| Wylie | e-texts produced with BDRC’s OCR application |
སངས་རྒྱས་མྱ་ངན་ལས་འདས་པའི་མདོ།། ལུང་བམ་པོ་གསུམ་པ།། མན་ངག་སྙིང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་ལ་ཕྱག་འཚལ་ལོ།། ལུང་སྙན་ཁུང་བརྒྱུད་པའི་བམ་པོ་དང་པོས་ཆོས་ཇི་ལྟར་བྱུང་བའི་ཁུངས་བསྟན་པ། མངོན་དུ་ཕྱུང་བའི་ལུང་བམ་པོ་གཉིས་པས་དགོངས་པའི་ལ་བཟླས། ཡོངས་སུ ་གྲགས་པའི་ལུང་བམ་པོ་བཅོ་བརྒྱད་པས་ཡིད་ཆེས་པའི་དོན་གཏན་ལ་ཕབ་པའོ།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཕྱག་འཚལ་ལོ།། རྡོ་རྗེ་འཆང་ཆེན་པོས་ཐུགས་མཆོག་རིག ་པའི་ཡེ་ཤེས་ལ།། དགོངས་པ་ཟབ་མོའི་ཀློང་བརྟོལ་ཏེ། གསང་བའི་རྒྱུད་མང་དུ་ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས་གསུང་མི་ཟད་པའི་མཛོད་བརྟོལ་ཏེ། ལྗགས་ཀྱི་དབང་པོ་པདྨ ་བཀྲམ་པའི་འོད་ཟེར་ལས། ཤིན་ཏུ་ཟབ་ཅིང་དཔག་པ་དཀའ་བའི་ཆོས་ཉིད། དོན་བཟང་པོ་ཁྱད་པར་ཅན་ལས། ཚིག་གསང་བ་ཡ་མཚན་རྨད་དུ་བྱུང་བ། དགོངས་པ ་ཉག་གཅིག་བྱ་བཙལ་ཐམས་ཅད་དང་བྲལ་བ་འདི། འོག་མིན་གྱི་གནས་ཆོས་ཀྱི་ཕོ་བྲང་བདེ་བ་ཅན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་བཤད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ་ལོ།། དཔལ་རྡོ་རྗེ་སེམས་དཔའ་ཐུགས་མཆོག་གི་ཡེ་ཤེས་ལས། དགོངས་པ་ཟབ་མོའི་ཀློང་བརྟོལ་ཏེ། ཐུགས་ཀྱི་དཀྱིལ་འཁོར་སྒོ་ཆེ་སྟེ་གསུང་མི་ཟད་པའི་མཛོད་བརྟོལ་ཏེ།། ལྗགས་ཀྱི ་དབང་པོ་པདྨོ་བཀྲམ་པའི་འོད་ཟེར་ལས།། ཤིན་ཏུ་ཟབ་ཅིང་དཔག་པར་དཀའ་བའི་ཆོས་ཉིད། དོན་བཟང་པོ་ཁྱད་པར་ཅན་ལས། ཚིག་གསང་བ་ཡ་མཚན་རྨད་དུ་བྱུང་བ་སྤྲོས་ཏེ། སྟེང ་ལྷའི་གནས་རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་དགའ་བ་ཅན་དུ། དཔལ་དགའ་རབ་རྡོ་རྗེ་ལ་བཤད། བཅོམ་ལྡན་འདས་དཔལ་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ།། དགའ་རབ་རྡོ་རྗེ་ཐབས་མཆོག་རིག་པའི་ཡེ ་ཤེས་ལ། དགོངས་པ་ཟབ་མོའི་ཀློང་བརྟོལ་ཏེ། ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས་གསུང་རིག་པའི་མཛོད་བརྟོལ། ལྗགས་ཀྱི་དབང་པོ་པདྨ་བཀྲམ་པའི་འོད་ཟེར་ལས། ཤིན་ཏུ་ཟབ་ཅིང་དཔག་པར་དཀའ་བའི་ཆོས ་ཉིད། དོན་བཟང་པོ་ཁྱད་པར་ཅན་ལ།། ཚིག་གསང་བ་ཡ་མཚན་རྨད་དུ་བྱུང་བའི་དོན་སྤྲོས་ཏེ།། དབུས་འགྱུར་འོད་མའི་ཚལ་བྱང་ཆུབ་ཤིང་དྲུང་དུ།། ཐུགས་རྗེ་ཆེ་ལ་ཐབས་མཁས་པ་གང་དང་ཡང་འགྲན་ཟླ་མེད་པ།། ་བྱང་ཆུབ་སེམས་དཔའ་འཇམ་དཔལ་བཤེས་གཉེན་ལ་བཤད་དོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ་ལོ།། འཇམ་དཔལ་གཞོན་ནུས་ཐུགས་མཆོག་རིག་པའི་ཡེ་ཤེས་ལས།། དགོངས་པ ་ཟབ་མོའི་ཀློང་བརྟོལ་ཏེ།། ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས་གསུང་རིག་པའི་མཛོད་བརྟོལ་ཏེ།། ལྗགས་ཀྱི་དབང་པོ་པདྨ་བཀྲམ་པའི་འོད་ཟེར་ལས།། ཤིན་ཏུ་ཟབ་ཅིང་དཔག་པར་དཀའ་བའི་ཆོས་ཉིད།། སངས ་རྒྱས་ཀྱི་དགོངས་པ་ཉག་གཅིག་ལ་ཟླས།། ཚིག་གསང་བ་ཡ་མཚན་རྨད་དུ་བྱུང་བ།། རྡོ་རྗེ་གདན་དུ་སློབ་དཔན་ཤྲི་སིང་ཧ་ལ་བཤད་དོ།། སློབ་དཔོན་ཤྲི་སིང་ཧ་ལ་ཕྱག་འཚལ་ལོ།། ཤྲི་སང་ཧས་ཐུགས་རིག་པའི་ཡེ ་ཤེས་ལས། དགོངས་པ་ཟབ་མོའི་ཀློང་བརྟོལ་ཏེ། ཐུགས་ཀྱི་དཀྱིལ་འཁོར་སྒོ་བྱེ་ནས་གསུང་རིག་པའི་ཀློང་བརྟོལ་ཏེ།། ཤིན་ཏུ་ཟབ་ཅིང་དཔག་པར་དཀའ་བའི་ཆོས་ཉིད། ཐུན་མོང་མ་ཡིན་པའི་རྣལ ་འབྱོར་གྱི་དབང་ཕྱུག་ཆེན་པོ། དགོངས་སུ་མེད་པའི་དགོངས་པ་འདུ་འབྲལ་མེད་པར་བཞུགས་པ། ལྟ་བ་ཁྱད་པར་གྱི་དོན་ལས་འཕགས་པ། ཚིག་འབྲུ་བཟང་པོ་དོན་མ་འདྲེས་པར་སྟོན། རྒྱུད་ལུང་མན་ངག་ཆོས་དང ་མ་འདྲེས་པ། ཚིག་ཉུང་ལ་དོན་འཐུག་པ། ཤེས་རབ་སྐེར་བུས་མི་ཟིན་པ། བརྟགས་པས་དབེན་པ། ནད་ཐམས་ཅད་སེམས་པར་བྱེད་པའི་སྨན་ཆེན་པོ་འདི། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བི་མ་ལ་མི་ཏྲ་ལ ་བཤད་དོ།། སློབ་དཔོན་བི་མ་ལ་མི་ཏྲ་ལ་ཕྱག་འཚལ་ལོ།། བི་མ་ལ་མི་ཏྲས་ལས་འཕྲོ་དང་སྐལ་བར་ལྡན་པ། བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་དང་།། ནང་བློན་ཆེན་པོ་ཏིང་ངེ་འཛིན་བཟང་པོ་གཉིས་ལ། བྱང ་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་ཞེས་བྱ་སྟེ། བསྟན་པ་ཡོངས་ཀྱི་སྙིང་པོ།། གསང་སྔགས་ཐམས་ཅད་ཀྱི་སེ་དར།། རྒྱུད་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་རྒྱལ་པོ། མན་ངག་ཐམས་ཅད་སྤྱི་བཅིངས། ་དགོངས་པ་ཐམས་ཅད་ཀྱི་ལ་ཟློ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས། སངས་རྒྱས་ཉག་གཅིག་གི་དགོངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས། དོན་གྱི་གསང་བ། གསང་བ་བས་ཀྱང་ཆེས་གསང་བ། ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་གསང་བ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་དགོངས་པ། ཚིག་གཅིག་གི་རྟོག་པ་ཁྱད་པར་ཅན་ལ་སྤྱོད་པ་ལ་བཤད་དོ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གསང ་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ཀྱང་། བསྡུ་ན་རིན་པོ་ཆེ་རྣམ་པ་གསུམ་དུ་འདུས་ཏེ། སྙིང་པོ་བྱང་ཆུབ་ཀྱི་མཆོག་ལྟ་བའི་ཡང་རྩེ། མན་ངག་གི་འཕྱོང་། རྩོལ་བ་ལས་འདས་པའི་ཊཱི་ཀ་ཆེན་པོ། རྡོ ་རྗེ་སེམས་དཔའི་མཛད་སྤྱོད། མཚོན་པ་རྒྱུད་དང་། ལུང་དང་། མན་ངག་གསུམ་དུ་སྤྱད་ནས། དེ་གསུམ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནམ་མཁའ་ལྟ་བུའི་དགོངས་བརྟོགས་པར་བྱ་བའི་ཕྱིར།། ་རྒྱུད་ལུང་མན་ངག་གི་མཐའ་བཀྲོལ་བ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་རང་ཤེས་རིག་གི་རྒྱལ་ཡིད་བྱེད་པ་པོ། རྡོ་རྗེ་ཀུན་ཏུ་བཟང་པོ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་ནས་ཡང་། བཅོམ་ལྡན་འདས་དཔལ ་རྡོ་རྗེ་སེམས་དཔའི་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་བཙལ་བའི་རྒྱུད་ལྔ་དེའི་འགྲེལ་དུ་བསྟན་པར་ཤེས་པར་བྱ།། དེའི་ཡང་འགྲེལ་དུ་མན་ངག་གི་རྒྱུད་བཞིན་དོན་གྱི་གཏན་ལ་ཕབ་ནས། ་དེའི་སྟེང་དུ་དགོངས་པ་ངེས་པར་འབྲེལ་བའི་རྒྱུད་བཞི་སྟེ་བཅུ་གསུམ་གྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐའ་བཀྲོལ་ནས། ལུང་གི་ཊཱི་ཀ་ཆེན་པོ་བཞིས་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་ནོ།། མན་ངག ་གི་མདོ་བམ་པོ་གསུམ་པས་སངས་རྒྱས་ཡོངས་སུ་མྱང་ལས་འདས་པར་བསྟན་པའོ།། དེར་ཇི་ལྟར་ཞེ་ན། ཆོས་ཆེན་པོ་ཡང་གསང་རྨད་དུ་བྱུང་བའི་དོན་ངེས་པར་འབྲེལ་བའི་རྒྱུད་ལུང་མན་ངག་གསུམ ་ལ། སྤྱིའི་དོན་རྣམ་པ་དྲུག་གིས་དབུ་ཞབས་ཀྱི་དོན་ཤེས་པར་བྱའོ།། དོན་རྣམ་པར་དྲུག་གང་ཞེ་ན། ལོ་རྒྱུས་ཀྱི་དོན་དང་གཅིག། རྩ་བའི་དོན་དང་གཉིས། ཚིག་གི་དོན་དང་གསུམ། ཡི་གེའི་དོན་དང་བཞི། དགོངས ་པའི་དོན་མཐར་ཐུག་པ་དང་ལྔ། མཇུག་དགོས་ཆེད་ཀྱི་དོན་དང་དྲུག་གིས། བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་ཆེན་པོ་ཞེས་བྱ་སྟེ། དགོངས་པ་ངེས་པར་འབྲེལ་བའི་རྒྱུད་བཅུ་གསུམ། ལུང་གི་ཊཱི་ཀ་ཆེན་པོ ་བཞི་སྟེ་བཅུ་བདུན། མན་ངག་གི་མདོ་བམ་པོ་གསུམ་པ་སྟེ་བཅོ་བརྒྱད་དོ།། དེ་རྣམས་ཀྱི་སྙིང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་རྒྱན་དུ་བཀོད་པས། དགའ་རབ་རྡོ་རྗེས་སྟོན་པའི་ཞལ་ནས་གསུངས་པའི་ལུང་མ་ནོར ་བཔབར་དཀར་ཆག་ལ་གནས་ཏེ། རྒྱུད་ལུང་མན་ངག་ཏུ་བསྡེབས་ནས་མཛད་པས། ལུང་གི་རྒྱུད་བཅོ་བརྒྱད་ཅེས་བསྟན་ཏོ།། ལོ་རྒྱུས་ཀྱི་དོན་ལ་ཡང་དབྱེ་ན་གསུམ་སྟེ། བྱིན་གྱིས་བརླབས་ཀྱིས་བཤད་པ་དང་། རང་གི ་ངོ་བོས་བཤད་པ་དང་། ཚིག་སྡེབས་སྦྱོར་ལེགས་པས་མན་ངག་ཁོང་ཁྲག་བཤད་པའོ།། དེ་ལ་བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། བཅོམ་ལྡན་འདས་དཔལ་དོ་རྗེ་སེམས་དཔའ། ཐུགས་ཡེ་ཤེས་ཀྱི་དགོངས་པ་ཟབ ་མོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པའི་རྡོ་རྗེ་ཀུན་ཏུ་བཟང་པོས། ལྷ་གནས་གསུམ་དུ་དགའ་རབ་རྡོ་རྗེ་ལ་བཤད་དོ།། དེ་ཡང་ཚུལ་ཇི་ལྟར་བཤད་ན། གདུལ་བྱ་རྣམས ་ཀྱི་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་གདུལ་བར་གཟིགས་ནས། འཁོར་སེམས་ཅན་ཐམས་ཅད་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་ཅིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལ་གཟུགས་པའི་དོན ་ཆེད་དུ། ཐབས་གཉིས་སུ་གསུངས་པ་ནི། དགའ་རབ་རྡོ་རྗེ་ངས་གསུངས་པའི་མདོ། ལྡེམ་དགོངས་སུ་གསུངས་པ་ནི། ལུང་རྐྱང་པ་བཅོ་བརྒྱད་དུ་ཕྱེ་སྟེ། གདུག་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ནས། གཙོ་བོ་ཉི ་ཤུ་རྩ་གསུམ་རྒྱུད་པ། ཞེ་སྡང་གི་ཤས་ཆེ་བ། ཨོཾ་ད་ཏྲ་ཡུལ་གྱི་ད་ཧེ་ན་ཏ་ལོ་དང་། དེའི་སྲས་དྲེག་པ་ཅན་ཐུ་བོ་རཱ་ཛ་ཧ་ཏི་དང་། དེའི་སྲས་འདོད་ཆགས་ཀྱི་ཤས་ཆེ་བ་སྲས་མོ་པར་ནི་དང་། ལྷོའི་འཛམ་བུ་གླིང་ན་གཏི ་མུག་གི་ཤས་ཆེ་བ། ཀླུའི་རྒྱལ་པོ་འཇོག་པོ་དང་། རི་རྩེ་གསུམ་གནོད་སྦྱིན་མོ་ཡོན་ཏན་ལག་གི་བུ་མོ་གནོད་སྦྱིམ་མོ་བྱང་ཆུབ་དང་། ཡུལ་ག་བུ་ཀྱི་གཞོང་ནས་ཀྱི་མཁན་པོ་ཀུ་ཀུ་ར་ཛ་དང་། ཁ་ཆེའི་ཡུལ་ནས་སྐད་ལ ་མཁས་པ་རབ་སྣང་དང་། མ་ཧཱ་རཱ་ཛ་དང་། དེ་བ་རཱ་ཛ་དང་། དེ་བ་ཙནྡ་དང་། ཀླུ་གྲུབ་སྙིང་པོ་དང་། ཨརྱ་ཨ་བ་ལོ་ཀི་དང་། ན་གཱ་རྫུ་ན་དང་། སྲས་མོ་གོ་མ་དེ་བྱི་དང་། དགེ་སློང་མ་བུདྷ་ས་མ་ལ་དང་། འཇམ་དཔལ ་དཔལ་བཟངས་དང་། ཁྱིའི་མཁན་པོ་ད་ཧུ་ན་དང་། དྲང་སྲོང་འབག་ཤི་ཏ་དང་། སངས་རྒྱས་གསང་བ་དང་། དགེ་སློང་མ་བདག་ཉིད་མ་དང་། དགེ་སློང་མ་ཀུན་དགའ་མོ་ལ་སོགས་པ། གདུག་པ་ཅན ་ལྷ་མ་སྲིན་སྡེ་བརྒྱད། ཡུལ་ད་ཧེ་ན་ཀུ་ཤའི་འདུ་ཁང་དུ་ཚོགས་ནས་དགའ་ར་བ་རྡོ་རྗེ་ལ་རང་རེའི་རྟོགས་ཚད་ཕུལ་ལོ།། མཁས་པ་ཉི་ཤུ་རྩ་གསུམ་པོ་དེ་རྣམས་ཀྱིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཏེ ་སངས་རྒྱས་སོ།། དེ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་སོ།། བཅོམ་ལྡན་འདས་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ།། དོན་དམ་པའི་དགོངས་པའི་ལུང་བཅོ་བརྒྱད་སྦག་མ་རུ་བསྟན་པ། དེ་རྣམས་ཀྱི་ནང་ནས་ཕྱི ་རབས་ཀྱི་རྣལ་འབྱོར་པ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ། ལྡེམ་པོ་དགོངས་པ་ལས་ཁྱད་པར་དུ་འཕགས་པ། ལུང་གི་རྒྱན་ཆེན་པོ་བཅོ་བརྒྱད་ལགས་ཏེ། ཡོད་མིན་གྱི་ལྟ་བས་གོང་ཆོད་དེ། དེ་དང་ལྟ་བ་འདྲེས་ཀྱི ་དོགས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཏོན་མེན་གྱི་ལྟ་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ལུང་གི་རྒྱན་བཅོ་བརྒྱད་བྱང་ཆུབ་ཀྱི་ཤིང་དྲུང་དུ་འཇམ་དཔལ་བཤེས་གཉེན་ལ་གདམས་ཏེ། རྒྱས་བཏབ་ནས་སྦས་སོ།། རྒྱ་དེ ་ནས་རྡོ་རྗེ་གདན་དུ་ཤྲི་སིང་ཧ་ལ་གདམས་ཏེ། རྒྱ་དེ་ནས་བི་མ་ལ་མི་ཏྲ་ལ་གདམས་ཏེ། རྒྱ་ལུང་བཅོ་བརྒྱད་ཚིག་གིས་དོན་དོན་གཏིང་རྫོགས་པར་བྱ་བའི་ཕྱིར། ཚིག་དེ་ལ་མཁས་པ་ཉི་ཤུ་རྩ་གཅིག་གིས།། ཀུ་ཤའི ་འདུ་ཁང་དུ་བརྩལ་དུ་མེད་པའི་སྒོམ་པ་མཐར་བཏུགས་ཏེ། ཀུན་གྱི་རྟོགས་ཚད་དགའ་རབ་རྡོ་རྗེ་ལ་ཕུལ་ཏེ། དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་ཕུལ་ཏེ། རྒྱ། དེ་ཡན་ཆད་དུ་བྱིན་གྱིས་བརླབས་ཀྱིས ་བཤད་དོ། རྒྱ། རང་གི་ངོ་བོས་བཤད་པ་ན། ཕྱི་ནང་ཆོས་ཐམས་ཅད་དུས་གསུམ་དུ་འདུས་མ་བྱས་ཏེ། འགྱུར་བ་མེད་པའི་མཉམ་པ་ཆེན་པོའི་ཀློང་། འདུས་མ་བྱས་པའི་སྙིང་པོ། སྙིང་པོ་བྱང་ཆུབ་ཀྱི་མཆོག། བདེ་བ ་ཆེན་པོའི་རང་བཞིན། ཆོས་ཀྱིས་མ་བྱས་པའི་ཤེས་རབ་ཀྱི་དཀྱུས་ཀུན་ཁོང་ནས་བདེའོ།། རྒྱ། ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་ནི། ཐེག་པ་འོག་མ་ལྟར་ཚིག་ཏུ་མང་ལ་དོན་དུ་མི་ཟབ་པ་ལྟ་བུ་མ་ཡིན་ཏེ། ལུང ་སྦསྐྲག་མ་བཅོ་བརྒྱད་མགོ་མཇུག་ཏུ་ཚིག་ཉུང་དུ་མས་དོན་ཟབ་གཏན་ལ་འབེབས་ཏེ། དཀྱུས་ཀྱི་ཚིག་རེ་རེའི་ཡིག་འབྲུ་སྡེབ་སྦྱོར་ལེགས་པ་ལས་ཀྱང་། ངེས་པ་ཡང་དག་པའི་མན་ངག་རེ་རེ་སྟོན་པའི་ཕྱིར་སྡེབས་སྦྱོར ་ལེགས་པས་བཤད་པའོ།། གཉིས་སུ་ན་ཚིག་རྐང་བཞི་བཞི་བསྡེབས་པའི་ཚིག་ཤད་རེ་རེ་ལ་ངེས་པ་ཡང་དག་པའི་དོན་དགོངས་པ་ལ་གཅད་པ་རེ་རེ་སྟོན་པའི་ཕྱིར་ན། ཚིག་སྡེབས་སྦྱོར་ལེགས་པས་བཤད་པའོ།། དེ ་ལ་རྩ་བའི་དོན་ནི་གསུམ་སྟེ། ཐིག་ལེ་ཉག་གཅིག་ཡང་དག་པ་འདི་མགོ་འཇུག་ཏུ་ལྟ་བ་མཉམ་པ་དང་། སྤྱོད་པ་མཉམ་པ། ཐམས་ཅད་མ་ལུས་པའི་དོན། སྙིང་པོ་བྱང་ཆུབ་མཆོག་གི་ཐིག་ལེ་མ་འདྲེས་ཡོངས་སུ ་རྫོགས་པར་མཉམ་མོ།། གཉིས་སུ་ན་རྩ་བའི་ཚིག་རེ་རེ་ལ། ལྟ་བས་ཟག་གཅད་པ་རེ་རེ། དགོངས་པའི་དོན་རེ་རེ། ཡེ་ཤེས་སྐྱེ་ལུགས་རེ་རེ། མན་ངག་རེ་རེ། ཞལ་ཆེམས་རེ་རེ། སྟོན་པ་དེ་ཡང་བྱང ་ཆུབ་ཀྱི་རང་བཞིན་ནམ། མཚན་ཉིད་དམ། དོན་སྟོན་པའི་ཕྱིར་ན་རྩ་བའི་དོན་ཅེས་བྱའོ།། རྒྱ། དེ་ལ་ཚིག་གི་དོན་ནི་མགོ་འཇུག་ཏུ། དཔེ་ཆུང་ཉི་ཤུ་རྩ་གཅིག་དང་སྦྱར་ལ་དོན་སྐོར་ཉི་ཤུ་རྩ་གཅིག་ཏུ་ཤེས་པར ་བྱའོ།། ལ་ལར་ཡོ་གའི་དོན། ལ་ལར་དགོངས་པའི་དོན། གནས་སྐབས་ཀྱིས་བསྙད་པར་ཤེས་པར་བྱའོ།། དེ་ཡང་དགོངས་པ་ཁོང་འབྲེལ་ལོ།། ཡོ་གའི་དོན་ཅེས་པས། ཨ་ཏི་ཡོ་ག་རྫོགས་པ་མཐར་ཕྱིན་པར་བསྟན ་པས་ཡོ་གའི་དོན་ཅེས་པའོ།། རྒྱ། དགོངས་པའི་དོན་ནི། ཐོག་མའི་སངས་རྒྱས་ཉག་གཅིག་ལ། འདུ་འབྲལ་མེད་པའི་དགོངས་པ་ཉག་གཅིག་རྟགས་ཀྱི་ཡེ་ཤེས་མ་བཟུང་བར་ཟིན་པའི་བསམ་གཏན་ཆེན་པོ། ཚིག ་གཅིག་རེ་རེ་བསྟན་པས་དགོངས་པའི་དོན་ཅེས་པའོ།། རྒྱ། དགོས་ཆེད་ཀྱི་དོན་ནི། ད་ལྟ་ཉིད་དུ་འབྲས་བུ་ལྷུན་གྱིས་རྫོགས་པར་བསྟན་པ་དང་། མཉམ་པར་གཞག་པ་དང་མ་བཞག་པ་གཉིས་མེད་པར་བདེ་བ་ཆེན ་པོས་བསྟན་པ་དང་། སྐད་ཅིག་མ་གཅིག་ལ་གྲོལ་བར་བསྟན་པའོ།། དེ་ཡང་། གཉིས་མེད་དོན་གཅིག་ཆ་ལུགས་ཀུན་ནས་སྐོར། སྤྱོད་ལ་མ་ཆགས་རང་བཞིན་གདོད་ནས་དག། ལྟ་སྤྱོད་ཡ་ཆར་མ་གྱུར་རྒྱུད་ལུང་ཀུན ་ནས་སྤྲུགས། སྟོན་པ་བདག་མེད་སྐྱེ་བ་ཀུན་ནས་གསལ།། ཆོས་ཉིད་དབྱིངས་ན་ཐུགས་རྗེ་བྱུང་བའི་ཕྱིར།། ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་ལས་འདས།། བི་མ་མི་ཏྲ་མཁས་པའི་སྐྱེ་མཆོག་བདག། འབྲས་བུའི་ནང ་ནས་འབྲས་བུའི་ཆོས་ལ་མཁས།། གཉིས་མེད་དོན་གཅིག་ཡང་དག་འབྲས་བུའི་ཆོས་ལ་མཁས།། ཁམས་གསུམ་འདས་པས་འབྲས་བུ་རིན་པོ་ཆེས།། ལས་འཕྲོ་སྐལ་བར་ལྡན་པའི་རྗེ་བློན་སྙིང་གི་བུ་ལ་བདག་གཏོད ་པས།། ཊཱི་ཀ་རྩ་བས་གཅོད་སྤྲུག་པ་མ་ལུས་པ།། སློབ་མ་དང་ལྡན་སྐལ་བར་ལྡན་པ་ནི།། ཁྱབ་པ་ཆགས་ཡུལ་འདི་ནི་དཀོན་ཆེས་པས།། ངང་ཚུལ་བཟང་ཞིང་སྤུ་བཟང་ཡུན་རིང་བས།། སྙིང་བཞིན་ཡུན་དུ་བྱེད་པའི ་སློབ་མ་སྙིང་དང་འདྲ་བ་ལ།། མྱང་བན་ཏིང་འཛིན་གདམས་ངག་སྦྱིན་པར་བྱོས།། བློ་བརྟུལ་འཕྱོན་མ་གཏད་མེད་རྣམས་ལ་མི་སྦྱིན་པས།། རིན་ཆེན་གསེར་ནི་རང་ཙམ་སྟེར་གྱུར་ཡང་།། འོས་ལ་གཤའ་བའི་དོན་གི ་མདོ་ཙམ་ལས།། མ་ལུས་རྩ་བ་མེད་པར་མ་སྦྱིན་ཅིག། མན་ངག་འདི་ཡི་རྩ་ལུགས་ལས།། མིག་གི་འབྲས་ལྟར་བཙའ་བ་དང་།། ཁོང་གི་སྙིང་ལྟར་བཙའ་བ་དང་།། ཡན་ལག་མགོ་ལྟར་གཙའ་བ་གསུམ།། དེ་གསུམ ་བཞིན་པར་འཕངས་པ་བཞིན།། བསྐལ་པ་བགྲངས་པར་བསྟན་པ་མིན།། རྒྱལ་ཁམས་ཆོས་ལུགས་ངན་པས་སླར་ཡང་གཏེར་དུ་སྤྲོས།། ཞེས་བཀའ་བསྡིགས་སོ།། སྙན་ཁུང་བརྒྱུད་པའི་ལུང་བམ་པོ་དང་པོས་ཆོས་ཇི ་ལྟར་བྱུང་བའི་ཁུངས་བསྟན་པའོ།། དང་པོའོ།། སངས་རྒྱས་མྱ་ངན་ལས་འདས་པའི་མདོ།། གབ་པ་མངོན་དུ་ཕྱུང་བའི་ལུང་བམ་པོ་གཉིས་པས་དགོངས་པ་ལ་བཟླ་བའི་མན་ངག། བཅོམ་ལྡན་འདས ་དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། རྒྱ། སྤྲོས་པ་མེད་པའི་ཀློང་རང་བཞིན་རྣམ་པར་དག་པའི་ཕོ་བྲང་ནས། རང་བྱུང་གི་བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ།། རྣམ་དག་ཡེ་ཤེས་ཀྱི་ལུས ་ཅན་ཞེས་བྱ་བས། གསང་བ་རྨད་དུ་བྱུང་བའི་མདོ་བམ་པོ་གཉིས་པས་རྒྱུད་ཐབས་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་མདོ་མདུད། མན་ངག་ཐམས་ཅད་ཀྱི་བཅུད། ཆོས་ཐམས་ཅད་ཀྱི་གཉའ་གནོན།། སངས ་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པ། ལུང་མན་ངག་ཐམས་ཅད་ཀྱི་དུར་ས།། སངས་རྒྱས་མེད་པར་ལ་བཟླ་བ། པྲཛྙཱ་མ་ཧཱ་པྲཛྙཱ། དྷརྨཱ་མ་ཧཱ་ཛྙཱ་ན། སརྦ་བུདྡྷ། སྭ་ཧ་ས། མ་མཱ་ད་ཐི་ཐཱི། སངས་རྒྱས་མྱ་ངན ་ཡོངས་མི་འདའ།། བདག་མེད་བདག་ཏུ་བདག་སྣང་བ།། ཐུགས་རྗེའི་བདག་པོ་རྡོ་རྗེའི་ཆོས།། ཙུནྡ་ཙུཪྵ་ཏྲ་དྷ་ཤག། སངས་མྱ་ངན་མ་འདས་ན།། ནམ་མཁའི་རྡོ་རྗེ་མེད་འགྱུར་རམ།། དཔལ་ལྡན་མགོན་པོ་བདག ་སྣང་བ།། སངས་རྒྱས་ཀུན་གྱི་གཙོ་བོ་ཡིན།། དེ་ཕྱིར་ནམ་མཁའི་རྡོ་རྗེ་བདག། ཀུན་ཏུ་བཟང་པོ་མགོན་པོར་གྲགས།། སངས་རྒྱས་ཆོས་ལས་མ་བྱ་བས།། ཚིག་ལ་མཁས་པ་ཚིག་མཐའ་ཡས།། མཐའ་ཡས་མུ་མེད ་དོན་བརྗོད་པ།། རྟགས་ཀྱི་ཡེ་ཤེས་མཁས་པའི་སྒྲགས།། ཚིག་གཅིག་མཚོན་པས་དོན་ཆེན་སྤུངས།། མེ་ལོང་ནང་གི་གཟུགས་སྣང་འདྲ།། རང་བཞིན་དག་པས་ཤེལ་སྒོང་བཞིན།། དཔེ་ཡི་ཡེ་ཤེས་མཁས་པས ་བརྟག། དོན་དམ་རང་བཞིན་ཀློང་འདུས་པས།། ཕར་བལྟ་ཚུར་ལ་མཐོང་བ་ཡིན།། ཤེས་རབ་མེ་ལྕེའི་བདག་ཉིད་ཀྱིས།། དུས་གསུམ་གཅིག་སྟེ་རྟག་པར་བཞུགས།། ཐབས་མཁས་ཐུགས་རྗེའི་བདག་ཉིད་ལ།། རྡོ་རྗེ ་སེམས་དཔའི་ཡེ་ཤེས་སྐུ།། རྡོ་རྗེའི་ལུས་སུ་མྱ་ངན་འདས།། སྟོང་པ་བདག་མེད་ཕྱོགས་ཆ་ལ།། ང་ཉིད་སངས་རྒྱས་ཡིན་ཟེར་བ།། མུ་སྟེགས་ཆད་པའི་ལམ་དང་འདྲ།། ང་ནིད་དག་པའི་སྐུ་མཐོང་ན།། ང་ཉིད་ཡི་ཡེ ་ཤེས་ཆོས་ཀྱི་སྐུ།། སྐུ་གསུང་རང་བཞིན་ཡོངས་གསལ་ཀྱང་།། གསལ་བ་བདག་མེད་མྱ་ངན་འདས།། ཆོས་དབྱིངས་རྣམ་པར་དག་པའི་ཀློང་།། སྤྲིན་མེད་མཁའ་ལ་ཉི་ཤར་ཏེ།། ཉི་གྲིབ་མཚམས་ཀྱི་མེ་ལོང ་ལ།། བཙལ་གཟུགས་སྣང་བ་ཡོངས་གསལ་བ།། རྡོ་རྗེ་འཆང་གི་གཞལ་ཡས་ཁང་།། མ་བཀོད་ལྷུན་གྱིས་གྲུབ་པ་ཡིན།། བདག་མེད་ཕྱོགས་བྲལ་ཕྱོགས་སྣང་བ།། རྡོ་རྗེ་སེམས་དཔའ་མྱ་ངན་འདས།། ཡ་ཏ་རྒྱལ་བའི ་དཀྱིལ་འཁོར་ནས།། མ་ཏ་དམྱལ་བའི་གནས་ཡན་ཆད།། བཀོད་པ་མེད་པར་རྒྱན་དུ་སྣང་།། སྣང་བའི་འཛིན་མེད་མྱ་ངན་འདས།། ཀྱེ་སེམས་དཔའ་ཆེན་པོ་ཕྱག་རྒྱ་མ་སྐྱེས་པའི་སྐུ།། དེ་བཞིན་གཤེགས་པ་རྣམས ་ནི།། ངའི་ཤེས་རབ་ཀྱི་བདག་ཉིད་ཡེ་ཤེས་ཀྱི་དབང་དུ་གྱུར་པ་སྟེ། རང་བཞིན་རྣམ་པར་དག་པའི་དྲི་མ་མེད་པའི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཐུགས་རྗེའི་བྱིན་གྱིས་བརླབས ་ཀྱི་དེ་བཞིན་གཤེགས་པ་ནི་ང་རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ། རིགས་ལྔའི་སངས་རྒྱས་དང་མི་ཕྱེད་པར་བཞུགས་སོ།། རྟོགས་པ་ཁྱད་པར་ཅན་གྱི་དེ་བཞིན་གཤེགས་པ་ནི། སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་ཏེ། ་རྡོ་རྗེ་སེམས་དཔའ་དང་དོན་སོ་སོ་མ་ཡིན་ཐ་མི་དད་པར་བཞུགས་སོ།། རྒྱུ་མཐུན་པའི་དེ་བཞིན་གཤེགས་པ་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་བཤེས་གཉེན་ལ་སོགས་ཏེ་མཁས་པ་མི་བཞི།། ཤེས་རབ་ཀྱི ་བདག་ཉིད་ཏིང་ངེ་འཛིན་ཀྱི་དབང་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ལྟར་གསལ་བ་ཁ་གྲངས་ཀྱིས་མི་བགྲང་དབྱེ། སངས་རྒྱས་མྱ་ངན་ལས་འདས་པའི་དུས་ན་དབུགས་ཀྱི་རྟ་ལ་མི་ཞོན་པས་མི་འགྲང་།། ཤེས་པས ་ཤེས་སོ།། འཇལ་བྱེད་མེད་པར་ཡེ་ཤེས་པའི་དུས་ན།། བདག་ཉིད་ཆེན་པོ་ཞི་བ་མྱ་ངན་ལས་འདས་སོ།། རྐུ། བཅོམ་ལྡན་འདས་གསང་བ་བླ་ན་མེད་པའི་དགོངས་པ་ཉག་གཅིག་ལ་སྙོམས་པ་བཞུགས་པའི་ཚེ།། རྒྱུ ་ཉིད་རྒྱུ་ལ་གནས་པས་རྒྱུ་མ་སྤངས་གནས་སུ་དག་ན།། རྒྱུ་རྡོ་རྗེ་ལ་སྙིང་པོ་ཡེ་ཤེས་གནས་ཏེ།། རྒྱུ་སྐྱེས་པ་མེད་པར་མྱ་ངན་འདས་སོ།། སྙིང་པོ་ལ་སྙིང་པོའི་གནས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ན་རང་བྱུང་བདེ་བ་ཆེན་པོ ་འདུ་འབྲལ་མེད་པར་བཞུགས་པའི་ཚེ། དགོངས་པ་འདུ་ཤེས་ཐམས་ཅད་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་སོ།། དེ་བཞིན་གཤེགས་པ་ལ་ཡེ་ཤེས་ལྔའི་འོད་གསལ་བའི་དུས་སུ། ཡེ་ཤེས་ཀྱི ་བདག་ཉིད་ཤེས་རབ་ཀྱི་ཀློང་དུ་ཟག་པ་མེད་པར་མྱ་ངན་ལས་འདས་སོ།། རྒྱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་རྩལ་ལ་སྙོམས་པར་འཇུག་པའི་ཚེ། སེང་གེ་ལྟ་བུའི་དགོངས་པ་མཐར་ཕྱིན་ཏེ། བསམ་གཏན ་ཏོཉོན་མེན་གྱིས་ལྟ་བ་ཟིལ་གྱིས་མནན་ཏེ། སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་སྟོབས་ཁྱད་པར་ཅན་གྱི་གོམ་པ་གཅིག་གིས་སྙོམས་པར་འཇུག་གོ། རེ་དོགས་མེད་པའི་དགོས་པ་མཐར་ཕྱིན་ཏེ། གླང་ཆེན་ལྟ། ་བུའི་ལྟ་སྟངས་ཀྱིས། དགོངས་པ་ཟབ་མོའི་ཀློང་འགྱུར་བ་མེད་པས། སྐྱོན་ཡོན་དང་ཐེག་པའི་མཐའ་གང་ལ་ཡང་མ་བཅིངས་མ་བཀྲོལ་བའོ།། དགོངས་པའི་མཐའ་གང་གིས་ཀྱང་བསླད་དུ་མེད་པར་ནི། འདབ ་ཆགས་ཀྱི་རྒྱལ་པོ་ཁྱུང་ལྟ་བུ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་མཐར་ཕྱིན་ཏེ། རང་བཞིན་རྣམ་པར་དག་པའི་མཁའ་ལ་མི་བསྐྱོད་པར་བདེ་བར་གནས་སོ།། ཤེས་རབ་ཀྱི་སྟོབས་འགག་པ་མེད་པར་གསལ་བ་ནི། སྣང ་གསལ་ཐུགས་རྗེ་འོད་ཀྱི་མེ་ནམ་མཁའི་མཐོངས་ན་ཤར་བ་ལྟ་བུ་སྟེ། ལྷག་མཐོང་རིག་པའི་ཡེ་ཤེས་ལ། ཆེན་པོ་ལྔའི་སྒྲོན་མེ་བཏེག་སྟེ། དུས་རྟག་ཏུ་སལ་ལེ་སང་ངེ་སལ་ལེ་ལྷང་ངེ་ལྷན་ནེ་བདེ་བ་ཆེན་པོའི་ཀློང་ནི ་འདུ་འབྲལ་མེད་པར་ཞི་བ་མྱ་ངན་ལས་འདས་སོ།། རྒྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་སྟོབས་ཀྱིས་རྟོགས་པ་ཁྱད་པར་ཅན་ལ་སྤྱོད་པ་ནི། ལས་ཀྱི་སྒྲིབ་ཏུ་མེད་ལ། ཟུགས ་རྗེས་སྐྱབ་ཏུ་མེད་དེ། ཁྱུང་ཕྱུག་དང་སེང་ཕྲུག་གི་ཚུལ། བདག་སངས་རྒྱས་པའི་དུས་ན་ཆོས་ཉིད་ཀྱིས་ཇི་ཙམ་འཁོར་བ་དེ་བཞིན་དུ། སྒྱུ་མ་ལྟ་བུའི་སྐུ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་གང་རྒྱས་པར་གྱུར་ཏེ། མི་སྔོན ་གནས་སུ་ཕྱིན་པས་ལམ་རྒྱལ་རྩེ་མོའོ།། མ་བཙལ་ལྷུན་གྱིས་གྲུབ་པས་དགོངས་པའི་རྩེ་མོའོ།། བླང་དོར་གང་ཡང་མེད་པས་ཐེག་པའི་རྩེ་མོའོ།། ཤེས་རབ་ཀློང་ནས་གསལ་བས་ལྟ་བའི་ཡང་རྩེའོ།། འདོད་ཡོན ་དགག་སྒྲུབ་མེད་པས་བསམ་གཏན་ཟས་ཀྱི་རྩེ། འོད་ཀྱི་གོས་དབང་ལྡན་པས་རང་བྱུང་ཆས་ཀྱི་རྩེ།། ཡུལ་སེམས་གཉིས་སུ་མེད་པས་འགྱུར་མེད་མཁར་གྱི་རྩེ།། སྐུ་གསུམ་འདུ་འགྲལ་མེད་པས་ཡེངས་མེད་གྲོགས་ཀྱི ་རྩེ།། སྙིང་པོ་རང་ལས་བྱུང་བས་ཟད་མེད་གཏེར་གྱི་རྩེ། རྡོ་རྗེ་སེམས་དཔའ་བདག་ཉིད་གཅིག་པུ་ཉིད། རྣམ་པར་གྲོལ་བའི་ཡེ་ཤེས་ཟག་མེད་པས། མི་སྣང་རྒྱལ་བའི་དགོངས་པར་སངས་རྒྱས་པས། རྒྱལ་མཚན་རྩེ ་མོ་རྟགས་ཀྱི་ཕྱག་རྒྱར་གསལ། རྒྱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་མཁས་པའི་ཡེ་ཤེས་ཀྱི་མངོན་པར་སངས་པ་དེ་ལྟར་ལགས་ན། དེའི་ཚེ་དེའི་དུས་སུ་སངས་རྒྱས་ཞི་བ་མྱ་ངན་ལས་མ ་འདས་ན་མཚན་མའི་སྐྱོན་དུ་འགྱུར་ཏེ། བཅོམ་ལྡན་འདས་དགོངས་ཤིག། སྐྱེ་མཆེད་མུ་བཞིའི་ལྷ་ལ་ཡང་སེམས་གསལ་མ་འགགས་པ་ཙམ་དང་། ཡེ་ཤེས་སྒྱུ་མའི་ལུས་ཙམ་ཡོད་དེ། དེ་ནི་ཟག་པ་དང་བཅས་པའི་སྒྲ ་ལུས་ཡིན་ནོ།། དེ་ལས་ཁྱད་པར་དུ་འཕགས་པའི་དགོངས་པ་ཇི་ལྟ་བར་མྱ་ངན་ལས་འདའ་བར་བགྱི། ཞེས་གསུངས་པས། དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ།། སྐྱེ་མཆེད་མུ་བཞིའི ་ལྷ་རྣམས་ལ་སེམས་གསལ་བ་མ་འགགས་པ་ཙམ་ཡོད་དོ།། དེ་ཉིད་རང་དྲི་མ་དང་བཅས་པ་རིག་པ་ལ་སེམས་ཅེས་བྱ་བའི་ཆོས་ཅན། འཁོར་བའི་རྒྱུ་མ་རིག་པ་ཁོ་ནའོ།། མ་རིག་པའི་དབང་གིས་དང་པོ་ཡེ་ཤེས་ཀྱི་རྒྱུ ་རིག། བར་དུ་གནས་པའི་འོད་ལ་ཆགས། ཐ་མར་སྐུལ་སོའི་གནས་མེད་དེ། དེ་ནི་ཟག་པ་དང་བཅས་པའི་འབྲས་བུའོ། ཞེས་གསུངས་ནས། རིགས་ཀྱི་བུ་ཆོས་ཐམས་ཅད་རང་བཞིན་མེད་དོ།། ཞེས་བྱ་བ་ལ ་སོགས་པའི་ལྟ་བས། བྱང་ཆུབ་སེམས་དཔའ་རྣམས་དགའ་བར་བྱེད་ཅིང་། དོན་ངེས་པར་སེམས་པ་རྣམས་ནི་ལུང་གིས་འཁྲུལ་ཏེ། དཔེར་ན་རྒྱ་མཚོའི་གཏིང་དུ་རིན་པོ་ཆེ་གསེར་གྱི་ཕ་བོང་འདྲིལ་བ་ལྟ་བུ་སྟེ། ཤིན་ཏུ ་བྱུང་བར་བཀའ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་ཕྱལ་བར་གོ་བས། མུ་སྟེགས་ཆད་ལྟ་དང་ཁྱད་པར་མེད་དེ། ལུང་འཁྲུལ་པ་མི་ཀློགས་པའི་དཔེ་བྱ་ལོང་ནམ་མཁའི་མཐའ་ཚོལ་བ་ལྟ། ་བུའོ།། རིགས་ཀྱི་བུ་ང་ལ་དང་པོ་ཡེ་ཤེས་འབྱུང་བའི་རྒྱུ་ཡོད་དེ། སོ་རྟགས་ཀྱི་ཕྱག་རྒྱར་རིན་པོ་ཆེའི་ཡི་གེ་འབྲུ་ལྔ་འབྱུང་བ་ལྔའི་ངོ་བོ་ནས་གྲུབ་བར་དུ་དཔེའི་ཡེ་ཤེས་ལ་བརྟེན་ནས་རྟགས་ཀྱི་ཡེ་ཤེས ་གཏན་ལ་ཕབ། འཛིན་བྱེད་ཀྱི་ལྕགས་ཀྱུ་དང་སྡུད་བྱེད་ཀྱི་དང་ས་མས། མུ་སྟེགས་ཆད་པས་ལྟ་བ་ལ་སོགས་ཏེ། དབུ་མ་སྟོང་པ་ཕྱོགས་གཅིག་པར་ལྟ་བ་ལས་གྲོལ་ཏེ། ཡེ་ཤེས་སྒྱུ་མའི་ལུས་ཀྱིས་ཁྱད་པར་དུ ་འཕགས། ཐ་མར་ཡེ་ཤེས་ཆོས་ཀྱི་སྐུ་ལ་ཐིམ་པའི་དུས་སུ། རང་བཞིན་རྣམ་པར་དག་པའི་ཀློང་དུ་མི་གནས་པའི་ཡེ་ཤེས་གཞི་ལ་ཐིམ་པ་ནི། སྐུ་རྣམ་དག་ཡེ་ཤེས་མེད་པའི་ཀློང་དུ་མྱ་ངན་ལས་འདས་སོ།། རྒྱུ་ཐམས ་ཅད་ཡི་གེ་མེད་པའི་ཀློང་དུ་མྱ་ངན་ལས་འདས་སོ།། ཚིག་ཐམས་ཅད་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདས་སོ།། སྐུ་ཐམས་ཅད་ཡེ་ཤེས་ཟང་ཐལ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་སོ།། ཕྱི་སྣོད་ཀྱི་འཇིག ་རྟེན་འབྱུང་བ་ལྔས་བསྡུས་པ་ཐམས་ཅད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མྱ་ངན་ལས་འདས་སོ།། ནང་བཅུད་ཀྱི་སེམས་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཀློང་དུ་མྱ་ངན་ལས ་འདས་སོ།། ཆོས་ཐམས་ཅད་མ་བྱས་པའི་ཆོས་ཉིད་ཀྱི་ངང་དུ་མྱ་ངན་ལས་འདས་སོ།། འདས་ཞེས་བྱ་བའི་ཚིག་དེ་ཉིད་ཀྱང་བླ་དགས་སོ།། མ་བྱས་པའི་ཆོས་ལ་བཙལ་དུ་མེད་པར་རྡོ་རྗེ་སེམས་དཔར་བསྟན་ཏོ།། རྒྱ།། ་རྡོ་རྗེ་སེམས་དཔའ་ལ་བདུད་ཞུགས་པའི་དུས་བསྟན་པ། རྡོ་རྗེ་སེམས་དཔའི་སྣ་ཐག་མ་ཤེས་ན། བསྒོམ་བྱ་སྒོམ་བྱེད་པ་ལ་སྒྲིབ་པ་ཡིན། ཐུགས་རྗེ་རྒྱུན་གྱི་ཐེག་པ་ཡེ་རྟགས་ཆེན་པོར་མ་ཤེས་ན། རྩོལ་བའི་མོས་སྒོམ ་ལ་སྒྲིབ་ཡིན། སྣ་ཁྲིད་རྡོ་རྗེ་སེམས་དཔར་མ་ཤེས་ན། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། དགོངས་པ་ཉག་གཅིག་པར་མཚམས་མེད་པར་མ་ཤེས་ན། ལུང་གི་སངས་རྒྱས་ཉག་གཅིག་ཚིག་ཏུ་བརྗོད་པ་ང ་ལ་སྒྲིབ་པ་ཡིན། གདམས་ངག་ཚིག་གཅིག་དོན་གྱི་གནད་དུ་མ་ཚུད་ན། སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་བསག་པ་ང་ལ་བསྒྲིབ་པ་ཡིན། མ་རིག་སྒོ་ངའི་སྦུབས་འབྱེད་པ།། ཀུན་གཞི་ཟོ་བ་ཞབས་མེད ་དུ།། གསལ་བའི་མར་མེ་རང་ཤར་བས།། ཡང་དག་བདེ་བའི་སྐུ་ལ་སྣང་སྲིད་གསལ།། ཅེས་གསུངས་སོ།། རྒྱ། མངོན་དུ་ཕྱུང་བའི་ལུང་བམ་པོ་གཉིས་པས་དགོངས་པའི་ལ་བཟླས་ནས། རྡོ་རྗེ་ལྟ་བུའི་ཏིང ་འཛིན་ཐོབ་བོ།། སངས་རྒྱས་མྱ་ངན་ལས་འདས་པའི་མདོ་ལུང་བམ་པོ་གཉིས་པ། སྙིང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པའི་ལུང་བམ་པོ་གཉིས ་པའོ།། གཏེར་རྒྱཿབཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཡོངས་སུ་གྲགས་པའི་ལུང་བམ་པོ་གསུམ་པ་བཅོ་བརྒྱད་པས་ཡིད་ཆེས་པའི་དོན་གཏན་ལ་ཕབ་པ་ནི། དགའ་རབ་རྡོ་རྗེ་ཁྱོད་ཉོན ་ཅིག། ལུང་གི་རྒྱན་བཅོ་བྲད་པ་འདི་ནི། རིན་པོ་ཆེ་སྣང་ལྔའི་མཆོད་རྟེན་ལ་བྱ་ཁྱུང་གི་གསུང་གྲོགས་པོ་ལྟ་བུ་སྟེ། དཔེ་ལས་མཚན་དུ་གསོལ་བ་བྱ་རྗེ་ཁུ་བྱུག། དོན་ལས་མཚན་དུ་གསོལ་བ་གསུང་རིག ་པའི་ཁུ་བྱུག། རྟག་ལས་མཙན་དུ་གསོལ་བ་རྡོ་རྗེ་ཚིག་དྲུག་པ། རྒྱ། ཟིན་པས་རྩོལ་བའི་ནད་སྤངས་ཏེ། ལྷུན་གྱི་གནས་པས་གཞག་པ་ཡིན།། ཞེས་གསུངས་སོ།། རྒྱུད་ཐམས་ཅད་ཀྱི་མདོ་དགོངས་པ་ཉམ་གཅིག་ལ ་རྫོགས་པ་བསྡུ་བ་ཁོང་དོན་ནོ།། ཨི་ཐི་རྒྱཿ་ཏི་ཡོ་ག་རྫོགས་པ་ཆེན་པོ་བྱ་བཙལ་དང་བྲལ་བ་ནི། དཔེར་ནི་གངས་དཀར་གྱི་རྩེ་སེང་གེའི་སྒྲ་སྒྲོག་པ་ལྟ་བུ་སྟེ། ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ལ། ཐེག་པ་མཐའ་དག ་གི་རྩལ་རྫོགས་པ་ནི། སྒྲུབ་མེད་རྩལ་སྦུགས་སྨོན་པ་མེད་པ་ཡི།། བྱ་མེད་ལྷུན་རྫོགས་སྔ་མ་དེ་བཞིན་ཉིད། ཅེས་གསུངས་སོ།། རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔག་མེད ་དུ།། རྟོགས་པའི་ཀློང་ཆེན་མི་ཡེངས་དོན་སྟོན་པ།། རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་པ་ཡིན།། ཞེས་གསུངས་སོ།། རྒྱ། ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ནི།། སྣང་སྲིད་ཐམས་ཅད་གསལ་ཞིང་དགོངས ་པའི་འདུ་ཤེས་མེད།། བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན།། ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ།། ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་ནང་ཆེ་བ། ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ ་སྙེག་པ་འདྲ། ནང་གི་རང་བཟིན་ལེགས་པས་རེ་པ་ཐམས་ཅད་སྐོང་། བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ།། ཡངས་སོ་ཆེའོ་ཆོས་ཆེན་པོ།། ཆུ་ངུ་རྣམས་ཀྱི་གཉེན་པོ་ཡིན།། ཞེས་གསུངས་སོ།། རྒྱ། ཇི ་ལྟར་གླིང་བཞིའི་གྱལ་པོ་ལ།། བྲན་རྣམས་འདུ་བ་ཇི་བཞིན་པར། བྱང་ཆུབ་སེམས་ཆེན་རྗེ་བཙན་དམ་པ་འདི།། སྟོན་པའི་ཐུགས་ལས་བརྟོལ་ཏེ་བསྟན་པ་ཡིན།། རྗེ་བཙན་དམ་པའི་བྱང་ཆུབ་སེམས།། དམིགས་མེད ་དོན་རྟོགས་ཆོས་ཀྱི་རྗེ།། སྣང་བའི་ཡུལ་ལ་གང་གནས་ཀྱང་། རྗེ་བཙན་སྐུ་ལ་ཉམས་དེ་དམན།། ཞེས་གསུངས་སོ།། རྒྱ། ཇི་ལྟར་རྒྱ་མཚོ་ཆེན་པོ་ལ།། གྲུ་ཡི་ཡན་ལག་རྫོགས་གྱུར་ན།། འགྲོ་བས་ཕ་རོལ་ཕྱིན་པར ་འགྱུར།། སྐྱེ་ཤི་བྲལ་བས་རང་བྱུང་བདེ་བའི་ཀློང་།། འགྱུར་མེད་ལྷུན་གྱིས་གྲུབ་པས་སྨྲ་བསམ་ཡུལ་ལས་འདས།། འགྱུར་བ་མེད་པའི་ཨ་ཏི་ཡོ་ག་རུ།། འགྲོ་བ་ཐམས་ཅད་སྐྱེ་ཤི་མེད་པར་བསྒྲལ།། ཅེས་གསུངས ་སོ།། རྒྱ། ཇི་ལྟར་ནོར་བུ་རིན་ཆེན་ལ།། བྱི་དོར་བྱས་ཤིང་མཆོད་པར་བྱས་གྱུར་ན།། དགོངས་པ་ཐམས་ཅད་རང་བཞིན་ཡོངས་ཀྱིས་འདུ།། བགྲོད་པ་མེད་པར་གྲོལ་བའི་ལམ་སྟོན་པ།། གཞན་ནས་བཙལ་བས་རྙེད ་པས་མི་འགྱུར་ཏེ།། ཐིག་ལེ་ཆེན་པོས་ཀུན་ཏུ་ཁྱབ་པར་གནས།། རང་བྱུང་ཡེ་ནས་མ་བཅོས་འོད་གསལ་བ།། གཉིས་མེད་བདེ་བའི་མཆོག་སྟེ་ལྷུན་གྱིས་གྲུབ།། ཅེས་གསུངས་སོ།། རྒྱ། རང་བཞིན ་ཡོངས་ཀྱི་གསལ་བའི་ནམ་མཁའ་ལ།། སྣང་གསལ་ཉི་མ་ཤར་བས་སྣང་སྲིད་ཀུན་ཏུ་གསལ།། ཆོས་ཉིད་བདེ་ཆེན་ཀློང་ཡངས་བརྡལ་བ་ལ།། རང་བྱུང་འགྱུར་མེད་རིག་པ་སྤྲོས་དང་བྲལ་བས ་ཏིག། བྱང་ཆུབ་སེམས་ཆེན་རྒྱལ་བ་ཀུན་བཟང་ལ།། དུས་གསུམ་སངས་རྒྱས་གཅིག་ཏུ་གནས་པས་ཏིག། འཁོར་བ་ཡོངས་སྒྲོལ་ཨ་ཏི་ཡོ་ག་ལ།། སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས་པས་ཏིག། ཅེས་གསུངས་སོ།། ་རྒྱ། ཇི་ལྟར་རྒྱལ་པོའི་ཕོ་བྲང་དུ།། བྲན་རྣམས་ཐམས་ཅད་འདུ་བ་བཞིན།། ལྟེ་བའི་ཡང་རྫོགས་ཨ་ཏི་ཡོ་ག་ལ། ཐེག་པ་བརྒྱད་རྣམས་སོ་སོར་དོན་བརྗོད་ནས།། འབྲས་བུ་གྲུབ་པ་གཅིག་ཏུ་ངེས་པར་འདུས།། རྒྱུ་ལ ་རག་མ་ལུས་པས་བྱང་ཆུབ་ལས།། འབྲས་བུ་རང་ལ་རྫོགས་པས་སྣང་སྲིད་ཡེ་སངས་རྒྱས།། ཞེས་གསུངས་སོ།། སྐྱེ་མེད་དག་པའི་ནམ་མཁའི་ཆོ་འཕྲུལ་ཅི་སྣང་ཡང་།། ནམ་མཁའི་ངང་ལ་གཡོས་པ་མེད།། རྫོགས ་པའི་ཡང་རྫོགས་ཨ་ཏི་ཡོ་ག་ལ།། ཐེག་པ་མ་ལུས་རྫོགས་པས་ནམ་མཁའི་ངང་དུ་གསལ།། འཁོར་བ་རྩད་ནས་གཅོད་པའི་ནམ་མཁའི་རྒྱལ་པོ་འདི།། སྣང་སྲིད་མ་ལུས་ཡེ་སངས་རྒྱས་པས་གསལ་བ་སྟེ།། དོན་ལ ་བཙལ་དུ་མེད་པས་མན་ངག་ནམ་མཁའི་རྒྱལ་པོ་ཡིན།། ཞེས་གསུངས་སོ།། རྒྱ། ཇི་ལྟར་རྒྱལ་མཚན་རྩེ་མོ་ལ།། འགྱུར་བ་མེད་ཅིང་ནུབ་པ་མེད།། རང་བཞིན་ནམ་མཁའ་ཆེན་པོ་ལ།། ཟད་ཅིང་སྟོངས་པའི་དོགས་པ ་མེད།། ནམ་མཁའ་ཆེན་པོ་འབྱུང་བ་ཀུན་གྱི་རྩེ།། རང་བྱུང་ཡེ་ཤེས་ཆོས་རྣམས་ཀུན་གྱི་རྩེ།། སྐྱེ་འགག་མེད་པས་འཁོར་བ་ཀུན་གྱི་རྩེ།། དྲན་རྟོག་མེད་ན་སྒོམ་པ་ཀུན་གྱི་རྩེ།། ཐམས་ཅད་ཡོངས་ལས་རྒྱལ་བས་རྩེ་མོ ་བྱུང་རྒྱལ་ཡིན།། ཞེས་གསུངས་སོ།། རྒྱ། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས།། ངམ་གྲོག་གཡང་ས་མེད་པར་གཅོད།། ཇི་ལྟར་ནམ་མཁའི་མདུང་སྐོར་ལ།། དོག་པ་མེད་པར་སྐོར་བ་བཞིན།། བདེ་འབྱམ་ལྟ་བུའི ་ནམ་མཁའ་ལ།། དོན་དམ་ཉིད་དུ་སྤྲོས་དང་བྲལ།། རྨོངས་པའི་མུན་པ་སེལ་བའི་དོན།། ཞེས་གསུངས་སོ།། རྒྱ། ཇི་ལྟར་རྒྱལ་པོའི་བཙུན་མོ་ལ།། རིན་ཆེན་སྣ་ཚོགས་རྒྱན་པ་ནི།། ཡིད་དུ་འོང་ཞིང་ཚུལ་ཤེས ་པས།། འགྲོ་བ་ཡོངས་ཀྱི་སྐུར་གནས་ས།། བདེ་བ་ཆེན་པོའི་བྱང་ཆུབ་སེམས།། འགྲོ་བའི་དོན་དུ་ཕྲ་བཀོད་པ།། མ་སྐྱེས་བདེ་བའི་བྱང་ཆུབ་ལ།། ཉོན་མོངས་སྐྱོན་གྱིས་མ་གོས་ཏེ།། ཚོགས་རྣམས་བསགས་པ་ཕྲ ་བཀོད་རང་བཞིན་རྫོགས།། ཞེས་གསུངས་སོ།། རྒྱ། ནམ་མཁའ་དག་པའི་དུས་ན་སྣང་སྲིད་ཡོངས་གསལ་ལྟར།། ཆུ་ལ་རྙོག་མ་དྲངས་ན་ཉི་ཟླ་གཟའ་སྐར་གསལ།། ཁམས་གསུམ་སྒྲོན་མས་མ་རིག་མུན་པ ་སངས།། རིག་པ་རང་ལ་ཤར་བས་གཞན་གྱིས་བཅོས་སུ་མེད།། དོན་དམ་སྤྲོས་མེད་ཡང་དག་དབྱིངས་ཀྱི་བླ།། བཙལ་དུ་མེད་པས་སྒོམ་པའི་ཚིག་ལས་འདས།། ཞེས་གསུངས་སོ།། དཔག་བསམ་ཤིང་གི་སྡོང་པོ ་ལ།། ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྣམས།། མ་བཙལ་བཞིན་དུ་ཡོངས་ཀྱིས་འབྱུང་བ་ལྟར།། རྒྱུ་རྐྱེན་ཚོགས་པའི་སྡོང་བུ་ལ།། མྱུ་གུ་དོན་གྱིས་འབྱུང་བ་ལྟར།། སྤྲོས་མེད་བྱང་ཆུབ་སེམས་ལ ་སངས་རྒྱས་མྱུ་གུ་འབྱུང་།། རྣམ་རྟོག་སྤྲོས་བྲལ་བྱང་ཆུབ་སེམས་ཞེས་ལ།། གཟུང་འཛིན་མེད་པའི་བླ་མེད་མྱུ་གུ་འབྱུང་།། འབྱུང་བ་ལྔ་ཉིད་ཡེ་ནས་སངས་རྒྱས་ལ།། སྣང་སྲིད་ལྷ་ཡི་དཀྱིལ་འཁོར་མྱུ་གུ་འབྱུང་།། ལུང ་ལ་སྒྲིབ་པ་མེད་པས་མན་ངག་མྱུ་གུ་ཡིན།། ཞེས་གསུངས་སོ།། ཇི་ལྟར་གཅན་གཟན་རྒྱལ་པོ་སེང་གེ་ལ།། རྩལ་གསུམ་ལུས་ལ་ཚངས་པས་གར་ཡང་ཐོགས་མེད་འགྲོ།། གདུག་པའི་ང་རོ་ཕྱུང་བས་ཐམས་ཅད་ཟིལ ་གྱིས་མནན།། ཡང་རྩལ་སྟོབས་དང་ལྡན་པས་གཅིག་པུ་གངས་ལ་གནས།། རྫོགས་པ་སྤྱི་གཅོད་ཨ་ཏི་ཡོ་ག་ནི།། ཐེག་དམན་མ་ལུས་ཀུན་གྱི་ཅན་ཆེན་པོ། རྟག་ཆད་མཐའ་ལ་མི་གནས་ཡེ་ཤེས་བདེ་བའི་ཀློང་།། སྣ ་ཚོགས་གཞི་རྩ་གཅད་དུ་སྣང་སྲིད་ཡེ་སངས་རྒྱས།། ཞེས་གསུངས་སོ།། རྒྱ། དེ་ཡང་ཆད་དུ་གདམས་པའི་རྒྱུད་བཅུ་དྲུག་གི་མདོ་དགོངས་པ་སྤངས་པའོ།། ཨི་ཐིཿབཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག ་འཚལ་ལོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟངས་ཡངས་པ་ཆོས་ཀྱི་དབྱིངས།། རྣམ་དག་མ་ཆེན་ཀུན་སྒྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་ད་གོངས།། ཚིག་གཅིག་པུ་ལ་དོན་ཆེན་སྤུངས།། དོན་ཆེན ་སྤུངས་པ་མ་ཤེས་ན།། རྒྱལ་བ་མྱ་ངན་ཡོངས་མི་འདའ།། མགོན་པོ་ཡིས་ནི་གསུངས་པ་ཡིན། རྒྱ། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། འདི་ལས་མ་བྱུང་གང་ཡང་མེད།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཆེ ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟན་པས་འགྲུབ།། མིང་ཙམ་གཞན་ལ་བརྟེན་འདྲ་ཡང་།། མངོན་སུམ་བདེ་བ་རང་ལས་འབྱུང་།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཙལ་བཞག་ན་སྒོམ་པ ་ཡིན།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཐོས་མི་འགྱུར།། དེ་བཞིན་ལྕེ་ཡི་དབང་པོ་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ཡོད་མ ་ཡིན།། གདོད་ནས་སྙིང་པོ་བྱང་ཆུབ་ལ།། སྩལ་བའི་བསམ་པས་དབྱིངས་མི་བསྐྱོད།། ཡོན་ཏན་ཆེན་པོ་བསམ་གཏན་ནི།། བསམ་གཏན་ཉིད་ལ་བསམ་དུ་མེད།། མ་བསམ་མ་སྦྱངས་ཆོས་བཞིན་དུ།། རྣམ་རྟོག་ཉིད ་ལས་ཡེ་ཤེས་སྐྱེ།། བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས།། འགྲོ་བའི་མགོན་པོ་སེམས་དཔས་གསུངས།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ ་ཡང་།། ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་གསུངས།། གང་ནས་གང་དུ་ས་འཕར་ལམ།། བྱ་བྲལ་ཆོས་དང་མཐུན་པ་མིན།། ཅི་སྟེ་ལམ་ལ་བགྲོད་གྱུར་ན།། ནམ་མཁའི་མཐའ་བཞིན་ཐུག་པ་མེད།། དེ་ལ་དེ་བསྟན་དེ ་ཡང་ཐོབ།། དེ་ལས་དེ་འབྱུང་ངོ་མཚར་ཆེ།། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ཕྱོགས་སུ་བལྟས་པས་གྲུབ་པ་མེད།། དུས་གསུམ་གཅིག་སྟེ་ཁད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་བྱུང་།། ཆོས ་སྐུས་ཁྱབ་པ་གཅིག་པའི་ཕྱིར།། ཆེ་བའི་ཆེན་པོར་རང་བཞིན་གནས།། རྣམ་དཔྱོད་དུས་ལ་ལྟོས་པ་རྣམས།། དུས་དང་འབྱུང་བར་མི་འགྱུར་ཏེ།། མ་བྲལ་སྨོན་པས་སྤྱོད་པས་ན།། སྟོང་པའི་མཚན་ཉིད་གསུངས་པ ་ཡིན།། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས།། མ་བྱུང་མ་སྐྱེས་སྙིང་པོ་ལ།། སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད།། མི་གཡོ་བ་ནི་སྐུ་ཡི་རྒྱ།། མི་སྤྱོད་པས་ནི་ཡེ་ཤེས་ཏེ།། མི་ལེན ་པས་ན་བདག་མེད་ཅིང་།། མི་འདོར་ཚིག་བྲལ་མཉམ་ཉིད་དོ།། འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས།། གནས་སུ་བྱ་བ་མིང་མེད་དོ།། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ།། གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ།། གླེང་བྲལ ་འདི་ལ་གནས་པ་ཡིས།། རྣལ་འབྱོར་དེ་ནི་སྐལ་བ་བཟང་།། བདག་དང་གཞན་དོན་མི་འབྱེད་པས།། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། ལྷག་མ་མེད་པས་ཡོངས་སུ་རྫོགས།། འགྱུར་བ་མ་ཡིན་དྲང་པོར་གནས།། ནམ ་མཁའ་བཞིན་དུ་མཐའ་མཉམ་ཞིང་།། གཞན་ལ་ལྟོས་འགྱུར་ཆོས་མ་ཡིན།། ལྷུན་གྱིས་གནས་པའི་བདེ་ཆེན་ཏེ།། མཚུངས་པ་མེད་པའི་ཡེ་ཤེས་ཀྱིས།། རང་གི་མཐུ་ཡི་རིག་པ་ལས།། ཆོས་ནི་གཞན་ལས་འབྱུང་མི ་འགྱུར།། ངོ་མཚར་རྨད་བྱུང་རོལ་པ་འདི།། བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ།། ཅིར་ཡང་མི་དམིགས་གཏི་མུག་ལས།། དེ་མ་ཐག་ཏུ་རང་ལས་འབྱུང་།། དེ་ནི་ཐམས་ཅད་མཚུངས་པའི་ལམ།། འགྲོ་བ་ཀུན་ལ་རང ་བཞིན་གནས།། གོ་བའི་ཡུལ་ན་བདེ་བ་ཆེ།། དེ་ཉིད་རྣམ་དག་འཇིག་རྟེན་ཡིན།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ།། མ་ངེས་འཇའ་ཚོན་ཁ་དོག་ལས།། རིགས་ཀྱི་ཁྱད་པར ་མངོན་པར་སྣང་།། མཉམ་པས་རིམ་པ་བཀོད་པ་མེད།། གཅིག་པས་ཕྱོགས་སུ་བསྔོ་དང་བྲལ།། ལྷུན་གྱིས་གནས་པས་མི་བསྔོ་ཞིང་།། གདོད་ནས་དག་པས་བདུད་རྩི་ཡིན།། ཡིད་ཀྱི་བསམ་པ་ཡོངས་དག ་སྟེ།། བལྟས་པའི་སྟོབས་ཀྱིས་བཀྲམ་པའོ།། མཐོང་བར་གྱུར་བའི་དངོས་གྲུབ་ལ།། དེ་ནི་མཉམ་བཞག་རྫོགས་པའོ།། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན།། དགའ་བར་གྱུར་བས་དམ་ཚིག་ཡིན།། ཐབས་གྱི་གར ་སྟབས་བསྐྱོད་པ་ཡིན།། གཉིས་མེད་སྦྱོར་བས་ཕུལ་བ་ཡིན།། མི་གཟུས་བཏང་བས་གཏོར་མ་ཡིན།། བྱ་བ་མེད་པས་ལས་རྣམས་འགྲུབ།། མི་རྟོག་ཡེ་ཤེས་བགེགས་བསལ་ནས།། མི་གསུང་མཉམ་བཞག་སྔགས ་ཚིག་གི། བླ་མ་མཆོད་དང་བསྟོད་པ་དང་།། དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་།། མ་ཆགས་མི་གཡོའི་སྟོབས་མེད་ན།། བྱས་ན་འཆིང་བ་ཆེན་པོར་འགྱུར།། དེ་བས་དེ་ལུང་དེ་ཉིད་ལས།། དེ་ལས་དེ་ལྟར་སྒྲིབ ་པར་འགྱུར།། དེ་ལྟར་དེ་ལ་དེ་རྟོག་ན།། དེ་ལ་དེ་ཉིད་གྲུབ་པ་མེད།། ཅེས་ལུང་དགོངས་པ་ལ་སྤུངས་པའི་མདོ་ཟབ་མོ།། མ་ཧཱ་ཨ་ཀཪྴ། ཤ་ཀ་རི་ཤ། སུ་ཏྲ། བཅོམ་ལྡན་འདས་དཔལ་རྡོ་རྗེ་དཔའ་ལ ་ཕྱག་འཚལ་ལོ།། ཡོངས་སུ་རྫོགས་པའི་མདོ།། ལུང་གི་རྒྱལ་པོ་ཡང་གསང་རྨད་དུ་བྱུང་བའི་ལུང་། ཐིག་ལེ་རང་བྱུང་ཉག་གཅིག་པོ།། ང་ཡིས་བཤད་ཀྱིས་ང་ལ་ཉོན།། ཡེ་ཉིད་ནས་ནི་འཁོར་བ་མེད།། དེ་དབང་གྱུར ་ནས་སངས་རྒྱས་ང་།། རྫོགས་པའི་བདེ་ཆེན་ངོ་བོ་ལ།། ངང་དུ་ཉོན་མོངས་གཅོད་པའོ།། མ་བཅོས་མཁའ་འདྲ་ལྷུན་རྫོགས་ཏེ།། ནམ་མཁའི་དང་ལས་གཡོས་པ་མེད།། ལྷུན་གྱིས་གྲུབ་པའི་ཆོས་ཆེན་པོ།། ཤིན་ཏུ་མེད ་པས་རྡོ་རྗེ་འཆང་།། སེམས་ཅན་རྒྱུ་གཞི་སངས་རྒྱས་དང་།། འཁྲུལ་ནས་གཞན་དུ་ཚོལ་བ་ཡི།། སྟོང་པ་མུ་ཡིས་དོན་མི་རྙེད།། གསང་བའི་ཞལ་གྱིས་བཞེས་པའོ།། འགྱུར་བ་མེད་པའི་བདེ་ཆེན་ནི།། གཞན་ལ་ལྟོས་པ ་མ་ཡིན་ཏེ།། སངས་རྒྱས་ང་ལས་གཞན་མེད་པས།། རྨད་བྱུང་བྱང་ཆུབ་པར་ཡང་ངོ་།། ཐིག་ལེ་གཅིག་པས་བྱང་ཆུབ་སེམས།། མི་འབྱེད་སངས་རྒྱས་ངོ་བོ་དང་།། འབྱུང་བས་བསྐྱེད་པས་ཡེ་སངས་རྒྱས།། མཚོན་དུ ་མེད་པའི་འབྱུང་གནས་པ།། འཁོར་བ་འཇིག་པའི་རང་བཞིན་པས།། ང་ལ་བཏུད་ན་སངས་རྒྱས་ཡིན།། ཡང་དག་པའི་ལེའུ་བསྟན་ཏོ།། བཅོམ་ལྡན་འདས་ལུང་ཐམས་དཅ་ཀྱི་བདག་ཉིད།། དཔལ་རྡོ་རྗེ་སེམས་དཔའ ་རང་བྱུང་གི་རྒྱན་བཅོ་བརྒྱད་ཀྱིས་བཀྲོལ་ནས།། དགའ་རབ་རྡོ་རྗེ་ལ་བཞག་པའོ།། སངས་རྒྱས་མྱ་ངན་ལས་འདས་པའི་མདོ་ལུང་བམ་པོ་གསུམ་པ།། སྙིང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཅེས་བྱ་བ་ལས། བམ ་པོ་ཐ་མ་ལུང་གིས་ཡིད་ཆེས་པར་བསྟན་པ་རྫོགས་སོ།། ང་ཡིས་བསྟན་པའི་གསང་གཏེར་འདི།། གཏིང་དཔག་མེད་པའི་རྒྱ་མཚོ་ནས།། སྲིད་པ་གསུམ་གྱི་རྩེ་མོ་རུ།། ནུབ་པ་མེད་པའི་གཏེར་དུ་བསྟན།། ཅེས་རྡོ་རྗེ ་སེམས་དཔའ་ཐུགས་ཀྱི་ཀློང་བརྟོལ་ནས།། དགའ་རབ་རྡོ་རྗེ་ཁྱོད་ལ་གཏད།། སྐྱེ་ཤིས་འཇིག་པའི་སེམས་ཅན་ལ།། རྡོ་རྗེ་བཅུས་ཁྲག་ཐོན་ལ་གཏད།། དེ་མིན་པར་ནི་གསང་བར་གསུངས།། ཞེས་གཏད་རྒྱའོ།། ། ་