| Wylie | e-texts produced with BDRC’s OCR application |
རླུང་།། ཐམས་ཅད་སྡུད་པ་ཆུ་ཡི་རླུང་།། མཁའ་ཁྱབ་དྲངས་པ་ནམ་མཁའི་རླུང་།། དེ་ནི་གསང་བའི་ངོ་སྤྲོད་དོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རླུང་ལྔ་ལ་ངོ་སྤྲད་པའི་ལེའུ་སྟེ་བཅུ་བཞི ་པའོ།། །། དེ་ནས་སྟོན་པ་མར་མེ་མཛད་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་པ།། སྟོན་པའི་རྒྱལ་པོ་འོད་སྲུངས་ཀྱིས།། རྒྱུད་ཀྱི་རྒྱལ་པོ་རྩ་རླུང་རྒྱུད།། ཐམས་ཅད་ཕྱི་ནང་ལ་བཟླ་བསྟན་པ།། ལྟ ་སྒོམ་སྤྱོད་པ་ལ་བཟླས་ནས།། རང་གི་འདུག་ཚུགས་ངོ་སྤྲད་པ།། ཨེ་མ་ཧོ་ངོ་མཚར་ཆེའོ།། ཞེས་གསུངས་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། རྫོགས ་སོ།། །། @#།། ཐིག་ལེ་འདུས་པའི་བུའི་མན་ངག། གཞན་དོན་དུ་བསྟན་པ། འཆི་ཁ་མ་ལས་ཀྱི་རིན་པོ་ཆེ། སློབ་དཔོན་དགའ་རབ་རྡོ་རྗེས་སྨྲས་པ། བྱང་ཆུབ་སེམས་དཔའ་ཁྱོད་ལམ ་དུ་འཇུག་པའི་ཚེ། གསང་བའི་སྒོ་དགུ་པའི་གནད་དགུ་ལ།། ཡི་གེ་མ་བུའི་སྦྱོར་བས་དགག། གསང་བའི་སྒོ་དགུ་ནི།། སྙིང་ཁ་ལྐོག་མ་ཁ་མིག་གཉིས།། ནོར་འབུད་སྣ་ཡི་རྩེ་མོ་རུ།། སྔགས་བྲིས་པ་ནི་གདགས་པར ་བྱ།། བསམ་གཏན་ཡེ་ཤེས་ཁོང་གསལ་བསྐྱེད།། ད་ནི་གསང་བའི་སྒོ་གསུམ་དབྱེ།། འཇུག་པ་དེ་ཡི་ཐོར་ཏོ་ནས།། ཚངས་པའི་སྐུད་པ་སུམ་སྒྲིལ་ལ།། བདག་ཉིད་ལྷ་ཡི་སྲིན་ལག་ལ།། བཏགས་ཏེ་སྔགས་འདི་སྟོང ་བཟླས་ན།། བཅུ་གཉིས་བཅུ་གཉིས་གསང་སྒོ་ནས།། བདག་ཉིད་ཡེ་ཤེས་སེམས་དཔའ་ལ།། མེ་ལོང་ལྟ་བུའི་གཟུགས་བརྙན་ནོ།། དེ་ཡང་ཡེ་ཤེས་ཁོང་གསལ་དུ།། སྒོམ་པ་ཆོས་སྐུ་མཁའ་ཁྱབ་ཐོབ།། གསང་གི་སྒྲ ་ཡིས་བོས་པའི་ཚེ།། བདག་དང་གཉིས་མེད་ཐུགས་ཁར་ཐིམ།། དེ་ཡང་ཡེ་ཤེས་ཁོང་གསལ་དུ།། དེ་ནི་སྐྱེ་བ་མེད་པའི་ལམ་པའོ།། རིག་པ་ལུ་གུ་རྒྱུད་དུ་དྲང་བ་ནི།། གང་ཞིག་གནས་ནས་ཐོན་པའི་ཚེ།། སྒོ་གསུམ་སྒོ། ་གསུམ་སྒོ་སྤྲད་དེ།། དབུགས་རེ་ཧཱུཾ་རེ་དྲན་པར་བྱ། འཇུག་པའི་དབུགས་ནི་ཨ་རུ་ཐིམ།། ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ།། མཁའ་ཁྱབ་དངས་པར་རབ་ཏུ་བསྟན།། ཡེ་ཤེས་ཁོང་གསལ་དང་དུ་བསྟིམ།། དེ་ལ་གཉེན་པོ ་གཞིག་ཏུ་མེད།། དེ་ནི་ཡང་དག་རྡོགས་པའོ།། འཆི་ཀ་མ་ལས་ཀྱི་རིན་པོ་ཆེ།། རིག་པ་ལུ་གུ་རྒྱུད་དུ་གྲང་པ།། ཐིག་ལེ་འདུས་པའི་བུ་གཞན་དོན་རྫོགས་སོ།། །། @#།། ཐིག་ལེ་འདུས་པའི་བུ། ་ཀུན་ཏུ་བཟང་པོས་སྒྲ་གསུམ་བསྲེ་བའི་མན་ངག། ཆོས་ཐམས་ཅད་ཆོས་སྒྲ་མཁའ་ཁྱབ་ད་ངས་པར་ལ་བཟླ་བ་ནི། རིག་པ་ཁོང་གསལ་གྱི་སྒོ་ནས་ཡེ་ཤེས་ཡོན་ཏན་དུ་བསྟན་པ་དང་། ཡེ་ཤེས་ཡོན་ཏན་གྱི་སྒོ། ་ནས་ཐུགས་རྗེའི་རྩལ་སྣང་བར་བསྟན་པའོ།། ཆོས་ཀྱི་སྐུ་ལ་རིག་པའི་རྩལ་མ་འགགས་པས། མེ་ལོང་ལྟ་བུའི་ཡེ་ཤེས། དེ་ལས་འཕྲོ་འགྱུར་མེད་པས་མི་འགྱུར་བས།། ཆོས་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང ་