| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བུདྡྷ་སརྦ་པུ་ཏྲ་ཨེ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད། གསང་བའི་སྒྲིབ་པ་གཅོད་པར་བསྟན་པའི་ས་བོན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས ་ཆོས་ལས་འདས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། ཆོས་ཉིད་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉི་མ་སྤྲིན་ལས་འཐོན་པ་བཞིན་དུ་འབྱུང་ངོ་།། དེའི་ཚེ་སེམས ་ཅན་ཐམས་ཅད་སངས་རྒྱའོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པོ་འདི་དང་པོར་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་རང་བྱུང་དུ་གསུང་བའི་དུས་ན། དེའི་ཚེ་སྒྲ་ཟོས་པ་དང་། འཁོར་ན་གནས ་པ་ཐམས་ཅད་སངས་རྒྱས་སོ།། ད་ལྟ་ཡང་ཚིགས་སུ་བཅད་པ་གཅིག་གི་སྒྲ་ཐོས་པས་ཀྱང་ཐོས་ཚད་སངས་རྒྱའོ།། ཐ་ན་རི་དྭགས་དང་བྱ་ཡང་རུང་ཐོས་ཚད་སངས་རྒྱའོ།། བར་དང་ཐ་མར་ཡང་འདི་དང་འཕྲད ་ནས་རྒྱའོ།། ཆོས་ཀྱི་སྒོ་མོ་བརྒྱ་ཁྲག་ཁྲིག་ལ་བཅད་ཀྱང་། འདི་དང་མ་ཕྲད་ན་ཟད་ཀའི་འབྲས་བུ་ལས་སངས་མི་རྒྱའོ།། ཆོས་ལ་ཟད་ཀའི་འབྲས་བུ་འབྱུང་ངོ་།། འདི་ནི་གང་སུ་ཡང་མི་སངས་རྒྱ་བ་དང་མི་ཕྲད ་དོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འདི་དང་འཕྲད་པ་ནི་མ་རིག་པ་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སངས་རྒྱ་བའི་དུས་ལ་བབ་བོ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག ་ཨ། པ་འདི་རང་མ་ཛད་དོ།། ཆོས་མ་བྱས་པས་སངས་ཟླ་བར་འདོད་ན། ཟླ་བ་བདུན་པའི་ནཁམ་གཅིག་ཟས་ན།། ཟླ་བ་གཅིག་མན་ཉད་རང་འཐད་པས་སངས་རྒྱག།། འདིའི་ཆགས་ལ་ཉག་པའི་རྫ ་སྒྲ་གཡས་སུ་འཁྱིལ་པ་ཚོ་བུ་གཅིག་པ། སོར་མོ་འབྲེལ་པ། སྨིན་མཚམས་ཀྱི་བར་མ་ཆད་པ། རྒས་ནས་སེའུ་སྐྱེ་བ། སོ་དུང་སོ་འཁོར་བར་ཡོད་པ་དེ་ཡང་རྩོལ་བའི་ཆོས་ཡིན་ནོ།། རྩོལ་བ་མེད་པར་མ་བྱས་པར་སངས ་རྒྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདི་ཡོད་པས་སངས་རྒྱའོ།། འདི་ཡོད་ན་ཚེ་འདི་དགོས་པ་ཐམས་ཅད་ལྷུན་གྲུབ་ཏུ་འོང་ངོ་།། ཚེ་འདི་འདས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ།། དོན་ཡིད ་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི། ཚེ་འདིའི་དགོས་པ་ཐམས་ཅད་འོང་ངོ་།། སངས་རྒྱས་ཀྱི་འབྲས་བུ་མི་འོང་ངོ་།། དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ལ། ཚེ་འདི་ལ་དགོས་པ་ཐམས་ཅད་འོང་ངོ་།། ཚེ་འདི ་དང་ཕྱི་མ་སངས་རྒྱ་བས། དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་བཅང་བར་བྱའོ།། ཀློག་པར་བྱའོ།། ཚུལ་བཞིན་དུ་ཡིད་ལ་བྱའོ།། ཀུན་ཆུབ་པར་བྱའོ།། བཅངས་ནས་སུ་ལ་བསྟན་ཀྱང་སངས་རྒྱའོ།། བྲིས་ན་སྒོ ་ཁྱི་ཡན་ཆད་སངས་རྒྱའོ།། ཀླག་ན་སྒྲ་ཟོས་ཚད་སངས་རྒྱའོ།། ཨོཾ་ཨཱཿཧཱུཾ་ཨེ་མ་ཀི་རི་ཀི་རི། མས་ཏ་བྷ་ལི་བ་ལིཿས་མི་ཏ་ས་རུ་ས་རུ། ཀུནྡ་ལི་མ་སུ་མ་སུ། ཨི་ཀ་ར་སུཿལི་ལ་བྷ་ཡེ་རྩ་ཀྲི་ར་བྷཱ་ལི། པ་ཙ་ཡེ་ས་མུན ་ཙརྱ་སུརྒ་ཡཿབྷི་ཏ་ས་ན་འབང་འག་ལི་ཡེཿས་ཀི་ར་འདུ་ལི་ཡེཿཀ་མནྡ་རེ་པེ་ཏ། པ་ར་ལི། ཧི་ས་ན་མ་ཀརྷཿཀེ་པ་ན། སམྦ་ར་སྣ་ཡེ་ཙ་ཙོར་རྟག་པཿསུརྱ་གྷ་སྟ་རཿསེ་བ་ནཿཔ་ར་ན་བྷི་ཧི་སྟཾ་སུ་གུ་རུ་ལ་མ་སྦྱིན་ས ་གུ་སྟི་སྟ་ཡང་བ། འགུ་ར་འགུ་ར། ས་ཁ་ར་ན་ལཾ། ན་ར་ན་ར། ཨཱི་ཐར་བ་ཏ་ལཾཿསི་རྣ་སི་རྣཿབྷེ་ས་ར་བ་ལཾཿབྷུནྣ་བྷུནྣ་ཚི་ཤ་བ་གེ་ལཿས་ས་རི་རི་ལི་ལིཿཱི་ཨི་མི་མི་ར་རཿཛོང་པོ་ཀེ་ཛ་ལོ་མོ་ཀེཿཛ་ལི་ཛ་ལིཿཛི ་ལི་ནིཿབླ་ར་སུ་དྷ་ལ་ག་ཤན་ས་ན་རུ་རྱཿ་མ་མེཿ་མ་མེཿ་མ་མེཿ་མ་མེཿ་མ་མེཿན་བཱ་མེ་མ་ཏ་མེཿཛ་ཏ་ཡེཿཁ་བ་ར་མེཿབཱ་བཱཿབོ་ག་བེ་བ་ཛ་བེཿཁ་བ་ར་ཁ་ཨ་ཛ་ལ་ཏི་ལི་ཛ་ན་རྡུ་ལེ་ཛནྡུ་མུ་ཁེཿབ ་ཏ་ར་བ་ཏཾཿསྲིད་དྷསྟ་པྲེ་ཏ་ནནཿཧྲི་ཁ་ནན་ཧྲི་ད་ལ་དྱ་དྷ་ཧ་ཁམ། ཙིནྟ་པ་ཁཾ། ཙག་པུ་ཛོ་ཏིཿཤ་བ་ཁ་སྟཿསརྦ་ཀྵེ་ཡཿཧྲི་ད་སུ་རཿབྷེ་ཡ་ཁཿཛ་ཁ་གཿསུ་ར་ཁགཿབི་ཏ་མཿ་སྨཱི་ཁཱ་གཿ་སྠི་ཁཱ་གཿམྲི་ཁཿམྲི་ཁཿ ་བྱ་བ་ཚེ་ད་ཀརྨཿདུ་ནེ་དུ་ནེཿསུ་པ་ཏ་བྱ་ལ་ཚེ་ག་ཡན་ན་ཀྲིཿ་ནུ་སྟཿཁ་ག་ནེ་ར་ཁཿ་གུ་ལེཿབྷཾ་གུ་ལ་བཾ་ཀུ་ལེཿཀུ་ལ་ནཿིནྡྲ་པ་ལིཿབ་བ་ཏཿབྱ་བ་རྩེ་ཏ་ཁཱ་བཱཿཙ་པྲ་ཏིཿཙ་པྲ་ཏིཿཙ་པྲ་ཏིཿ་མེ་ཏཿཏ་ར་ཤ་རེ ་བ་ཤ་ཁ་ས་མཿཀྲི་ཛོ་ཏིཿཁ་སྟ་ཛ་སྟེཿཛ་ཏ་ཛོ་ཏིཿན་ཤ་བི་རི་སི་བི་སཿབི་དང་ཛིཿམ་ཏི་ཀྲ་མཿབི་བ་ཀྲི་བཿཧི་ལི་ཧི་ལི་ལེཿ་ན་ན་སྲ་ཏིཿས་མ་ཡཿནི་ཤེ་ཏ་མ་ནཿ་མ་མེ་ཤེཿཕ་ལ་ཀུ་ཏཿཔ་ལ་ནིཿ་ཏི་པ ་བ་ཀར་མ་ཤ་ཡེཿཔྲ་དུར་བཿབ་སུ་རུ་ཤ་སྠཱ་མཿ་ས་མཿ་ས་མཿཙ་ས་མ་ཡཿབྱི་ཏཾ་ཏ་ཏ་ཐཱ་ག་ཏ་སྲཧཱ། ཨོཾ་ཨཱ་ཧཱུཾ། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་གསང་བའི་སྒྲིབ་པ་གཅོད་པ་གཏན་པའི་ས་བོན ་གྱི་རྒྱུད་ཅེས་བྱ་བ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོའི་གདམས་པ། སངས་རྒྱས་ཐམས་ཅད་ཀྱི་འབྲས་བུ་གབ་པ་གནད་ཀྱི་གདམས་པ། སྠིཿརྒྱ་རྒྱ་རྒྱ་ཁ་ཐཾ། ཨོཾ་བཛྲ་ཀྲོདྷ་ནི་ལ་ཀ་ཨ་བྷི་ཥིཉྩ། ཞེས་རྟགས ་པས་ཕུང་པོའི་བདུད་བཅོམ་ནས། སངས་རྒྱས་རྡོ་རྗེ་གཞོན་ནུའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པར་འགྱུར་རོ།། ཉོན་མོངས་པའི་བདུད་འཇོམས་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་བྱེད ་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་མུ་དྲ་ཛྙཱ་ན་མ་བཛྲ་ས་ར་ཎ་ཧཱུཾ་པ་ར་ན་ཕཊ་ཅེས་རྟགས་པས་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པར་འགྱུར་རོ།། སྐུ་ལ་སྤྲུལ་པ་དང་ཡང་སྦྲུལ་གྱི ་རྟགས་པའོ།། ལྷའི་བུའི་བདུད་འཇོམས་པར་བྱེད་པ་སྣང་བའི་སྤྱོད་ཡུལ་ལོག་པའི་ངན་འཁྲིད་ཐམས་ཅད་སེལ་བར་བྱེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལ་ཧཱུཾ། ཚིནྡ་ཚིནྡ། བྷིནྡ་བྷིནྣ། ཧ་ན་ཧ་ན། ད་ཧ་ད ་ཧ། པ་ཙ་པ་ཙ་པ་ཧཱུཾ་ཕཊཿཅེས་རྟགས་པས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱ་བར་འགྱུར་རོ།། འཆི་བདག་གི་བདུད་འཇོམས་པར་བྱེད་པའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ ་བྲི་བ་ཧྲིཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པ་ན་ཙཿོཾ་ཨཱ་ཡུ་ཛྙཱ་ན་མ་ཧ་པུ་ན་ཨ་ཏི་སྟིཥྛ་ཨོཾ་ཞེས་རྟགས་པས་བཅོམ་ལྡན་འདས་རྟ་མགྲིན་རྒྱལ་པོ་སྐྱེ་ཤི་མེད་པ་ཆེའི་དངོས་གྲུབ་ཐོབ་ནས་རྟགས་པ་ཆེན་པོའི་ཡུང་དྲུང་དུ་བཞུགས ་སོ།། མ་རིག་པའི་རྩ་བ་གཅོད་པའོ།། དུག་ལྔ་རང་གྲོལ་དུ་འགྲོ་བའོ།། འཁོར་བ་ཐོག་མ་མེད་པའི་ལས་ངན་གྱི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ཕྱགས་པའོ།། བདུད་བཞི་བཅོམ་ལྡན་ནས་སྐུ་བཞིར་སངས་རྒྱས ་པའོ།། ཆོས་མ་བྱས་པར་སངས་རྒྱས་པ་འདི་ནི་སྤྲུལ་པའི་སྐུ་དང་འཕྲད་པར་འགྱུར་རོ།། དོན་ནོ་བུ་རིན་པོ་ཆེ་ཆེན་པོ་འདི་ལ་སྤྱད་དོ།། ཆོས་རིན་པོ་ཆེ་འདི་མེད་པར་གཞན་གྱིས་སངས་མི་རྒྱའོ།། འདི་ཡོན་ད་ཆོས་མ ་བྱས་པར་སངས་རྒྱའོ།། དོན་ནོར་བུ་རིན་པོ་ཆེ་འདི་ཡིན་ནོ།། དེའི་ཡོན་ཏན་ལེགས་པར་བསྟན་པ་ནི། འདིའི་ཡོན་ཏན་བཤད་པ་དང་། ཉན་པ་དང་། སྒོམ་པ་དང་། བྱས་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱའོ།། ཨོཾ ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾཿཡང་དག་གསང་བའི་སྐད་དུ། མ་མ་ཀོ་ལི་ས་མནྟཿབོད་སྐད་དུ། རང་བྱུང་རིག་པའི་ཏནྟ། ཨེ་མ་འདི་འཛིན་རྣལ་འབྱོར་སྐལ་བ་ཆེ།། འདི་ཀློག་རྣལ་འབྱོར་སྐལ་བ་ཆེ།། འདི་འཆང་རྣལ་འབྱོར་སྐལ ་བཔབ་ཆེ།། འདི་ནི་རང་བྱུང་ཆེན་པོའོ།། ཨེ་མ་ཀི་རི་ཀི་རིཿམ་སྟ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ་ཀུནྣ་ལི་མ་སུ་མུ་སུཿེ་ཀ་རི་ལི་སུ་བྷ་ས་ཏ་རྩ་ཀི་ར་སུ་ལིང་ཀོ་ཏཿལྕེ་ཡེ་ས་མུན་ཏ། ཙརྱ་སུ་གྷ་ཡཿབྷི་ས་ཧིས་སི་ས་ན ་བྱང་གྷུ་ལི་ཀེ་ས་ཀེ་ས་དྷཱ་ནཿམ་ཏི་ར་པེ་ཏ་ནཿཔི་ར་ན་ལི་ཧ་སི་ན། སཾ་བུདྡྷ་ར་ཏ་མེ་ག་ཙརྡྷ་ས་སུ་རྱ་བྷཱུ་ཏ་རཿེ་པ་ཤེ་ན་ཏ་པཿས་རང་བྷི་ཏི་ས་གྷ་ལི་ཏི་ཡ་ཐཾ་གྷུ་ག་གྷུ་རཿསག་ཁ་ར་ལཾ་ར་ན་ར་ཨི་ཐ ་ར་བཿབྷུ་ད་ཏ་བུདྡྷ་འཆིཿཤས་གྱེ་རིས་ས་ར་ར་རི་ལ་ཁེ་བ་ཏཿས་སིར་སྣ་སིར་སྣ་བྷེ་ས་བྷེ་ས་རས་ས་ལཾཿཱི་ཨཱི་མ་མཱ་ར་རཱ་ཨཿཽ་ཨཱཿཧཱུཾ། འདི་ཡབ་ཀྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་པོའོ།། ཨེ་མ་ཀི་རི་ཀི་རིཿ ་སྨས་བྷ་བ་ལི་ས་མི་ཏ་སུ་རུ་སུ་རུ། ཀུནྡ་ལི་མ་སུཿི་ཀ་རི་ལི་བྷ་ཏ་ཡཿཙ་ཀ་བྷུ་ལི་ཏཿལྕེ་ཡང་ས་མུནྟཿཙརྱ་སུརྱ་གྷ་བྷ་ཏིཿས་མ་ན་བྱང་གྷཱ་ཡེཿཀེ་དྷ་ཀེ་རེ་དྷ་ཀ་མ་ཧ་རི་སཿ། ཧ་ན་པར་ར་རི་ཧི་ས་མ་ནཿཁ་ར་ཏྲ་ལ ་ནཿསཾ་བྷུ་ར་ཏ་མེ་ག་ཙར་སྟཾཿདྷ་བྷ་སུརྱ་གྷ་ར་ཏ་ཨཿམ་ཤ་ན་པ་ར་བྷི་ཧི་སྟིས་གྷུ་ར་ལ་མ་སྨིས་གྷུ་ཏི་ལ་ཏཿཡ་གྷུ་ར་གྷུ་ར་བླངས་ཀྱི་ཁ་ནན་ལཾཿི་ཐར་པ་ཏ་ལཾ། སིར་སྣ་བྷེ་སར་ལམཿབ་གྷེ་ལཾཿས་ས་རི་རི་ལི་ལི་ཨི ་ཨཱི་མ་མཱ་ར་རཱཿོཾ་ཨཱཿཧཱུཾ། འདི་ཡན་ཆོད་ཡུམ་གྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་མོའོ།། འདི་མན་ཆད་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ་ཡོན་ཏན་ཀུན་རྫོགས་མཚོན་པར་བྱེད་པའི་ཕྱི་ཡི་གེ་ཉེར་ལྔས་བསྟན ་པའོ།། དབང་པོ་ཞེན་པ་བཟློག་པའི་ཕྱིར།། ཀརྨ་རཀྵ་གྷི་ཧཾ་ཧིཿཕུང་པོའི་ཞེན་པ་བཟློག་པའི་ཕྱིར།། བྷེ་ག་ར་ལ་ན་སོ་གད་གླིང་།། ཡུལ་གྱི་ཞེན་པ་བཟློག་པའི་ཕྱིར།། བབྷཱུ་ཏ་རི་ལ་བྷ་ལ་ཏྲིཿསེམས་ཀྱི་དངོས་པོ་སྤུར ་བའི་ཕྱིར།། རཾ་པ་ཀ་ལ་ས་མི་ཁེ་བྱུང་ཚོར་གནས་སུ་གཅད་པའི་ཕྱིར།། ན་ཏ་ས་ཕར་རས་མི་ཏཿའདུས་ཚོགས་སྣང་བ་ངོས་གཟུང་ཕྱིར།། ཁ་ཌ་རེ་གྷ་ས་མིག་རླུང་། རིག་པ་བཙོན་རར་གཞུག་པའི་ཕྱིར།། ཨ་ཁེར་ན ་བྷེ་ཙཀ་ཤ། འཁྲུལ་བའི་རང་རྒྱུད་ཁུངས་གཅད་ཕྱིར།། ཨ་རི་མུན་ཏ་ས་གུ་ལིཿརིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར།། ཡང་སཾ་ང་དུ་ས་ལ་ཡཿའཁོར་བ་དོང་ནས་འདོན་པའི་ཕྱིར།། མ་མ་ཀོ་ལི་ས་མནྟ། ཆོས་ཅན ་འཐུར་དུ་གཞུག་པའི་ཕྱིར།། གྷ་རི་ཡམ་ས་རི་མ་མ་ཏིཿརོལ་པའི་ཡུལ་ཁུངས་སྤུར་བའི་ཕྱིར།། བུ་གྷ་སིང་ཧ་ཕ་གྷ་ལཿཞེས་པའི་ཕྲེང་ཟག་བཅད་པའི་ཕྱིར།། ར་མི་སི་སཱི་ཁེ་ས་རཿལུག་རྒྱུད་ཨར་ལ་གཏད་པའི ་ཕྱིར།། བི་མི་མ་ལ་ས་ཏཾ་ཀིཿལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར།། ས་མ་ཉི་ཁམ་ཧ་ར་རཿལྷ་སྒོམ་ལོག་པ་དག་བྱའི་ཕྱིར།། བཛྲ་ས་ཏ་ཧྲི་ཏོ་མིཿས་ལམ་དུས་གཅིག་གཅད་པའི་ཕྱིར།། གྷེ་ས་ཡུ་གྷ་ར་རྣམ་ཡེཿཡིད་སྤྱོད་ལྟ་བ ་ཁུངས་གཅད་ཕྱིར།། དྷ་མི་ས་སྟཾ་སེ་གྷུ་ལི། སྐུ་གསུམ་ལམ་དུ་བློང་བའི་ཕྱིར།། རི་མི་ས་མ་ཁ་གད་ཏ།། སྣང་བ་དངོས་སུ་བླང་བའི་ཕྱིར།། རུ་ས་སི་མ་མི་ཏ་ལཾཿསྒྲ་ཡི་ཞེན་པ་མཐར་གཅད་ཕྱིར།། ང་སྟིམ་ས་ཡང་ཀེ་ལ ་ས། བསམ་གཏན་ཆེན་པོའི་ས་ནོན་ཕྱིར།། གྷ་ཙ་པ་ལ་ས་ཨི་ཏཾ། འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར།། ཀརྨ་ཨཱི་ཨ་ནུ་པ། སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར།། སཾ་ཀྲིམ་མ་ཀརྨ་ཏཿརྒྱལ་སྲས་རྣམས་ཀྱི་གནས ་རྩལ་ཕྱིར།། ང་ལ་ཁེས་ཀྱི་ལི་ས་ཨཿའདི་ཀུན་རང་ཤུག་ཚིག་ཏུ་བྱོན།། སངས་རྒྱས་སྲས་གཅིག་རང་བྱུང་རིག་པའི་ཏནྟྲ། མཐོང་ཟོས་རེག་པ་ཙམ་གྱིས་འདས་པའི་ཚེ་ན་མངོན་པར་རྫོགས་པར་སངས ་རྒྱ་སྟེ། འགྲོ་དོན་དུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ།། ཨོཾ་ཨཱཿཧཱུཾ། ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ།། རང་བྱུང་རིག་པའི་ཏནྟ་ཉམས་སུ་བླང་བའི་རིམ་པ། འདའ་ཁ་འཆི་དྲོད་འདི་ལ་དོན་རྣམ་པ་གསུམ ་སྟེ། དང་པོ་ཁོ་ནར་རྒྱུད་ཀྱི་དོན་ཕྱེ་བའི་ཁྱད་པར་བརྗོད་པ་དང་གཅིག། རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ་དང་གཉིས། རྟགས་ཀྱི་རིམ་པ་བསྟན་པ་དང་གསུམ་མོ།། དང་པོ་ནི་དབང་པོ་ལ་རྣོ་བརྟུལ་མེད་པའི ་ཆོས་ཡིན། མིག་ལོང་ཡང་མི་ལྟོ། བྱ་བ་ཚིག་གི་རྒྱུ་གཞན་ཐམས་ཅད་ལ་མིག་མེད་ན་ཚིག་དོན་མི་ཁྲོལ་བས། དོན་དེ་ལྟ་བུ་ལ་འདི་རྟགས་པས་ཆོག་པས་ཁྱད་པར་འཕགས་རྣ་བ་མེད་ན་མི་ཐོས་པས་ཉན་དུ་མི ་བཏུབ། ཟོས་པ་ལ་མ་བརྟེན་པར་མི་ཁྲོལ་བས།། འདི་རྟགས་པས་ཆོག་པས་ཁྱད་པར་དུ་འཕགས།། རྒྱུད་འདི་བྱ་ཆ་ལ་མི་ལྟོས་པར་ལུས་ཞ་བའམ། འཁུམས་སམ། མཛེས་ཁྱེར་ཡང་མི་ལྟོས་པས།། རྒྱུད་གཞན་ལུས ་ངག་གི་བཟླས་བརྗོད་ལམ་བརྟེན་པར་དོན་མེད་པ་མང་སྟེ།། འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ།། བག་ཆགས་ལ་སྲབ་འཐུག་མེད་པའི་ཆོས་ཡིན་ཏེ། སྒོམ་མི་དགོས་པས། རྒྱུད ་གཞན་མ་སྒོམས་ན་དོན་མེད་པ་མང་སྟེ། འདི་བརྟགས་པས་ཆོག་སྟེ་ཁྱད་པར་འཕགས་སོ།། ན་སོ་ལ་རྒན་གཞོན་མེད་པའི་ཆོས་ཡིན་ནོ།། སྒོམ་སྒྲུབ་ཀྱི་རྩོལ་བ་མི་དགོས་ལགས།། དབུགས་ལ་སླེབ་པས་ཆོག ་གོ། རྒྱུད་གཞན་ལ་རླུང་བཅུད་བྱེད་དགོས་ཤིང་མིན་མི་ཚ་བས་ཉམས་སུ་ལེན་དགོས་ཏེ།། འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ།། ལས་ལ་དགེ་སྡིག་མེད་པའི་ཆོས་ཡིན་ཏེ། རྒྱུད ་གཞན་ལ་དགེ་སྡིག་སྤང་བླང་མ་བྱས་པར་འབྲུས་བུ་མི་ཐོབ་སྟེ། འདི་བརྟགས་པས་མཚམས་མེད་པ་ལྔ་བྱས་པ་གཅིག་ཡིན་སྲིད་ཀྱང་།། འདི་དང་ཕྲད་པས་ངན་སོང་ལས་ཐར་པའི་འགྱུར་ཏེ། བརྟགས་གྲོལ་ཁྱད་པར ་དུ་འཕགས་སོ།། རྒྱུད་འདི་འགྲོ་དྲུག་སེམས་ཅན་གྱི་ལུས་ལ་འཆང་བ་དེ་སངས་རྒྱས་ཐམས་ཅད་ཀྱི་གདུང་འཛིན་པས། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་ཅེས་བྱའོ།། རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ ་ནི། དཔེ་འདི་གསེར་གྱི་ཡི་གེ་འབྲུ་གསུམ་པོ་མ་ཉམས་པར་དག་པར་བྲིས་ལ། དར་སྣ་ཚོགས་ཀྱིས་དྲིལ་ལ། སྨན་སྣ་ཚོགས་ཀྱིས་ཕུར་ལ། མཎྜལ་གྱི་སྟེང་དུ་བཞག་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས ་ལ།། རིན་ཆེན་སྣ་ལྔའི་མཎྜལ་དང་། གསེར་གྱི་མཎྜལ་ཁྲུ་གང་བ་ལ་གཡུས་བརྒྱན་པ་དང་། འབྲས་བུའི་མཎྜལ་ཕུལ་ལ་དབང་བསྐུར་རོ།། ཡང་ན་རྒྱུད་ཀྱི་སྔགས་བརྗོད་དེ་རྒྱུད་སློབ་བུའི་སྙིང་ཁའམ་སྤྱི་བོར་གདགས ་སོ།། སྣོད་གདམས་ཤིང་རྒྱས་གདབ་པ་ནི། སྟོང་ཐུན་དག་གི་རྒྱས་སྐོར་བཞིན་ཤེས་པར་བྱའོ།། སེམས་ཅན་གཞན་གྱི་དོན་བྱེད་ནམ་མཁའ་ལ་འཇའ་འམ། སྒྲ་འམ། འབྲུག་གམ།། ས་གཡོས་སམ། དེ ་ལ་སོགས་པ་བྱུང་བའི་ཚེ། ཁ་ཤར་དུའམ། ལྷོ་འམ། ནུབ་བམ། བྱང་དུ་བསྟན་ཏེ། རང་གི་ལྕེ་ཉིད་དྲིལ་བུ། རྡོ་རྗེ། རིན་ཆེན། པདྨ། རལ་གྲིར་བསྒོམ་སྟེ། རྒྱུད་གཞུང་བསྒྲགས་ན་འཇའ་འོད་ལ་སོགས་པའི་རྟགས་དེ ་རྣམས་སུས་མཐོང་བ་འམ་ཐོས་པ་དེ་དག་ཀྱང་། མྱུར་དུ་མངོན་པར་སྤྲུལ་པའི་སྐུ་ཐོབ་བོ།། གསང་བ་ནི་དམ་ཚིག་ཡིན་ཏེ། ང་ལ་འདི་ཡོད་ཅེས་སྨྲས་ན། རང་གི་འབྲས་བུ་རྒྱབ་ཀྱི་ཕྱོགས་པས་རྟགས་མི་བྱུང ་ངོ།། གསང་ནས་བཅངས་ན་འཆི་ཁར་སྡུག་བསྔལ་གྱི་བར་དོ་ལས་གྲོལ་ཏེ། རང་བྱུང་རིག་པའི་ཏནྟྲ་སྟེ་སྤྲུལ་པའི་སྐུ་ཐོབ་བོ།། དེ་གསུམ་བརྟགས་པས་གྲོལ་བའི་རྟགས་བསྟན་པ་ནི།། འདི་འཆང་བའི་སྐྱེས་བུ་དེ ་སངས་རྒྱས་ཐམས་ཅད་ཀྱི་མཆོད་རྟེན་དུ་རིག་པར་བྱའོ།། དེ་ཅི་ཕྱིར་ཞེ་ན། དེ་ཉིད་སངས་རྒྱས་སྤྲུལ་པའི་སྐུ་ལྔ་ཐོབ་པའི་རྟགས་སུ། དེ་ཉིད་ཚེ་འདས་པའི་ཚེ་རོ་སྲེགས་པས། འཇའ་དང་། འོད་དང་། རིང་བསྲེལ ་གསུམ་འབྱུང་ངོ་།། མེ་འོད་དཀར་གསལ་གཡོ་བ་མེད།། དུད་པ་སྔོན་པོ་གཡོན་བསྐོར་འཁྱིལ།། དེ་ལ་སོགས་པའི་རྟགས་རྣམས་འབྱུང་ངོ་།། རོ་བསྲེག་པའི་ཤིང་ཙན་དན་ནམ་རྒྱ་ཤུག་གིས་བྱའོ།། སྲེག་རྫས་ཉུངས ་ཀར་གྱི་མར་ཁུས་བྱའོ།། འོག་ཏུ་སླ་ང་བཟེད་དོ།། ཤིང་ཚིག་དུད་ཆེན་ཡོལ་བའི་ཚེ།། དེ་ལ་བརྟག་པར་བྱ་སྟེ། ཁྱད་པར་དུ་བརྟག་པ་ནི། གང་ཟག་རིགས་ཀྱི་གདུང་རིགས་ནི་རྣམ་པ་ལྔ་འབྱུང་ངམ། འོན་ཏེ་གང་རུང ་གཅིག་འབྱུང་བ་སྟེ། སླ་ངའི་ནང་དུ་བལྟ་བར་བྱའོ།། གདུང་རིགས་གང་ཞེ་ན། དེ་ཡང་སངས་རྒྱས་མཉམ་སྦྱོར་ཆེན་པོའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ལས་འདི་སྐད་གསུངས་སོ།། རྡོ་རྗེ་རྣལ་འབྱོར་ཕྱིར་མི་ལྡོག་པའི ་རྟགས་ནི། རྡོ་རྗེ་གདུང་དང་པདྨའི་གདུང་།། རིན་ཆེན་གདུང་དང་ལས་ཀྱི་གདུང་།། དེ་བཞིན་གཤེགས་པའི་གདུང་དང་ལྔ། ཞེས་པས།། ཡང་འདི་སྐད་དུ། ཤ་ཡི་རྟེན་དུ་ཤང་རི་རམ།། ཡང་དག་གདུང་དུ་བཤད་པ ་ཡིན།། ཁྲག་གི་རྟེན་དུ་ཆུ་རི་རམ།། སྲ་མཁྲེགས་རྡོ་རྗེའི་གདུང་དུ་བཤད་པ་ཡིན།། རུས་པའི་རྟེན་དུ་བ་རི་རམ།། རྒྱལ་མཚན་གདུང་དུ་བཤད་པ་ཡིན།། ཡན་ལག་རྟེན་དུ་ཉ་རི་རམ།། ཤིན་ཏུ་སྲ་མཁྲེག་ལས་ཀྱི ་གདུང་།། འབྱུང་བས་འདུས་པའི་རྟེན་དུ་ནི།། པཉྩ་ཁ་དོག་ལྔ་ལྡན་འབྱུང་།། དེ་བཞིན་གཤེགས་པའི་གདུང་དུ་བཤད།། རྒྱལ་བ་རིགས་ལྔའི་རྒྱན་ཡིན་ཏེ།། སྐུ་ལྔའི་ཚད་དུ་བཤད་པ་ཡིན།། ཟ་མ་ལྷ་སྐུའི་རྟགས་ཀྱང ་སྲིད།། དེ་རྣམས་སྐུ་ཐོབ་རྟགས་སུ་བཤད།། ང་ཡི་གདུང་གི་དཀྱིལ་འཁོར་ནི།། མེ་འོད་དམར་གསལ་འདི་ཉིད་ཡིན།། སྒྲ་རྣམས་བྱུང་ན་ངེས་པ་ཡིན།། ང་ཡི་ཐུགས་ཀྱི་རྟེན་དུ་ཡང་།། འདི་བཞིན་སེམས་ཅན་ཀུན་ལ ་གནས།། སེམས་ཅན་ཀུན་གྱི་ཙིཏྟའི་ནང་།། ཐིག་ལེ་དཀར་དམར་སེར་ལེ་བརྒན།། ལྗང་ཁུ་སྣ་ཚོགས་འབར་བའི་འོད།། སྐུ་ཡི་རྟེན་དུ་བཞག་པ་ཡིན།། འཇའ་ཚོན་ལྟར་ན་ཐུགས་ཐོབ་པས།། ནམ ་མཁའ་དྲངས་ཤིང་འདི་གསལ་བ།། དེ་ཡིས་མཐར་ཐུག་ཐོབ་སྟེ་གསང་།། ཞེས་སོ་ཞེས་པ་དང་། གདུག་འབྱུང་བའི་གནས་ནི། ཤ་རཱི་རམ་ནི་མགོ་ལས་འབྱུང་།། ཆུ་རཱི་རམ་ནི་ཁྲག་ལས་འབྱུང་།། བ་རཱི་རམ་ནི་སྒལ ་ལས་འབྱུང་།། ཉ་རཱི་རམ་ནི་རྐང་ལས་འབྱུང་།། པཉྩ་རམ་ནི་སྙིང་ལས་འབྱུང་།། ཞེས་པ་དང་། ཡང་རྟགས་དང་སྦྱར་བའི་འབྲས་བུ་ནི། ཤ་རཱི་རམ་གྱིས་སྐྱེ་མེར་ཐོབ།། ཆུ་རཱི་རམ་གྱིས་ཡོན་ཏན་འཕེལ།། བ་རཱི་རམ ་གྱིས་ལོངས་སྐུ་ཐོབ།། ཉ་རཱི་རམ་གྱིས་སྦྲུལ་སྐུ་ཐོབ།། པཉྩ་རམ་གྱིས་སྐུ་ལྔ་ཐོབ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། རྒྱུད་འདི་བཅངས་པས་ཐོབ་པར་འགྱུར།། གདུང་གི་མང་ཉུང་ལ་ངེས་པ་མེད།། གཅིག་བྱུང ་ན་རབ་ཅེས་པ་དོན་རྟོགས་འབྲས་བུར་བཅས་པའོ།། སྠི། རྫོགས་སོ།། །། རང་བྱུང་རིག་པའི་ཏནྟ།། འདའ་ཁ་འཆི་དྲོད་ཀྱི་གདམས་ངག། སངས་རྒྱས་ལག་བཅངས་སུ་གཏོད་པ།། ཀུན་བཟང་ཡབ་ཡུམ་གྱི་དགོངས ་པ་ཡི་གེར་བཀོད་པའོ།། མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ།། ས་མ་ཡ། རྒྱ་རྒྱ་རྒྱ།། ་