CLOSE WINDOW

Gpb037.047: 'phags pa 'jam dpal lta ba thod rgal chen po'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱ་རྱ་མཉྫུ་ཤྲཱི་ཨ་ཏི་ཏི་ལ་ཏན་ཏྲ་མ་ཧཱ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལྟ་བ་ཐོད་རྒལ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་ཀུན་ཏུ་བཟང་པོ་དང་། འཁོར་གྱི་རྡོ་རྗེ་སེམས་དཔའ་དང་། མཁའ་འགྲོ་རབ་ཏུ་མཛེས་མ་ཉི་མའི་འཕྲེང་བ་དང་ཐབས་ཅིག་པའི་མཁའ་འགྲོ་མ་རྣམས་དང་། བཅོམ ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བ་དང་ཐབས་ཅིག་ཏུ་བཞུགས་སོ།། གནས་ནི་ཆོས་ཀྱི་དབྱིངས་རྒྱ་མ་ཆད་པ་ཞེས་བྱའོ།། བསྟན་པ་ནི་རབ་ཏུ ་མཛེས་པ་དྲི་མེད་འབྱུང་བའོ།། དུས་ནི་རང་བྱུང་ཚོགས་པ་རང་སྣང་གི་དུས་སོ།། དེའི་ཚེ་མཁའ་འགྲོ་མ་ཉི་མའི་འཕྲེང་བས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དྲི་མ་མེད་པ་དང་། ཕྱག་ན་རྡོ་རྗེ ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་བེ་ཅོན་ཅན་དང་། དོན་ཡོད་ཞགས་པ་དང་། མི་གཡོ་བ་དང་། སྒྲོལ་མ་དང་། དེ་དག་ལ་སོགས་པའི་གཙོ་བོ་ཀུན་ཏུ་བཟང་པོ་ལ་བསྐོར་བ་ལན་དུ་མ་བྱས་ཏེ། པུས ་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས། ལྷ་རྫས་མན་ད་ར་བ་ལ་སོགས་པ། ཕྱི་ནང་གསང་བའི་མཆོད་པ་ཕུལ་ལོ།། སྟོན་པ་ཀུན་ཏུ་བཟང་པོ་ལ།། ཕྱི་ཡི་མཆོད་པ་རིན་པོ་ཆེ།། སྣང ་སྲིད་རྣམ་དག་མཆོད་པ་ཕུལ།། མཁའ་འགྲོས་བྱིན་གྱིས་བརླབ་ཏུ་གསོལ།། སྐྱེ་མེད་རང་སྣང་དངོས་གྲུབ་གསོལ།། ནང་གི་མཆོད་པ་རིན་པོ་ཆེ།། སྣང་སྲིད་རྣམ་དག་མཆོད་པར་འབུལ།། རང་གྲོལ་ཐིག་ལེའི་དངོས ་གྲུབ་གསོལ།། གསང་བའི་མཆོད་པ་རིན་པོ་ཆེ།། རང་བྱུང་བདུད་རྩི་མཆོད་པར་འབུལ།། རང་སྣང་ཡེ་ཤེས་དངོས་གྲུབ་གསོལ།། ཡང་གསང་མཆོད་པ་བླ་ན་མེད།། ཚེ་སྲོག་སྦྱོར་སྒྲོལ་མཆོད་པར་འབུལ།། ཐིག་ལེ ་རང་སྣང་དངོས་གྲུབ་གསོལ།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། འཇམ་དཔལ་བདག་ལ་ལྟ་བ་ཟོད་རྒལ་ཞུ།། མཁའ་འགྲོ་མ་ཡི་མཆོད་པ་བཞེས།། ཞེས་མཆོད་པ་བསམ་གྱིས་མི་ཁྱབ་ཕུལ།། དེ་ཡི་བྱིན་གྱིས ་བརླབས་དག་ལས།། ཏི་ལ་ཏན་ཏྲ་མ་ཧཱ་ཞེས་པའི་སྒྲ།། ཀུན་ཏུ་བཟང་པོའི་བྱིན་རླབས་བསྟན།། ཅེས་གསུངས་སོ།། འཇམ་དཔལ་ལྟ་བ་ཐོད་རྒལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས ་རྡོ་རྗེ་མཁའ་འགྲོ་དང་།། དབྱིངས་ཀྱི་མཁའ་འགྲོ་ལ་སོགས་པས།། བཅོམ་ལྡན་ཀུན་ཏུ་བཟང་པོ་དང་།། འཇམ་དཔལ་དྲི་མེད་ཉིད་ལ་ནི།། ལྟ་བ་ཟོད་རྒལ་ཇི་ལྟར་ལགས།། སྤྱོད་པ་ཟོད་རྒལ་ཇི་ལྟར ་ལགས།། སྒོམ་པ་ཐོད་རྒལ་ཇི་ལྟར་ལགས།། འབྲས་བུ་ཐོད་རྒལ་ཇི་ལྟར་ལགས།། གོ་འཕང་དབང་ལ་རག་ལུས་པས།། དབང་བསྐུར་ཐོད་རྒལ་ཇི་ལྟར་ལགས།། དམ་ཚིག་ཐོད་རྒལ་ཇི་ལྟར་ལགས།། ཞེས་ཞུས ་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འཇམ་དཔལ་དྲི་མ་མེད་པ་དང་།། མཁའ་འགྲོའི་ཚོགས་རྣམས་ལེགས་པར་ཉོན།། དྲི་མེད་དབང་བསྐུར་བསྟན་པ་ནི།། རྒྱལ་པོ་ཀུན་གྱི་འབྱུང་གནས་ཏེ།། རྒྱལ་རིགས་ཆེན ་པོས་དབང་བསྐུར་བས།། མཚན་དང་དཔེ་བྱད་རང་ལས་བྱུང་།། ནོར་བུ་རིན་ཆེན་མཛེས་པ་དེ།། མཛོད་སྤུར་ཤར་བས་མུན་པ་ཆོམས།། ནོར་བུའི་རང་གདངས་འབར་བ་ཡིས།། ཉིན་མོ་མཚན་མོའི་སྣང་བ ་ནུབ།། ཅེས་བརྡ་བསྟན་ནོ།། མཁའ་འགྲོ་ཉི་མའི་འཕྲེང་བ་དེས།། ཀུན་ཏུ་བཟང་པོས་བརྡ་དགྲོལ་ཞུ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། རྒྱལ་པོ་ཀུན་གྱི་འབྱུང་གནས་ནི།། ཆོས་སྐུ་རང་ལ་ཡོད་པའི་རྟགས།། རྒྱལ ་པོ་ཆེན་པོར་དབང་བསྐུར་བས།། ཐིག་ལེར་རང་གྲོལ་དབང་གི་རྒྱལ་པོ་ཡིན།། མཚན་དང་དཔེ་བྱད་རང་བྱུང་བས།། ཆོས་སྐུའི་དབང་ཐོབ་སྐུ་གཉིས་འབྱུང་།། ནོར་བུ་རིན་ཆེན་མཛེས་པ་ནི།། ཐུགས་རྗེའི་བྱིན་རླབས ་ཕྱོགས་མེད་ཡིན།། མཛོད་སྤུར་ཤར་བས་མུན་ཆོམས་པ།། ཐིག་ལེ་རང་གྲོལ་འཁོར་བ་གྲོལ།། ནོར་བུ་རང་འོད་འབར་བ་དེ།། རང་བྱུང་ཡེ་ཤེས་ཁོང་ནས་ཤར།། ཉིན་མཚན་མེད་པར་གསལ་བ་དེ།། ཆོས་མིན་ཡེ ་ཤེས་ཟང་ཐལ་ཡིན།། དབང་བསྐུར་རྒྱལ་པོ་རང་བྱུང་དབང་།། ལམ་གྱི་རྒྱལ་པོ་ཡེ་ཤེས་སྐུ།། རླུང་དང་ཐིག་ལེ་རྩ་གསུམ་པོ།། ལྷན་ཅིག་སྐྱེས་པ་དབང་གི་རྟགས།། དེ་ཡི་བསྐུར་ཐབས་རང་བྱུང་དབང་།། དེ་ཡི་ཐོབ། ་ཚུལ་རང་རིག་དབང་།། རང་དབང་ཡིན་པས་གཞན་མི་ཚོལ།། རང་བྱུང་དབང་གི་རྒྱལ་པོ་ཡིན།། རང་ལ་དབང་བས་གསང་དབང་ཡིན།། མ་ལུས་འདུ་འབྲལ་མེད་པར་ཤེས།། དེ་ནི་ཐབས་ཀྱི་དབང་བསྐུར ་ཡིན།། རིག་པ་སྣང་བ་རང་གྲོལ་ཤེས།། དེ་ནི་ཤེས་རབ་དབང་བསྐུར་ཡིན།། རང་ལ་རྫོགས་པས་བུམ་པའི་དབང་།། ཚིག་གཅིག་བསྟན་པས་དབང་ཐོབ་པ།། དེ་ནི་ཚིག་དབང་རིན་པོ་ཆེ།། ཞེས་གསུངས་སོ།། འཇམ ་དཔལ་ལྟ་བ་ཟོད་རྒལ་གྱི་རྒྱུད་ལས། དབང་གི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོ་རྣམས་ཀྱིས་ནི།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལགས།། དམ་ཚིག་བསྲུང་ལུགས་གསུང་དུ་གསོལ།། ཞེས་ཞུས ་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་མཁའ་འགྲོ་འཁོར་ཚོགས་རྣམས།། བློན་པོ་ཀུན་གྱི་བཤེས་གཉེན་ལ།། སེང་གེ་དཀར་མོའི་རྟ་ཡོད་དེ།། བློན་པོས་ཞོན་ནས་ཕྱིན་པ་ལ།། སེང་གེ་རྩལ་གསུམ ་རྫོགས་པ་ཡིན།། གོམ་པ་གཅིག་ལ་ས་གཅད་པས།། བློན་པོས་སྐད་ཅིག་ས་གཅད་པས།། བློན་པོས་སྐད་ཅིག་དོན་སར་སླེབ།། ཅེས་བརྡ་གསུངས་སོ།། བློན་པོ་ཀུན་གྱི་བཤེས་གཉེན་ནི།། བླ་མས་རང ་ང་ཡེ་ཤེས་སྟོན།། སེང་གེ་དཀར་མོའི་རྟ་པོ་ནི།། དཔེར་ན་རིན་ཆེན་མན་ཤེལ་ལྟར།། དམ་ཚིག་སེལ་མེད་རང་བྱུང་བས།། དེ་ནི་དམ་ཚིག་རྩ་བ་ཡིན།། བློན་པོས་དེ་ལ་ཞོན་པ་ནི།། རང་བྱུང་ཡེ་ཤེས་རང་གིས ་བསྲུངས།། སེང་གེ་རྩལ་གསུམ་རྫོགས་པ་ནི།། ཆོས་སྐུ་རང་སྣང་རྡོ་རྗེ་འདྲ།། དེ་ལས་འདས་ནི་འཚིག་པར་འགྱུར།། ལོངས་སྐུ་རང་སྣང་པདྨ་འདྲ།། དེ་ལས་འདས་ནི་འཆིང་བར་འགྱུར།། སྦྲུལ་སྐུ་རང་སྣང་རིན་ཆེན ་འདྲ།། དེ་ལས་འདས་ན་བརླག་པར་འགྱུར།། གོམ་པ་གཅིག་གིས་ས་གཅད་པ།། ཆོས་སྐུ་རྩོད་བྲལ་དམ་ཚིག་ཡིན།། སྐད་ཅིག་དོན་སར་སླེབ་པ་ནི།། མ་བསྲུངས་མི་འདའི་དམ་ཚིག་ཐུབ་ཅིང་བསྲུང་དུ་གྲོལ།། དམ ་ཚིག་ཤེལ་གྱི་འཕྲེང་བ་འདི།། ཐམས་ཅད་དྲི་མེད་ཟང་ཐལ་ལ།། ཉམས་དང་བསྐང་བ་བྱ་མི་དགོས།། ཅི་སྟེ་རང་ལ་མི་འདའ་བས།། རྒྱལ་པོ་རང་རྟགས་དམ་ཚིག་ཡིན།། རིན་ཆེན་ཤེལ་གྱི་འཕྲེང་བ་ཡིན།། ཞེས ་གསུངས་སོ།། དམ་ཚིག་ཤེལ་འཕྲེང་ལྟ་བ་ཐོད་རྒལ་གྱི་རྒྱུད་ལས། དམ་ཚིག་ཤེལ་འཕྲེང་གི་ལེའུ་སྟེ་གསུམ་པའོ།། །། དེ་ནས་མཁའ་འགྲོ་མའི་འཕྲེང་བས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། ལྟ་བ་ཐོད་རྒལ ་གསུང་དུ་གསོལ།། ཅེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ཕྱི་ཡི་ལྟ་བ་ཐོད་རྒལ་དང་།། ནང་གི་ལྟ་བ་ཐོད་རྒལ་དང་།། སྦས་པ་བླ་ན་མེད་པའོ།། དེ་ནི་ང་ཡིས་བསྟན ་པར་བྱ།། ལེགས་པར་ཉོན་ཅིག་མཁའ་འགྲོ་མ།། ཕྱི་ཡི་ལྟ་བ་ཟོད་རྒལ་ནི།། སྣང་བ་རང་གྲོལ་ངོ་བོའི་སྐུ།། རྒྱུ་རྐྱེན་མེད་པས་མཁའ་ལྟར་གསལ།། རང་བྱུང་ཆོས་སྐུ་ཁོ་ན་ལ།། ལྟ་བ་སྟོང་ཉིད་ཐོད་རྒལ་བས།། འོད ་གསལ་ཆོས་ཉིད་དོན་གྱིས་འཕགས།། གཉེན་པོ་མེད་པས་རང་བྱུང་སྐུ།། ནམ་མཁའ་གདངས་དང་ཆས་པ་ལྟར།། རང་བྱུང་ཆོས་སྐུ་འོད་ལས་གྲོལ།། རང་སྣང་ཐིག་ལེས་ཁྱབ་པས་ན།། ཕྱི་ཡི་ལྟ་བ་ཟོད་རྒལ ་ཡིན།། འབྱུང་བ་སྐྱེས་པ་བུད་མེད་སོགས།། རྒྱ་མཚོ་དར་དང་རླབས་སྣ་བཞིན།། ཐིག་ལེ་དག་ལས་འདས་པ་ནི།། ཕྲ་རབ་རྡུལ་ཡང་མི་རྙེད་དོ།། ལྟ་བ་ཐོད་རྒལ་རང་བྱུང་ཤར།། སྟོད་ཀྱིས་བྱུང་བས་རྩེ་མོར་ཕྱིན།། ཉི ་ཟླ་བརྩེགས་པས་གྲིབ་མ་མེད།། འོག་མའི་གྲུབ་མཐའ་ཡས་རྒལ་བས།། སེང་གེ་དཀར་མོས་འོག་རྟ་བྱེད།། ཐེག་དགུའི་རྩེ་མོར་ཕྱིན་པ་ཡིན།། ཞེས་གསུངས་སོ།། ལྟ་བ་ཟོད་རྒལ་གྱི་རྒྱུད་ལས། ཕྱི་ལྟ་བ་ཟོད་རྒལ་གྱི ་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོས་གསོལ་བ། བཅོམ་ལྡན་ཀུན་ཏུ་བཟང་པོ་ལགས།། ནང་གི་ལྟ་བ་ཐོད་རྒལ་ཇི་ལྟར་ལགས།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། མེ་ལོང ་གཡའ་དང་བྲལ་བ་ལ།། ཇི་ལྟར་གནས་པའི་གཟུགས་སྣང་ངོ་།། ཚོགས་དྲུག་རང་སྣང་གསལ་བ་འདི།། རྒྱུ་དང་རྐྱེན་གྱིས་མ་སྐྱེད་པས།། ལྷ་ལ་སོགས་པའི་རིགས་ལྔ་ཀུན།། རང་སྣང་ཐབས་སུ་གྲོལ ་ཙམ་ན།། སྐུ་གསུམ་བརྩེགས་པའི་རྩེ་མོར་ཕྱིན།། སྤྱན་སྔ་རང་སའི་རྒྱ་ལས་གྲོལ།། ཡེ་ཤེས་མིག་གཅིག་རྩེ་མོ་སླེབ།། མཐོང་བྱ་ཡུལ་དེ་རང་གྲོལ་བས།། སངས་རྒྱས་སྡུད་པ་རིན་པོ་ཆེ།། དབང་བསྐུར་བརྩེགས་པ ་དབང་གི་མཆོག། དབང་མཆོག་རང་བྱུང་ཐིག་ལེར་བརྡལ།། འབྱུང་བ་ལྔ་དང་རིགས་ལྔ་འོད།། དུག་ལྔ་ལ་སོགས་སྣང་བ་ཀུན།། འཁྱགས་པའི་དུས་ན་ཆུ་ཉིད་ལ།། ཆུ་ཉིད་འཁྱགས་པའི་ངོ་བོར་སྣང་།། རང་སྣང་ཆུ ་ཡི་ཐོད་རྒལ་ཡིན།། འབྱུང་བ་ལྔ་སོགས་གང་སྣང་བ།། རང་སྣང་ཐིག་ལེར་རང་བྱུང་ཡིན།། རང་བྱུང་སྟོན་པས་ཐོད་རྒལ་ཡིན།། སྤྱན་གསུམ་རྣམ་དག་རྒལ་བ་དེ།། ཡེ་ཤེས་མིག་གཅིག་ཐོད་རྒལ་ཡིན།། དུག་གི་རྒྱལ ་པོ་ངོ་བོ་ཡིས།། དུག་ནད་ཅན་ལ་བཏང་གྱུར་ན།། དུག་གི་ནད་ལས་གྲོལ་བར་འགྱུར།། ཇི་ལྟར་ཚོགས་དྲུག་རང་སར་བཞག། འཁོར་བའི་ནད་ལས་གྲོལ་བར་འགྱུར།། མ་བཅིངས་པ་ནི་ཆོས་མིན་སྐུ།། མ་བསླད་པས ་ན་ཡེ་ཤེས་ཏེ།། མ་སྒྲུབས་པས་ན་འབྲས་བུའོ།། ལྟ་བ་གོལ་བས་ཐོད་རྒལ་མིན།། རང་ས་མ་ཤེས་མན་ངག་མིན།། འདུས་བྱས་འབྲས་བུ་གནས་སྐབས་ཆོས།། མ་བྱས་རང་སར་མ་ཤེས་ན།། ལྟ་བ་ཐོད་རྒལ་དམ་ཚིག ་ཉམས།། ཞེས་གསུངས་སོ།། ལྟ་བ་ཐོད་རྒལ་གྱི་རྒྱུད་ལས། ནང་ལྟ་བའི་ཐོད་རྒལ་གྱི་ལེའུ་སྟེ་ལྔ་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། མཁའ་འགྲོ་རྣམས་ལ་བཀའ་སྩལ་པ།། སྦས་པའི་ལྟ་བ་འདི་ལྟ ་སྟེ།། བཙུན་མོ་བདེ་བ་སྐྱོང་མ་ལ།། མཚན་མོ་སྐྱེས་པ་བརྒྱད་ཁྲི་དང་།། བཞི་སྟོང་དག་གིས་ཆགས་པ་སྤྱད།། སླར་ལ་འདོད་པ་སྐྱེས་ནས་སུ།། ཇི་ཙམ་སྤྱད་ཀྱང་མ་ཚིམ་ནས།། སླར་ལ་བདེ་བ་ཚོལ་དུ་ཕྱིན།། ཡུལ་ནི ་གླང་ཆེན་རིན་ཆེན་གླིང་།། གསེར་གྱི་ཉི་མ་བྱ་བ་ཡོད།། དེ་ན་མཚན་མོས་སྟོང་གསུམ་སླེབ།། སྔུན་དུ་སུ་བྱུང་རང་སར་སྦྱོར།། དེ་དང་མོ་གཉིས་ཕྲད་པ་ལས།། ཕོ་མཚན་མཐོང་བས་ཡིད་འབྱུང་ངོ་།། དེ་བདེ་དོན་ནི ་འདི་ལྟ་སྟེ།། བཙུན་མོ་ཀུན་གཞི་སྦྱངས་མ་ལ།། སྐྱེས་པ་ཉོན་མོངས་བརྒྱད་ཁྲི་དང་།། བཞི་སྟོང་ལས་གྱུར་པ་ཡི།། ཆགས་པ་འཁོར་བའི་སྣང་བའོ།། སླར་འདོད་སྐྱེས་པ་འགྲོ་བ་དྲུག། ཇི་ཙམ་འཁོར་ཀྱང་མི་གྲོལ ་ཏེ།། སྐྱེ་ཤི་ཟོ་ཞིང་རྒྱུད་ནས་ཚོལ།། ཆོས་ཉིད་ཀློང་ཆེན་སྐུ་གསུམ་གནས།། འགྱུར་མེད་ཡེ་ཤེས་གསེར་ལྟ་བུ།། ཕྱི་ནང་མེད་པས་ཀུན་ཏུ་ཁྱབ།། བླ་མས་དོན་བསྟན་རང་ལ་ཤར།། རང་ཤར་ཡེ་ཤེས་ངོ་ཤེས ་པས།། རང་སྒོ་མཐོང་བས་ཞེ་འདོད་མེད།། ཚོགས་དྲག་རོལ་པ་རང་གྲོལ་ལས།། ཡེ་ཤེས་ཐིག་ལེ་རྒྱུན་ཆད་མེད།། ཆགས་སྡང་འདོད་ཡོན་འུབ་ཆུབ་ཀུན།། རྩེ་གཅིག་དགོངས་པ་རང་སར་སླེབ།། ཐིག་ལེ་བརྩེགས ་པའི་རྩེ་མོ་ན།། རང་བྱུང་ཡེ་ཤེས་ཆོས་མིན་ལ།། ལྟ་བཟོད་རྒལ་རྡོ་རྗེ་བརྩེགས།། ཆགས་སྡང་རང་བྱུང་རང་གྲོལ་བས།། ཉམས་མྱོང་དྲོད་རྟགས་རང་སར་གྲོལ།། གལ་ཏེ་གསེར་འདོད་རྙེད་པ ་ལ།། གསེར་འདོད་སླ་བ་དག་ལ་རྟེན།། མེ་ཉིད་འདོད་པས་མེད་དང་ཕྲད་པ་ན།། དུ་བའི་རྣམ་པ་མེད་སྟོང་མི་འགྱུར།། རང་གྲོལ་ཐོད་རྒོད་རང་ཤར་བས།། ལྟ་རྟོགས་སྟོང་པ་ཉིད་ལ་རག་མ་ལུས།། ཞེས་གསུངས ་སོ།། ལྟ་བ་ཟོད་རྒལ་གྱི་རྒྱུད་ལས། གསང་ལྷའི་ལེའུ་སྟེ་དྲུག་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། མཁའ་འགྲོའི་ཚོགས་ལ་བཀའ་སྩལ་པ།། བླ་མེད་ཟོད་རྒལ་བསྟན་གྱིས་ཉོན།། ཅེས་གསུངས ་སོ།། དེ་ལ་སྟོན་པས་བཀའ་སྩལ་པ།། སངས་རྒྱས་སེམས་ཅན་གཉིས་མེད་པས།། ལྟ་བ་སྟོང་པའི་ཡུལ་ལས་གྲོལ།། རང་བཞིན་དག་པའི་ནམ་མཁའ་ནི།། འབྱུང་བ་ཀུན་གྱི་མེས་པོ་ཡིན།། རང་བྱུང་ཐིག་ལེར་རང ་ཤར་བས།། ལྟ་བ་ཀུན་གྱི་མེས་པོ་ཡིན།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། སྣང་སྲིད་ཀུན་གྱི་མེས་པོ་ཡིན།། ཐབས་དང་ཤེས་རབ་དབྱེར་མེད་པས།། རྒྱལ་བ་ཡབ་ཡུམ་མེས་པོ་ཡིན།། སེམས་དང་ཡིད་དང ་རྣམ་ཤེས་རྣམས།། དེ་མེད་རྣམ་རྟོག་མ་གྲུབ་པས།། སེམས་ཅན་མེས་པོ་ཡིན།། རྟོག་པ་གྲོལ་བའི་ཡུལ་མེད་པས།། སངས་རྒྱས་ཀུན་གྱི་མེས་པོ་ཡིན།། རྒྱུ་དང་རྐྱེན་ལས་མ་བྱུང་བས།། འདུས་མ་བྱས་ཀྱི་མེས ་པོ་ཡིན།། སྣང་སྲིད་འཁོར་འདས་པའི་གདམས།། སྣང་སྲིད་ཀུན་གྱི་མེས་པོ་ཡིན།། འབྲས་བུ་ཐོད་རྒལ་ཡུལ་མེད་རང་གྲོལ་ཡིན།། སྤྱོད་པ་ཐོད་རྒལ་སྣང་སྲིད་གཞི་བཞེངས་ཡིན།། བསམ་གཏན་ཐོད་རྒལ་བྱིང་རྒོད ་རྩལ་གཅོད་ཡིན།། ལམ་རྣམས་ཐོད་རྒལ་རང་སྣང་རྣམ་དག་ཡིན།། ཞེས་གསུངས་སོ།། ལྟ་བ་ཐོད་རྒལ་གྱི་རྒྱུད་ལས། བླ་མེད་ཐོད་རྒལ་གྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། སྟོན་པ ་ཀུན་ཏུ་བཟང་པོ་ལགས།། སྤྱོད་པ་ཐོད་རྒལ་གསུང་བར་ཞུ།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་མཁའ་འགྲོ་ཉི་མའི་འཕྲེང་།། སྤྱོད་པ་ཐོད་རྒལ་བསྟན་པ་ན།། མ་བྱས་སྤྱོད་པ་རང ་བྱུང་ཐོད་རྒལ་ནི།། ཕྱི་ནང་འོད་ལ་སྤྱོད་ཤེས་ན།། ལོངས་སྐུ་རང་གདངས་ཕྱོགས་མེད་སྤྱོད།། སྤྱོད་པ་རང་ཤུགས་ལ་ཤར།། མ་བཀག་རང་བྱུང་སྤྱོད་པ་ཐོད་རྒལ་ཡིན།། རང་སྣང་ལུས་སྐྱེ་མེད་སྤྱོད་ཤེས་ན།། ཆོས་སྐུ ་རང་ཕྱོགས་མེད་སྤྱོད།། སྤྱོད་མཁན་རང་སྣང་སྤྱོད་ཡུལ་གྲོལ།། མ་བསྒྲུབས་རང་ཤར་སྤྱོད་པ་ཐོད་རྒལ་ཡིན།། གསང་སྣང་འགྱུ་བ་ཡིད་དག་ལ།། རང་ཤར་སྤྱོད་པ་སྦྲུལ་སྐུ་ཁོང་ནས་ཤར།། སྤྱད་རྒྱུ་རང་གདངས་འོད ་གསལ་ཕྱོགས་རིས་མེད།། སྤྱོད་པ་ཐོད་རྒལ་ཅིར་སྣང་སྤྲུལ་པའི་སྐུ།། ཐམས་ཅད་སྤྱོད་པར་ཤར་བས་འཁྲུལ་པའི་མིག་མ་ཐོགས།། སྤྱོད་པ་ཐོད་རྒལ་ཐབས་ལ་རེ་མི་ལྟོས།། རང་གྲོལ་ཐབས་ལ་མི་བརྟེན་པས།། སྤྱོད ་པ་ཟོད་རྒལ་ཞེས་སུ་བཤད།། ཅེས་གསུངས་སོ།། ལྟ་བ་ཟོད་རྒལ་གྱི་རྒྱུད་ལས། སྤྱོད་པ་ཟབས་ལ་མ་བྱུང་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོ་མས།། སྒོམ་པ་ཟོད་རྒལ་གསུང ་དུ་གསོལ།། ཅེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་ཉི་མའི་འཕྲེང་།། སྒོམ་པ་ཐོད་རྒལ་བསྟན་པ་ནི།། སྒོམ་ཉམས་ལས་ཐོད་རྒལ་བས།། རང་བྱུང་ཡེ་ཤེས་ཀུན་ཏུ ་བརྡལ།། སྒོམ་མཁན་འགྱུ་བར་རང་གདངས་པས།། རང་རིག་ཡེ་ཤེས་ཁོང་ནས་ཤར།། སྒོམ་རྒྱུའི་གདམས་ངག་ཐོད་རྒལ་བས།། ལྷག་མཐོང་རང་བྱུང་ཁོང་ནས་ཤར།། སྒོམ་པའི་ཡུལ་མེད་ཐོད་རྒལ་བས།། གཉིས ་མེད་ཡེ་ཤེས་ཁོང་ནས་འབར།། སྒོམ་པའི་འབྲས་བུ་ཐོད་རྒལ་བས།། ཐིག་ལེ་ཉག་གཅིག་ཁོང་ནས་འབར།། ཉམས་མྱོང་ཐོད་རྒལ་བྱིང་རྨུགས་མེད།། ཡེ་ཤེས་ཐོད་རྒལ་སྣང་སྲིད་ཐིག་ལེ་འབར།། ཞེས་གསུངས ་སོ།། ལྟ་བ་ཐོད་རྒལ་གྱི་རྒྱུད་ལས། སྒོམ་པ་ཐོད་རྒལ་གྱི་ལེའུ་སྟེ་དགུ་པའོ།། །། འབྲས་བུ་ཐོད་རྒལ་བསྟན་པ་ནི།། འབྲས་བུ་ཐོད་རྒལ་རྣམས་སྤྱོད་དུས་ལས་གྲོལ།། རེ་དོགས་ཐོད་རྒལ་རང་སྣང་ཐིག་ལེར ་འབར།། སྣང་སྲིད་ཐོད་རྒལ་བར་དོའི་ཡུལ་ལས་གྲོལ།། འཁོར་འདས་ཐོད་རྒལ་ཐིག་ལེ་རང་ས་ཟིན།། བར་མཚམས་ཐོད་རྒལ་ཐིག་ལེ་གཅིག་བཞག་སྐུ།། ཐོབ་མཁན་ཐོད་རྒལ་ཡུལ་མེད་རང་ལ་ཤར།། ཐོབ ་རྒྱུ་ཐོད་རྒལ་ཡེ་ནས་རང་སར་གྲོལ།། ཐོབ་བྱ་ཐོད་རྒལ་སྣང་སྲིད་ཐིག་ལེར་བརྡལ།། ཕྱི་ནང་མེད་པས་ཉག་གཅིག་ཡིན།། ཞེས་གསུངས་སོ།། ལྟ་བ་ཐོད་རྒྱལ་གྱི་རྒྱུད་ལས། འབྲས་བུའི་རང་སྒོའི་ལེའུ་སྟེ་བཅུ ་པའོ།། །། དེ་ནས་མཁའ་འགྲོ་མས་བསྐོར་བ་དུ་མ་བྱས་ནས། བཅོམ་ལྡན་ཀུན་ཏུ་བཟང་པོས། འཇམ་དཔལ་དྲི་མ་མེད་པ་ལྟ་བ་ཟོད་རྒལ་བསྟན་པས། བདག་ཅག་རྗེས་སུ་ཡི་རང་ངོ་།། སྡུད་པ་པོ་འཇམ ་དཔལ་དྲི་མ་མེད་པ། ཞུ་བ་པོ་མཁའ་འགྲོ་མ་ཉི་མའི་འཕྲེང་བས་ཞུས་པ། ལྟ་བ་ཟོད་རྒལ་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་རྒྱ་རྒྱ། གསང་ངོ་།། ། ་