CLOSE WINDOW

Gpb037.024: sku gsum ja log gi rgyud chen po
Wyliee-texts produced with BDRC’s OCR application

སུ་ཡི་རང་ངོ་།། སྟོན་པ་རྡོ་རྗེ་སེམས་དཔས་ཞུས་ནས།། ལག་ན་རྡོ་རྗེ་དང་།། མཁའ་འགྲོ་མས་བསྡུས་པ་ལེའུ་སྟེ་ཉེར་བཞི་པའོ།། བསྐལ་པ་འོད་ལྡན་གྱི་རྒྱུད་རྫོགས་སོ།། @#།། རྒྱ་གར་སྐད་དུ། ཏྲི་ཀ ་ཡ་ཏནྟྲ། བོད་སྐད་དུ། སྐུ་གསུམ་ཛ་ལོག་གི་རྒྱུ་ཆེན་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཕུན་སུམ་ཚོགས་པ་ལྔ་ཛ་ལོག་དང་། ཡེ ་ཤེས་ལྔའི་ཛ་ལོག་དང་། སྐུ་ལྔའི་ཀ་ལོག་དང་། རིགས་ལྔའི་ཛ་ལོག་དང་། མཛོད་ལྔའི་ཛ་ལོག་དང་། ངོ་སྤྲོད་གསུམ་གྱི་ཛ་ལོག་དང་། གཞིའི་ཛ་ལོག་དང་། འཁྲུལ་པའི་ཛ་ལོག་དང་། འབྲས་བུ་ཛ་ལོག་དང་། ་ལྷལྟ་སྡོམ་སྤྱོད་པའི་ཛ་ལོག་དང་།། འཁྲུལ་པའི་འབྲས་བུ་ཛ་ལོག་དང་། དུག་ལྔའི་ཛ་ལོག་བསྟན་པའོ།། རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པོའོ།། །། ཕུན་སུམ་ཚོགས་པ་ཛ་ལོག་ཏུ་བསྟན་པ་ནི།། སྟོན་པ ་ཀུན་ཏུ་བཟང་པོ་ཛ་ལོག། ཆོས་ཀྱིས་སྐུའི་ཡེ་ཤེས།། འཁོར་རིགས་ལྔ་རྔ་ལོག། རང་བྱུང་ཡེ་ཤེས་ཆེན་པོ་དུས་ཛ་ལོག། རིག་པ་ཁོང་འཆར་ཆེན་སོ་ནས་ཛ་ལོག། ཆོས་སྐུ་ཀུན་ཁྱབ་རང་སྣང་གི་དཀྱིལ་འཁོར་ཆེན་པོ ་བསྟན་པ་ཛ་ལོག། རང་གི་འདུག་ཚུལ་ཆེན་པོ།། ཕུན་སུམ་ཚོགས་པ་ལྔའི་ཛ་ལོག་གི་ལེའུ་སྟེ་གཉིས་པའོ།། །། ཡེ་ཤེས་ལྔའི་ཛ་ལོག་བསྟན་པ་ནི།། མེ་ལོང་ཡེ་ཤེས་ཛ་ལོག། གཞི་གནས་ཀྱི་རང་གསལ་ཆེན ་པོ།། མཉམ་ཉིད་ཡེ་ཤེས་རྔ་ལོག། དོན་འགྱུར་བ་མེད་པའི་མཉམ་པ་ཆེན་པོ།། ཀུན་རྟོག་ཡེ་ཤེས་རྔ་ལོག། ཐུགས་རྗེ་རོལ་པ་ཆེན་པོ།། ནན་ཏན་ཡེ་ཤེས་རྔ་ལོག་ལོག། འཕྲིན་ལས་ཀྱི་རོལ་པ་ཆེན་པོ།། ཆོས་དབྱིངས ་ཡེ་ཤེས་ལྔ་ཛ་ལོག། ཡེ་ཤེས་རྔ་ལོག་ཏུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། སྐུ་ལྔའི་ཛ་ལོག་བསྟན་པ་ནི།། ཆོས་སྐུ་ཛ་ལོག། འབྱེད་པ་མེད་པའི་གཏི་མུག་ལོངས་སྒྲ་ཛ་ལོག། འདོད་ཆགས་ཆེན་པོ་སྦྲུལ་སྐུ ་ལོག། ཞེ་ལྗང་ཆེན་པོ་རྡོ་རྗེ་ལྟ་བུའི་སྐུ་ཛ་ལོག་ང་རྒྱལ་ཆེན་པོ་མངོན་པར་བྱང་ཆུབ་པའི་སྐུ་ཛ་ལོག། ཕྲག་དོག་ཆེན་པོ་སྐུ་ལྔ་ཛ་ལོག་གི་ལེའུ་སྟེ་བཞི་པའོ།། རིགས་ལྔ་ཛ་ལོ་བསྟན་པ་ནི།། ཞེ་ལྗང་ཛ ་ལོག་རྡོ་རྗེའི་རིགས།། འདོད་ཆགས་ཛ་ལོག་པདྨའི་རིགས།། གཏི་མུག་ཛ་ལོག་དེ་བཞིན་ཉིད་ཀྱི་རིགས།། ང་རྒྱལ་ཛ་ལོག་རིན་པོ་ཆེའི་རིགས།། ཕྲག་དོག་ཛ་ལོག་ལས་ཀྱི་རིགས།། རྡོ་རྗེའི་རིགས་རྔ ་ལོག་དམྱལ་བ།། པདྨའི་རིགས་ཛ་ལོག་ཡི་དྭགས།། དེ་བཞིན་རིགས་ཛ་ལོག་ཆེན་པོ།། ང་རྒྱལ་ཛ་ལོག་འགྲོ་བ་མི།། ཕྲག་དོག་ཛ་ལོག་ལྷ་དང་ལྷ་མ་ཡིན།། རིགས་ལྔ་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་ལྔ ་པའོ།། །། མཛོད་ལྔ་ཛ་ལོག་བསྟན་པ་ནི།། ས་རིན་པོ་ཆེའི་མཛོད་ཛ་ལོག་རང་སྣང་གི་འོད་སེར་པོ།། ཆུ་རིན་པོ་ཆེའི་མཛོད་ཛ་ལོག་རང་སྣང་གི་འོད་དཀར་པོ།། མེ་རིན་པོ་ཆེའི་མཛོད་ཛ་ལོག་རང་སྣང་གི ་འོད་དམར་པོ།། རླུང་རིན་པོ་ཆེའི་མཛོད་ཛ་ལོག་རང་སྣང་གི་འོད་ལྗང་ཁུ།། ནམ་མཁའ་རིན་པོ་ཆེའི་མཛོད་ཛ་ལོག་རང་སྣང་གི་འོད་མཐིང་ཁ།། མཛོད་རྣམ་པ་ལྔ་ཛ་ལོག། རང་སྣང་དབྱེད་མེད་ཀུན་ཁྱབ་ཀྱི་དཀྱིལ ་འཁོར་ཆེན་པོ།། མཛོད་ཛ་ལོག་གི་ལེའུ་སྟེ་དྲུག་པའོ།། ངོ་སྤྲོད་ཛ་ལོག་ཏུ་བསྟན་པ་ནི།། ངོ་སྤྲད་དུ་མེད་པར་ཡེ་ནས་ཛ་ལོག་པས།། མཛོད་ལ་ངོ་སྤྲད་དུ་མེད་པར་ཛ་ལོག། སྣང་བ་མེད་པའི་ཆོས་ཉིད།། རིག་པ་ལ་ངོ ་སྤྲད་དུ་མེད་པར་ཛ་ལོག། རིག་པ་ཁོང་གསལ་ཆེན་པོ།། གཉིས་མེད་ལ་ངོ་སྤྲད་དུ་མེད་པར་ཛ་ལོག། ཡེ་ནས་དབྱེར་མེད་མི་ཕྱེད་པ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། །། གཞིའི་ཛ་ལོག་བསྟན་པ་ནི།། གཞི་རྔ ་ལོག་པས་བཟང་དུ་མ་སོང་།། ལམ་ཛ་ལོག་པས་བགྲོད་དུ་མེད་པ།། འབྲས་བུ་ཛ་ལོག་ཐོབ་ཏུ་མེད་པའོ།། ཁྲུལ་པ་ཛ་ལོག། འཁྲུལ་མ་མྱོང་རང་རྩལ་རང་ཤར་བ་ཡིན་པས་སོ།། དེ་ལྟར་རང་རྩལ་ཡིན་པས་སོ།། དེ ་ལྟར་རང་རྩལ་ཡིན་པས་འཁྲུལ་མྱོང་བར་ཛ་ལོག་སྟེ།། ཐམས་ཅད་རོལ་པའི་རོལ་ལུགས་ཤེས་པས།། ཐོག་མར་མ་འཁྲུལ།། བར་དུ་མ་འཁྲུལ།། ཐ་མར་འཁྲུལ།། ཕྱིས་ཀྱང་འཁྲུལ་བར་མི་འགྱུར་རོ།། འཁྲུལ་པ་ཛ ་ལོག་ཏུ་བསྟན་པའི་ལེའུ་སྟེ་རྒྱད་པའོ།། །། ལྟ་བ་ཛ་ལོག་བསྟན་པ་ནི།། ལྟ་བ་ཛ་ལོག་ལྟ་བའི་ལྟ་སྟངས་ཛ་ལོག། ཡེ་ལྷ་ཆེན་པོའི་སྒོམ་པ་ཛ་ལོག་སྒོམ་ཉམས་ཛ་ལོག་སྟེ།། ཡེ་སྒོམ་ཉམས་ཆེན་པོ་སྤྱོད་པ་ཛ ་ལོག་གཉིས་སྣང་མེད་པར་ཛ་ལོག། དབྱེར་མེད་ཀྱི་གནས་ལུགས་ཆེན་པོ།། འབྲས་བུ་ཛ་ལོག་ཐོབ་ས་མེད་པས་ཛ་ལོག་སྟེ་ཡེ་ནས་ཐོབ་ཟིན་པ་ཆེན་པོ།། ལྷ་སྒོམ་ཛ་ལོག་གི་ལེའུ་སྟེ་དགུ་པའོ།། །། འབྲས་བུ ་ཛ་ལོག་བསྟན་པ་ནི།། དམྱལ་བ་ཛ་ལོག་མེ་ལོང་ལྟ་བུའི་ཡེ་ཤེས།། ཡི་དྭགས་ཛ་ལོག་ཀུན་རྟོག་ཡེ་ཤེས།། བྱོལ་སོང་ཛ་ལོག་དབྱིངས་སྟོང་པའི་ཡེ་ཤེས།། མི་ཛ་ལོག་མཉམ་པ་ཉིད་ཀྱི་ཡེ་ཤེས།། ལྷ་དང་ལྷ་མ་ཡིན་ཛ ་ལོག་རང་གསལ་ལ་མི་གནས་ཡེ་ཤེས།། སྣང་བ་རྣམ་པ་ལྔ་ཛ་ལོག་དབྱིངས་རྣམ་པར་དག་པའི་ཡེ་ཤེས།། རྒྱུ་རྣམ་པ་ལྔ་ཛ་ལོག་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ།། བཞི་རྣམ་པ་ལྔ་ཛ་ལོག་ཡེ་ཤེས་ཆེན་པོའི་ཐིག ་ལེ།། འཁྲུལ་པ་ཛ་ལོག་གི་ལེའུ་སྟེ་བཅུ་པའོ།། །། དུག་ལྔ་ཛ་ལོག་བསྟན་པ་ནི།། གཏི་མུག་ཛ་ལོག་ཆོས་ཀྱི་སྐུ།། འདོད་ཆགས་ཛ་ལོག་སྦྲུལ་སྐུ།། ཞེ་སྡང་ཛ་ལོག་ལོངས་སྐུ།། ང་རྒྱལ་ཛ་ལོག་རྡོ་རྗེ་ལྷ ་བུའི་སྐུ།། ཕྲག་དོག་ཛ་ལོག་མངོན་པར་བྱང་ཆུབ་པའི་སྐུ།། གཏི་མུག་ཆོས་ཀྱི་སྐུའི་ཡེ་ཤེས།། འདོད་ཆགས་རང་བྱུང་གི་ཡེ་ཤེས།། ཞེ་སྡང་སྙིང་པོའི་ཡེ་ཤེས།། ང་རྒྱལ་རིག་པའི་ཡེ་ཤེས།། ཕྲག་དོག་ཀུན་ཏུ་མི་འགག ་པར་རང་ཤར་ཆེན་པོ།། རིག་ཁོང་གསལ་ཆེན་པོ།། དུག་ལྔ་ཛ་ལོག་ཏུ་བསྟན་པའི་ལེའུ་བཅུ་གཅིག་པའོ།། ། སྐུ་གསུམ་ཛ་ལོག་གི་རྒྱུད་ཆེན་པོ་འདི།། ཕྱག་ནས་ཕྱག་ཏུ་རིམ་བརྒྱུད་པའི།། གང་ཟག་བློ་ཡིས་མ་ཤིགས ་པས།། ཀུན་ལ་བསྟན་ན་སྐུར་པ་འདེབས།། དེ་ཡི་འབྲས་བུ་དོན་ཉིད་ལ།། སྐུར་པ་བཏབ་པའི་དབང་གིས་ནི།། ངན་སོང་གསུམ་དུ་འཁྱམ་པར་མཆི།། དེ་བས་བློ་ལྡན་བརྟགས་ལ་སྦྱིན།། སྣོད་མེད་གཅིག་དང་མ་སྤྲད ་ཅིག། རོ་ལངས་བདེ་བས་ཚིགས་སུ་བཅད་པའོ།། ལེའུ་བཅུ་གཉིས་པའོ།། ། རྫོགས་སོ།། ་