CLOSE WINDOW

Gpb037.027: gsang ba yang gter gyi rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། གུ་ཧྱ་བྷིན་དྷུ་ཏནྟྲ། བོད་སྐད་དུ། གསང་བ་ཡང་གཏེར་གྱི་རྒྱུད། དཔལ་ཀུན་ཏུ་བཟག་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང ་དུ། འཕགས་པའི་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བ་དང་། བདུད་འདུལ་བའི་དུས་ན། ཡིད་མ་ལ་ཡའི་བསྟན་པ་ལ་གནས་སོ།། དེའི་ཚེ་དེའི་དུས་ན་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས།། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ལགས། བྷ་ག་བན་ཀུན་ཏུ་བཟང་པོའི་དགོངས་པ་དང་། ཁམས་གསུམ་གྱི་མ་ནུ་འདི་རྒྱུ་ཅི་ལས་འཁྲུལ་ཅིང་ཇི་ལྟ་བུ་ལགས། གསང་བ་ཆེན་པོས་བདག་ལ་བསྟན་དུ་གསོལ། ཅེས་ཞུས་པས། རྡོ་རྗེ ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྣལ་ལོ།། དེ་ལས་བཞེངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ལེགས་པར་ཡིད་ལ་ཟུང་ཞིག། ཅེས་བཀའ་སྩལ་ལོ།། སྤྱི་དང་འཁྲུལ་པ་ལམ་དང་ནི།། གོལ་བ ་གནས་ལུགས་ངོ་སྤྲོད་དང་།། འབྲས་བུ་མཐར་ཕྱིན་ངས་བསྟན་ཏོ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ ་བས། རྡོ་རྗེ་སེམས་དཔའ་ལ་ཞུས་པ། སྤྱི་ས་ཆེན་པོ་ནི་གང་ལགས། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཀྱེ་ཀྱེ་ཉོན་ཅིག་སྤྱིས་ཞེས་བྱ་བ་ནི། ངས་ཁྱོད་ལ་བསྟན་པར་བྱ་ཡིས།། ཐོག་མ་སངས་རྒྱས་སེམས་ཅན་མིང ་ཡང་མེད།། སངས་རྒྱས་རྣམ་པར་རྟོག་ལས་བྱུང་བའི་ཕྱིར།། རྣམ་པར་རྟོག་པ་རང་དུ་ཡང་མ་འཁྲུལ་ཏེ།། དེའི་ཚེ་དེའི་དུས་ན། ཆོས་ཀྱི་དབྱིངས་ཞེས་བྱའོ།། སངས་རྒྱས་ཀྱི་གཞི་ཞེས་བྱའོ།། སེམས་ཅན་སངས་རྒྱས ་ཀྱི་འབྱུང་གནས་ཞེས་བྱའོ།། འཁྲུལ་པའི་གཞི་ཞེས་ཀྱང་བྱའོ།། ཐམས་ཅད་བསྐྱེད་པའི་མ་ཞེས་ཀྱང་བྱའོ།། ཀུན་གྱི་གཞི་ཞེས་བྱའོ།། སེམས་ཅན་འཁྲུལ་པའི་ཕྱི་མོ་ཞེས་བྱའོ།། འགྲོ་དྲུག་མེད་དོ།། འབྱུང་བ་ལྔ་མེད ་དོ།། དུག་ལྔ་མེད་དོ།། སྒོ་ལྔ་མེད་དོ།། ཆགས་སྡང་བཅུར་མེད་དོ།། ཕུང་པོ་ལྔར་མེད་དོ།། ལམ་མེད་དོ།། ཉོན་མོངས་པ་མེད་དོ།། སྒྲིབ་པ་མེད་དོ།། སྦྱངས་པ་མེད་དོ།། ཉོན་མོངས་པ་མེད་དོ།། བྱང་བ་མེད ་དོ།། སངས་རྒྱས་མེད་དོ།། ཆོས་མེད་དོ།། དགེ་འདུན་མེད་དོ།། དགྲ་མེད་དོ།། བརྡ་མེད་དོ།། ཡི་གེ་མེད་དོ།། འོད་མེད་དོ།། སྐུ་ལྔ་མེད་དོ།། ཡེ་ཤེས་ལྔ་མེད་དོ།། སྤྱན་ལྔ་མེད་དོ།། མངོན་ཤེས་ལྔ་མེད་དོ།། རིགས ་ལྔ་མེད་དོ།། ཡུམ་ལྔ་མེད་དོ།། འདྲེ་མེད་དོ།། ལྷ་མེད་དོ།། ཐོབ་པ་མེད་དོ།། མ་ཐོབ་པ་མེད་དོ།། རྟོགས་པ་མེད་དོ།། མ་རྟོགས་པ་མེད་དོ།། ཉི་མ་ཟླ་བ་མེད་དོ།། དེ་ནི་སངས་རྒྱས་བྱུང་ཡང་དེ་ལས་མེད་དོ།། དེས ་ནམ་འཁྲུལ་པ་ཞེས་བྱའོ།། མ་ནི་གཞི་མ་དེ་རང་བཞིན་ནོ།། ལྷུན་གྱི་གྲུབ་བོ།། དཔེ་ག་བུར་དང་འདྲའོ།། རྒྱ་མ་ཆད་དོ།། ལྷུན་གྱིས་གྲུབ་པ།། ཀུན་ཏུ་འཆར་རོ།། མཐའ་གང་ལ་ཡང་མི་གནས་སོ།། ཞེས་གསུངས ་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། གཞི་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། དེ་ལྟ་བུ་གང་ཡང་མ་མཆིས་ན། ཁམས ་གསུམ་མ་ནུ་བུདྷ་ཇི་ལྟར་ལགས། ཞེས་ཞུས་པས། དཔེར་ན་རིན་པོ་ཆེ་འཆང་བའི་མི་དེ་ལ། གཡུ་དང་གསེར་དང་རིན་པོ་ཆེ་སྣ་ལྔ་མེད་དོ།། རིན་པོ་ཆེ་དེ་ལས་ཐམས་ཅད་འབྱུང་ངོ་།། དེ་བཞིན་དུ་གཞི་སྤྱིས ་ནས་ཐམས་ཅད་དུ་འཁྲུལ་ལོ།། དེ་ཇི་ལྟར་འཁྲུལ། ཞེས་ཞུས་པས། གཞི་དེ་ལ་སྒོ་རྣམ་པ་ལྔ་ཡོད་དེ། ལྷུན་གྲུབ་འགག་མེད་ཀྱི་སྒོ་དཔེར་ན་ག་པུར་དང་འདྲའོ།། ཐམས་ཅད་འབྱུང་བ་ནོར་བུ་རིན་པོ་ཆེ་དང ་འདྲའོ།། རྣོན་པོའི་སྒོ་མེ་ཤེལ་དང་འདྲའོ།། རྟུལ་པོའི་སྒོ་ཆུ་ཤེལ་དང་འདྲའོ།། མ་ནིང་གི་སྒོ་གླང་ཆེན་གར་ཆང་མྱོང་བ་དང་འདྲའོ།། ཞེས་གསུངས་སོ།། སྒོ་ལྔ་ནི་ཡེ་ཤེ་འཆར་བའི་སྒོ་ཡང་ཡིན།། མ་རིག་པ་སྐྱེ་བའི་སྒོ ་ཡང་ཡིན། རླུང་ལྔར་འབྱུང་བའི་སྒོ་ལྔ་ཡིན། ཡུལ་དུ་བྱུང་བའི་སྒོ་ལྔ་ཡིན། ཕོ་མོ་གཉིས་སུ་བྱུང་བའི་སྒོ་ཡང་ཡིན་ནོ།། མ་ནིང་དུ་འབྱུང་བའི་སྒོ་ཡང་ཡིན་ནོ།། དཔེར་ན་ག་པུར་དེ་སྨན་དུག་ཁ་ཟས་གསུམ་དུ་བྱུང་བ ་ཡང་། རིན་པོ་ཆེ་དེ་རིན་ཆེན་སྣ་ལྔར་འབྱུང་བ་བཞིན། སྒོ་ལྔར་སྣང་ཡང་ཐམས་ཅད་འབྱུང་བའི་གཞི་ཡིན་ནོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། འཁྲུལ་པའི་དཔེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས ་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། སྒོ་ལྔའི་བཤད་ཚུལ་བསྟན་དུ་གསོལ་ཅེས་ཞུས་པས། བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། སྒོ་ལྔ་དག་པོ་ལྷུན་གྲུབ་འགག་མེད་སྒོ་དེ་ནས། ལྷུན་གྲུབ་ཀྱི་རང་བཞིན ་རླུང་གཡོས་པས། རྣོན་པོའི་སྒོ་རིག་པ་གསལ་ལ་རྟོག་པ་མད་འདྲ་བ་ཅིག་བྱུང་བས། དྲོད་དུ་བྱུང་བས་རིག་པ་གཅོད་ནུས་པས། གཅད་རྒྱུ་མ་རྙེད་དོ།། བར་དེར་ང་སྙམ་པ་ཅིག་སྐྱེས་སོ།། ཡིད་ཀྱིས་ཝལ་གྱིས་བྱུང ་ངོ་།། བར་དེར་ཤེས་པར་འགྱུར་རོ།། འབྱུང་བ་བྱུང་སྟེ་རང་སྣང་ལ་ལྟ་ནུས་སོ།། རྣོན་པོའི་སྒོ་མ་འགགས་པས་རང་སྣང་དམར་པོར་ཤར་རོ།། རྟུལ་པོའི་སྒོ་མ་འགགས་པས་རང་སྣང་དཀར་པོར་ཤར་རོ།། ལྷུན་གྲུབ ་ཀྱི་སྒོ་མ་འགགས་པས་རང་སྣང་བས་རང་སྣང་མཐིང་ཁར་ཤར་རོ།། ཐམས་ཅད་འབྱུང་བའི་སྒོ་མ་འགགས་པས་རང་སྣང་སེར་པོར་ཤར་རོ།། མ་ནིང་གི་སྒོམ་འགགས་པས་རང་སྣང་ལྗང་ཁུར་ཤར་རོ།། དེ་ཡི་དུས་སུ ་རྣོ་བ་ལས་མིག་གི་དབང་པོ། ལྷུན་གྲུབ་ལས་ཡིད། རྟུལ་པོ་ལས་རྣ་བ། ལྷུན་གྲུབ་ལས་ལུས། ཐམས་ཅད་བྱུང་བ་ལས་སྟེ། མ་ནིང་ལས་ལྕེ། དབང་པོ་ལྔ་དང་ལྡན་པ་དེ་ལས། རང་སྣང་འོད་ལྔར་མཐོང་སྟེ། སྒོ་ལྔ ་ལས་ནི་འདི་ལྟར་འཁྲུལ་ལོ།། གོང་དུ་ཤར་བའི་སྣང་བ་ལྔ་ལས་སྤྱོད་ནུས་སོ།། འོད་ལས་སྤྱད་པས་གཟུགས་ཁམས་སུ་སྐྱེའོ།། འགྱུ་བ་ནི་འདོད་པའི་ཁམས་སུ་གནས་སོ།། ཡིད་ནི་གཟུགས་མེད་པའི་ཁམས་སུ་གནས ་སོ།། དེ་ངོ་མ་ཤེས་པས་ཁམས་གསུམ་དུ་འཁོར་རོ།། རྒྱུད་དྲུག་ཏུ་འཁྱམས་སོ།། འོད་ལ་སྟོང་པའི་རྒྱས་ཐེབས་ན་ལམ་ལྔ་ལས་གྲོལ་ཏེ། དང་པོ་ཀུན་ཏུ་བཟང་པོས་ལམ་མ་སྦྱངས་སོ།། འགྱུ་བ་འོད ་གསལ་འཁོར་ལོ་བསྐོར་བས། སྒོམ་པའི་མིང་མ་ཐོབ་བོ།། གཞི་སྒོ་ལྔ་ངོ་ཤེས་པས་འཁྲུལ་པའི་བཞི་སད་དོ།། སྒོ་བཞི་ལ་རྒྱས་ཐེབས་སོ།། སངས་རྒྱས་སོ།། ཐམས་ཅད་མཁྱེན་པ་ཐོབ་བོ།། གསང་བ་ཡང་གཏེར་གྱི ་རྒྱུད་ལས། འཁྲུལ་པ་དམར་ཁྲིད་ཀྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་འོད་ཟེར་རབ་ཏུ་འཕྲོ་བས། འཁྲུལ་པའི་གདམས་ངག་བསྟན་དུ་གསོལ། ཞེས་ཞུས་པས། ཁམས་གསུམ་སྣོད་དང་བཅུད་དུ་འཁྲུལ་པ ་བསྟན་པར་བྱ།། ཞེས་གསུངས་ནས། འཁྲུལ་པ་ལམ་གྱི་དུས་ན་ནི།། རང་འོད་ལྔ་འོད་དུ་མཐོང་།། མཐོང་བས་ཆགས་པ་རབ་ཏུ་སྐྱེས།། དེས་ན་འདོད་ཆགས་ཞེས་སུ་འཁྲུལ།། རིག་པ་གཞི་ལ་ལྷན་གྱིས་སོང་།། རང ་སྣང་ཁ་དོག་མ་མཐོང་བས།། དེ་ལ་ཞེ་སྡང་རབ་ཏུ་འཁྲུལ།། དེས་ན་ཞེ་སྡང་ཞེས་སུ་འཁྲུལ།། གཉིས་སུ་མེད་པར་མ་ཤེས་པས།། དེས་ན་གཏི་མུག་ཅེས་སུ་འཁྲུལ།། དེ་ང་དང་ང་ཡི་མཉམ་པའི་ཡུལ་དུ་བཟུང་།། དེས ་ན་ང་རྒྱལ་ཞེས་སུ་འཁྲུལ།། ང་རྒྱལ་ཆ་ལས་ཁོང་ཁྲོ་བྱུང་།། འགྱུ་བ་ཆ་ནི་ཕྲ་མོ་དེ།། གཞི་ལ་ཐིམ་ནས་འོད་མི་སྣང་།། དེ་ནས་འོད་མཐོང་ཕྲག་དོག་དག་ཏུ་འཁྲུལ།། རྣོན་པོའི་སྒོ་ལས་ཕོ་རུ་བཟུང་སྟེ་ཞེ་སྡང ་སྐྱེས།། མངལ་དུ་འགྲིམས་པས་པོ་རུ་འཁྲུལ།། རྟུལ་པོའི་སྒོ་ལས་ཕོ་རུ་བཟུང་སྟེ་འདོད་ཆགས་སྐྱེས།། མ་ནིང་སྒོ་ལས་གཉིས་ཀར་བཟུང་།། མངལ་དུ་འགྲིམས་པས་མ་ནིང་འཁྲུལ།། ཕོ་མོ་མ་ནིང་དེ་ནས ་འཁྲུལ།། ཆགས་པ་སྐྱེས་ནས་ཡི་དྭགས་དང་།། ཞེ་སྡང་སྐྱེས་པས་དམྱལ་བ་དང་།། གཏི་མུག་སྐྱེས་པས་བྱོལ་སོང་དང་།། ཁོང་ཁྲོ་ཕྲག་དོག་ལྷ་མིན་ལྷ།། སྐྱེས་པས་འགྲོ་དྲུག་འཁྲུལ།། འདོད་ཆགས་ཞེ་སྡང་གཏི་མུག ་སོགས།། སྒོ་ལྔ་དག་ལས་འབྱུང་བར་འགྱུར།། ཞེས་གསུངས་སོ།། སྒོ་ལྔ་སྣང་བ་མ་འགགས་པས།། འོད་དུ་བཟུང་བས་གཟུགས་ཀྱི་ཕུང་པོར་འཁྲུལ།། ཉམས་སུ་མྱོང་བས་ཚོར་བའི་ཕུང་པོར་འཁྲུལ།། དཀར་དམར ་ལྔ་རུ་ཕྱེ་བ་འདུ་ཤེས་ཕུར་པོར་འཁྲུལ།། མངལ་དུ་ཚུལ་པས་འདུ་བྱེད་ཕུང་པོར་འཁྲུལ།། སྒོ་ལྔ་ཆགས་པས་རྣམ་པར་ཤེས་པའི་ཕུང་པོར་འཁྲུལ།། ཞེས་གསུངས་སོ།། དེ་ནས་མངལ་ནས་སྐྱེས་པའི་ཚེ།། རིག་པ ་གསལ་བས་མ་འགགས་པས།། སྣང་བ་སལ་གྱིས་བྱུང་མཐོང་བས།། འབྱུང་བ་ལྔ་ཡི་མིང་མ་ཐོགས།། དེས་ན་རྣོན་པོའི་སྒོ་ལས་མཐོང་མིག་ཏུ་འཁྲུལ།། ཁ་དོག་སྣ་ཚོགས་འབར་བའི་འོད།། ཐམས་ཅད་འདུས་པའི ་རྟགས་ཆེན་ཡིན།། རྟུལ་པོའི་སྒོ་ལས་སྒྲ་ཅིག་བྱུང་།། ད་ལྟ་རྣ་བའི་རྣམ་ཤེས་འཁྲུལ།། འདྲེན་པའི་སྒོ་ལས་དྲི་རུ་བྱུང་།། ད་ལྟ་སྣ་ཡི་རྣམ་ཤེས་འཁྲུལ།། ཐམས་ཅད་སྒོ་ནས་རོ་རུ་བྱུང་།། ད་ལྟ་ལྕེ་ཡི་རྣམ་ཤེས ་འཁྲུལ།། ལྷུན་གྲུབ་སྒོ་ནས་རེག་ཏུ་བྱུང་།། ད་ལྟ་ལས་སུ་འཁྲུལ་པའོ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། བཅུད་དུ་འཁྲུལ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང ་འོད་ཟེར་རབ་ཏུ་འཕྲོ་བས། ཕྱིའི་སྣོད་འདི་བསྟན་དུ་གསོལ། ཞེས་གསུངས་པས། བཀའ་སྩལ་པ། ཕྱིའི་འབྱུང་བ་ལྔ་དང་། ཕྱིའི་རི་རབ་དང་། ཕྱིའི་གཞལ་ཡས་ཁང་དང་། ཕྱིའི་འདྲེ་དང་། ནང་གི་འདྲེ་དང་། ཕྱིའི་ལྷ ་དང་། ནང་གི་ལྷ་དང་། ཕྱིའི་ལམ་དང་། ནང་གི་ལམ་དང་། ཕྱིའི་ཕུང་པོ་ལྔ་དང་། ནང་གི་ཕུང་པོ་ལྔ་དང་། ཕྱིའི་སྒོ་ལྔ་དང་། ནང་གི་སྒོ་ལྔ་དང་། གསང་བ་བླ་ན་མེད་པ་ཡང་གཏེར་དམར་ཁྲིད་དུ་བསྟན་པའོ།། ཞེས ་གསུངས་སོ།། དབང་པོ་ཡང་རབ་དེ་དོན་གྱིས་འགྱུར་ཡང་།། བདག་གིས་མ་གོ་རྒྱས་པར་བཤད་དུ་གསོལ།། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཕྱིའི་འབྱུང་བ་ལྔ་ནི། སྒོ་རྣམ་པ་ལྔ་ལས། བར་གྱི་བསྐལ་པ་ལ་འོད ་ལྔ་རང་འཁྲུལ་ལོ།། ཐ་མ་འབྱུང་བ་ལྔ་རུ་འཁྲུལ་ཏེ།། རྣོན་པོའི་སྒོ་ལས་མེར་འཁྲུལ།། རྟུལ་པོའི་སྒོ་ལས་ཆུར་འཁྲུལ།། མ་ནིང་སྒོ་ལས་ནམ་མཁར་འཁྲུལ།། ལྷུན་གྲུབ་ཀྱི་སྒོ་ལས་ས་རུ་འཁྲུལ་ལོ།། ཐམས་ཅད་ཀྱི་སྒོ ་ལས་རླུང་དུ་འཁྲུལ་ལོ།། ཕྱི་འབྱུང་བ་ལྔའོ།། ནང་གི་འབྱུང་བ་ལྔ་ནི། རྣོན་པོ་དྲོད། རྟུལ་པོ་ལས་ཁྲག། མ་ནིང་ལས་སེམས། ལྷུན་གྲུབ་ལས་ས། ཐམས་ཅད་ཀྱི་སྒོ་ལ་དབུགས་སུ་འཁྲུལ་ལོ།། དེ་ནས་རི་རབ་གླིང ་བཞིར་འཁྲུལ་ཏེ། རྣོན་པོ་ལས་ནུབ། རྟུལ་པོ་ལས་ཤར། མ་ནིང་ལས་དབུས། ལྷུན་གྲུབ་ལས་ལྷོ། ཐམས་ཅད་ལས་བྱུང་ངོ་།། དབུས་ཀྱི་རི་རབ་ལས་ཀྱང་རྣོན་པོ་ལས་ཀྱང་ནུབ་ར་ག། རྟུལ་པོ་ལས་ཤར་གངས་རི། ་ལྷུན་གྲུབ་ལས་ལྷོ་བཻ་ཌཱུཪྻ། ཐམས་ཅད་ལས་བྱང་ཨིནྡྲ་ནི་ལ། དེ་ནི་ཕྱིའི་རི་རབ་བོ།། ད་ནི་ནང་གི་རི་རབ་ནི། མཐིལ་བཞི་གླིང་བཞི་ལུས་རི་རབ། མགོ་བུམ་པའོ།། ཕྱིའི་ལྷ་ཁང་ངོ་།། རྒྱལ་བ་རིགས་ལྔ་ལ་སོགས་པ ་འབུར་དང་རིས་སུ་བྲིས་པའོ།། ནང་གི་ལྷ་ཁང་ནི། རང་ལུས་རིགས་ལྔའོ།། ནང་གི་ལམ་ལྔ་ནི། སྒོ་ལྔའི་རྣམ་ཤེས་སོ།། ཕྱིའི་འདྲེ་ལྔ་ནི། མགོན་པོ་དང་ནག་པོའོ།། ཤར་དང་དཀར་མོ། དམུ་དང་སེར་མོ། བཙན་དང ་དམར་མོ། སྣ་ཚོགས་རྒྱུ་བ་ཕོ་མོ་རྣམ་པ་ལྔའོ།། ནང་གི་འདྲེ་ལྔ་ནི། གཟུགས་སྡུག་པ་མི་སྡུག་པ་ཞེ་སྡང་དུག་གསུམ་གྱི་འདྲེ་ཕུང་པོའི་བདུད། གཅོད་པའི་འདྲེ། སྒྲ་སྙན་པ་དང་མི་སྙན་པ་དུག་གསུམ་གྱི་འདྲེ། ཉོན ་མོངས་པ་གཏི་མུག་གི་འདྲེ། དྲི་ཞིམ་པ་དང་མི་ཞིམ་པ་ང་རྒྱལ་ཡིད་ལ་བྱེད་པའི་བདུད། ང་རྒྱལ་གྱི་འདྲེ། རོ་ཞིམ་པ་དང་མི་ཞིམ་པ་འདོད་ཆགས་ལྷའི་བུའི་བདུད། ཆགས་པའི་འདྲེ། ལུས་རེག་བྱ་འཇམ་པ་དང་། རྩུབ ་པ་དང་། ཕྲག་དོག་དང་། ཁོང་ཁྲོའི་བདུད་སྲོག་གཅོད་པའི་བདུ། འདྲེ་ལྔ་ཕྱི་ནང་དུ་བསྟན་པས་རིག་པ་ངོས་བཟུང་དུ་བསྟན་པའོ།། ཕྱིའི་ལམ་ལྔ་འོད་ལྔ། ནང་གི་ལམ་ལྔ་སྒོ་ལྔ། རྣམ་ཤེས་ལྔའོ།། ཕྱིའི་ཕུང་པོ་ལྔ་ནི ་འབྱུང་བ་ལྔ། ནང་གི་ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ།། ཕྱིའི་གཞལ་ཡས་ཁང་ནི་ཕྱིའི་འབྱུང་བ་ལྔ། ནང་གི་གཞལ་ཡས་ཁང་དང་འོག་མིན་གནས། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི ་རྒྱུད་ལས། ཕྱི་ནང་སྣོད་བཅུད་དུ་འཁྲུལ་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས། འབྱུང་བ་ལྔ་ལ་ནི་རིག་པར་མི་སྣང་ཡང་མདངས་དང་མེ་ཏོག་འབྱུང་བ་ལ། སེམས་སུ་མི་སྣང་བ ་ཇི་ལྟ་བུ་ལགས། ཕུང་པོ་ཡང་གདོས་པར་སྣང་བ་ལ། གདོས་པའི་སྒོ་ནས་མཉམ་ན་ཁྱད་ཆེ་བས་འདི་ཇི་ལྟར་ལགས། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཐོག་མ་ལྷུན་གྱིས་གྲུབ་པ་དབྱེ་བ་མེད་པ་ལ། རླུང་རྣམ་པ ་ལྔ་ལྷུན་གྱིས་གྲུབ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་དེ། རླུང་རྣམ་པ་ལྔ་ནི་སྐྱེད་པར་བྱེད་པའི་རླུང་དང་། གཡོ་བར་བྱེད་པའི་རླུང་དང་། སྨིན་པར་བྱེད་པའི་རླུང་དང་། འགག ་པ་མེད་པའི་རླུང་དང་། སེལ་བའི་རླུང་ངོ་།། དེ་ཡང་རྒྱ་མ་ཆད། ཕྱོགས་སུ་མ་ལྷུང་། ལྷུན་གྱིས་གྲུབ་བོ།། དེའི་ཚེ་དེའི་དུས་ན། རྣོན་པོའི་རླུང་དང་། རྟུལ་པོའི་རླུང་དང་། འདྲེས་པའི་རླུང་དང་། མ་ནིང་གི་རླུང་དང་། ་སེལ་བ་ཐུགས་རྗེའི་རླུང་དང་ལྔར་བྱུང་ངོ་།། རྣོན་པོ་རླུང་ལས་ཕོ། རྟུལ་པོ་རླུང་ལས་མོ། འདྲེས་པ་ལས་གཉིས་ཀ། མ་ནིང་ལས་མ་ནིང་སེལ་བ་ལ་གསུམ། ཐུགས་རྗེ་ལ་རྣམ་པ་དེ་ལྟར་འཁྲུལ་ལོ།། དེ་རྣོན་པོ་རླུང་ནི ་སྒོ་ལྔ་ལ་གནས་སོ།། རྟུལ་པོ་ནི་འབྱུང་བ་ལྔ་ལ་གནས་སོ།། འདྲེས་པ་ནི་སྤྱི་ས་ལ་གནས་སོ།། མ་ནིང་ནི་ཀུན་གཞི་ལ་གནས་སོ།། སེལ་བ་ནི་ཡིད་ལ་གནས་སོ།། དེ་ཡང་རྒྱ་ཆད་ཕྱོགས་སུ་མ་ལྷུང་བའོ།། རྣོན་པོ་ནི ་རིག་པར་བྱུང་བའོ།། རྟུལ་པོ་ནི་འབྱུང་བ་ལྔར་སྣང་བ་སྟེ། དེ་ལ་ཡང་སྨིན་པ་མེའི་རླུང་གིས་མདོག་དང་དབྱིབས་ལེགས། སྡུད་པ་ཆུའི་རླུང་གིས་བསྐྱེད་ནུས། གཡོ་བའི་རླུང་གིས་འབྲས་བུ་འབྱིན་ནུས། འདེགས་པ ་སའི་རླུང་གིས་རྫོགས་པར་བསྐྱེད་ནུས། ཡོངས་ལ་ཁྱབ་པ་ནམ་མཁའི་རླུང་གིས་འབྲས་བུ་འབྱིན་ནུས་ཏེ། དགུན་ནི་གཡོ་བ་རླུང་གིས་གཡོ་བའོ།། དཔྱིད་ནི་འདེགས་པ་སའི་རླུང་གིས་བསྐྱེད་ནུས་དབྱར་ནི་སྡུད་པ་ཆུའི ་རླུང་གིས་ལོ་འདབ་རྒྱས་ནུས། སྟོན་ནི་སྨིན་པ་མེའི་རླུང་གིས་འབྲས་བུ་འབྱིན་ནུས། ཐམས་ཅད་འདུས་པ་ནམ་མཁའི་རླུང་གིས་འབྲས་བུ་གཞི་ལ་ཐིམ་མོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། རླུང་ལྔ་དུས་བཞི་སྦྱོར ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས། ཆོས་ཐམས་ཅད་རང་གི་མཚན་ཉིད་དུ་དྲིལ་བ་སྟེ་ཞུ། ཞེས་གསུངས་པས། བཀའ་སྩལ་པ། ཀྱེ་འོད་ཟེར་རབ་ཏུ་འཕྲོ་བ་ཉོན ་ཅིག། རང་གི་མཚན་མ་ཤེས་ན།། ལུང་སྟོན་ནང་གི་རླུང་པོ་འདྲ།། རང་གི་མཚན་ཉིད་འདི་ལྟ་སྟེ། རྣོན་པོས་ཞུས་ནས་བཞིས་བསྐོར་ཏེ། རྣོན་པོ་མའི་མངལ་དུ་འཇུག། གཡོ་བའི་རླུང་གིས་གཡོས་པས་རིག་པ་གསལ ་ནུས། སྨིན་པའི་རླུང་གིས་ཚོལ་ནུས། སྡུད་པའི་རླུང་གིས་ནུས། འདེག་པའི་རླུང་གིས་བསྐྱེད་ནུས། ཡོངས་ལ་ཁྱབ་པའི་རླུང་གིས་འབྲས་བུ་འབྱིན་ནུས་ཏེ། སྤྲུལ་པའི་སྐུར་སྣང་ངོ་།། བལྟམ་མོ།། དེས་ན ་མ་ངེས་ཏེ། འཆི་ཞེས་བྱ་བ་འབྱུང་བའི་དུས་སུ་གཡོ་བའི་རླུང་གྲོལ་བས་འགྲོ་བའི་སྟོབས་ཤོར།། སྨིན་པའི་རླུང་གཏོར་བས་དྲོད་སྟོར། སྡུད་པའི་རླུང་ཤོར་བས་མདངས་ཤོར་དྲི་ལྡོག། འདེགས་པའི་རླུང་ཤོར་བས་མི་ངོ ་ཤེས་ཏེ། ཡོངས་ལ་ཁྱབ་པའི་རླུང་གིས་འབྲས་བུ་དབྱིངས་སུ་བསྐྱལ་ལོ།། དེ་ནས་འཆི་ཞེས་བྱ་བའི་སྒྲ་བྱུང་བས། དམར་ཁྲིད་ཡང་དག་པ་འདི་དགོས་ཏེ། རིག་པ་ཞེས་བྱ་བ་ནི་ཡེ་ཤེས་ཟང་ཐལ་ངོ་ཤེས་པ་ལ ་བྱའོ།། མ་རིག་པ་ཞེས་བྱ་བ་ནི་ཡེ་ཤེས་ངོ་མ་ཤེས་པ་ལ་བྱའོ།། མ་ཞེས་བྱ་བ་ནི་ཀུན་གཞིའོ།། མ་རིག་པ་ནི་ཐུགས་ཀ་ལ་གནས་སོ།། ཀུན་ཏུ་བརྟགས་པ་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་ནི། བློ་སྒང་གཉིས ་ལ་གནས་སོ།། གནས་དང་ལམ་དང་སྒོ་དང་ནི།། སྐྱོན་དང་འབྲས་བུ་ཡོན་ཏན་དག་ཏུ་བཤད།། རིག་པ་སྙིང་ན་གནས་པ་སྟེ།། ཤེས་རབ་ཅེས་སུ་རབ་ཏུ་གྲགས།། ངོ་བོ་རྩལ་དང་ལས་དང་ནི།། གནས་དང་ལམ་དང ་སྒོ་དང་ནི།། ཡོན་ཏན་འབྲས་བུ་རྣམ་པ་བརྒྱད།། ཅེས་གསུངས་སོ།། ཡང་བཀའ་སྩལ་པ། དེ་རྣམས་མ་ཤེས་མ་རིག་པ།། འགྲོ་བ་འཁྲུལ་པ་རུ་སྨིག་སྒྱུ་སྙེག་པ་འདྲ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད ་ལས། རིག་པ་དང་མ་རིག་པའི་སོ་མཚམས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས། རིག་པ་མའི་ལམ་དུ་གཟུད་པ་དང་། འབྲས་བུ་ཇི་ལྟར་ཐོབ་པ་ལགས། ཤེས་ཞུས ་པས། བཀའ་སྩལ་པ། རིག་པ་འོད་གསལ་བས་འཁོར་ལོ་བསྐོར་དང་ཡེ་ཤེས་ཟང་ཐལ་འཆར།། རྒྱུས་མ་བསྐྱེད་ཅིང་རྐྱེན་ལ་རག་མ་ལུས།། ཡེ་ཤེས་ཟང་ཐལ་ཡེ་ནས་གནས་པ་ལ།། མཚན་མའི་ཡུལ་གྱིས་རྣམ་པ ་སྐྱེས་པའི་ཚེ།། འོད་གསལ་དང་དུ་ཤེས་པས་མཚན་མ་སྐོར།། གཟུང་འཛིན་སྤྲོས་པ་ཆོས་ན་ཡེ་ཤེས་གསལ།། དེ་ཡང་དམར་ཁྲི་དག་ལས་ཤེས་པར་བྱ།། གསལ་བའི་ཚད་ནི་ཏིལ་གྱི་མར་མེ་འདྲ།། གཟུང་འཛིན་སྤྲོས ་པ་སླར་ལ་གྲོགས་སུ་འགྲོ།། དཔེར་ན་མེ་ལ་བུད་ཤིང་བསྣན་པ་འདྲ།། དཔེར་ན་འཁོར་ལོ་གྱེན་དུ་དྲག་བསྐོར་ན།། འཁོར་ལོའི་ནང་དུ་ཆུད་པའི་སེམས་ཅན་རྣམས།། དངོས་མེད་ཐལ་བར་སོང་ནས་འཁོར་ལོའི ་གྲོགས་སུ་འགྲོ།། མཚན་མ་མེད་ན་འཁོར་ལོ་ཅི་ལ་བསྐོར།། འཁོར་ལོ་བསྐོར་ནས་མཚན་མ་བརླག་པར་འགྱུར།། དེ་བཞིན་གཟུང་འཛིན་མ་སྐྱེས་འོད་གསལ་འཁོར་ལོ་ཅི་ལ་བསྐོར།། གཟུང་འཛིན་འོད་གསལ ་བསྐོར་བས་འོད་གསལ་གྲོགས་སུ་གྱུར།། སྒོ་ལྔ་རྣམ་ཤེས་པར་ན་ཡེ་ཤེས་ཟང་མ་གནས།། ཡེ་ཤེས་ཟང་མ་ཡིན་པས་སངས་རྒྱས་དགོངས་པ་ཐོབ།། རྣམ་ཤེས་ཡུལ་གྱི་བར་ན་ཡེ་ཤེས་ཟང་ཐལ་གནས།། ཡེ་ཤེས ་ཟང་ཐལ་མཐོང་ན་ཚོགས་དྲུག་བདེ་བ་རྒྱུན་མི་འཆད།། ཡིད་དང་ཡིད་ཀྱི་རྣམ་ཤེས་པར་ན།། རང་བྱུང་ཡེ་ཤེས་འཁོར་ལོ་གནས།། རང་བྱུང་འཁོར་ལོ་བསྐོར་ན་ཡེ་ཤེས་རྒྱུན་མི་འཆད།། ཡིད་དང་རྣམ ་ཤེས་མེད་ན་རང་བྱུང་གང་ནས་བཙལ།། ཡིད་དང་རྣམ་ཤེས་རོལ་ན་གཟུང་འཛིན་རྒྱུན་མི་འཆད།། འབྲས་བུ་འགྲོ་དྲུག་འཁྱམས་ཏེ་ཐར་པའི་དུས་མི་མཆི།། སྙིང་པོ་ཡེ་ཤེས་ཟང་ཐལ་ཆོས་མིན་སྐུ།། ཐོགས་པ་མེད ་པའི་ཡེ་ཤེས་མ་མཐོང་ན།། སྤྱོད་པ་མང་པོ་འབྲས་བུ་མཐར་མི་ཕྱིན།། ཅེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། རིག་པ་ལམ་ཁྱེར་གྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་འཕགས་པ་འོད་ཟེར ་རབ་ཏུ་འཕྲོ་བས། རིག་པ་ལམ་དུ་བཀྱེར་བའི་མན་ངག། དེའི་འབྲས་བུ་བསྟན་དུ་གསོལ། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཕྱི་ཡི་སྐུ་གསུམ་ནང་གི་སྐུ་གསུམ་གསང་བའི་སྐུ་གསུམ་དང་།། ཕྱི་ཡི་ཤེས་རབ་ནང ་གི་ཤེས་རབ་དང་།། གསང་བའི་ཤེས་རབ་རྣམ་གསུམ་མོ།། ཕྱི་ཡི་སྐུ་གསུམ་འབྲེལ་པ་མེད།། ནང་གི་སྐུ་གསུམ་འདུས་བྱས་ཡིན།། གསང་བའི་སྐུ་གསུམ་འདུ་འབྲལ་མེད།། ཕྱི་ཡི་ཤེས་རབ་རྣམ་གསུམ་སྤྲོས་གཅོད ་ཡིན།། ནང་གི་ཤེས་རབ་ཡིད་སྨོན་ཡིན།། གསང་བའི་ཤེས་རབ་རང་གྲོལ་ཡིན།། དེ་ལ་གསང་བའི་ཤེས་རབ་རྣམ་གསུམ་ལ།། ཐོགས་པ་མེད་པའི་ཤེས་རབ་ཀྱིས།། ཙིཏྟའི་ནང་དུ་ལྷག་གིས་ལྟས་པས། མྱུར་བའི ་ཤེས་རབ་གློག་ལྟ་བུ་དེ་མཐོང་སྟེ། ཡེ་ཤེས་ཁོང་གསལ་དུ་ལྷངས་ཀྱིས་མཐོང་སྟེ། ཟབ་པའི་ཤེས་རབ་རྒྱ་མཚོ་ལྟ་བུ་དེས་ཁྱབ་སྟེ། ཕྱི་ནང་མེད་པར་ལྷང་ངེ་སང་ངེ་ཟང་ཐལ་དུ་གསལ་བ་ནི།། ནང་གི་སྐུ་གསུམ་ཤེས ་རབ་གསུམ་མོ།། རིག་པ་འོད་གསལ་དུ་ལྷག་གིས་སྐོར་བ་ཐོག་པ་མེད་པའི་ཤེས་རབ། ཡེ་ཤེས་ཟང་ཐལ་དུ་ལྷང་ངེ་གསལ་བ་ནི་མྱུར་བའི་ཤེས་རབ། ཕྱི་ནང་མེད་པར་ཟད་ཐལ་དུ་གསལ་བ་ནི་ཟབ་པའི་ཤེས་རབ ་བོ།། དེ་ལ་ཕྱིའི་སྐུ་གསུམ་ལ་སྣང་བ་འོད་གསལ་དུ་ཐོགས་པ་མེད་པར་ཐིག་གིས་སྐོར་བ་ནི། ཐོགས་པ་མེད་པའི་ཤེས་རབ། ཤེས་པ་ཟང་ཐལ་ཏུ་ལྷངས་ཀྱིས་གསལ་བ་ནི་མྱུར་བའི་ཤེས་རབ། གཉིས་སུ་མེད་པའི ་ཧྲིག་གེ་ཧ་ལེ་ཆར་ཕོག་པ་ལྟ་བུ་ནི་ཟབ་པའི་ཤེས་རབ་བོ།། སྐུ་གསུམ་ལམ་དུ་བཀྱེར་བ་ཤེས་པར་བསྟན་པའོ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། མན་ངག་དམར་ཁྲིད་ཀྱི་ལེའུ་སྟེ་བཅུ ་པའོ།། །། འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བ་དགའ་མགུ་རྗེས་སུ་ཡི་རང་ངོ་།། སྤྲུལ་པའི་སྐུར་སྤྲུལ་པའི་སྐུ་ལ་བརྒྱུད་པ། གདམས་པ་ཡང་དག་པ། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ། དམར་ཁྲིད་སྡེ ་སྐོར་དོན་སྐོར་མ་ལུས་པར་བསྟན་པ། སེལ་མེད་པའི་མན་ངག་རྫོགས་སོ།། ་