| Wylie | e-texts produced with BDRC’s OCR application |
གསུམ།། ལོངས་སྤྱོད་སྐུའི་གནས་ལུགས།། སྤྱི་ནི་འོད་སྲུངས་ཆེན་པོ་ཡིན།། དགོས་ནི་འོད་སྲུངས་ཆུང་ངུ་ཡིན།། ཐིག་ལེ་འདུས་པའི་སྙན་བརྒྱད་འདི།། སྟོན་པ་གསུམ་དང་།། རིགས་འཛིན་གསུམ་གྱི ་བྱིན་རླབས།། ལྕེ་བཙུན་བདག་ལ་ཐུགས་ཀྱི་བཅུད་ཐིགས་པ།། དབང་ཆེན་ཐོབ་པས་ཆོས་སྒྲོ་འོང་སྟེ་མཆི།། ཟས་སྐོམ་མི་ལ་ཚོལ་ཡང་གདམས་ངག་གཅིག་མ་ཤོར།། དགོས་དགུ་མི་ལ་ཚོལ་ཡང་གསང་གཏེར་འདི་མ ་ཤོར།། ཉལ་ས་མི་ལ་ཚོལ་ཡང་ཐུགས་ཀྱི་བཅུད་མ་བསྟན།། གྲོང་སྦྲང་རྟག་ཏུ་བྱེད་ཀྱང་ཁ་རུ་འབྱིན་མ་མྱོང་།། ཐུགས་ལ་གབ་བོ།། ཐིག་ལེ་འདུས་པའི་སྙན་བརྒྱུད་རྫོགས་སོ།། །། ་ཐིག་ལེ་འདུས་པའི་མན་ངག། འཆི་ཀ་མ་ལས་རིན་པོ་ཆེ། འཁོར་བའི་མཐའ་བཅད་པ། སྐྱེ་བའི་སྒོ་དགག་པ་མངལ་ཁ་རྒྱས་འདེབས་འདི་མཆོག་ཏུ་གསུངས་སོ།། བདག་ནམ་འཆི་བའི་དུས་སུ།། རླུང་རྣམ་པ ་ལྔ་རིམ་གྱིས་ཞི་ནས། ཕྱི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ་ནས། ནང་གི་འབྱུང་བ་ལྔ་ཡུལ་ལྔ་མཁའ་ཀློང་རྣམ་པ་ལྔ་ལ་ཐིམ། ཡུལ་ལྔ་རིགས་ཀྱི་ཡུམ་ལྔ་ལ་ཐིམ་སྟེ། ཡབ་སོ་སོའི་འབྲས་བུ་ལྔ་ལ་ཐིམ་ནས། ་ཡིག་འབྲུ་ལྔ་ཡེ་ཤེས་ལྔ་ལ་ཐིམ། ཡེ་ཤེས་ལྔ་འོད་ཀྱི་གོང་བུ་མཚོན་གྱི་གྲུ་གུ་བརྡོགས་པ་བཞིན་དུ་གནས་སོ།། དེ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས། ནས་གཡས་གཡོན་དུ་འབྱུང་སྟེ། འཆི་ཀ་མའི་གདམས་ངག་དྲན ་པར་བྱས་ལ། འཛུབ་མོ་གཡོན་པའི་རྩེ་ལ་ཡི་གེ་ཨ་གཅིག་བསམ་ཞིང་། ནས་གཡས་གཡོན་དགག་པར་བྱའོ།། དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ།། བར་དོའི་མན་ངག་རྐྱེན་གསུམ་དང་ལྡན ་ན་མངོན་པར་རྫོགས་པར་སངས་རྒྱས་སོ།། ཡེ་ཤེས་ཁོང་གསལ་དྲན་པར་བྱའོ།། དེའི་ཡོན་ཏན་ནི་ཆོས་སྐུ་མཁའ་ཁྱབ་དང་ལྡན་ནོ།། རྫོགས་སོ།། །། @#།། སངས་རྒྱས་ཐིག་ལེ་ཉག ་གཅིག་ལ། ཆོས་སྐུ་བརྡལ་ཁྱབ། རྟོགས་པར་བྱ་བའམ། བཙལ་བའི་ཆོས་མེད་དོ། གང་ཟག་བློའི་ངོས་ནས་གཉིས་སུ་མེད་པར་རྟོགས་དགོས་པ་ལས། རྩ་རླུང་ཐིག་ལེའི་གདམས་པ་བཤད་པར་བྱ། དེ་ནས་གདམས ་པ་ནི། རྩ་དང་ཐིག་ལེའི་གནད་གསུམ་རང་གྲོལ་དུ་ཤེས་དགོས་ཏེ། ཐིག་ལེ་ཆེན་པོའི་རྩ་རླུང་འདི་ནི་ཕྱི་ནང་གསང་བ་གསུམ་དུ་འདུས་པའོ།། དེ་ལ་ཐིག་ལེ་ཕྱི་ལྟར་བཤད་པ། ཕྱི་འབྱུང་བ་ལྔ་ནི་ངོ་བོའི་འོད་གསལ་དེ ་རག་གསལ་དུ་གནས་རང་བྱུང་ཡེ་ཤེས་སོ།། དེ་ནི་ཕྱིའི་ཐིག་ལེའོ།། ནང་གི་ཐིག་ལེ་ནི་ངོ་བོ་རིག་པའི་ཡེ་ཤེས་རང་ཤར་ངོ་ཤེས་པའོ།། གསང་བའི་ཐིག་ལེ་ནི་སྒོམ་པས་མ་རྙེད། མ་བསྒོམས་པས་མ་གཏོར། ཡེ་ཤེས ་རང་ལས་མ་རྟོགས་པ་མེད་དོ།། ཕྱི་གསལ་བ་འབྱུང་ལྔ་ནི་རང་སྣང་ཆེན་པོའོ།། ནང་རིག་པའི་ཡེ་ཤེས་ཀྱི་གདངས་ནི། མེ་ལོང་དང་བྱད་ལྟ་བུའོ།། གཉིས་སུ་མེད་པའི་ཆོས་སྐུ་བརྡལ་ཁྱབ་ཆེན་པོ་དང་། ཡེ་ཤེས་བརྡལ ་