| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཏི་ལ་ཨེ་ཀ་ཏནྟྲ། བོད་སྐད་དུ། ཐིག་ལེ་ཉག་གཅིག་གི་རྒྱུད། གསང་བ་ཡང་གཏེར་ཞེས་བྱ་བ། ཐིག་ལེ་རང་བྱུང་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཡེ་ཤེས་ཀྱི་ཕོ་བྲང་ཐིག་ལེ་ཆེན་པོ་ཁྱབ་བརྡལ་ན་བཞུགས་པའི་དུས་ན། རང་སྣང་བདེ་བ་ཆེན་པོའི་བསྟན་པ་ལ་གནས་སོ།། དེའི་ཚེ་དེའི་དུས་ན། མཁའ་འགྲོ་མ་འོད་ཟེར ་རབ་ཏུ་བཀྱེ་བ་ཞེས་བྱ་བས། གཡས་ངོས་ནས་ལན་གསུམ་བསྐོར་ནས་མདུན་དྲང་པོར་བཞུགས་ཏེ། ཐལ་མོ་རབ་ཏུ་སྦྱར་ཏེ། ཀུན་ཏུ་བཟང་པོའི་སྤྱན་སྔ་ན་བཞུགས་སོ།། དེ་ནས་རྡོ་རྗེ་མཁའ་འགྲོ་མ་དྲི་མ་མེད་དང་། ་མཁའ་འགྲོ་མ་མཚོ་སྐྱེས་དང་། བཀྲག་ལྡན་མ་དང་། མཁའ་འགྲོ་མ་མཛེས་མ་དང་། མཁའ་འགྲོ་མ་ཡེ་ཤེས་ལྡན་དང་། གར་མ་དང་འཕྲེང་མ་ལ་སོགས་པ། ཕྱིའི་མཁའ་འགྲོ་ལྔ་དང་། གསང་བའི་མཁའ་འགྲོ་ལྔས ་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འདས། བདག་ཅག་མཁའ་འགྲོ་མ་རྣམས་ལ། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་བླ་ན་མེད་པ་བཤད་པར་ཞུ། ཞེས་གསོལ་པས། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད ་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ཐིག་ལེ་ཉག་གཅིག་གི་དགོངས་པ་ལས་བཞེངས་ནས། མཁའ་འགྲོ་མའི་ཚོགས་དང་བཅས་པ་ལ་འདི་སྐད་ཅེས་བཀའ་སྩལ་པ། ་ཀྱེ་མ་རྡོ་རྗེ་མཁའ་འགྲོ་མ།། སློབ་དཔོན་སློབ་མའི་མཚན་ཉིད་དང་།། དེ་ལ་གདམས་པའི་མན་ངག་དང་།། ངོ་སྤྲོད་སྙན་རྒྱུད་བཤད་པར་བྱ།། ཞེས་གསུངས་སོ།། ཐིག་ལེ་ཉག་གཅིག་གསང་བ་ཡང ་གཏེར་གྱི་རྒྱུད་ལས། ལན་བཏབ་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་མཁའ་འགྲོ་མ་འོད་ཟེར་བཀྱེ་བས། སློབ་དཔོན་མཚན་ཉིད་ཇི་ལྟར་ལགས།། ཞེས་ཞུས་པས། ཐིག་ལེའི་ཀློང་ནས་བཀའ་སྩལ ་པ།། རྡོ་རྗེ་སློབ་དཔོན་ལྔ་ཡིན་ཏེ།། འདྲེན་པའི་སློབ་དཔོན་ཕ་ལྟར་བཀུར།། ཉམས་ཆགས་སྐོང་བའི་སློབ་དཔོན་མ་ལྟར་བཀུར།། རྒྱུད་སྨིན་དབང་གི་སློབ་དཔོན་ནི།། དཔྲལ་གྱི་མིག་ལྟར་བཀུར་བའོ།། གདམས་ངག ་སྟོན་པའི་སློབ་དཔོན་ནི།། ཁོང་གི་སྙིང་ལྟར་བཀུར་བར་བྱ།། ངོ་སྤྲོད་སྟོན་པའི་སློབ་དཔོན་ནི།། བྱང་ཆུབ་སེམས་དང་རིན་ཆེན་སྲོག་ལྟར་བཀུར།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། ་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་ཞུས་པ། མཆེད་ཀྱི་མཚན་ཉིད་ཇི་ལྟར་ལགས།། བཀའ་སྩལ་པ། དམ་ཚིག་འདྲེས་པ་ཕྱི་ཡི་མཆེད།། སྤུན་དང་མིང་པོ་སྲིང་མོ ་ལྟར།། རྡོ་རྗེ་སྤུན་དང་མར་གྱུར་མེད་པས་ནི།། དེ་ནི་མ་ལྟར་བལྟར་བར་བྱ།། དེ་ནི་ཕྱི་ཡི་མཆེད་ལྕམ་མོ།། དབང་བཞི་རྫོགས་པའི་རྣལ་འབྱོར་སྤུན།། དེ་ནི་ཁོང་གི་སྙིང་ལྟར་ལྟ།། དབང་ལ་མ་རྟེན་གདམས་པའི ་མཆེད།། དེ་ནི་དཔྲལ་གྱི་མིག་ལྟར་ལྷ།། དེ་ནི་ནང་གི་མཆེད་ལྕམ་མོ།། ངོ་སྤྲོད་བྱས་པ་ཡེ་ཤེས་མཆེད།། དེ་ནི་རིན་ཆེན་སྲོག་ལྟར་ལྟ།། དེ་ནི་གསང་བའི་མཆེད་གསུམ་ཡིན།། ཞེས་གསུངས་སོ།། ཐིག་ལེ་ཉག་གཅིག ་གསང་བ་ཡང་གཏེར་གྱི་རྒྱུད་ལས།། སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །། ཡང་ཞུས་པ། གདམས་པའི་མན་ངག་བསྟན་དུ་གསོལ།། ཞེས་གསོལ་པས། བཀའ་སྩལ་པ། གདམས་པ་ལ་ནི ་རྣམ་གཉིས་ཏེ།། ཕྱི་བ་དང་ནི་ནང་པའོ།། ཕྱི་ཡི་མཚན་ཉིད་བསྟན་པར་བྱ།། མུ་སྟེགས་ལྟ་བ་སུམ་བརྒྱ་དྲུག་ཅུ་ཡང་།། ཕུང་པོ་བཞི་རུ་འདུས་པས་ཏེ།། སྔ་མ་རྗེས་དཔག་ཤེས་པ་དང་།། ད་ལྟའི་རྗེས་སུ་དཔག་པ ་དང་།། ཕྱི་མ་རྗེས་སུ་དཔག་པ་དང་།། མངོན་སུམ་རྗེས་དཔག་ཤེས་པས་ཕུང་།། དེ་ཡང་བསྡུས་ནས་སྔ་མ་ལས།། ལྟོ་ས་བརྒྱ་དང་ཉི་ཤུ།། ད་ལྟ་ལས་ལྟོས་བརྒྱ་དང་ཉི་ཤུ།། ཕྱི་མ་ལ་ལྟོས་བརྒྱ་ཉི་ཤུ་སྟེ།། སུམ་བརྒྱ ་དྲུག་ཅུ་ཡིན།། དེ་ཡང་དྲུག་ཅུ་གཉིས་སུ་འདུས་པ་སྟེ།། རྟག་པ་དང་ནི་ཆད་པའོ།། དེ་ཡང་བསྡུས་ན་ཕུང་པོ་རྣམ་བཞི་སྟེ།། མངོན་པར་ཤེས་པས་ཕུང་བ་དང་།། རྒྱུ་ལ་གསུམ་གྱི་ཕུང་བ་དང་།། རྟག་ཆད་གཉིས་ཀྱི་ཕུང ་བ་དང་།། དཀའ་ཐུབ་དག་གི་ཕུང་པོའོ།། རྒྱུ་ལྟས་ས་གསུམ་གྱི་ཕུང་པོ་ནི།། ཕྱི་དང་རང་བཞིན་དངོས་པོའི་སྡང་བ་འདི་ལ་རྒྱུ་ལྟས་ཕུང་།། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཕྱི་རོལ་པ་དོན་ལོག ་པས་ཕུང་བའི་ལེའུ་སྟེ་ལྔ་པའོ།། །། ཡང་ཞུས་པ། ནང་པའི་གདམས་ངག་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། རྩ་རླུང་ཐིག་ལེ་གདམས་པ་དང་།། སྣ་རྩ་གསུམ་གྱི་གདམས་པ ་དང་།། བརྟུལ་ཞུགས་སྤྱོད་པའི་གདམས་པ་དང་།། ཆོས་འབྱུང་མཛོད་ཀྱི་གདམས་པ་དང་།། ཐིག་ལེ་ཉམས་ཀྱི་གདམས་པ་དང་།། བསྒྲུབ་བྱ་ཐབས་ཀྱི་གདམས་པ་དང་།། ཐབས་དང་ཤེས་རབ་གདམས་པ ་དང་།། མཐར་ཐུག་འབྲས་བུའི་གདམས་པ་དང་།། བྱིན་བརླབ་དབང་གི་ནུས་པ་བཤད་པར་བྱ།། ཞེས་གསུངས་པས།། དེ་ལ་རྩ་རླུང་ཐིག་ལེ་གདམས་པ་དག་བཤད་པ་ནི། གནས་པ་རྩའི་དབང་དུ་བྱས་ནས་བཤད ་ན། རྩ་བྱེ་བ་ཕྲག་བརྒྱར་གནས་ཀྱང་། མིང་དུ་བཏགས་པ་རྩ་སྟོང་ཕྲག་དྲུག་ཅུ་རྩ་བཞིར་གནས། དེ་ཡང་བསྡུས་ན་འཁོར་ལོ་བཞི་དང་། རྩ་འདབ་བརྒྱ་ཉི་ཤུར་འདུས། དེ་ཡང་གསུམ་དུ་འདུས། རྐྱང་མ་རོ་མ་ཀུན་དར ་རོ།། དེ་ཡང་ཨ་བ་དྷཱུ་ཏིར་འདུས་ཏེ། དེ་ལ་མི་རྟོག་པའི་ཡེ་ཤེས་གནས་བདེ་སྐྱེ་བར་བྱ་བའི་ཕྱིར། རླུང་གིས་རྩ་འགེངས་པས་ན། གཡོ་བ་རླུང་གི་དབང་དུ་བཤད་ན། སྤྱིར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་ཡང་། ་རླུང་གསུམ་དུ་འདུས། དྲངས་སྙིགས་འབྱེད་པའི་རླུང་། ཤེས་པ་རྟེན་སྲོག་འཛིན་པའི་རླུང་། ལུས་ཟུངས་བཅུད་ཀྱི་རླུང་ངོ་།། དྭངས་སྙིགས་འབྱེད་པའི་རླུང་ནི་ཕོ་བ་ཁ་ན་གནས། རྒྱུ་བ་གྱེན་དུ་རྒྱུ།། ཟས་དྭངས་སྙིགས ་འབྱེད་དེ་དྭངས་མ་གསོས་སུ་འགྱུར་རོ།། ཤེས་པའི་རྟེན་སྲོག་འཛིན་པའི་རླུང་ནི། སྙིག་ཁོག་འོད་གསལ་ན་ཡུམ་ཀུན་ཏུ་བཟང་མོ་གཟུགས་ཀྱི་ཕུང་པོ་འབྱུང་བ་ནམ་མཁའ། ཡུམ་ཀུན་ཏུ་བཟང་མོའི་ངང་དུ་སངས་རྒྱས ་སོ།། གཟུགས་ཀྱི་ཕུང་པོ་ཀུན་ཏུ་བཟང་པོའི་ངང་དུ་སངས་རྒྱས་སོ།། དེ་གཉིས་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སངས་རྒྱས་སོ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་སངས ་རྒྱས་སྤྱན། རྣམ་པར་ཤེས་པའི་ཕུང་པོ་འབྱུང་བ་སངས་རྒྱས་སྤྱན་དུ་བུདྡྷ། རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས་དཔར་བུདྡྷ། གཉིས་ཀ་མེ་ལོང་ལྟ་བུར་སངས་རྒྱས་སོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ལས། རིན་ཆེན ་འབྱུང་ལྡན་ཡུམ་མཱ་མ་ཀི། ཚོར་བའི་ཕུང་པོ་འབྱུང་བ་ཆུ། ཆུ་མཱ་མ་ཀིར་བུདྡྷ། ཚོར་བ་རིན་ཆེན་འབྱུང་ལྡན་དུ་བུདྡྷ། གཉིས་ཀ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སངས་རྒྱས་སོ།། སོ་སོར་རྟོག་པའི་སྣང་བ་ལས། སྣང་བ ་མཐའ་ཡས་གོས་དཀར་མོ། འདུ་ཤེས་ཀྱི་ཕུང་པོ་འབྱུང་བ་མེ། མེ་གོས་དཀར་མོར་བུདྡྷ། འདུ་ཤེས་སྣང་བ་མཐའ་ཡས་སུ་བུདྡྷ། གཉིས་ཀ་སོ་སོར་རྟོག་པས་སངས་རྒྱས་སོ།། བྱ་བ་གྲུབ་པའི་སྣང་བ་ལས། དོན་ཡོད ་གྲུབ་པ་དམ་ཚིག་སྒྲོལ་མ་འདུ་བྱེད་ཀྱི་ཕུང་པོར་འབྱུང་བ་རླུང་སྒྲོལ་མར་བུདྡྷ། འདུ་བྱེད་དོན་ཡོད་གྲུབ་པར་སངས་རྒྱས་སོ། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། མཛོད་ཀྱི་ལེའུ་སྟེ་དགུ ་པའོ།། །། ཐིག་ལེ་ཉམས་ཀྱི་མན་ངག་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། གཞིའི་ཐིག་ལེ་འགག་པ་མེད་པ།། ལས་ཀྱི་ཐིག་ལེ་རང་རྩལ་ཡིན།། འཁྲུལ་པའི་ཐིག་ལེ་རང་སྣང ་ཡིན།། རང་གྲོལ་ཐིག་ལེ་ཤེས་རབ་ཆེན་པོ་ཡིན།། འབྲས་བུའི་ཐིག་ལེ་ཁྱབ་བརྡལ་ཡིན།། ཞེས་གསུངས་སོ།། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཐིག་ལེ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ ་པའོ།། །། ཡང་ཞུས་པ། བསྒྲུབ་པ་བྱ་ཐབས་ཀྱི་མན་ངག་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། ཐབས་ཀྱི་རྣམ་པ་བཞི་ཡིན་ཏེ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། ཐབས་ལ་འཚེང་བ ་རྣམ་པ་བཞི་བྱུང་སྟེ།། བྱེད་པ་པོར་རྒྱུར་ལྟ་བ་ལས་ལོག་སྟེ།། ཤེས་རབ་ཀྱི་ཡེ་ཤེས་ངོས་བཟུང་བས་འཚེངས།། མངོན་པར་ཤེས་པ་ལས་ལོག་སྟེ། ཡེ་ཤེས་ཟང་ཐལ་ཐིག་ལེ་ཉག་གཅིག་ཏུ་ཤེས་པས་འཚེངས། རང ་བཞིན་རྒྱུར་ལྟ་བ་ལས་ལོག་སྟེ། རིག་པར་རང་གྲོལ་དུ་རྟོགས་པས་འཚེངས། ཆད་པ་རྒྱུར་ལྟ་བ་ལས་ལོག་སྟེ། རང་བྱུང་ཡེ་ཤེས་ལམ་དུ་སློངས་པས་འཚེངས་ཞེས་གསུངས་སོ།། ཡང་གཏེར་ལས། བསྒྲུབ་བྱ་ཐབས ་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཡང་ཞུས་པ་ཐབས་དང་ཤེས་རབ་གདམས་ངག་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། ཐབས་དང་ཤེས་རབ་ལམ་དུ་བཀྱེར་བ ་ནི།། རྣམ་སྤྱོད་ཡོངས་གཅོད་དབྱེར་མེད་གཅོད།། རྣམ་སྤྱོད་ཐབས་དང་ཤེས་རབ་ལམ་དུ་བཀྱེར་བ་བསྟེན་ཏེ། བསྐྱེད་པའི་རིམ་པ་འཁྲུལ་པའི་སྣང་བ་རྣམས།། རང་སྣང་འོད་གསལ་ཤེས་པ་ཐབས་ཀྱི་མཆོག། དེ་ཉིད ་ཟང་ཐལ་ཤེས་པ་ཤེས་རབ་ཆེན་པོ་ཡིན།། ཡོངས་སྤྱོད་ཐབས་དང་ཤེས་རབ་བསྟན་པ་ནི།། ལྟ་བ་ཡོངས་སུ་སྤྱོད་པ་དང་།། སྤྱོད་པ་སྒོམ་པ་ཡོངས་སུ་སྤྱོད་པའི་ཕྱིར།། སྟོན་པ་ཆེན་པོ་ང་ཉིད་ཆོས་ཀྱང་ང་།། ཉན་པའི ་གས་ལྡན་ང་ཡིན་ཏེ།། ལྟ་སྒོམ་སྤྱོད་པ་པོ་ཡང་ང་།། ལྷ་སྒོམ་སྤྱོད་པ་རང་གྲོལ་ཤེས་ན་ཐབས་ཀྱི་མཆོག། དེ་ལ་ཆགས་པ་མེད་ན་ཤེས་རབ་ཆེན་པོ་ཡིན།། ཞེས་གསུངས་སོ།། ཡང་གཏེར་ལས། ཐབས་དང་ཤེས་རབ ་གདམས་ངག་གི་ལེའུ་སྟེ་བཅུ་གཉིས་པའོ།། །། ཡང་ཞུས་པ། མཐར་ཟུག་འབྲས་བུའི་གདམས་ངག་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། འབྲས་བུའི་དོན་ནི་འདི་ལྟས་སྟེ།། སྣང་བ་འོད་གསལ ་ཤེས་པས་ཆོས་ཀྱི་འབྲས་བུ་ཡིན།། རིག་པ་འོད་གསལ་ཤེས་པས་ཤེས་རབ་འབྲས་བུ་ཡིན།། ཡེ་ཤེས་འོད་གསལ་ཤེས་པས་ཐིག་ལེའི་འབྲས་བུ་ཡིན།། ཕྱི་ནང་མེད་པས་ཤེས་རབ་འབྲས་བུ་ཡིན།། དེ་ཡི་དོན་ལ ་གྲོལ་ན་དབང་དང་ཐུགས་རྗེ་རྒྱུན་མི་འཆད།། ཅེས་གསུངས་སོ།། དེ་ནས་བྷ་ག་ཝན་གྱིས་ཐིག་ལེ་ཁྱབ་བརྡལ་དུ། མཁའ་འགྲོ་མ་འོད་ཟེར་འཕྲོ་བ་དང་བཅས་ནས་གཤེགས་སོ།། མཁའ་འགྲོ་མ་ཐམས་ཅད་དགའ ་མགུ་རྗེས་སུ་ཡི་རང་ངོ་།། རྫོགས་སོ།། །། @#།། ཐིག་ལེ་ཉག་གཅིག་སྐུ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣལ་འབྱོར་བརྒྱུད་པའི་རྒྱུད།། མན་ངག་ཐིག་ལེ་ཕྱི་རྒྱུད ་