CLOSE WINDOW

Gpb037.025: ye shes 'khor lo gting rdzogs chen po'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། ཛྙཱ་ན་ཙཀྲ་ས་དི་མ་ཧ་ཏནྟྲ།། བོད་སྐད་བ་དུ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཚིག་མང་རབ་ཏུ་བསྡུས་ནས་ནི།། ཐེག ་པའི་ཡང་རྩེ་མན་ངག་ཀུན་གྱི་བཅུད་བསྡུས་པ།། རྒྱུད་རྣམས་ཀུན་གྱི་སྙིང་པོར་བཤད།། འཁྲུལ་པ་ཟློག་པའི་ཐབས་སུ་བདག་གིས་བརྗོད།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན།། གསང་བདག་ཆེ་ལ ་བཀའ་སྩལ་པ།། འོག་མིན་ཆོས་དབྱིངས་ཕོ་བྲང་དུ།། རང་གྲོལ་མཁྱེན་པ་རིག་པའི་འཁོར།། བྱིན་རླབས་འཇུག་པའི་བསྟན་པ་ཡིན།། ཞེས་གསུངས་སོ།། གསང་བའི་བདག་པོས་རབ་ཞུས་པ།། ཐོག་མ་མེད་པའི ་དུས་ཉིད་གང་།། དེ་ལས་འཁྲུལ་པ་ཇི་ལྟར་ལགས།། དགེ་སྡིག་སོ་མཚམས་ཅི་ཡིས་བཟུང་།། སངས་རྒྱས་སེམས་ཅན་ཁྱད་པར་ཅི།། གཞི་དང་འཁྲུལ་བའི་སོ་མཚམ་གང་།། འཁྲུལ་པ་མ་རིག་སོ་མཚམས ་གང་།། ལུས་ཀྱི་སྒོང་རྒྱ་ཇི་ལྟར་ཆགས།། ལུས་དང་རྣམ་ཤེས་སོ་མཚམས་ཅི།། ལས་དང་བག་ཆགས་སོ་མཚམས་དང་།། འགྲོ་དྲུག་མ་དག་འཁྲུལ་སྣང་དང་།། ལོངས་སྐུ་དག་པ་འཇིག་རྟེན་དང་།། ཡང་དག་ཡེ ་ཤེས་སྣང་བ་གསུམ།། གཅིག་པ་ལགས་སམ་ཐ་དད་ལགས།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུ་ལས།། གླེང་གཞིའི་ལེའུ་སྟེ་དང་པོའི།། །། ཀུན་བཟང་རྫོགས་པས་བཀའ་སྩལ ་པ།། ཐོག་མ་མེད་པའི་དུས་ཉིད་ན།། སངས་རྒྱས་སེམས་ཅན་མིང་མེད་པའི།། ཉི་ཟླ་གཉིས་སུ་ལུང་མ་བསྟན།། སྤྱིས་ཀུན་གཞི་ཆེན་པོ་ཡིན།། རྒྱ་ཆད་ཕྱོགས་ལྷུང་མེད་པའོ།། གཞི་ཉིད་ལྷུན་གྲུབ ་དབྱེར་མེད་པས།། ནམ་མཁའ་ནོར་བུ་རིན་པོ་ཆེ།། ག་པུར་ཉི་མ་ལྟ་བུས་མཚོན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། གཞི་མཚོན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས ་འཁྲུལ་པ་ངས་བསྟན་ཏོ།། ལེགས་པར་ཉོན་ཅིག་གསང་བདག་ཆེ།། ལྷུན་གྲུབ་ཡོན་ཏན་ཕྱོགས་མེད་པ།། ལྷུན་གྲུབ་རྩལ་ལས་ཕྱོགས་མེད་པའི།། འགག་པ་མེད་པའི་རླུང་ཆེན་གྲུབ།། ས་མཚམས་མ་ནི་རླུང་དུ ་བྱུང་།། འཁོར་བ་འཇུག་ལྡོག་སྣང་བ་ཤར།། འགྱུ་ཡིག་འཇུག་ཡིན་སྤྱོད་པའི་ཡིད།། འཁོར་ལོ་མཚོན་ཆ་མེད་དཔུང་འདྲ།། རང་སྣང་འོད་ལུས་གྲུབ་པར་ངེས།། ཁམས་གསུམ་རྩ་བ་དེ་རུ་སྨིན།། འགྱུར་བ་རླུང་གི ་གཤོག་པ་ཅན།། མཛེས་པའི་ལྷ་མོ་ཕྱོགས་མེད་གཟིགས།། ལྷ་མོ་འོད་འཆང་ཞེས་སུ་བཤད།། ལྷ་མོ་ནོར་བུ་བུམ་པའི་སྐུ།། གཟིགས་སྣང་མེད་པར་མཁའ་ལ་ལྡིང་།། སྦྱོར་བ་གསུམ་གྱི་ཕ་རོལ་འགྲོ།། ཞེས་གསུངས ་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུ་ལས།། གཞི་དང་འཁྲུལ་པ་སོ་མཚམས་མཚོན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། རྩེ་གཅིག་ཉོན་ཅིག་གསང་བདག་ཁྱོད།། དགེ་སྡིག ་སོ་མཚམས་མཚོན་པར་བྱ།། དགེ་སྡིག་གཉིས་ཀྱི་སྦྱིས་པ།། རྣམ་རྟོག་མེད་པའི་ལྷུན་གྲུབ་ཡིན།། དེ་ཡི་སོ་མཚམས་བསྟན་པ་ནི།། ཡིད་གསུམ་འཇུག་ལྡོག་ཡིན་པར་ཤིས།། ཀུན་ཏུ་བཟང་པོས་སྐྱེ་མེད་རྟོགས།། དང ་པོ་སངས་རྒྱས་རྒྱུད་མེད་པ།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། ཁྱབ་བརྟལ་ཆེན་པོ་ཡེ་ཤེས་ཆེ།། ཆོ་འཕྲུལ་ཆེན་པོ་དཀའ་བ་མེད།། དགེ་ལས་མ་བྱུང་རང་བྱུང་སེལ།། གཞན་ལས་མ་བྱུང་ཡོན་ཏན་ཅི་མི ་གཟིགས།། གཉིས་མེད་རང་གྲོལ་མཚན་མ་བདེ་བར་ཤར།། རྣམ་རྟོག་སྐྱེས་ནས་སླར་ལ་ཡེ་ཤེས་གསལ།། ཕྱི་ནང་མེད་པས་ཆོས་ཉིད་རླན་གྱི་བཙས།། མ་རྙེད་རང་ལ་ཤར་བས་ཉི་མ་སྟོང་པས་གསལ།། ལྷུན་པོའི་རྩེ ་ནས་གདུགས་འདྲ་བརྡལ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དགེ་བར་རང་སར་གྲོལ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། སྡིག་པ་ལོག་ནས ་གྲུབ་པ་མེད།། ལྷུན་གྲུབ་རྒྱ་ཆད་མེད་པའི་རྩལ་ཆེན་དེ།། རབ་ཏུ་འཇུག་པའི་ལུས་གསུམ་ཤར།། འགྱུ་བརྡུང་གི་གཤོག་པ་ཅན།། མཛེས་མར་བལྟས་པས་ཆགས་པ་སྐྱེ།། གཞན་དུ་མཐོང་བས་ཞེ་ལྡང་འབར།། རང་ངོ། ་མ་ཤེས་གཏི་མུག་འཐིབས།། ལྷ་མོར་མཐོང་བས་ང་རྒྱལ་སྐྱེས།། ང་རྒྱལ་ཁོང་ཁྲོ་ཕྲག་དོག་ལྔ།། རྣམ་རྟོག་མེད་པའི་ལམ་དུ་བྱུང་།། ཆགས་ཞེན་ལྔ་པོ་རང་ལ་བཤད།། དགེ་སྡིག་གཉིས་པོ་དེ་ནས་སེལ།། སྲིད་པ ་གསུམ་པོ་དགའ་བ་དེ།། འཁོར་བའི་རྒྱ་མཚོའི་ནང་དུ་བྱིང་།། འདོད་ཆགས་མེ་ལྟར་འབར་བ་དང་།། ཞེས་སྡང་བྲག་ཆེན་གཏམས་པ་དང་།། གཏི་མུག་མུན་ལྟར་གཏིབས་པ་དང་།། ང་རྒྱལ་ཆུ་ལྟར ་འཁྲུག་པ་དང་།། ཕྲག་དོག་རླུང་འཚུབས་པ་ཡིས།། ངན་འགྲོ་བདེ་འགྲོའི་གནས་འཁྱམ།། རང་གིས་རང་བདུད་གཅོད་པ་ཡིས།། ཐར་བའི་དུས་ནི་དཀའ་བར་མཆི།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང ་རྫོགས་ཆེན་པོའི་རྒྱུད་ལས།། དགེ་སྡེག་རང་གྲོལ་དང་རང་བཅིངས་སྤྱིས་བསྟན་པའི་སྟེ་ལྔ་པའོ།། དེ་ནས་ཡང་བཀའ་སྩལ་པ།། སངས་རྒྱས་སེམས་ཅན་ཁྱད་པར་བསྟན་པ་ནི།། འགྱུ་བ་ལྷུན་གྲུབ་རླུང་གི་གཤོག་པ ་ཙམ།། རླུང་གི་འཁོར་ལོ་རྟ་ཕོ་ལ།། ཞོན་ནས་ཕྱོགས་སུ་འགྲོ་འདོད་པ།། དེས་ནི་ཆགས་སྡང་སྐྱེ་བའི་གཞི།། རིག་པ་རང་ས་མི་ཟིན་པས།། མ་རིག་པ་ཡི་མུན་པ་འཐིབས།། ཉོན་མོངས་པ་ཡི་དབང་གིས་སུ།། མ་ཤེས ་འཁོར་བའི་འདམ་དུ་བྱིང་།། འཁོར་བ་ལོགས་ན་མེད་དེ་རང་གི་བགྲོད།། སེམས་ནི་ཆགས་སྡང་སྐྱེད་པར་བྱེད།། དེས་ན་སེམས་ནི་རྟོགས་པས་འབྲས་བུ་འདུས་བྱས་འགྱུར།། སངས་རྒྱས་རིག་པ་རང་གྲོལ ་ཡིན།། བར་སྣང་གཉིས་མེད་ཐིག་ལེ་འབར།། འབར་བ་ཆེན་པོ་འདི་ལ་དབྱེར་མེད་རང་ས་ཟིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། སངས་རྒྱས་སེམས་ཅན་ཁྱད་པར་མཚོན ་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། འཁྲུལ་པ་མ་རིག་སོ་མཚམས་བསྟན་པ་ནི།། འགྱུ་བ་ཐོགས་མེད་ལས་ཀྱི་རླུང་ཆེན་དེས།། འོད་ཀྱི་སྣང་བས་གསལ་བ་མ་འདྲེས་པ།། རང་སྣང་ཡུལ་དུ ་མཐོང་བས་བག་ཆགས་ལུས་སུ་འཁྲུལ།། ལུས་ཀྱི་སྣང་བ་དག་ལ་སྔ་བ་ནི།། བག་ཆགས་ལུས་ལ་དུས་ལྔ་རྒྱས་པ་ཡིན།། དཀའ་དམར་སྣང་བ་དག་ལ་སྔ་བ་ཡང་།། ཐོག་མ་བཞི་ཡི་རང་གདངས་སྣང་བ་ཡིན།། དེ་ལ ་ཆགས་ན་བག་ཆགས་སྒྲིས་པས་བསླད་པ་ཡིན།། དེ་དག་རང་སྣང་ཟད་ཐལ་ལ།། འོད་དུ་མཐོང་བས་འདི་ལུས་གྲུབ་པ་ཡིན།། འོད་ལ་གཟུགས་སྣང་དངོས་སུ་མ་གྲུབ་སྟེ།། ཡིད་ལ་ཡོད་པ་སྙམ་དུ་མ་གྲུབ་པས།། དེ་ནི ་ཡིད་ཀྱི་ལུས་སུ་འཁྲུལ་པ་ཡིན།། འོད་ལུས་ཡིད་ལུས་སྲེད་ལེན་དུས་དང་མཚུངས།། སྐད་ཅིག་གཅིག་ལ་བྱེད་བྲག་ཕྱེད།། ཤ་ཁྲག་ལུས་སུ་གྱུར་པ་ན།། ལུས་ཀྱི་སྣང་བ་རྒྱས་པའོ།། ཞེས་གསུངས་སོ།། ཡེ་ཤེས་འཁོར ་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། མ་རིགས་འཁྲུལ་པ་ལུས་ཀྱི་སོ་མཚམས་མཚོན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ལུས་ཀྱི་སྒོང་རྒྱའི ་ཆགས་ལུགས་ནི།། ཕ་ཡི་སྲེད་པ་མ་ཡི་ལེན་པ་ཡིས།། དཀར་པོ་དམར་པོ་མཐིང་ཁ་གསུམ།། སེང་པོ་དམར་པོ་ལྗང་ཁུ་ལྔ།། རྒྱ་དང་ཉ་ཡི་ཚུལ་དུ་ནས་པ་ལ།། ཉ་མོ་རྒྱ་ཡིས་ཟིན་པ་བཞིན།། འགྱུ་བ་ལྷུན་གྲུབ་རང ་སྣང་ལས།། རང་སྣང་མ་མཐོང་གཞན་སྣང་མཐོང་།། འགྱུ་བ་དུས་གསུམ་འོད་དང་ཐུག། འབྱུང་དུ་ཟབས་མེད་རི་དྭགས་རྒྱར་ཆུད་འདྲ།། མངལ་ཁའི་ནང་དུ་འགྱུ་བ་ཚུད།། དཀར་དམར་སྒོ་ང་གཅིག་ཏུ ་འཁྲིལ།། དེ་ནི་མཛོད་པུར་ཆགས་པ་ཡིན།། དེ་ལ་ཐིག་ཕྲན་གཉིས་སུ་ཆགས།། མིག་གཉིས་ཐིག་ལེ་འོད་དུ་འབར།། དེ་ལས་རྩ་གཉིས་རྣམ་པར་ཆགས།། ཆོས་ཉིད་མེ་ལོང་དག་ཏུ་གནས།། དེ་ལས་རྩ་གཉིས་གྱེས་པ ་ལས།། སྣ་གཉིས་དག་ཏུ་ཆགས་པ་ཡིན།། དེ་ལས་རྩ་གཉིས་གྱེས་པ་ལས།། མིད་པ་ཨོལ་ཀོང་གཉིས་སུ་ཆགས་པ་ཡིན།། དེ་ལས་མིད་པ་ཨོལ་ཀོང་ལས།། སྙིང་དང་གློ་བར་སྲིད་པ་ཡིན།། ཤེལ་གྱི་སྤུག་གུས་རབ་ཏུ ་འགྲེལ།། གཞི་འདུས་པ་ནི་འབྲེལ་བར་ཆགས།། སྙིང་དང་སྲོག་པ་རྩ་རུ་འབྲེལ།། གློ་བ་མིང་པ་ཨོལ་གོང་དག་ཏུ་འབྲེལ།། དབུགས་ཅན་དབུགས་མེད་དག་ཏུ་འབྲེལ།། སེམས་དང་སེམས་ལས་བྱུང་བར ་འབྲེལ།། རིག་པ་ཐིག་ལེ་དག་ཏུ་འབྲེལ།། འཁོར་བ་མྱ་ངན་འདས་པར་འབྲེལ།། བློ་དང་དངོས་པོ་དག་ཏུ་འབྲེལ།། འབྲེལ་པ་ཤ་དང་རྩ་དང་ནི།། རྐང་དང་ལྤགས་པ་ཆུ་རྒྱུས་དང་།། ཕྱི་ནང་གཟུགས་སུ་འབྲེལ་སུ ་འབྲེལ་པའོ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུ་ལས།། ལུས་ཀྱི་སྒོང་རྒྱ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། ཡང་བཀའ་སྩལ་པ།། ཉོན་ཅིག་སེམས་ཅན་ཆེན་པོ་ཁྱོད།། ལུས་དང་རྣམ ་ཤེས་སོ་མཚམས་ནི།། མཛོད་བུའི་སྣང་བ་འགྱུ་བའི་སོ་མཚམས་ཡིན།། དོན་གྱི་གསང་ལམ་ཆེན་པོས་ཐམས་ཅད་མཁྱེན།། མིག་དང་རྣ་བ་རྣ་རྩེ་དང་།། ཡིད་དང་ཀུན་གཞི་རྣམ་ཤེས་བརྒྱད།། སྒོ་ལྔ་དྲུག་དང་བརྒྱད་དུ ་འབྲེལ་བ་ལས།། བར་ན་ཐོག་པ་མེད་པའི་རྣམ་ཤེས་འཆར།། རྣམ་ཤེས་འགག་པ་མེད་པའི་མཚམས་ཡིན།། དེ་ནས་རང་བྱུང་ཆོས་གོས་གོན།། ཐུགས་རྗེ་རང་བྱུང་དགེ་འདུན་རྟགས།། ཐུགས་ལ་རྟོག་པ་མེད ་པར་སྤྱོད།། བྱིན་གྱིས་བརླབས་ཀྱི་དགེ་སློང་ཡིན།། ངོ་བོ་ཉིད་ནི་གཞི་རུ་ཤེས།། ངོ་བོ་ཉིད་ཀྱི་དགེ་འདུན་ཡིན།། དེ་ནས་མ་ཡི་རུམ་ནས་བྱུང་།། རྟོག་མེད་ཤེས་རབ་རང་གསལ་བས།། ས་ལ་གནས་པའི་བྱང་ཆུབ ་སེམས་དཔའ་ཡིན།། འདོད་པའི་འདོད་ཆགས་ཆེན་པོ་དེ།། དེ་མིང་ཐུགས་རྗེ་འབྱུང་མི་སྲིད།། ཕྱི་དང་ནང་གསང་བ་ཡི།། འདོད་དང་ཆགས་པས་བརྒྱན་པའོ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོག་གཏིང་རྫོགས ་ཆེན་པོའི་རྒྱུད་ལས། སྦྲུལ་སྐུ་འབྱུང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། སེམས་དཔའ་ཆེན་པོ་ཉོན་ཅིག། ལས་དང་བག་ཆགས་སོ་མཚམས་བསྟན་པ་ནི།། ལས་ནི་རྣམ་རྟོག་དགེ་དང་སྡིག ་པའི་ལས།། ལུང་མ་བསྟན་གྱི་ལས་ཞེས་བྱ།། བཟང་རྟོག་ངན་རྟོག་ལས་སུ་ཕྱེ་ཡང་དོན་ལ་འབྱེད་མེད་པས།། འགྱུ་བའི་རླུང་གིས་ཕྱེ་བ་ལས།། དངོས་སུ་ལས་ཞེས་གྲུབ་པ་མེད།། དཀར་ནག་ལས་དང་ལས་ཀྱི་འབྲས ་བུ་ནི།། གནས་སྐབས་འབྲས་བུ་ཙམ་དུ་ཡོ་ལ་སྣང་།། གཏན་དུ་མི་བདེན་བློ་ཡིས་བྱས་པ་ཡིན།། བག་ཆགས་བློ་ཆོས་འགྱུར་བས་ན།། རྟག་ཏུ་བདེན་པར་ངས་མ་གསུངས་པ་ཡིན།། འོད་ལུས་ཡིད་ལུས ་ཤ་ཁྲག་ལུས།། བསྡུས་པས་འཁྲུལ་པ་བག་ཆགས་ལུས་སུ་འདུས།། བག་ཆབས་ལུས་མི་བཙན་ཏེ་དཀར་ནག་རྗེ།། གཞན་གྱི་མ་ཡིན་རང་ག་བག་ཆགས་འགྱུར།། ཆགས་པ་རང་བྱུང་ཡེ་ཤེས་ཡིན་པར་མ་ཤེས ་ན།། རྟག་ཏུ་བཟང་རྟོག་སྤྱོད་པ་རྩོལ་བའི་ནད།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། ལས་དང་བག་ཆགས་ཤན་དབྱེ་བའི་ལེའུ་སྟེ་བཅུ་པའོ།། དེ་ནས་ཡང་བཀའ་སྩལ ་པ།། སེམས་དཔའ་ཆེན་པོ་ངས་བསྟན་ནོ།། སྣང་བ་རྣམས་གསུམ་དག་པ་ནི།། ཟ་དག་མཐོང་བས་འཁྲུལ་པ་ཡིན།། མ་དག་པ་ཡི་སྣང་བ་ལ།། ཡོན་ཏན་ཕྱོགས་མེད་ངོ་སྤྲད་དེ།། གོང་གིས་ཤ་ཁྲག་ལུས་པོ ་ལས།། ཕུང་པོ་ལྔ་དང་དུག་ལྔ་དང་།། འབྱུང་ལྔ་སྒོ་ལྔ་ལ་སོགས་པ།། ཕུང་པོ་ལྔ་པོ་བསྟན་པ་ནི།། གཟུགས་ལ་སོགས་པ་ལྔ་མེད་ན།། སངས་རྒྱས་ཆད་པའི་སྐྱོན་དུ་འགྱུར།། གཏི་མུག་མུན་ནག་མེད་པ་ན།། ཆོས་སྐུས ་ཁྱབ་པའི་དོན་མི་རྙེད།། ཞེ་སྡང་རི་བོ་མེད་པ་ན།། ཆོས་སྐུའི་མཁྱེན་ཚད་དུ་ཡིས་རྟོགས།། འདོད་ཆགས་ཆུ་བོ་མེད་པ་ན།། ཐུགས་རྗེ་འགག་མེད་རྒྱུན་ཆད་འགྱུར།། ང་རྒྱལ་བྲག་ཆེན་མེད་པ་ན།། སངས་རྒྱས་ཆེ་བ་སུ ་ཡིས་མཚོན།། ཕྲག་དོག་རླུང་ཆེན་མེད་པས་ན།། ཐུགས་རྗེ་མཁྱེན་པའི་ཡེ་ཤེས་དང་།། ཡེ་ཤེས་སྤྱན་གྱི་དངོས་གྲུབ་དང་།། ལྷག་མཐོང་ཡེ་ཤེས་འཆར་ས་མེད།། འབྱུང་བ་ལྔ་པོ་མ་གྲུབ་ན། ཞིང་ཁམས་རང་སྣང་སུ་ལ ་འཆར།། སྒོ་ལྔ་རྣམ་ཤེས་མ་གྲུབ་ན།། ཡེ་ཤེས་ལུས་སུ་སུ་ཁས་ལེན།། དག་པའི་ཕུང་པོ་རྣམ་ལྔར་འདུས།། ཆགས་མེད་སྤྱན་ལྔ་རང་ལ་འཆར།། ཡེ་ཤེས་ལྔ་པོས་ཡེ་ནས་ཁྱབ།། ཁྱབ་བརྡལ་ཆེན་པོ་རང་སྣང་ལ།། མ ་དག་འཁྲུལ་པར་འཛིན་པ་འཁྲུལ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། མ་དག་པ་འཁྲུལ་པའི་དོན་མཚོན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཀའ་སྩལ ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དངོས་པོ་དག་དང་རང་གྲོལ་དང་།། དེ་གཉིས་རང་རྒྱུད་པ་དང་གསུམ།། རང་རྒྱུད་དུག་ལྔ་མཚམས་མར་འཛིན།། དངོས་པོ་ཀུན་ལ་དགའ་བ་ནི།། ཕུང་པོ་ལྔ་ལ་སྐུ་ལྔ ་དང་།། དུག་ལྔ་ཡེ་ཤེས་ལྔ་དང་ལྡན།། འབྱུང་ལྔ་ཁ་དོག་འོད་ལྔ་དང་།། སྒོ་ལྔ་སྤྱན་ལྔར་འདོད་པ་ནི།། དོན་དམ་ཀུན་རྫོབ་སྒོ་ནས་སུ།། སེམས་དཔའ་སེམས་མ་ལ་སོགས་པ།། རྡོ་རྗེ་ཕུང་པོ་སྥུ་རུ་སྣང་།། སྣང་སྲིད ་ལོངས་སྤྱོད་རྫོགས་པའི་སྐུ།། འབྱུང་བ་ཡུམ་གྱི་ཀློང་དུ་རྒྱས།། ཕུང་པོ་རྣམ་ལྔ་སྐུ་ལྔར་རྒྱས།། དུག་ལྔ་ཡེ་ཤེས་ལྔ་རུ་རྒྱས།། རྣམ་ཤེས་ལྔ་པོ་སྤྱན་ལྔར་རྒྱས།། མཚན་མའི་དངོས་པོ་སངས་པ་དང་།། ཡོན་ཏན་མཚན་དང ་དཔེ་བྱད་རྒྱས།། གྲགས་ཆེན་སངས་རྒྱས་ཡིན་པར་བཤད།། ཤེས་རབ་དག་པའི་སངས་རྒྱས་མིན།། ཤེས་རབ་གོལ་ག་སངས་རྒྱས་མིན།། ཕྱོགས་མ་རྟོགས་པ་དངོས་པོའི་མཐའ།། ཞེས་གསུངས ་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། དག་པ་འཇིག་རྟེན་པའི་ངོ་སྤྲད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དག་པ་འཇིག ་རྟེན་དག་དང་ནི།། མ་དག་འཁྲུལ་པ་གཉིས་ཀྱིས་སུ།། ཡང་དག་ཡེ་ཤེས་སྣང་བ་ནི།། མུན་མཐའ་མེད་པའི་མཁའ་ལྟར་གསལ།། ཕྱོགས་རིས་མེད་པས་རྒྱ་མ་ཆད།། ཐིག་ལེ་ཡིན་པས་ཁྱབ་ཅིང་བརྡལ།། རང་སར ་གྲོལ་བས་ལྷག་མ་མེད།། སྣ་ཚོགས་ཐིག་ལེའི་རང་སྒོ་ལ།། ཕྱོགས་མེད་ནོར་བུ་རིན་ཆེན་འདྲ།། ཡོན་ཏན་ཕྱོགས་མེད་རྒྱ་མ་ཆད།། ཉི་མའི་སྙིང་པོ་བཞིན་དུ་སྣང་།། སྟོང་པ་གསལ་དང་མི་འགག་པ།། ཕྱོགས་རིས་མེད ་པར་རྒྱ་མ་ཆད།། དེ་དང་འདྲ་བའི་ཐིག་ལེ་ཡིན།། གསལ་བ་རང་ཤར་ཆད་པའི་མིང་མ་གྲུབ།། སྟོང་པར་གནས་པས་རྟག་པའི་གཞི་མ་གྲུབ།། འགག་པ་མེད་པས་ཕྱོགས་མེད་སྣང་།། དབྱེར་མེད་གཞི་ཡི་རང་སྣང ་ལས།། ཐ་དད་འདོན་པ་དོན་མི་མཐོང་།། ཞེས་གསུངས་སོ།། ཡེ་ཤེས་ཉི་མ་རང་ཤར་བས།། གྲིབ་པའི་མཚན་མ་རང་སར་གྲོལ།། ཡེ་ཤེས་ཁྱབ་བརྡལ་ཐིག་ལེར་འབར།། སྣ་ཚོགས་ཐིག་ལེར་རང་སར་གྲོལ།། ངོ་བོ ་ཉིད་ཀྱི་ཐིག་ལེར་འབར།། ཁྱབ་བརྡལ་ཡེ་ཤེས་ཕྱོགས་རིས་མེད།། ཁྱབ་བརྡལ་ཡེ་ཤེས་ཐིག་ལེ་ཡིན།། སངས་རྒྱས་ཡུལ་མེད་ང་ཡིན་པས།། ངས་ནི་ཐིག་ལེ་ཉག་གཅིག་དགོངས་པ་ཡིན།། རིག་པ་ཕྱི་ནང་མེད་པ ་ཡིས།། ཡུལ་མེད་ཟང་ཐལ་ཡིན་པ་ལ།། ཕྱོགས་སུ་འཛིན་པ་སྙིང་རྗེའི་ཡུལ།། སྙིང་རྗེའི་ཆེན་པོ་ཐབས་ཀྱི་མཆོག། ཐིག་ལེ་ཀུན་ཁྱབ་ཀུན་འགྲོ་ཡིན།། ཐིག་ལེར་རང་གྲོལ་ཆེན་པོ་དང་།། ཐིག་ལེ་ཁ་སྦྱོར་ཆེན་པོ ་གཉིས།། དབྱེར་མེད་རང་གྲོལ་ཤར་ཙམ་ན།། འབྲས་བུའི་ཞེན་པ་རང་སར་གྲོལ།། ཞེ་འདོད་མ་ཡིན་ཡེ་གཞི་གསལ།། རང་གྲོལ་ཡེ་ཤེས་ཐིག་ལེར་འབར།། འབར་བ་ཆེན་པོ་སྣང་སྲིད་ཐིག་ལེར་འབར།། ཞེས ་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། ཡང་དག་པ་ཡེ་ཤེས་ཀྱི་ཐིག་ལེ་རང་སྣང་རང་གྲོལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཀའ་སྩལ་པ། ཉོན་ཅིག་གསང་བའི ་བདག་པོ་ཁྱོད།། སྣང་བ་རྣམ་པ་གསུམ་པོ་སྟེ།། འབྲེལ་དང་མ་འབྲེལ་ངས་བསྟན་གྱིས།། རྒྱུད་དྲུག་ཁམས་གསུམ་སེམས་ཅན་ལ།། དུག་ལྔ་ཕུང་པོ་ལྔ་ལ་སོགས།། རང་རྒྱུད་བཟུང་བའི་སེམས་ཅན་ལ།། ངོ་བོ་གཞི་ཡི ་ཡིན་ལུགས་ཀྱིས།། ཁྱབ་ཅིང་འབྲེལ་པར་ཡེ་ནས་སྣང་།། རྟོག་པར་ང་གྲོལ་རང་ཤར་ལ།། དབྱེར་མེད་ཐིག་ལེ་རང་ཤར་འབར།། མ་རྟོགས་ལས་དང་བག་ཆགས་ཀྱང་།། ཡིན་ལུགས་རྩལ་ལས་གཡོས་པ་མེད།། དེས ་ན་རྩལ་དང་རོལ་པ་དང་།། རྒྱན་གྱིས་ཁམས་གསུམ་དག་ཏུ་འཁྲུལ།། ཡེ་ཤེས་ངོ་སྤྱོད་ཆེན་པོ་འདིས།། གཟུང་འཛིན་ཡུལ་ལས་གྲོལ་བར་བྱེད།། གཏི་མུག་རང་གྲོལ་ཆོས་ཀྱི་སྐུ།། དབྱེར་མེད་ཐིག་ལེ ་ཁྱབ་བརྡལ་ལོ།། ཆགས་པ་རང་གྲོལ་སྦྲུལ་སྐུའི་དོན།། སྣ་ཚོགས་རང་གྲོལ་ཐུགས་རྗེས་ཁྱབ།། ཁྱབ་བརྡལ་ཐིག་ལེ་དབྲི་བཀོལ་མེད།། ཞེ་སྡང་མཚན་མ་ལོངས་སྐུ་ཡིན།། རྒྱན་དང་སྣང་བ་ཐིག་ལེར ་གསལ།། རང་སྣང་ཟང་ཐལ་ཡུལ་མེད་པས།། ཆོས་ཀུ་གཟིགས་སྣང་མཐའ་ལས་གྲོལ།། འབྱུང་ལྔ་འོད་ལྔ་རང་སར་གྲོལ།། སངས་རྒྱས་ཡུལ་མེད་ཟང་ཐལ་ལ།། ཞིང་ཁམས་ཡུལ་དུ་འཛིན་པ་འཁྲུལ།། ལོངས་སྐུ ་ཞིང་ཁམས་རང་སར་གྲོལ།། གྲོལ་བ་དབྱེར་མེད་རང་སྣང་ཐིག་ལེར་འབར།། འབར་བའི་རྒྱལ་པོ་འདི་ལ་དབྱེ་བ་ཡེ་ནས་མེད།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དབྱེར ་མེད་ཐིག་ལེར་རང་སྣང་རང་གྲོལ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་གསང་བའི་བདག་པོ་ཆེན་པོ་དེས། བཅོམ་ལྡན་འདས་ལ་ཞུས་པ། ཀྱེ་བཅོམ་ལྡན་འདས་ལྟ་བ་ཏིང་འཛིན་སྤྱོད་པ་དང་།། དེ་ཡིས་འབྲས ་བུ་ཇི་ལྟར་ཐོབ།། གོལ་གཞི་གོལ་ས་ཤན་དབྱེ་དང་།། ལ་ཟླ་ངོ་སྤྲོད་ཇི་ལྟར་བགྱི།། ཆུ་བོ་བཞི་ལ་ངོ་སྤྲོད་དང་།། ལམ་གྱི་གདམས་ངག་ཡེ་ཤེས་ངོས་བཟུང་དང་།། རིག་པའི་མཆོག་འདི་གང་གིས་སྒྲུབ།། དེ་ལུང་ངེས ་པ་གང་གིས་བཟུང་།། གགས་ཐར་ཀློང་དུ་གང་གིས་སླེབས།། ཞེས་ཞུས་པས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ལྟ་བ་ལྷུན་གྲུབ་ཕྱོགས་མེད་ལ།། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། དོན་དམ་ཀུན་རྫོབ ་གཉིས་ནི་མུ།། རང་བཞིན་སྟོང་པ་གཅིག་གི་ངོ་།། གཉིས་མེད་རང་གྲོལ་གཅིག་གི་མཐའ།། ཀུན་རྫོབ་དོན་དམ་དབྱེར་མེད་ལ།། གསུམ་གྱི་མཐའ་རུ་བརྗོད་པ་ཡིན།། ཕྱོགས་གསུམ་མ་ལྷུང་རྒྱ་མ་ཆད།། མཚན་མ ་རང་སར་གྲོལ་བ་ཡི།། ཤེས་བྱ་གཤིས་ཀྱི་འདུག་ཚུལ་དེ།། ཆོས་ལས་འདས་པའི་ཟང་ཐལ་དང་།། རང་སྣང་དག་པའི་ཡེ་ཤེས་དེ།། རྒྱ་མ་ཆད་པའི་ཡེ་ཤེས་ཡིན།། ཕྱོགས་ལྷུང་མེད་པའི་ཐིག་ལེ་ལ།། ལྷུན་གྲུབ་གཞི ་ཡི་གནས་ལུགས་ནི།། ཕྱོགས་མེད་རང་སར་གྲོལ་བ་དེ།། རྒྱ་མ་ཆད་ཀྱི་ཆོས་སྐུ་ཡིན།། ཡེ་ཤེས་ཟང་ཐལ་ཕྱོགས་མེད་གསུམ།། ཁྱབ་པའི་ཡེ་ཤེས་མི་འགག་པར།། ཐོགས་པ་མེད་པར་མཁའ་ལྟར་གསལ།། ཡེ་ཤེས ་ཆོས་ཀྱི་སྐུ་ཞེས་བརྗོད།། དབྱེར་མེད་ཐིག་ལེའུབ་ཆུབ་དེ།། སྐུ་དང་ཡེ་ཤེས་དབྱེར་མེད་པས།། ཡེ་ཤེས་ཉི་ལྟར་གསལ་བའོ།། ཆོས་སྐུ་མཁའ་འདྲ་ཁྱབ་ཅིང་བརྡལ།། དཔེ་ཟླ་མེད་པའི་ཉག་གཅིག་པོ།། ཡེ་ཤེས་ཆོས ་སྐུའི་ངོ་སྤྱོད་ཡིན།། སྤྱི་དང་བྱེ་བྲག་ཁྱད་པར་ཆེ།། འདུག་ཚུལ་སྣང་ཚུལ་དབྱེར་མེད་པས།། མཚན་མར་རང་གྲོལ་ངོ་སྤྱོད་ཡིན།། ཐིག་ལེ་ངོ་སྤྱོད་རང་གསལ་བས།། བློ་ཡིས་ཞེན་པའི་ཡུལ་ལས་གྲོལ།། སྣང་ཞེན་གྲོལ ་བས་མངོན་ཞེན་གྲོལ།། སྐྱེ་རྒྱུད་ཆད་པས་འཆི་རྒྱུན་ཆོད།། འཁྲུལ་པ་ཟློག་ན་གཞི་ནས་ལྡོག། མ་རིག་པས་ནི་འཁོར་བར་འཁྱམས།། མ་རིག་བཟློག་ན་གཞི་ནས་བཟློག། གཞི་ནི་ལྷུན་གྲུབ་ཕྱོགས་མེད ་ཡིན།། ཕྱོགས་མེད་གྲོལ་བས་ཐམས་ཅད་མཁྱེན།། ཕྱོགས་མེད་ཤར་ན་ཟང་ཐལ་ཡིན།། ཕྱོགས་མེད་གྲོལ་ན་ཆོས་མེད་སྐུ།། མཚན་མ་རང་སར་གྲོལ་གྱིས་དེ་ལ་བྱ།། ཞེས་གསུངས་སོ།། ལྟ་བ་རང་གི་མཚན་ཉིད་དང ་དབྱེར་མེད་དུ་བསྟན་པ། ཡེ་ཤེས་འཁོར་ལོ་གཏིང་རྫོས་ཆེན་པོའི་རྒྱུད་ལས། མཚན་མ་རང་གྲོལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །། ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། ཏིང་འཛིན་ཏིང་འཛིན ་ཞེས་བྱ་བ།། སྤྱི་དང་བྱེ་བྲག་ཤེས་པ་གཅེས།། སྤྱི་ནི་ཐབས་ཀྱི་བྱེ་བྲག་གོ། རང་གི་མཚན་ཉིད་འདི་ལྟ་སྟེ།། ཏིང་འཛིན་རྩེ་གཅིག་དགོངས་པ་ནི།། དཔེར་ན་བྱ་རྒྱལ་ཁྱུང་ཆེན་ལྟར།། རྩོལ་བ་མེད་པས་ཕྱོགས་མེད ་སླེབས།། འབད་པ་མེད་པར་དགུང་མཐའ་ཡིན།། འོག་མའི་གཡང་ལ་ཉི་མི་ང་།། ཡེ་ཤེས་གཏིང་རྫོགས་ཟང་ཐལ་ཏེ།། ཁྱུང་ཆེན་གཤོག་རྫོགས་ཏིང་འཛིན་གྱིས།། ཆོས་མིན་ཡངས་པའི་ཀློང་དུ་སླེབས།། རྣམ་རྟོག་མ ་སྦྱངས་རང་སར་གྲོལ།། འཁོར་བའི་སྣང་བ་རང་སར་གྲོལ།། ཡེ་ནས་ཕྱི་དང་ནང་མེད་པའི།། ཐིག་ལེ་ཡངས་པའི་ཀློང་ཆེན་དེ།། རྟག་པར་རྒྱུན་གྱི་ཐུགས་རྗེ་ཡིན།། དབྲི་བཀོལ་མེད་པའི་ཏིང་འཛིན་ཤར།། རྟག་ཏུ་ཡེ ་ཤེས་གཏིང་ནས་རྫོགས།། རང་རིག་ཐུགས་ཀྱི་ཉི་མ་བརྡལ།། ཁྱབ་བརྡལ་ཡེ་ཤེས་ཡེ་ནས་བརྡལ།། བསམ་གཏན་ཉིད་ཀྱང་ཡེ་ཤེས་ཟང་ཀ་མ།། བར་དོ་མེད་པའི་ཚིལ་ཆོད་གསལ།། ཕྱི་ནང་དུས་གསུམ་མཉམ་པར ་གནས།། ཉག་གཅིག་རྟོག་གེའི་ཉམས་ལས་འདས།། ཐམས་ཅད་ངོ་བོ་ཉིད་དུ་བརྡལ།། བར་མཚམས་མེད་པས་ཉག་གཅིག་པོ།། བསམ་གཏན་ཆེན་པོ་ཏིང་འཛིན་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང ་རྫོགས་ཆེན་པོའི་རྒྱུད་ལས།། རྩེ་གཅིག་བྱིང་རྒོད་རང་གྲོལ་སྒོམ་ཆག་ནད་དང་བྲལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། སྤྱོད་པ་སྤྱོད་པ་ཞེས་བྱ། ་བ།། ལྷག་མཐོང་རིག་པའི་ཡེ་ཤེས་དེ།། གཏན་ལ་འབེབས་པའི་ཐབས་ཆེན་གྱིས།། སྣང་བ་མ་འགགས་ཤེས་རབ་ཆེ།། འགྱུ་བ་མ་འགག་ཤེས་རབ་ཆེ།། བྱེད་ད་ཚོགས་གཉིས་དུས་གཅིག་རྫོགས།། འདུ་འབྲལ་མེད ་པའི་ཚོགས་ཆེན་པོ།། བསགས་པ་མ་ཡིན་རང་ལ་རྫོགས།། ཐབས་དང་ཤེས་རབ་ཁྱེར་ཀ་ཡི།། གཟུང་འཛིན་རིག་པའི་ཡུལ་ལས་གྲོལ།། འཛིན་པ་གྲོལ་བ་རྒྱུ་ཡི་ཚོགས།། སྣང་བ་གྲོལ་བ་བསོད་ནམས ་ཚོགས།། དབྱེར་མེད་གྲོལ་བ་འབྲས་བུའི་ཚོགས།། ཆོས་ལས་མ་བྱུང་ཡེ་ཤེས་ཚོགས།། འདུ་འབྲལ་མེད་པའི་ཟང་ཐལ་དེ།། སྐད་ཅིག་གཅིག་ལ་རྫོགས་པས་ན།། ཚོགས་གཉིས་དུས་གཅིག་རྫོགས་པ ་ཡིན།། དེ་དོན་ཁྱེར་ཀ་སུས་ནུས་པ།། སྐུ་ལྔ་འདུ་འབྲལ་མེད་པར་གསལ།། དེ་ལྔ་ལམ་དུ་སློང་བ་ནི།། ལམ་ལྔ་སྐད་ཅིག་མ་ལ་རྫོགས།། དེས་ན་དོན་ལ་གང་གནས་པ།། ས་རྣམས་མ་བགྲོད་རང་སར ་ཡིན།། འདུ་འབྲལ་མེད་པའི་ཡེ་ཤེས་ཏེ།། འོད་གསལ་ཆེན་པོའི་དགོངས་པ་འདིས།། ཐམས་ཅད་རང་སར་གྲོལ་བས་ན།། དུམ་བུའི་འཁྲུལ་པ་རང་སར་གྲོལ།། དུག་གསུམ་མ་རིག་རང་གྲོལ་བས།། རྒྱུན་གྱི་འཁྲུལ ་པ་རང་སར་གྲོལ།། རྒྱུན་དང་དུམ་བུའི་འཁྲུལ་པ་གཉིས།། གཉིས་འཛིན་མཚན་མར་རང་གྲོལ་བས།། ཡེ་ཤེས་ཟང་ཐལ་འབའ་ཞིག་སྐུ།། རྩོལ་སྒྲུབ་མེད་པས་རང་གྲོལ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། སྤྱོད་པའི་གདམས་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ་བ། སེམས་དཔའ་ཆེན་པོ་ཉོན་ཅིག། འབྲས་བུའི་དགོངས་བཞི་དགོས་པའི ་དོན།། སྤྱི་དང་བྱེ་བྲག་དབྱེ་བ་གཅེས།། མུ་སྟེགས་འགྲོ་དྲུག་ཐེག་པ་དགུ།། སྐུ་གསུམ་རང་སྣང་འབྲས་བུའོ།། སྐུ་གསུམ་འབྲས་བུ་བསྟན་པ་ཡང་།། སྤྱི་དང་བྱེ་བྲག་དབྱེ་བ་གཅེས།། འདི་ནི་མཆོག་གི་སྐུ་གསུམ ་ཡིན།། ཐུན་མོང་འབྲས་བུ་བསམ་མི་ཁྱབ།། རང་གི་མཚན་ཉིད་འདི་ལྟ་སྟེ།། ཐམས་ཅད་ཐིག་ལེ་རང་གྲོལ་ལ།། འབྲས་བུའི་ས་དང་ཐོབ་བྱའི་དོན།། ངས་དོན་ལྟར་མ་ཤེས་སོ།། ཐམས་ཅད་ཡེ་ཤེས་ཟང་ཐལ ་ལ།། ཡུལ་མེད་པ་ལ་གནས་པ་མེད།། ཕྱི་ནང་མེད་པས་ཐོབ་ས་མེད།། བར་མཚམས་མེད་པས་ཐོབ་ཡུལ་མེད།། གཉིས་མེད་དབྱེར་མེད་ཐིག་ལེ་ལ།། འབྲས་བུ་ཐོབ་པའི་ཡུལ་མེད་པས།། དུས་ལ་ལྟོས་པའི་ཆོས ་མིན་པས།། དུས་གསུམ་ཡེ་ཤེས་ཕྱི་ནང་མེད།། དཔེར་ན་ནོར་བུ་རིན་ཆེན་དེ།། ཡོན་ཏན་འཕྲལ་ལ་གྲུབ་པ་མིན།། ཡེ་ནས་གཞི་ལ་རྫོགས་པས་ན།། ནོར་བུ་རྣམས་ཀྱི་མཆོག་ཏུ་བཤད།། དོན་ནི་ཐིག་ལེ་ཉག་གཅིག ་དེ།། ཡེ་ནས་འདུ་འབྲལ་མེད་པས་ན།། འབྲས་བུ་ཐོབ་པ་ངས་མ་ཤད།། འདུས་བྱས་འབྲས་བུ་ངས་མ་ཤད།། ཐིག་ལེ་ལྟོས་ཆོས་མ་ཡིན་པས།། སྣང་སྲིད་ཐམས་ཅད་ང་ཡི་ཡུལ།། ང་ཉིད་ཐིག་ལེ་ཡེ་བརྡལ ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། འབྲས་བུ་རང་ཆས་འདུ་འབྲལ་མེད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་ཁྱོད ་ཉོན་ཅིག། གོལ་གཞི་གོལ་ས་བསྟན་པ་ནི།། གཞི་ཉིད་རང་བཞིན་ཟང་ཐལ་དེ།། ངོ་མ་ཤེས་པས་སྒྲིབ་པ་ཡིན།། སྟོང་པར་བསྒོམས་པས་གོལ་བ་ཡིན།། གཞི་ཉིད་རང་གསལ་ཆེན་པོ་དེ།། ངོ་མ་ཤེས་པས་སྒྲིབ་པ ་ཡིན།། རང་གསལ་བསྒོམ་པ་གོལ་ས་ཡིན།། གཞི་ཉིད་ཐུགས་རྗེ་ཆེན་པོ་ཡིན།། ངོ་མ་ཤེས་པས་སྒྲིབ་པ་ཡིན།། བདེ་གསལ་བསྒོམ་པ་གོལ་ས་ཡིན།། གཞི་ཉིད་ཐོག་པ་མེད་པ་ཡིན།། ངོ་མ་ཤེས་པས་སྒྲིབ་པ ་ཡིན།། གཟུགས་ཅན་གཟུགས་ནི་ཉམས་སུ་ལེན།། བདེ་ནི་གོལ་ས་རབ་ཏུ་ཆེ།། གོལ་སྒྲིབ་འབྲས་བུ་བསྟན་པ་ནི།། ཡིད་ལུས་འོད་ལུས་གཉིས་སུ་སྐྱེ།། དེས་ན་འབྲས་བུའི་ལ་ཤན་དང་།། ཉམས་ཀྱི་ལ ་ཤན་རབ་ཏུ་གཅེས།། ལ་ཟླའི་མཚན་ཉིད་བསྟན་པ་ནི།། ཐིག་ལེ་བློ་ལས་འདས་པ་ཡི།། མཚན་མ་རང་གྲོལ་ཕྱོགས་མེད་ལ།། ཕྱོགས་སུ་འཛིན་པ་གོལ་བ་ཡིན།། དེ་ཉིད་མ་ཤེས་སྒྲིབ་པ་ཡིན།། ཡེ་ནས་ཟང་ཐལ་གཞི ་མ་དེ།། རང་གྲོལ་མུན་མཐའ་ལས་འདས་པ།། དེ་ནི་ཡེ་ཤེས་ཕྱོགས་མེད་ཡིན།། གོལ་དང་སྒྲིབ་པ་རང་སར་གྲོལ།། དེ་ཉིད་སླར་ལ་གྲོགས་སུ་ཤར།། ཕྱི་ནང་མེད་པས་མན་ཤེལ་འདྲ།། དཔེ་ཟླ་མེད་པས་ནོར་བུ ་འདྲ།། ཕྱོགས་ལྷུང་མེད་པས་ནམ་མཁའ་འདྲ།། རྒྱ་མ་ཆད་པས་ཉི་མ་འདྲ།། ཉིན་མཚན་མེད་པས་ལྕེ་སྤྱང་འདྲ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། གོལ་གཞི་གོལ་ས་ཤན་དབྱེ ་ལ་ཟླ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་གསུངས་སོ།། སེམས་དཔའ་ཆེན་པོ་ཉོན་ཅིག། དབང་གི་ཆུ་བོ་བཞི་པོ་བསྟན།། ག་ག་པགས་ཤུ་སི་ཏ་དང་།། ནེ་རན་ཛ་ར་ལྟ་བུ་ཡི།། དཔེ་ཡི་དོན་ནི་ཛ ་ལོག་ནས།། ཆུ་བོ་ཡེ་ཤེས་ཟང་ཐལ་ལ།། འགག་པ་མེད་པའི་ཐིག་ལེའི་རྩལ།། དབང་གི་ཆུ་བོ་ཛ་ལོག་ཡིན།། ཡེ་ཤེས་ཆུ་བོ་རྒྱུན་ལྟར་འཆར།། བར་ཆད་མེད་པའི་དབང་བསྐུར་ཡིན།། རིག་པ་རྩལ་གྱི་དབང་ཐོབ ་པས།། རལ་གྲི་ཁ་མངས་ལྟ་བུའི་དཔེ།། སྦྲུལ་སྐུ་ཐུག་ཕྲད་དབང་ཡང་ཐོབ།། ཡེ་ཤེས་རྩལ་གྱི་དབང་བསྐུར་བས།། མཚན་མར་རང་སར་གྲོལ་བའི་ཕྱིར།། ཁྱུང་ཆེན་སྒོང་རྒྱ་ཚོགས་པ་འདྲ།། རྩོལ་བ་མེད་པར་མཁའ ་ལ་ལྡིང་།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བས།། མཚན་མ་རིག་པའི་ཡེ་ཤེས་ལ།། རྒྱས་འདེབས་ཕྱི་ནང་མེད་པའི་དབང་ཐོབ་པས།། ཕྱི་ནང་དབང་བསྐུར་ཐམས་ཅད་འདུས།། ཡེ་ཤེས་ཐོག་བབས་དབང་བསྐུར ་བས།། རྣམ་རྟོག་སྐྱེས་པའི་དུས་ཉིད་ན།། ཡེ་ཤེས་ཟང་ཐལ་ཕྱོགས་མེད་ཤར།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། དབང་ཐམས་ཅད་ཡེ་ནས་གཞི་ལ་གྲུབ་པའི་ལེའུ་སྟེ་ཉི་ཤུ ་པའོ།། །། དེ་ནས་ཡང་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ལམ་གྱི་གདམས་ངག་ཡེ་ཤེས་ངོས་བཟུང་བསྟན་པ་ནི།། འཁོར་བའི་རྩ་བ་མ་རིག་པ།། ཆགས་སྡང་ལྔ་ཡི་ལོ་མ་ཅན།། ཉོན་མོངས་བརྒྱད ་ཁྲི་བཞི་སྟོང་སྤྲིན།། ཐིག་ལེ་རྩ་བ་རང་སྒོ་རིག་པའི་མཆོག། ཡེ་ཤེས་ལྔ་ཡི་ལོ་འདབ་རྒྱས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྨིན།། དེ་གཉིས་བར་ན་འབྲེལ་བ་ཟམ་མ་ཆད།། བློ་དངོས་གཉིས་ཀྱི་བར་ན་གཅོད་བྱེད ་གནས།། ཉམས་ཀྱི་རྒྱལ་པོ་ཚོགས་དྲུག་ལྷུག་པ་ཡིན།། ཡེ་ཤེས་རྒྱལ་པོ་ཟང་ཐལ་ཡིན།། ཐེག་པའི་རྒྱལ་པོ་ཐིག་ལེ་ཡེ་བརྡལ་ཡིན།། ལམ་གྱི་རྒྱལ་པོ་འགྱུ་བ་ལམ་ཁྱེར་ཡིན།། སྔགས་ཀྱི་རྒྱལ་པོ་ཐིག་ལེ་སྟོང་པ ་ཡིན།། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཡིན།། རྟགས་ཀྱི་རྒྱལ་པོ་སྐུ་གསུམ་ཐུག་ཕྲད་ཡིན།། ཡིད་ཆེས་རྒྱལ་པོ་འགྱུ་བ་དངས་སངས་ཡིན།། འབྲས་བུའི་རྒྱལ་པོ་ཐིག་ལེ་ཆོས་མིན་ཡིན།། སངས་རྒྱས་རྒྱལ ་པོ་སྐུ་གསུམ་རང་གྲོལ་ཡིན།། ཐུགས་རྗེའི་རྒྱལ་པོ་སྐུ་གསུམ་རང་སྣང་ཡིན།། བྱིན་རླབས་རྒྱལ་པོ་ཕྱོགས་མེད་རང་ཤར་ཡིན།། གནད་ཀྱི་གདམས་པ་ཐིག་ལེ་གདུང་བ་ཡིན།། སྤྱན་གྱི་དམ་པ་བླ་མེད་འགྱུ ་བའི་སྤྱན།། འགྱུ་བའི་སྤྱན་ལ་ངོ་སྤྲད་ན།། ལོངས་སྐུའི་སྣང་བ་དངོས་སུ་ཝ་ལེ་གསལ།། ཐིག་ལེ་ཉག་གཅིག་རྒྱས་གདབ་གཅེས།། བར་མཚམས་མེད་ན་ཟང་ཐལ་ཡིན།། ཁྱེར་ཁ་སྟོན་ན་འགྱུ་བའི་ངོ་སྤྲོད ་གཅེས།། གཅོད་པའི་ཡིད་དང་ཤེས་རབ་ཆེན་པོ་གཉིས།། བར་ན་ཁྱེར་ཀ་གཅིག་ལས་མེད།། མེད་པར་ཤེས་ན་སངས་རྒྱས་ངོ་སྤྱོད་ཡིན།། བར་དོ་བྱ་བ་བློ་ཡིན་བླངས་པ་ཡིན།། བློ་ལས་གྲོལ་ན་བར་དོའི་མིང་ཡང ་མེད།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས།། ལམ་དང་འབྲས་བུ་ཐུགས་རྗེས་མཚོན་པའི་ལེའུ་སྟེ་རྩ་གཅིག་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། སེམས་དཔའ་ཆེན་པོ ་ཉོན་ཅིག། འགྱུ་བ་ཁོང་དུ་ཁྲོལ་ཙམ་ན།། འགྱུ་བ་བུན་གྱིས་སོང་བའི་དུས།། དེ་དུས་སྦྲུལ་སྐུའི་རིག་པ་ཡིན།། འགྱུ་བ་འོད་གསལ་ཤར་བ་དེ།། ལོངས་སྤྱོད་རྫོགས་སྐུའི་རིག་པ་ཡིན།། འོད་ལས་འདས་པའི་ཟང་ཐལ ་དེ།། ཆོས་ཀྱི་སྐུ་ཡི་རིག་པ་ཡིན།། ཐམས་ཅད་གཏན་ལ་འབེབས་པས་ན།། རིག་པའི་མཆོག་ཏུ་དེ་བཤད་དོ།། དེ་དོན་ཐུགས་ལ་གང་གནས་པ།། ལུང་གི་རྒྱལ་པོ་དེ་བཤད་དོ།། གགས་ཀྱི་གདམས་ངག་བསྟན་པ ་ནི།། ཡིན་ལུགས་མ་རྟོགས་སེམས་འཛིན་གེགས།། ཁྱེར་ཀ་མ་ཤེས་སྒོམ་པའི་གེགས།། ཟང་ཐལ་མ་ཤར་ལྟ་བའི་གེགས།། ཆོས་མིན་མ་ཤར་འབྲས་བུའི་གེགས།། རང་བཞིན་གཅིག་ཏུ་གྲོལ་གྱུར་ན།། གགས་ཐར་ཡེ ་ཤེས་ཀློང་དུ་གྲོལ།། ཐམས་ཅད་རང་སར་གྲོལ་ཙམ་ན།། ཐིག་ལེ་ཕྱི་ནང་མེད་པ་ཡིན།། ཐམས་ཅད་ལམ་དུ་ཀློང་ཙམ་ན།། ཡེ་ཤེས་ཁོང་ནས་ཤར་བ་ཡིན།། མཚན་མ་རང་གྲོལ་སྤྱོད་པ་ཡིན།། ཞེས་གསུངས་སོ།། ཡེ ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། རིག་པ་དང་ལུང་གགས་མཚོན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་བཀའ་སྩལ་པ། ངས ་བཤད་པ་ཡི་རྒྱུད་ཆེན་འདི།། ཡེ་ཤེས་གཏིང་རྫོགས་དག་གི་རྒྱུད།། ཐམས་ཅད་རང་གྲོལ་སྟོན་པས་ན།། མཚན་མ་རང་གྲོལ་རྒྱུད་དུ་ཟུང་།། ཡེ་ཤེས་ཟང་ཐལ་སྟོན་པས་ན།། ཡེ་ཤེས་ཁོང་འཆར་རྒྱུད་དུ་ཟུང་།། ཐམས ་ཅད་ཐིག་ལེ་ཆོས་མིན་ཀློང་དུ་སྟོན།། ལྷུན་གྲུབ་རང་གྲོལ་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས་པ། སྡུད་པ་པོ་དགའ་རབ་རྡོ་རྗེས་བསྡུས་པའོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན ་བའི་རྦད་ལས། མན་མཚན་ནས་བརྟན་པའི་མཚན་པར་གསུམ་པའོ།། ། རྫོགས་པ།། @།། རྒྱ་བར་རྐང་དུ་ཎྜལ་གྲ་རྦ་བིནདྷཥྛཱནཱ་མ། ་