| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཏི་ལ་པྲ་ས་ལ་ར་དྷ་དུ་ཧི་མ་གུ་ཧྱ་ཧནྟ། བོད་སྐད་དུ། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད། གསང་བ་ཡང་གཏེར་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག ་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཐིག་ལེའི་ཀློང་དུ་གྱུར་པའི་དགོངས་པ་ལ་ཞུགས་ཏེ། ཐམས་ཅད་རང་ཐིག་ལེ་རང་གྲོལ་གྱི་བསྟན་ཅེས་བྱ། འོད་ཟེར་བྱེ་བ་ཕྲག་མང་པོ ་སྤྲོས་ཏེ་ཆོས་འཆད་པའི་དུས་དེ་རུ། བཅོམ་ལྡན་འདས་སྙིང་སྐུ་རྡོ་རྗེ་སེམས་དཔའ་སྤྲུལ་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ཆོས་བསྟན་པས། དེའི་ཚེ་དེའི་དུས་ན། ཞུ་བ་པོ་མིའི་བྱང་ཆུབ་སེམས་དཔའ ་དགའ་རབ་རྡོ་རྗེ་ས་གསུམ་གྱི་མངའ་བདག་ཅེས་བྱ་བ་དེས། བཅོམ་ལྡན་འདས་བདག་ཅག་སངས་རྒྱས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་སྟེ། བདག་གི་ལ་འདི་ལ་ཤིན་ཏུ་ཟབ་པ་རྒྱ་ཆེ་བ ་གཅིག་གསུངས་སོ།། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག། ཟང་ཐལ་ལྔ་དང་གདངས་དབྱངས་ལྔ།། དབང་དང་དམ་ཚིག་སྡོམ་པ་ལ་སོགས་ཏེ།། བར་དོ་མེད་དང་བར་དོ་ཡོད།། དབང་པོ་རབ་སོགས་དང་སྦྱར་ཏེ།། རྒྱུན་དང ་དུམ་བུ་ལ་སོགས་པ།། དེ་ནི་བདག་གིས་བཤད་པར་བྱ།། ཞེས་གསུངས་སོ།། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད་ལས། བསྡུས་ནས་བཀའ་སྩལ་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ལག་ན་རྡོ་རྗེས་ཞུས་པ། ་ཟང་ཐལ་ལྔ་པོ་བཤད་དུ་གསོལ།། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཀུན་གཞིའི་སྙིང་པོ་ཡིད།། སྒོ་ལྔ་རང་ཐལ་ཟང་ཐལ་ཏེ།། དེ་ནི་བདག་གིས་བཤད་པར་བྱ།། ཀུན་གཞི་ཟང་ཐལ་གྱི་དཔེ་ནི།། དཔེ་རྒྱ ་མཚོ་ཆེན་པོ་དང་འདྲ་སྟེ། རྒྱ་མཚོ་དེ་ལ་ནི་ཉིན་མོ་རྙོག་པ་མེད་པར་དྲངས།། རྙོག་མའི་སྐྱོན་གྱིས་མ་གོས་ཏེ། མཚན་མོ་ཟླ་བ་དང་གཟའ་སྐར་ཐམས་ཅད་འཆར་ཏེ། རྒྱ་མཚོ་དང་གཟའ་སྐར་དབྱེར་མེད་ཕྱེད་དོ།། དཔེ ་དེ་བཞིན་དུ་མཚན་མོ་དང་འདྲ་བའི་ཀུན་གཞིའི་དབུགས་དང་བཅས་ཀྱི་བར་དུ། ཀུན་གཞི་རྒྱ་མཚོ་འདྲ་བ་དེ་ལ། བག་ཆགས་གཟའ་སྐར་དང་འདྲ་བ་དེ་དབྱེ་བས་མི་ཕྱེད་དོ།། གཟའ་སྐར་དེས་ཀྱང་རྒྱ་མཚོ་ཟང་ཐལ ་དུ་འདུག་པ་དེ་ལ། གཟའ་སྐར་གྱིས་ཕན་ཡང་མ་ཐོགས་གནོད་པ་ཡང་མ་སྩལ་ལོ།། ཞུས་པ། བག་ཆགས་དང་ཀུན་གཞི་དབྱེར་མི་ཕྱེད་ན། ཁམས་གསུམ་དུ་འཁོར་བ་ལས་མོ་ཐར་རོ།། ཞེས་ཞུས་པས། དཔེར་ན་ཉིན ་མོ་ཉི་མ་ཤར་བའི་དུས་ན། ཉི་མ་ཤར་བ་ཙམ་གྱིས་གཟའ་སྐར་ཨ་ཅང་ཡང་ཆེས། ཟླ་བའི་འོད་ཀྱང་ཤི་ནས། རྒྱ་མཚོ་ཡང་མི་སྣང་ལ་རྙོག་མ་ཐམས་ཅད་དང་བྲལ་ཏེ། དཔེ་དེ་དང་འདྲ་བར་ད་ལྟ་ཡེ་ཤེས་སྒྲིབ་པ་དང་། ་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐམས་ཅད་མཁྱེན་པ་ཟང་ཐལ་དུ་ཤར་བས། དབུགས་ཆད་པའི་དུས་དཔེར་ན་ཉི་མ་ཤར་བ་དང་འདྲ་སྟེ། རྣམ་རྟོག་ཐམས་ཅད་སངས་ནས་སངས་རྒྱས ་སོ།། ཞེས་གསུངས་སོ།། ཀུན་གཞི་ཟང་ཐལ་ལ་ངོ་སྤྲད་པའི་ལེའུ་སྟེ་གསུམ་པའོ།། །། ཡང་བཀའ་སྩལ་པ། སྙིང་པོ་ཟང་ཐལ་གྱི་དཔེ་ནི། མན་ཤེལ་དང་མཐུན་ཏེ། མན་ཤེལ་དྲངས་པ་དེ་ལ། དཔེར་ན་ཟེར་མ ་འགག་པ་དང་། འོད་ཁ་དོག་ལྔ་མི་འགག་སྟེ། ཟེར་དུ་ཤར་ཡང་ནི་ཤེས་པར་མི་གནས་པ། ཡིད་དང་རྟོག་པར་མི་གནས། འོད་དུ་ཤར་ཡང་ནི་གཟུང་བའི་ཡུལ་དུ་མི་གནས་ཏེ་ཤེས་པ་ཟང་ཐལ་ཟེར་ཡང་ཐལ། འོད ་ང་ཐལ་ལོ།། དཔེ་དེ་བཞིན་དུ་སྙིང་པོའི་ཡེ་ཤེས་དེ་ཡང་། སྒྲིབ་གཡོགས་ཀྱིས་མ་གོས་པར་ཟང་ཐལ། ཟེར་དང་འདྲ་བར་ཡིན་དུ་ཤར་ཡང་རྟོག་པ་མེད། རང་སྣང་མ་འགགས་གཟུང་བའི་ཡུལ་དུ་མི་འཛིན། དེ་གང ་ལ་ངོ་སྤྲད་པ་ཟེར་ཕུང་འཚེངས་ཀྱི་མཁན་པོ་དེ་དམིགས་པའི་མིག་དང་འདྲ་སྟེ། མ་རྟོགས་པའི་དུས་ན་ཟེར་ཏེ། སྣང་འཛིན་ཐམས་ཅད་དུག་ལྔ་རུ་འཆར་རོ།། དམིགས་པའི་མིག་གིས་ཆུ་མཐོང་བ།། ངོམས་ཤིང་ཚིམ ་པ་དང་འདྲ་སྟེ།། ཟེར་དེས་སྙིང་པོ་ལྟ་ཐབས་ཀྱིས་བལྟས་པས་མཐོང་སྟེ། མཐོང་བ་ཙམ་གྱིས་གྲོལ་ལོ། ཞེས་གསུངས་སོ།། སྙིང་པོ་ཟང་ཐལ་ལ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། །། ཡང་བཀའ་སྩལ་པ། ཡིད ་ཟང་ཐལ་ནི། དཔེར་ན་རླུང་དང་སྨིག་སྒྱུ་དང་འདྲ་སྟེ། དཔེར་ན་རླུང་དེ་ཡང་མི་སྣང་སྟེ། དོན་བྱེད་ནུས་ཏེ་ཐམས་ཅད་བསྐྱོད་པའི་རླུང་ཡིན་པ་དང་འདྲ་བར། ཡིད་མ་གཡོས་ན་རྟོག་པ་མེད་དོ།། གཡོས་ན་ཕུང་འཚེངས ་ལ་སྤྱོད་དོ།། ཕུང་འཚེངས་དེ་ཟང་ཐལ་དུ་གནས་ཀྱང་ཐམས་ཅད་ལ་དབང་སྒྱུར་ནུས་ཏེ། ངན་པ་སྣ་ཚོགས་ཀུན་གཞི་ལས་གསོག་གོ། བསགས་ཀྱང་ཟང་ཐལ་ལོ།། ཅི་དང་འདྲ་སྟེ། སྨིག་སྒྱུ་དེ་རྟ་དང་། མི་དང་། ཆུར ་སྣང་ཡང་། ངོ་བོ་ཤེས་ནས་འདུག་པའི་དུས་ཐམས་ཅད་ཟང་ཐལ་དུ་འཆར་རོ།། ཞེས་གསུངས་སོ།། ཡིད་ཟང་ཐལ་དུ་ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སྒོ་ལྔ་རང་དྲངས ་ཟང་ཐལ་གྱི་དཔེ། མེ་ལོང་དུ་སྐྱེས་བུའི་བྱང་ལྟས་པ་དང་འདྲ་སྟེ། དཔེར་ན་མེ་ལོང་གི་ནང་སྒོ་ལྔ་ཡུལ་མེ་ལོང་གཉིས་ཝ་ལེ་སྣང་སྟེ། སྣང་སྟོང་དབྱེར་མེད་དུ་འདུག་པ་བཞིན་དུ། དེ་རང་སྣང་དུ་ཤེས་པས། སྒོ་ལྔ ་ཟང་ཐལ་དུ་ཡུལ་མེ་ལོང་དུ་སྣང་སྟེ། ཟང་ཐལ་ལོ།། དཔེ་དང་འདྲ་བར། སྒོ་ལྔ་ཟང་ཐལ་རིག་པའི་ཡེ་ཤེས་རང་སྣང་རང་བྱུང་ཡེ་ཤེས་གཉིས་དབྱེར་མེད་པར་ཤར་བས། སྒོ་ལྔ་རང་ཐལ་ཟག་ཐལ་ཅེས་བྱའོ།། དེ་ཡང ་བལྟས་པའི་དུས་ན་འཆར་རོ།། ཞེས་གསུངས་སོ།། སྒོ་ལྔ་རང་སྣང་ཟད་ཐལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གདུང་ཞེས་བྱ་བའི་སྲེག་པ་ཡི།། དེ་ནི་བདག་གིས་བཤད་པར ་བྱ།། གདུང་ཞེས་བྱ་བ་རོ་སྲེག་སྟེ།། ཀུན་གཞི་བག་ཆགས་ཀྱི་རོ་དང་། འཁྲུལ་པ་རྣམ་རྟོག་གི་རོ་དང་། བསྐྱེད་རིམ་ཏིང་ངེ་འཛིན་གྱི་རོ་དང་། རྫོགས་ཆེན་ལྟ་སྒོམ་སྤྱོད་པའི་རོ་དང་བཞིའོ།། དེ་ལ་ཀུན ་གཞི་བག་ཆགས་ཀྱི་རོའི་དཔེ་ནི། དཔེར་ན་གཉིད་ལོག་པའི་དུས་ན་ནོར་བསམ་གྱིས་མི་ཁྱབ་པ་རྙེད་ནས་ལོངས་སྤྱད་པ་ལྟ་བུ་སྟེ། ཀུན་གཞི་དངོས་པོ་མེད་པའི་གཞི་དེ་དག་ལ། རྟོག་པ་བཟང་ངན་སྣ་ཚོགས་ལ ་ལོངས་སྤྱོད་དེ། དེ་ཡང་ཆགས་ཤིང་ཞེན་པས་འཁོར་བ་ལས་ཐར་པའི་དུས་མེད་པ། ཀུན་གཞི་བག་ཆགས་ཀྱི་རོ་འདི། ཐམས་ཅད་མཁྱེན་པའི་ཧོམ་ཁུང་དུ་ཤེས་རབ་ཆེན་པོའི་མེ་སྦར་ཏེ། བག་ཆགས་ཀྱི་ཡམ་ཤིང་ལ ་རིག་པ་ཡེ་ཤེས་ཀྱི་མེ་སྦར་ཏེ། ཐིག་ལེ་བརྡལ་ཁྱབ་ཏུ་སྦྱངས་ནས་བཏང་ངོ་།། དེ་ནས་འཁྲུལ་པ་རྣམ་རྟོག་གི་རོ་བསྲེག་པར་བྱས་ཏེ། འཁྲུལ་པ་རྣམ་རྟོག་གི་རོ་བསྲེགས་པས། འཁྲུལ་པའི་སྒྱུ་མ་རིག་པ་ཡེ་ཤེ་ཀྱི་ཧོམ ་ཁུང་དུ་ཤེས་རབ་ཆེན་པོས་བསྲེག་པར་བྱའོ།། རྣམ་པར་རྟོག་པས་འཁྲུལ་པའི་རྐྱེན་རང་བྱུང་ཡེ་ཤེས་མེས་ཐིག་ལེ་ཧོམ་ཁུང་དུ་སྲེག། ཐིག་ལེའི་ངང་དུ་སྦྱང་བར་བྱའོ།། བསྐྱེད་རིམ་གྱི་ལྷ་ལ་ཆགས་པ། ས་བག་ཆགས ་མཚན་མའི་རོ་ཡེ་ཤེས་ཁོང་གསལ་གྱི་ཧོམ་ཁུང་དུ། ཐབས་འགག་པ་མེད་པའི་རོ།། ཐིག་ལེ་ཀུན་ཁྱབ་ཏུ་བསྲེག་བྱང་བྱའོ།། ལྟ་སྒོམ་སྤྱོད་པ་མཐའ་གསུམ་གྱི་རོ།། ལྟ་བ་རང་བཞིན་མེད་པར་ཆད་པའི་རོ།། སྒོམ་པ ་ཉམས་མྱོང་འདོད་པ་བརྟག་པའི་རོ།། ཉམས་ལ་ཆགས་སྡང་སྐྱེས་པ་སྤྱོད་པ་དུག་ལྔའི་རོ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱི་ཧོམ་ཁུང་དུ། རང་འབར་བ་ཐིག་ལེ་ཉག་གཅིག་གིས་མེས་བསྲེག་པར་བྱའོ།། ཞེས ་གསུངས་སོ།། སྦྱངས་ས་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་དབང་གི་གདམས་ངག་བཀའ་སྩལ་པ། བུམ་པ་ཐབས་དང་གསང་སྔགས་དང་།། ཚིག་དབང་རྣམ་པ་བཞི་རུ་བསྟན།། བུམ་པའི ་དབང་ལ་རྣམ་པ་བཞི།། སེམས་ཉིད་འོད་གསལ་ཕྱི་ཡི་བུམ་པ་ཡིན།། རིག་པ་འོད་གསལ་ནང་གི་བུམ་པ་ཡིན།། ཡེ་ཤེས་འོད་གསལ་གསང་བའི་བུམ་པ་ཡིན།། ཐིག་ལེ་འོད་གསལ་དབྱེར་མེད་བུམ་པ་ཡིན།། ཞེས ་གསུང་སོ།། ཐབས་དང་ཤེས་རབ་དབང་དུ་བསྟན་པ་ནི།། རང་སྣང་ཐབས་སུ་ཤེས་ན་ཐབས་ཀྱི་དབང་།། སྣང་བ་རང་གྲོལ་དུ་རྟོགས་པ་ཤེས་རབ་དབང་།། ཞེས་གསུངས་སོ།། གསང་བའི་དབང་ལ་བཞི་སྟེ། རིག་མ ་ལམ་བརྟེན་དགའ་བ་བཞི།། དེ་ནི་ཕྱི་ཡི་གསང་བའི་དབང་།། རང་སྣང་གསལ་སྐྱེས་པས་དགའ་བ་ཡིན།། རིག་པ་ཟང་ཟལ་སྐྱེས་པ་མཆོག་དགའ་ཡིན།། གཉིས་མེད་ཡེ་ཤེས་ཟང་ཐལ་བ།། ལྷན་ཅིག་སྐྱེས་པའི ་དགའ་བ་ཡིན།། དབྱེར་མེད་ཐིག་ལེ་གྲོལ་བ་དགའ་བྲལ་ཆེན་པོ་ཡིན།། ཞེས་གསུངས་སོ།། ཚིག་གི་དབང་ནི་རྣམ་བཞི་སྟེ།། འབྱུང་བ་ལྔ་ཡིས་ངོ་སྤྲད་པས།། རང་བྱུང་ཡེ་ཤེས་ཚིག་གི་མཆོག། དུག་ལྔ་དག་གིས་ངོ། ་སྤྲད་པས།། རིག་པའི་ཡེ་ཤེས་ཚིག་གི་མཆོག་ཏུ་བརྗོད།། འགྱུ་བ་མི་འགག་ཟོལ་ཐོལ་སྐྱེ་བ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲོད་ངོ་སྤྲོད་མཚོན།། ཚིག་གི་དབང་པོ་ཆོས་ཀྱི་སྤྱན་ལ་སྤྲད།། བུམ ་པའི་དབང་ནི་རང་སྣང་འོད་ལ་སྤྲད།། ཐབས་དང་ཤེས་རབ་དབང་ནི་ཙིཏྟའི་ནང་དུ་སྤྲད།། ཡེ་ཤེས་ཆེན་པོའི་དབང་ནི་ཡེ་ཤེས་སྤྱན་ལ་སྤྲད།། ཐམས་ཅད་རང་ལ་ཡོད་པས་དབང་ཞེས་བྱ།། དེ་རྣམས་བླ་མས་སྟོན ་པའི་ཚིག་ཐོབ་ནས།། རབ་ཏུ་གཅེས་པས་དབང་ཞེས་བྱ།། ཞེས་གསུངས་སོ།། དབང་རང་ལ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །། ཡང་བཀའ་སྩལ་པ། དམ་ཚིག་སྲུང་བ་ཞེས་བྱ་བ།། མ་ནོར་མ་བཅོས་དམ ་ཚིག་ཡིན།། ཤེས་རབ་ཆེན་པོ་མ་ནོར་བས།། ཐིག་ལེ་མ་བཅོས་རང་སར་གྲོལ།། དེ་ནི་དམ་ཚིག་ཉམས་མེད་ཡིན།། བསྲུང་བྱ་བྱུང་ན་ཉམས་ཏེ་མཆི།། བདེ་ཆེན་ཐིག་ལེ་རྣམ་པར་དག། དེ་ནི་སྡོམ་པ་རང་དག ་ཡིན།། གཟུང་རྒྱུ་བྱུང་ན་འཆོར་བར་མཆི།། ཞེས་གསུངས་སོ།། དམ་ཚིག་སྡོམ་པ་ལ་བཟླས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། འདུས་བྱས་འདུས་མ་བྱས་ཀྱི་བར།། བར་ན ་རྟོག་མེད་ཆོས་སྐུ་གནས།། རྟོག་མེད་རྟོགས་ན་བར་དོ་མེད།། སྒྱུ་མ་འཇའ་ཚོན་གཉིས་ཀྱི་བར།། བར་ན་ཐིག་ལེ་ཉག་གཅིག་གནས།། ཉག་གཅིག་རྟོག་ན་བར་དོ་མེད།། འགྲོ་དྲུག་རང་སྣང་གཉིས་ཀྱི་བར།། འགྲོ། ་དྲུག་པར་ན་རང་བྱུང་སྐུ།། སྦྲུལ་སྐུ་རྟོགས་ན་བར་དོ་མེད།། སེམས་དང་ཆོས་དང་རྣམ་རྟོག་ཆགས་སྡང་ལ་སོགས་པའི།། གཟུང་འཛིན་ཐམས་ཅད་སེམས་ཡིན་པས།། དེ་སོལ་ཡིན་པས་རྟོགས་པའོ།། སེམས་ལས ་འབྱུང་བར་ཡང་ནི་རྟོགས།། སེམས་དེ་མི་རྒྱུ་དགུ་ལ་རྒྱུ།། མི་བསམ་དགུ་ལ་བསམ།། དབྱིབས་གཟུགས་ཁ་དོག་སྣང་ཡང་སེམས།། ཐམས་ཅད་སེམས་སུ་ཤེས་ཀྱང་སངས་མི་རྒྱ།། ཞེས་ཏེ་གཟུང་འཛིན་མི་འཆད་པའི ་ཕྱིར།། ཅིས་ཏེ་ཇི་སྲིད་སེམས་ཡོད་སེམས་ལ་སྤྱོད་ན་གཟུང་འཛིན་ལ་སྤྱོད་པའི་ཕྱིར།། སངས་རྒྱས་གང་ལ་ཟེར་ཅེས་ཞུས་པས། ཐིག་ལེ་ཉག་གཅིག་པོ་དེ་ལ་གོང་མ་རྣམས་ལས་ལོག་པ་སྟེ། སྣང་བའི་ཡུལ་མེད་པས།། ་འཛིན་པའི་ཤེས་པས་བཟུང་དུ་མི་བཏུབ། འཛིན་པའི་ཤེས་པ་རང་བྱུང་བས། ཤེས་རིག་བློ་ལས་འདས་པས་ཐིག་ལེ། ཕྱི་ནང་དབྱེ་བ་མེད་པས་ཉག་གཅིག། ཐིག་ལེའི་དགོངས་པ་རང་གནས་སོ།། སངས་རྒྱས་མེད་པ ་རང་ཡིན་པས། ཆགས་སྡང་སྐྱེད་མེད་དུག་ལྔ་རང་གི་ལམ་དུ་ཁྱེར། མ་རིག་པ་དང་འདངས་སངས་མ་རིག་པ་མེད་པས། རིག་པ་གཞི་ལ་འགྲོ་ས་མེད། གཞི་རང་ཡིན་པས། རྣམ་རྟོག་ལ་རྒྱུན་དུ་སོང་། ཆད་ས་མེད།། ་རྣམ་རྟོག་མི་མངའ་བས་སོ།། ཞེས་གསུངས་སོ།། བར་དོ་མཉམ་སྦྱོར་ངོ་སྤྲོད་པའི་ལེའུ་སྟེ་བཅུ་པའོ།། །། བར་མ་དོ་ཡི་དོན་བཤད་ཀྱང་།། རྒྱུན་དང་དུམ་བུ་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ ་པ། དུམ་བུས་རྒུན་མཐོང་དུམ་བུར་རྒྱུན་དུ་སོང་།། རྒྱུ་ནི་དུག་ལྔ་རང་སྣང་མ་འགགས་པས།། དུག་ལྔ་རྒྱུན་དུ་སྣང་བའོ།། འགྲུ་བ་ཕྱོགས་མེད་གཅོད་པ་དུམ་བུའོ།། དུམ་བུས་སངས་པ་མེད་པས་རྒྱུན་དུ ་སོང་།། དུམ་བུ་སྤྱད་པས་རྒྱུན་དུ་འཁོར་བ་ལ་གནས།། དེས་ན་དུམ་བུ་འབྲས་བུ་རྒྱུན་དུ་གྲུབ།། རྒྱུན་དང་དུམ་བུ་ལམ་དུ་ཁྱེར་བ་བསྟན་པ་ནི།། འགྱུ་བ་ཕྱོགས་མེད་འགྱུ་བའི་དུམ་བུ་སྟེ།། འཕགས་པ་འཇམ་དཔལ་ལྟ ་སྟངས་དང་།། ཐུགས་རྗེ་ཆེན་པོའི་ལྟ་སྟངས་དེས།། རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས།། ལྟ་སྟངས་ཕྱོགས་མེད་བྱས་པ་ཡི།། དུམ་བུ་ཕྱོགས་མེད་རྒྱུན་དུ་སོང་།། རྒྱུན་ནི་ཐིག་ལེ་ཁོང་ནས་འབར་ཕྱི་འབར།། དབྱེར་མེད་དུ ་འཆར་ནང་དུ་འཆར་རོ།། འབར་པ་གསུམ་ལ་རེ་ལན་གསུམ།། གསུམ་མཉམ་དུས་མཉམ་དུ་འཆར་རོ།། འབར་ཆེན་པོའི་ཀློང་དང་དུག་ལྔ་འགྱུ་བ་སྤངས་སོ།། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད། ཁོངས་ལ་དུ་སངས ་རྒྱས་སོ་ཙམ་དུ་བསྟན་པའོ།། དེ་ནས་བཅོམ་ལྡན་འདས་ཐིག་ལེའི་ངང་དུ་ཉིད་སངས་རྒྱས་ནས། མི་སྣང་བར་གྱུར་ཏོ།། ལག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་རྗེས་སུ་ཡི་རང་ངོ་།། ཐིག་ལེ་སྤྲོས་པ་གཅོད་པའི་རྒྱུད ་གསང་བ་ཡང་གཏེར་ཞེས་བྱ་བ། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས། སྡུད་པ་པོ་ཕྱག་ན་རྡོ་རྗེས་བསྡུས། ཐམས་ཅད་རང་གི་འདུག་ཚུལ་དུ་བསྟན་ནོ།། རྫོགས་སོ།། །། ་