསྟན་པའི་མཆོད་པའི་མཆོད་རྟེན ་དང་།། རིག་པ་ལས་གྲུབ་མཆོད་རྟེན་དང་།། དཔེ་ལས་འདས་པའི་མཆོད་རྟེན་དང་།། རིགས་ལས་གྱུར་པའི་མཆོད་རྟེན་དང་།། བརྟགས་པས་སྣང་བའི་མཆོད་རྟེན་དང་།། དོན་དུ་བསྒྲུབས་པའི་མཆོད་རྟེན ་དང་།། མཐའ་རུ་ཕྱིན་པའི་མཆོད་རྟེན་དང་།། ཐེག་པའི་བྱེ་བྲག་མཆོད་རྟེན་དང་།། རྡུལ་བསགས་དག་གི་མཆོད་རྟེན་དང་།། མཚོན་དུ་མེད་པའི་མཆོད་རྟེན་དང་།། མཚོན་པ་ཐབས་ཀྱི་མཆོད་རྟེན་དང་།། བྱང་ཆུབ ་སེམས་དཔའི་མཆོད་རྟེན་དང་།། ཏིང་ངེ་འཛིན་གྱི་མཆོད་རྟེན་དང་།། གཟུགས་བརྙན་དག་གི་མཆོད་རྟེན་དང་།། འཕྲིན་ལས་རྣམ་བཞིའི་མཆོད་རྟེན་དང་།། དངོས་པོ་ཐ་དད་བྲིས་པ་དང་།། ཁམས་གསུམ་མཆོད་རྟེན ་ལ་སོགས་པ།། བསམ་གྱིས་མི་ཁྱབ་ངས་བསྟན་ཏོ།། དམ་ཚིག་སྤྱོད་དང་དཀྱིལ་འཁོར་དང་།། ལྟ་བ་རང་བཞིན་གནས་པ་དང་།། སྤྱན་འདྲེན་མཆོད་འབུལ་བསྟོད་པ་དང་།། ཁྲུས་དང་སྨོན་ལམ་དབང་བསྐུར ་དང་།། བསྒྲུབ་དང་གྲུབ་པའི་སངས་རྒྱས་ཀུན།། ཆོས་ཀྱི་སྐུ་རུ་ཡེ་ནས་གསལ།། སྐྱེ་བ་མེད་པ་ཆོས་ཀྱི་སྐུ།། དེ་ཉིད་མཆོད་རྟེན་ཞེས་སུ་གྲགས།། ཆོས་ཉིད་གཅིག་དང་བསམ་ཡས་པ།། དོན་དམ་ཉིད་ལས་བགྲང་མེད ་དེ།། ཇི་སྙེད་འདི་ལ་ཐ་དད་བསྟན།། བསྟན་པ་ཉིད་ན་བརྗོད་ལས་འདས།། རྫོགས་པའི་སངས་རྒྱས་དེ་རྣམས་ཀུན།། ཆོས་སྐུའི་མཆོད་རྟེན་དེ་ལས་བྱུང་།། བྱུང་བ་ཉིད་ན་རྟོག་ལས་འདས།། ཁམས་གསུམ་རྒྱུད་དྲུག ་སྡུག་བསྔལ་ཀྱང་།། མཆོད་རྟེན་མ་རིག་དེ་ལ་ཡོད།། ལས་དང་སྡུག་བསྔལ་སྦྱོང་བ་ཡང་།། མཆོད་རྟེན་འདི་ལས་གྲུབ་པར་བཤད།། མཆོད་རྟེན་མངོན་པར་བསྟན་པ་ལས།། གླིང་གཞི་ཕུན་སུམ་ཚོགས་པ་བསྟན་པའི ་ལེའུ་སྟེ་དང་པོའོ།། །། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་བཞི་པོས་འདི་སྐད་ཅེས་གསོལ་པ། ཀུན་མཁྱེན་སྟོན་པ་དགོངས་སུ་གསོལ།། སེམས་ཅན་ཀུན ་གྱི་དོན་སླད་དུ།། མཆོད་རྟེན་དམ་པ་བཤད་དུ་གསོལ།། སེམས་ཅན་ཉེན་པའི་དོན་གྱི་ཕྱིར།། གཟུགས་སྐུའི་མཆོད་རྟེན་བཤད་དུ་གསོལ།། གནོད་པའི་རྒྱུད་ནས་བཟློག་པའི་ཕྱིར།། སྤྲུལ་པའི་མཆོད་རྟེན་བཤད་དུ ་གསོལ།། བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར།། བསྒྲུབ་བྱའི་ཐབས་རྣམས་བཤད་དུ་གསོལ།། ཞེས་ཞུས་པ་དེ་ཐོས་པ་དང་། སྟོན་པ་དེ་དགེ་ནས་བཞད་པ་མི་མངའ་བར་སྤྱན་གདངས་ནས་ལྗགས་བརྐྱང་སྟེ་བཀའ་སྩལ ་པ།། དོན་དེ་འདོད་ན་ལེགས་པར་ཉོན།། མཆོད་རྟེན་རྣམ་པ་ཉི་ཤུ་པོ།། ང་ཡིས་ཕྱེ་སྟེ་བཤད་པར་བྱའོ།། ཁྱེད་རྣམས་གང་ལ་འཚམ་པ་དེ།། མཐུན་པར་བསྟན་པ་འདི་ཀུན་ཡིན།། སྤྲུལ་པའི་ཐབས་སུ ་ཁྱད་པར་མང་། དོན་དུ་གཅིག་ལས་མི་ཆད་དོ།། དེ་སྐད་ཅེས་གླེངས་བསླང་བ་དེ་མ་ཐག་ལ། བཅོམ་ལྡན་འདས་དེའི་ཐུགས་ཡེ་ཤེས་ལས་གཡོས་པ་མི་མངའ་བར། ཐ་དད་པའི་དབང་གིས་སྣང་བ་མི་མཐུན་པ་འདི ་ལྟར་གྱུར་ཏེ། ལ་ལ་ནི་འོག་གསེར་གྱི་ས་གཞི། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་རི་རབ་དང་གླིང་དུ་བཅས་པའི། སྟོང་གསུམ་གྱི་ཆེན་པོའི་མི ་མཇེད་ཀྱི་ལོ་ཀའི་ཁམས་སུ་སྣང་སྟེ། དེ་ནས་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་དུ་སྣང་སྟེ། རྩ་བ་དམྱལ་བའི་ཡུལ་དུ་ཟུག། སྡོང་པོ་ཀླུ་ཡུལ་དུ་སྐྱེད། ལོ་འདབ་ཡལ་གསུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ་སྐྱེས་ཏེ། ་དེ་ལ་ཕྱོགས་བཞིར་ཚལ་ཆེན་པོ་བཞི། ཕྱོགས་བཞི་ནས་ངད་ལྡང་བ། རྫི་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་ལྡང་བ། ཡལ་ག་བརྒྱ་རྩ་བརྒྱད་དང་ལྡན་པར་སྣང་བར་གྱུར་ཏོ།། ལ་ལ་ནི་མེ་ཏོག་ཨུ་དུམ་འབར་བའི་རྒྱུ་ས་བོན ་དང་། ས་ལ་མྱུ་གུར་གནས་པ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་འདབ་དང་། འབྲས་བུར་སྨིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྨན་དང་རྩི་བཅུད་དུ་འགྱུར་རོ།། ལ་ལ་ན་ཕྱོགས་བཞི་མཚམས་བརྒྱད་མཆོད ་རྟེན་ཆེན་པོ་བརྒྱད་རང་སྣང་བར་འགྱུར་རོ།། ལྷོའི་འཛམ་བུ་གླིང་དུ་སྤྲུལ་པའི་མཆོད་རྟེན་ཀ་ནི་ཀ་སྣང་བར་གྱུར་ཏོ།། ལྷོ་ནུབ་མཚམས་སུ་ཡིད་བཞིན་ལྷུན་གྱིས་གྲུབ་པའི་ཀ་ནི་ཀ་དང་། ནུབ་ཏུ་དཔེ་མེད་བསམ་ལས ་འདས་པའི་ཀ་ནི་ཀ་དང་། ནུབ་བྱང་མཚམས་སུ་རིན་ཆེན་བརྩེགས་པའི་ཀ་ནི་ཀ་དང་། བྱང་ཕྱོགས་སུ་སྨད་གྲགས་ཆོས་ཀྱི་ཀ་ནི་ཀ་དང་། བྱང་ཤར་མཚམས་སུ་ཁམས་གསུམ་བདེ་རྒྱས་སྒྲོལ་གྱི་མཆོད་རྟེན་ཀ་ནི་ཀ ་དང་། ཤར་ཕྱོགས་སུ་བྱམས་ལྡན་བཏང་སྙོམས་གཏར་གྱི་མཆོད་རྟེན་ཀ་ནི་ཀ་དང་། ཤར་ལྷོར་དོན་གྲུབ་བརྒྱ་ཁྲམ་བརྩེགས་པའི་མཆོད་རྟེན་ཀ་ནི་ཀ་ཅིག་འབྱུང་བར་གྱུར་ཏོ།། ལ་ལ་ནི་ཤཱཀྱ་དང་པོ་ཡུམ་གྱི་ལྷུམས་སུ ་ཞུགས་པ་དང་། ཤིང་ལ་འཇུས་ན་བྱ་སྙེངས་མཛད་ནས་བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། གྲོང་ཁྱེར་དུ་བསོད་སྙོམས་མཛད་པ་དང་། དེ་ནས་ལིའི་ཡུལ་དུ་སྦལ་ལྕོང་མི་རུ་བསྒྱུར་བ ་དང་། ཡུལ་ཝཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ནས་རྟག་ཏུ་རེ་བ་སུན་དབྱུང་བའི་དོན་དུ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པ་སངས་རྒྱས་པ་ཉིད་དུ་སྣང་བར་གྱུར་ཏོ།། ལ་ལ་ནི་ཤར་ཕྱོགས་ཀྱི་འཇིག ་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། བྱམས་པ་རྡོ་རྗེ་བརྩེགས་པ་ཡིས་མཆོད་རྟེན་ཆེན་པོ་ཅིག་རང་བྱུང་།། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་ན། སྙིང་རྗེ་རང་ན་བརྩེགས་པའི་ཀ་ནི་ཀ ་ཅིག་བྱུང་། ནུབ་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་ན། དགའ་བ་རབ་སྣང་པད་མ་བརྩེགས་པའི་ཀ་ནི་ཀ་ཅིག་བྱུང་། བྱང་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་མ་སྙེད ་ན། བཏང་སྙོམས་རྒྱ་གྲམ་བརྩེགས་པའི་ཀ་ནི་ཀ་ཅིག་རང་བྱུང་དུ་བྱུང་བར་གྱུར་ཏོ།། ལ་ལ་ནི་ངན་སོང་སྦྱོང་བའི་དཀྱིལ་འཁོར་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། དོན་ཡོད་གྲུབ་པའི་དཀྱིལ་འཁོར་དང་། རྡོ ་རྗེ་བཀོད་པའི་དཀྱིལ་འཁོར་དང་། དཀྱིལ་འཁོར་བསམ་ཡས་པ་དེ་སྙེད་དུ་སྣང་བར་གྱུར་ཏོ།། ལ་ལར་ནི་ལྷ་དང་ལྷ་མོའི་ཚོགས་བརྗོད་པ་ལས་འདས་པ་ཇི་སྙེད་དུ་སྣང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ ་ཀུན་གྱི་བདག་ཉིད་སྟོན་པས་བཀའ་སྩལ་པ།། རྟོགས་དང་མི་རྟོག་རྣམ་སྤངས་པའི།། དེ་བཞིན་ཉིད་དུ་གནས་པ་ལ།། ཆོས་ཀྱི་སྐུ་ཞེས་ངས་བསྟན་ཏོ།། རྟོགས་དང་བྲལ་བའི་ཆོས་ཉིད་ལ།། ཐ་སྙད་མ་འགགས་དེ ་བཏགས་པས།། གཟུགས་བརྙན་ཞེས་ནི་དེ་ལས་བྱུང་།། ཇི་ལྟར་རྒྱ་མཚོ་དྲངས་པ་ལ།། གཟུགས་བརྙན་སྣ་ཚོགས་སྣང་བ་བཞིན།། རྒྱ་མཚོ་གཟུགས་བརྙན་གཉིས་ཀ་ལ།། སྣང་དང་སྣང་བྱའི་རྟོག་མེད་དེ།། ཐ་དད ་རྟོག་པ་དེ་ལྟར་སྣང་།། ཆོས་སྐུ་ཉིད་དང་མཆོད་རྟེན་ལ།། ཐ་དད་རྟོག་པ་མི་མངའ་སྟེ།། སེམས་ཅན་རྟོག་པ་ཐ་དད་བཟུང་།། ཡང་དག་པ་རུ་བསྟན་པ་མེད།། ཕྱི་ནང་སྣོད་བཅུད་དག་རྟོགས་ན།། མཆོད་རྟེན་གཅིག ་བཏབ་ཀུན་ལ་གསལ།། རང་བཞིན་དག་པས་དྲི་མ་མེད།། སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས།། རང་འབྱུང་མཆོད་རྟེན་ཡེ་ཤེས་སྐུ། ཐུགས་རྗེས་བྱིན་རླབས་རྨད་པོ་ཆེ།། སེམས་ཅན་ཡོངས་ལ་སྨན་པ་འབྱུང་།། མི ་བདེའི་སྡུག་བསྔལ་ཡོངས་བསལ་ནས།། སེམས་ཅན་ཀུན་ལ་བྱམས་སྡུག་ལྡན།། ལ་ལར་སྟོན་པ་དགྱེས་པར་སྣང་།། ལ་ལར་ཀུན་ལ་འཆད་པར་སྣང་།། ལ་ལར་འཇིག་རྟེན་ཆགས་པར་སྣང་།། ལ་ལར་དཔག་བསམ ་ཤིང་ལ་སྤྱོད།། ལ་ལར་མེ་ཏོག་ཨུ་དུམ་འབར།། ལ་ལར་མཛད་པ་བཅུ་གཉིས་འབྱུང་།། ལ་ལར་རང་འབྱུང་མཆོད་རྟེན་མཐོང་།། ལ་ལར་རྡོ་རྗེའི་འཁོར་ལོར་མཐོང་།། ལ་ལར་དེ་བཞིན་གཤེགས་པར་མཐོང་།། ལ ་ལར་དཀྱིལ་འཁོར་དག་ཏུ་སྣང་།། ལ་ལར་ཐེག་པ་དགུ་ཡི་དབྱིབས།། ལ་ལར་ལོགས་སྤྱོད་མཐར་སྤྱོད་མཐོང་།། ལ་ལར་ཡབ་ཡུམ་རོལ་པར་མཐོང་།། ལ་ལར་སངས་རྒྱས་ཉིད་དུ་མཐོང་།། ལ་ལར་ལས་རྣམས ་རྫོགས་པར་མཐོང་།། ལ་ལར་སངས་རྒྱས་བརྒྱ་རྩ་བརྒྱད་དུ་མཐོང་།། ལ་ལར་མཆོད་རྟེན་ཉུངས་འབྲུ་ཙམ།། ལ་ལས་འཇིག་རྟེན་ཁམས་དང་མཉམ།། ལ་ལས་བང་རིམ་བགྲང་དུ་མེད།། ལ་ལར་བང་རིམ་བགྲང་དུ ་ཡོད།། ལ་ལས་མཆོད་རྟེན་གཞལ་ཡས་ཁང་།། ལ་ལས་རྫུ་འཕྲུལ་སྟོན་པར་མཐོང་།། ལ་ལས་ཐ་དད་མང་པོར་མཐོང་།། མཆོད་རྟེན་སྐུ་གདུང་བདེ་བ་ལ།། དབྱེ་དང་མི་དབྱེ་གང་ཡང་མེད།། སྟོན་པ་མཆོད་རྟེན་ཆོས ་ཀུན་ལ།། ཐ་དད་བསྟན་པའི་གསུངས་མི་མངའ།། ཞེས་གསུངས་པར་སྣང་བའོ།། མཆོད་རྟེན་མངོན་པའི་རྒྱུ་ལས།། གླེང་བསླང་བའི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཡང་འདུས་ནས།། དགྱེས་པ་ཅིག་ལས་འདི་སྐད་ཅེས་གསུངས་སོ།། ཆོས་རྣམས་ཡེ་ནས་དག་པ་ལ།། ལོག་རྟོག་དབང་གིས་ཅི་ཞིག་སྒྲིབ།། ཆོས་སྐུ་སྐྱེ་མེད་མཆོད་རྟེན་ལ།། གཟུགས་བརྙན་སྣ ་ཚོགས་ཅིར་སྣང་ཡང་།། ཀུན་ཀྱང་མཆོད་རྟེན་རང་བཞིན་ནོ།། ཕྱི་ཡི་སྣོད་ཉིད་གླིང་རྣམས་ཀྱང་།། ཆོས་ཀྱི་དབྱིངས་སུ་གཅིག་པ་ལ།། སྐྱེ་མེད་ཆོས་ཀྱི་སྐུ་ཞེས་བྱ།། དེ་ལས་མཆོད་རྟེན་གཞན་ན་མེད།། བཅུད་ཀྱི ་འཇིག་རྟེན་འགྲོ་བ་ཀུན།། རིན་ཆེན་སྐྱེ་མེད་རྟོགས་པ་ལས།། རིག་པའི་ཡེ་ཤེས་གསལ་བས་ན།། དོན་དམ་མཆོད་རྟེན་དེ་ཉིད་དོ།། ཕྱི་ནང་སྣོད་བཅུད་གཉིས་མེད་ལ།། དབྱིངས་དང་ཡེ་ཤེས་གཉིས་མེད་ལ།། ཆོས་སྐུ ་རྟོག་མེད་ལ།། གཟུགས་སྐུ་མཆོད་རྟེན་དབྱིངས་སུ་བསྟན།། ཡུལ་དང་དབང་པོ་རྣམ་ཤེས་རྣམས།། ཐམས་ཅད་ཡེ་ནས་ཡེ་ཤེས་ལ།། མཆོད་རྟེན་དབྱིབས་སུ་སྣང་བ་ལས།། གཞན་དུ་རྟོག་པ་ག་ལ་ཡོད།། ས་དང ་མེ་དང་ཆུ་དང་རླུང་།། ཐམས་ཅད་ཀྱི་ནི་ནམ་མཁའ་རྣམས།། གཉིས་མེད་ཆོས་སྐུར་གྱུར་པས་ན།། མཆོད་རྟེན་དབྱིངས་སུ་ཐ་དད་གསལ།། སྐྱེ་འགྲོ་གཡོ་དང་མི་གཡོ་རྣམས།། ལས་ཀྱི་དབང་གིས་ཐ་དད་ཀྱང་།། ཡང ་དག་དོན་དུ་རྟག་བྱས་ནས།། མཆོད་རྟེན་ཐ་དད་བསམ་ཡས་སོ།། དངོས་རྣམས་ཉིད་ནས་དངོས་མེད་པས།། བརྟགས་པའི་སྣང་བའི་དངོས་པོ་མེད།། མཆོད་རྟེན་དངོས་པོ་མེད་པའོ།། གཉིས་སུ་མེད་པས་སངས་རྒྱས ་སྐུ།། ཁམས་གསུམ་སྲིད་གསུམ་དུས་གསུམ་རྣམས་ལ་སྣང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ།། མཆོད་རྟེན་སྐུ་གསུམ་ལྷུན་གྲུབ་པ།། རྩ་བ་བྱང་ཆུབ་སེམས་རྟོགས་ན།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། ཆོས ་སྐུ་མཆོད་རྟེན་རྩ་བ་སྟེ།། རང་གི་སེམས་ལས་གཞན་ན་མེད།། བདག་དང་གཞན་དང་དངོས་པོ་རྣམས།། ཡེ་ནས་ཆོས་ཉིད་ཡིན་ཤེས་ན།། ཆོས་ཉིད་དངོས་དང་བྲལ་བ་དེ།། ཀུན་གྱིས་མཆོད་རྟེན་གནས་སོ།། ལས ་རྣམས་རྒྱ་མཚོ་སྤྱད་བྱས་ཀྱང་།། དོན་མཆོད་རྟེན་ཆོས་སྐུ་འགྲུབ།། ལས་ཀྱང་མཆོད་པ་ཡིན་པས་ན།། ལས་ལ་རྟོན་པས་མཆོད་རྟེན་ནོ།། ལྟ་བ་ཆེ་ལ་བདག་གནས་ན།། མཆོད་རྟེན་ཀུན་གྱི་མངའ་བདག་ཡིན།། བདག ་ལ་མཆོད་ཅིང་བདག་ལ་རྟེན།། གཞན་གྱི་མཆོག་རྟེན་ཐ་སྙད་ཡིན།། བདག་གི་མཆོད་རྟེན་དོན་དམ་ཡིན།། གཞན་ལ་མ་བསྐོར་བདག་ལ་བསྐོར།། གཞན་ལ་མ་མཆོད་བདག་ལ་མཆོད།། བདག་ལ་བདག་ཉིད ་དབང་ཐོབ་བྱ།། བདག་ལ་བདག་ཉིད་སྐུ་ཁྲུས་གསོལ།། རང་འབྱུང་མཆོད་རྟེན་བྱ་བ་དེ།། རང་ལས་བྱུང་བས་རང་བྱུང་ངོ་།། སྤྲུལ་པའི་མཆོད་རྟེན་སྣ་ཚོགས་ཀྱང་།། བདག་གིས་སྤྱོད་པས་གཞན་ལ་འདུལ།། སྤྲུལ ་པས་འདུལ་བའི་མཆོད་རྟེན་ནི།། དབྱིངས་ཀྱི་བྱེ་བྲག་དེ་དག་ཀྱང་།། བདག་ཉིད་ཆེན་པོ་འདི་ལས་འབྱུང་།། བདག་ཉིད་ཅེས་པ་གཉིས་མེད་དོན།། ཐ་དད་བྱུང་བས་ཆད་པ་སེལ།། སྣ་ཚོགས་སྣང་ལ ་རང་བཞིན་མེད།། རྒྱ་མཚོ་མེ་ལོང་གཟུགས་བརྙན་བཞིན།། སྣང་ཡང་ཐ་དད་རྟོག་པ་མེད།། ས་འཇིམ་ལ་སོགས་བྱམས་པ་དང་།། རྨང་དང་ཁྲི་འཕང་བང་རིམ་རྣམས།། བུམ་རྟེན་བུམ་པ་སྲོག་ཤིང་དང་།། འཁོར་ལོ ་ཆར་ཁབ་ཏོག་བུམ་དབུ།། ཐབས་དང་ཤེས་རབ་གཉིས་པོ་ལ།། སྐུ་གསུམ་རྟགས་སུ་བསྟན་པ་ཀུན།། ཐ་སྙད་ཡིན་ཏེ་མཚོན་པའི་ཕྱིར།། ཐབས་ཀྱི་དབྱིངས་དང་མཚན་དུ་བསྟན།། ཡང་དག་དོན་ལ་ཀུན ་མེད།། གསེར་དངུལ་འཁར་ཟངས་ལ་སོགས་པ།། ལུགས་དང་བརྡུངས་དང་བསྟོད་ལ་སོགས།། སེམས་ཅན་དོན་དུ་བསྟན་མོད་ཀྱི།། ཡང་དག་མཆོད་རྟེན་དེ་དག་མིན།། དར་དང་ཟ་འོག་ཚོན་རྩི་དང་།། ཤིང་ལ ་སོགས་པ་བྲིས་པ་དེ།། མཚོན་པ་ཙམ་དུ་བསྟན་པ་ལས།། ཆོས་ཀྱི་སྐུ་ལ་བསྟན་པ་མེད།། སྐོར་ཕོར་གཟུགས་དང་ཕྱུང་བ་སྟེ།། མཚོན་པ་ཡིན་ཏེ་དོན་དུ་མེད།། བཏབས་པ་གཞན་ཡང་སྣ་ཚོགས་ལ།། སྟོན་པས་བསྟན ་ཏེ་མཐུན་པའི་ཕྱིར།། སྟོན་པའི་སྟོན་པ་དེ་ཉིད་དང་།། སྟོན་པའི་བཀའ་བརྒྱུད་དེ་དང་ཚིག། སེམས་ཅན་བསྟན་པའི་གནས་རྣམས་དང་།། དེ་ལ་སོགས་པ་བསམ་ཡས་ཀུན།། དེ་དག་ཐམས་ཅད་སྒྱུ་མ་འདྲ།། སྒྱུ་མས ་གཞན་དག་ཚིམ་བྱེད་ཀྱང་།། གཞན་དང་སྒྱུ་མ་གཉིས་ཀ་ལ།། དོན་དུ་གྲུབ་པ་གང་ཡང་མེད།། གཟུགས་སུ་བསྟན་པའི་མཆོད་རྟེན་ཡང་།། དམ་པའི་དོན་དུ་དངོས་པོ་མེད།། ལྟ་བ་འདི་ལ་གནས་པ་ནི།། སངས་རྒྱས ་ཉིད་དུ་ངེས་པའོ།། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། ལྟ་བའི་ངང་ལ་གནས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་དེ་བཞིན་གཤེགས་པ་ཀུན་དང་མཐུན་པ་རུ་ཡོང་བར་བྱ་བའི་ཕྱིར་འདི་སྐད་ཅེས ་གསུངས་སོ།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། རྟོག་བྲལ་ཆོས་ཉིད་ངང་ལས་མ་གཡོས་ཀྱང་།། སེམས་ཅན་དོན་དུ་ཆོས་ཀྱི་སྐུ་རུ་བཞེངས།། ཡིད་བཞིན་ལྷུན་གྲུབ་བཀྲ་ཤིས་གཞལ་ཡས་འདིར།། རང་འབྱུང་ཡེ་ནས ་དག་པ་ཆོས་ཀྱི་སྐུ།། ངེས་པར་མཁྱེན་པའི་རྨད་འབྱུང་ཀ་ནི་ཀ། རྣམ་དག་པད་མ་རྒྱས་པའི་གདན་སྟེངས་ན།། འོག་གི་རྨང་ཁྲི་ཡ་མཚན་རྡོ་རྗེ་བྲག། གྱེན་དུ་ཁྲི་འཕང་ཡ་མཚན་དཀོན་མཆོག་གསུམ།། ཤེལ་གྱི་བུམ་པ ་དྲི་མ་མེད་པར་དག། སྲོག་ཤིང་མ་སྐྱེས་བྱང་ཆུབ་སེམས་ཀྱི་ངང་།། མི་གནས་མི་དམིགས་ཆོས་ཀྱི་དབྱིངས་དང་འདྲ།། ཁམས་གསུམ་མི་འགྱུར་གཡུ་རུང་བྱང་ཆུབ་མཁར།། སྐྱོན་བྲལ་ཡང་དག་དོན་གྱི་མཆོད་རྟེན ་ཡང་།། ཐུགས་རྗེའི་དབང་གིས་ཆོས་ཀྱི་དབྱིངས་ནས་གཟིགས།། སྔོན་གྱི་སྨོན་ལམ་དབང་དང་ད་ལྟའི་ཐུགས་རྗེ་ཡིས།། ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན།། རིན་ཆེན་རི་བོ་དག་པའི་མཆོད་རྟེན ་བཞུགས།། གཞི་རྨང་དགེ་བཅུ་པདྨ་དག་པ་ན།། དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་གདན།། སྡིག་པ་སྤངས་པའི་རིམ་པ་གཉིས་པ་ལགས།། རྫུ་འཕྲུལ་རྐང་པ་བཞི་ཡི་རིམ་པ་གསུམ་པ་དགེ། རྣམ ་གྲོལ་དབང་པོ་ལྔ་ཡི་རིམ་པ་བཞི་པ་བཟང་།། སྟོབས་ལྔ་བྱིན་བསྡུས་བུམ་པ་ཀུན་ཏུ་ཟླུམ།། ཐུགས་རྗེ་ཚད་མེད་སྲོག་ཤིང་གཞུང་བཙུགས་འདྲ།། བདུས་བཞི་ཕམ་མཛད་ཆོས་ཀྱི་རྒྱལ་མཚན་གཟི།། བླ་མེད་མཉེས ་པས་གདུགས་མཆོག་ཁ་ལ་འཕགས།། རྣམ་དག་ཚུལ་ཁྲིམས་མེ་ཏོག་འཕྲེང་བ་བཟང་།། དེས་པར་མཁྱེན་པའི་རྨད་བྱུང་ཀ་ནི་ཀ། ཁྱད་པར་ཅིར་ཡང་འཕགས་པའི་སྐུ་གཟུགས་སྣ་ཚོགས་བསྟན།། རྣམ་དག་ཟབ་མོ ་ཆོས་དབྱིངས་དཀྱིལ་འཁོར་འདིར།། ཉོན་མོངས་སྐྱོན་གྱིས་མ་གོས་ནམ་མཁའི་རང་བཞིན་ལ།། འཁྲུལ་པ་ཏིང་འཛིན་ཆགས་ཕྱིར་སྐུ་བསྟན་པ།། འཁོར་ལོ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། བྱམས་པ ་ཆེན་པོ་ཚད་མེད་ཡངས་པའི་ཆོས།། གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིང་།། མེ་ལོང་ལྟ་བུའི་ཆོས་ཀྱི་དོན་རྟོགས་པ།། བྱམས་པ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། དགའ་རབ་དོན་ཕྱིར ་འཕྲུལ་པའི་སེམས་སྤངས་པ།། འཇིག་མེད་རིན་ཆེན་བང་རིམ་བརྩེགས་པ་ལ།། སྤྲུལ་པའི་ཡོན་ཏན་ཚོགས་ཀྱི་འཕྲེང་བས་བརྒྱན།། རིན་ཆེན་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཉོན་མོངས་རྟོག་བྲལ ་པདྨ་འབྱུང་བའི་གནས།། དགའ་བ་བརྩེགས་པའི་མཆོད་རྟེན་བདུད་བཞི་འཇོམས།། བུམ་པ་ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས།། པདྨ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཉོན་མོངས་འཁོར་བའི ་སྡུག་བསྔལ་ལས་ཀྱིས་སྦྱོངས།། རྣམ་པར་རྟོག་པའི་མཚན་མ་ཀུན་བཅོམ་ནས།། བསོད་ནམས་དགེ་ཚུལ་འཕགས་རྣམས་མཆོད་རྟེན་བརྩེགས།། བྱང་ཆུབ་རྫོགས་པའི་མཆོད་རྟེན་གཤེགས་སུ་གསོལ།། རིགས་ལྔ་ཡེ ་ཤེས་ལྔ་དང་སྐུ་མཚན་ལྔ།། རང་བཞིན་ལྷུན་གྲུབ་དང་ལས་མ་སྤྲོས་ཀྱང་།། བདེན་པའི་ཡེ་ཤེས་བཞི་ཡང་ལྔ་ལྔར་ལྡན།། རིགས་བཞི་སེམས་དཔའ་བཞི་བཞིས་བསྐོར་བ་ཡང་།། འགྲོ་བའི་དོན་དུ་མཆོད་རྟེན་ལྔ་ལྔར ་སྤྲུལ་ཅིང་གཤེགས་སུ་གསོལ།། ཤཱཀྱ་ཐུབ་པ་སྤྲུལ་པའི་སངས་རྒྱས་ཏེ།། སྐུ་ཡི་འོད་ཟེར་སྤྲུལ་པས་སྒྲིབ་པ་སྦྱོང་།། སྤྲུལ་པ་སྣ་ཚོགས་མཆོད་རྟེན་དབྱིངས་སུ་བསྟན།། འདོད་འབྱུང་སྤྲུལ་པའི་མཆོད་རྟེན་གཤེགས་སུ ་གསོལ།། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་བསོད་ནམ་བསགས།། ཡིད་བཞིན་དཔག་བསམ་ལ་སོགས་མཆོད་རྟེན་བརྒྱད།། དགེ་ཚུལ་བསོད་ནམས་བསགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཐེག་པ་སྣ་ཚོགས ་སྒོ་ནས་བགྲོད་པ་ཡང་།། བྱང་ཆུབ་སེམས་མཆོག་གང་ལ་སྐྱེས་པ་དེ།། ཐེག་པ་ཀུན་གྱི་མཆོད་རྟེན་གཤེགས་སུ་གསོལ།། བྱང་ཆུབ་གཞན་ཡང་མགྲོན་གྱི་བྱང་ཆུབ་སེམས་དཔའ་དང་།། ལ་ལས་ཆོས་ཀྱི་སྲུངས་མ ་དང་།། དད་པས་ཉན་པའི་འཁོར་ཚོགས་དང་།། ཆོས་ཀྱི་ཀུན་ནས་འབྲེལ་བ་ལས།། བྱང་ཆུབ་སེམས་འདི་དམིགས་པ་མཆོག། སེམས་ཅན་དོན་དུ་གནས་པར་བྱ།། ཆོས་ཀྱི་དབྱིངས་ཉིད་རྟོགས་དང ་བྲལ།། དེ་རྟོགས་མཆོད་རྟེན་གནས་པ་ཡི།། ཕྱོགས་བཅུའི་འཇིག་རྟེན་གང་དག་ན།། མཆོད་རྟེན་གནས་པ་ཡེ་ནས་གནས།། སྤྱན་དྲངས་བྱོན་པ་མི་མངའ་སྟེ།། བཀུར་སྟི་རིམ་གྲོའི་ཚུལ་གྱིས་ན།། དངོས་སུ་གཟུགས ་བརྙན་མཆོད་རྟེན་བཞུགས།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། ཐ་དད་མཆོད་རྟེན་གནས་ནས་བསྐྱོད།། ཕྱོགས་བཅུའི་སངས་རྒྱས་བཞུགས་པ་རྣམས།། དུས་གསུམ་དག་ཏུ་མཚོན་ནས་འདྲེན།། བྱང་ཆུབ་སེམས ་དཔར་གྲགས་པ་རྣམས།། དབྱིངས་ནས་སྤྱན་འདྲེན་མཆོད་ཀྱི་གཤེགས།། ཡང་དག་དོན་དུ་གཤེགས་བཞུད་མི་མངའ་ཡང་།། སེམས་ཅན་དད་པ་བསྐྱེད་པའི་ཕྱིར།། རྡོ་རྗེའི་གདན་དང་པདྨའི་གདན།། རིན་ཆེན་ཁྲི་ལ ་སོགས་པའི་གདན།། རིག་པའི་བྱིན་རླབས་དག་གིས་གདིང་།། གདན་དང་མཚན་མའི་རིགས་རྣམས་བཞུགས།། མཆོད་རྟེན་བསམ་གྱིས་མི་ཁྱབ་པ།། དངོས་སུ་དད་པས་དམིགས་ཤིང་བསམ།། ཡང་ན་ཆོས་སྐུ ་གཅིག་ཏུ་བསྡུ།། མང་པོར་བཤད་ཀྱང་བསྡུ་བ་དེ།། ཆོས་སྐུ་ཉིད་ལ་རྟོག་མི་མངའ།། འདུལ་བའི་དབང་གིས་སྣང་བ་ཡི།། ཞེས་གསུངས་སོ།། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། སྤྱན་དྲངས་པ་ལྟར་བསྟན ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་འདུས་ནས་འདི་སྐད་གསུངས་སོ།། གསང་སྔགས་དོན་དུ་བསྔགས་པ་ནི།། དམ་ཚིག་དོན་དུ་བསྔགས་པ་སྟེ།། ཡོན་ཏན ་བསམ་ཡས་འདི་ལས་འབྱུང་།། ལྟ་བས་བསྟས་ནས་གཅིག་ལས་མེད།། བསྲུང་དང་བསྒྲུབ་ཕྱིར་དམ་ཚིག་སྟེ།། འདས་པ་རྣམས་ལ་སྐྱོན་དུ་གཞག། བསྲུངས་ན་མཆོད་རྟེན་སྐུ་རུ་གཞག། དད་ལ་སློབ་དཔོན་མཉེས ་པར་བྱ།། ལུས་དང་ངག་དང་ཡིད་རྣམས་ཀྱིས།། ཤེས་པས་ཕྱག་དང་གུས་པས་བཀུར།། སེམས་ལ་སེལ་མེད་དད་པས་གདུང་།། ད་ལྟའི་སློབ་དཔོན་དངོས་ལ་ཡང་།། དངོས་སུ་བཀུར་དུ་ཡོད་པ་དེ།། མེད་ན་ཇི་ལྟ། ་བཀུར་བར་བྱ།། བླ་མའི་བླ་མ་དེ་ལ་བསྐུར།། དེ་ཡང་མེད་ན་བླ་མའི་བླ་མ་གྲོགས།། བླ་མ་དངོས་སུ་བསམ་ལ་བཀུར།། ཅི་སྟེ་ཞེ་ན་དོན་དམ་ཅིག། གལ་ཏེ་ལན་ཅིག་བླ་མ་ཡི།། བླ་མ་གང་ཡིན་བདག་ཅེས ་འཛིན།། དེ་ལ་བཀུར་བར་བྱར་རུང་ན།། བླ་མའི་དམ་ཚིག་དབང་ཡིན་པས།། བླ་མའི་བླ་མ་གོང་མར་གསལ།། སློབ་དཔོན་སྐུ་ལ་མཉམ་པས་ན།། ཆོས་སྐུ་བཤིག་པའི་སྡིག་པས་ཆེ།། བླ་མའི་གྲིབ་མ་འགོམ་བྱས་ན།། ་སངས་རྒྱས་སྐུ་བསད་སྡིག་པ་མཉམ།། བླ་མའི་གསུང་ལ་སྒོས་བཏགས་ན།། ལྕེ་ཡི་དབང་པོ་བརྐུ་བར་འགྱུར།། དེ་རེ་ཞེ་རེ་སླེབས་པ་ལ་ཚལ་པའི་ཞིང་རྨོ་ལྟ་བུར་འགྱུར།། བླ་མའི་གསུང་ལ་སྐུར་བཏབ་ན།། ལྕེ་ཡི ་དབང་པོ་མི་ལྡན་ཞིང་།། དམ་པའི་ཆོས་དང་གཏན་དུ་འབྲལ།། སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ།། སློབ་དཔོན་ཐུགས་ལ་སྨོད་པ་ནི།། རང་གི་སྒྲོན་མེ་རང་གསོད་འདྲ།། བསྐལ་པ་བརྒྱ་རུ་མུན་པར ་འཁྱམས།། ཐར་པའི་སྐབས་མེད་རིགས་ཆད་ཡིན།། དེ་བས་སྨད་པར་མི་བྱའོ།། དཀྱིལ་འཁོར་ངོ་སྟོན་དབང་བསྐུར་པའི།། སློབ་དཔོན་དེ་ལ་སྨོད་པ་ནི།། རོ་མྱགས་མཚོ་ཡི་ནང་དུ་སྐྱེ།། མེ་ཏོག་གླིང་ལ་དམིགས་ལྟས ་ཏེ།། རོ་མྱགས་སྡུག་བསྔལ་ལས་ཀྱིས་མནར།། སྟེང་ནས་ལྕགས་ཀྱི་ཐོ་ལུམ་གྱིས།། སྡིག་ཅིང་ཁོང་དུ་སྲེག་པར་བྱེད།། མེ་ཏོག་གླིང་དུ་ག་ལ་ཕྱིན།། དེ་བས་ངེས་པར་སློབ་དཔོན་བཀུར།། སྟོན་པས་གསུངས་པའི ་བཀའ་ལས་ནི།། སློབ་དཔོན་མགོ་ལ་དམ་ཚིག་དམིགས།། སློབ་དཔོན་མགོ་ལྟར་བཀུར་བར་བྱ།། རང་མགོ་བཅད་པས་སྨད་པ་ཐ།། བཀའ་སྩལ་མིག་ལྟར་བཀུར་བར་བྱ།། རང་མིག་རང་གིས་བཅར་བ་བས།། སློབ ་པོན་ཚད་མའི་མགོ་བཅད་ཐུ།། དེ་བས་བཀུར་བའི་རིམ་པ་གྱིས།། བཀུར་བ་མགོ་ལྟར་ཡུན་དུ་ཁུར།། མན་ངག་མིག་ལྟར་ཡུན་དུ་ཚོས།། སྙིང་གི་དཀྱིལ་དུ་ཀུན་ཏུ་ཞོག། མཆེད་ལྕམ་གཅིག་ལ་གཅིག་སྲུང ་ན།། འཇིག་རྟེན་འདི་ལ་ལྷན་ཅིག་ཏུ།། ལུས་མཆོག་བཞིན་དུ་ཐུགས་མཆོག་བསྐྱེད།། ཐུགས་མཆོག་དུས་དང་རྣམ་བཞི་རུ།། མི་འབྲལ་ཁྲག་དང་ཆུ་སེར་འདྲ།། ལྷན་ཅིག་མཉན་བསམ་བསྒོམ་བྱས་པ།། དེ་རྣམས་དོན ་ལ་དབྱེར་མེད་པས།། དུས་དང་བསྐལ་བའི་མཐའ་མེད་ཅིང་།། དེ་རྣམས་བརྒྱ་ལ་ངན་སྨོད་ན།། རང་སྲོག་རང་གཅོད་དཔེ་དང་འདྲ།། རང་གི་དོན་ལ་རང་སྨོད་པ།། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ།། ཚ་གྲང་བརྒྱད ་ཀྱི་སྡུག་བསྔལ་མྱོང་།། མཆོད་རྟེན་དག་ལ་སྨོད་པ་ནི།། རང་གི་སེམས་ཉིད་གཏན་སྤངས་ནས།། རིགས་ཆད་གནས་སུ་སྡུག་བསྔལ་མྱོང་།། ཆོས་སྐུ་གཟུགས་བརྙན་མ་རྟོགས་ན།། ལེགས་པར་དགེ་བཅུ་སྤྱད་བྱས ་ཀྱང་།། ལྷར་སྐྱེ་ལན་ཅིག་ལྷུང་བར་འགྱུར།། ཐུགས་ཀྱི་དམ་ཚིག་མཆོད་རྟེན་ཡིན།། བྱང་ཆུབ་སེམས་ཉིད་སྤྲོས་བྲལ་བས།། ཆོས་སྐུ་གཟུགས་བརྙན་མཆོད་རྟེན་ཡིན།། དེ་ལྟར་རྟོགས་ན་ཉམས་པ་མེད།། ཕྱི་ནང་སྣོད ་བཅུད་མ་ལུས་པ།། རང་བཞིན་དག་པ་གསུམ་དུ་ཤེས།། ཀུན་རྫོབ་གཟུགས་བརྙན་དག་པ་དང་།། དོན་དམ་དངོས་མེད་དག་པ་དང་།། གཉིས་སུ་མེད་པ་ཆོས་ཀྱི་སྐུ།། དེ་ལྟར་རྟོགས་ན་དམ་ཚིག་ཡིན།། ཕྱག་རྒྱ ་མཆོད་རྟེན་ཡིན་པ་སྟེ།། མཆོད་རྟེན་ཉིད་ཀྱང་ཕྱག་རྒྱར་གསལ།། རིགས་དང་ལྷ་རྣམས་ཕྱག་རྒྱ་རྣམས།། མཆོད་རྟེན་དབྱིངས་སུ་ཐ་དད་བསྟན།། དེ་ཉིད་སྲུངས་ན་ཉམས་པ་མེད།། དཀྱིལ་འཁོར་རི་མོའི་གཟུགས་ལ ་སོགས།། ཐ་དད་མང་པོར་སྟོན་པ་ཡང་།། དེ་རྣམས་ཉིད་ནི་མཆོད་རྟེན་ཡིན།། དེ་ལྟར་བསྒོམས་ན་ཉམས་པ་མེད།། ཀྲི་ཡའི་མཆོད་རྟེན་བཞེངས་པ་ན།། མཆོད་རྟེན་དབྱིངས་དོན་རྟོགས་པ་དང་།། གྲུ་བཞི་དག་པར་བྱ། ་བ་དང་།། དམིགས་པ་ཡན་ལག་ལྡན་པ་རྣམས།། རྩ་བའི་དམ་ཚིག་ལྔར་ལྡན་དང་།། ཉ་ཤ་ལ་ཕུག་སྒོག་བཙོང་སྤང་། ཆོ་གའི་ཡན་ལག་ཚང་བར་བྱ།། དེ་ལྟར་བསྲུངས་ན་དངོས་གྲུབ་ཐོབ།། མཚན ་ཉིད་ཐེག་པ་སྐུར་བཞེངས་ན།། སྡོམ་པ་ཉི་ཤུ་ཕྱི་ནང་བསྲུང་།། བྱང་ཆུབ་མཆོག་གི་ཆོས་རྣམས་དང་།། སུམ་ཅུ་རྩ་བརྒྱད་རྟོགས་པ་ལས།། དེ་འདྲའི་སྐུ་ནི་གཟུགས་བཞེངས་ན།། དུས་གསུམ་སངས་རྒྱས་དམིགས་བྱས ་ལ།། དེ་ལ་མཆོད་པ་ལུགས་མཐུན་འབུལ།། དེ་ལས་གཞན་གྱུར་སྐྱོན་རྣམས་སྤང་།། དེ་ལྟར་གཞུང་ལུགས་མ་ནོར་ན།། དངོས་གྲུབ་གང་འདོད་དེ་ལྟར་འགྲུབ།། སྡོམ་པ་གནས་པས་གནས་པས་བྱས་ན་འགྲུབ།། རང ་སངས་རྒྱས་ཀྱི་མཆོད་རྟེན་ལ།། རྟེན་འབྲེལ་ཟབ་མོ་རྟོགས་པ་དང་།། སྡེར་ལངས་བློ་ཅན་གང་ཡང་རུང་།། སྐུ་ཡི་གཟུགས་བརྙན་བཞེངས་གསོལ་ནས།། རྟེན་འབྲེལ་སྙིང་པོ་བྲིས་བཙུག་ན།། རྟེན་འབྲེལ་རྟོགས་ན ་སྡོམ་པ་ཡི།། ས་ཡང་སྡོམ་པ་གནས་པས་འགྲུབ།། ཉན་ཐོས་སྒོར་ཞུགས་དགེ་སློང་དག། མཆོད་རྟེན་བཞེངས་སུ་གསོལ་བ་ན།། རྨང་དང་ཁྲི་འཕང་བང་རིམ་རྣམས།། བུམ་རྟེན་བུམ་པ་ལ་སོགས་པ།། སྲོག་ཤིང་འཁོར ་ལོ་ཏོག་དང་བཅས།། ཉན་ཐོས་ཐེག་པ་ཆོས་ཀྱི་ལུགས།། མཆོད་རྟེན་དེ་ལ་ཚང་བར་བསྟན།། ཉིས་བརྒྱ་ལྔ་བཅུ་བསྲུང་བྱས་ནས།། མཆོད་ལ་ཉན་ཐོས་ལུགས་བཞིན་དབུལ།། དེ་གཞུང་ལྡན་དེ་དེ་བདག ་འགྲུབ།། དཀྱིལ་འཁོར་མཆོད་རྟེན་བསམ་ཡས་ཀྱང་།། དམ་པའི་དོན་དུ་གཞུང་བཞིན་དཔྱད།། དམ་ཚིག་བསྲུངས་པ་དེ་ཀ་བཞིན།། སྡོམ་པ་མེད་ན་དམ་ཚིག་གང་།། དམ་ཚིག་མེད་ན་ཡོན་ཏན་གང་།། དམ་ཚིག ་ཅེས་སུ་བཤད་པ་དེ།། སྒྲུབ་པ་པོ་ཡི་སྙིང་པོའི་ཡིན།། འདི་ལ་གནས་པའི་སྒྲུབ་པ་པོ།། མྱུར་དུ་དངོས་གྲུབ་ཐོབ་པར་བྱེད།། དམ་ཚིག་མེད་པར་གྱུར་པ་ན།། མཆོད་རྟེན་གཞུང་ལྟར་བཤད་བྱས་ཀྱང་།། འབྲས་བུ་ཡོན ་ཏན་མི་འགྲུབ་སྟེ།། དམྱལ་བར་ངེས་པར་ལྷུང་བར་བསྟན།། དཔེར་ན་ས་བོན་ཚིག་པ་ལས།། ཆུ་ལུད་རྐྱེན་གྱིས་བྲན་བྱས་ཀྱང་།། མྱུ་གུ་འབྲས་བུ་མི་འབྱུང་སྟེ།། ཡིད་ཆད་ཉོན་མོངས་སྐྱེ་བར་འགྱུར།། རྩ་བ་རྩ་བའི ་དམ་ཚིག་ནི།། སེམས་ཉིད་དག་པ་ཆོས་ཀྱི་སྐུ།། མཆོད་རྟེན་གཟུགས་སུ་ཤེས་པའོ།། རྩ་བའི་ཡན་ལག་དམ་ཚིག་ནི།། སློབ་དཔོན་མཆེད་ལྕམ་ཁུར་བ་ཡིན།། ཡན་ལག་རྩ་བར་བསྟན་པ་ནི།། སྔགས་དང་ཕྱག་རྒྱ ་བཅིང་བཟླས་པ།། དབང་མ་ཐོབ་པར་འཆད་པ་དང་།། ཐེག་པ་དམན་པ་སྨད་པ་ཡིན།། རྩ་བའི་ཡན་ལག་ཏུ་བཤད།། མདོར་ན་སོ་སོར་མ་ཤེས་ན།། བསྲུངས་ཀྱང་ཉམས་པའི་བག་ལ་གནས།། ངོ་མ་ཤེས་ན་མིང་མི ་ཤེས།། མུན་པ་སྲོས་ནས་ནམ་མཁའ་འགག། ལྟ་བའི་དམ་ཚིག་སྤྱི་རུ་བཞག། སྤྱོད་པ་གནས་ན་སྤྱོད་པ་བསྲུང་།། འཕྲིན་ལས་བྱེད་ན་ལས་ཀྱི་བསྲུངས།། འཚམ་པར་བསྲུངས་ན་དམ་པ་ཡིན།། ཉམས་པའི་བཞི་ནི་དེ ་ལས་མེད།། དངོས་སུ་བསྲུངས་པར་བྱ་བ་ལ།། མཆོད་རྟེན་མི་སྤང་རྟག་ཏུ་སྤངས་ན་སེམས་ཉིད་སྤངས།། མཆོད་རྟེན་རྟག་ཏུ་བཅངས་པ་དེ།། རྩ་བ་སེམས་ཉིད་རྟོགས་པ་ཡིན།། མཆོད་རྟེན་སྤངས་པར ་གྱུར་པ་ན།། ཡན་ལག་ཆོ་ག་ཚང་བྱས་ཀྱང་།། མཆོད་རྟེན་སྤངས་པའི་རྣལ་འབྱོར་པ།། ཆུ་ཤིང་རུལ་པ་དངོས་དང་འདྲ།། མཆོད་རྟེན་ཡངས་པའི་གང་ཟག་དེ།། ཁ་ཡིས་ཐེག་པ་ཀུན་འཆད་ཀྱང་།། པྲ་ཁ་ནས་ཀྱིས ་བཅད་པ་འདྲ།། སྤྲེ་ལྕམ་དགོངས་མེད་མཆོད་རྟེན་སྤོང་།། ཁ་ཡིས་བཟླས་པ་བྱེད་པ་ཡང་།། ཏིང་འཛིན་མཆོད་རྟེན་མ་གསལ་ན།། དམུས་ལོང་མདོག་ལ་འཆད་པ་འདྲ།། རང་བཞིན་མཆོད་རྟེན་རྟོགས་པར་བྱ།། ཏིང ་འཛིན་མཆོད་རྟེན་སེམས་ཀྱི་བསྒོམ།། གཟུགས་བརྙན་མཆོད་རྟེན་བཞེངས་པར་བྱ།། མཆོད་རྟེན་བསམ་གྱིས་མི་ཁྱབ་ཀྱང་།། སེམས་ཅན་རྣམས་ཀྱི་དོན་ཕྱིར་བསྟན།། དོན་དམ་མཆོད་རྟེན་ཆོས་སྐུར་བསྟན།། ཐེག ་པའི་བྱེ་བྲག་མེད་པ་ལ།། མཆོད་རྟེན་བྱེ་བྲག་བསྟན་མི་བྱ།། གཟུགས་བརྙན་མཆོད་རྟེན་བཞེངས་པ་ལ།། རབ་ཏུ་གནས་པའི་མཆོད་པ་ཡིས།། དངོས་གྲུབ་ཞལ་གསོ་མ་བྱས་ན།། རིན་ཆེན་རྙེད་ནས་བླངས་བསྐུར ་འདྲ།། རབ་གནས་བྱས་པའི་སྐུ་གདུང་འདྲ།། དངོས་སུ་བསྐོར་བ་མ་བྱས་ན།། ཆོས་སྐུ་མ་རྟོགས་སྤང་བར་འགྱུར།། བསྐལ་པའི་སྒྲིབ་པས་སྒྲིབས་པ་ཡིན།། བསྐོར་བས་བསྐལ་པའི་སྡིག་སྒྲིབ་བྱང་།། དམ་ཚིག་མཆོད ་རྟེན་བསྐོར་བ་ཡིན།། སྐུ་གདུང་དག་ལ་ཕྱག་མི་འཚལ།། བྱང་ཆུབ་སེམས་རྟོགས་ཆོས་ཀྱི་སྐུ།། ཆོས་ཀྱི་སྐུ་ལ་མི་གུས་པ།། རྩ་བའི་དམ་ཚིག་ཉམས་དང་འདྲ།། དངོས་སུ་ཕྱག་བྱས་དངོས་གྲུབ་ཐོབ།། དམ་ཚིག་མེད ་པར་གྱུར་པ་ན། ཆོས་སྐུའི་གཟུགས་བརྙན་མེད་པར་འགྱུར།། དམ་ཚིག་ཡོད་པར་བྱུང་བ་ལ།། ནམ་ཡང་བདེ་བ་མེད་པར་བཤད།། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་གྱི་དམ་ཚིག་བསྟན་པའི ་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས།། མཆོད་རྟེན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་འདི་སྐད་ཅེས་གསུངས་པ།། ཆོས་ལ་དམིགས་པ ་བདག་མེད་པས།། ཆོས་སྐུའི་གཟུགས་བརྙན་དཔག་མེད་ཐ་དད་བསྟན།། ཐེག་པ་གཅིག་དང་ཐེག་པ་ལྔ།། གཟུགས་བརྙན་མཆོད་རྟེན་དེ་ལྟར་འབྱུང་།། མཆོད་རྟེན་དག་ལ་གཅིག་ཏུ་མཉམ།། ཐེག་པའི་དབྱིངས་ལ ་སོ་སོའོ།། མཉམ་ཉིད་ཆོས་སྐུར་མཆོད་རྟེན་མཉམ།། དེ་ལ་དབྱེ་བའི་རྟོག་པ་མེད།། གང་ཟག་བློ་ལ་དབྱེ་བ་སྣང་།། དོན་དམ་ཉིད་དུ་གཅིག་ལས་མེད།། ལྔ་བསྟན་བློ་ཡི་རིམ་པས་སྣང་།། དེ་ལས་གཞན་ཡང་བསམ ་མི་ཁྱབ།། དེ་ལ་ཉན་ཐོས་མཆོད་རྟེན་ཆ་ལུགས་ནི།། ཆོས་གོས་བཞི་བལྟ་བ་བྱས་པའི་སྟེང་།། སྦར་བུ་ཁ་སྦུབ་དག་ཏུ་བཞག། གསེག་ཤང་བགྲེང་ལྟ་བུ་སྟེ།། འཕགས་པ་ཉན་ཐོས་མཆོད་རྟེན་ཡིན།། རང་རྒྱལ་དག་གི ་མཆོད་རྟེན་ནི།། རྨང་ལ་ཁྲི་འཕང་མེད་པ་སྟེ།། བང་རིམ་བཞི་པ་བདེན་པ་བཞི།། བུམ་རྟེན་བུམ་པར་བཅས་པ་སྟེ།། སྲོག་ཤིང་དང་ནི་ཏོག་གིས་བརྒྱན།། འཁོར་ལོ་བརྒྱད་པ་ས་བརྒྱད་ཡིན།། འདི ་ནི་ཉན་ཐོས་འཁོར་ལོར་བཞག། འདིར་ནི་འཁོར་ལོ་བཅུ་གཉིས་པ།། རང་རྒྱལ་རྣམས་ཀྱིས་བཞེངས་གསོལ་པའོ།། བྱང་ཆུབ་སེམས་དཔའི་མཆོད་རྟེན་ནི།། གདན་ཁྲི་བང་རིམ་གཅིག་པར་བཅས།། བང་རིམ་བཞི་པ ་བུམ་རྟེན་བཅས།། བུམ་པ་བྲེ་ག་ཁ་ཁྱེར་བཅས།། སྲོག་ཤིང་ཏོག་དང་ཆར་ཁབ་བཅས།། འཁོར་ལོ་ཟླ་བ་བཅུ་ཚེས་བཅས།། བྱང་ཆུབ་སེམས་དཔའི་སྐུ་གདུང་ཡིན།། ཀྲི་ཡའི་མཆོད་རྟེན་བྱ་བ་ནི།། རྨང་གི་ཁྲི་འཕང ་གསུམ་པར་བྱ།། དབུས་ཀྱི་སྙིང་པོ་ཟུར་བཞིར་བསྟན།། བང་རིམ་གསུམ་གསུམ་དགུ་བརྩེགས་གཏང་།། དང་པོ་གསུམ་ནི་ཡིད་ཙམ་དགྱེ།། བར་པ་གསུམ་ནི་ཡིད་ཙམ་སྐུ།། ཐ་མ་གསུམ་ནི་ཡིད་ཙམ་དགྱེ།། འཁོར ་ལོ་བཅུ་གཉིས་རིམ་པར་ལྡན།། བུམ་རྟེན་བུམ་པ་བྲེ་གར་བཅས།། སྲོག་ཤིང་ཏོག་དང་ཆར་ཁབ་བཅས། ཀྲི་ཡའི་སྐུ་གདུང་ཡིན་པར་བཤད།། རྣལ་འབྱོར་སྐུ་གདུང་མཚན་ཉིད་ནི།། རྨང་གི་བང་རིམ་གཉིས་པ ་སྟེ།། དབུས་ཀྱི་སྙིང་པོ་ཟུར་བཞིར་བད།། བད་ཀྱི་སྙིང་པོ་ཟུར་བཞིར་བད།། བད་ཀྱི་ཚད་ནི་འབུར་བཞིར་དགོད།། དེ་སྟེང་ཁ་ཁྱེར་གཉིས་པ་དགོད།། ཁ་ཁྱེར་ལ་ཡང་འབུར་ཚང་གཏང་།། དེ་ནས་མཆོད་རྟེན་ལྔ་པར ་བྱ།། རྡོ་རྗེ་རྩེ་ལྔ་བགྲེང་བ་འདྲ།། བང་རིམ་ལྔ་དང་བུམ་རྟེན་ལྔ།། བུམ་པ་ལྔ་དང་སྲོག་ཤིང་ལྔ།། མེ་ཏོག་ཆར་ཁབ་ལྔ་རྣམས་བྱ།། འཁོར་ལོ་བཅུ་གསུམ་རིམ་པར་བྱ།། ཟླ་ཚེས་རྩེ་ལ་ལྔ་ལྔ་བྱ།། གཞན་ཡང་འཁོར་ལོ ་ལྟ་བུ་བརྩེགས།། པདྨ་བརྩེགས་རིན་ཆེན་བརྩེགས།། རྒྱ་གྲམ་བརྩེགས་པ་ལ་སོགས་རྣམས།། རྡོ་རྗེ་བརྩེགས་པ་བཤད་པ་བཞིན།། རིམ་པ་གཏང་བ་ཚང་བར་བྱ།། ཐ་དད་མཆོད་རྟེན་བཤད་པ་ནི།། སྒོ་མངས་བཀྲ ་ཤིཤེས་མཆོད་རྟེན་ནི།། མཆོད་རྟེན་བཞི་ཡི་ཆེན་པོར་བྱ།། དེ་ལ་གློ་འབུར་ཆེ་ཆུང་བཞི།། ངོས་བཞི་ནས་ནི་བསྐྱེད་པར་བྱ།། བང་རིམ་ལྔ་ལྔ་གཏང་བར་བྱ།། དབུས་ཀྱི་ཆ་ཡི་སྙིང་པོ་ནི།། ངོས་བཞི་དག་ལ་བཅུ་བཅུ་སྒོ།། ་འདོར་ན་སྒོ་ནི་བཞི་བཅུ་ཡོད།། ངོས་གཅིག་དག་ནི་འབུར་ལ་ཡང་།། ངོས་གསུམ་ཡོད་དེ་སྒོ་གཉིས་གདོད།། འབུར་གྱི་གཡས་གཡོན་གཉིས་བཞི་རུ།། སྒོ་ནི་རྣམ་པ་གཉིས་སྟོད་ནས།། མདོ་རུ་བཞི་དང་དྲུག་ལ ་བཅུ།། བཅུ་ཕྲག་བཞི་ལ་བཞི་བཅུ་ཟམ།། བང་རིམ་ལྔ་ཡི་འོག་མ་ལ།། སྒོ་ནི་ཉི་ཤུ་གཞུག་པར་བྱ།། དེ་ཡི་དེ་ལས་རེ་རེ་གཞག། དེ་ལྟར་གཞག་པས་ཉི་ཤུ་ཡོད།། དེ་ལྟར་གཉིས་ལ་དྲུག་ཅུའོ།། ཕྱི་མ་བང་རིམ་བཞི་པོ ་ལ།། ཉི་ཤུ་ཡོད་པ་རིམ་པ་བཞིན།། དེ་ལས་གཞན་མ་མཐུན་པར་བྱ།། འཁོར་ལོ་ལྔ་རུ་བསྟན་པའོ།། བུམ་པ་ཟླུམ་པོའི་མཆོད་རྟེན་ནི།། འོག་གི་རྨང་ཡང་ཟླུམ་པོ་ལ།། རིམ་པ་གཅིག་ཏུ་བཤད་པ་ཡིན།། བཞི་ཡང ་ཟླུམ་ལ་བང་རིམ་ཡང་།། ཟླུམ་པོ་ཉིད་དུ་བསྟན་པ་ཡིན།། ནམ་ཡང་བང་རིམ་ཕྱི་བཞིན་བྱ།། བུམ་པ་ཆར་ཁབ་འཁོར་ལོ་རྣམས།། ཕྱི་ནང་ནང་མེད་པར་གསལ་བར་བྱ།། ནང་ན་ཆོས་སྐུ་གཟུགས་བརྙན ་རྣམས།། ལྔ་བཅུ་ཟུར་དང་བང་རིམ་ལྔ།། བཅུ་ཟུར་བང་རིམ་བཅོ་ལྔ་པ།། འཁོར་ལོ་ལྔ་བཅུ་ཡང་ན་ལྔ།། ཟུར་བཞི་བང་རིམ་བཞི་པ་དེ།། རྒྱས་པའི་ལས་ཏེ་བུམ་རྟེན་ནི།། རིན་ཆེན་ཟུར་བརྒྱད་དག་ཏུ་བཤད།། ཟུར ་གསུམ་ཟླ་གམ་ལ་སོགས་རྣམས།། མཆོད་རྟེན་དབྱིངས་སུ་གང་ཡང་བསྟན།། རྡུལ་གཅིག་རྡུལ་སྙེད་ལ་སོགས་རྣམས།། མཆོད་རྟེན་གཟུགས་སུ་ཡེ་ནས་བསྟན།། སྐུ་ཡི་མཆོད་རྟེན་སྣ་ཚོགས་ཏེ།། དབྱིབས་དང་སྐུ ་མདོག་ལ་སོགས་རྣམས།། མཚོན་པ་ཐབས་ཀྱི་རྒྱལ་པོ་ཡིན།། མ་འོངས་པ་ཡི་སེམས་ཅན་ལ།། སྐུ་ཡི་མཆོད་རྟེན་བསྟན་པའོ།། གསུང་གི་མཆོད་རྟེན་ཚ་ལུགས་ནི།། མན་ངག་ཚིག་གི་སྙིང་པོ་བརྗོད།། བཤད་པ་མདོ ་སྡེ་གསུང་རབ་བརྗོད།། དོན་དམ་ཉིད་དུ་དངོས་མེད་པས།། གསུང་གི་མཆོད་རྟེན་གཟུང་དུ་མེད།། ཐུགས་ཀྱི་མཆོད་རྟེན་ཆ་ལུགས་ནི།། དཔེ་མེད་བསམ་འདས་ནམ་མཁའ་ཆེ།། ཏིང་ངེ་འཛིན་པས་ཅིར་ཡང ་གསལ།། ཡེ་ཤེས་ཉིད་ལས་ཅིར་ཡང་འཕགས།། ཐམས་ཅད་མཁྱེན་པས་སྐུ་གསུམ་འགྲུབ།། ཆོས་སྐུ་རྟོགས་མེད་ཀུན་ལས་འདས།། བྱང་ཆུབ་སེམས་ལ་དམིགས་པ་མེད།། དམིགས་མེད་དེ་ཉིད་སྣ་ཚོགས་ཏེ།། ནམ ་མཁའི་མཐའ་དང་རྒྱ་མཚོའི་རྫིངས།། བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས།། འཇའ་ཚོན་ལྟ་བུར་དངོས་པོ་མེད།། སྣང་ཞིང་སྟོང་ལ་སྟོང་ཞིང་གསལ།། སྐུ་གདུང་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་གྱི ་དབྱིབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རིགས་ལྔ་དང་། རིགས་གསུམ་དང་། རིགས་བརྒྱ་ཕྲག་མཐའ་ཡས་པ་དང་། བྱང་ཆུབ་སེམས་དཔའ་ཚོགས་དང་། ལྷ་དང་། ་མི་དང་། འཇིག་རྟེན་པ་དད་པས་ཉན་པ་བསམ་ཡས་དང་། རྩོལ་བ་བྱེད་ཀུན་འདིར་རང་རང་གི་དད་པས་སྟོན་པའི་སྤྱན་སྔར་མངོན་སུམ་དུ་འདུས་ནས། སྟོན་པས་བཀའ་སྩལ་པ། སངས་རྒྱས་བྱང་ཆུབ་སེམས ་དཔའ་རྣམས། རྟོག་དང་བྲལ་ཏེ་མཉམ་པའི་ངང་། ཁམས་གསུམ་པ་ཡི་འགྲོ་བ་ཀུན། རྒྱལ་ཆེན་ལྷ་དང་ཕྱོགས་སྐྱོང་རྣམས། མི་ཡི་དམ་པ་ཁོམ་ལྡན་ཀུན།། ཆོས་སྐུའི་གཟུགས་བརྙན་འདི་དག་ལྟོས། ཞེས་བརྗོད་པ ་ལས། ལ་ལ་ནི་དུས་དེ་ཉིད་དུ་བདེ་བ་ཐོབ། ལ་ལ་ནི་རྟོག་པ་སྐྱེས་ནས་སེམས་བསྐྱེད། ལ་ལ་ནི་བརྒྱལ་བ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལངས་ནས། སྟོན་པ་ལ་ཞུ་བ། བཅོམ་ལྡན་འདས་ལེགས་སོ།། བདེ་བར ་གཤེགས་པ་ལེགས་སོ།། ཞེས་ཞུས་པ་དང་། སྟོན་པས་བཀའ་སྩལ་པར་དགོངས་ཏེ། ཀོའུ་ཤི་ཀ་གང་དེའི་ལོ།། ཀོའུ་ཤི་ཀ་ཞེས་གསུངས་ནས། ཞལ་འཛུམ་པ་མཛད་དོ།། ཞལ་འཛུམ་པ་མཛད་པ་དེས། བརྒྱ་བྱིན་དད ་ནས། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། སྟོན་པ་ཆེན་པོ་ལུང་བསྟན་དུ་གསོལ། ཞེས་གུས་པ་བསྐོར་བ་བྱས། ཞབས་ལ་གཏུགས་ནས་ཞུས་པ ་དང་། སྟོན་པས་བཀའ་སྩལ་པ། ཀོའུ་ཤི་ཀ་ངས་བཤད་ཀྱིས། རྣ་བ་ལྷོགས་ལ་ཉོན་ཅེས་བཀའ་སྩལ་པ་དང་། ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པ། སྟོན་པ་ཆེན་པོ་ཐུགས་རྗེ་དང་ལྡན་པ། སངས་རྒྱས་བྱང་ཆུབ ་སེམས་དཔའ་རྣམས། རྟོག་དང་བྲལ་ཏེ་མཉམ་པའི་ངང་། ཁམས་གསུམ་གནས་པའི་འགྲོ་བ་ཀུན། རྒྱལ་ཆེན་ལྷ་དང་ཕྱོགས་སྐྱོང་རྣམས། མི་ཡི་དམ་པ་ཁོམ་ལྡན་ཀུན། ཆོས་སྐུའི་གཟུགས་བརྙན་ཇི་ལྟར་ལྷ།། བཅོམ ་ལྡན་འདས་ཀྱིས་བཤད་དུ་གསོལ།། བདེ་བར་གཤེགས་པས་བཤད་དུ་གསོལ།། སྟོན་པ་ཆེན་པོས་ལུང་འདི་སྟོན།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་བཀའ་སྩལ་པ།། འདི་ནི་ཐུགས་ཡང་དག་པའི་ཡང་དག་པ།། ་མཆོད་རྟེན་ཐམས་ཅད་མངོན་པར་མཐོང་བར་རྟོགས་པར་བྱེད་པའི་སྙིང་པོ་འདི་གསུངས་སོ། ཨོཾ་དན་དྷརྨ། ཨ་ཤོ་ཀ་བི་མ་ལེ་ཛ་ཡཱ། དྷརྨཱ་དྷཱ་ཏུ་གར་བྷེ་སྭཱ་ཧཱ། ཨི་དན་ཏེ་པུས་པ། ཨ་ལོ་ཀེ་གྷ་ན་དྷེ་སརྦ་བིག་ནན། མ་ཧ ་ཡ་ཤ་ཛྙཱ་ན། ཨེ་ཧ་ཧི་མ་ཧཱ་ཎི་ཀ་ཧོ་ས་ཀཱ་རུ་རྦ་བིག་ཛཱ།། སརྦ་བི་གར་པ་ཏི་སྟ་བཛྲ་ཡ་ས་ན་སྭཱ་ཧཱ། ཞེས་གསུངས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམས་སུ། ཆོས་ཀྱི་སྐུའི་གཟུགས་བརྙན ་གྱིས་གང་བར་གསལ་བར་གྱུར་ཏོ།། དེ་ནས་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བཅུ། ལྷ་དང་ཀླུ་ལ་སོགས་པ་ཀུན་འཇིགས། སྐྲག། བརྒྱ་ལ། བྲེག་པར་གྱུར་ཏོ།། རྒྱལ་པོ་མིག་མི་བཟང་གི་མིག་གཡས་པ་བལྟས་པས།། ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འཇིག་པ་ལྟར་མཐོང་།། མིག་གཡོན་པས་བལྟས་པས།། སེམས་ཅན་ཐམས་ཅད་འཛིར་པར་མཐོང་།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མིག་གཉིས་བལྟས་པས།། འཇིག་རྟེན ་གྱི་ཁམས་སུ་མི་ནད་དང་ཕྱུགས་ནད་མང་པོ་འཕེལ་བ་དང་།། སེམས་ཅན་མ་དད་པ་དང་མཆོད་རྟེན་ལ་མ་གུས་པ་རྣམས་ནི་ཤིན་ཏུ་སྡུག་བསྔལ།། དད་ཅིང་གུས་པ་རྣམས་ནི་དུས་དེ་ཉིད་དུ་མངོན་པར་རྫོགས་པར ་སངས་རྒྱས་པར་གྱུར་ཏོ།། དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་གཟིགས་ནས།། ཡང་བཅོམ་ལྡན་འདས་ལ།། བཅོམ་ལྡན་འདས་ཞེས་བོས་ནས་ཞུས་པས།། ཐུགས་རྗེ་ཆེན་པོ་ཇི་ལྟར་ན།། མཆོད་རྟེན་ལུང་ཙམ་ཇི་ལྟ ་བུ།། སེམས་ཅན་ཉོན་མོངས་ཇི་ལྟ་བུ།། སེམས་ཅན་ཉོན་མོངས་གང་ལས་བྱུང་།། རྒྱལ་པོ་བདེ་བར་གང་གིས་བྱས།། སྟོན་པ་ཆེན་པོས་བསྟན་དུ་གསོལ།། ཞེས་ཞུས་པ་དང་།། ཡང་བཀའ་སྩལ་པ།། སྙིང་པོ་བརྗོད ་པས་ཆོས་སྐུ་ཡི།། གཟུགས་བརྙན་མཆོད་རྟེན་གསལ་བར་འགྱུར།། སེམས་ཅན་སྐལ་ལྡན་བདེ་བ་ཐོབ།། ཐུགས་རྗེ་ཡོངས་ལ་སྙམ་སྙོམས་བསྐྱེད།། རང་འབྱུང་མཆོད་རྟེན་སྤྲུལ་པའི་གདུང་།། ཐམས་ཅད་མཆོད་རྟེན ་དག་ཏུ་བསྟན།། དད་པས་སངས་རྒྱས་ཉིད་དུ་འགྱུར།། མ་དད་པ་ཡིས་སྡུག་བསྔལ་མྱོང་།། སྡུག་བསྔལ་ཆེན་པོ་ཉེས་པ་དེ།། ལས་ཀྱི་མཆོད་རྟེན་སྤངས་པ་དང་།། རྟོག་པས་སྒྲིབ་པ་དེ་ལས་བྱུང་།། རྒྱལ ་པོ་རྣམས་ཀྱིས་དེ་མ་རྟོགས།། ཞེས་གསུངས་པ་དང་།། སེམས་ཅན་ཐམས་ཅད་ལས་གྱུར།། རྒྱལ་པོས་བདག་གཞན་སྡུག་བསྔལ་སྙེད།། སྟོན་པས་མཆོད་རྟེན་བྱིན་རློབས་གསུངས།། སྡུག་བསྔལ་འདི་ལས་སྐྱབ་ཏུ ་གསོལ།། ཞེས་ཞུས་པ་དང་། དེ་ནས་ཡང་འོག་ཏུ་ཡང་ཕྱག་བཙལ་ཏེ་གུས་པས། ཀྱེ་མ་བཅོམ་ལྡན་བཤད་དུ་གསོལ།། བསྟན་དུ་གསོལ། སྟོན་པས་ཡང་བཀའ་སྩལ་པ། རྒྱལ་པོ་གཉིས་མིག་ལྟས་པས་འཇིག་པ་དང་། ་ལ་ལས་ནི་ལྟས་པས་མི་ནད་ཕྱུགས་ནད་སེལ། ཉོན་མོངས་པ་འདི་རྣམས་ལ་ང་ཡིས་ཕན་པར་བྱ་ཡིས། མིག་ལྟོས། རྣ་བ་ལྷོགས་ལ། སེམས་མ་ཡེངས་པར་གུས་པས་ཉོན་ཅིག། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱེད ་ཅག་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་དང་ཀླུ་ལ་སོགས་པ་ཀུན། སྔོན་ཡང་དགེ་བཤེས་འགའ་སྤྱད་པས་དེར་གྲུབ་པ་སྟེ། ཆོས་ཀྱི་སྐུའི་གཟུགས་བརྙན་མ་མཐོང་བ་དང་། མ་གུས་པ་དང་། མ་དད་པ་ལས་བྱུང ་བའོ།། ཞེས་གསུངས་པ་དང་། དེའི་མོད་ལ་བཅོམ་ལྡན་འདས་ཀྱིས་གདུང་ཤ་རི་རམ་ཅིག། རིང་བསྲེལ་མཆོད་རྟེན་དུ་བྱིན་གྱིས་བརླབས་ནས། མིག་མི་བཟང་གི་སྨིན་ཕྲག་ཏུ་བཞག་པས། མིག་མི་བཟང་གི་མིག་ནད ་སེལ་ཏེ། བདེ་བ་དང་ལྡན་པར་གྱུར་ཏོ།། གཅིག་རིང་བསྲེལ་མཆོད་རྟེན་དུ་བྱིན་གྱིས་བརླབས་ནས། རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕྱག་ཏུ་བཞག་པ་དང་། ལོ་ཀའི་ཁམས་ཀྱི་མི་ནད་ཕྱུགས་ནད་ཀུན་ཆད་ནས། བདེ་བ ་དང་ལྡན་པར་གྱུར་ཏོ།། དེ་ལྟར་གྱུར་པས་འདོད་ཁམས་ཀྱི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། ཕྱོགས་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་ཕྱག་བཙལ། བསྐོར་བ་བྱས་ཏེ་བདེ་བ་ཐོབ་པར ་བྱས་སོ།། དེ་ནས་མི་ཡུལ་དུ་བཞེངས་སུ་གསོལ་བ་ནི། རྒྱལ་པོ་ཆེན་པོ་དྷརྨ་ཨག་ཤོ་ཀ་བྱ་བ་དེ་ཕོ་བྲང་གདབ་པར་གནད་སྟེ། རྒྱལ་པོ་དེ་ལ་སྲས་གསུམ་མངའ་བ་ལས། འབངས་མང་པོ་མངའ་བ་ལས། ལན་ཅིག་ན ་སྲས་ཀུན་དང་འབངས་མང་པོ་བསོགས་ནས་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ངའི་ཐུགས་དང་འཐད་པའི་ཕོ་བྲང་ཅིག་རྩིགས་ཤིག་གསུངས་ནས། ཐུགས་དང་གར་འཐད་ཅེས་གླེངས་པས། རྒྱལ་པོས་གསུངས་པ། ་རི་གསུམ་གྱི་རྩེ། ལུང་གསུང་གྱི་རྩེ། ལུང་གསུམ་གྱི་མདོ་གླེའུ་ཅན་དང་། དེ་གསུམ་དུ་རྩིགས་ཤིག་ཟེར་ཏེ། རི་གསུམ་གྱི་རྩེར་བརྩིགས་པས་བདུད་ཀྱི་བྱར་སར་བབས། ལུང་གསུམ་གྱི་མདོ་ནི་བགེགས་ཀྱི་རྒྱུན་རང ་སར་བབས། གླེའུ་གསུམ་ནི་སྲིན་པོའི་སྐུར་ས་བཅར་ཏེ། རྒྱལ་པོ་ཉིད་ཀྱང་སྦྲང་གིས་ཟིན། མི་ནད་ཕྱུགས་ནད་ཡང་འཕེལ་ཏེ། རབ་ཏུ་སྡུག་བསྔལ། ཉོན་མོངས། དུཿཁ་པར་གྱུར་པ་ལ། དེར་རྒྱལ་པོ་འགྱོད་པ་སྐྱེས ་ནས། རྒྱལ་པོ་ཉིད་ཀྱི་ལ་ན་རེ། ང་ཡི་ཕོ་བྲང་གདབ་ཉེས་སམ། འཆི་བདག་བདུད་ཀྱིས་ཆེར་ཟིན་ཏེ། འཇིག་རྟེན་ཁམས་ཡང་ཉོན་མོངས་ཉེན། སྲས་འབྲངས་མང་པོ་འདིར་འདུས་དང་། ཞེས་གསུངས ་ནས། མཆི་མ་ཡང་ཟགས་པ་ལས། དེར་སྲས་འབངས་ཀྱིས་ཞུས་པ། བཀའ་སྩལ་དང་ཞེས་ཞུས་པ་དང་། རྒྱལ་པོས་བཀའ་སྩལ་པ། དམ་ཆོས་ཡང་དག་བདེན་པ་ལ། ཆོས་སྐུའི་གཟུགས་བརྙན་གསོགས་མེད་ན།། ་སྤྲུལ་པའི་མཆོད་རྟེན་དོན་བྱེད་ན། ང་ལ་ཐུགས་རྗེས་གཟིགས་སུ་གསོལ། ཞེས་ཞུས་པ་དང་།། སྲོད་ལ་ཞལ་ཆེས་བོར་བའི་ཐོ་རངས་མནལ་མའི་རྨི་ལམ་ན། གསུང་རབ་ཀྱི་ནང་ནས་ཁྱད་དུ་ཤེལ་གྱི་གླེགས་ཤིང་ལ ་མཐིང་ཤོག་གསེར་གྱི་ཡི་གེ་བྲིས་པ། བཻ་ཌཨཱ་རྱའི་ཞུན་མས་རང་ཆས་སུ་གསལ་བ་ཅིག་སྔས་སུ་བབས་ཤིང་རྨི་བ་དང་། སྙུན་ཡང་དྲངས་པ་སྙམ་བྱེད་པ་ལས་ལས། མན་ལ་སད་ནས་བལྟས་པས་དེ་བཞིན་དུ་འདུག། ་ནས་ཕྱག་ཏུ་བཞེངས་ནས་ལྟས་པས། མཆོད་རྟེན་ཆོས་ཀྱི་སྐུའི་གཟུགས་བརྙན། ཏིང་ངེ་འཛིན་གྱི་གཟུགས་པ་ཨཱན་དུ་བཞེངས་སུ་གསོལ་བའི་རྒྱུད། སྐུ་མངོན་པར་བསྟན་པའི་རྒྱུད་འདི་བཞུགས་པར་གྱུར་ཏོ།། དེ ་ནས་རྒྱལ་པོས་བཀའ་སྩལ་པ། སྲས་དང་འབངས་རྣམས་བསོགས་ནས། ང་མྱ་ངན་ལས་འདས་པའི་དོན་རྟོགས་པར་གྱུར་ཏོ།། ངའི་རྒྱལ་སྲིད་ཀྱང་ཁྱེད་ཅག་ཟུང་ཞིག་ངའི་ཐུགས་ཡང་དག་པའི་མཆོད་རྟེན་སྐུ་གདུང ་མཆོད་རྟེན་བརྒྱ་ཐམ་པ་ཡང་ཕྱོགས་བཅུར་བཞེངས་སུ་གསོལ་ཅིག་ཅེས་གསུངས་པ་དང་། སྲས་འབངས་ཀྱང་དགའ་བས་རབ་ཏུ་དད་པར་གྱུར་ནས་རྗེས་སུ་ཡི་རང་ངོ་།། ཞེས་བྱས་པའོ།། དེ་ནས་སྤྲུལ་པའི་མཆོད་རྟེན ་དེ་ཉིད་ནི། སྤྲུལ་པའི་ཤཱཀྱ་ཐུབ་པར་གྱུར་ཏེ་བཀའ་སྩལ་པ། སྤྲུལ་པའི་མཆོད་རྟེན་བདག་ཉིད་ཀྱིས། རྒྱལ་པོའི་གྲོས་འཁྲུལ་སྡུག་བསྔལ་བསལ། རི་གསུམ་རྩེར་བརྩིགས་བདུད་ཀྱི་བྱ་ར་ཞི།། ལུང་གསུམ་མདོར ་བརྩིགས་བགེགས་ཀྱི་རྒྱུ་སྲང་གཅོད།། སྡེའུ་ཅན་གསུམ་སྲིན་པོའི་ལྐུགས་ས་གཤིག་གྲོང་ཁྱེར་ཕྱོགས་བཞིར་སྐུ་གདུང་བཞེངས་གསོལ་པས།། གྲོང་ཁྱེར་བཀྲ་ཤིས་ནད་རྣམས་ཀྱིས་མི་ཚུགས།། རྒྱལ་སྲས་ཐ་ཆུང ་གྲོངས་པ་ཡང་།། སྤུར་སྦྱོངས་ཐལ་རུས་ཚ་ཚྭ་བཏབ་པ་ཡིས།། མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས་པ་ཡིན།། ད་ལྟ་སུམ་ཅུ་རྩ་གསུམ་ལྷ་རྣམས་སྟོན་པ་མཛད།། དེ་ཡང་སྤྲུལ་པའི་མཆོད་རྟེན་བྱིན་རླབས ་ཡིན།། དོན་དེ་རིགས་པའི་སྔགས་འཆང་གིས།། སྐུ་གདུང་མཆོད་རྟེན་བཞེངས་ཞལ་གསོ།། གཟུགས་བརྙན་མཆོད་རྟེན་ཤེས་རབ་སྐུ།། བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར།། སྲིན་པོའི་འཁོར་དང་ལྷ་མ ་ཡིན།། གནོད་སྦྱིན་མ་རུངས་གནོད་བྱེད་དང་།། གཟི་བྱིན་སྟོབས་ཆེན་མི་ཟད་པ།། གནོད་བྱེད་མང་པོའི་ལམ་སྲང་གཅོད།། གཟུགས་བརྙན་མཆོད་རྟེན་དག་གིས་བྱེད།། ཅེས་འབྱུང་ངོ་།། རང་འབྱུང་གི་མཆོད་རྟེན ་བསམ་ཡས་དང་།། རང་བཞིན་གྱི་མཆོད་རྟེན་བསམ་ཡས་དང་།། བྱང་ཆུབ་སེམས་པའི་མཆོད་རྟེན་བསམ་ཡས་དང་།། སྤྲུལ་པའི་མཆོད་རྟེན་བསམ་ཡས་པ་དེ་སྙེད་ཇི་སྙེད་ཅིག། དེ་ལས་འབྱུང་བར ་འགྱུར་བར་ཀུན་གྱིས་དུས་གཅིག་ཏུ་མཁྱེན་པར་གྱུར་ཏོ།། ཆོས་ཀྱི་གཟུགས་བརྙན་སྐུ་མངོན་པར་བསྟན་པའི་རྒྱུད་ལས། བྱུང་ཁུངས་ཀྱི་གླེང་གཞི་དང་། གླེང་གཞིའི་རྒྱུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས ་རིགས་ལྔའི་སངས་རྒྱས་འདུས་ནས། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རྣམ་པར་སྣང་མཛད་ལ་ཞུས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྟན་དུ་གསོལ། ཞེས་བྱ་བ་དེ་ཟོས་མ་ཟག་ཏུ་མ་འོངས ་པ་རྣམས་ལ་ཕན་གདགས་པའི་ཕྱིར་དཀྱིལ་འཁོར་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། ཆོས་ཉིད་སྐུ་ཡི་གཟུགས་བརྙན་ནི།། སེམས་ཅན་རྣམས་ཀྱིས་བསྒྲུབ་པའི་ཕྱིར།། མཆོད་རྟེན ་དཀྱིལ་འཁོར་བསྒྲུབས་ལས་འབྲེལ།། ཐབས་ཀྱི་བྲེ་བྲག་བསྟན་པ་ལ།། ས་གསང་མཐོན་དམན་མེད་པ་ལ།། སྒང་དང་རྒྱང་གཞུངས་ལེགས་པ་དང་།། དགོངས་པའི་བྱེ་བྲག་ཡིན་ན་གང་།། དེ་རུ་ས་ལ་མཚམས་གཅོད ་བྱ།། ཉུངས་ཀར་དང་ནི་དྲག་རྫས་ཏེ།། དེ་ལ་ཁྲོ་རྒྱལ་སྔགས་ཀྱིས་བཟླ།། ལས་མཁན་གཙོ་བོར་བསྐྱེད་བྱས་ནས།། དྲག་ཏུ་སྔགས་བཟླ་མཚམས་གཅོད་བྱ།། གཡོག་པོའི་ཐིག་སྐུད་སྣ་ནས་དྲང་།། ལས་ཀྱི་ལྷ་རུ ་བསམ་པས་བསྐྱེད།། ཨོཾ་བཛྲ་སུ་ཏྲ་ཧཱུཾ་ཕཊ།། ཅེས་བརྗོད་པས།། ཐིག་སྐུད་རྡོ་རྗེར་བསམས་ལ།། མཆོད་རྟེན་གྱི་ས་ཁྱོན་ཇི་ཙམ་རན་པར་དེས་གདབ་པའོ།། དེ་ནས་གཉིས་ཀ་ལངས་བྱས་ནས།། དབང་ལྡན་ཕྱོགས་སུ ་རྡོ་རྗེ་འགྲོས།། རྣམ་འཇོམས་བཟློས་ཤིང་ལན་གསུམ་བསྐོར།། དེ་ནས་དབུས་དང་གྲ་རྣམས་སུ།། བགེགས་རྣམས་མེད་ཅིང་བསྟན་པའི་ཕྱིར།། གྲ་བཞི་དབུས་དང་ལྔ་རྣམས་སུ།། དེ་རུ་སྔགས་པའི་ཕུར་པ ་གདབ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཐཱན་ཧཱུཾ་ཕཊ།། དེ་ལན་བདུན་དངོས་གྲུབ་ཏུ་བཟླས་སོ།། དེ་ནས་ལས་རྣམས་ངེས་བྱའི་ཕྱིར།། ཉུངས་ཀར་ཁྲོ་རྒྱལ་སྒོམ་བྱས་ལ།། སྔགས་ཀྱིས་དྲག་ཏུ་བསྐུལ་བར་བྱ།། ཨོཾ་ཨ་མྲི་ཏ ་ཀུནྡ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ།། ཅེས་བརྗོད་ལ་དེའི་ཐོ་ཕྱི་ཀུན་ཏུ་གཏོར།། དེ་ནས་དངོས་གྲུབ་ཐོབ་བྱའི་ཕྱིར།། ས་ཡི་ཆོ་ག་རྒྱལ་བར་བྱ།། མཆོད་རྟེན་ལྔ་དང་གཏོར་མ་རྣམས།། ས་བདག་ལྷ་ཀླུ་ཀུན་ལ་འབུལ།། འཚེ་བ ་མེད་ན་དངོས་གྲུབ་མྱུར།། དེ་ནས་ས་བརྐོ་ལེགས་པར་སྦྱང་།། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ།། ཅེས་བརྗོད་པས་ས་གཞི་དེ་ཉིད་རིན་པོ་ཆེར་གྱུར་པར་བྱའོ།། དེ་ནས་མཆོད་རྟེན་མངོན་བཞེངས་ནས།། ཚད་རྣམས་གཞུང ་བཞིན་ལེགས་པར་བརྩིགས།། དེ་ཡང་དཀྱིལ་འཁོར་ཉིད་དུ་བཤད།། རང་བཞིན་ལྷན་གྲུབ་མཆོད་རྟེན་དེ།། ཏིང་ངེ་འཛིན་གྱིས་དྲངས་བཞུགས་ན།། རྟག་ཆད་གཉིས་ཀྱི་དབང་དུ་འགྱུར།། བྲིས་ནས་ཞལ་གསོ་དངོས ་པ་གསུམ་དུ་གཞལ།། སྣམ་བུ་ངོས་སུ་ཆ་གཅིག་གཞག། དེ་ལས་ཚད་རྗེས་གཅིག་ཏུ་བྱ།། ངོས་གསུམ་པོ་ཡང་དེ་བཞིན་བྱ།། ཚད་བཞི་རྗེས་བཞི་ངོས་བཞི་དང་།། ཟུར་ལ་ཞུགས་ཀྱི་ཚད་རེའོ།། བྱ་ཚད ་རྗེས་ཀྱང་དེ་ལ་བྱ།། གྲུ་བཞི་ལྷམ་པར་བྱས་པ་དང་།། ད་ཅིའི་ཟུར་གཅིག་དབྱི་བར་བྱ།། ཕྱི་མ་ཐིག་བཅུ་རིམ་པར་གདབ།། གཉིས་ཀ་བཏབ་པས་རེ་མིག་རྒྱ།། མཆོད་རྟེན་ཁོལ་མ་རྒྱ་ཞིག་དགོད།། ངོས་ཀྱི་འབུར་དུ ་གཉིས་གཉིས་བརྒྱད།། བརྒྱ་རྩ་བརྒྱད་དུ་བཞེངས་པའོ།། དེ་ནས་རྡོ་རྗེའི་ར་བས་བསྐོར།། དེ་ནས་མཚོན་ལ་མཆོད་པ་ནི།། འབྲེང་ལ་ཐབས་རྣམས་བརྒྱད་དུ་བྱ།། མཆོད་རྟེན་བརྒྱད་དུ་ནང་དུ་བྲི།། ཐ་ན་གཅིག་སྟེ ་དབུས་སུ་བྲི།། ཡང་ན་གླིང་བཞི་གཟུགས་བརྙན་བཞི།། ཐེག་པའི་དབྱིབས་ཀྱིས་བཤད་པ་སྟེ།། བཞེངས་སུ་གསོལ་ན་ཁོལ་མས་བྱ།། ཡང་ན་རེ་མིག་ལྔ་པར་བྱ།། ཡང་ན་མཆོད་རྟེན་ཟླུམ་པོ་ལ།། བང་རིམ་ནང་དུ ་གཏང་བར་བྱ།། འཕྲིན་ལས་བཞི་དང་སྦྱར་བ་ནི།། མཆོད་རྟེན་དབྱིབས་ཀྱང་དེ་བཞིན་འགྱུར།། དབུས་མི་མཐུན་ལ་ཕྱི་རོལ་མཐུན།། པདྨ་འདབ་མ་བརྒྱད་བྱས་ལ།། མཆོད་རྟེན་བརྒྱད་དུ་བྲི་བར་བྱ།། མཆོད་རྟེན ་དབྱིབས་ཉིད་དཀྱིལ་འཁོར་འདྲ།། བརྒྱད་དང་བཞི་དང་ལྔ་དང་གསུམ།། བརྒྱ་རྩ་བརྒྱད་དང་སྟོང་འབུམ་ཀུན།། ཆོས་སྐུའི་གཟུགས་བརྙན་ཡིན་པར་བསྟན།། མདོར་ན་ཕྱི་ནང་སྣོད་བཅུད་རྣམས་རྣམས།། མཆོད་རྟེན ་བྱེ་བྲག་སྣ་ཚོགས་སྣང་།། དབྱིབས་དང་ཁ་དོག་གཟུགས་ལ་སོགས།། མཚན་མའི་གཟུགས་བརྙན་ཡིན་པ་ལས།། མཆོད་རྟེན་དཀྱིལ་འཁོར་གཞན་ན་མེད།། དེ་ལྟར་རྟོགས་ནས་མངོན་མཆོད་ན།། དོན་དུ་མི་འགྱུར ་གང་ཡང་མེད།། དེ་ལྟར་མ་རྟོགས་མཆོད་བྱས་ཀྱང་།། ལས་སུ་འབད་ན་དོན་དམ་མེད།། དངོས་སུ་བཞེངས་སུ་གསོལ་མཆོད་ན།། ཡོང་བར་བརྟན་ན་རྟག་པར་འགྱུར།། མེད་པར་བརྟག་ན་ཆད་པར་འགྱུར།། རྟག ་ཆད་གཉིས་ལས་འདས་པ་སྟེ།། ཆོས་སྐུའི་གཟུགས་བརྙན་རྟག་ཆད་མེད།། མཐའ་དབུས་མེད་ལ་རང་བཞིན་གསལ།། དེ་ལས་མཆོད་རྟེན་བསམ་ཡས་འགྱུར།། མཚོན་པའི་རང་བཞིན་བསྟན་པ་ལས།། དོན་དམ ་ཉིད་དུ་གང་ཡང་མེད།། དེ་སྐད་དག་པས་བཀའ་སྩལ་ཏོ།། ཆོས་སྐུའི་གཟུགས་བརྙན་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་གྱི་དཀྱིལ་འཁོར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང ་མི་མཐུན་པར་བསྟན་པའི་ཕྱིར།། སྟོན་པས་སྐུ་རྡོ་རྗེ་སེམས་དཔའ་ཉིད་དུ་བསྒྱུར་ཏེ་བཞུགས་པ་ལས།། དེ་བཞིན་གཤེགས་པ་ཐནས་ཅད་འདུས་ནས་ཞུས་པ།། སྟོན་པ་ཐུགས་རྗེ་ལྡན་པ་ཁྱོད།། སེམས་ཅན་དོན་དུ ་བཤད་པ་ཤོད།། ཅེས་ཞུས་པ་དང་། དེ་ནས་སྟོན་པ་དེ་ཏིག་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། མི་མཐུན་པ་འདི་བཀའ་སྩལ་པ།། སེམས་ཅན་རྣམ་པ་མང་པོ་ལ།། དད་པས་གང་འདོད་འདིར་བསྟན་གྱིས།། ཤེས ་པ་དམ་གྲུབ་མྱུར།། ཡང་དག་དོན་གྱིས་གསུངས་པའོ།། དཀྱིལ་འཁོར་ཆེན་པོའི་ལྔ་དེ་ནུབ།། ཐིག་པའི་དོན་དུ་བསྒྲུབས།། དམ་པའི་དོན་དུ་གཅིག་ལས་མེད།། ལ་ལ་དོན་ལ་ལ་ལ་རྟགས།། གནས ་སྐབས་འདི་རུ་འདི་དག་བཤད།། དང་ཐོག་སྐོར་ཕོར་སྣོད་ཀྱི་གཞི།། གཟུགས་བརྙན་འབྱུང་གནས་ཆོས་དབྱིངས་ལ།། ཆོས་སྐུའི་གཟུགས་བརྙན་གསལ་བར་གནས།། དེ་ནས་བཞེངས་སུ་གསོལ་བ་ནི།། སྔགས ་མཁན་ཏིང་འཛིན་ལྡན་བྱས་ལ།། དང་པོ་ཆོས་དབྱིངས་སྟོང་པ་རུ།། བྱང་ཆུབ་སེམས་ཀྱི་བསྒོམ་པ་ལས།། དེ་ནས་སྙིང་རྗེ་བསྐྱེད་བྱའི་ཕྱིར།། ཡི་གེ་ཨ་རུ་དམིགས་པ་གསལ།། ཨ་ལས་སྙིང་རྗེ་ཟླ་བའི་གཟུགས།། དེ ་ལ་བདག་ཕོ་གནས་པའོ།། དེ་དཀྱིལ་ཧཱུཾ་ལས་བསྐྱེད་པའི་རྒྱུ།། བདག་པོའི་སེམས་ཀྱང་དེ་ལ་གནས།། དེ་ལས་རྡོ་རྗེ་སེམས་དཔའ་རུ།། བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ།། རྡོ་རྗེ་དེ་ལས་བསྐྱེད་པའི་སྐུ།། རྡོ་རྗེ་སེམས་དཔའ ་ཉིད་དུ་བསམ།། སྐུ་མདོག་ཕྱག་མཚན་སྔགས་རྣམས་དང་།། གདན་ཁྲི་ལ་སོགས་བདག་ཉིད་བསྒོམ།། དཀྱིལ་འཁོར་མདུན་དུ་མཆོད་པར་བརྒྱན།། དེ་ནས་ལས་བྱེད་གཡོག་པོ་རྣམས།། དཀྱིལ་འཁོར་ལྷར་བསྐྱེད ་རྦད་ལ་བྱ།། དེ་ནས་ས་བསྒོ་མུ་ཏྲ་ཉིད།། ཡེ་ཤེས་རྟོགས་པའི་མུ་ཏྲ་ཡིན།། ས་གཞི་རིན་པོ་ཆེ་ལ་བརྐོ།། ཕུར་པ་བསྲུང་ཕྱིར་དབྱུང་མི་བྱ།། ལས་བྱེད་ལས་ཀྱི་ལྷ་རུ་བསྒོམ།། ཨོཾ་བཛྲ་ཁ་ན་ཁ་ཧཱུཾ་ཕཊ།། ཅེས ་བརྗོད་ལ།། ས་བརྐོས་ལ་བླངས་ལ།། རྣམ་ཕྱིང་ངམ་རྡོ་ལེབ་ཀྱི་སྟེང་དུ་གཞག་དེ་ནས་གདུང་བ་ཡང་། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས།། རྡོ་རྗེ་རྩེ་གསུམ་ཕྱག་ན་བསྣམས།། བགེགས་དང་རྣམ་རྟོག་ཐོ་བས ་གདུང་།། ཆོས་ཀྱི་དབྱིངས་སུ་གྱུར་པར་བསམ།། ཨོཾ་བཛྲ་མུད་ཀ་ར་ཨ་ཀོ་ཏ་ཡ་ཧཱུཾ་ཕཊ།། ཅེས་ལན་བདུད་དུ་བརྗོད་ལ་བརྡུང་ངོ་།། དེ་ནས་འཇིམ་པ་སྦུ་བ་ཡང་།། བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ།། སྤོས་ཆབ་དག ་ལ་སྔགས་བཟླས་ཏེ།། དག་ཅིང་གཙང་བར་བྱིན་རླབས་ཕྱིར།། བདུད་རྩི་འཁྱིལ་པའི་ཕྱག་རྒྱས་སྤུ།། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ།། ཅེས་ལན་བདུན་བརྗོད་དོ།། དེ་ནས་འཇིམ་པ་རྫི་བ་དང་། བདག་ཉིད་ཁྲོ་རྒྱལ་ཆེན་པོ ་སྟེ།། སྔགས་དང་ཕྱག་རྒྱ་བཅིངས་བཟླས་པས།། བདུད་རྩི་འཁྱིལ་པ་ཛི་ལས་བསྐྱེད།། བགེགས་རྣམས་ཀྱིས་ཀྱང་ག་ལ་ཚུགས།། ཨོཾ་བཛྲ་པྲ་མར་ཏ་ཡ་པྲ་མར་ཏ་ཡ་ཧཱུཾ་ཕཊ།། ཅེས་ལན་བདུན་བརྗོད་དོ།། དེ་ནས ་འཇིམ་པ་དེ་ལ་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར།། བདག་ཉིད་རྡོ་རྗེ་སེམས་པར་བསྐྱེད།། འཕྲོ་འདུ་བྱས་པ་ཡིས།། ཁམས་གསུམ་སེམས་ཅན་དོན་བྱས་ནས།། སླར་འདུས་རིན་ཆེན་སྣ་ལྔར་འགྱུར།། ན་མོ ་རཏྣ་ཏྲ་ཡ་ཡཱ།། ཏདྱ་ཐཱ།། ཨཽ་སུག་སྨེ་ཤན་ཏེ་སུག་སྨེ་ཤན་ཏེ།། ཧན་ཧན་ཏེ།། ནི་ར་ཀུ་ལེ།། ཡ་ཤོ་ཡ་ཤོ་པ་ཏ།། ཏེ་ཙ་ཏེ་ཙེ་བ་ཧི།། ཤུད་དྷེ་བི་ཤུདྡྷེ།། སརྦ་ཏ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ།། ཨ་ནུ་མ་ཏི་ཡེ་སྭཱ་ཧཱ།། ཞེས་ལན་ཉི་ཤུ ་རྩ་གཅིག་རྗོད་དོ།། དེ་ནས་འབི་འབི་བྱ་བ་ནི།། རྡོ་རྗེ་སེམས་དཔའ་དངོས་ཉིད་ལ།། རྟོག་པ་མི་མངའ་ཤེལ་སྒོང་ལྟར།། རང་བཞིན་དག་པས་དྲི་མ་མེད།། སེམས་ཅན་དྲི་མའི་སྒྲིབ་སྦྱང་ཕྱིར།། མཆོད ་རྟེན་བྱས་པས་བྱང་བར་འགྱུར།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།། ཞེས་ལན་བདུན་བརྗོད་དོ།། མཆོད་པ་བྱེད་པའི་ལས་མཁན་ནི།། ཤར་ནུབ་གང་རུང་ཅིག་ཏུ་བཞུགས།། རྡོ་རྗེ་སེམས་དཔའ་དངོས་ཉིད་ཀྱི།། པ་སྤུའི་བུ་ག་ལ ་སོགས་ནས།། འོད་ཟེར་འཕྲོ་བ་རབ་ཏུ་འཕྲོ།། དེ་ཡིས་སེམས་ཅན་དོན་ཉིད་བྱེད།། སླར་ཡང་བདག་ཉིད་དངོས་ལ་འདུས།། དགོངས་པ་དག་པས་བསྒོམ་པའི་ཐབས།། ཞི་བ་དཀར་ལ་རྒྱས་པ་སེར།། དབང་ལ ་དམར་པོ་དྲག་པོ་ནག། མཆོད་རྟེན་དངོས་ལ་དེ་ལྟར་བསམ།། སེམས་ཅན་དོན་ལ་དམིགས་པ་དེས།། དེ་ལྟར་སོ་སོར་ཤེས་པ་དང་།། རྫས་དང་མཆོད་ཁང་ཆོས་གོས་དང་།། དགོངས་པའི་ཡོ་བྱད་གཞན་རྣམས ་ཀུན།། སོ་སོར་བསགས་པ་དངོས་གྲུབ་སྒྲུབ།། སྙིང་པོ་གཞུག་པ་ནི།། ཆོས་ཉིད་སྟོང་པ་དངོས་མེད་ལས།། ཡེ་ཤེས་རྟོགས་ཕྱིར་ཡེ་ཤེས་བརྟགས།། སྙིང་པོ་སྔགས་དང་ཕྱག་རྒྱ་རྣམས།། འབྲུ་འམ་ཕྱག་རྒྱས་སྔགས ་གསལ་ལོ།། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ།། ཨོཾ་བཛྲ་གར་བྷེ་སྭཱ་ཧཱ།། ཞེས་བརྗོད་པའོ།། དེ་ནས་སྐོར་ཕོར་ཉུངས་མར་བསྐུ་བའི་ཚེ།། ཆོས་ཉིད་དབྱིངས་དང་ཡེ་ཤེས་གཉིས།། གསལ་བར་གཉིས་མེད་རྟོགས་པའི་ཕྱིར།། ཐུགས་རྗེས ་གཏུལ་གཉེན་གསལ་བ་ཡིས།། སེམས་ཅན་རྣམས་ཀྱིས་རྟོགས་པའི་ཕྱིར།། མཁས་པས་འདི་དག་གསལ་བར་གྱིས།། ཨོཾ་ཨ་ར་ཙེ་བི་ར་ཙེ་སྭཱ་ཧཱ།། ཞེས་བརྗོད་པས།། ཐུགས་རྗེས་ཏིལ་གྱི་བསྐུ་བར་དམིགས་སོ།། དེ ་ནས་ཕོར་བུའི་ནང་དུ་ནི།། འབི་འབི་གསལ་ཏེ་ཆོས་སྐུར་དམིགས།། ཐམས་ཅད་ཀུན་ཏུ་གསལ་བྱའི་ཕྱིར།། ནང་དུ་གསལ་ལ་སྔགས་ཀྱི་གདབ།། ཨོཾ་བཛྲ་ཨ་ཡུ་ཤེ་སྭཱ་ཧཱ།། ཞེས་ལན་གསུམ་བརྗོད་དོ།། དེ་ནས་མཆོད ་རྟེན་གདབ་པ་ནི།། སྔགས་འདི་བརྗོད་ནས་དེ་མ་ཐག། ཐམས་ཅད་མཆོད་རྟེན་ཉིད་དུ་གསལ།། དེ་ཉིད་སངས་རྒྱས་ཞལ་མཐོང་ཡིན།། ཨོཾ་ཏྲེ་ཡག་དྷེ་སརྦ་ཏ་ཐཱ་ག་ཏ་ཧྲི་ཏ་ཡ་ཛཱ་ལ་གརྦེ་ཛ་ལ།། དྷརྨྨ་དྷཱ་ཏུ་གརྦེ།། སང ་ཧ་ར་ཨཱ་ཡུ་སཾ་ཤོ་ཏ་ཡ་པ་པཾ་སརྦ་ཏ་ཐ་ག་ཏ་ཨུཥྞཱི་ཥ་བི་ཤུདྷེ་སྭཱ་ཧཱ།། ཞེས་བི་མ་ལ་ཨུཥྞཱི་ཥའི་སྙིང་པོ་འདི་གསུངས་པས།། མཆོད་རྟེན་དུ་གསལ་བར་གཟུགས་བརྙན་དོད་ཙམ་ན།། དུས་གསུམ་གྱི་འཕགས་པ་ཞལ་མཐོང ་བར་བསམ།། སྐོར་ཕོར་ནས་དབྱུང་བའི་ཚེ།། རྒྱུ་རྐྱེན་ཚོགས་ལས་བྱུང་བ་ཡི།། སངས་རྒྱས་ཉིད་དུ་འབྱུང་བའི་རྒྱུ།། ཆོས་སྐུའི་གཟུགས་བརྙན་དེ་དག་ཡིན།། ཨོཾ་དྷརྨ་དྷ་རྡེ་ཡེ་སྭཱ་ཧཱ།། ཞེས་བརྗོད་པས།། བདག་དང ་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་གཅིག་ཏུ་བྱེད་པར་བསམ་མོ།། དེ་ནས་འཁོར་ལོ་གཟུགས་པ་ནི།། རྒྱུ་འབྲས་དུས་གཅིག་རྫོགས་ནི།། སངས་རྒྱས་ཉིད་དུ་དུས་གཅིག་རྫོགས།། འཕང་ལོ་འཁོར་ལོ་བཙུགས ་པས་ཐོབ།། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ།། ཞེས་ལན་གསུམ་བརྗོད་ལ་གཟུགས་སོ།། དེ་ནས་བཞུགས་པ་ནི།། ཆོས་དབྱིངས་དང་ལ་དབྱེར་མེད་བཞིན།། རྩེ་མོར་བྱས་པའི་ཕྱག་རྒྱ་འདི།། རྡོ་རྗེ་དབྱིངས་མའི ་ཕྱག་རྒྱ་སྟེ།། ཕྱག་རྒྱ་འདི་ཡིས་བཏབ་སྟེ་གཞག། ཨོཾ་བཛྲ་ཨ་མྲྀ་ཏེ་སྟི་ཏ་ཧཱུཾ།། ཞེས་བརྗོད་དེ།། རྩེ་ལྔའི་ཕྱག་རྒྱ་བྱས་ཏེ།། སྔགས་བཟླས་ཕྱག་རྒྱ་བཏུག་གོ། ཏིང་ངེ་འཛིན་གྱིས་བསམ་བྱ་བ།། རིན་ཆེན་ལྔ་ཡི་གཞལ ་ཡས་ནས།། རིན་ཆེན་ལྔ་ཡི་གདན་བཏིང་ནས།། དེའི་སྟེང་པདྨ་འདབ་བརྒྱད་དེ།། ཟླ་བའི་དཀྱིལ་འཁོར་དམིགས་པར་བྱ།། དེ་ནས་སེང་གེའི་ཁྲི་ཡི་སྟེང་།། རིམ་པ་བཞིན་དུ་དམིགས་ལ་འོ།། དེའི་སྟེང་ཆོས་སྐུའི ་གཟུགས་བརྙན་གཞག། སྐྱེ་མེད་དབྱིངས་ལས་སྐྱེས་པར་བསམ།། དོན་དམ་ཉིད་དུ་བདག་པོ་མེད།། རང་བྱུང་ལྷུན་གྱིས་གྲུབ་པས་ན།། ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ།། སྤྲུལ་པའི་མཆོད་རྟེན་གཤེགས་སུ ་གསོལ།། གདན་ལ་རིམ་པ་མེད་པར་གནས།། བདག་རྟོགས་གཞན་རྣམས་རིམ་བཞིན་བསྐྱེད།། མངོན་པར་བྱང་ཆུབ་སེམས་སྐྱེད་ལ།། བདག་གི་དོན་དུ་སྣ་ཚོགས་སོ།། ཆོས་ཉིད་མངོན་པར་རྟོགས་པའི་ཕྱིར།། སྣ ་ཚོགས་ཐབས་ཀྱི་མཆོད་པ་འབུལ།། འབྲས་ཅན་འབྲུ་རྣམས་མང་པོ་དང་།། ན་བཟའ་གདུགས་དང་ལན་འཕན་དང་།། བུ་རམ་ཀ་ར་ལ་སོགས་པ།། སྤྱན་གཟིགས་སྣ་ཚོགས་བཀོད་པ་དང་།། བདུག་པ་མར་མེ་སྤོས ་ཆབ་དང་།། དྲི་ཆབ་ཡོན་ཆབ་ལྷ་བཤོས་དང་།། ཁ་ཚར་མ་ཉམས་རས་ཡུག་དང་།། དར་སྣའི་བྱེ་བྲག་སྣ་ཚོགས་དང་།། ཆུ་གཙང་འོ་མ་མར་ལ་སོགས།། གཞན་ཡང་བླ་རྒྱན་འོག་རྒྱན་དང་།། ལྡ་ལྡི་ལ་སོགས་མང་པོས ་བསྐོར།། རྔ་དང་གླིང་བུ་པི་ཝང་དང་།། གར་དང་རོལ་མོ་ལ་སོགས་པས།། མཆོད་རྟེན་སྐུ་ཡི་གཟུགས་བརྙན་ལ།། སྐུ་གདུང་ཁྲུས་གསོལ་ཞལ་བསྲོས་པས།། སངས་རྒྱས་བྱང་ཆུབ་དེ་ལ་གནས།། ཀ་ཡ་ནི་ཨོཾ་སརྦ་པུ ་ཙ་ཨུ་ཤེ་སྭཱ་ཧཱ།། ཞེས་ལན་བདུན་བརྗོད་པ་བྱས་ལ་འབུལ་ལོ།། གཞན་ཡང་ཀུན་ཏུ་བཟང་པོའི་མཆོད་པ་ནི།། དངོས་པོར་ཡོད་པ་ཅིར་སྣང་དངོས་པོ་རྣམས།། རྩི་ཤིང་ལ་སོགས་དངོས་པོར་སྣང་བ་རྣམས།། རང ་བཞིན་སྣ་ཚོགས་དངོས་པོར་སྣང་བ་རྣམས།། གཟུགས་དང་སྒྲ་དང་དྲི་ལ་སོགས་པ་སྟེ།། འདོད་པའི་ཡོན་ཏན་སྣ་ཚོགས་སྣང་བ་སྟེ།། ཀུན་ཀྱང་མཆོད་པའི་གྲངས་སུ་བསྟན་པ་སྟེ།། ཆོས་ཉིད་དངོས་པོའི་མཆོད་པ་ཆོས ་སྐུ་དག་ལ་འབུལ།། ཆོས་ཉིད་ངང་ལས་གཡོ་བ་མེད་བཞིན་དུ།། མཆོད་པའི་བྱེ་བྲག་སྣ་ཚོགས་ཇི་སྙེད་པ།། རང་བཞིན་དང་ལས་མཆོད་པའི་བྱེ་བྲག་འབུལ།། ཏིང་འཛིན་ཡིད་ཀྱིས་དམིགས་བྱས་ཏེ།། དངོས་སུ ་བྱོར་དང་ཡིད་ཀྱིས་རྣམས་བཤམས་ལ།། སྣང་བ་དངོས་པོ་མེད་པར་བྱིན་བརླབས་ཏེ།། འདས་པ་རྣམས་ལ་འདས་པའི་མཆོད་པ་འབུལ།། ད་ལྟ་རྣམས་ལ་ད་ལྟར་དུས་ཀྱི་མཆོད།། མ་འོངས་རྣམས་ལ་ལན་ཅིག ་མཆོད་པར་འགྱུར།། ཆོས་ཉིད་དོན་དམ་མཆོད་པ་ཆོས་སྐུའི་ངང་ལ་མཆོད།། དེ་ལྟར་མཆོད་པ་མཆོད་པའི་མཆོག། ཅེས་གསུངས་སོ།། ཆོས་ཀྱི་སྐུའི་གཟུགས་བརྙན་མངོན་པར་བསྟན་པའི་རྒྱུད ་ལས།། སྐོར་ཕོར་དུ་མཆོད་རྟེན་བདག་པ་དང་མཆོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ཐམས་ཅད་འདུས་ནས་ཞུས་པ།། བཀའ་སྩལ་དུ་གསོལ་ཞེས་ཞུས་པ ་དང་།། བཀའ་སྩལ་པ།། སྟོན་པ་ཆེན་པོ་འདི་ལྟ་བུ།། ཡང་དག་དོན་དུ་བཀའ་སྩལ་པ།། བདག་ལ་བསྟན་པ་གང་ཡིན་ནོ།། ཁྱོད་ལས་མ་བྱུང་གང་ཡང་མེད།། དུས་ཀྱི་སྙིགས་མ་གང་ལས་གང་།། དེ་དུས་སེམས་ཅན ་གང་དང་གང་།། གནས་པར་བསྟན་པ་གང་ཡིན་ལོ།། དེ་སྐད་ཅེས།། དོན་གྲུབ་པ་ཉིད་ཀྱིས་བཀའ་སྩལ་པ།། ཡང་དེ་བཞིན་གཤེགས་པ་འདུས་པ་རྣམས་ཀྱིས་སྟོན་པ་དེ་ཅིའི་ཕྱིར་ཞེས་ཞུས་པ་དང་།། སྟོན་པ་ཀུན ་མཁྱེན་གྱིས་བཀའ་སྩལ་པ།། ང་ནི་མྱ་ངན་འདས་འོག་ཏུ།། བསྟན་པའི་ཆོས་ནི་གང་ཡང་མེད།། བསྟན་པའི་གནས་དང་བདག་གཞན་མེད།། རང་རང་དག་གི་རིག་པ་གསལ།། དུས་ལ་ཐོག་མ་ཐ་མ་མེད།། མ་རྟོགས ་རྣམས་ལ་སེམས་ཅན་གདགས།། མཆོད་རྟེན་སྣ་ཚོགས་དབྱིངས་བསྟན་པ།། སེམས་ཅན་ཤེས་པ་སྤེལ་བའི་ཕྱིར།། སྣ་ཚོགས་ཐབས་སུ་བསྟན་པའོ།། མཁའ་དབྱིངས་ཡངས་པའི་མཆོད་རྟེན་ལ།། ཅི་དང་ཐ་དད་དབྱེ ་བ་མེད།། དེ་བཞིན་གཤེགས་པའི་མཛད་སྤྱོད་ལ།། ཐ་དད་རྟོག་པ་མི་མངའ་སྟེ།། ལས་ཀྱིས་སྤྱོད་པའི་སེམས་ཅན་ལ།། ཐ་དད་དེ་སྙེད་འཕྲིན་ལས་བསྟན།། ཞི་རྒྱས་དབང་དང་མངོན་སྤྱོད་ལ།། མཆོད་རྟེན་བཞི་རུ ་ངེས་པར་བསྟན།། གླེང་གཞིའི་རྒྱུད་དང་འཕྲིན་ལས་ཀུན།། སྣ་ཚོགས་རྣམ་པ་གཅིག་ལས་མེད།། ཞི་བའི་མཆོད་རྟེན་གྲུ་བཞི་སེར།། དབང་གི་དམར་པོ་ཟླ་ཁམ་དང་།། དྲག་པོའི་མཆོད་རྟེན་ནག་པོ་གཟུགས།། ཐང ་ཆེན་དཀྱིལ་དང་རི་གསུམ་རྩེ།། ལུང་གསུམ་མདོ་དང་ལམ་སྲང་ཀུན།། ཚེར་མ་འདུན་སའི་འགྲམ་རྣམས་དང་།། ངམ་གྲོག་མདོ་དང་སྣ་ཟུར་དང་།། གཞན་ཡང་གནས་རྣམས་མ་ལུས་པར།། མཆོད་རྟེན་སྦྱིན་སྲེག་ལ ་སོགས་བྱ།། ས་རྟག་མཆོད་པའི་ཐིག་ལ་སོགས།། ལས་ཀྱི་ཆོ་ག་ཚང་བར་བྱ།། རོ་ཞིག་དངོས་སུ་ཡོད་པ་ལ།། མིང་དང་རུས་སུ་བཅས་པ་གཞག། དང་པོར་དཀྱིལ་འཁོར་མཆོད་རྟེན་བྱས།། ཡར་རྩིག་མར་བརྐོ། ་མཉམ་པོ་ལ།། མཆོད་རྟེན་དབྱིངས་སུ་རིམ་པར་བྱ།། འཁོར་ལོ་སྲོག་ཤིང་ཆར་ཁབ་ཀུན།། འཕྲིན་ལས་བཞི་ནི་ཕྱི་ཡི་དབྱིབས།། གང་ལྟར་བྱེད་ཀྱང་དྲི་བར་བྱ།། ཁྲོ་བོར་བསྐྱེད་པ་སྔགས་བཟླས་པས།། རོ་དེ་དག ་པར་སྤོས་ཆུས་བཀྲུ།། མཚམས་བཅད་ལས་ཀུན་བྱས་པ་དང་།། རོ་ལ་གཤེད་དང་དབྲལ་ལ་དྲིལ།། མཆོད་རྟེན་སྙིང་པོ་སྙིང་ཁར་གདགས།། འཕྲིན་ལས་བཞི་ཡི་སྙིང་པོ་དེ།། ཡན་ལག་བཞི་ལ་གདགས་པར ་བྱ།། རྟེན་འབྲེལ་སྙིང་པོ་བྲིས་པ་དེ།། སྤྱི་བོའི་གཙུག་ཏུ་གདགས་པར་བྱ།། རོ་ལ་ཆས་ཀྱིས་བརྒྱན་པ་དང་།། དབང་ཡང་རིམ་གྱིས་བསྐུར་ལ་བཞག། དེ་ནས་དེ་ཡི་ནུབ་མོ་ལ།། བསྲུང་སྐུད་ཚེམས་ཤིང ་ཀུ་ཤའི་སྟན།། རྨི་ལྟས་བརྟག་ཅིང་ཆོ་ག་བྱ།། ཐེག་པ་ལྔ་ཡི་མཆོད་རྟེན་དབྱིབས།། སངས་རྒྱས་ཀུན་དང་བཅས་པ་ལ།། རོ་དེ་དངོས་ལས་སྤྱན་དྲངས་གཞུག། ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབས།། འཇིག ་རྟེན་པ་དང་བཙས་པ་ཀུན།། སྤྱན་དྲངས་བྱིན་གྱིས་རློབས་པར་ངེས།། ལས་ཀྱི་སྒྲིབ་རྒྱུན་གཅོད་པ་དང་།། དངོས་གྲུབ་གང་ཡིན་ཐོབ་བྱའི་ཕྱིར།། ལས་ཀུན་དངོས་སུ་བྱས་ནས་འགྲུབ།། དུས་དུས་དག་ཏུ་མཚམས་ཀྱང ་བཅད།། ནང་པར་ནམ་ལངས་ཉི་ཤར་དུས།། དབང་རྣམས་སྣང་ལ་བསྐུར་བར་བྱ།། ཆུ་གཙང་ལྔ་ལ་སོགས་པ་ཡིས།། ཆོས་ཉིད་ངང་དུ་དག་བྱ་དང་།། མཚོན་པའི་རྒྱན་གྱིས་བརྒྱན་པར་བྱ།། དངོས་སུ་རྒྱན་གྱིས ་ན་པ་ལ།། རིམ་པ་བཞིན་དུ་བྱས་པས་འགྲུབ།། ཤིང་ཁྲི་མཆོད་རྟེན་ཐབས་སུ་བྱ།། དེ་ཡི་སྟེང་དུ་རོ་དེ་གཞག། ཤིང་རྩིག་མཆོད་རྟེན་དབྱིངས་སུ་རྩིག། ཤིང་གི་ནང་ན་བང་རིམ་ལྔ།། ཕྱི་ཡང་མཆོད་རྟེན་བང་རིམ ་དབྱིབས།། མཆོད་རྟེན་བུམ་པའི་ནང་དུ་ནི།། རོ་དེ་བཅུག་ལ་བཞེང་ཚུལ་དུ།། སྟེང་དུ་ཤིང་ལ་འཁོར་ལོའི་དབྱིབས།། སྟེང་ནས་བཀབ་ལ་གཞག་པར་བྱ།། སྔགས་མཁན་ཏིང་འཛིན་ལྡན་པར་བྱ།། ཆོ་གའི་བྱེ་བྲག ་བཤད་བྱའི་ཕྱིར།། ཆོས་གོས་ལྔ་དང་ལྡན་པ་ཡིས།། མེ་དང་བུད་ཤིང་ཡམ་ཤིང་དང་།། སྲེག་རྫས་མཆོད་རྫས་ཀུན་དང་ལྡན།། དང་པོ་མཆོད་རྟེན་ཆོ་ག་ཉིད།། བཟླས་བརྗོད་ཡན་ལག་རྫོགས་པ་དང་།། དེ་ནས་བཟོད ་ཅིང་ལས་ལ་འཇུག། དམ་ཚིག་སེམས་དཔའི་མེ་ལྷ་དེ།། ཤར་ལྷོ་མཚམས་ན་བཞུགས་པ་ལ།། དེ་ཡིས་སྦྱིན་སྲེག་སྒོ་ཀུན་དབྱེ།། དད་པ་བསྐྱེད་ཕྱིར་སྙན་གསན་གསོལ།། དེ་ནས་མཉེས་ཕྱིར་མཆོད་པས་མཆོད།། སྤྱན ་དྲངས་མེ་དང་གདན་ལ་བཞུགས།། དེ་ཕྱིར་རོ་དེ་དངོས་པོ་ལས།། མེ་ལྷ་ཕྱུང་ལ་དབང་པོར་གནས།། ལས་ཀུན་བྱེད་པས་ཕྱག་ཚང་བྱ།། ཡེ་ཤེས་ལས་བསྐྱེད་མེ་ལྷ་ཡིན།། དཀོན་མཆོག་གསུམ་དང་ཡི་དམ ་ལྷ།། མཆོད་རྫས་སྲེག་རྫས་ཀུན་གྱིས་མཆོད།། རང་བཞིན་ཏིང་འཛིན་གཟུགས་བརྙན་ལ།། བྲིས་པའི་གཟུགས་བརྙན་དག་ལ་བསྟིམ།། གཞན་དུ་གཤེགས་པར་མི་བྱའོ།། འཇུག་དང་དབང་དང་དངོས་གྲུབ ་གསོལ།། མ་དག་བཟོད་པར་གསོལ་བ་དང་།། སྦྱངས་སྤེལ་བྱ་ཕྱིར་ཡང་ཅིག་མཆོད།། དད་པ་དང་ནི་དམ་ཚིག་གི། ཚུར་གཤེགས་ཚུར་གཤེགས་འབར་བའི་གདན།། དྲངས་སྲོང་མེ་ལྷ་སྦྱིན་སྲེག་ལྷ།། མཆོད་རྫས ་སྲེག་རྫས་འདི་བཞེས་ལ།། ཏིལ་གྱི་བསྒྲུབ་རྫས་འདི་བསྲེགས་པས།། སྡིག་པ་རོ་ལ་མེད་པར་བསྲེག། སྤྲིན་སྲེག་དམ་པ་འདི་ཡིས་ཐོབ།། ན་མ་ས་མན་ཏ་བུདྡྷ་ནན།། མ་ཧཱ་ཤང་ཀ་ཏེ་ཤན་ཏིང་ཀ་ར་པྲ་ཤ་མ་ནི།། ཨ ་བྷ་བ་སྭ་བྷ་བ་དྷརྨཱ་ཏེ་སྭཱ་ཧ།། ཤན་ཏིང་ཀུ་རུ་ནི་སྭཱ་ཧཱ།། ཞེས་བརྗོད་པའི་སྔགས་འདི་ནི་སྡིག་པ་ཚེ་རབས་བརྒྱ་ཚུན་ཆད་བསགས་པ་དང་།། མ་རུངས་པ་ལྷ་མ་ཡིན་སྟོང་ཕྲག་བརྒྱ་དང་།། གདུག་པ་ཅན ་ཀླུ་ཡན་ཆད་མེད་པར་ཞི་བར་འགྱུར་རོ།། མཆོད་པ་བྱ་བ་དང་།། ལས་དངོས་གྲུབ་ཏུ་བྱ་བ་དང་།། མཆོད་པ་འབུམ་པ་དང་།། སེམས་ཅན་མང་པོ་བསམ་ཡས་པའི་དོན་བྱེད་པ་སྔགས་འདི་ཡིན་པས།། དེ་ལ ་བརྒྱ་དང་།། འབུལ་དང་།། བྱེ་བ་བཟླས་པའི་ཐབས་དམ་པ་དེ་ཡིན་པས།། སྔགས་འདི་ལ་ནི་ཀུན་གྱིས་དད་པར་བྱའོ།། དེ་ནས་ཡང་དེ་བཞིན་གཤེགས་པས་མཆོད་རྟེན་གྱི་སྦྱིན་སྲེག་སྤྱན་དྲང་བ་གསུངས་པ།། རྣམ ་དག་ཟབ་མོ་ཆོས་དབྱིངས་དཀྱིལ་འཁོར་ནས།། ཉོན་མོངས་སྐྱོན་གྱིས་མི་གོས་ནམ་མཁའི་རང་བཞིན་ལ།། འཁྲུལ་པའི་ཏིང་འཛིན་ཆགས་ཕྱིར་སྐུར་བསྟན་པ།། ཆོས་སྐུ་ཟབ་མོའི་མཆོད་རྟེན་གཤེགས་སུ་གསོལ།། ས ་མ་ཡ་ཨེ་ཧ་ཧི་ཧི་སྟ་ཛ།། བྱམས་པ་ཆེན་པོ་ཚད་མེད་ཡངས་པའི་ཆོས།། གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིག། མེ་ལོང་ཡེ་ཤེས་ཆོས་ཀྱི་དོན་རྟོགས་པ།། བྱམས་པ་རྡོ་རྗེ་བརྩེགས་པའི་མཆོག་ཆེན ་གཤེགས་སུ་གསོལ།། དགའ་རབ་དོན་འགྲུབ་འཁྲུལ་པ་ཀུན་སྤངས་པ།། འཇིག་མེད་རིན་ཆེན་བརྩེགས་པའི་བང་རིམ་ལ།། སྤྲུལ་པ་ཡོན་ཏན་ཚོགས་ཀྱི་འཕྲེང་བས་བརྒྱན།། རིན་ཆེན་བརྩེགས་པའི་མཆོད་རྟེན ་གཤེགས་སུ་གསོལ།། ཉོན་མོངས་རྟོགས་བྲལ་པདྨོ་འབྱུང་བའི་གནས།། དགའ་བ་བརྩེགས་པའི་མཆོད་རྟེན་བདུད་བཞི་འཇོམས།། བུམ་པ་ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས།། པདྨ་བརྩེགས་པའི་མཆོད་རྟེན ་གཤེགས་སུ་གསོལ།། ཉོན་མོངས་འཁོར་བའི་སྡུག་བསྔལ་ལས་ཀྱིས་སྦྱོང་།། རྣམ་པར་རྟོག་པའི་མཚན་མ་ཀུན་བཅོམ་ནས།། བསོད་ནམས་དགེ་ཚུལ་འཕགས་ལམ་མཆོད་རྟེན་བརྩིགས།། བྱང་ཆུབ་རྫོགས་པའི ་མཆོད་རྟེན་གཤེགས་སུ་གསོལ།། ཤཱཀྱ་ཐུབ་པ་སྤྲུལ་པའི་སངས་རྒྱས་ཏེ།། སྐུ་ཡི་འོད་ཟེར་སྤྲུལ་པས་སྒྲིབ་པ་སྦྱོང་།། ཡོན་ཏན་ཚོགས་ཀྱི་ཆ་ལུགས་སྐུར་བསྟན་པ།། ཐུགས་རྗེས་སྤྲུལ་པའི་པའི་མཆོད་རྟེན་གཤེགས་སུ ་གསོལ།། བྱང་ཆུབ་རབ་འཇོམས་རབ་ཏུ་རྒྱས་པ་ཡིས།། འཛམ་གླིང་ཀུན་ཏུ་བསོད་ནམས་སྤྲིན་ཚོགས་འདུས།། མི་མཐུན་སྒྲིབ་པའི་ཚོགས་རྣམས་ཀུན་གསལ་བ།། དགེ་བཅུ་བསོད་ནམས་མཆོད་རྟེན་གཤེགས་སུ ་གསོལ།། རྣམ་པ་སྣ་ཚོགས་ཇི་སྙེད་སྣང་བ་སྟེ།། སྤྲུལ་པས་ཐུགས་རྗེ་དང་ལས་གཅིག་ཏུ་མེད།། སྲིད་རྩེ་མན་ཆད་དམྱལ་བའི་གནས་ཡན་ཆད།། སྤྲུལ་པའི་སྟོན་པས་མཆོད་རྟེན་སྣ་ཚོགས་སྣང་།། བརྒྱ་རྩ་བརྒྱད་པོ་མ ་ལུས་གཤེགས་སུ་གསོལ།། ཐེག་པའི་བྱེ་བྲག་ཁྱད་པར་སྣང་བ་ནི།། སོ་སོའི་ལུས་སུ་བཞེངས་སུ་གསོལ་བ་ཡི།། མཆོད་རྟེན་མི་མཐུན་སྣ་ཚོགས་ཆོས་སྒོའི་དབང་།། ཐ་དད་མཚན་མའི་དབྱིབས་ཀྱིས་གཤེགས་སུ ་གསོལ།། གཞན་ཡང་བརྩིག་དང་བརྡུངས་དང་བསྟན་དང་བྱས་པ་དང་།། བྲིས་དང་ཀྲུགས་དང་གཟུགས་དང་དབྱིབས་མི་མཐུན།། སྣ་ཚོགས་འདོད་པ་ཐ་དད་མི་མཐུན་དབྱིབས་ཀྱི་སྣང་།། སྤྲུལ་པ་མི ་མཐུན་དབྱིབས་ཀྱི་གཤེགས་སུ་གསོལ།། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་མཆོད་རྟེན་རྣམས།། དད་པའི་དབང་དང་ཐུགས་རྗེའི་ཤུགས།། སེམས་ཅན་ཉོན་མོངས་ཉེས་པ་ན།། ལས་དང ་ཉོན་མོངས་སྦྱང་སླད་དུ།། འབར་བའི་གདན་ལ་བཞུགས་པར་བགྱི།། རྟོག་སྒྲིབ་བག་ཆགས་སྦྲང་སླད་དུ།། སྲེག་རྫས་མཆོད་རྫས་བཞེས་སུ་གསོལ།། པདྨ་ས་མ་ཡ་རཾ།། སྦ་ར་སྟྭཾ།། སེམས་ཅན་མ་ལུས་གནས་པ ་ལས།། ཐུགས་རྗེ་ལྡན་པའི་དགོངས་པ་ཅན།། གཤེགས་ཤིང་བཞུགས་པ་མི་མངའ་ཡང་།། སེམས་ཅན་རྣམས་ཀྱི་དོན་སླད་དུ།། ཡེ་ཤེས་གཙང་མའི་ཆུ་འདིས་བཀྲུ།། བི་ཤུང་དྷེ་ཛྙཱ་ན་བི་ཤུདྡྷེ་སྭཱ་ཧཱ།། དེ་ནས་མཆོད་པ ་རྣམ་པ་ལྔ་དང་།། མཆོད་རྫས་རྣམ་པ་སྣ་ཚོགས་པ་འབུལ།། སྲེག་རྫས་ལ་སོགས་རིམ་དུ་དབུལ།། མཆོད་རྟེན་ལྷ་རྣམས་རེ་རེ་ལ།། སྲེག་རྫས་བདུན་གསུམ་ཉི་ཤུ་གཅིག། མེ་ལྷ་དག་ལ་ཚུལ་བཞིན་འབུལ།། མཆོད ་རྟེན་ལ་ནི་བསྟོད་པ་བཞིན།། བར་བར་དག་ལ་མེ་ལྷ་བསྟོད།། ཚངས་པ་འཇིག་རྟེན་མགོན་གྱི་སྲས།། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། ཞི་བ་ཞི་སྟེ་མྱ་ངན་འདས།། མེ་ཡི་ལྷ་ལ་ཕྱག་འཚལ་བསྟོད།། ཕྱོགས་སྐྱོང་བཅུ ་དང་རྒྱལ་ཆེན་བཞི།། དཀྱིལ་འཁོར་དག་ཏུ་བསྟོད་དེ་བཞག། ལས་ལ་གོམས་པས་རིམ་བཞིན་མཆོད།། དེ་ལྟར་ལྷག་པའི་ལྷ་ཡང་མཆོད།། ཐ་མ་རུ་ཡང་མེ་ལྷ་མཆོད།། དེ་ནས་མ་དག་པ་ཀུན་བཤགས།། མཆོད་པའི ་ལས་རྣམས་མ་གྲུབ་པ།། སྤོགས་ཐབས་བྱས་ན་འགྲུབ་པར་འགྱུར།། ལས་ཀྱི་ལྷག་མ་ལས་མ་ལས།། ནང་པར་གདུང་དང་རུས་པ་ལྟ།། སྲན་མ་འབྲིང་ཡོ་ག་ལ།། ཉུངས་ཀར་ཚང་ནི་ཀྲི་ཡ་ལ།། ཉུངས་ནག་ཚད་ནི ་མཚན་ཉིད་ལ།། སྐུ་གཟུགས་མ་ཧཱ་ཡོ་ག་ཡིན།། བྱང་ཆུབ་སེམས་ནི་གདུང་གི་རྒྱུ།། མཉན་བསམས་བསྒོམས་པའི་ཤེས་རབ་ཀྱིས།། དག་པར་བྱ་བ་ཐོབ་པར་བྱེད།། གོ་རོ་ཙ་ན་སེམས་ཀྱི་རྒྱུ།། དེ་ལ་གནས་པ་མ་ཡིན ་ཏེ།། རྟོག་པ་ཅན་དང་རྟོག་བྲལ་ཀུན།། ཀུན་གཞི་དག་ལ་གནས་པར་བསྟན།། དེ་དག་དག་པ་པདྨ་འདྲ།། མེ་འོད་དེ་འདྲ་འདོད་པ་ལེགས།། དཀའ་ལ་མེ་ལྕེ་ལྔ་བཞིན་འབྱུང་།། རྡོ་རྗེ་རིགས་ཀྱི་མཆོད་རྟེན་ཐོབ།། མེ ་འོད་འཁོར་སྙིང་འབར་བ་དེ།། འཁོར་ལོ་སྣང་མཛད་ཆོས་སྐུའི་གཟུགས།། མེ་ལྕེ་གཅིག་ལ་རྩེ་རྣོ་བ།། ཁ་དོན་ལྔ་ཀ་ཚང་བ་སྟེ།། དོན་གྲུབ་མཆོད་རྟེན་དངོས་གྲུབ་ཐོབ།། མེ་ལྕེ་མང་བ་མ་གྱེས་པར།། མེ་ལ་དྲི་བསུང ་ལྡན་གྱུར་ན།། རིན་ཆེན་མཆོད་རྟེན་གྲུབ་པའི་རྟགས།། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི།། མེ་ཡི་མདོག་ཀྱང་དེ་འདྲ་བཤད།། མེ་ལྕེ་མེད་ལ་མདོག་འགྱུར་ན།། སྒྲིབ་པ་ལས་ཚན་ཆེ་བ་ཡིན།། མེ་འོད་ཆུང་ལ་ངམས ་གནག་ན།། དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས།། སྡིག་ཅན་དེ་ནི་མ་ཟིན་བསྟན། མེ་འོད་དཀར་ཞིང་འཆི་འདོད་ན།། བསོད་ནམས་ཞན་ཏེ་སྡིག་སྒྲིབ་ཆུང་།། མེ་འོད་འཆད་ཅིང་འབར་བ་སྟེ།། ལྷ ་དང་མི་ཡི་རྒྱུ་བསོག་འདྲ།། ཞི་ལ་དཀར་ལ་མདོག་དང་ལྡན།། སྤྱི་རྒྱུ་མེ་དེ་ལེགས་པར་འདོད།། མེ་ལྕེ་འཆད་ཅིང་རྡུང་ཆེ་ལོ།། དྲག་འབར་སྐད་འདོན་བྱེད་པ་སྟེ། ད་ལྟ་དངོས་སུ་སྡིག་ཞད་ཡོང་།། མེ་ལྕེ་ཞིལ་དཀར ་འཁྱིལ་བ།། འཇུག་ལ་ཇེ་ཞན་དཀར་ཞན་པ།། དེ་ནི་བྱང་ཆུབ་སེམས་དཔའི་མེ།། མེ་ཡི་མཚན་ཉིད་གཞན་ཡང་བསྟན།། མེ་དེ་ཤི་ཟང་ཐལ་རུས་དེ།། སྔགས་མཁན་གཙང་མས་སྔགས་བཟླས་ལ།། བཏུ་དང་ཕྱག་པ ་བྱས་ནས་ནི།། རས་གཙང་མ་ནི་སྐོར་ཕོར་དུ།། བླུག་ལ་སྔགས་འདི་བཏབ་བྱས་ཏེ།། མཆོད་རྟེན་བྱེད་པའི་འཇིམ་པ་ལ།། བཏབ་པས་བྱང་ཆུབ་འགྲུབ་པར་ངེས།། རྒྱུ་བསགས་མཆོད་པ་ལུགས་བཞོན་འབུལ།། སེང ་ཁྲིའམ་རིན་ཆེན་ཁྲི་ལ་གཞག། ཞལ་གསོ་མཆོད་པ་བྱས་པ་དང་།། སྔོགས་བུའི་ནང་དུ་བཞག་པར་བྱ།། སྐུ་གདུང་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་རོ་བསྲེག་གི་ལེའུ་སྟེ་བཅུ་པའོ།། དེ་ནས་ཡང་དེ ་བཞིན་གཤེགས་རྣམས་ལུས་ནས།། འདི་སྐད་ཅེས་བརྗོད་པ་འདི་བརྗོད་དོ།། བསྟོད་པའི་རྒྱལ་པོ་ཡིས་འདི་བསོད་དོ།། དོན་དམ་སྤྲོས་དང་འདས་པ་ཡིས།། རང་བཞིན་རྟོག་ལས་འདས་པ་ཡི།། དམིགས་སུ་མེད་པ ་ཆོས་ཀྱི་སྐུ།། ཆོས་ཀྱི་སྐུ་ལ་བསྟོད་ཕྱག་འཚལ།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། དངོས་པོ་མེད་དང་དངོས་སྣང་བའི།། ལོངས་སྤྱོད་རྣམ་ཉིད་དབྱེར་མེད་པའི།། ལོངས་སྤྱོད་སྐུ་ལ་བསྟོད་ཕྱག་འཚལ།། ཨུ་དུམ ་འབར་བའི་མེ་ཏོག་བཞིན།། དཀོན་པའི་བསྟོད་པས་དོན་མཛད་ལྟར།། ཤཱཀ་ཐུབ་རང་འབྱུང་མཆོད་རྟེན་བརྒྱད།། ཉིད་ཀྱི་ཐུགས་ལས་སྤྲུལ་པ་བརྒྱད།། སྟོན་པའི་སྤྲུལ་པ་བསྟོད་ཕྱག་འཚལ།། སྟོན་པའི་སྤྲུལ་པའི ་མཆོད་རྟེན་ཉིད།། ཐུགས་ལས་སྣང་བའི་ཡིད་བཞིན་ལྷུན་གྲུབ་དང་།། དཔེ་མེད་བསམ་འདས་ཐུགས་ལ་སྣང་།། རིན་ཆེན་བསྲེགས་པའི་ཡོན་ཏན་དང་།། སྨང་གྲགས་གསུང་གི་སྤྲུལ་པ་དང་།། བདེ་རྒྱས་མགོན་གྱི ་འཕྲིན་ལས་སྣང་།། བཏང་སྙོམས་གཏེར་གྱི་ཐུགས་ལ་སྣང་།། མཐར་ལེགས་གཡུང་དྲུང་སྐུ་ཡི་སྤྲུལ།། སྦྲུལ་སྐུའི་མཆོད་རྟེན་བརྒྱད་པོ་ཡང་།། དད་པའི་སེམས་ཀྱིས་བསྟོད་ཕྱག་འཚལ།། དཔེ་མེད་གཟུགས་ཀྱི་ཁྱད ་པར་ལྟ་བས་མི་ངོམས་པ།། ཡེ་ཤེས་ཐུགས་ཀྱིས་བརྒྱན་པའི་སྐུ་ལེགས་ཏེ།། མཆོད་རྟེན་མཆོད་གནས་ཆེན་པོར་གྲགས་པ་བརྗོད་དུའོ།། གཟུགས་ཀུན་དངོས་མེད་ཆོས་ཀྱི་དབྱིངས་ཀྱི་སྐུ།། ཆོས་སྐུ་དངོས་མེད་སྤྲུལ ་པས་མཆོད་རྟེན་ཚུལ་དུ་སྤྲུལ།། སྤྲོས་མེད་དངོས་ལས་འདུལ་བའི་དབང་དུ་སྐུར་བསྟན་པ།། དྲན་པ་ཉེ་བར་གཞག་པ་རྨང་གི་ཁྲི་འཕང་མཐོ།། བརྩོན་འགྲུས་ཡང་དག་སྤྲུལ་བའི་ཁྲི་འཕང་གཉིས་པ་ལེགས།། ཏིང ་འཛིན་རྫུ་འཕྲུལ་རྐང་པའི་ཁྲི་འཕང་གསུམ་པ་དགེ། རྣམ་གྲོལ་དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བརྗིད།། བུམ་རྟེན་སྟོབས་ལྔ་བྱང་ཆུབ་ཡན་ལག་བདུན།། བྲི་ལེགས་གྲུ་བཞི་འཕགས་ལམ་ཡན་ལག ་བརྒྱད། སྲོག་ཤིང་ཤེས་བཅུ་གདུགས་ཀྱི་ཆར་ཁབ་ལྡིང་།། རྣམ་དག་གདུགས་འཕྲེང་མེ་ཏོག་འཕྲིན་པས་མཛེས།། བླ་མེད་གོ་འཕང་མཉེས་པའི་སེང་གེའི་གདན་འཕངས་མཐོ།། ཐུགས་རྗེ་ཆེན་པོས་འཕགས་པས ་གདུགས་ཀྱི་ཆར་ཁབ་ལྡིང་།། དབྱངས་ཟབ་ཚངས་པའི་གསུང་གི་དྲིལ་བུ་སྒྲ་སྙན་སྒྲོགས།། ཡང་དག་རྫོགས་པ་དར་གྱི་ཅོད་པན་འཕུར།། བླ་མེད་ཚུལ་ཁྲིམས་བསྲུང་བའི་འཕྲེང་བ་བཟང་།། སྐྱོན་བྲལ་བསྲུང་བ་མེད ་པ་ཆོས་ཀྱི་ཐེགས་སྒྲས་མཛེས།། ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཀའ་བོ་སྦ།། བདུད་བཞིའི་རྒྱལ་མཚན་སྙོལ་བའི་ཆོས་ཀྱི་རྒྱལ་མཚན་གྲགས།། མི་འཇིགས་བཞི་ཡི་སེང་གེའི་རྡོ་རིངས་བརྗིད།། འདི་འདྲའི ་དམ་ཆོས་རྨད་དུ་འབྱུང་རྣམས་ཀྱིས།། ཐབས་མཁས་ཐུགས་རྗེའི་དབང་གིས་མཆོད་རྟེན་ཚུལ་དུ་སྦྲུལ།། ནམ་མཁའི་ཁམ་ལ་མཚོན་སྐྱེ་གསལ་བ་བཞིན།། ཡོན་ཏན་བློ་ཡི་ཁྱོད་ཀྱིས་བསྟོད་ཕྱག་འཚལ།། དཔལ་གནས ་རིན་ཆེན་འབྱུང་གནས་ཡ་མཚན་མང་པོ་ལ།། དུས་གསུམ་རྒྱལ་བའི་མཆོད་རྟེན་ཆོས་ཀྱི་སྐུ།། དཔལ་གནས་ཀ་ནི་ཀ་དང་རང་བཞིན་ཚུལ་གཅིག་པས།། བསོད་ནམས་གཟི་བརྗིད་ཕུང་པོ་རང་བཞིན་ཚུལ་ཆགས་ཤིང་།། ་སངས་རྒྱས་སྤྲུལ་པའི་འཕྲིན་ལས་རྫོགས་པར་མཛད།། ས་བཅུའི་རྒྱལ་ཚབ་བཅོམ་ལྡན་བྱམས་པ་གཙུག་གི་རྒྱན།། ཕྱོགས་བཅུ་དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ།། རི་ལུང་ནགས་ཚལ་གནས་པའི་ལྷ་ཚོག ་ས་ཀུན་འདུས་པས།། མངོན་པར་དེ་ཀུན་དག་པའི་ངང་ལས་སྤྲུལ།། ཚོགས་རྣམས་ཀུན་ལ་འཁྲིལ་སྡོམ་བརྩོན།། རྒྱལ་སྲས་འཁོར་དང་ཁྱིམ་བདག་ཚོང་དཔོན་དང་།། དབུས་མཐའ་རྒྱལ་ཁམས་མང་པོའི་མི་ཚོགས་ཀུ ་ན་འདུས་ནས།། མེ་ཏོག་འཕྲེང་བ་སྤེལ་ལེགས་མཛེས་པ་སྣ་ཚོགས་དང་། ཙན་དན་དྲི་སྤོས་བཤོས་དང་མར་མེ་རོལ་མོར་བཅས།། བཀྲ་ཤིས་གླུ་གར་བསྟོད་པ་སྣ་ཚོགས་དང་།། གདུགས་དང་བ་ན་ལྷབ་ལྷུབ་རྒྱན་ཚོགས ་དང་།། འཛམ་གླིང་གསེར་གྱི་བར་གྱི་གཞོང་པ་ཆེན་པོའི་ནང་།། གསེར་དང་རིན་ཆེན་མུ་ཏིག་གཅལ་བཀྲམ་ཞིང་།། བྱུག་པའི་ཆུ་རྒྱུན་བྱིན་རླབས་ཨ་དཀར་དམིགས།། འབྱུང་བ་ས་ཡི་བྱེ་བྲག་སྣ་ཚོགས་མཆོད་རྟེན་ཡེ ་གསལ་ལ།། འབྱུང་བ་མེ་ཡི་ཚོན་གྱིས་བྲིས་པའི་གཟུགས་བརྙན་གསལ།། འབྱུང་བ་རླུང་ཉིད་ཏིང་འཛིན་གསལ་བསྐྱོད་ཏིང་འཛིན་མཆོད་རྟེན་དམིགས།། འབྱུང་བ་ནམ་མཁས་དེ་བཞིན་དམིགས་ཕྱེ་ནས།། རང ་བཞིན་བདག་གཞན་མེད་པར་ཐམས་ཅད་ཆོས་སྐུར་དམིགས།། ཡེ་ནས་ཚོགས་པའི་མཆོད་རྫས་སྣ་ཚོགས་ཀྱང་།། དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་ཚུལ་གནས་པ།། བདག་མཆོད་དག་པར་དམིགས་ལ ་དག་པ་ཉིད་ལ་འབུལ།། རྒྱལ་བའི་རྒྱལ་པོར་དམིགས་པའི་སེམས་ཅན་རྒྱལ་པོ་ཡིས།། ཆོས་སྐུར་རྟོགས་པའི་རྒྱལ་པོ་མཆོད་རྟེན་དབྱིབས་སུ་བཞེངས།། དེ་ལ་དམིགས་ཏེ་མཆོད་པའི་བྱེ་བྲག ་འབུལ།། སངས་རྒྱས་སྐུ་ཉིད་མྱ་ངན་འདས་ཏེ་མི་སྣང་བས།། ཆོས་སྐུའི་གཟུགས་བརྙན་དེ་ཡི་རྟེན་དུ་སྟོན་པས་བཞག་པས་ན།། མཆོད་རྟེན་དེ་ལ་ཡིད་ཆེས་དད་སྐྱེད་མཆོད་རྟེན་བགྱི་བསྐུར་བར་བྱ།། ཉན་ཐོས་ཐེག ་པའི་ཆོས་རྣམས་གྲངས་དང་གར་འཐད་ལ།། ཆོས་གོས་བཞི་བལྟ་བ་སྟེང་དུ་བུམ་པར་སྦར་བུ་འདྲ་བའི་དཔེ།། བདེན་པ་བཞི་དང་གང་ཟག་བདག་མེད་ལ་སོགས་བརྒྱད་ཀྱིས་བརྟགས།། འཁོར་ལོ་བརྒྱད་དུ་བསྟན་ཏེ ་དེ་འདྲའི་མཆོད་རྟེན་བརྩིགས།། གཞུང་དུ་ཁྲིམས་རྫོགས་ལྔ་ཡི་མཆོད་པ་ཡིས།། དཀོན་མཆོག་གསུམ་དང་གཙང་རིགས་མགོན་པོ་ལ།། དངོས་སུ་མཆོད་པས་ཉན་ཐོས་གཞུང་ལུགས་རྫོགས།། ཁྲིམས་དང་མཆོད་དང ་ཨརྒ་མགོ་ལ་བཀོན་པ་དང་།། མཆོད་རྟེན་རང་གཞུང་བརྩིགས་པ་འདི་རྣམས་ཀུན།། སེམས་ཅན་དོན་དུ་འགྱུར་བར་སྟོན་པ་ཉིད་ཀྱིས་དེ་རྣམས་ཀུན་ཀ་འདྲ།། གང་ལ་དད་པ་དེ་ཀུན་དགའ་བའི་ཆོས་རྣམས་སྤྱད་ན ་ཉན་ཐོས་གཞུང་།། ཉན་ཐོས་མཆོད་རྟེན་དེ་ལ་གུས་པར་ཕྱག་འཚལ་བསྟོད།། རང་སངས་རྒྱས་ཀྱི་སྒོ་བཞིའི་རྟགས་སུ་འོག་གི་ཁྲི་འཕང་ཟུར་བཞི་བསྟན།། སྤྱོད་པ་གཉིས་ལ་ཁྲི་འཕང་གཉིས་འགྱུར་བསྟན་པ ་བརྗིད།། འཁོར་ལོ་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་རྟགས།། ཆོས་ཉིད་རྟོགས་པར་གཅིག་པས་བུམ་པ་གཅིག། རང་རྒྱལ་ཆོས་ཀྱི་ལུགས་སུ་དེ་འདྲའི་མཆོད་རྟེན་བརྩིགས།། དེ་ལ་དངོས་སུ་གཙང་མའི་རྫས ་རྣམས་འབུལ།། རང་རྒྱལ་ཆོས་ཀྱི་གཟུགས་བརྙན་དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ།། མཆོད་རྟེན་ཀྲི་ཡའི་ལུགས་སུ་ནི།། དག་པ་གསུམ་ལ་བང་རིམ་གསུམ།། ཡེ་ཤེས་བཞི་རྟགས་གྲུ་བཞི་ཟུར།། རིགས་གསུམ ་རྟགས་སུ་ཁ་ཁྱེར་གསུམ།། དག་པ་ལྷ་བུམ་པ་ཟླུམ།། འཁོར་ལོ་བཅུ་གཉིས་ས་བཅུ་གཉིས།། ཐུགས་རྗེ་ཆེར་བསྐྱེད་ཆར་ཁབ་ཡིན།། རྟོགས་དབུ་དོན་གྱིས་འཁོར་བར་ནུབ་པའི་དུས་མཐའ་མེད།། ཀྲི་ཡའི་གཞུང ་རྫོགས་མཆོད་རྟེན་ལ།། གཙང་མའི་མཆོད་པས་བསྟོད་ཕྱག་འཚལ།། ཨུ་པ་ཡ་ཡི་མཆོད་རྟེན་ནི།། རྨང་གཅིག་ཆོས་དབྱིངས་དག་པར་གཅིག། ཟུར་བཞི་ཡེ་ཤེས་བཞི་ཡི་རྟགས།། འཕྲིན་ལས་བཞིའི་རྟགས་སུ་ཁ་ཁྱེར ་བཞི།། དེ་ཉིད་བཞི་རྟགས་བང་རིམ་བཞི།། ལྷ་བ་གཅིག་ལ་བུམ་པའི་དབྱིབས།། རིགས་བཞི་བུམ་རྟེན་ཟུར་བཞིའོ།། འཁོར་ལོ་བཅུ་གསུམ་ས་བཅུ་གསུམ།། ཐུགས་རྗེའི་ཆར་ཁབ་ཀུན་ལ་སྐྱོབ།། ཏོག་ནི་ལྟ་བ་གོང ་དུ་སྙེག། ར་གཉིས་གཉིས་མེད་གོང་མ་ལྟར།། ཨུ་པ་ཡ་ཡི་གཞུང་ཚང་བས།། ཆོས་སྐུའི་གཟུགས་བརྙན་མཆོད་རྟེན་ཡིན།། དེ་ལ་དད་པས་བསྟོད་ཕྱག་འཚལ།། ཡོ་ག་དག་གི་དབྱིབས་བསྟན་པ།། མཚན་མ་ཡོད ་མེད་རྨང་ལ་གཉིས།། སྟོང་པ་ཉིད་ལ་བཞི་ཚང་བས།། ཟུར་བཞི་ལོགས་བཞི་ལྷམ་པར་བསྟན།། ཏིང་འཛིན་རྟགས་སུ་ཁ་ཁྱེར་གཅིག། མངོན་པར་བྱང་ཆུབ་ལྔ་ཡི་རྟགས།། བང་རིམ་ལྔ་པ་རིམ་གྱིས ་བརྩེགས།། ཚད་མེད་བུམ་པ་ཟླུམ་པར་འཁྱིལ།། ཆོ་འཕྲུལ་ཕྱག་རྒྱ་བཞི་བུམ་རྟེན།། འཁོར་ལོ་བཅུ་གསུམ་ས་ས་བཅུ་གསུམ།། གཞན་ཀུན་ཐ་དད་གོང་དུ་བསྟན།། དེ་ལྷའི་ཆོས་སྐུའི་གཟུགས་བརྙན་ལ།། རྣལ་འབྱོར ་འཇུག་པས་བསྟོད་ཕྱག་འཚལ།། མ་ཧཱ་ཡོ་ག་ལ་སོགས་པ།། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཉིད།། ཡེ་ནས་གསལ་བར་སྣང་བ་སྟེ།། མཆོད་དང་བསྟོད་པས་མཉེས་པར་བྱ།། ཡང་ན་མཆོད་རྟེན་དབྱིབས་ཉིད་ནི།། དཀྱི ་ལ་འཁོར་མཆོད་དང་དངོས་གྲུབ་རྣམས།། གཅིག་གམ་ལྔ་འམ་དཀྱིལ་འཁོར་བརྒྱད།། མཆོད་རྟེན་དག་ལས་གཞན་ན་མེད།། ཐམས་ཅད་བདེ་ཆེན་དཀྱིལ་འཁོར་ཉིད།། ཐམས་ཅད་མ་ལུས་སྐུ་གསུང་ཐུགས།། ཐམས ་ཅད་མ་ལུས་ཡེ་ཤེས་ལྔ།། ཐམས་ཅད་དབྱེར་མེད་དཀྱིལ་འཁོར་མཆོག། དེ་ཉིད་སྐུ་གསུམ་ལྷུན་གྲུབ་ལ།། སྐུ་ལྔ་སྐུ་བརྒྱ་ཐ་དད་པ།། ཐམས་ཅད་མཆོད་རྟེན་སྐུ་ཉིད་དོ།། དེ་ལས་གཞན་པའི་སྐུ་བསྟན་མེད།། ཤར ་ཕྱོགས་བྱམས་པ་བརྩེགས་པའི་མཆོད་རྟེན་ནི།། ཞེ་སྡང་གནས་འགྱུར་མེ་ལོང་ལྟ་བུ་ཡི།། ཡེ་ཤེས་རྟགས་སུ་རྡོ་རྗེ་རིགས་ཀྱི་སྐུ།། རྡོ་རྗེ་བརྩེགས་པའི་མཆོད་རྟེན་ཇི་སྙེད་པ།། དགའ་བ་བྱམས་པས་མཆོད་ཅིང་བསྟོད ་ཕྱག་འཚལ།། ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་མཆོད་རྟེན་ནི།། ང་རྒྱལ་གནས་འགྱུར་མཉམ་པ་ཉིད་དུ་གནས།། ཡེ་ཤེས་རྟགས་སུ་རིན་ཆེན་རིགས་ཀྱི་སྐུ།། རིན་ཆེན་བརྩེགས་པའི་མཆོད་རྟེན་ཇི་སྙེད་པ།། དད ་པའི་སེམས་ཀྱིས་མཆོད་ཅིང་བསྟོད་ཕྱག་འཚལ།། ནུབ་ཕྱོགས་པདྨ་བརྩེགས་པའི་མཆོད་རྟེན་ནི།། འདོད་ཆགས་གནས་འགྱུར་སོ་སོར་རྟོགས་པ་ཡི།། ཡེ་ཤེས་རྟགས་སུ་པདྨ་རིགས་ཀྱི་སྐུ།། པདྨ་བརྩེགས་པའི་མཆོད ་རྟེན་ཇི་སྙེད་པ།། དག་པའི་སེམས་ཀྱིས་མཆོད་ཅིང་བསྟོད་ཕྱག་འཚལ།། བྱང་ཕྱོགས་རྒྱ་སྦྲམ་བརྩེགས་པའི་མཆོད་རྟེན་ནི།། ཕྲག་དོག་གནས་འགྱུར་བྱ་བ་གྲུབ་པ་ཡི།། ཡེ་ཤེས་རྟགས་སུ་ལས་ཀྱི་རིགས་ཀྱི་སྐུ།། རྒྱ་གྲ ་མ་བརྩེགས་པའི་མཆོད་རྟེན་ཇི་སྙེད་ལ།། བརྩོན་འགྲུས་དག་པས་མཆོད་ཅིང་བསྟོད་ཕྱག་འཚལ།། ཡེ་ཤེས་ལྔ་ཡི་ཆུ་བོ་དག་པ་ཡིས།། ཉོན་མོངས་ལྔ་ཡི་རྟོག་པས་སྒྲིབས་པ་ལས།། བྱང་ཆུབ་མཆོག་གི་ཆུ་བོས་སྐུ་ཁྲུས ་གསོལ།། ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག། སྐུ་གདུང་མངོན་པར་བསྟན་པའི་བརྒྱུད་ལས།། མཆོད་རྟེན་ལ་བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འ ་དུས་ནས་དགོངས་པ་གཅིག་ཏུ་གྱུར་ཏེ།། སྟོན་པ་རྣམ་པར་སྣང་མཛད་ཆེན་པོས་བཀའ་སྩལ་པ་དང་།། ལས་ཀྱི་བྱེ་བྲག་སྣ་ཚོགས་པ།། སྟོན་པས་ཐ་དད་བསྟན་པ་ལས།། དོན་དུ་མི་འགྱུར་ཡོངས་མ་གསུངས།། ཡང ་དག་ཉིད་དུ་བསྟན་པ་མེད།། ཞི་གནས་དབང་ཕྱུག་མངའ་མཉེས་ལ།། ལས་དང་དངོས་གྲུབ་བསྒྲུབ་མི་དགོས།། མཆོད་རྟེན་སྐུ་ཡི་གཟུགས་བརྙན་ནི།། མ་རྟོགས་སེམས་ཅན་མང་པོ་ལ།། ཐབས་ཀྱི་བྱེ ་བྲག་མང་པོ་བསྟན།། ཞི་བར་འདོད་ལ་རྟོག་པ་མེད།། རྒྱས་པར་འདོད་ལ་རྒྱས་པར་འགྱུར།། དབང་དུ་བྱ་བ་ཐམས་ཅད་བསྡུ།། བསྒྲལ་དང་བརྡེག་བསྐྲད་ལས་ཀུན་ཡང་།། དད་པ་ཆེ་ལ་དེ་བཞིན་གནས།། ཞི་བའི ་མཆོད་རྟེན་དཀར་པོར་བྱ།། ཐབས་ཀྱི་དབྱིབས་ཟླུམ་ཡར་མར་མཉམ།། བང་རིམ་མཆོད་རྟེན་ཉིད་དང་འདྲ།། ཡམ་ཤིང་བུད་ཤིང་དཀར་པོ་སྟེ།། སྟག་པ་ལ་སོགས་དག་ལ་བྱ།། སྙིང་པོ་བཟླས་ཤིང་མཇུག་ཉིད ་ལ།། ཞི་བ་ཤན་ཏིང་ཀུ་རུ་ཞེས།། མིང་གི་མཇུག་ལ་བཏགས་ལ་བསྲེགས།། ཏིང་ངེ་འཛིན་དང་ལྡན་བྱས་ན།། ཞི་བར་འགྱུར་བ་ཐེ་ཚོམ་མེད།། རྒྱས་པར་འདོད་པས་སེར་པོར་བྱ།། ཐབས་ཀྱི་དབྱིངས་དང་མཆོད་རྟེན ་གཉིས།། གྲུ་བཞི་བང་རིམ་བཞི་དང་བཅས།། ཡེ་ཤིང་བུད་ཤིང་རྫས་རྣམས་ཀུན།། སེར་པོར་བྱས་ལ་མཆོད་བྱ་སྟེ།། རྒྱས་པར་འདོད་པའི་མིང་བྱང་ཅིག། བྲིས་ལ་སྔགས་ཀྱི་འཇུག་ལ་གདགས།། དེ་ལྟར་བྱས་ན་གང ་འདོད་རྒྱས།། དབང་ལ་དམར་པོའི་མཆོད་རྟེན་མཚོན།། མཆོད་རྟེན་ཉིད་དང་ཐབས་དབྱིབས་འདྲ།། འོག་རིམ་འདྲ་སྟེ་གོང་མ་བསྒྱུར།། ཟླ་གམ་དག་ཏུ་བརྩིག་པར་བྱ།། རྫས་རྣམས་ཀུན་ཀ་དམར་པོར་བྱ།། དབང་དུ ་འདུད་པའི་མིང་རུས་རྣམས།། གྲོ་ག་དག་ལ་བྲིས་ནས་ནི།། མཆོད་རྟེན་འགྲམ་གྱི་འོག་ཏུ་བཞུགས།། དེ་ནས་སྦྱིན་སྲེག་དག་ལ་ཡང་།། བྲིས་ཏེ་སྔགས་དང་བཅས་པ་བསྲེག། དེ་ལྟར་བྱས་ན་དབང་དུ་འགྱུར།། དྲག ་པོའི་མཆོད་རྟེན་དག་ལ་ནི།། གྲུ་གསུམ་བང་རིམ་གཞན་ཡང་མཐུན།། ཚོན་རྩིས་རྣམས་ནག་ཤས་ཆེ།། སྲེག་རྫས་ཤིང་ལ་སོགས་པ་རྣམས།། ནག་པོ་དག་ཏུ་བསྒྱུར་ལ་བྱ།། བསྒྲལ་བསྐྲད་གང་འདོད་བྱ་བ་དེ།། དུག ་གི་ལོ་མ་ཤོག་ཤོག་ཤིང་།། དེ་ལ་བྲིས་ལ་བཞག་སྟེ་དགུག། མཆོད་རྟེན་ནག་པོའི་འོག་ཏུ་བཞུགས།། སྦྱིན་སྲེག་ལ་ཡང་དེ་བཞིན་བསྲེག། དབང་ཕྱུག་ལྷ་ཆེན་ལྷ་རྣམས་ཀྱང་།། བསྲེག་པར་འགྱུར་བར་གདོན་མི ་ཟ།། འཕྲིན་ལས་བྱེད་པའི་རྣལ་འབྱོར་པས།། མཆོད་རྟེན་དངོས་སུ་བརྩིག་པ་དང་།། ལས་ཀྱི་ཧོམ་ཐབས་བྱ་བ་དང་།། སྔགས་བཟླས་ལ་སོགས་བྱེད་པ་ལ།། ཐེ་ཚོམ་མེད་པར་བྱས་ན་འགྲུབ།། ཡང་ན་མཆོད་རྟེན ་ཆོས་སྐུའི་གཟུགས།། མཆོད་རྟེན་གཅིག་ཏུ་བརྩིགས་ནས་ཀྱང་།། ངོས་བཞི་དག་ལ་འཕྲིན་ལས་བཞི།། དངོས་སུ་མཆོད་རྟེན་བཞེངས་གསོལ་ནས།། སྔགས་མཁན་བཞི་མི་ངོས་བཞི་ནས།། འཕྲིན་ལས་རྣམ་བཞིའི ་ལས་རྣམས་བྱ།། དེ་ལྟར་བྱས་ན་དངོས་གྲུབ་མྱུར།། མཆོད་རྟེན་གྲུ་བཞི་སྒོ་བཞི་ལ།། ཐ་དད་དབྱིབས་ཀྱི་བང་རིམ་ལྔ།། བུམ་པ་བུམ་རྟེན་འཁོར་ལོ་བཅས།། དབྱིབས་ཀྱི་ཆོས་ཉིད་མཚོན་པ་གཞན་དག་བསྟན།། མི ་དམིགས་ལྷུན་གྲུབ་མཆོད་རྟེན་ལས།། དམིགས་པ་དོན་དང་ལྡན་པ་ཡིས།། གཟུགས་བརྙན་མཆོད་རྟེན་ལྷར་དམིགས་པས།། སྦྲུལ་སྐུའི་མཆོད་རྟེན་བཞེངས་སུ་གསོལ།། གཟུགས་བརྙན་མཆོད་རྟེན ་དངོས་ཉིད་ལ།། ཐ་དད་མང་པོ་རྟོག་མེད་དེ།། བློ་ཡི་རིམ་པས་སོ་སོར་སྣང་།། དཔེར་ན་བཞིན་དངོས་གཅིག་ཉིད་ལ།། ཆུ་དང་མེ་ལོང་མང་པོ་སྣང་།། ཐེག་པ་ཐ་དད་རེ་རེ་ལ།། གཟུགས་བརྙན་མཆོད་རྟེན་རེ ་རེ་སྣང་།། དོན་དམ་མཆོད་རྟེན་དེ་ལ་ནི།། རྟོག་པའི་དངོས་པོ་གང་ཡང་མེད།། མཆོད་རྟེན་དཀྱིལ་འཁོར་ཉིད་དུ་བསྒྲུབ།། སངས་རྒྱས་དངོས་གྲུབ་ཐོབ་འདོད་པས།། མཆོད་རྟེན་མཆོད་པ་བྱས་པས་འགྲུབ།། དབང ་དང་དངོས་གྲུབ་ཐོབ་པ་དེ།། མཆོད་རྟེན་བསྒྲུབ་པའི་དབང་ལས་འབྱུང་།། གང་ཞིག་དངོས་གྲུབ་འདོད་པ་ངེས།། དབང་ཉིད་རིམ་པར་ནོད་པར་བྱ།། བདག་ཉིད་དད་པ་མེད་པ་ལ།། བླ་མ་དབང་མཆོག་སྣང་བའི ་རྒྱུ།། བདག་ཉིད་དད་དང་ལྡན་པ་ལ།། དབང་བསྐུར་རིམ་པ་ཚུལ་བཞིན་བྱ།། སློབ་དཔོན་དམ་པ་མེད་པ་རུ།། མཆོད་རྟེན་དབང་ཉིད་བསྐུར་བ་དང་།། ཡན་ལག་དབང་རྣམས་ནོད་པའི་ཕྱིར།། དབང་རྫས་ཚང་བར་བ ་སོགས་པ་དེས།། སློབ་དཔོན་དགོངས་པ་མེད་པ་དེས།། བསྐུར་ཡང་སླར་ལ་ཉམས་པར་འགྱུར།། གང་གིས་གང་ལ་གང་ལྟ་ཞེས།། སློབ་མ་ལས་འཕྲོ་ལྡན་པ་ལ།། དད་པ་ཤེས་རབ་འབྱོར་པ་དང་།། སངས་རྒྱས་མི་སླུ ་ཡོན་འབུལ་དང་།། བཀའ་ངག་གཞུང་དུ་བྱེད་པ་ལ།། དེ་འདྲ་བ་ལ་བཤད་པར་བྱ།། གཞན་ལ་བསྐུར་ན་ཉམས་པ་ཆེ།། སྒྱིང་མ་ལྷས་པར་ཁལ་འགེལ་འདྲ།། ཆོས་སྐུའི་གཟུགས་བརྙན་མཆོད་རྟེན་དང་།། གཞན ་དབང་དག་དང་འདྲ་བ་མིན།། མཆོད་རྟེན་སྤྱི་རུ་ཉི་ཤུ་ལས།། མདོར་ན་མདོར་བསྡུས་ལྔ་རུ་བསྟན།། ཆོས་སྐུ་དོན་གྱི་གཟུགས་བརྙན་དང་།། ཚིག་གི་གཟུགས་བརྙན་ཉིད་དུ་བསྟན།། ལོངས་སྤྱོད་སྐུ་ཡི་གཟུགས་བརྙན ་དང་།། སྤྲུལ་པ་སྐུ་ཡི་གཟུགས་བརྙན་དང་།། དོན་གྱི་ཆོས་སྐུའི་དབང་འདི་ནི།། ལས་འཕྲོ་ངན་པ་དངོས་མི་བསྐུར།། ཏིང་ངེ་འཛིན་གྱིས་བསྐུར་ལ་གཞག། ཤེས་རབ་ལས་འཕྲོ་ལྡན་པ་ལ།། དབང་མཆོག་འདི་དག ་བསྐུར་བར་བྱ།། དོན་དམ་སྤྲོས་པ་མེད་པ་ཡི།། ཆོས་ཉིད་རྟོགས་བྲལ་མ་སྤྲོས་པས།། རང་སེམས་འདུས་པ་དེ་ལ་ཞོན།། སྐྱེ་མེད་རྟོག་པ་གསལ་བས་ན།། དབང་ཡང་དུས་དེར་ཐོབ་ཅེས་བཤད།། དབང་མཆོག་དམ ་པ་ཐོབ་པར་ཤོག། དྷརྨ་ཨ་སི་དྷི་ཨཱ།། ཚིག་དང་གཟུགས་བརྙན་མཆོད་རྟེན་ལ།། ཁྱད་པར་མི་མཐུན་བདུན་དུ་བཤད།། དེ་དག་སོ་སོར་དབང་ཉིད་ནི།། སློབ་མ་རང་ཉིད་གང་འདོད་བཤད།། བློ་ཡི་རིམ་པས་བསྐུར ་བར་བྱ།། མི་ཤེས་རྣམས་ལ་རྫས་ཀྱིས་བསྐུར།། ཉན་ཐོས་བདེན་བཞིའི་སྒོར་ཞུགས་སེང་ཁྲི་ཟུར་བཞི་ལ།། བར་བུ་ཁ་སྤུ་གསེག་ཤང་འཁོར་ལོ་འགྲེང་།། ཉན་ཐོས་ས་བརྒྱད་འཁོར་ལོ་རིམ་པ་བརྒྱད།། དེ་དག་ལ་སོགས་སྒོ ་ནས་ཟུར་བཞིར་འབྲས་བུར་རྟོགས་ཐོབ་ཤོག། རང་རྒྱལ་སྒོ་ནས་མཆོད་རྟེན་དབང་ཐོབ་ནི།། རིག་པའི་བསྐྱེད་རབས་བཞི་རྟགས་སེང་ཁྲི་ཟུར་བཞི་ལ།། ཡེ་ཤེས་གསུམ་གྱི་རྟགས་སུ་བང་རིམ་གསུམ་པ ་དགྱེ།། ཆོས་ཉིད་རྟོགས་པའི་རྟགས་སུ་བུམ་པ་ཟླུམ།། རྟོགས་པས་ཅིག་པའི་རྟགས་སུ་སྲོག་ཤིང་གཅིག་ཅིག་ལ།། རྟེན་འབྲེལ་བཅུ་གཉིས་རྟགས་སུ་འཁོར་ལོ་བཅུ་གཉིས་བརྩེག། སེམས་ཅན་དོན་དུ་ཆར ་ཁབ་ཐུགས་རྗེ་ཆེ།། དེ་ལྟར་རང་རྒྱལ་ཆོས་སྐུའི་དོན་རྟོགས་ཤོག། བྱང་ཆུབ་སེམས་དཔའི་དབང་མཆོག་ནི།། དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་ཟུར་བཞི་ལ།། ཡང་དག་སྤོང་དང་རྫུ་འཕྲུལ་དབང་པོའི ་སྟོབས།། བང་རིམ་ལྔ་པ་དེ་ལྟར་བསྟན་པ་ཡིན།། དེ་ལྟར་རྟོགས་ན་དབང་དང་དངོས་གྲུབ་ཡིན།། བུམ་རྟེན་བུམ་པ་བྲེག་འཕགས་པའི་ལམ་དང་བདེན་པའི་དབང་མཆོག་ཐོབ།། འཁོར་ལོ་བཅུ་གཉིས་ཁྱད་པར་བཅུ ་གཅིག་ལ།། བུམ་པ་ཆོས་སྐུ་དེ་ལ་གཉིས་གཉིས་མེད་རྟོགས་པས་རྭ་གཉིས་དང་།། དེ་ལྟར་མཚན་ཉིད་ཐེག་པ་ཆོས་སྐུ་དབང་ཐོབ་ཤོག། ཀྲི་ཡའི་མཆོད་རྟེན་དབང་ཉིད་ནི།། དག་པ་གསུམ་རྟགས་རྨང་གི་ཁྲི་འཕང ་གསུམ།། དངོས་གྲུབ་གསུམ་རྟགས་དབུ་ལ་བང་རིམ་གསུམ།། ལྟ་བ་དག་པའི་རྟགས་སུ་བུམ་པ་ཟླུམ་པོ་ཡིན།། ས་རྣམས་བཅུ་གཉིས་དག་ལ་དབང་།། རྟགས་འཁོར་ལོ་བཅུ་གཉིས་ཡིན།། ཀྲི་ཡ་ཆོས་སྐུའི་དེ་དག ་དབང་ཐོབ་ཤོག། ཡོ་ག་ཡུ་པ་ཡ་ཉིད་ནི།། འཁོར་ལོ་རྡོ་རྗེ་པདྨ་དང་།། རིན་ཆེན་རལ་གྲི་ལ་སོགས་པ།། དེ་དག་རྟོགས་པའི་དབང་རྣམས་ནི།། གཅིག་གམ་ཀུན་གྱིས་བསྐུར་བར་བྱ།། གཞན་ཡང་ཚིག་གི་དབང་ཉིད ་ནི།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། གསུང་དང་རྡོ་རྗེ་ཚིག་གི་ལྗགས།། བདེན་པར་སྨྲ་ཞིང་ཚིག་མི་འགྱུར།། འཁོར་བར་ཇི་སྲིད་ཆོས་འཆད་པ།། སྟོན་པའི་སྒྲོན་མར་དབང་ཐོབ་ཤོག། བག་ཨུ་ཏི ་ཧཾ།། ལོངས་སྤྱོད་རྫོགས་པའི་སྐུ་དབང་ནི།། བཅོམ་ལྡན་དོན་གྲུབ་དེ་ཉིད་ནི།། རི་རབ་རི་ཡི་རྩེ་མོ་རུ།། ནོར་བུ་བརྩེགས་པའི་ཁང་པ་ལ།། སེང་གེའི་གདན་ལ་བཞུགས་པ་ན།། ཞལ་ནི་ཀུན་ལ་གཟིགས་པ ་ཡི།། དབང་མཆོག་དམ་ཐོབ་པར་ཤོག། མངོན་པར་བྱང་ཆུབ་རྣམ་ལྔ་ཡི།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ།། བདག་ཉིད་ཀྱི་ནི་བསམ་པར་བྱ།། ཨོཾ་བཛྲ་ཙི་ཏྟ་དཔེ་ཏ་ཀ་རོ་ཡ་མི།། བོ་དྷི་ཙི་ཏྟ་ཨུ་པ་ཏ་ཡ་མི།། སྟིས ་སྟ་བཛྲ་ཡ་སྟ་བཛྲ།། སརྦ་བཛྲ་ཨད་མ་ཏ་ཨ་ཧཾ་ཡོ་ཏི།། སྤྲུལ་པའི་མཆོད་རྟེན་གྱི་དབང་ན་ནི། དོན་ཐམས་ཅད་གྲུབ་པར་དབང་ཇི་ལྟར་ཐོབ་ཅེ་ན། བཅོམ་ལྡན་འདས་བྱང་ཆུབ་ཆེན་པོ་ཐུགས་ཀུན་ཏུ་བཟང་པོ། བྱང ་བ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། སངས་རྒྱས་ཀྱི་ཞིང་འདིར་དཔེར་ན་ལག་མཐིལ་དུ་གང ་བུ་ཡོངས་སུ་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ།། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱའོ་སྙམ་དུ ་སེམས་ཤིག། ཅེས་བཀའ་སྩལ་པ་དང་།། དེ་ནས་དོན་ཐམས་ཅད་གྲུབ་པ་དེས།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བར་རིག་ནས་དབང་ཐོབ་པའོ།། ཡང་སྔོན་གྱི་རྒྱལ་བུ་དོན་གྲུབ་ལ།། སངས ་རྒྱས་ཀུན་གྱི་དབང་བསྐུར་བཞིན།། ཤཱཀ་ཐུབ་སྤྲུལ་པ་མཆོད་རྟེན་བརྒྱད།། སྣ་ཚོགས་སྦྲུལ་སྐུའི་མཆོད་རྟེན་གྱིས།། དབང་བསྐུར་སྦྲུལ་སྐུ་ཐོབ་པར་ཤོག། ཤཱཀྱ་མུ་ནེ་ན་མ་ས་མན་ཏ་ཨ་ཀོ་ཏྲ་ཡ་མཱ་ཏི།། གླིང་བཞི་རིན ་ཆེན་སྣ་བཞི་ལ།། དབང་བསྐུར་དབང་བྱེད་རྒྱལ་པོ་ཡི།། ཟབ་ཅིང་རྒྱ་ཆེ་རྒྱལ་པོ་ཡི།། ལོངས་སྤྱོད་དཔལ་ལྡན་དབང་མཆོག་ཐོབ་པར་ཤོག། དབང་ཕྱུག་ཆེན་པོ་རྡོ་རྗེས་དབང་བསྐུར་རོ།། མཐུ་བོ་ཆེན་ནི་རྗེས་རྒྱུའི་རྡོ ་རྗེའོ།། སྒྲ་ལ་བཞོན་ནི་རྡོ་རྗེ་དྲིལ་བུའོ།། ཐུབ་པའི་རྡོ་རྗེ་ཚངས་པའོ།། དབང་པོ་རྡོ་རྗེ་མཚོན་ཆ་སྟེ།། དབང་མཆོག་དེས་ཀྱང་དབང་བསྐུར་རོ།། ཉི་མ་རྡོ་རྗེ་འཁྱིལ་པའོ།། ཟླ་བ་རྡོ་རྗེ་འོད་ཆེན་ནོ།། འབྱིན་པའི་རྡོ་རྗེ ་འབྱིན་པའོ།། མིག་དམར་རྡོ་རྗེ་སེར་སྨུག་སྟེ།། དེ་རྣམས་རྡོ་རྗེ་ཁྲོ་བོ་སྟེ།། རྡོ་རྗེ་ཁྲོ་བོར་དབང་བསྐུར་རོ།། ཨོཾ་བཛྲ་ཀྲོ་དྷ་ཡུག་ཏི།། སྦྲང་རྩི་མྱོས་པ་རྡོ་རྗེ་གླང་པོ་སྣ།། སྦྲང་རྩིར་བྱེད་པ་རྡོ་རྗེ་འགྲེང་བའོ།། རྒྱལ་བ་རྡོ་རྗེ ་དབང་པོའོ།། རྣམ་རྒྱལ་རྡོ་རྗེ་རྒྱལ་པོའོ།། འདིས་ནི་ཚོགས་བདག་གཙོ་བོར་བསྐུར།། མཛད་སྐྱོང་རྡོ་རྗེ་ཐུབ་པའོ།། མེ་ལྷ་རྡོ་རྗེ་འབར་བའོ།། རླུང་ནི་རྡོ་རྗེ་རླུང་འབྱིན་ནོ།། གུ་བེར་རྡོ་རྗེ་འཇིགས་བྱེད་དོ།། ཡང་འདི ་སྐད་དོ།། མངོན་པར་སངས་རྒྱས་དུས་དེ་རུ།། ཞལ་མཐོང་བཀའ་ལ་རྒྱས་པ་ཡིས།། ལྷ་ཀླུ་གནོད་སྦྱིན་ལ་སོགས་པས།། རྡོ་རྗེ་ཁྲོ་བོར་བསྒྱུར་བ་ཡིས།། མཆོད་རྟེན་དཀྱིལ་འཁོར་བཀོད་པ་ཡིས།། སློབ་མ་དག་ལ ་དབང་བསྐུར་ན།། ལོངས་སྤྱོད་རང་དགར་དབང་ཐོབ་ཤོག། རིན་ཆེན་སྣ་བདུན་ལ་སོགས་པ།། སངས་རྒྱས་ཉིད་དབང་ཐོབ་པ་ཡི།། རྟགས་སུ་དབང་ནི་བསྐུར་བར་བྱའོ།། ཕྱོགས་བཅུའི་སངས་རྒྱས་ཐ་མད་ཅད ་ཀྱང་།། དབང་མ་ཐོབ་པར་སངས་མི་རྒྱ།། དབང་མཆོག་ཐོབ་ནས་སངས་རྒྱའོ།། མཆོད་རྟེན་ཆོས་སྐུ་རྟོགས་པ་ན།། དབང་མཆོག་ཐོབ་ཅེས་དེ་ལ་བྱ།། སྐུ་གདུང་མངོན་པར་བསྟན་པའི་རྒྱུད་ལས།། ལས་ཀྱི་ཁྱད་པར ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་དགྱེས་པ་རྣམ་པར་སྣང་མཛད་ཀྱིས།། འཇུག་གི་དོན་བཀའ་སྩལ་པ།། འཁོར་དུ་འདུས་པ་དེ་རྣམས་ཀུན།། ཆོས་ཉིད་དངོས་པོ་མང་བ་ལ།། འདུས་པ་མཆོད་རྟེན ་ས་ཀྱི་སྐུ།། སྒྲ་དང་ཐ་དད་ལ་སོགས་པ།། ཀུན་ཀྱང་མཆོད་རྟེན་ཆོས་སྐུར་བཤད།། དེ་སྐད་གསུངས་པའི་མོད་ལ་ཡང་འདུས་ནས་ཕྱག་བཙལ་བ།། ཐམས་ཅད་མཆོད་རྟེན་རིགས་ཉིད་ལ།། བདེ་ཆེན་དངོས་པོ་མེད ་པ་ཡི།། རང་བཞིན་རྟོགས་ན་མཆོད་རྟེན་ཡིན།། དད་པས་རྟག་ཏུ་དེ་ལ་ཕྱག་འཚལ་ལོ།། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན།། རྡོ་རྗེ་རི་བོ་བརྩེགས་པའི་མཆོད་རྟེན་བཞུགས།། འོད་ཟེར ་འཚེར་བས་ཉི་མ་འབུམ་གྱི་གཟི།། ཤར་ཕྱོགས་རྡོ་རྗེ་འཁོར་ལ་ཕྱག་འཚལ་ལོ།། ལྷོ་ཕྱོགས་དཔལ་ལྡན་དགའ་བའི་ཞིང་ཁམས་ན།། རིན་ཆེན་རི་བོ་བརྩེགས་པའི་མཆོད་རྟེན་བཞུགས།། འོད་གསལ་འཚེར་བས་ཉི་མ ་འབུམ་གྱི་གཟི།། སངས་རྒྱས་རིན་ཆེན་འཁོར་ལ་ཕྱག་འཚལ་ལོ།། ནུབ་ཕྱོགས་བདེ་དང་ལྡན་པའི་ཞིང་ཁམས་ན།། པདྨ་རི་བོ་བརྩེགས་པའི་མཆོད་རྟེན་བཞུགས།། འོད་གསལ་འཚེར་བས་ཉི་མ་འབུམ་གྱི ་གཟི།། སངས་རྒྱས་པདྨའི་འཁོར་ལ་ཕྱག་འཚལ་ལོ།། བྱང་ཕྱོགས་རྣམ་པར་དག་པའི་ཞིང་ཁམས་ན།། ལས་ཀྱི་རི་བོ་བརྩེགས་པའི་མཆོད་རྟེན་བཞུགས།། འོད་གསལ་འཚེར་བས་ཉི་མ་འབུམ་གྱི་གཟི།། སངས་རྒྱས ་ལས་ཀྱི་འཁོར་ལ་ཕྱག་འཚལ། ལོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།། དགེ་དོན་ལེགས་ཀྱི་གཞི།། ཆོས་ཚུལ་རབ་ཀྱི་དབྱིངས།། རྟོགས་པའི་གཟུགས་བརྙན་སྐུ།། མཆོད་རྟེན་ཐམས་ཅད་ལ་གུས་པས་ཕྱག ་འཚལ་ལོ།། བཅོམ་ལྡན་ཤཱཀྱ་སེང་གེའི་བྱིན་རླབས་ཀྱིས།། སྲིད་རྩེ་རིན་ཆེན་སྣ་ལྔའི་གཞལ་ཡས་ནས།། རིགས་གཞི་ཕྱག་རྒྱའི་མཆོད་རྟེན་བཞིར་སྣང་བ།། འགྲོ་དོན་རྫོགས་པར་མཛད་པའི་མཆོད་རྟེན་ལ།། དགའ ་དང་གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ།། ཇི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་བཞིན།། སངས་རྒྱས་མཛད་པ་མཐར་ཕྱིན་གྲུབ་པའི་རྟགས།། འཁོར་བ་ཟད་མཛད་ཐར་ལམ་འདྲེན་པའི་གཙོ།། བླ་མེད་མཆོད་རྟེན་བརྒྱད ་ལ་ཕྱག་འཚལ་ལོ།། རྣམ་དག་དབྱིངས་ཀྱི་བྱིན་རླབས་རྒྱལ་བའི་གདུང་།། མ་རིག་མུན་སེལ་ངེས་པར་ལེགས་པའི་གཞི།། སྤྲུལ་པའི་མཆོད་རྟེན་བཟོད་པར་བཀུར་བའི་གནས།། རིང་བསྲེལ་འཇིག་རྟེན་རྒྱལ་ལ་ཕྱག ་འཚལ་ལོ།། ཐབས་མཁས་ཐུགས་རྗེ་འགྲོ་བའི་ཆེད་བཞེངས་ཤིང་།། བདེན་གཉིས་དོན་རྟོགས་ས་བཅུའི་མཆོག་མཉེས་ཤིང་།། གཞན་དོན་རྣམ་པར་གྲོལ་བའི་གསུང་མངའ་བའི།། བྱང་ཆུབ་སེམས་དཔའ་རྣམས་ལ ་ཕྱག་འཚལ་ལོ།། མཆོད་རྟེན་དོན་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་དང་།། འདི་ལས་གྲོལ་བར་མཛད་པའི་འཇིག་རྟེན་དམ་ཅན་ལ།། མ་འོངས་འཇུག་འདོད་རྣམས་ཀྱིས་གུས་པས་ཕྱག་འཚལ་ལོ།། འཇིག ་རྟེན་ཆོས་སྐུའི་གཟུགས་བརྙན་ལ།། སྤྱན་དྲངས་གཤེགས་སུ་གསོལ་བ་དང་།། དབང་བསྐུར་སྐུ་ཁྲུས་གསོལ་བ་དང་།། ཆོས་སྐུ་ཉིད་ལ་རྟོགས་མེད་དེ།། སེམས་ཅན་མི་ཤེས་པ་རྣམས་ལ།། ཐབས་ཀྱིས་མཐུན་པར ་བསྟན་པ་ཡིན།། མི་མཐུན་བསྟན་ན་འདུལ་མི་འགྱུར།། ལས་རྣམས་གང་ལྟར་བྱེད་པའི་དུས།། ཕྱག་རྒྱ་གཅིག་གིས་ཆོག་པ་སྟེ།། རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་འདི།། ཁུ་ཚུར་བཅངས་ཏེ་མཐེ་བོང ་འགྲེང་།། མཐེའུ་ཆུང་གཞི་བ་ལ་མི་སྦྱར་བར།། བསྒྲེངས་ལ་མཛུམ་མོ་གཉིས་པོ་ཉིད།། མཆེ་བའི་ཚུལ་དུ་བྱས་པ་འདི།། ལས་རྣམས་ཀུན་བྱེད་ཕྱག་རྒྱའོ།། དེ་ནས་སྔགས་ནི་བཛྲ་པ་ཤ་ཧཱུཾ།། ཡང་ན ་བསང་གད་བྱེད་པོ་དང་།། ཕྱག་རྒྱ་འདི་ཡིས་བྱས་ན་འགྲུབ།། བཟླས་བརྗོད་ཡན་ལག་དམིགས་པ་མེད།། རང་ལ་རང་བཞིན་མེད་པ་སྟེ།། དམིགས་པ་སྔགས་དང་མཆོད་རྟེན་དང་།། བསྒྲུབ་པ་པོ་དག་གསུམ་ཀ ་སྟེ།། ཡེ་ཤེས་གཟུགས་བརྙན་འདྲ་བར་དམིགས།། དེ་ལྟར་རྣམ་པ་གསུམ་ཀ་ཡང་།། རྟོག་མེད་དབྱིངས་ལས་མ་གཡོས་པར།། དེ་ནི་མི་དམིགས་སྒོམ་པ་ཡིན།། རེ་མོས་པ་དང་ཅིག་ཅར་བ།། བློ་ཡི་ཁྱད་པར་དག་ཏུ ་བཤད།། བཞུགས་སུ་གསོལ་བ་དེ་ཉིད་ནི།། དོན་གྱིས་བཞུགས་པར་བསམ་པ་ནི།། གཉིས་མེད་ཆོས་ཀྱི་ངང་ལ་བཞུགས།། དེ་ལྟར་རྟོགས་ན་བཞུགས་པ་ཡིན།། ཐབས་ཀྱི་དྲང་སྲོང་བཞུགས་པ་ནི།། མགྲོན་རྣམས ་གྲལ་དུ་བཞུགས་པ་དང་།། འདྲ་བར་དཀྱིལ་འཁོར་གདན་དག་ལ།། མཆོད་རྟེན་རིམ་པར་བཞུགས་པར་བསམ།། དངོས་གྲུབ་གསོལ་བ་དེ་ཉིད་ཀྱང་།། དངོས་པོས་མཆོད་རྟེན་ཆོས་སྐུར་རྟོགས།། དེ་ནི་དོན་དམ་ཉིད ་དུ་བཤད།། གཞན་གྱིས་བྱིན་དུ་རེ་བ་དེ།། ཡང་དག་དེ་ལ་བཏགས་པ་དང་།། ཁྱད་པར་ཆེ་སྟེ་བློ་ཡི་དབང་།། རྫས་དང་ཚན་ཉིད་ལ་སོགས་པ།། དོན་དུ་མི་འགྱུར་གང་ཡང་མེད།། འབྲུ་ལྔ་སྤོས་ལྔ་རིན་ཆེན ་ལྔ།། མཆོད་རྫས་དབང་རྫས་བསྒྲུབས་པ་རྣམས།། ཆུ་གཙང་བདུན་པོ་དེ་ཉིད་རྣམས།། བསྟན་པས་སྐུ་གསུམ་མཆོད་རྟེན་ལ།། ཁྲུས་བྱེད་རྣམས་ཀྱིས་ཕུལ་བས་ན།། བཀྲ་ཤིས་གཙང་མའི་རྫས་སུ་གཞག། དབང ་བསྐུར་རྫས་རྣམས་གོང་དུ་བཤམས།། ཕན་ཡོན་ཆེ་བས་བསྟན་པའི་སྐུ།། དུས་གསུམ་པ་ཡི་སངས་རྒྱས་གང་།། མཆོད་རྟེན་ཆོས་སྐུ་འདི་ལས་བྱུང་།། མཆོད་རྟེན་ཆོས་སྐུ་སངས་རྒྱས་ཡིན།། རྒྱུ་དག་རྐྱེན་དང་འབྲས་བུ ་གསུམ།། གཟུགས་བརྙན་མཆོད་རྟེན་འདི་ལ་བཤད།། དང་པོ་བྱང་ཆུབ་སེམས་བསྐྱེད་ནས།། ཐ་མར་མངོན་པར་སངས་རྒྱས་ཏེ།། བཀྲ་ཤིས་རྟགས་ཀྱིས་དོན་བྱེད་པ།། ཆོས་སྐུའི་གཟུགས་བརྙན་མཆོད་རྟེན ་ཡིན།། རྒྱུ་ཡི་ཆོས་སུ་གྱུར་པ་རྣམས།། ཚིག་དང་གྲངས་དང་བཤད་པ་དང་།། བཤགས་དང་དབང་དང་མངོན་སྤྱོད་པ།། ཆོས་སྐུའི་གཟུགས་བརྙན་འདི་ལ་ཚང་།། ས་དང་ཆུ་དང་དགོས་གྲུབ་ཀྱང་།། ཡོན་ཏན་མཐར ་ཕྱིན་ལ་སོགས་རྣམས།། སངས་རྒྱས་ཉིད་དུ་བསྒྲུབ་པ་ཡང་།། ཆོས་སྐུའི་གཟུགས་བརྙན་དེ་ཉིད་དོ།། ཕྱོགས་བཅུ་དང་ནི་དུས་བཞི་རྣམས།། ཕྱི་ནང་སྣོ་བཅུད་མ་ལུས་པ།། བྱང་ཆུབ་སེམས་རྟོགས་གང་ཡིན ་ལ།། མཆོད་རྟེན་ཆོས་སྐུ་ཉིད་དུ་བསྟན།། ཕྱོགས་བཅུ་ཀུན་ཏུ་གཤེགས་པ་ཡི།། སངས་རྒྱས་བསམ་ཡས་མང་པོ་ལ།། མཆོད་རྟེན་ཆོས་སྐུར་སྣང་བ་ལས།། གཞན་དུ་ལོག་རྟོག་གང་ཡང་མེད།། ཆོས་སྐུ་དེ་ཉིད་མ ་རྟོགས་ལ།། གཟུགས་སྐུ་སྣ་ཚོགས་སྐྱེ་བར་བསྟན།། མ་རྟོགས་སེམས་ཅན་རྣམས་ལ་ནི།། གཟུགས་དང་རྫས་ཀྱི་ངོ་བོར་སྣང་།། ལ་ལས་རྩེད་མོ་རྩོལ་བར་མཐོང་།། ལ་ལས་གནས་དང་རྟེན་དུ ་མཐོང་།། ལ་ལས་སྒྲིབ་སྦྱོང་ལ་སོགས་སྣང་།། ལ་ལས་ཚིག་ཆད་དོན་མེད་སྣང་།། རྟོག་པས་ཇི་ལྟར་བཏགས་བྱས་ཀྱང་།། ཆོས་སྐུ་ཉིད་ལ་རྟོགས་པ་མེད།། དཔེར་ན་ཆུ་ཟླའི་གཟུགས་བརྙན་འདྲ།། མཆོད་རྟེན་ཐ་དད ་བསྟན་པ་ཡང་།། སེམས་ཅན་བློ་རྣམས་ཐ་དད་ཕྱིར།། མི་མཐུན་བྱེ་བྲག་ཐ་དད་སྣང་།། སྣང་བ་ཉིད་ན་དངོས་པོ་མེད།། དངོས་མེད་དེ་ཉིད་དོན་དམ་གཟུགས།། རྨང་དང་བང་རིམ་ལ་སོགས་ཀྱང་།། ཆོས་ཉིད་ཐ་དད ་དབང་གི་བསྟན།། སྐུ་ཁྲུས་གསོལ་བ་དེ་ཉིད་ཀྱང་།། ཆོས་ཉིད་ཆོས་སྐུར་རྟོགས་ཕྱིར་བསྟན།། ཞལ་སོ་བྱས་པར་སྣང་བ་སྟེ།། ཆོས་སྐུ་བསྐྱེད་དེ་མི་འགྱུར་བ།། རིག་པས་བརྟགས་པས་འགྱུར་བ་མེད།། དེ་ཉིད་ཞལ་སོ། ་བྱས་པའོ།། སྐུ་ལ་ན་བཟའ་གནས་པ་ནི།། ཕྱི་ནང་སྣོད་བཅུད་མ་ལུས་ལ།། ཡེ་ནས་ཆོས་སྐུར་གནས་པ་དེ།། གང་གི་གསལ་བར་རྟོགས་པའོ།། དབུ་ལ་སྦྱང་དུ་གནས་པ་ནི།། ཁམས་གསུམ་ཐམས་ཅད་ཆོས་ཀྱི ་རྗེ།། ཆོས་སྐུའི་གཟུགས་བརྙན་མཆོད་རྟེན་དེ།། གཞན་ལ་སྒྲོགས་ཤིང་སྣང་ཕྱིར་མིན།། ཟུར་དང་བང་རིམ་དབྱིངས་རྣམས་དོད།། ཆོས་ཉིད་ཐ་དད་གསལ་བ་རུ།། གནས་སྐབས་མི་མཐུན་བསྟན་པ་ཡིན།། དབྱིབས ་དང་ཁ་དོག་མང་པོ་ཡང་།། སངས་རྒྱས་རོལ་པའི་ཐབས་ལས་མེད།། སེམས་ཉིད་དབང་གིས་ཅིར་སྣང་ཡང་།། སངས་རྒྱས་རྣམས་ནི་སྐུ་གདུང་ཡིན།། གཟུགས་བརྙན་མཆོད་རྟེན་ཞེས་སུ་བསྟན།། བསྟན་པའི ་གཟུགས་བརྙན་རིང་བསྲེལ་ཡིན།། དམ་པའི་དོན་གྱི་མཆོད་རྟེན་ལ།། གཟུགས་བརྙན་ཙམ་དུ་སྣང་བ་མེད།། དེ་ཉིད་རྟོགས་པས་སངས་རྒྱས་འགྲུབ།། གཟུགས་ལ་མི་རྟེན་ཆོས་ཉིད་ནི།། ཆོས་སྐུ་དེ་ཉིད་གུད་ན ་མེད།། མེད་པ་མ་ཡིན་མི་རྟོགས་ཡིན།། དཀྱིལ་འཁོར་རི་མོ་གཟུགས་ལ་སོགས།། བྱས་པ་མ་ཡིན་ཆོས་ཀྱི་སྐུ།། བྱར་མེད་རྟོགས་ན་ཆོས་སྐུ་ཐོབ།། སངས་རྒྱས་ཉིད་ལ་རྟོག་པ་མེད།། མཆོད་རྟེན་དབྱིངས་ལ་ཐ་དད ་བསྟན།། རྩི་ཤིང་ནགས་ཚལ་ཐ་དད་པ།། མཆོད་རྟེན་དབྱིངས་སུ་བསྟན་ཡང་རུང་།། གཟུགས་སྐུ་རི་མོར་གཏོད་པ་ལ།། མཆོད་རྟེན་དངོས་སུ་བརྩིག་པ་དང་།། སྣོད་ཀྱི་འཇིག་རྟེན་ཆགས་པ་ཡི།། རི་རབ་གླིང་དུ ་གསལ་བ་དང་།། རྣམ་པ་མང་པོར་བཤད་པ་ཡང་།། མིང་དུ་འདྲ་སྟེ་དོན་དུ་མིན།། མཆོད་རྟེན་དབྱིབས་ལ་འདྲ་སྤྱད་ན།། བར་སྣང་སྤྲིན་ལ་མཆོད་རྟེན་གཟུགས།། མུ་སྟེགས་དག་གི་རྟགས་མཆོད ་ན།། དངོས་གྲུབ་ཐོབ་པར་ག་ལ་འགྱུར།། མཆོད་རྟེན་དབྱིབས་ཉིད་མི་མཐུན་པ།། རང་དགར་བྱས་ལ་མ་ཡིན་ཏེ།། ཆོས་ཀྱི་དོན་ལ་མཚོན་པར་བྱེད།། སེམས་ཅན་རྟོག་པས་བཅིངས་པ་ལ།། ཆོས་སྐུའི་དབྱིབས་ཀྱི ་རྟོག་པ་དགྲོལ།། སྐུ་གདུང་མང་པོར་དབྱིབས་བསྟན་པས།། དོན་ལ་བྱེ་བྲག་རྟོགས་པར་བྱེད།། ཡེ་ཤེས་བྱེ་བྲག་རྟོགས་པ་ལ།། ཐ་དད་མེད་དེ་ཟ་དད་སྣང་།། ཡེ་ཤེས་ཆེན་པོའི་རང་བཞིན་ལ།། དོན་དུ ་མི་འགྱུར་སྐུ་གདུང་མིན།། མཚོན་གང་ཙམ་གྱི་མཆོད་རྟེན་ལ།། ཉུང་འབྲུ་ཙམ་གྱི་བུམ་པ་བཏགས།། ཁུ་བྱུག་ལྕེ་ཙམ་འཁོར་ལོ་བྱས།། བ་ལི་ཙམ་གྱི་ཆར་ཁབ་བྱས།། དེས་ཀྱང་སྣང་སྲིད་མ་ལུས་གང་།། སངས་རྒྱས ་ཉིད་དུ་འགྲུབ་པར་ངེས།། བྱང་ཆུབ་སེམས་ཀྱི་གསལ་ཕྱེ་ན།། རྡུལ་ཅིག་ཙམ་གྱི་སྐུ་གདུང་ལ།། མཆོད་པ་ཐང་ཅིག་མཆོད་པས་ཀྱང་།། ད་ལྟ་ཉིད་དུ་དངོས་གྲུབ་ཐོབ།། རྟོགས་པའི་ཏིང་འཛིན་མ་གསལ་ན།། རི་རབ ་ཙམ་ཅིག་བཞེངས་གསོལ་ཡང་།། སང་རྒྱས་དངོས་གྲུབ་ཆོས་སྐུ་མེད།། ལས་ལ་འབད་པས་ལྷ་མི་ཙམ།། ཏིང་འཛིན་རྟོགས་པས་ཟིན་འགྱུར་ན།། གཅིག་བཏབ་བྱེ་བ་བཏབ་དང་འདྲ།། རྡུལ་ཕྲན་ཙམ་གྱི་མཆོད་རྟེན ་འཇིག་རྟེན་ཁམས་རྣམས་ཁེངས་པར་འགྱུར།། ཏིང་ངེ་འཛིན་གྱིས་གསལ་བར་འགེངས།། མཆོད་རྟེན་གྲངས་ལས་འདས་པ་རྣམས།། སྐ་གདུང་རྡུལ་ཕྲན་ཙམ་དུ་འདུས།། སྐེ་མེད་ཆོས་སྐ་གཅིག་ལས ་མེད།། ལམ་སྲང་དངོས་ཀྱི་རྡོ་དངོས་དང་།། གཡའ་གངས་གཙང་མའི་གནས་དག་ཏུ།། རི་ཕུག་ས་ཕུག་ཁྱིམ་ལ་སོགས།། རྡོ་ཤིང་ས་ཕག་འཇིམ་པ་རྣམས།། དེ་ལ་སྐུ་གདུང་བྱས་སམ་སྟོད།། རབ་གནས་མཆོད་པ་བྱས ་པ་ན།། བསྐོར་བ་ལྷ་ཕྱག་བྱས་པ་ན།། བརྒྱ་རྩ་བརྒྱད་པོ་བྱས་པ་དང་།། དོན་ལ་ཁྱད་པར་གང་ཡང་མེད།། སྐོར་ཕོར་མཆོད་རྟེན་བྱས་པ་དང་།། དངོས་སུ་བརྩིག་པ་བྱས་པ་གཉིས།། རྟོགས་པའི་དབང་ལ་འདྲ་བ ་སྟེ།། བློ་ཆེ་གསལ་བ་རྣམས་ལ་ཡིན།། བློ་དམན་ཤེས་རབ་ཆུང་བ་ལ།། དངོས་སུ་བརྩེགས་ན་ལས་ཀྱིས་འབད།། འབད་པ་ཙམ་ན་ཤེས་རབ་སྐྱེ།། དཀྱིལ་འཁོར་ཆོ་ག་ལ་སོགས་པ།། རང་གི་རྟོག་པས་མ་ཟིན ་ན།། རང་གི་སྒྲིབ་པ་བྱང་བ་དང་།། སངས་རྒྱས་ཐུགས་རྗེས་དགོངས་པ་དང་།། སློབ་དཔོན་ཤེས་རབ་བཤད་བསྟན་གྱིས།། བློ་ཆུང་དངོས་གྲུབ་ཐོབ་པ་ན།། ཅུང་ཞིག་ཁྱད་པར་ཡོད་པར་བཤད། སྐོར་ཕོར་སྣོད་ཀྱི ་འཇིག་རྟེན་དང་།། ཆོས་ཀྱི་དབྱིངས་སུ་གསལ་བས་དག། ནང་དུ་གཟུགས་བརྙན་བཞུགས་བཞག་པ།། ཕྱོགས་བཅུར་ཆོས་སྐུའི་གཟུགས་བརྙན་གསལ།། ས་ལ་བཏབ་དང་ཆུ་ལ་བཏབ།། མེ་དང་རླུང་དང་ནམ་མཁའ ་དང་།། ཕྱོགས་དང་མཚམས་དང་སྟེང་འོག་ཏུ།། དངོས་སུ་བཏབ་ཅིང་བཟླས་པ་དང་།། ཏིང་ངེ་འཛིན་གྱིས་གསལ་བ་ན།། ཀུན་ཀྱང་ཆོས་སྐུའི་གཟུགས་བརྙན་ཡིན།། ཆོས་རྣམས་ཐམས་ཅད་དེ་ལ་གནས།། ཏིང ་འཛིན་གཟུགས་བརྙན་ཞེས་སུ་བཤད།། ཐམས་ཅད་ཆོས་སྐུའི་རང་བཞིན་དུ།། མ་གྱུར་པ་ནི་གཅིག་ཀྱང་མེད།། མཆོད་རྟེན་དབྱིངས་སུ་ཐམས་ཅད་གསལ།། ཆོས་སྐུའི་གཟུགས་བརྙན་ཐམས་ཅད་བཤད།། མཆོད ་པའི་རྫས་དང་སྒྲ་རྣམས་ཀུན།། བཀྲ་ཤིས་དོན་དུ་བཤད་པ་སྟེ།། རེ་རེ་ལ་ཡང་དགོས་ཆེད་རེ།། ཆོས་སྐུ་དག་ལ་མཆོད་པ་ཡིས།། ཡོན་ཏན་བསམ་ཡས་ཐོབ་པའོ།། ཆོས་སྐུའི་ནང་དུ་གདུང་བཞུགས ་པ།། གདུང་ནི་དོན་དམ་རྟོགས་པའི་རྟགས།། ཆོས་སྐུའི་གཟུགས་བརྙན་རྟོགས་ཕྱིར་དང་།། བྱང་ཆུབ་འདོད་པས་གཞུག་པ་བསྟན།། རྡོ་རིངས་ཞེས་སུ་བསྟན་པ་བཞི།། སྔོན་གྱི་ཆོས་ཀྱི་ཞལ་བ་ཞེས་པ།། རྒྱལ་ཆེན་བཞི ་པོ་ཡིན་པར་བཤད།། དོན་དུ་གཟུགས་བརྙན་མཆོད་རྟེན་ལ།། མ་ཚངས་པ་དང་མ་འདུས་པ།། ཆོས་ཉིད་ངང་ལ་དབྱེར་བཤད་མེད།། ས་དང་ཆུ་དང་མེ་དང་རླུ།། ནམ་མཁའ་ལ་སོགས་འབྱུང་བ་ལྔ།། ལྔ་པོ་དེ་ཉིད་མཆོ ་ད་རྟེན་ཡིན།། ཆུ་ཡི་ཕྲ་རགས་དེ་ཉིད་ཀྱང་།། མཆོད་རྟེན་དག་ཏུ་གནས་པའོ།། མེ་དང་རླུང་གི་ཕྲ་རགས་ཉིད།། གཟུགས་བརྙན་མཆོད་རྟེན་བྱེ་བྲག་སྟེ།། བང་རིམ་ཁྲི་འཕང་རྨང་ལ་སོགས།། མཆོད་རྟེན་ཉིད་དུ་ཡེ ་ནས་གནས།། ཕྲ་རགས་རྡུལ་ཉིད་ཆགས་པ་སྟེ།། གཟུགས་བརྙན་དབྱིབས་སུ་ཡེ་ནས་བསྟན།། རྡུལ་ཕྲན་ཙམ་གྱི་མཆོད་རྟེན་དེ།། རྨང་དང་ཁྲི་འཕང་བང་རིམ་ཀུན།། དབྱིབས་རྣམས་ཚང་བར་བཞེངས་པའོ།། འབྱུང ་བ་ལྔ་ལ་གནས་པ་ཡི།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། འབྱུང་བ་ལྔ་ལ་མཆོད་རྟེན་འབད།། ཡང་ན་དོན་གྱི་དབང་གི་ན།། དངོས་སུ་རྟེན་པ་མཐའ་དག་པ།། ས་ལ་མཆོད་རྟེན་བཏབ་ཅེས་བྱ།། སྡུད་པར་བྱེད་པ ་ཆུ་ཡིན་པས།། ཆུ་ལ་བཏབ་ཅེས་དེ་ལ་བྱ།། མཆོད་རྟེན་དངོས་སུ་གསལ་བྱེད་པས།། མེ་ལ་བཏབ་ཅེས་དེ་ལ་བྱ།། རླུང་གི་དངོས་པོ་མཚོན་བྱེད་པས།། ཆོས་རྣམས་རླུང་ཡོད་པས།། རླུང་ལ་བཏབ་ཅེས་དེ་ལ་བྱ།། ཆོས ་ཉིད་ངང་ལ་དོན་གྱིས་ན།། གཅིག་ལ་ལྔ་ཚན་ཀུན་ཀ་ཚང་།། དེ་ལྟར་རྟོགས་ན་མཆོད་རྟེན་གདབ།། ནམ་མཁའ་དངོས་པོ་མེད་པ་ལ།། གསལ་ཞིང་གོ་འབྱེད་མཚན་མར་སྣང་།། མཆོད་རྟེན་གསལ་ཞིང་གཟུགས ་བརྙན་བྱེད།། འབྱུང་བ་ལྔ་པོ་ཡེ་ནས་གསལ།། མཆོད་སྐུའི་མཆོད་རྟེན་ཡེ་ནས་གསལ།། རང་འབྱུང་མཆོད་རྟེན་འབྱུང་བ་ལ།། ཡེ་ནས་འབྱུང་བས་རང་འབྱུང་ངོ་།། ཕྱོགས་དང་མཚམས་ཉིད་ཆོས་ཉིད་ལ།། ཆོས་ཉིད ་ང་ལས་རང་འབྱུང་ངོ་།། སྟོན་པས་སྤྲུལ་པ་དོན་མཛད་དེ།། འགྲོ་བ་ཐ་དད་སྣང་བ་ལ།། སྤྲུལ་པས་མཐུན་པའི་དོན་བྱེད་པས།། སྤྲུལ་པའི་མཆོད་རྟེན་ཞེས་སུ་བསྟན།། ཆོས་ཉིད་དངོས་པོ་མེད་པ་ལ།། ལས་ཀྱི་དབང ་གིས་དངོས་པོའི་གཟུགས།། གཟུགས་བརྙན་མཆོད་རྟེན་ཞེས་སུ་བསྟན།། ཆོས་ཉིད་དོན་དང་འདྲ་བའི་གཟུགས།། དོན་ལ་བརྙན་པས་གཟུགས་བརྙན་ནོ།། རྟགས་པས་སྣང་བའི་ངོས་པོ་ལ།། སྐུ་ཡི་གཟུགས་བརྙན ་ཞེས་སུ་བསྟན།། ཁྱད་པར་དེ་སྙེད་བསྟན་པ་ཡང་།། གདུལ་བྱའི་ངང་སྟེ་ཐ་དད་མེད།། མཚོན་དང་རྟོགས་པར་བྱ་བའི་ཕྱིར།། ཇི་སྙེད་འདོད་པ་དེ་སྙེད་བསྟན།། བསྟན་པ་ཉིད་ན་དངོས་པོ་མེད།། ཡོད་མེད་གཉིས་ལས ་འདས་པ་ཡི།། ཆོས་ཀྱི་སྐུ་ཡི་གཟུགས་བརྙན་འདི།། མ་འོངས་སྐལ་ལྡན་དོན་གྱི་ཕྱིར།། ཐུགས་ལས་ལྗགས་སུ་ཕྱུང་སྟེ་བསྟན།། བསྟན་པའི་རྒྱུད་ཆེན་རྒྱལ་པོ་འདི།། སྐལ་ལྡན་རྣམས་ཀྱི་གདེང་དུ ་ཞོག། དགའ་དང་གུས་པས་ཕྱག་འཚལ་ལོ།། རབ་སྟོད་སྐུ་ལ་ཕྱག་འཚལ་ལོ།། དོན་གྲུབ་ཡོད་པས་གཞན་ན་མེད།། ཐུགས་རྗེར་ལྡན་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། ཆོས་ཀྱི་སྐུའི་གཟུགས་བརྙན་སྐུ་གདུང ་མངོན་པར་བསྟན་པའི་རྒྱུད་ལས།། ལས་ཁ་བསྐང་བ་དང་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། མཆོད་རྟེན་གྱི་ཆོ་ག། བཙན་པོས་ཕྱག་སྦལ་ནས།། ལོ་ཙཱ་བ་བན་དྷེ་རིན་ཆེན་མཆོག་གིས་བསྒྱུར ་བ།། གཟུགས་ཆེན་པོ་མ་ཡིན་པ།། རྒྱུད་ཆེན་པོར་རྟོགས་པའོ།། བི་མ་ཨུཥྞཱི་ཥའི་སྐུ་གདུང་མངོན་པར་བསྟན་པའི་རྒྱུད་རྫོགས་སོ།། །། དད་ལྡན་སེམས་ཅན་རྣམས་ཀྱི་ལས།། སྐུ་གདུང་བཞེངས་པའི་ལས་བྱེད ་པས།། རྒྱུད་འདིའི་རྗེས་སུ་འབྲངས་བྱས་ཏེ།། ལས་ཀྱི་རིམ་པ་མ་ནོར་བར།། ཡན་ལག་ཚང་བར་བྱས་ནས་ནི།། མཆོད་རྟེན་སྐུ་གདུང་ལས་བྱས་ན།། གཅིག་བཏབ་བྱེ་བ་བཏབ་དང་མཚུངས།། དཔུང་བཟངས་ཞུས ་པའི་རྒྱུད་དག་ལ།། གང་གིས་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས།། རང་གི་འདོད་པའི་ལྷ་དེ་མ་འགྲུབ་ཅིང་།། གསང་སྔགས་འབྲས་བུ་ཐོབ་པར་མ་གྱུར་ན།། དེ་ཚེ་བདེར་གཤེགས་སྐུ་གདུང་ས་ཚྭ་གདབ་པར ་བྱ།། ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ།། དེས་ནི་བསྐལ་པར་བསགས་པའི་སྲིད་ཞན་རྣམས།། གྲོལ་བར་འགྱུར་ཏེ་ཉེས་པ་ཀུན་ཟད་ནས།། གསང་སྔགས་འབྲས་བུ་ཚེ་འདི་ཉིད་ལ་ཐོབ།། དེ་ནས་སྐུ ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་ཡང་།། དེ་ཡི་ལས་བྱས་འབྱང་བར་ཏེ་འབྲས་བུ་ནི།། མཆོད་རྟེན་ཆོས་སྐུའི་ཡོན་ཏན་ཐོབ་པར་འགྱུར།། ཞེས་འབྱུང་བས་ཕན་ཡོན་ནི།། དཔག་ཅིང་གཞལ་བ་ལས་འདས་པར ་གསུངས་སོ།། །། @#། རྒྱ་གར་སྐད་དུ།། དེ་བ་ཧུ་ཡེ་ཤེས་ཡ་མན་ཧྲི།། བྷཱུ་ཏི་ཏནྟྲ་ནཱ་མ།། བོད་སྐད་དུ།། ལྷ་འདྲེ་གཉིས་མེད་ཀྱི་རྒྱུད་ཅེས་བྱ་བ།། དཔལ་ཀུན་ཏུ་བཟང་པོ་ཐིག་ལེ་ལྷུན ་