| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ།། ཛྙཱ་ཙ་ཀྲ་གུ་ཧྱ་ཧྲི་ད་ཨརྠ་ཏན་ཏྲ།། བོད་སྐད་དུ།། ཡེ་ཤེས་འཁོར་ལོ་གསང་བ་སྙིང་པོ་དོན་གྱི་རྒུད།། རང་སྣང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི ་དུས་གཅིག་དུས་གཅིག་ན།། ཆོས་ཀྱིས་མཁའ་དབྱིངས་ཉིད་ཀྱི་ཀློང་།། འོག་མིན་གྱི་གནས་རང་སྣང་རིག་པའི་གཞལ་ཡས་ན།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དགོངས་པ་རང་བྱུང་གོ་དོན་ལ་བཞུགས ་སོ།། དེའི་ཚེ་རང་སྣང་རིག་པའི་འཁོར་དགོངས་པ་རང་སྣང་དང་ཐབས་ཅིག་ཏུ་བཞུགས་སོ།། འཁོར་གྱི་དམ་པ་རྡོ་རྗེ་སེམས་དཔས་ཞུས་པ།། རང་སྣང་རྣམ་དག་རང་བཞིན་ལ།། སྣ་ཚོགས་འབྱུང་བ་ཇི་ལྟར ་ལགས།། ཞེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྣམ་དག་རང་བཞིན་ལ།། སྣ་ཚོགས་འབྱུང་བ་བློ་ཡི་ཡུལ།། ངོ་བོ་ཉིད་ལ་གཟུང་འཛིན་མེད།། ཅེས་གསུངས་སོ།། དེ་ནས་རིག་པའི་རྒྱལ་པོ ་ཡིས།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསུངས་སོ།། རྒྱུ་རྐྱེན་མེད་པའི་རང་བྱུང་རྣམ་དག་ནི།། འཛིན་པའི་ཡུལ་མེད་ཞེན་པའི་མཐའ་ལས་གྲོལ།། བློ་ཡིས་མ་བཅོས་རང་བཞིན་ལྡན།། རིག་པའི་ཡུལ་མེད་རང ་བྱུང་འཛིན་མེད་དང་།། རྣམ་རྟོག་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས་འདི་སྐད་ཅེས་གསོལ་ཏོ།། ཁྱོད་ནི་སྨྲ་བའི་སེང་གེ་སྟེ།། རང་སྣང་རྟོགས་པའི་དོན་ལྡན། ་པས།། རྩོལ་བྲལ་ཐེག་པའི་ངོ་བོ་འདི།། གསུང་དུ་གསོལ་ཞེས་ཞུས་པ་ལས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྩོལ་མེད་ཐེག་པ་འདི།། འཛིན་པའི་སྤྱོད་ཡུལ་མ་ཡིན་པས།། ཁྱོད་ཀྱི་གོ ་པ་ཤིན་ཏུ་དཀའ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཞུས་པ།། རྩོལ་བྲལ་ཐེག་པའི་མཚན་ཉིད་ཀྱི།། དེ་ཡི་རྟོགས་ཚུལ་ཇི་ལྟར་ལགས། ཞེས་ཞུས་སོ།། རིག་པའི་བདག་པོས་བཀའ་སྩལ་པ།། རྩོམ་བྲལ་ཐེག ་པའི་རྟོག་ཚུལ་འདི།། འཛིན་མེད་རང་བྱུང་ངོ་བོར་རྟོགས།། ཤེས་པ་མེད་པའི་རང་བྱུང་སེམས།། གཟའ་གཏད་མེད་པའི་ངོ་བོར་རྟོགས།། རྒྱུ་རྐྱེན་མེད་པའི་བྱང་ཆུབ་སེམས།། རྒྱུ་འབྲས་མེད་པའི་ངོ་བོར ་རྟོགས།། རྟོགས་པ་མེད་པའི་ངོ་བོ་འདི།། འཛིན་པའི་རྒྱུ་འབྲས་གང་ཡང་མེད།། རྩོལ་བྲལ་ཐེག་པའི་ངོ་བོ་འདི།། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། དབྱེར་མེད་ཚུལ་ཚུལ་གྱིས་གནས་མོད་ཀྱང་།། གཟུང ་འཛིན་བློ་ཡི་དྲི་མས་བཅིངས།། འཛིན་པའི་རྟོག་པ་རང་རྒྱུ་མཐོང་།། བསམ་བྲལ་སྣ་ཚོགས་ཞེན་པས་བསླད།། རྣམ་བྱང་ཤེས་པ་རང་གནས་པ།། ཞེན་པ་མེད་པར་མཐོང་བར་གྱིས།། བརྗོད་པ་སྙན་པ་ཉིད་དང ་མཚུངས།། མ་རྟོགས་པ་ཡི་ཚིག་སྒོ་ནས།། གང་མོས་མཐུན་པའི་སྒོ་ནས་ནི།། བློ་དང་མཐུན་པར་བསྟན་པར་གྲགས།། རང་བྱུང་རྣམ་དག་ངོ་བོ་ནི།། མཚོན་བྱ་མཚོན་བྱེད་གང་ཡང་མེད།། རྩོལ་མེད་རང་བྱུང་ཉིད་ཀྱིས ་རྟོགས།། ཐ་མལ་རང་རྒྱུད་ཤེས་པ་ནི།། དཀའ་ཡི་དོན་གྱི་གྲངས་བྱས་ནས།། རྩོལ་བ་མེད་པའི་ངང་ལ་བཞག། རེ་དོགས་རྩོལ་བའི་མཐའ་རུ་མེད།། ཞེན་མེད་རང་བྱུང་སྨན་ཆེན་འདི།། འཛིན་པ་འཁོར་བའི་ནད ་རྣམས་སོལ།། རང་བྱུང་རྣམ་དག་ངོ་བོ་འདི།། བགྲོད་པ་ལས་གྱིས་ཐོབ་པ་མེད།། རྩོལ་མེད་རང་བྱུང་འབྲས་བུ་ཉིད།། བགྲོད་མེད་དགོངས་པ་རང་ལ་རྫོགས།། གདོད་ནས་འཛིན་མེད་ལྷུན་གྱིས་གྲུབ།། ཁྱུང་ཆེན ་ནམ་མཁར་ལྡིང་བ་བཞིན།། སྤྲོ་བསྡུ་མེད་པས་རྩོལ་བ་མེད།། ཞེན་ལ་རྩོལ་བའི་འདོད་པ་བྲལ།། བློ་ཡིས་མ་སྤྱད་རེ་འདོད་མེད།། ཤེས་རྒྱ་ཆད་ཕྱོགས་ལྷུང་མེད།། ཡེ་ཤེས་བསམ་དུ་མེད་པ་འདི།། འགྱུར་མེད་རང ་བྱུང་ངོ་བོ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་རང་སྣང་གི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་སེམས་དཔལ་ལ།། རིག་པའི་རྒྱལ་པོས་ཡང་གསུངས་པ།། རང་བྱུང་སྙིང ་པོ་འགྱུར་མེད་ལ།། མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡང་ཞུས་པ།། རང་བྱུང་ཡེ་ནས་རྣམ་དག་ལ།། འཁོར་བའི་ཤེས་པ་ཇི་ལྟར་འབྱུང་།། ཞེས་གསུངས་པ་དང་།། རིག ་པའི་རྒྱལ་པོས་བཀའ་སྩལ་པ།། རང་བྱུང་ཡེ་ནས་རྣམ་དག་དང་།། མ་རྟོགས་འཁོར་བ་སྣ་ཚོགས་འབྱུང་།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡང་ཞུས་པ།། མ་རྟོགས་འཁོར་བ་སྣ་ཚོགས་ཏེ།། དེ་ཡིས་འཁྲུལ ་ཚུལ་ཇི་ལྟར་ལགས།། རྒྱུ་རྐྱེན་རྟོག་པའི་སྒྲོན་གཞིའི་འཁྲུལ།། དབོར་ན་རབ་རིབ་མིག་བཞིན་དུ།། མཁའ་ལ་སྐྲ་ཤད་འཛག་པ་བཞིན།། ལོག་རྟོག་རྒྱུ་རྐྱེན་འཁྲུལ་པ་བཞི།། འཁྲུལ་པས་མ་རིག་འབྱུང ་བ་ཡིན།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་རིགས་གཞི་ལ་ཡོད་དམ་མེད།། ཅེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། དོན་གྱི་ངོ་བོ་འཁྲུལ་མེད་དང་།། སྣ་ཚོགས་འཛིན་པའི་རྟོག་པ་བྱུང་།། དཔེར ་ན་ཐག་པ་སྦྲུལ་མཐོང་ལ།། ཐག་པའི་ངོ་ལ་སྦྲུལ་མེད་དང་།། རྒྱུ་མེད་དམིགས་པ་སྦྲུལ་དུ་མཐོང་།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་རིག་པ་ཡིས་འཁྲུལ་པ་སྟེ།། དེ་ཡི་མཚན་ཉིད་ཇི་ལྟར ་ལགས།། བཀའ་སྩལ་པ།། དེ་ཡི་མཚན་ཉིད་བློ་བུར་བ།། དཔེར་ན་མེ་ལོང་གསལ་བ་ལ།། གང་བསྟན་རྐྱེན་དེ་བློ་བུར་བ།། དེ་བཞིན་རང་གསལ་ཆོས་ཉིད་ལ།། འཛིན་པའི་སྣང་བ་བློ་བུར་བ།། བག་ཆགས་ལོག ་པས་དཀྲུགས་ཙམ་ན།། བདག་འཛིན་འཁྲུལ་པའི་རྟོགས་པས་སླད།། འཛིན་པ་རང་རྒྱུད་དུ་མར་སྣང་།། ཆོས་ཉིད་ནམ་མཁའ་སྟོང་པ་ལ།། བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས།། ཆོས་ཉིད་འདབ་ཆུ་ལྟ་བུ ་ལ།། བློ་བུར་རྙོག་པ་དམིགས་པས་སླད།། བག་ཆགས་ལོག་པས་དཀྲུགས་ཙམ་ན།། ཐོ་ཡོར་མི་རུ་སྣང་བ་བཞིན།། ཐོ་ཡོར་མི་ཉིད་མ་ཡིན་ཏེ།། དེ་ལྟ་དེ་ལ་མི་རུ་མཐོང་།། ཐོ་ཡོར་མི་ཉིད་ཡིན་པ་ན།། ཡང་དགས ་རྣམས་ཀྱུ་རྩེ་མི་མཐོང་།། ཆུ་རྐྱེན་འཁྲུལ་པ་སྣང་ཙམ་ན།། སྣ་ཚོགས་ཡང་དག་ཞེན་པར་སྦྱོར།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། མ་རིག་ཁྲུལ་ཚུལ་གྱི་ལེའུ་སྟེ་གཉིས ་པའོ།། །། རྡོ་རྗེ་སེམས་དཔའ་ཡང་ཞུས་པ།། མ་རིག་པ་ཡི་འཁྲུལ་ཚུལ་ཉིད།། དེ་ཡི་བཟློག་ཚུལ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བཀའ་སྩལ་བ།། མ་རིག་པ་ཡི་བཟློག་ཚུལ་ནི།། དགག་སྒྲུབ་མང ་བའི་སྣང་བ་དེས།། དམིགས་པའི་ཡུལ་གྱི་རྐྱེན་ལས་བཟློག། རང་གསལ་འཛིན་མེད་ཆོས་ཉིད་དེ།། མཉམ་བྱེད་རྒྱུ་ཡི་རྐྱེན་ལས་བཟློག། འཛིན་པ་རང་གྲོལ་དག་པ་ཡི།། དུས་གསུམ་འཁྲུལ་པའི་རྐྱེན་ལས ་བཟློག། རིས་མེད་ཅིག་གར་བགྲོད་པའི་ས།། རྒྱུ་འབྲས་གཉིས་ཀྱི་མ་ལས་བཟློག། དགོངས་པ་རང་གཞན་དོན་ལྡན་པས།། བློས་བརྟགས་ཕྲ་མའི་ཆས་ལས་བཟློག། ངེས་པའི་ཐེག་ཆེན་སྙིང་པོ་འདི།། རང་འདོད ་བརྒྱད་ཀྱི་མཐའ་ལས་བཟློག། རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡི།། རང་འདོད་ཉིད་ཀྱི་མཐའ་ལས་བཟློག། རྣམ་རྟོག་བློ་ལ་རང་སྣང་བ།། རང་བྱུང་རིག་པས་ཐད་ཀར་གཅོད།། བག་ཆགས་རྒྱུ་ལ་གང་ཞེན་པ།། ཞེན་མེད ་སྒྲོལ་བྲལ་ངོ་བོས་བཟློག། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུ་ལས།། འཁྲུང་པ་བཟློ་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྣམ་དག་རང་བྱུང་ལྟ་བ་འདི་གསུངས ་སོ།། མཉམ་མེད་རྣམ་དག་རྡ་ལ་བའི་ཀློང་།། ནམ་མཁའ་ཡེ་ཤེས་ལྷུན་གྱིས་གྲུབ།། རང་བྱུང་ཡུལ་མ་རྟོགས་པ་ཡིས།། གཞན་ནས་འབྱུང་བའོ།། ཆོས་མ་ཡིན།། དངོས་གྲུབ་པ་དེ་བ་རང་ལས་བྱུང་།། ཡེ ་ཤེས་ཇི་བཞིན་གནས་པ་ལ།། རྩོལ་བའི་རྒྱུ་འབྲས་སྤྱད་དུ་མེད།། རིམ་རྩོལ་བློ་ཡི་ཐེག་པ་རྣམས།། དྲང་བའི་དོན་དུ་བཤད་པ་ཡིན།། ཞེས་རྟོག་བློ་ཡིས་གཡོས་གྱུར་ན།། རང་བྱུང་ངོ་བོ་གཡོ་བ་མེད།། དབྱེ་གསལ ་མེད་པས་ལྟ་བའི་མཆོག། རྒྱུ་འབྲས་འདས་པའི་ངོ་བོ་ཡིན།། གདོད་ནས་རྣམ་པར་བྱ་མི་དགོས།། སྐྱོན་མེད་པདྨ་རང་བྱུང་དང་།། མ་འགགས་ཞེན་མེད་རྫོགས་པ་ཆེ།། རྩོལ་མེད་རང་བྱུང་ལུང་གིས་ནི།། ཐམས་ཅད་ངོ ་པོ་གཏན་ལ་འབེབས།། དེས་ན་རྩོམ་མེད་སེམས་ཀྱི་ལུང་།། དོན་དང་མི་ལྡན་སྒྲ་ཚིག་ནི།། ནེ་ཙོ་མི་སྨྲ་ཆོས་བཤད་འདྲ།། དེས་ན་ལུང་ལྡན་བླ་མའི་ཆོས།། སྙིང་པོ་དོན་གྱི་ངོ་བོ་སྟོན།། སྒྲ་ཚིག་ཞེན་པའི་ཡུལ་ལས ་འདས།། རང་བྱུང་རྟོགས་པའི་དོན་ལྡན་པས།། ཡིད་ཆེས་ཤེས་པའི་མཚན་ཉིད་དོ།། མིན་པ་ང་ཡི་བཀའ་དང་མཐུན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ལྟ་བའི་ལེའུ་སྟེ་བཞི ་པའོ།། །། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྡོ་རྗེ་སེམས་དཔའ་ལ་ཏིང་ངེ་འཛིན་རང་གནས་ཀྱི་དོན་འདི་གསུངས་སོ།། རྩོལ་མེད་རང་སྣང་མ་བཅོས་པ།། ཡེ་ཤེས་ལྷུན་གྲུབ་རང་བཞིན་གནས།། དགོངས ་པ་མ་སྤངས་མ་སྤྱོད་ལ།། སྣ་ཚོགས་སྣང་སྟེ་ཞེན་པ་མེད།། སྒོམ་མེད་དོན་ལ་བློ་གཞག་མེད།། རང་བྱུང་རྟོག་མེད་མཉམ་ཉིད་ལ།། ཞེན་པའི་སྒྲོ་སྐུར་ངང་གིས་མེད།། འཛིན་སེམས་དག་གིས་ལྕགས་དཀྲོལ་དང་།། བློ ་བཞག་བསྒོམ་པས་བཅིངས་དང་འདྲ།། སེམས་ཉིད་ཟང་ཐལ་མ་ཕྱུང་ལ།། རང་བྱུང་ཡེ་ཤེས་མཉམ་ཉིད་ཐུགས།། བཅོས་མེད་རྩོལ་བྲལ་བྱུང་ལ།། རྣམ་རྟོག་འཛིན་པ་ཅི་བྱུང་ཡང་།། རང་བཞག་བསམ་བྲལ་ཉིད་དུ ་བདེ།། རྣམ་པར་རྟོག་པའི་རྒྱུ་བ་བྲལ།། དུས་གསུམ་རྒྱུན་ཆད་མེད་པར་གནས།། འབབ་ཆུ་རྒྱུན་གྱི་དཔེ་དང་འདྲ།། དེ་ཉིད་རྟོགས་པའི་དོན་ལྡན་ན།། བསམ་བྲལ་རང་གནས་དགོངས་པར་གནས།། སྙིང་པོ་མཉམ ་ཉིད་ངོ་བོ་ཉིད།། དབང་སྒྱུར་རྒྱལ་པོའི་ཐུགས་དང་མཉམ།། འདོད་པའི་ཚོགས་ལ་ཡིད་མི་འཇུག། རྫོགས་པའི་དགོངས་པ་རྣམ་དག་ལ།། དུས་གསུམ་བླང་དོར་མེད་པར་བསམ།། འཛིན་མེད་ཏིང་འཛིན་སྐྱོན་ལས ་གྲོལ།། མ་གཡོས་མ་བཅོས་ཉིད་དུ་བདེ།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཙལ་རང་བཟོ་ཉིད་དུ་བདེ།། བརྗོད་དུ་མེད་པའི་ཆོས་ཉིད་ནི།། སྒྲ་ཚིག་ཞེན་པའི་ཡུལ་ལས་འདས།། ཞེས་གསུངས་སོ།། ཡེ་ཤེས ་འཁོར་ལོ་གསང་བའི་རྒྱུད་ལས།། ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྣམ་དག་ཞེན་མེད་ཀྱི་སྤྱོད་པ་འདི་གསུངས་སོ།། ནམ་མཁའ་རྡོ་རྗེའི་སྤྱོད་པ་འདི།། སྤྱད་བཞིན་མ ་ཆགས་སྤྱོད་པ་ཡིན།། རང་བཞིན་ཡེ་ཤེས་སྤྱོད་པ་ལ།། སྒོ་གསུམ་བག་ཡངས་ལྷུག་པ་ཉིད།། སྤྱོད་པ་བླང་དོར་གཉིས་མེད་དང་།། པདྨ་འདམ་ན་གནས་བཞིན་དུ།། འདམ་གྱི་སྐྱོན་གྱིས་གོས་པ ་མེད།། སྣ་ཚོགས་སྣང་བར་སྤྱོད་མོད་ཀྱང་།། སྣང་བའི་སྐྱོན་གྱིས་གོས་པ་མེད།། རྩོལ་མེད་རང་གནས་རྟོགས་པའི་ཀློང་།། རྒྱུ་འབྲས་ལྟོས་པ་རྩོལ་པ་མེད།། ཉི་མའི་འོད་ལྟར་ཀུན་ལ་ཁྱབ།། ཁྱབ་གདལ་ལྷུན་གྲུབ་ཡེ ་བརྡལ་ལ།། ཞེན་མེད་ཚུལ་གྱིས་འཇུག་པ་མེད།། ཀུན་གསལ་ཆོས་ཉིད་དོན་རྟོགས་པས།། རྣ་བརྒྱུད་སྒྲ་ལ་རག་མ་ལུས།། སྐུ་གསུམ་རྟོགས་པའི་འདོན་ལྡན་ན།། ཐུགས་རྗེ་རིན་ཆེན་བཞིན་དུ་འབྱུང་།། རང་བཞིན ་གཅིག་ལས་མ་གཡོས་དང་།། རིམ་རྩོལ་རྒྱུ་འབྲས་ཐེག་པ་རྣམས།། དྲང་དོན་སྙན་པའི་ཐམས་སུ་བསྟན།། རང་བྱུང་ཡེ་ཤེས་རྟོགས་པའི་ལྷ།། འཛབ་དང་བརྙེན་པ་བྱ་མི་དགོས།། མཐའ་དབུས་མེད་པའི་སྙིང་པོ ་ལ།། གཟུང་འཛིན་འཁྲུལ་པ་རང་གྲོལ་འགྱུར།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་རིག་པའི་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་ཇི་ལྟར་ཡིན།། རིག་པའི་རྒྱལ་པོའི་བཀའ་བརྩལ་བ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་བཞི་རུ་སྣང་།། འགྲོ་བ་རིགས་དྲུག་སྣང་ཚུལ ་ལ།། རྒྱུ་འབྲས་བློ་ཡི་སྣང་ཚུལ་དང་།། རྟོག་པ་དོན་གྱི་སྣང་ཚུལ་དང་།། ཀུན་བཟང་ང་ཡི་སྣང་བའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་རྫོགས་ཚུལ་བསྟན་དུ ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། སྣ་ཚོགས་མ་སྤངས་ང་ཡི་ངང་དུ་རྫོགས།། ཆགས་ཞེན་མེད་པ་ང་ཡི་ངང་དུ་རྫོགས།། འཁོར་བ་མ་སྤངས་ང་ཡི་ངང་དུ་རྫོགས།། དོགས་པ་མེད་པས་ང་ལ་འདས་པ ་མེད།། རྒྱུ་འབྲས་མ་སྤངས་པ་ཡི་ངང་དུ་རྫོགས།། རྟོག་པ་མེད་པས་ང་ལས་འདས་པ་མེད།། ཅེས་བཀའ་སྩལ་ཏོ།། ཡང་ཞུས་པ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། མཚན་གྱི་རྣམ་གྲངས་ཇི་ལྟར་ལགས།། རིག ་པའི་རྒྱལ་པོས་བཀའ་སྩལ་པ།། དེ་བཞིན་ཉིད་དུ་རྫོགས་པའི་རྫོགས་ཆེན་དང་།། ལྟ་བ་ཡོངས་སུ་རྫོགས་ཆེན་དང་།། རིག་པ་ཡོངས་རྫོགས་པའི་རྫོགས་ཆེན་ནོ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུ ་ལས།། ཡོན་ཏན་སྣང་ཚུལ་གྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས།། རིག་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རང་སྣང་རྣམ་དག་རྒྱལ་པོ་ཁྱོད།། མི་འགྱུར་སྐུ་ཡི་བདག་གཉིས་ཅན།། མི་འགག ་གསུང་གི་རོལ་པར་ཤར།། མི་རྟོག་ཐུགས་ཀྱིས་ངོ་བོར་ཤར།། སྐུ་གསུང་ཐུགས་ལྡན་ཐུགས་རྗེའི་བདག། མོས་པའི་འཁོར་ཚོགས་འདུས་པ་ལས།། གསང་བའི་དམ་ཚིག་བཤད་དུ་གསོལ།། ཞེས་གསོལ་ཏོ།། རིག ་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་ལྡན་གྲུབ་ཆེན་པོ་ལ།། བཅོས་མ་གྲངས་ཀྱིས་དམ་ཚིག་མེད།། རང་བྱུང་རྩོལ་མེད་དམ་ཚིག་ནི།། འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ།། མི་འགྱུར་རྡོ་རྗེ་ལྟ་བུ ་ལ།། ཕྱི་ནང་གསང་བའི་དམ་ཚིག་མེད།། མ་བཅོས་རང་སྣང་དམ་ཚིག་ནི།། མེད་པས་བྱ་བ་གཅིག་པུ་དང་།། ལྷུན་གྱིས་གྲུབ་པའི་དམ་ཚིག་གོ། འཛིན་པ་མེད་པའི་སེམས་ཉིད་ནི།། བསྲུང་དུ་མེད་པའི་ངང་དུ ་གདམས།། བསྒྲུབ་མེད་རང་བྱུང་ཆེན་པོ་ནི།། བསྲུང་མེད་དམ་ཚིག་རང་གནས་ན།། ཕྱོགས་འཛིན་མེད་པའི་ངང་ལ་གནས།། སེམས་ཉིད་རང་བྱུང་མི་འདའ་ན།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། དམ་ཚིག ་འདི་ལས་ཡོངས་མི་འདའ།། ལྷུན་གྲུབ་དམ་ཚིག་ཆེན་པོ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུ་ལས།། དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །། རིག་པའི་རྒྱལ་པོས་བཀའ་སྩལ ་པ།། རང་སྣང་རྒྱལ་པོ་གང་འདོད་པ།། རང་གི་སེམས་ལ་བཙལ་བར་གྱིས།། ཐེག་པའི་བྱེ་བྲག་བསམ་ཡས་དང་།། རང་བྱུང་རྟོགས་ན་གཅིག་ལས་མེད།། ངེས་པར་རང་བྱུང་དོན་འདི་ཉིད།། སངས་རྒྱས་ཀུན་གྱི་རང ་བྱུང་སེམས།། བླ་མ་མེད་པ་རྟོགས་གྱུར་ན།། དེ་ཉིད་རང་སྣང་མཉམ་པར་ལྟ།། གང་གིས་རང་བྱུང་རྟོགས་པའི་མཆོག། རང་སྣང་རྩོལ་བྲལ་དོན་རྙེད་ན།། འདྲེན་པའི་ཚིག་གིས་མང་བཤད་ཀྱང་།། སེམས་ལ་ཡོན་ཏན ་བསམ་མི་ཁྱབ།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྣམ་རྟོག་འཛིན་པའི་འཁྲུལ་པ་ལ།། གཉེན་པོས་སྒོམ་དུ་ཡོད་མེད་ཞུས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྣམ་རྟོག་གཉེན་པོར་མི་རྟོག ་སྒོམ།། མི་རྟོག་འདོད་ན་རྟོག་པ་ཆེན་པོ་ཡིན།། འཛིན་པའི་ཞེན་པ་གྲོལ་ནས་གཉེན་པོས་སྒོམ་དུ་མེད།། ཚེ་གཅིག་བྱང་ཆུབ་ཐོབ་ན་རྒྱུ་འབྲས་བཙལ་དུ་མེད།། སེམས་ནི་དོན་དམ་ལམ་ཡིན་པས།། བྱ་ལམ་ནམ ་མཁའ་རྗེས་མེད་འདྲ།། མི་གནས་རྒྱུན་དུ་གྲག་གནས་ན།། རང་བྱུང་བཙལ་མེད་དོན་ཆེན་པོ།། རྣམ་དག་དོན་ནི་མ་རྟོགས་ན།། རྩོལ་སྒྲུབ་འཛིན་པ་ཅི་སྤྲད་ཀྱང་།། འཁྲུལ་པ་བློ་ལ་ཞེན་པ་ཡིས།། ཇི་བཞིན་ནམ ་མཁའ་རང་བཞིན་ལ།། མ་འོངས་རང་སྣང་ཁོ་ནར་ཟད་རྣམ་རྟོག་རིག་པའི་རྒྱལ་པོ་ལ།། སྒྲོ་སྐུར་སྤྲོས་པ་གཉིས་མི་མངའ།། ཞེན་པ་རང་གྲོལ་ཉིད་ཀྱིས་གྲུབ།། གང་ཞིག་སེམས་ལ་རྟོག་མེད་ན།། དུས་གསུམ་ང་ཡི ་བཀའ་དང་མཐུན།། རང་བྱུང་རང་བཙལ་མ་དམིགས་ན།། སེམས་ཉིད་དངོས་པོར་མ་གྲུབ་པས།། རང་བྱུང་ངོ་བོར་རྟོགས་པའོ།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ཡིན་ཚུལ་བསྟན་པའི ་ལེའུ་སྟེ་དགུ་པའོ།། རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་རྒྱུ་འབྲས་ལ་ཟླ་བའི་དོན་འདི་གསུངས་པ།། བདག་ཏུ་ཉེས་བཟུང་འདོད་པ་སྤང་།། སེམས་ལ་བདག་མེད་འཁྲུལ་པས་བསྒྲིབས།། ཕྲ་རབ་རྡུལ་དུ ་མཐོང་བ་ཡང་།། སེམས་ལ་སྦྲུལ་མེད་ཕྱིན་ཅི་ལོག། རྟེན་འབྲེལ་བཅུ་གཉིས་འདོད་པ་ཡང་།། རྟོག་མེད་རྟོག་པས་ཕྱིན་ཅི་ལོག། སེམས་ཀྱི་དངོས་པོར་འཛིན་པ་ཡང་།། སེམས་ལ་དངོས་མེད་ཕྱིན་ཅི ་ལོག། གཉིས་པར་མེད་པ་སྟོང་པའི་བློ།། སེམས་ལ་གཞི་མེད་འཛིན་པའི་བློ།། དག་པ་དང་ནི་གཉིས་སུ་བལྟ།། འདོད་པའི་སྟོབས་ཀྱི་སྒྲུབ་པ་ཡི།། སྒྲུབ་བྱེད་འབྲས་བུ་ཐོབ་པ་མེད།། རྣམ་གསུམ་བྱིན་རླབས་འདོད་པ ་ཡང་།། སྐྱེ་མེད་རྩོལ་བས་རང་བྱུང་བསླད།། ཐབས་དང་ཤེས་རབ་ལྟ་ས་ཡང་།། རྩོལ་བས་གདམས་པས་རྩོལ་མེད་བཅིངས།། དབྱིངས་དང་ཡེ་ཤེས་ལྟ་བ་ཡང་།། ཕྱོགས་འཛིན་མེད་པས་ལྷུན་དོན་འགལ།། མི ་གནས་སེམས་ཀྱི་རང་བཞིན་ནི།། ཕྱོགས་རིས་མེད་པར་ཞེན་པ་ལྡོག། བྱ་བྲལ་རྫོགས་པ་ཆེན་པོ་ནི།། རང་བཞིན་རྟོགས་པས་ཞེན་པ་ལྡོག། དྲན་པ་ཀུན་སྤངས་ཡེ་ཤེས་རང་བཞིན་གནས།། རང་འདོད་རང་གནས ་ཆེན་པོ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ཐེག་པའི་བྱེ་བྲག་གླེང་པའི་ལེའུ་སྟེ་བཅུ་པའོ།། །། རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རང་བཞག་རང་བྱུང ་ཆེན་པོ་ལ།། བག་ཆགས་འཁྲུལ་པ་ཀ་ནས་དག། འཛིན་པ་ཞེས་པའི་བྱ་བ་བཏང་།། སྣ་ཚོགས་བློས་བཟུང་ལྟ་བ་ཡང་།། རྒྱུ་འབྲས་ཞེན་དང་མ་ཚོར་ཡོད།། བཏང་སྙོམས་ལྟེང་བའི་མུན་པ་དང་།། ཞེ་འདོད་ཡིད་ལ ་བྱེད་པ་དང་།། འབྲེལ་མེད་ནམ་མཁའ་ལྟ་བུའི་དོན།། ཞེན་མེད་རང་སྣང་དོན་རྟོགས་པས།། ཞེན་པ་མེད་པའི་བྱ་བ་བཏང་།། ཡེ་ནས་རང་བཞིན་དག་པ་ཡིས།། གཞི་ལས་འཁྲུལ་པའི་བྱ་བ་དང་།། དབང་པོ་བཟུང ་བའི་ཡུལ་དག་ན།། དམིགས་པ་རྐྱེན་གྱི་བྱ་བ་བཏང་།། ཡིན་ཚུལ་བློ་ཡིས་བྱ་རུ་མེད།། སྣང་ཚུལ་མིག་གི་ཅིར་སྣང་ཡང་།། རྟོགས་ཚུལ་ཞེན་པ་མེད་པར་རྟོགས།། གྲུབ་པ་བློ་ཡིས་བྱ་བ་བཏང་།། དཔེར་ན་ཉི་མའི་སྙིང ་པོ་ཡང་།། མུན་པ་གཞིན་ན་ས་དག་ཅིང་འོད་ཀྱི་རང་བཞིན་མེད།། དེ་བཞིན་རྩོལ་མེད་སངས་རྒྱས་དོན་རྟོགས་ན།། འཁྲུལ་པ་གཞིན་ན་ས་དག་པ་ཡིན།། སྣང་བ་མེད་དང་ལྡན་ན་ཀུན་ཏུ་བཟང་པོར་དག་པ ་ཡིན།། དུས་གསུམ་འགྱུར་མེད་མཉམ་བཞག་རྗེ་ཐོབ་མེད་པར་ཐོབ།། ཀུན་ཏུ་བཟང་པོ་ང་ཡི་རང་བཞིན་ཡིན།། ཡོད་ནི་གཅིག་ལས་མེད་པ་ལས།། བརྒྱད་ཁྲི་བཞི་སྟོང་ང་ཡི་སྤྱོད་ཡུལ་ཡིན།། ངེས་པར་ང་ཡི་རང ་བཞིན་ནི།། སྣ་ཚོགས་ང་ཡི་བྱས་པ་སྟེ།། ང་ཡི་རང་བཞིན་བྱེད་པ་ཀུན་ལས་རྒྱལ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གངས་པའི་རྒྱུད་ལས།། བྱ་བ་བཏང་བའི་ལེའུ་སྟེ་བཅུ་གཅིག་པའོ།། དེ ་ནས་རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རྫོགས་ཆེན་རང་སྣང་ཆོས་ཉིད་ནི།། དགོངས་པ་ཀུན་གྱི་མཆོག་ཡིན་པས།། གང་འདོད་རྩོལ་བ་སྒྲུབ་ཏུ་མེད།། འདོད་པའི་རང་བཞིན་གྲུབ་འདོད ་པས།། རྡོ་ལ་གསེར་དུ་གྲུབ་པའོ།། གསེར་འདོད་རྡོ་ལ་རེ་བ་མེད།། ཞེན་པ་མཆོད་བདེ་བ་ཡང་།། ཞེན་མེད་ངོ་བོར་ཟོངས་པ་མེད།། འཛིན་པ་དུ་མ་རང་གྲོལ་ན།། ཡང་དག་རྩོལ་བས་སྒྲུབ་ཏུ ་མེད།། རྩོལ་མེད་དོན་ལ་གནས་པ་ནི།། བྱང་ཆུབ་ལག་ཏུ་གཏོད་པ་ཡིན།། སྤོང་ལེན་མེད་པའི་སྣང་བ་རང་སོལ།། དབུས་མཐའ་མ་གཟིགས་རྣམ་པར་རྟོག་དང་བྲལ།། ཡེ་ཤེས་རྣམ་དག་ལྷུན་གྲུབ་ཆེན་པོ་ལ།། རེ ་དོགས་མེད་པས་ཆོས་ཉིད་རང་ལ་གསལ།། ཡེ་ནས་ལྷུན་གྲུབ་སངས་རྒྱས་མངོན་གྱུར་ན།། གང་ནས་ཀུན་ལ་སངས་རྒྱས་རེ་བ་མེད།། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ཚོལ་བ།། དཔེར་ན་རི་དྭགས ་སྨིག་སྒྱུ་སྙེག་པ་འདྲ།། དེས་ན་སངས་རྒྱས་རེ་དོགས་གཞན་ན་མེད།། དབྱེ་གསལ་བླང་དོར་མེད་པའི་ལུང་།། ཆོས་ཉིད་ཡེ་ནས་རྣམ་དག་ལ།། འཁོར་བའི་རྣམ་རྟོག་བླང་དོར་ཡུལ་སྤངས་ནས།། སྣང་ལ་ཞེན་མེད་གར ་བདེར་སྤྱོད་པའི་མཆོག། ཐེག་ཆེན་ནམ་མཁའི་དབྱིངས་ན་ཉི་མ་ཤར།། གདུལ་བྱ་གང་ཟག་རྣམས་ཀྱིས་དོན་དུ་སྣང་།། དོན་དམ་ངང་ལ་འདུལ་དང་མི་འདུལ་མེད།། རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་ནི།། མཐའ ་ཡས་སེམས་ཅན་ཐམས་ཅད་ལ།། སྣང་གསལ་སྒྲོན་མ་རྟོགས་པར་ཤོག། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུ་ལས།། རྩོལ་བྲལ་ཐུགས་རྗེའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་རིག་པའི་རྒྱལ་པོས།། རྡོ་རྗེ ་སེམས་དཔའ་ལ་བཀའ་སྩལ་པ།། རང་སྣང་རིག་པའི་ཡེ་ཤེས་ལ།། མ་རྟོགས་བདུད་ཀྱི་སྤྱོད་ཡུལ་ནི།། སྟོང་པ་བྱང་ཆུབ་ལྟ་བའི་བདུད།། ཧད་པོ་བོགས་མེད་སྒོམ་པའི་བདུད།། རྟོག་མེད་རང་དགའ་སྤྱོད་པའི ་བདུད།། ཐུག་མེད་འདོད་པ་འབྲས་བུའི་བདུད།། ཕྲ་མོས་ཆོག་ཤེས་ཐོས་པའི་བདུད།། འདུ་འཛི་ལོངས་སྤྱོད་གཡེང་བའི་བདུད།། གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། མི་ཐུབ་དམ་བཅའ་དམ་ཚིག་བདུད།། རིམ་པ ་བསྐྱོད་པ་དབང་གི་བདུད།། རྩོལ་བས་བྲིན་པ་འཕྲིན་ལས་འདིད།། བར་དོར་སྣང་བ་འོད་ཀྱི་བདུད།། གྲགས་པ་བརྒྱད་པོ་དགྲ་ཡི་བདུད།། རྣམ་རྟོགས་འཕྲིན་པོ་ཉིད་ཀྱིས་བདུད།། ཁ་ཤགས་དོན་ལ་བྲེད་པའི ་བདུད།། མཁས་པ་མདོ་མེད་ཤེས་རབ་བདུད།། རྟོག་འཛིན་ཞེས་པ་བག་ཆགས་བདུད།། རང་རིག་འཁྲུལ་པར་སྣང་བ་ཡི་སྣང་བ་སྣ་ཚོགས་འཁྲུལ་པའི་བདུད།། ཐམས་ཅད་བདུད་སྣང་ཤེས་ཙམ་ན། བདུད་ལས་ངེས ་པར་གྲོལ་བ་ཡིན།། མ་རྟོགས་པ་ནི་བདུད་ཡིན་ཏེ།། རྟོགས་ན་བདུད་ཀྱི་རྩི་རུ་འགྱུར།། དུག་ལ་སྨན་དུ་ཤེས་པ་བཞིན།། དེ་ལས་གཞན་དུ་ཤེས་མི་འགྱུར།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། བདུད་ཀྱི་ལེའུ ་སྟེ་བཅུ་གསུམ་པའོ།། །། དེ་ནས་རིག་པའི་རྒྱལ་བཀའ་རྩལ་པ།། ལྟ་བ་བདག་ཏུ་འཛིན་པས་གོལ།། ང་ཡིས་རང་བཞིན་བཅུ་པོ་ལས།། གོལ་ས་སྒྲིབ་པ་དྲུག་དྲུག་བཅུ།། སུམ་བརྒྱ་དྲུག་ཅུ་ཕྲག་ཡས་སོ།། རྫོགས ་པ་ཆེན་པོ་@#།། ས་གཅིག་པ།། གང་གིས་དེ་རྟོགས་དེ་ཡི་སྲས།། ལམ་ནི་རྣམ་པ་ལྔ་དག་ཀྱང་།། ས་བཅུ་བགྲོད་པས་གོལ་བའི་ལམ།། གདོད་ནས་མ་སྐྱེས་སྙིང་པོ་ལ།། ཐ་ཚིག་མིང་དུ་བཏགས་པས ་གོལ།། རང་བཞིན་ལྷུན་གྲུབ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་དོད་ནས་རྫོགས། བག་ཆགས་རྨི་ལམ་བསྡུ་བྲིད་དང་།། རིགས་དྲུག་གཟུགས་སྒྲའི་བསྡུ་བྲིད་དང་།། འདོད་ཡོན་འཚོ་བའི་བསྡུ་བྲིད་དང་།། འདྲིན ་པའི་ཐབས་དགུ་དང་ལ་རྫོགས།། བག་ཆག་ཉིད་འཚམས་སྦྱར་བ་དང་།། སེམས་ཉིད་ཉིང་འཚམས་སྦྱར་བ་དང་།། ཕུང་པོ་ཉིད་འཚམས་སྦྱོར་བ་གསུམ།། ང་ཡི་རང་བཞིན་རྣམས་གསུམ་ཡིན།། ང་ཡི་རང་སྣང་ཆེན་པོ ་རྒྱུད།། ཐེག་པ་ཀུན་གྱི་ལ་ཟློ་བ།། ཆོས་རྣམས་མདངས་སྐྱེལ་བ་ཡི།། ཡེ་ཤེས་འཁོར་ལོ་གསང་བ་འདི།། འཁོར་གྱི་ནང་ན་དམ་པ་སྟེ།། རྡོ་རྗེ་སེམས་དཔའ་ཁྱོད་པ་གཏད།། ཁྱོད་ནི་མི་ནུ་སྟོབས་དང་ལྡན།། ང་ལས་མི ་གཞན་འཁོར་ཡིན་པས།། ཐུགས་ཀྱི་དཀྱིལ་དུ་མཉམ་པར་ཞོག། ཐུགས་རྗེའི་གསེར་ཀ་ཕྱོགས་བཅུར་འཆར།། ལན་ཅིག་སྙིགས་མ་ལྔ་དུས་ན།། ཉི་ཟླ་བཞིན་དུ་དར་བར་ཤོག། ནམ་མཁའ་ཁྱབ་པའི་འཇིག་རྟེན ་དུ།། སྒྲོན་མ་བཞིན་དུ་རྒྱས་པར་ཤོག། འཁོར་བ་ལྡོངས་པའི་མུན་པ་རྣམས།། ཡེ་ཤེས་འོད་ཀྱིས་གང་བར་ཤོག། རྒྱུད་དྲུག་འཁྲུལ་པའི་སེམས་ཅན་རྣམས།། སངས་རྒྱས་ས་ལ་གྲོལ་བར་ཤོག། ཅེས་གསུངས་སོ།། ཡེ ་ཤེས་འཁོར་ལོ་གསང་བ་སྙིང་པོ་དོན་གྱི་རྒྱུ་ལས།། རྒྱུད་ཀྱི་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ། ཡེ་ཤེས་འཁོར་ལོ་གསང་བའི་སྙིང་པོ་དོན་གྱི་རྒྱུད་ཅེས་བྱ་བ།། ལ་ཟློ་བ་ཆེན་པོ་མན་ངག་གི་རྒྱབ་རྟན ་རྫོགས་སོ།། སེམས་ཕྱོགས་ཀྱི་སྟན་བརྒྱུད་ཨོཾ་ཐི།། ། རྒྱ་གར་སྐད་དུ།། ཏྲི་ཀཱ་ཡ་བཉྩ་ཛྙཱ་ན་ཏན་ཏྲ་མཉྫུ་ཤྲཱི་ཛྙཱ་ན་ཨ་ལཾ་ས་མ་ཏི་ནཱ་མ།། @#།། བོད་སྐད་དུ།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་རྒྱུ་འཇམ་དཔལ་ཡེ ་