CLOSE WINDOW

Gpb037.023: sku gsum ja log bskal pa 'od ldan gyi rgyud
Wyliee-texts produced with BDRC’s OCR application

པས།། རྡོ་རྗེ་མཁའ་འགྲོ་མ་རྣམས་རྗེས་སུ་ཡི་རངས་སོ།། རྫོགས་སོ།། @#།། རྒྱ་གར་སྐད་དུ།། ཀ་ཡ་ཏྲི་དེ་ཀལྤ་པྲ་བྷ་ཏནྟ།། བོད་སྐད་དུ།། སྐུ་གསུམ་ཛ་ལོག་བསྐལ་པ་འོད་ལྡན་གྱི་རྒུད།། བཅོམ ་ལྡན་འདས་རང་སྣང་དག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན།། མཁའ་འགྲོ་ཉེ་བར་ཞི་བ་དང་།། གསང་བའི་བདག་པོ་དང་།། ཕྱག་ན་རྡོ་རྗེ་ལ་སོགས་རྣམས་ཀྱིས ་བསྐོར་རོ།། རང་སྣང་རྣམ་དག་པདྨ་བརྩེགས་པའི་གདན་ལ་ཞུགས་ཏེ།། སྣང་བ་ཐམས་ཅད་ཀྱང་རྣམ་དག་རང་སྣང་གི་མཁའ།། ནམ་མཁའ་ལྟ་བུ་རྒྱ་ཡོངས་ཆད་པ།། ཕྱི་ནང་མེད་པའི་གནས་ཆེན་པོ་པདྨ་བརྡལ་བའི ་གཞལ་ཡས་ཁང་ཞེས་བྱ་བ་ན་ཞུགས་སོ།། དེའི་ཚེ་དེའི་དུས་ན།། གཟིགས་སྣང་རྣམ་དག་གི་ཚལ་ཅེས་བྱའོ།། དེ་ནས་གསང་བའི་བདག་པོས།། བཅོམ་ལྡན་འདས་ལ་ཞུས་པ།། སྐུ་གསུམ་ཛ་ལོག་བསྐལ་པ་འོད་ལྡན ་གྱི་རྒྱུ་བཤད་དུ་གསོལ།། ཞེས་ཞུས་པས།། ཉིད་ཀྱིས་ཞུས་པ་ལེགས་སོ་ལེགས་སོ།། ཉོན་ཅིག་ངས་བཤད་དོ།། སྐུ་གསུམ་ཛ་ལོག་བསྟན་པ་དང་།། ལྟ་སྒོམ་ཛ་ལོག་བསྟན་པ་དང་། ཐོག་པ་ཛ་ལོག་བསྟན་པ ་དང་།། ལུས་སེམས་རྔ་ལོགས་བསྟན་པ་ཐུགས་རྗེའི་བྱིན་རླབས་ཛ་ལོག་བསྟན་པར་བྱ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། གླེང་གཞའི་རྩ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་སྐུ་གསུམ ་ཛ་ལོག་བསྟན་པ་ཐུགས་ཞེས་གསུངས་སོ།། སྟོན་པས་བཀའ་སྩལ་པ།། སེམས་ལ་རྟེན་པའི་སྐུ་གསུམ་དང་།། ཆོས་ལ་རྟེན་པའི་སྐུ་གསུམ་དང་།། རིག་པའི་ཡེ་ཤེས་སྐུ་གསུམ་མོ།། དེ་ལ་སེམས་ལ་རྟེན་པའི་ཆོས་སྐུ ་ནི།། བརྗོད་པ་དང་བྲལ་བ་ཡིས།། ངོ་བོ་ནམ་མཁའ་ལྟ་བུའོ།། ལོངས་སྐུ་འཇའ་ཚོན་ལྟ་བུ་ལ།། ངོ་བོ་རྣམ་པར་སྣང་མཛད་དོ།། སྤྲུལ་པའི་སྐུ་ནི་དེས་མེད་ལ།། ངོ་བོ་ཐུགས་པ་དྲུག་ཏུ་འདོད།། སྐུ་གསུམ་འདུ་འབྲལ ་མེད་པ་ལ།། སེམས་ཀྱི་གསུམ་པོ་རྨྱ་ཆད་པས།། ཕྱོགས་སུ[:]ལྷུང་བའི་གོ་ལ་ས་ཡིན།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། སེམས་ཀྱི་སྐུ་གསུམ་འབྲེལ་བ་མེད་པའི་ལེའུ་སྟེ་གཉིས ་པའོ།། །། ཡང་བཀའ་སྩལ་པའོ།། །། ཆོས་ཀྱི་གསུམ་འབྲལ་མེད་གསུམ་པོ་ཛ་ལོག་དགོས་ཏེ།། དེ་ཡང་ནམ་མཁའ་ལྟ་བུ་དག་ལ་ཛ་ལོག་པས།། ལྟ་བ་རང་བཞིན་མེད་དོ་ན།། སྐྱེ ་འགག་མེད་ཅིང་དབྲི་བཀོལ་མེད།། མཐའ་དང་དབུས་མེད་ཡེངས་པ་དེ།། དེ་ནི་ཆོས་ཀྱི་སྐུ་རུ་འདོད།། དེ་ནས་ཐབས་དང་ཤེས་རབ་ཀྱིས།། ཉམས་སུ་བླང་བའི་སྒོམ་སྣང་དེ།། རྣམ་སྣང་ཛ་ལོག་དག་ཏུ ་འདོད།། གཏན་ལ་འབེབས་པའི་ཤེས་རིག་དེ།། ངོ་བོ་ཐུབ་དྲུག་རྔ་ལོག་ཡིན།། གཉེན་པོ་རྟག་པའི་ཆོས་ཡིན་པས།། དེ་ཡང་ཡིད་སྨོན་བློ་ཆོས་ཡིན།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར།། ཇི་ལྟར་སྤྱད་ཀྱང་འདུས་པར ་འགྱུར།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཆོས་ལས་བྱས་པའི་སྐུ་གསུམ་ཡིད་སྨོན་འདུས་བྱས་སུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཀའ་སྩལ་པ།། འདུས་བྱས་འདུས་མ་བྱས་སུ་ཛ ་ལོག་སྟེ།། རིག་པའི་ངོ་བོ་ཆོས་གསུམ་ལ།། རྒྱུ་རྐྱེན་ཀ་ནས་མ་གྲུབ་པས།། ཆོས་སྐུ་ཛ་ལོག་ཆེན་པོ་ཡིན།། རིག་པའི་ཐིག་ལེ་ཆོས་མིན་སྐུ།། འགག་པ་མེད་པར་རང་ཤར་བས།། སྦྲུལ་སྐུ་ཛ་ལོག་ཆེན་པོ་ཡིན།། རིག ་པ་ཐིག་ལེ་ཆོས་མིན་སྐུ།། བསམ་ངོའི་ཡུལ་ལས་འདས་པས་གདངས།། རང་སྣང་གྲོལ་བའི་མེ་ལོང་འདི།། ལོངས་སྐུ་ཛ་ལོག་ཆེན་པོ་ཡིན།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རིག་པའི་སྐུ ་གསུམ་འདུས་མ་བྱས་སུ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། ལམ་པའི་སྐུ་གསུམ་བསྟན་པ་ཡི།། རང་གྲོལ་སྐུ་གསུམ་ཛ་ལོག་ནི།། སྣང་བ་མི་འགག་ལོངས་སྐུར་ཤར།། འཛིན་པ ་མི་འགག་སྦྲུལ་སྐུར་ཤར།། ཐིག་ལེ་མ་འགག་ཆོས་སྐུར་ཤར།། ཡེ་ནས་ཡིན་པའི་ཐིག་ལེ་ལ།། སྐུ་གསུམ་རྩ་བ་ལམ་པའི་ཆོས།། གཞི་ལས་འདས་པའི་ཐིག་ལེ་ལ།། སྐུ་གསུམ་ཀ་ནས་མ་གྲུབ་པས།། རྒྱུ་ལམ་འབྲལ ་བུ་ང་ཡི་དུར།། རིག་པའི་སྐུ་གསུམ་ཆོས་ལས་གྲོལ།། ལྷ་སྒོམ་སྤྱོད་པ་ང་ཡི་དུར།། ང་ཡི་སྒྲིབ་ཤིང་ལྟ་སྒོམ་ཡིན།། ལྟ་བ་སྲོག་གི་རྩ་བ་མཆོད་པས།། རིག་པའི་ཡེ་ཤེས་སྒྲིབ་པ་ཡིན།། སེམས་ཀྱི་སྐུ་གསུམ་མ་བསྟན ་ན།། གོལ་སྒྲིབ་མ་ཤེས་སྐྱོན་དུ་འགྱུར།། ཆོས་ཀྱི་སྐུ་གསུམ་མ་བསྟན་ན།། གོལ་སྒྲིབ་འདུས་བྱས་སྐྱོན་དུ་འགྱུར།། ཐིག་ལེའི་གསུམ་མ་བསྟན་ན།། འབྲས་བུ་རང་ཆས་མེད་པའི་སྐྱོན་དུ་འགྱུར།། སྐུ་གསུམ་སྣང་བར་མ ་བསྒྱུར་ན།། ཐེག་པ་སྤྱིལ་བོགས་མི་ཟོན།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། སྐུ་གསུམ་གཏན་ལ་དབབ་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྟ་བ་ཛ་ལོག་བསྟན་པ་ནི།། ལྟ་བ་ནི་ཀུན་ཀྱང་མཐུན་ཏེ་ཀུན་ཀ་མིན།། སོ་མ་རྣལ་མ་མ་བཅོས་པ།། ཕྱི་ཡི་ལྟ་བ་ཡིན་པར་བཤད།། སྟོང་པ་ཁྱབ་པར་མི་འགྱུར་བ།། ནང་གི ་ལྟ་བ་ཡིན་པར་བཤད།། རང་བཞིན་མི་འགྱུར་ངོ་བོ་གསལ།། རྒྱུ་རྐྱེན་མེད་པའི་དོན་དེ་ནི།། གསང་བའི་ལྟ་བ་ཛ་ལོག་ཡིན།། ཀུན་ཏུ་བཟང་པོའི་ལྟ་བ་ནི།། ཤེས་བྱ་གཤིས་ཀྱི་འདུག་ཚུགས་ལ།། རྒྱ ་ཆད་ཕྱོགས་ཞེན་རང་གྲོལ་ཏེ།། ཐིག་ལེ་ཁྱབ་བདལ་ཆེན་པོ་ཡིན།། ཞེས་གསུངས་སོ།། བསྐལ་པ་འོད་གྱི་རྒྱུ་ལས།། ལྟ་བ་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། ཡང་བཀའ་སྩལ་པ།། སྒོམ་པ་ཛ་ལོག་བསྟན་པ ་ནི།། སེམས་ཀྱིས་སེམས་ལ་ལྟ་བ་དང་།། གཉེན་པོས་ཆགས་སྡང་འགེགས་པ་དང་།། མི་གཙང་རུས་ཐིག་ལ་སོགས་པ།། གཉེན་པོ་རྟེན་ནས་སྒོམ་པ་ནི།། ཕྱི་ཡི་སྒོམ་པར་ཤེས་པར་བྱ།། རྩ་རླུང་ཐིག་ལེ་འབེབས་པ ་དང་།། རིག་མ་དངོས་དང་འོད་ཀྱི་རིག། རང་ལུས་ཐབས་སུ་སྒོམ་པ་དང་།། གཏུམ་མོ་སྦྱོར་བ་རླུང་གི་ལས།། གསང་བའི་སྒོམ་པར་ཤེས་པར་བྱ།། ལྷ་དང་ལྷ་མོ་སྒོམ་པ་དང་།། ཡི་གེ་འཕྲོ་འདུའི་སྒོམ་པ་ནི།། ནང་གི ་སྒོམ་པ་ཡིན་པར་བསྟན།། སྒོམ་པ་ཛ་ལོག་འདི་ལྟ་སྟེ།། འགྱུ་བ་ཕྱོགས་མེད་འགྲོ་འོང་ལ།། ཐུགས་རྗེ་གཟུངས་ཀྱི་ཐག་པ་ཡིན།། རྟེན་གྱིས་འཐེན་པའི་རྟེན་སྒོམ་དང་།། རྩེན་རྟེར་ལྟས་པའི་ལྟ་སྒོམ་ནི།། ཀོར་ཀོར་སྐོང ་པའི་སྟེང་སྒོམ་ནི།། ཐམས་ཅད་ལམ་དུ་བྱས་འགྱུར་ན།། སྒོམ་པ་མ་ཡིན་ཡེ་ཤེས་ཡིན།། ཡེ་ཤེས་བློ་ལས་འདས་པ་དེ།། འཆར་རམ་མི་འཆར་བལྟས་པས་ཆག། དེ་ཡང་དཔེར་ན་ཙན་དན་གྱི་ནགས་ཚལ་མེ་སྦར ་བས།། ཤིང་མ་ཟད་ཀྱི་བར་དུ་མེ་མ་ཤི་ཟེར་ཏེ།། དཔེ་དེ་དང་འདྲ་བར།། ཐུགས་རྗེ་གཟུངས་ཀྱི་ཐག་པ་མེ་ལྟ་བུ་དེ།། སྒོམ་མཉམ་པའི་བློ་ལ་ཡར་བཏང་བས།། བློ་མ་ཟད་ཀྱི་བར་དུ་ཡེ་ཤེས་རྟག་ཏུ་འབར་ཏེ།། བློ་ཟད ་པས་ཡེ་ཤེས་ཀྱང་འབར་མ་ནུས་སོ།། ཆོས་རྣམས་རྔ་ལོག་དག་ཏུ་བསྟན་པས་ན།། དཔེ་ཡང་ཛ་ལོག་དག་ཏུ་བསྟན་པ་ནི།། དཔེར་ན་དམྱལ་བའི་གནས་ཆེན་ན།། ལྕགས་ཀྱི་ཁྲོ་ཆུ་ཆེན་པོ་ལ།། ཤིང་གི་གཞི་དག་ག་ལ ་གྲུབ།། ཆུ་ལ་མེ་འབར་ག་ལ་སྲི།། ལྕགས་ཀྱི་ཁྲོ་ཆུ་མེ་རུ་འབར།། ཆུ་ཡིས་མེ་ལ་སྐོལ་བ་མེད།། མེ་སྲིད་དེ་སྲིད་པའི་ཛ་ལོག་ཡིན།། ཀུན་ཏུ་བཟང་པོ་རང་གྲོལ་ཤེས་རབ་སློབ་དཔོན་མེད།། ཅེས་གསུངས ་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལྷ་སྒོམ་སྤྱོད་པ་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་བདུན་པའོ།། དེ་ནས་བཀའ་སྩལ་པ།། ཐེག་པ་ཛ་ལོག་བསྟན་པ་ནི།། ཕྱི་ལྟར་བཤད་པ་སེམས་ཀྱི་ཆོས།། རྒྱུ་མཚན་ཉིད་ཀྱི་ཐེག ་པ་དང་།། ནང་ཆོས་ལ་བརྟེན་པའི་ཐེག་པ་དང་།། སྔགས་ཕྱི་བ་ཐུབ་པའི་རྒྱུད།། གསང་བ་ཟབས་ལ་རྟེན།། མ་ཧཱ་ཨ་ནུ་བསྐྱེད་པ་དང་རྫོགས་པའི་ཆོས་ཐམས་ཅད།། ཛ་ལོག་དག་ཏུ་བསྟན་པ་ནི།། འཇུག་པའི་སྒོ་མེད ་མཐོང་ཡུལ་ཀྱང་མེད།། སྒྲུབ་པའི་ཐབས་ལ་མ་བརྟེན་ཏེ།། གྲུབ་པའི་འབྲས་བུ་རང་བྱུང་ཐ་དད་འདོད།། དུས་དང་གནས་སྐབས་དག་གི་འབྲས་བུ་འདོད།། ཡང་དག་དོན་ལས་གོལ་བ་ཡིན།། དེ་ལ་ཛ་ལོག་འདི་ལྟ ་སྟེ།། འཇུག་པའི་སྒོ་མེད་ཡེ་ཤེས་ཁོང་ནས་ཤར།། བསྲུང་དང་སྡོམ་པ་དམ་ཚིག་ཛ་ལོག་སྟེ།། གཉིས་མེད་ཟང་ཐལ་མེད་པས་གང་དང་ཅི་ཡིན་བསྲུང་དུ་མེད།། དམ་ཚིག་ཆེན་པོ་བསྲུང་བའི་ཁར་མི ་འབབ།། རྟོགས་པར་བྱ་བའི་ཡུལ་མེད་ཐབས་རེ་ལྟོས་ཁར་མི་སྣང་།། ཐབས་ཀྱི་རྒྱལ་པོ་རང་གྲོལ་ཆེན་པོ་ཡིན།། འབྲས་བུ་རང་བྱུང་ལྷུན་ཡེ་གནས་ལ།། བཙལ་ཀྱང་སྒྲུབ་པའི་འབྲས་བུ་འཕེལ་འགྲིབ ་འགྱུར།། ཐམས་ཅད་འདུག་ཚུལ་ཡེ་ནས་བཅོས་མེད་ཡིན།། རྟོག་པ་ཤར་བའི་དུས་ན་ཡེ་ཤེས་ཐོག་བབས་ཡིན།། རང་ཤར་གྲོལ་བའི་དུས་ན་ག་པུར་སྨན་འགྱུར་འདྲ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུ ་ལས།། ཐེག་པ་རིམ་དགུ་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་བརྒྱུད་པའོ།། དེ་ནས་ལུས་སེམས་ཛ་ལོག་བསྟན་པ་ནི།། ཐོག་མའི་ལུས་ནི་ཟང་མ་སྟོང་པ་ཡིན།། བར་གྱི་ལུས་ནི་འོད་དུ་གྱུར་བ་ཡིན།། འོད་ལུས་འགྱུར་བས ་ཤ་ཁྲག་ལུས་སུ་ཚུད།། འོད་ཀྱི་དུས་སུ་འོད་ཀྱི་འཛིན་པ་ནི།། འོད་ཀྱི་ལུས་སུ་འཛིན་པའི་སེམས་སུ་སྣང་།། ཡིད་ཀྱི་སྣང་བ་གྱུར་པས་ཤ་ཁྲག་འཛིན་པ་ལྟར།། ཤ་ཁྲག་ལུས་དང་རྟེན་འབྲེལ་པ།། སེམས་ཀྱི་མཚན་མ ་འདི་ལྟར་ཤེས་པར་བྱ།། རྒྱུ་ནི་ཕ་ཡི་སྲེད་པ་མ་ཡི་ལེན་པའི་རྐྱེན།། གཉིས་འདུས་སེམས་ཀྱི་སྲེད་པ་དེ་ལྟར་ཆགས།། ཆགས་པའི་རྐྱེན་གྱིས་ཚོར་བ་མ་རིག་པ།། ཡིད་དང་རྣམ་ཤེས་དབུགས་དང་བག་ཆགས ་བརྟས།། བག་ཆགས་འགྱུར་བ་སེམས་ཀྱི་ཛ་ལོག་ཡིན།། འོད་ལུས་ཡིད་དང་ཤ་ཁྲག་ལུས།། བར་དོར་མ་ཚུད་བར་དུ་ཤ་ཁྲག་ལུས་ལ་གནས།། གནས་སྐབས་བག་ཆགས་ལུས་སེམས་བདེན་འདྲ་སྟེ།། བརྟན་དུ་མི ་བདེན་བག་ཆགས་དཀར་ནག་བརྗེ།། གཞན་ནས་རྗེ་རུ་མེད་དེ་རང་གིས་རང་ལ་སྐྲོད།། སེམས་ཀྱི་ཛ་ལོག་འགྱུ་བ་མ་ཤེས་ཤིང་།། ལུས་ཀྱི་ཛ་ལོག་འོད་གསལ་མ་ཤེས་ཤིང་། ལུ་ཀྱི་ཛ་ལོག་ལྷུན་གྲུབ་མ་ཤེས ་ན།། རྟག་ཏུ་ཆོས་སྤྱོད་བྱས་ཀྱང་འབྲས་བུ་གཏན་མི་བདེ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལུས་སེམས་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ ་པ།། ཐུགས་རྗེའི་བྱིན་རླབས་ཛ་ལོག་བསྟན་པ་ནི།། སྐུ་གསུམ་རང་སྣང་ཐུགས་རྗེ་སྟེ།། སྤྲུལ་པའི་སྐུའི་ཐུགས་རྗེའི་བྱིན་བརླབས་ནི།། འཆར་ཚུལ་རྣམ་པ་གསུམ་དུ་འབྱུང་།། བདག་རིག་གཞན་རག་ཐམས་ཅད ་པ། སྤྱི་རུ་སྤྲུལ་ནས་འགྲོ་བ་འདྲེན།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། རྒྱས་སྐུ་ལྔའི་བདག་ཉིད་ཅན།། དེ་ནི་ཐུན་མོང་སྦྲུལ་སྐུ་ཡིན།། བྱིན་གྱིས་བརླབས་སུ་སྣང་བའོ།། ཁྱད་པར་རང་སྣང་སྦྲུལ་སྐུ་ནི།། མཆོག་གི ་དང་པོ་སྐུ་གསུམ་འཆང་།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ལུས་མཐའ་དུས་མཐའ་སྲིད་མཐའ་རྟོགས།། ལུས་ཀྱི་མཐའ་ནི་རྟོགས་པའོ།། སྲིད་གསུམ་དག་པ་ཆེན་པོ་པ།། དུས་གསུམ་གཅིག་སྟེ་ཁྱད་པར ་མེད།། དེ་ནས་རང་གྲོལ་སྦྲུལ་སྐུའི་སྣོད་ལས་སྤྲུལ་པའི་སྐུ་བྱུང་བས།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་།། གྲོལ་བ་རང་འབྱུང་འདི་ཉིད་ཡིན།། དོན་བྱེད་མ ་འགགས་སྤྲུལ་པའི་སྐུ།། འདི་ཉིད་ཡང་དག་སྦྲུལ་སྐུ་ཡིན།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུ་ལས།། ཐུགས་རྗེ་སྦྲུལ་སྐུའི་བྱིན་རླབས་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་བཀའ་སྩལ ་པ།། ལོངས་སྤྱོད་རྫོགས་སྐུའི་ཐུགས་རྗེ་ཡང་།། རྣམ་པ་གསུམ་དུ་རིག་པར་བྱ།། ཐུན་མོང་ཁྱབ་པར་ལོངས་སྐུ་དང་།། སྒྲུབ་པའི་ཡིད་ཀྱི་ལོངས་སྐུ་དང་།། ངོ་བོ་ཉིད་ཀྱི་ལོངས་སྐུ་གསུམ།། སངས་རྒྱས་རྣམ་མཛད ་ཆེ།། ཡེ་ཤེས་སྐར་མ་ལྷམ་མེ་པ།། གཞི་ལ་གནས་པའི་སྐུ་ལྔ་པོ།། འགྲོ་བ་རྒྱུད་ལ་ཆར་ལྟར་སྣང་།། ཡིག་འབྲུ་སྤྲོ་བསྡུའི་བྱིན་རླབས་ཀྱིས།། ཐུགས་རྗེ་མི་བདེ་སེལ་བ་ནི།། སྒྲུབ་པའི་ཡིད་ཀྱི་ལོངས་སྐུ་ཡི།། བྱིན ་རླབས་ཡིན་པར་ཤེས་པར་བྱ།། འབྱུང་ཆེན་རྣམ་ལྔ་ལོངས་སྐུར་སྣང་།། སྣང་བ་ཆེན་པོ་གསལ་བ་ཆེ།། བྱིན་རླབས་ཡུམ་ལྔས་འགྲོ་དོན་བྱེད།། ཕྱི་ཡི་ངོ་བོ་ལོངས་སྐུར་ཤར།། དེ་ནི་ཐུན་མོངས་ལོངས་སྐུའོ།། ཁྱད་པར ་རང་སྣང་ལོངས་སྐུ་ཡིན།། རིག་པའི་ཡེ་ཤེས་རང་གདངས་ལ།། འགྱུ་བའི་ལོངས་སྤྱོད་རྟག་ཏུ་བྱེད།། རྟག་ལྟ་ཁོང་ཁྲོ་ལོངས་སྐུ་ཡིན།། བར་དོ་ལོངས་སྐུ་དངོས་སུ་འཆར།། སངས་རྒྱས་སྐུ་ལྔའི་བདག་པོར་སྣང་།། དེ ་ནི་རང་སྣང་ལོངས་སྐུ་ཡིན།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ལོངས་སྐུ་ཛ་ལོག་ཏུ་བསྟན་པའི་ལ་ལེའུ་སྟེ་བཅུ་གཅིག་པའོ།། །། ཆོས་སྐུ་རྔཛ་ལོག་བསྟན་པ་ནི།། ཐུན་ལོང་ཆོས་སྐུ་རྣམ ་གསུམ།། དབྱིངས་མེད་ཁ་དོག་མེད་པ་དང་།། གཉིས་མེད་དབྱེ་བ་མེད་པ་དང་།། དབྱེར་མེད་ཆོས་སྐུ་རྣམས་གསུམ་ནི།། དཔེ་ནི་ནམ་མཁའ་དང་འདྲ་སྟེ།། སྤྲིན་དང་ཆར་གྱི་ཚུལ་གྱིས་ནི།། སྐུ་གཉིས་བྱུང་ནས་དོན ་བྱེད་པ།། ཕྱི་ཡི་སྐུ་གསུམ་ཐུགས་རྗེ་ཡིན།། ཁྱད་པར་རང་སྣང་ཐུགས་རྗེ་བྱིན་རླབས་ནི།། རྣམ་པ་གཉིས་སུ་ཤེས་བྱ་སྟེ། རིག་པའི་ཡེ་ཤེས་རང་གདངས་ལ། འགྱུ་བ་འགག་པ་མེད་པ་དེ།། བྱིན་རླབས་འགག་པ་མེད ་པ་ཡིན།། གཉིས་པ་རང་སྣང་རང་གྲོལ་ཏེ།། ཡེ་ཤེས་ཟང་ཐལ་ཡེ་ཡིན་པས།། ལོངས་སྐུ་འགག་པ་མེད་པ་ཡིན།། ཐུགས་རྗེ་ཛ་ལོག་མ་ཤེས་ན།། ཐུགས་རྗེ་འོད་ཀྱི་རེ་བ་ནི།། དེ་ནི་ཕྱི་དུས་བཏབ་པ་ཡིན།། རྣམ་གྲོལ ་གསུམ་པ་ལ་མཁས་པའོ།། ཤིན་ཏུ་ཟད་པ་སད་པའི་བདག། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཆོས་སྐུ་ཛ་ལོག་ཏུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ཡང་བཀའ་བསྩལ་པ།། ཛ་ལོག ་རྣམ་གསུམ་ལམ་དུ་དཀྱེར་བ་ནི།། ཐིག་ལེ་ཆོས་མེད་ཟད་ཐལ་ཆེན་པོ་ལས།། རང་བྱུང་ཡེ་ཤེས་རྒྱ་མ་ཆད་པ་ཡི།། སྣང་འགག་པ་མེད་པར་ཤར་བ་དེ།། རང་བྱུང་རང་སྣང་ཡིན་པར་ཡེ་ཤེས་ན།། ཡིན་པར་ཤེས་པས ་རྒྱ་ཆད་ཕྱོགས་ལྷུང་མེད།། ཡིན་པར་མ་ཤེས་རྒྱ་ཆད་ཕྱོགས་སུ་ལྷུང་།། རང་སྣང་དག་པས་ལུས་བཞིའི་ཁར་མི་འགྲོ།། ཞེས་གསུངས་སོ།། བསྐལ་པོ་འོད་ལྡན་གྱི་རྒྱུད་ལས།། རང་སྣང་ལམ་ཁྱེར་གྱི་ལེའུ ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཀའ་སྩལ་པ།། རང་རིག་ཡེ་ཤེས་ལམ་དུ་བཀྱེར་བ་ནི།། རང་གི་འགྱུ་བ་ཕྱོགས་མེད་འཆར་བ་དེ།། རིག་པ་ཁྱབ་གདལ་ཆེན་པོའི་རྩེ་ལ་དུ་ཤེས་པར་བྱ་བ་ནི།། འགྱུ་བ་སྐྱེས ་ཚད་ཡེ་ཤེས་གྲོགས་སུ་འགྱུར།། འགྱུ་བ་རིག་པའི་རྩལ་དུ་མ་རྟོགས་ན།། ཞི་གནས་བསམ་གཏན་ཡེ་ཤེས་ག་ལ་སྐྱེ།། བསམ་གཏན་ཡེ་ཤེས་འགྱུར་བ་རང་གྲོལ་ཡིན།། ཕྱོགས་ལྷུང་མེད་པའི་རང་རིག་རང་གིས ་ལྟོས།། མ་ལྟས་མཐོང་ངོ་ཟེར་བ་གླེན་པའི་ང་རྒྱལ་ཡིན།། བལྟས་ནས་མ་མཐོང་ཟེར་ན་རྐུན་པོ་སྨྱོན་པ་འདྲ།། ཞེས་གསུངས་སོ།། བསྐལ་འོད་ལྡན་གྱི་རྒྱུད་ལས།། རང་རིག་ལམ་ཁྱེར་གྱི་ལེའུ་སྟེ་བཅུ་བཞི ་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ཆོས་སྐུ་ཐུགས་རྗེ་ཛ་ལོག་བསྟན་པར་བྱ།། ཆོས་སྐུའི་ཐུགས་རྗེ་ཛ་ལོག་པས།། སྣང་དང་མཐོང་དང་འཛིན་མ་དག། འུག་མིག་སྲིན ་བྱའི་མིག་དང་ནི།། ཐིག་གུ་སྦྲུལ་དུ་མཐོང་བ་བཞིན།། ཆོས་སྐུའི་ཐིག་ལེ་ཚ་གྲང་ལ་སོགས་འགྲོ་དྲུག་གིས།། བདུད་དུ་འཁྲུལ་པས་སེམས་ཅན་སྦྱོང་།། ཐུབ་དྲུག་མཐོང་ཡང་ཆོས་ཀྱི་རྒྱལ་པོ་སོགས།། འདྲེན་དུ་འོང ་བས་སླར་ལ་སྲོག་གཅོད་མཐོང་།། རིགས་ལྔའི་ཕྱག་མཚན་མཐོང་བས་ནི། སྤུ་གྲི་ལ་སོགས་རང་ལུས་གཤོག་ལ་སོགས།། ཕྱག་མཚན་སྐུ་མདོག་སླར་ཡང་བདུད་དུ་ཆེ།། རབ་བདུད་དགོངས་པ་སྒྲགས་པས་ནི།། རྟོག ་སོང་ཆོས་ལ་སོགས་པའི་སྒྲ་རུ་འགྱུར།། སྣང་འཛིན་མཐོང་བ་ལོག་པའི་འབྲས་བུ་ཡིན།། ད་ལྟར་སྣང་འཛིན་རང་ལས་འདུད་དུ་ཆེ་བ་མེད།། མེད་པར་མ་ཤེས་སངས་རྒྱས་དགྲ་རུ་ལངས།། ཆོས་སྐུ་རྒྱབ་ལོག་བྱས་ཤིང ་རིག་པ་བདུད་དུ་བབས།། འགྱུ་བ་ཕུང་མཁན་དབུགས་མེད་ཟང་ཐལ་དེ།། རང་སྲོག་རང་གིས་མི་ཆོད་ཅི་ལ་སྲིད།། འགྱུ་བ་སྲོག་གཅོད་གདམས་ངག་མ་ཤེས་ན།། ངོ་སྤྲོད་ཁ་འཇམ་རང་གི་བྱས་ཆོས་ཡིན།། རིག་པའི ་ཆོས་ཉིད་ཡེ་ཤེས་སྐུ་མཁར་ནས།། ཤེས་རབ་འགག་མེད་པའི་མི་པོ་ཡིས།། འགྱུ་བའི་མིག་ལ་མདའ་གཅིག་མ་བརྒྱབ་ན།། རྟག་ཏུ་ངོ་སྤྱོད་བྱས་ཀྱང་སངས་རྒྱས་དགྲ་རུ་སྡང་།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན ་གྱི་རྒྱུད་ལས།། ཐུགས་རྗེ་ཛ་ལོག་འགྱུར་བ་མདའ་བསྡིག་གི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་བཀའ་བསྩལ་པ།། འགྲོ་བའི་བླ་མ་སྟོན་པ་ཡིན།། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག། ལོངས་སྤྱོད་རྫོགས་སྐུའི ་བདག་ཉིད་ཅན།། ཆོས་སྐུ་དངོས་སུ་སྟོན་པ་ཡིན།། བླ་མ་ཆེན་པོས་བསྟན་པ་ནི།། སྐུ་གསུམ་རང་ལུས་མཐའ་ཡང་རྟོགས།། སྤྲུལ་པའི་སྐུ་རུ་ཤེས་པར་བྱ།། དུས་ཀྱི་མཐའ་དང་གནས་སྐལ་མཐའ།། རབ་འབྲིང་ཐ་མ ་ཡང་རབ་ཀྱིས།། མཐའ་གསུམ་མཐའ་ནི་གཅད་པའི་ཕྱིར།། དུས་གསུམ་དུས་མེད་རྟོགས་པའོ།། དད་ལ་རང་ལུས་དུས་ཀྱི་མཐའ།། འགྱུ་བ་ཕྱོགས་མེད་འགྲོ་བ་དེ།། རང་རིག་ཡེ་ཤེས་ལྷག་མཐོང ་གིས།། ལྷངས་ཀྱིས་ལྟོས་དང་སལ་གྱི་འབྱུང་།། ལུས་ནི་སྔར་ཞེན་སྒྲིབ་པ་ཡིན།། ཉོན་མོངས་སྒྲིབ་པ་རང་གྲོལ་དུ།། ལྷངས་ཀྱིས་ལྟས་ན་ལུས་མཐའ་རྟོགས།། རྟོག་གེ་ཁ་འཇམ་ཤོར་བ་དང་།། མས་འཛེག་ཆོས་སྤྱོད ་ལྷལྡན་པ་ཅན།། ལུས་ཀྱི་མཐའ་ནི་མ་རྟོགས་སོ།། གནས་ཀྱི་མཐའ་ནི་བར་དོ་ལ།། ལས་ཀྱི་སྒྲིབ་པ་རང་གྲོལ་བའི།། འགྱུ་བ་རྐྱང་པ་བྱ་སྒྲོ་འདྲ།། ལྷུན་གྲུབ་ལྷུང་པོ་གཡོས་ཙམ་ན།། ལུས་བཞི་སྒྲོག་སྐྱིབས་བྱེད་པ ་འདྲ།། བྱ་སྒོ་རླུང་གིས་ཁྱེར་ཙམ་ན།། གྲོག་པོའི་ནང་དུ་འགྲོ་བ་ལྟར།། དུས་ཀྱི་མཐའ་ནི་བར་དོ་རུ།། སངས་རྒྱས་ཀུན་ཏུ་བཟང་པོ་དེ།། ཐོག་མའི་འཁྲུལ་པ་བར་དོ་བརྡ།། ཐ་མ་འཇིག་རྟེན་ཤེས་ནས་ནི།། རང་གྲོལ ་རང་སྣང་རང་ཤར་ནས།། གྱི་ལུགས་དག་ཏུ་སངས་རྒྱས་དང་།། འགྱུ་པ་རྐྱང་པ་འདི་གཉིས་ལ།། བར་ན་ཅི་ཡང་མེད་པ་ཡིན།། ཐུགས་རྗེ་ཛ་ལོག་ཤེས་པར་གྱིས།། དུས་ཀྱི་མཐའ་རུ་ཤེས་པར་གྱིས།། ཀུན་བཟང ་དགོངས་པ་བསྟན་པ་ནི།། གནས་སྐབས་སྐད་ཅིག་མ་ཡོངས་ཡིན།། སྐད་ཅིག་ཐམས་ཅད་བྱེད་བྲག་ཕྱེད།། སྐད་ཅིག་གཅིག་ལ་རྫོགས་བྱང་ཆུབ།། ཤེས་བྱའི་སྒྲིབ་པ་དེར་གྲོལ་ནས།། ཐིག་ལ་ཆོས་མིང་ཡངས་པའི ་ཀློང་།། སྣང་འཛིན་དག་པས་མངོན་སངས་རྒྱས།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཛ་ལོག་སྐོར་གསུམ་ལེའུ་སྟེ་བཅུ་དྲུག་པའོ།། ཀྱེ་རིགས་ཀྱི་བུ།། གོ་བར་དཀའ་བའི་ཚིག་འདི་ཟུང་ཞིང་།། བྱ ་བླ་བའི་ལས་འདི་གྱི་ཤིག། ཐིག་ལེ་ཆོས་མིན་ཡངས་པ་ཆེན་པོའི་ཀློང་ན།། ང་རིག་པ་ཆོས་མིན་གྱི་སྐུ་ནི།། དུས་ཐམས་ཅད་དུ་བལྟར་མེད་པ་ཡིན་ནོ།། བལྟས་ན་བདུད་ལ་བསྒོམས་པར་བརླག་གོ། སྤྱད་ན་འཆལ་ལ ་སྦུབས་ན་གཏོར།། ཐམས་ཅད་དུ་མ་བསྒྲིབས་པའི་ཡེ་ཤེས་དེ།། ཀ་ནས་པའི་ཡེ་ཤེས་ལ།། རྒྱུ་རྐྱེན་གྱི་འཁྲུལ་པའི་པའི་ཚིག་མི་འཇུག། རྒྱུ་རྐྱེན་མེད་པར་རག་མ་ལུས།། གཉེན་པོས་ཆོམ་པའི་གནས་སྐབས ་ད། གཞི་ཡི་ཐིག་ལེ་ཆོས་མིན་གྱི་སྐུ་དེ།། བྲལ་བཟོའི་ཁར་མ་གཏོང་ཞིག། ཡེ་ནས་གཞི་ལམ་དབྱེར་མེད་འདི།། འབད་རྩོལ་ཆུ་ལ་མ་བསྐུར་ཅིག། ཐམས་ཅད་ཡེ་ནས་གྲོལ་བ་འདི།། ཐུན་དུ་ཆུག་ལ་མ་སྒོམ ་ཞིག། སྣང་བ་རང་གྲོལ་གྱི་ཐིག་ལེ་ཡེ་བརྡལ་འདི།། གཉིས་སྣང་གི་ཁ་རུ་ཤོར་ཏེ་མཆིའོ།། ཞེས་གསུངས་སོ།། སྐལ་པ་འོད་ལྡན་གྱི་རྒྱུད་ལས།། གོ་བར་དཀའ་བ་བརྡའི་ལེའུ་སྟེ་བཅུ་འདུན་པའོ།། །། དེ་ནས ་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ལེགས་པར་ཉོན་ཅིག། ཐིག་ལེ་ཡངས་པའི་ཀློང་རུམ་ནས།། སྣོད་བཅུད་ཐམས་ཅད་ཡེ་ཤེས་སུ་དྲིལ་བས་ན།། འབྱུང་བརྡ་ལྔ་དུས་གཅིག་ལ་ཟད་པས།། བཙོ་སྲེག་ལ ་སོགས་པའི་ཁར་འགྲོངས་མེད་དོ།། དེའི་ཀློང་བྱ་བཙལ་དང་བྲལ་བས།། ཡེ་ཤེས་ཀྱི་རང་ལུགས་ལ་ཕུང་པོ་མ་གྲུབ་པས།། ན་ཚ་བཀྲེས་སྐོམ་གྱི་སྡུག་བསྔལ་རང་གྲོལ་བས།། ཆོས་སྤྱོད་བཅུའི་ལས་བྱར ་མེད་དོ།། ཆོས་ལས་འདས་པ་ཡིན་པས།། ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱའོ།། རིག་པ་ཆོས་མིན་གྱི་ཡེ་ཤེས་ཀ་དག་པ་ལ།། སྐུ་གསུམ་ཀ་ནས་མ་གྲུབ་པས།། ཆོས་སྐུ་ནམ་མཁའ་ལྟ་བུ་ལ་རེ་སྟོས་མེད་ན།། ཡེ་ཤེས་ཁོང ་ཤར་གྱི་རང་གྲོལ་ཡིན་ནོ།། འབྱུང་བ་ལྔ་ཟད་ཕུང་པོ་ལྔ་ལས་གྲོལ།། རང་རིག་པའི་ཡེ་ཤེས་ཁོང་ནས་ཤར།། འདི་ལ་བྱ་བཙལ་རྩོལ་སྒྲུབ་ཅི་ཡང་མེད།། མེད་པས་ཐིག་ལེ་ཆོས་མེད་ཡིན།། ཞེས་གསུངས་སོ།། བསྐལ ་པ་འོད་ལྡན་གྱི་རྒྱུད་ལས།། རང་གྲོལ་རང་ཤར་གྱི་ལེའུ་སྐབས་བཅོ་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཉོན་ཅིག། ཐིག་ལེ་ཆོས་ཀྱི་སྐུ་ཡི་སྣང་བ་ལ།། རེ་ཞིང་སྒྲུབ་དང་འབྲས་བུ ་འདོད།། དེ་ནི་ང་ཡི་གོལ་ས་སྟེ།། ང་ཡི་གཞི་ལས་འཆོས་པ་དེ།། ཐིག་ལེ་ཆོས་མིན་དམ་ཚིག་འདས།། འགྱུ་བ་ཕྱོགས་མེད་འཆར་བ་ནི།། ཐིག་ལེ་ཆོས་མིན་ང་ཡི་ལམ།། དེ་ཡི་ངང་དུ་ལྟ་བ་དེ།། དེ་ནི་ཐིག་ལེ་ཆོས་མིན ་ལྟ་སྟངས་ཡིན།། ཡེ་ཤེས་ཟང་ཐལ་རང་ཤར་ལ།། དུས་མེད་རྟག་ཏུ་ལྟ་བ་དེ།། དེ་ནི་ང་ཡི་དམ་ཚིག་ཡིན།། རང་ལས་འགྱུས་པ་རང་གྲོལ་བས།། དེ་ནི་ང་ཡི་དགོངས་པ་ཡིན།། ཡེ་ནས་ཡིན་པར་ཤེས་པ་དེ།། དེ་ནི་ང ་ཡི་མཁྱེན་ཚད་ཡིན།། རང་ལས་རང་གྲོལ་རང་སད་པ།། དེ་ནི་ང་ཡི་འབྲས་བུ་ཡིན།། ལྷུན་གྲུབ་ཐིག་ལེ་ཆོས་མིན་ལ།། གཉེན་པོས་བཙུན་ལ་སྒོམ་དུ་མེད།། དེ་ནི་ང་ཡི་གྲུབ་མཐའ་ཡིན།། དེ་ནི་ཀུན་གྱི་རང་གྲོལ ་དུ།། ལྷངས་ཀྱི་རྟོགས་པའི་ངོ་བོ་ནི།། སྟོང་གསལ་ཀུན་ཁྱབ་སྣ་ཚོགས་འབྱུང་།། ཀུན་གྱི་གཞི་མར་གནས་པའོ།། ཐམས་ཅད་ཀྱི་བདག་ཉིད་དུ་འདུག་པའོ།། ཐུན་མོང་མ་ཡིན་པའི་འདུག་ཚུལ།། ཡིན་ཚུལ་དབྱེ་བ་མེད ་པ།། རྟོགས་ཚུལ་ཐིག་ལེ་ཆོས་མིན་དུ་རྟོགས་པ།། ཤར་ཚུལ་རྣམ་རྟོག་ཡེ་ཤེས་སུ་འཆར་བ།། གྲོལ་ཚུལ་རིག་པ་ཆོས་མིན་གྱི་ཡེ་ཤེས།། རིག་པ་ཁོང་གྲོལ་དུ་རང་ཤར་བ།། ཐོབ་ཚུལ་ཐིག་ལེ་དང་ཡེ་ཤེས ་མཁྱེན་ཚང་ཐོབ་པའོ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རིག་པ་ཡེ་ཤེས་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ཉོན་ཅིག། རང་རིག ་པའི་ཡེ་ཤེས་ལ་དཔེས་བསྟན་གྱིས།། ཞེས་གསུངས་ནས།། རིག་པ་ཆོས་མིན་གྱི་ཡེ་ཤེས་དེ་ལ།། སྒྲིབ་གཡོགས་གདོད་ནས་དག་པས།། དཔེ་ཤེལ་སྒོང་དག་པ་ལྟ་བུའོ།། མ་བརྩལ་བ་གྲུབ་པས་ནོར་བུ་རིན་པོ་ཆེ་ལྟ ་བུའོ།། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པས།། ཆུ་ཟླ་ལྟ་བུའོ།། དེའི་རྩལ་མི་འགག་པས།། རླུང་ལྟ་བུའོ།། རྒྱ་གར་ཡང་མ་ཆད་ཅིང་།། ཕྱོགས་གར་ཡང་མ་ལྷུང་བས་ནམ་མཁའ་ལྟའོ།། འབད་རྩོལ་མེད་པས ་ཁྱུང་ཆེན་ལྟ་བུའོ།། སྐད་ཅིག་ལ་རང་ས་ནོན་པས་སེང་གེ་མཆོངས་པ་ལྟ་བུའོ།། སྣང་བ་ཐམས་ཅད་རང་གྲོལ་དུ་སྣང་བ་ནི་ཟག་པ་སྦྲུལ་ལྟ་བུའོ།། ཕྱོགས་རིས་མེད་པ་ཉི་མ་ཕྱེད་ཀྱི་དཀྱིལ་ལྷ ་བུའོ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རང་རིག་པའི་ཡེ་ཤེས་ལ་དཔེ་ངོ་སྤྲད་པའི་སྟེ་ཉི་ཤུ་པའོ།། ཡང་བཀའ་རྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྟ་བ་ཁ་འཇམ་ཤོར་བ ་དང་།། ཐིག་ལེ་ཆོས་མིན་ཀློངས་པ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། སྒོམ་པ་སེམས་འཛིན་སྤྱོད་པ་དང་།། འགྱུ་བ་ལམ་དུ་སློངས་པ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བ་མཆི།། ཡེ་ཤེས་ལྷ་ཡི་ལུང་སྟོན ་དང་།། བར་ཆོད་བདུད་ཀྱི་ཁུང་སྟོན་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བ་མཆི།། ཚོགས་དྲུག་ལྷུག་པའི་རྣལ་འབྱོར་དང་།། རང་རྒྱུད་ལྷུག་པའི་རྣལ་འབྱོར་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བ་མཆི།། སྣང་བ་ལམ་དུ་ཁྱེར་བ ་དང་།། ཞེ་འདོད་ལམ་དུ་ཁྱེར་བ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། གསང་སྤྱོད་བྱེད་པའི་སྨྱོན་པ་དང་།། གནོད་གྱིས་བརླམས་པའི་སྨྱོན་པ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆི།། བཀའ་རྒྱུད་དད་པས ་གདུངས་པ་དང་།། ཆོས་པ་འོག་རུས་བྱེད་པ་གཉིས།། འདྲ་འདྲ་འདྲ་སྟེ་ནོར་བར་མཆིའོ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས། འདྲི་མིན་ངོར་བཟུང་བའི་ལེའུ་སྟེ་ཉེར་ཅིག་པའོ།། དེ་ནས་ཡང་བཅོམ ་ལྡན་འདས་ཀྱི་བཀའ་སྩལ་པ།། གསུང་དྲི་མ་མེད་པའི་གསུང་།། ཐུགས་དྲི་མ་མེད་པའི་ཐུགས།། སྐུ་དྲི་མ་མེད་པའི་ཀློང་ནས་བཤད་པ།། ཐམས་ཅད་རང་གྲོལ་དུ་འབྱིན་པའི་ཐུགས་ལ་ཚོང་དང་།། ཁ་སྦུབ་དང་། དུག ་ཅན་དང་།། ཞབས་རྟོལ་དང་།། གཞོག་རལ་དང་བཞི་ལ།། ཤེས་རབ་བཞིས་སྒོ་ཕྱེ།། ཡེ་ཤེས་གསོང་གི་སྒོ་སྟོན།། ཐབས་ཀྱི་འདྲེན་སྒོར་ཕྱུང་།། ངེས་པའི་གསང་སྒོ་བརྟོལ།། རིག་པ་ཡེ་ཤེས་ཀྱི་གསང་ལམ་དུ ་ཆུག། ཅེས་བཀའ་སྩལ་ཏོ།། བསྐལ་པོ་འོད་ལྡན་གྱི་རྒྱུད་ལས།། ལུང་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་བཀའ་སྩལ་པ།། སྒོམ་པའི་སྲོག་གཅོད་ལྟ་བའི་བཏོད་ཕུར་ཕྱུང་།། སྤྱོད་པ་གཉིས་མེད ་རང་སྣང་རང་གྲོལ་དུ།། གཏན་ལ་འབེབས་པའི་ཡུལ་དུ་མ་གཏན་རང་གྲོལ་ཤེས་པར་གྱིས།། འབྲས་བུ་ཡེ་ནས་ཡིན་པས་ཐོབ་པའི་ས་མེད་དོ།། བྱིན་བརླབས་ཐུགས་རྗེའི་ཕྱོགས་རིས་མེད་པ་ལ།། རེ་སྟོས་མ་བྱེད ་འཛིན་སྣང་རང་སྒོ་ལྟོས།། རིག་པ་ཡེ་ཤེས་ཐིག་ལེ་ཆོས་ལས་མ་བྱས་པས།། དེ་ཕྱིར་ཆོས་ལས་འདས་པ་ཡིན།། ཕྱོགས་མེད་རྒྱ་ནི་མ་ཆད་པས།། དེ་ནི་ནམ་མཁའ་མེད་པ་ཡིན།། ཡེ་ཤེས་ཐིག་ལེ་ཡེ་ནས་རྣམ་དག ་བས།། དེ་ནི་འབྱུང་ལྔ་རང་གྲོལ་ཡིན།། སྣང་སྲིད་སྐུ་གསུམ་ཐིག་ལེ་ཁོང་ནས་འབར།། དེ་ཕྱིར་སྲིད་གསུམ་རྣམ་དག་ཡིན།། འགྲོ་དྲུག་སྤྲུལ་པའི་ཐུབས་རྗེ་ཤ་ཀ། སེང་ལ་སོགས་པ་སྣང་བ་རྣམས།། ཡེ་ནས་ཐིག་ལེ ་ཆོས་མིན་རང་རྩལ་ཡིན།། ཡེ་ནས་འགྲོ་དྲུག་གཡང་ས་གཅད་དུ་མེད།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུ་ལས།། རང་གྲོལ་གནས་ལུགས་ཀྱི་ལུང་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། དེ ་ནས་གསང་བའི་བདག་པོ་སྟན་ལས་ལངས་ཏེ།། སྐོར་བ་ལན་གསུམ་བྱས་ཏེ།། ཨ་མ་ཧོ།། ཨེ་མ་ཧོ་མགོན་པོ་བཅོམ་ལྡན་འདས།། སྣ་ཚོགས་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོད།། ཐིག་ལེ་ཆོས་མིན་སྐུ་ལ་ཕྱག་འཚལ ་བསྟོད།། བསྐལ་པ་འོད་ལྡན་འཆང་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་རང་འབར་སྐུ་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དེ་ཕྱག་ལན་གསུམ་བཙལ་ནས།། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་བཞུགས་ནས་རྗེས ་སུ་ཡི་རང་ངོ་།། སྟོན་པ་རྡོ་རྗེ་སེམས་དཔས་ཞུས་ནས།། ལག་ན་རྡོ་རྗེ་དང་།། མཁའ་འགྲོ་མས་བསྡུས་པ་ལེའུ་སྟེ་ཉེར་བཞི་པའོ།། བསྐལ་པ་འོད་ལྡན་གྱི་རྒྱུད་རྫོགས་སོ།། @#།། རྒྱ་གར་སྐད་དུ། ཏྲི་ཀ ་