CLOSE WINDOW

Gpb037.016: ye shes 'khor lo gsang ba'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ།། རྫ་ན་ཙ་གྲ་ཀྲ་ཧྱ་ན་དནྟྲ་ནཱ་མ།། བོད་སྐད་དུ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ཅེས་བྱ་བ།། རང་སྣང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འོག ་མིན་གྱི་གནས་རྒྱན་བཀོད་པར་སྣང་བ་ཞེས་བྱ་བར།། འདི་སྐད་བདག་གིས་བདག་ཉིད་ཆེན་པོ་ལ་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དགོངས་པ་རང་འབྱུང ་གི་དོན་ལ་བཞུགས་སོ།། དེའི་ཚེ་རང་སྣང་རྟོགས་པའི་འཁོར་དང་དགོངས་པ་རང་གནས་ཀྱི་དོན་ལ་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་རིག་པའི་རྒྱལ་པོས་རང་གནས་བསམ་གཏན ་གྱི་དོན་ལ་བཞུགས་སོ།། དེའི་འཁོར་རྣམས་དང་ཤེས་པ་གཅིག་ཏུ་བཞུགས་ལས།། རྡོ་རྗེ་སེམས་དཔའ་བཞེངས་པའི་སྟན་ལ་བཞེངས་ནས།། རང་རིག་པའི་རྒྱལ་པོ་ལ་འདི་སྐད་ཅེས ་ཞུས་སོ།། རང་སྣང་རྣམ་དག་རང་བཞིན་ལ།། སྣ་ཚོགས་བྱུང་བ་ཇི་ལྟར་ལགས།། ཞེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྣམ་དག་རང་བཟིན ་ལ།། སྣ་ཚོགས་སྣང་བར་ཤེས་རིག་ཡུལ།། ངོ་བོ་ཉིད་ལ་གཟུང་འཛིན་མེད།། ཅེས་གསུངས་སོ།། དེ་ནས་རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསུངས་སོ།། རྒྱུ ་རྐྱེན་མེད་པའི་རང་འབྱུང་རྣམ་དག་འདི།། འཛིན་པའི་ཡུལ་མེད་ཞེས་པའི་མཐའ་ལས་གྲོལ།། བློ་ཡིས་མ་སྦྱང་རང་བཞིན་དོན་དང་ལྡན།། རིག་པའི་ཡུལ་མེད་རང་འབྱུང་འཛིན་མེད ་པ།། རྣམ་རྟོག་མེད་པའི་མཉམ་ཉིད་ཆོས་ཀྱིས་སྐུ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ།། ཁྱོད་ནི་སྨྲས་པའི་སྒོ་མོ་སྟེ།། རང་སྣང་རྟོགས་པའི་དོན ་ལྡན་པས།། སྤྲོས་བྲལ་མེད་པ་གསུང་དུ་གསོལ།། ཅེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྩོལ་བྲལ་ཐེག་པ་འདི།། འཛིན་པའི་སྤྱོད་ཡུལ་མ་ཡིན་གྱིས།། ཁྱོད་ཀྱིས་གོ་བ་ཤིན་ཏུ་དཀའ།། ཞེས ་གསུངས་སོ།། རྡོ་རྗེ་སེམས་དཔས་ཞུས་པ།། རྩོལ་བྲལ་ཐེག་པའི་མཚན་ཉིད་དེ།། དེ་ཡི་རྟོགས་ཚུལ་ཇི་ལྟར་ལགས།། ཞེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྩོལ་བྲལ་ཐེག་པའི་རྟོགས་ཚུལ ་འདི།། འཛིན་མེད་རང་བྱུང་ངོ་བོར་རྟོགས།། ཞེན་པ་མེད་པའི་རང་བྱུང་ལ།། གཟའ་གཏད་མེད་པའི་ངོ་བོར་རྟོགས།། རྒྱུ་རྐྱེན་མེད་པའི་ངོ་བོ་ནི།། རྒྱུ་འབྲས་འདས་པའི་ངོ་བོ་རྟོགས།། ལྟོས་པ་མེད་པའི་ངོ་བོ ་ནི།། འཛིན་པའི་རྒྱུ་འབྲས་གང་ཡང་མེད།། རྩོལ་བྲལ་ཐེག་པའི་ངོ་བོ་འདི།། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། དབྱེར་མེད་ཚུལ་གྱིས་གནས་མེད་ཀྱང་།། གཟུགས་འཛིན་བློ་ཡི་དྲི་མས་བཅིངས།། འཛིན་པའི ་རྟོག་པས་རང་རྒྱུད་མཐོང་།། བསམ་བྲལ་སྣ་ཚོགས་ཞེན་པས་སླད།། རྣམ་བྲལ་ཤེས་པ་རང་གནས་པ།། ཞེས་པ་མེད་པར་མཐོང་བར་གྱིས།། བརྗོད་པའི་མཉམ་པ་ཉིད་དང་མཚུངས།། མ་རྟོགས་པ་ཡི་ཚིག་སྒོ ་ནས།། གང་མོས་མཐུན་པའི་སྒོ་ནས་ནི།། བློ་དང་མཐུན་པ་སྟོན་པར་གྲགས།། དྲང་དོན་བློ་ཡི་སྒོ་ནས་ནི།། རང་རང་ཉམས་དང་མཐུན་པར་གྲགས།། རང་བྱུང་རྣམ་དག་ངོ་བོ་ནི།། མཚོན་བྱ་མཚོན་བྱེད་གང་ཡང ་མེད།། བཙལ་མེད་རང་བཞིན་ཉིད་ཀྱིས་རྟོགས།། ཐ་མལ་རང་རྒྱུད་ཤེས་པ་ཡིན།། བཀའ་ཡི་དོན་གྱིས་གྲགས་བྱས་ནས།། སྩོལ་བ་མེད་པའི་ངང་ལ་བཞག། རེ་འདོད་སྩོལ་བའི་མཐའ་རུ ་འགྱུར།། ཞེན་མེད་རང་བྱུང་སྨན་ཆེན་གྱིས།། འཛིན་པ་འཁོར་བའི་ནད་རྣམས་སེལ།། ཞེན་པ་འཁོར་བའི་ནད་དང་བྲལ།། རང་སྣང་དག་པའི་ངོ་བོ་འདི།། བགྲོད་པའི་ལམ་གྱིས་ཐོབ་པ་མེད།། སྩོལ་མེད་འབྲས་བུ ་རང་འབྱུང་ཉིད།། བགྲོད་མེད་དགོངས་པ་རང་ལ་རྫོགས།། གདོད་ནས་འཛིན་མེད་ལྷུན་གྱིས་གྲུབ།། ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན།། སྤྲོ་བསྡུ་མེད་པས་སྩོལ་བ་མེད།། བློ་ཡིས་མ་སྦྱར་རེ་འདོད་བྲལ།། ཤེས ་འདོད་ཐ་མེད་ལྷུན་གྱིས་གྲུབ།། ཡེ་ཤེས་བསམ་དུ་མེད་པ་འདི།། འགྱུར་མེད་རང་འབྱུང་ངོ་བོ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ ་རྗེ་སེམས་དཔའ་ལ།། རིག་པའི་རྒྱལ་པོས་གསུང་པ།། རང་བྱུང་འགྱུར་མེད་སྙིང་པོ་ལ།། མི་འགྱུར་ཡེ་ཤེས་མཁའ་ལྟར་ཁྱབ།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཞུས་པ།། རང་བྱུང་ཡེ་ཤེས་རྣམ་དག ་ལ།། འཁོར་བའི་ཤེས་རབ་ཇི་ལྟར་འབྱུང་།། ཞེས་གསོལ་ཏོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་བྱུང་ཡེ་ནས་རྣམ་དག་ཀྱང་།། མ་རྟོགས་འཁོར་བ་སྣ་ཚོགས་འབྱུང་།། ཞེས་བཀའ་སྩལ་ཏོ།། རྡོ་རྗེ་སེམས ་དཔས་ཞུས་པ།། མ་རྟོགས་འཁོར་བ་སྣ་ཚོགས་དེ།། དེ་ཡི་འཁྲུལ་ཚུལ་ཇི་ལྟར་ལགས།། ཞེས་གསོལ་ཏོ།། རིག་པས་བཀའ་སྩལ་པ།། དེ་ཡི་འཁྲུལ་ཚུལ་འདི་ལྟར་ལགས།། རྒྱུད་རྐྱེན་སྟོན་པའི་རྐྱེན་བཞིས ་འཁྲུལ།། དཔེར་ན་རབ་རིབ་མིག་བཞིན་དུ།། མཁའ་ལ་འཇའ་ཚོན་སྐྲ་ཤད་འཛིངས།། མ་སྨིན་ལོག་རྟོག་འཁྲུལ་པ་བྱུང་།། ལྷན་ཅིག་སྐྱེས་གཉིས་དུས་མཚུངས་པར།། སངས་རྒྱས་ཉིད་ལས་སེམས་ཅན་བྱུང་།། ཞེས ་གསུངས་ས།། རྡོ་རྗེ་སེམས་དཔས་གསོལ་བ།། མ་རིག་པ་ཡི་འཁྲུལ་པ་དེ།། གཞི་ལ་ཡོད་དམ་མེད་པ་ལགས།། ཞེས་ཞུས་པ་དང་།། རིག་པས་སྩལ་པ།། དོན་གྱི་ངོ་བོ་འཁྲུལ་མེད་ཀྱང་།། སྣ་ཚོགས་འཛིན་པའི་རྟོག ་པ་བྱུང་།། དཔེར་ན་ཐག་པ་སྦྲུལ་མཐོང་བ།། ཐག་པའི་ངོ་བོ་སྦྲུལ་མེད་ས་ཀྱང་།། རྒྱུ་རྐྱེན་དམིགས་པས་སྦྲུལ་དུ་མཐོང་།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་གསོལ་པ།། མ་རིག་པ་ཡི་འཁྲུལ་པ་དེ།། དེ་ཡི་མཚན ་ཉིད་ཇི་ལྟར་ལགས།། བཀའ་སྩལ་པ།། དེ་ཡི་མཚན་ཉིད་གློ་བུར་བ།། དཔེར་ན་མེ་ལོང་གསལ་བ་ལ།། གང་བསྟན་རྐྱེན་དེ་འོང་བར་ངེས།། དེ་བཞིན་རང་གསལ་ཆོས་ཉིད་ལ།། ཡེ་ཤེས་སྣང་བ་གློ་བུར་བ།། བདག ་སྣང་གཞན་སྣང་གཉིས་སྣང་བ།། བདག་འཛིན་འཁྲུལ་པའི་རྟོག་པས་བསླད།། འཛིན་རང་རྒྱུད་དུ་མར་མཐོང་།། ཆོས་ཉིད་ནམ་མཁའ་ལྟ་བུ་ལ།། གློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས།། ཆོས་ཉིད་འབབ་ཆུ་ལྟ། ་བུ་ལ།། གློ་བུར་རྟོག་པའི་དམིགས་པས་བསླད།། བག་ཆགས་ལོག་པས་འཁྲུལ་ཙམ་ན།། ཟོ་ཡོར་མི་རུ་སྣང་བ་བཞིན། ཟོ་ཡོར་མི་ཉིད་མ་ཡིན་གྱི།། ཇི་ལྟར་དེ་ལ་མི་རུ་མཐོང་།། ཐོ་ཡོར་མི་ཉིད ་ཡིན་པ་ན།། ཡང་དག་རྣམས་ཀྱིས་ཅིས་མི་མཐོང་།། རྒྱུ་རྐྱེན་འཁྲུལ་པ་སྣང་ཙམ་ན།། སྣ་ཚོགས་ཡང་དག་ཞེས་པས་སྦྱོར།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། མ་རིག་འཁྲུལ་པ་སྟོན་པའི་ལེའུ ་སྟག་ཉིས་པའོ།། །། རྡོ་རྗེ་སེམས་དཔས་ཞུས་པ།། མ་རིག་པ་ཡི་འཁྲུལ་པ་དེ།། དེ་ཡི་ལྡོག་ཚུལ་ཇི་ལྟར་ལགས།། ཐམས་ཅད་རིག་པའི་རྒྱལ་པོས་བཀའ་སྩལ་པ།། མ་རིག་པ་ཡི་ལྡོག་ཚུལ་ནི།། དགག་སྒྲུབ ་མེད་པའི་སྣང་བ་དེས།། དམིགས་པའི་ཡུལ་ནི་རྐྱེན་ལས་ལྡོག། རང་གསལ་འཛིན་མེད་ཆོས་ཉིད་དེ།། སྙམ་བྱེད་རྒྱུ་ཡི་རྐྱེན་ལས་ལྡོག། འཛིན་པ་རང་གྲོལ་དག་པ་ཡིས།། དུས་མཚུངས་འཁྲུལ་པའི་ཡུལ་ལས ་ལྡོག། རིམ་མེད་ཅིག་ཆར་རྫོགས་པ་ཡིས།། རྒྱུ་འབྲས་གཉིས་ཀྱི་མཐའ་ལས་ལྡོག། དགོངས་པ་རང་བཞིན་དོན་ལྡན་པས།། བློ་བཏགས་ཕྲ་མོའི་ཆོས་ལས་ལྡོག། ངེས་པའི་ཐེག་གཅིག་སྙོམས་པ་འདིས།། རང་འདོད ་བརྒྱད་ཀྱི་མཐའ་ལས་ལྡོག། རྒྱ་ཆད་ཕྱོགས་ལྷུང་མེད་པ་འདིས།། རང་འདོད་གཉིས་ཀྱི་མཐའ་ལས་ལྡོག། རྣམ་རྟོག་བློ་ལ་གང་བྱུང་བ།། རང་བྱུང་རིག་པ་ཐད་ཀར་གཅོད།། བག་ཆགས་རྒྱུ་ལས་གང་ཞེན་པ།། ཞེན ་མེད་སྒྲོལ་བྲལ་ངོ་བོས་ལྡོག། འཛིན་མེད་རང་འབྱུང་སྨན་ཆེན་གྱིས།། འཁོར་བ་གཅོད་རོང་ནད་ལས་ལྡོག། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། འཁྲུལ་པ་ལྡོག་ཚུལ་གྱི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་རིག་པའི་རྒྱལ་པོས་རྣམ་དག་རང་བྱུང་གི་ལྟ་བ་འདི་གསུངས་སོ།། མཉམ་ཉིད་རྣམ་དག་བརྡལ་བའི་ཀློང་།། མཐའ་བྲལ་ཡེ་ཤེས་ལྷུན་གྱིས་གྲུབ།། རང་བྱུང་རྒྱུ་རྐྱེན་མེད་རྟོགས ་པས།། གཞན་ནས་འབྱུང་བའི་ཆོས་མ་ཡིན།། དངོས་གྲུབ་བདེ་བ་རང་ལ་འབྱུང་།། ཡེ་ཤེས་ཇི་བཞིན་གནས་པ་ལ།། རྩོལ་བའི་རྒྱུ་འབྲས་སྤྱད་དུ་མེད།། རིམ་སྩོལ་བློ་ཡི་ཐེག་པ་རྣམས།། དྲང་བའི་དོན་དུ་བཤད་པ ་ཡིན།། ཞེན་རྟོག་གིས་ནི་གཡོས་གྱུར་ཀྱང་།། རང་བྱུང་ངོ་བོ་གཡོས་པ་མེད།། དབྱེ་གསལ་མེད་པའི་ལྟ་བའི་ཆོས།། རྒྱུད་འབྲས་འདས་པའི་ངོ་བོ་ཡིན།། གདོད་ནས་གནས་པས་བྱ་མི་དགོས།། རྐྱེན་མེད་པར་མར་རང ་བྱུང་དག། མ་འགགས་ངོ་བོ་རྫོགས་པ་ཆེ།། སྩོལ་མེད་རང་བྱུང་ལུས་ཆེན་གྱིས།། ཐམས་ཅད་ངོ་བོ་གཏན་ལ་འབེབས།། དེས་ན་སྩོལ་མེད་རིག་པའི་ལུང་།། དོན་དང་མི་ལྡན་གྲ་ཆ་ན།། ནེ་ཙོ་མི་སྐད་སྨྲས་པ་འདྲ།། དེ ་ནས་ལུད་དང་ལྡན་མ་ཡིན།། སྙིང་པོ་དོན་གྱི་ངོ་བོ་སྟོན།། སྒྲ་ཚིག་ཞེན་པའི་ཡུལ་ལས་གྲོལ།། རང་རྟོགས་པ་ཡི་གདེང་ལྡན་ན།། ཡིད་ཆེས་བཤེས་པའི་མཚན་ཉིད་དོ།། ཡིན་པས་ང་ཡིས་བཀའ་དང་མཐུན།། ཅེས ་གསུང་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། ལྟ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་ཏིང་ངེ་འཛིན་རང་གནས་འདི་གསུངས་སོ།། སྩོལ་མེད་རང་སྣང་མ ་བཅོས་པས།། ཡེ་ཤེས་ལྷུན་གྲུབ་རང་བཞིན་གནས།། དགོངས་པ་མ་བཅོས་རང་སོ་ལ།། སྣ་ཚོགས་སྣང་སྟེ་ཞེན་པ་མེད།། སྒོམ་མེད་དོན་ལ་བློ་བཞག་མེད།། རང་བྱུང་རྟོག་མེད་མཉམ་ཉིད་ལ།། ཞེན་པའི་སྒྲོ་སྐུར་དང ་གིས་མེད།། བློས་གཞན་སྒོམ་པས་གྲོལ་འདོད་པ།། འཛིན་སེམས་དག་གིས་ལྕགས་སྒྲོལ་འདྲ།། ཆོས་ཉིད་ཟང་མ་ཐག་བྱུང་ལ།། རང་བྱུང་ཡེ་ཤེས་མཉམ་ཉིད་ཐུགས།། བཅོམ་མེད་རྩོལ་བྲལ་རང་བྱུང་གསལ།། རྣམ ་རྟོག་འཛིན་པ་ཅི་བྱུང་ཡང་།། རང་བཞག་བསམ་བྲལ་ཉིད་དུ་བདེ།། རྣམ་པར་རྟོག་པ་རྒྱུ་བ་ཡང་།། སེམས་ཀྱི་སྒོ་བཅད་དང་དུ་ཤེས།། རིག་པ་དུས་གསུམ་རྒྱུན་ཆད་མེད།། འབབ་ཆུ་རྒྱུན་གྱི་དཔེ་ཡིས་བསྟན།། དེ ་ཡིད་རྟོགས་པའི་དོན་བྲལ་ན།། མ་བྲལ་རང་གནས་དགོངས་པར་གནས།། སྙིང་པོ་མཉམ་ཉིད་ངོ་བོ་ནི།། དབང་སྒྱུར་རྒྱལ་བའི་ཐུགས་དང་མཉམ།། འདོད་པའི་ཚོགས་ལ་ཡིད་མི་འཇུག། རྫོགས་པའི་དགོངས་པ་རྣམ ་དག་ལ།། དུས་གསུམ་འདའ་མེད་བླང་དོར་མེད།། བསམ་མེད་འཛིན་མེད་ཏིང་འཛིན་རྐྱེན་ལས་གྲོལ།། མ་གཡོས་མ་བཅོམ་ཉིད་དུ་བདེ།། སྣང་བ་མེད་པའི་ཆོས་ཉིད་ནི།། བཙལ་མེད་རང་སོ་ཉིད་དུ་བདེ།། བརྗོད ་དུ་མེད་པའི་ཆོས་ཉིད་ལ།། སྒྲ་ཚིག་ཞེན་པའི་ཡུལ་ལས་སྡོག། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། ཏིང་ངེ་འཛིན་རང་གནས་ཀྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རང་རིག་པའི་རྒྱལ ་པོས།། རྣམ་དག་ཞེན་མེད་ཀྱི་སྤྱོད་པ་འདི་བཀའ་སྩལ་ཏོ།། ནམ་མཁའ་རྡོ་རྗེའི་སྦྱོར་བ་འདི།། སྦྱོར་བཞི་མ་ཆགས་སྤྱོད་པའི་མཆོག། རང་བཞིན་ཡེ་ཤེས་སྦྱོར་བ་ལ།། སྒོ་གསུམ་ཡངས་པའི་ལྷུག་པ་ཉིད།། སྤྱོད་པ་བླང ་དོར་གཉིས་མེད་དང་།། པདྨ་འདམ་ན་གནས་བཞིན་དུ།། འདམ་གྱི་སྐྱོན་གྱིས་གོས་པ་མེད།། སྣ་ཚོགས་སྣང་བར་སྤྱོད་མེད་ཀྱིས།། སྣང་བའི་སྐྱོན་གྱིས་གོས་པ་མེད།། སྩོལ་མེད་རང་གནས་རྟོགས་པའི་ཀློང་།། རྒྱུ ་འབྲས་ལྟོས་པའི་སྩོལ་བ་མེད།། ཉི་མའི་འོད་ལྟར་ཀུན་ཏུ་ཁྱབ།། ཁྱབ་བདག་ལྷུན་གྲུབ་ཡེ་བདལ་ལ།། ཞེན་མེད་ཚུལ་གྱི་འཇུག་ན་བདེ།། ཀུན་གསལ་ཆོས་ཉིད་དོན་རྟོགས་པས།། རྣ་བརྒྱུད་སྒྲ་ལ་རག་མ་ལུས།། སྐུ ་གསུམ་རྟོགས་པའི་དོན་ལྡན་ན།། ཐུགས་རྗེ་རིན་ཆེན་བཞིན་དུ་འབྱུང་།། རང་བྱུང་གཅིག་ལས་མ་གཡོས་ཀྱང་།། རིམ་སྩོལ་རྒྱུ་འབྲས་ཐེག་པ་རྣམས།། དྲང་དོན་མཐུན་པའི་ཐབས་སུ་བསྟན།། རང་བྱུང་ཡེ་ཤེས་རྟོགས ་པའི་ལྷ།། འཛབ་དང་བསྙེད་པ་དབུལ་མི་དགོས།། མཐའ་དབུས་མེད་པའི་སྙིང་པོ་ལ།། གཟུང་འཛིན་འཁྲུལ་པ་ངང་གིས་དག། སྦྲུལ་གྱིས་འདུད་པ་རང་གྲོལ་བཞིན།། མཚན་མ་སྣ་ཚོགས་རང་གྲོལ་འགྱུར།། མི་རྟོག ་རང་བྱུང་རྡོ་རྗེའི་དོན།། འགྱུར་མེད་ཡེ་ཤེས་རང་གྲོལ་འགྱུར།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་རིག་པའི་རྒྱལ ་པོ་ལ།། རྡོ་རྗེ་སེམས་དཔས་ཞུས་པ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་ཇི་ལྟར་ལགས་རིག་པས་བཀའ་སྩལ་པ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་བཞི་རུ ་འབྱུང་།། འགྲོ་དྲུག་ཞེན་པས་སྣང་བ་དང་།། རྒྱུ་འབྲས་བློ་ཡི་སྣང་བ་དང་།། རྟོགས་ལྡན་དོན་གྱི་སྣང་བ་དང་།། ཀུན་ཏུ་འཟང་བའི་སྣང་བའོ།། ཡང་ཞུས་པ།། རྫོགས་ཆེན་དགོངས་པའི་རང་བཞིན་ལ།། ཡོན་ཏན ་རྫོགས་ལུགས་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། སྣ་ཚོགས་མ་ཡེངས་པ་ཡི་ངང་དུ་རྫོགས།། ཞེན་པ་མེད་པའི་ངང་ལས་འདའ་བ་མེད།། འཁོར་བ་མ་སྤངས་པ་ཡི་ངང་དུ་རྫོགས།། དོགས་པ ་མེད་པས་ངང་དུ་འདའ་བ་མེད།། རྒྱུ་འབྲས་མ་སྤངས་པ་ཡི་ངང་དུ་རྫོགས།། རྟོག་པ་མེད་པས་ངང་ལས་འདའ་བ་མེད།། ཅེས་གསུངས་སོ།། ཡང་ཞུས་པ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། མཚན་ཉིད་རྣམ ་གྲངས་ཇི་ལྟར་ལགས།། བཀའ་སྩལ་པ།། དེ་བཞིན་ཉིད་དུ་རྫོགས་པའི་རྫོགས་ཆེན་དང་།། ལྟ་བ་ཡོངས་སུ་རྫོགས་པའི་རྫོགས་ཆེན་ནོ།། རིམ་པ་ཚུལ་གྱིས་རྫོགས་པའི་རྫོགས་ཆེན་ནོ།། ཞེས་གསུངས་སོ།། ཡེ ་ཤེས་འཁོར་ལོ་གསང་བ་ལས།། ཡོན་ཏན་གྱི་སྣང་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ།། རིག་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རང་སྣང་རྣམ་དག་རྒྱལ་པོ ་ཁྱོད།། མི་འགྱུར་སྐུ་ཡི་བདག་ཉིད་ཅན།། མི་འགག་གསུང་གི་རོལ་བར་ཤར།། མི་རྟོག་ཐུགས་ཀྱི་རོལ་པར་མཁྱེན།། སྐུ་གསུམ་དང་ལྡན་ཐུགས་རྗེའི་བདག། མོས་པའི་འཁོར་ཚོགས་འདུས་པ་ལ།། དམ་ཚིག་གསང ་བ་བཤད་དུ་གསོལ།། ཞེས་ཞུས་པ་དང་།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་ལྷུན་གྲུབ་ཆེན་པོ་ལ།། བཅོམ་མ་གྲངས་ཀྱི་དམ་ཚིག་དང་།། རང་བྱུང་སྩོལ་མེད་དམ་ཚིག་ནི།། འཁོར་བའི་མཚོ་ལས་བསྒྲལ ་བའི་གྲུ།། མི་འགྱུར་རྡོ་རྗེ་ལྟ་བུ་ལ།། ཕྱི་ནང་གསང་བའི་དམ་ཚིག་མེད།། མ་བཅོས་རང་སྣང་དམ་ཚིག་ནི།། མེད་པ་འཕྱལ་པ་གཅིག་པུ་དང་།། ལྷུན་གྱིས་གྲུབ་པའི་དམ་ཚིག་གོ། འཛིན་པ་མེད་པའི་ཆོས་ཉིད ་ཀྱིས།། བསྲུང་དུ་མེད་པའི་ངང་དུ་བཞག། བསྒྲུབ་མེད་རང་བྱུང་ཆེན་པོ་ལ།། བསྲུང་མེད་དམ་ཚིག་རང་གནས་ན།། ཕྱོགས་འཛིན་མེད་པའི་ངཔལ་གནས།། རང་བྱུང་མ་བཅོས་གཅིག་པུ་ལ།། ཡེ་ཤེས་རང་བྱུང་མི ་འདའ་ན།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། དམ་ཚིག་འདི་ལས་མི་འདའ་བས།། ལྷུན་གྲུབ་དམ་ཚིག་ཆེན་པོ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་གསང་བ་ལས།། དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། རིག ་པའི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རང་སྣང་རྒྱལ་པོ་གང་འདོད་པ།། རང་བྱུང་དྲངས་སྙིགས་ཕྱེ་ལ་ལྟོས།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་།། རིག་པའི་རྒྱལ་པོ་རྡོ་རྗེའི ་བདག། ངེས་པར་བྱུང་དོན་འདི་ཤེས་ཉོན།། སངས་རྒྱས་ཀུན་གྱི་རང་བྱུང་བ།། བླ་ན་མེད་པ་རྟོགས་གྱུར་ན།། དེ་ཉིད་རང་སྣང་མཉམ་པར་ལྟ།། གང་གི་རང་བྱུང་རྟོགས་པའི་མཆོག། རང་སྣང་རྩོལ་བྲལ་དོན་ཤེས ་ན།། འདྲེན་པའི་ཚོགས་ཀྱིས་མ་བཀྲོལ་ཡང་།། རང་བྱུང་ཡོན་ཏན་བསམ་མི་ཁྱབ།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྣམ་རྟོག་འཛིན་པའི་འཁྲུལ་བ་དེ།། གཉེན་པོས་བསྒོམ་དུ་ཡོད་དམ་མེད ་ཅེས་གསོལ་བ་དང་།། རིག་པས་བཀའ་སྩལ་པ།། རྣམ་པར་རྟོག་པའི་གཉེན་པོར་རྣམ་པར་རྟོག་པའོ།། མི་རྟོག་སྒོམ་པས་རྟོགས་པ་ཆེན་པོར་སོང་།། སྒོ་གཅད་ལ་འདས་མ་བུ་སྤྲད་པ་ན།། ཆུ་བོ་རྒྱུན་གྱི་དགོངས་པ ་ཆེན་པོ་ཡིན།། ཚེ་གཅིག་བྱང་ཆུབ་ཐོབ་ནས་རྒྱུ་འབྲས་སྩོལ་བ་མེད།། རང་བྱུང་ཡེ་ཤེས་ལམ་གྱི་དམ་པ་ཡིན།། བྱ་ལམ་མཁའ་ལ་རྗེས་མེད་འདྲ།། རང་བྱུང་རྩོལ་མེད་དོན་པོ་ཆེ།། སེམས་ཀྱི་སྒོ་གཅོད་ཤེས་གྱུར ་ན།། རང་བྱུང་མཁའ་ལ་སྤྲིན་དྲངས་འདྲ།། ཇི་བཞིན་ནམ་མཁའི་རང་བཞིན་ལ།། ཉི་མའི་སྙིང་པོ་ཤར་བ་བཞིན།། ཡེངས་པ་མེད་པ་ཁོ་ནར་ཟད།། ཆོས་ཉིད་སྤྲོས་དང་བྲལ་བ་ལ།། རང་བྱུང་རིག་པའི་རྒྱལ་པོ ་ཤར།། རྣམ་རྟོག་རྒྱུ་འཇུག་ཤེས་པས་ཤེས།། ཞེན་མེད་རང་བྱུང་ཉིད་ཀྱིས་གྲུབ།། གང་ཞིག་ཤེས་རབ་རྟོགས་ཤེས་ན།། དུས་གསུམ་ང་ཡི་ཆོས་དང་མཐུན།། རབ་ཏུ་རྩལ་ན་མ་དམིགས་ཆོས།། རང་བྱུང་ང་ཡི་ཆོས་དང ་འགལ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། ཡིན་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། རིག་པའི་རྒྱལ་པོས།། རྡོ་རྗེས་སེམས་དཔའ་ལ།། རྒྱུ་འབྲས་ལ་ཟླ་བའི་དོན་གསུངས་པ།། བདག་ཏུ་ངེས ་བཟླ་འདོད་པ་ཡང་།། རང་བྱུང་བདག་མེད་འཁྲུལ་པས་བསྒྲིབ།། ཕྲ་རབ་ཡུལ་དུ་མཐོང་བ་ཡང་།། རང་བྱུང་ཡུལ་མིན་ཕྱིན་ཅི་ལོག། རྟེན་འབྲེལ་བཅུ་གཉིས་འདོད་པ་ཡང་།། རྟོག་མེད་རྟོགས་པས་ཕྱིན་ཅི ་ལོག། དངོས་པོ་རྣམ་པར་འཛིན་པ་ཡང་།། རང་བྱུང་དངོས་མེད་ཕྱིན་ཅི་ལོག། དམིགས་པ་མེད་པའི་སྟོང་པ་ཡང་། རྒྱུ་འབྲས་ལམ་གྱི་གོལ་པ་ཡིན།། དགག་པ་དང་ནི་གཉིས་སུ་ལྟ།། འདོད་པ་སྟོབས་ཀྱིས་བསྒྲུབས ་གྱུར་ཀྱང་།། བགྲོད་མེད་འབྲས་བུ་ཐོབ་པ་མེད།། རྣམ་གསུམ་བྱིན་རླབས་འདོད་པ་ཡང་།། སྐྱེས་མེད་སྩོལ་བས་རང་བྱུང་བསླད།། ཐབས་དང་ཤེས་རབ་བདེ་བ་ཡང་།། སྩོལ་བསྡམས་པས་སྩོལ་མེད ་བཅིངས།། དབྱིངས་དང་ཡེ་ཤེས་ལྟ་བ་ཡང་།། འཛིན་མེད་ལྷུན་གྲུབ་དོན་དང་འགལ།། མི་གནས་ཡེ་ཤེས་རང་བཞིན་ནི།། ཕྱོགས་རིས་མེད་པས་ཞེས་པ་གྲོལ།། བྱ་བྲལ་རྫོགས་པ་ཆེན་པོ་ནི།། རང་སྣང་རྟོགས་པས ་ཞེན་པ་ལྡོག། དྲན་པ་ཀུན་ཡང་ཡེ་ཤེས་རང་སར་གནས།། མཉམ་ཉིད་རང་གྲོལ་ཆེན་པོ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། ཐེག་པའི་བྱེ་བྲག་ལ་བཟླ་བའི་ལེའུ་སྟེ་བཅུ ་པའོ།། །། རིག་པའི་རྒྱལ་པོས།། རྡོ་རྗེ་སེམས་དཔའ་ལ་གསུངས་པ།། གཞི་བཞག་རང་བྱུང་ཆེན་པོ་ལ།། བག་ཆགས་འཁྲུལ་པ་ཀ་ནས་དག། འཛིན་པའི་ཞེན་པ་བྱ་བ་བཏང་།། སྣ་ཚོགས་བློས་བཟུང་ལྟ་བ ་དང་།། མ་ཚོར་ཡིད་ལ་བྱེད་པ་དང་།། བཏང་སྙོམས་ལྟེངས་པའི་མུན་པ་དང་།། ཞི་འདོད་ཡིད་ལ་བྱེད་པ་ཀུན།། འབྲེལ་མེད་ནམ་མཁའ་ལྟ་བུའི་དོན།། ཞེན་མེད་རང་བྱུང་ཡེ་ཤེས་ལ།། ཞེན་པ་མེད་པས་བྱ་བ ་བཏང་།། ཡེ་ནས་རང་བཞིན་དག་པ་ཡི།། གཞི་ལ་འཁྲུལ་པའི་བྱ་བ་བཏང་།། དབང་པོ་བཟུང་བའི་ཡུལ་དང་ནི།། དམིགས་པ་རྐྱེན་གྱི་བྱ་བ་བཏང་།། ཡིན་ཚུལ་བློ་ཡིས་བྱ་རུ་མེད།། སྣང་ཚལ་རྐྱེན་གྱིས་ཇི་ལྟར ་སྣང། རྟོགས་ཚུལ་རང་བཞིན་མེད་པར་རྟོགས།། གྲུབ་མཐའ་བློ་ཡིས་བྱ་བ་བཏང་།། དཔེར་ན་ཉི་མའི་སྙིང་པོ་ཡང་།། མུན་མེད་འོད་ཀྱིས་རང་བཞིན་ཡིན།། དེ་བཞིན་སངས་རྒྱས་རང་བཞིན་ཡང་།། སྩོལ་མེད ་འཁྲུལ་པ་གཞི་ནས་དག། སྣང་མེད་དོན་དང་ལྡན་པ་ནི།། རྡོ་རྗེ་སེམས་དཔའི་དགོངས་པ་ཡིན།། དུས་གསུམ་འགྱུར་བ་མེད་པས་མཉམ་གཞག་རྗེས་ཐོབ་མེད།། ཐིག་ལེ་ཉག་གཅིག་གཅིག་ལས་མེད་པ་ལ།། བརྒྱད ་ཁྲི་བཞི་སྟོང་ང་ཡི་ཆོ་འཕྲུལ་ཡིན།། སྣ་ཚོགས་ང་ཡིས་བྱས་པ་སྟེ།། ང་ཡི་རང་བཞིན་བྱེད་པ་ཀུན་ལས་རྒྱལ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གསང་བ་ལས།། རྫོགས་ཆེན་བྱ་བ་བཏང་བའི་ལེའུ་སྟེ་བཅུ་གཅིག ་པའོ།། །། དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་བས།། རྫོགས་ཆེན་རང་སྣང་ཆོས་ཉིད་འདི།། དགོངས་པ་ཀུན་གྱི་མཆོག་ཡིན་པས།། འདོད་པའི་སྩོལ་བས་སྒྲུབ་ཏུ་མེད།། འདོད་པའི་རང་བཞིན་སྒྲུབ ་དོད་བ།། རྡོ་ལ་གསེར་དུ་འདོད་པའོ།། གསེར་འདོད་རྡོལ་རེ་བ་མེད།། རྟོག་པ་མ་ཆོད་བདེ་བ་ཡང་།། རྟོག་མེད་ངོ་བོ་མཐོང་བ་མེད།། འཛིན་པ་དུ་མ་རང་གྲོལ་ན།། ཡང་དག་སྩོལ་བས་སྒྲུབ་ཏུ་མེད།། སྩོལ་མེད ་དོན་ལ་གནས་པ་ནི།། བྱང་ཆུབ་མཆོག་ལ་གནས་པ་ཡིན།། སློང་ལེན་མེད་པའི་སྣང་བ་རང་སོ་ལ།། དབུས་མཐའ་མི་དམིགས་རྣམ་པར་རྟོག་དང་བྲལ།། ཡེ་ཤེས་རྣམ་དག་ལྷུན་གྲུབ་ཆེན་པོ་ལ།། རེ་དོགས་མེད་པར ་ཆོས་ཉིད་རང་ལ་གསལ།། རང་བྱུང་རིག་པ་སངས་རྒྱས་ཡིན་ཤེས་ན།། གཞན་ལ་རྟེན་ཅིང་བསྒྲུབ་པ་འཁྲུལ་པའི་ལམ།། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ཚོལ་བ།། རྒྱ་མཚོའི་ནང་ནས་སྨིག་སྒྱུའི་ཆུ་ལ ་འགྲོ།། དེས་ན་གསང་རྒྱས་རེ་འདོད་གཞན་ན་མེད།། དབྱེ་གསལ་བླང་དོར་མེད་པ་དམ་པ་ཡིན།། ཆོས་སྐུ་ཡེ་ནས་རྣམ་པར་དག་པ་ལ།། སྣང་བ་ཞེན་པ་མེད་པའི་སྤྱོད་པ་མཆོག། ཐེག་ཆེན་ནམ་མཁའི་ཀློང་ནས་ཉི ་ཤར་བས།། གདུལ་བྱའི་གང་ཟག་རྣམས་ཀྱི་དོན་དུ་སྣང་།། དོན་གྱི་ངོ་བོ་གདུལ་དང་མི་འདུལ་གཉིས་མི་མངའ།། རིག་པའི་རྒྱལ་པོ་ཡེ་ཤེས་ཉེ་ཟེར་གྱིས།། མཐའ་ཡས་སེམས་ཅན་རྣམས་ལ་སྣང་བར ་སྒྲོན་མ་སྟོན་པར་ཤོག། ཅེས་གསུངས་སོ།། རང་བྱུང་གི་རྡོ་རྗེ་སེམས་དཔས་སྲིད་པའི་འཁོར་ཆེན་པོ་འདི།། ཉིད་ལས་མི་ཞན་པའི་འཁོར་སངས་རྒྱས་བྱམས་པ་ཀུན་གཟིགས་ལ་བཤད་ན།། འཁོར་ཉེ་བའི་སྲས ་མཆོག་དམ་པ་དགའ་རབ་རྡོ་རྗེས་བསྡུས་པའོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། སྩོལ་བ་དང་བྲལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། རྒྱུད་ཐམས་ཅད་ཀྱི་དབུ་ཡེ་ཤེས་འཁོར་ལོ་གསང་བའི ་རྒྱུད།། རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་པོ་དང་།། རིགས་ལྔའི་བདེ་བར་གཤེགས་པ་དང་།། སྤྲུལ་པའི་སྒྲ་སངས་རྒྱས་འོད་སྲུངས་རྣམས་དང་།། རྩ་བའི་རྒྱུད་ཆེན་པོ་བཤད་པ་རྫོགས་སོ།། ཉམས ་སུ་མི་ལེན་གང་ཟག་ལ།། སྲོག་དང་བྲལ་བའི་ཁ་བཞིན་པ་རྣམས།། ནྱ་ནྱ་ཎྱཿ། ་