| Wylie | e-texts produced with BDRC’s OCR application |
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡི།། རིག ་པ་ཐབས་ཀྱི་རྒྱུད་པ་ཡི།། མན་ངག་དང་མོ་འགྲོས་ཀྱི་རྒྱུད།། འཁོར་རྣམས་ཀུན་ལ་བསྟན་པ་ནི།། དང་མོའི་འགྲོས་རྫོགས་རིན་ཆེན་འདམ་ལ་འགྲོ།། འབྲེལ་ཏེ་མ་ཆད་འགྲུས་མེད་གནས་སུ་འགྲོ།། གང་དུ་ཕྱིན་ཀྱང ་དོན་གྲུབ་ཀུན་ཏུ་བདེ།། དེ་བཞིན་མན་ངག་སྙིང་པོ་བྱང་ཆུབ་སེམས།། དངོས་དང་དངོས་མེད་གང་ལྟར་ཅིར་ཡང་སྣང་།། ཐམས་ཅད་ཐིག་ལེ་གཅིག་པས་བྱང་ཆུབ་སེམས་ཀྱི་ངང་།། ཕྱོགས་སུ་མ་ཆད་ཡོངས་སུ་འབྲེལ ་བར་གནས།། གང་ལྟར་གནས་ཀྱང་དེ་བཞིན་ཉིད་དུ་བདེ།། མན་ངག་དང་མོའི་འགྲོས་ཏེ་འབྲེལ་བར་ཐོགས་པ་མེད་པར་འགྲོ།། བྱང་སེམས་མན་ངག་དང་མོ་འགྲོས་ཀྱི་རྒྱུད།། དོན་རྡེག་ཚིག་གིས་ཡང་དག་དོན ་བསྟན་པ།། དང་མོ་འགྲོས་ཀྱི་འབྲེལ་བས་ཕྱིན་པ་ལྟར།། ཡང་དག་མན་ངག་སྙིང་པོ་བྱང་ཆུབ་འདི།། ཕྱོགས་སུ་མ་ཆད་ཀུན་གྱི་རང་བཞིན་ནི།། ཡོངས་སུ་འབྲེལ་ཏེ་སྙིང་པོ་ཐིག་ལེ་གཅིག། དཔལ་དང་གནས་མན ་ངག་དང་མོའི་འགྲོས།། སྣང་སྲིད་ཡེ་སངས་རྒྱས་པས་སེམས་མེད་པས།། ཐིག་ལེ་གཅིག་ཏུ་འབྲེལ་པས་མན་ངག་དང་མོའི་འགྲོས།། ལྟ་སྤྱོད་གཉིས་མེད་གདོད་ནས་རྣམ་དག་པས།། ཐིག་ལེ་གཅིག་ཏུ་གནས་པས ་མན་ངག་དང་མོའི་འགྲོས།། དབྱིངས་དང་ཡེ་ཤེས་གཉིས་མེད་རྟགས་པའི་ཐ་སྙད་མེད།། ཡེ་ནས་གཅིག་ཏུ་གནས་པས་མན་ངག་དང་མོའི་འགྲོས།། ཐབས་དང་ཤེས་རབ་གཉིས་མེད་འབྲེལ་བས་ཤེས ་པའི་དངོས་གཞི་མེད།། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་དང་མོའི་འགྲོས།། རྩོལ་སྒྲིབ་གཉིས་མེད་འབྲེལ་བས་ལྟ་དོན་རྣམ་པར་དག། ཐིག་ལེ་གཅིག་ཏུ་གནས་པས་མན་དང་མོའི་འགྲོས།། བཤད་བརྗོད ་གཉིས་མེད་འབྲེལ་པས་ཐ་སྙད་ཀུན་དང་བྲལ།། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་དང་མོའི་འགྲོས།། གཟུང་འཛིན་གཉིས་མེད་འབྲེལ་བས་ལྷ་དོན་རྣམ་པར་དག། ཐིག་ལེ་གཅིག་ཏུ་འབྲེལ་བས་མན་ངག་དང ་མོའི་འགྲོས།། བསམ་སྒོམ་གཉིས་མེད་འབྲེལ་བས་ལྷུན་གྲུབ་བདེ་བའི་ངང་།། ཐིག་ལེ་གཅིག་ཏུ་གནས་པས་མན་ངག་དང་མོའི་འགྲོས།། དངང་མོ་འགྲོས་དགུ་ཐིག་ལེ་གཅིག་ཏུ་འབྲེལ།། ཕྱོགས་སུ་མ་ཆད་ཡོངས་སུ ་འབྲེལ་བའི་ཐིག་ལེ་གཅིག། ཐམས་ཅད་རྫོགས་པས་དབྱེར་མེད་བདེ་ཆེན་དང་།། ཀུན་ཏུ་བཟང་པོ་ཡོངས་སུ་ཁྱབ་བརྡལ་བས།། གཅིག་དང་དུ་མའི་རྣམ་གྲངས་གདོད་ནས་དག། གདགས་པའི་ཐ་སྙད་ཀུན་བྲལ་ཐིག ་ལེ་གཅིག། སུས་ཀྱང་གདོད་ནས་མ་བཅོས་དེ་བཞིན་ཉིད་དུ་གནས།། གང་ལ་ཡང་བློ་གནས་ཤིང་ཅི་ལ་ཡང་བསམ་པ་ཡིན།། མི་གཡོ་དང་ལ་གསལ་ཞིང་རྒྱུན་བཞག་ལ།། མན་ངག་དང་མོའི་འགྲོས་ཏེ་རིག་པ་རང ་ཉུལ་ཤར།། ཐུགས་རབ་སྲས་མཆོག་དམ་པ་ཡང་རབ་ཀྱི།། ཐུགས་མཆོག་དམ་པ་འདི་གཟུང་དང་གནས་ན།། ཡུན་དུ་མི་ཐོགས་མྱུར་དུ་མངོན་སངས་རྒྱས།། ཞེས་བསྟན་ཏོ།། བྱང་ཆུབ་སེམས་དང་མོ་འགྲོས་ཀྱི ་རྒྱུད།། ས་མ་ཡ་སོ་ཕག་ཤི་ཐམས། རྫོགས་སོ།། །། @#། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ ་