CLOSE WINDOW

Gpb036.003: byang chub kyi sems rin po che'i rgyud rgyas pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་རཏྣ་པུཥྚི་མ་ཧཱ་སུ་ཏྲ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྒྱུད་རྒྱས་པ་ཆེན་པོའི་མདོ།། བཅོམ་ལྡན་འདས་བདེ་བ་ཆེན་པོའི་ངང་ལྷུན་གྱིས་གྲུབ་པའི་སྐུ་ལ་ཕྱག ་འཚལ་ལོ།། ཐོག་མ་ཐ་མ་མེད་པས་ཀུན་གྱི་གཞི།། ཚིག་དང་ཡུམ་ལས་འདས་པའི་སྙིང་པོ་ཉིད།། དངོས་པོ་མཚན་མ་དག་ལས་རྣམ་པར་གྲོལ།། རང་བཞིན་ལྷུན་གྱིས་གྲུབ་པའི་ཐིག་ལེའི་གློང་།། ཡེ་ཁྱབ་ཀུན་ཏུ་ཁྱབ ་པ་བདག་ཆེན་པོ།། རྨད་དུ་བྱུང་བའི་མཛོད་ཆེན་མི་ཟད་པ།། གསང་བའི་དཀྱིལ་འཁོར་རྒྱ་ཡོངས་མ་ཆད་པ།། ཆོས་དབྱིངས་ཕོ་བྲང་བརྡལ་བའི་གཞལ་ཡས་ན།། ཡེ་སངས་རྒྱས་པའི་སྟོན་པ་ཀུན་བཟང་ལ།། ཐ་དད ་མེད་པའི་རྡོ་རྗེ་སེམས་དཔའ་དེས།། གླེང་བའི་གཞི་མེད་གླེང་གཞི་ཀུན་གྱི་མིང་།། རང་བཞིན་བཞི་ལྔ་ཕུན་སུམ་ཚོགས་ལྔའི་མིང་།། འབྱུང་ལྔ་བྱུང་ལྔ་ཕུན་སུམ་ཚོགས་པའི་མིང་།། བྱུང་ནས་གནས་པའི་ཕུན་སུམ ་ཚོགས་པའི་མིང་།། ཕུན་སུམ་ཚོགས་པའི་མིང་བཏགས་ཇི་ལྟ་བུ།། ཡེ་སངས་རྒྱས་པའི་སྟོན་པ་ཀུན་བཟང་གིས།། ཐ་དད་མེད་པའི་རྡོ་རྗེ་སེམས་དཔའ་ལ།། གླེང་གཞིའི་མིང་མེད་གླེང་གཞི་མིང་བཏགས་པ།། རང ་བཞིན་ཆོས་སྐུ་འགག་མེད་སྟོན་པ་དང་།། རང་བྱུང་ཡེ་ཤེས་མ་འགགས་སྟོན་པ་གཉིས།། འགག་མེད་མ་འགགས་གཉིས་མེད་སྟོན་པ་གསུམ།། རང་བཞིན་གཞི་གཅིག་སྟོན་པ་ཕུན་སུམ་ཚོགས།། རང་བཞིན་ཆོས་སྐུ ་སྡུད་མེད་འཁོར་ཉིད་དང་།། རང་བྱུང་ཡེ་ཤེས་མི་སྡུད་འཁོར་ཉིད་གཉིས།། སྡུད་མེད་མི་སྡུད་དབྱེར་མེད་འཁོར་དང་གསུམ།། རང་བཞིན་གཞི་གཉིས་འཁོར་གསུམ་ཕུན་སུམ་ཚོགས།། རང་བཞིན་ཆོས་སྐུ་རིག་མེད ་སྣོད་གནས་དང་།། རང་བྱུང་ཡེ་ཤེས་རང་རིག་བཅུ་གནས་གཉིས།། རིག་མེད་རང་རིག་གཉིས་མེད་གནས་དང་གསུམ།། རང་བཞིན་གཞི་གསུམ་གནས་གསུམ་ཕུན་སུམ་ཚོགས།། རང་བཞིན་ཆོས་སྐུ་སྐྱེ་མེད་དུས ་ཉིད་དང་།། རང་བྱུང་ཡེ་ཤེས་མ་སྐྱེས་དུས་ཉིད་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་དུས་དང་གསུམ།། རང་བཞིན་གཞི་བཞི་དུས་གསུམ་ཕུན་སུམ་ཚོགས།། རང་བཞིན་ཆོས་སྐུ་དབྱེར་མེད་བསྟན་པ་དང་།། རང་བྱུང ་ཡེ་ཤེས་མི་གསུང་བསྟན་པ་གཉིས།། གསུང་མེད་མི་གསུང་གཉིས་མེད་བསྟན་པ་གསུམ།། རང་བཞིན་གཞི་ལྔའི་བསྟན་པ་ཕུན་སུམ་ཚོགས།། རང་བྱུང་ཡན་ལག་ཡེ་ཤེས་ཡེ་ཤེས་ཟེར།། གཡོ་དང་མི་གཡོ་ཕྲ་རབ ་ཟེར་གཡོས་པ།། ཟེར་གྱི་རང་བཞིན་མ་འགགས་ཟེར་ཤེས་ལ།། ཡེ་ཤེས་ཟེར་ལས་བྱུང་བའི་སྟོན་པ་འབྱུང་།། ཟེར་གྱི་ཆོས་སྐུ་འགག་མེད་སྟོན་པ་དང་།། ཟེར་གྱི་ཡེ་ཤེས་མ་འགགས་སྟོན་པ་གཉིས།། འགག་མེད་མ ་འགགས་དབྱེར་མེད་སྟོན་པ་གསུམ།། འབྱུང་བའི་བཞི་གཅིག་སྟོན་པ་ཕུན་སུམ་ཚོགས།། ཟེར་གྱི་ཆོས་སྐུ་སྡུད་མེད་འཁོར་ཉིད་དང་།། ཟེར་གྱི་ཡེ་ཤེས་མི་སྡུད་འཁོར་ཉིད་གཉིས།། སྡུད་མེད་མི་སྡུད་གཉིས་མེད ་འཁོར་དང་གསུམ།། འབྱུང་བའི་བཞི་གཉིས་འཁོར་གསུམ་ཕུན་སུམ་ཚོགས།། ཟེར་གྱི་ཆོས་སྐུ་རིག་མེད་གནས་པ་དང་།། ཟེར་གྱི་ཡེ་ཤེས་རང་རིག་གནས་པ་གཉིས།། རིག་མེད་རང་རིག་དབྱེར་མེད ་གནས་དང་གསུམ།། འབྱུང་བའི་གཞི་གསུམ་གནས་གསུམ་ཕུན་སུམ་ཚོགས།། ཟེར་གྱི་ཆོས་སྐུ་སྐྱེ་མེད་དུས་ཉིད་དང་།། ཟེར་གྱི་ཡེ་ཤེས་མ་སྐྱེས་དུས་ཉིད་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་དུས་དང ་གསུམ།། འབྱུང་བའི་གཞི་བཞི་དུས་གསུམ་ཕུན་སུམ་ཚོགས།། ཟེར་གྱིས་ཆོས་སྐུ་བརྗོད་མེད་བསྟན་པ་དང་།། ཟེར་གྱི་ཡེ་ཤེས་མ་བརྗོད་བསྟན་པ་གཉིས།། བརྗོད་མེད་མ་བརྗོད་དབྱེར་མེད་བསྟན་པ ་གསུམ།། འབྱུང་བའི་གཞི་ལྔ་བསྟན་པ་ཕུན་སུམ་ཚོགས།། ཡན་ལག་ཟེར་གྱི་ཡེ་ཤེས་ཕྲ་མོ་དེ།། སྔར་གཡོས་མ་མྱོང་ཡན་ལག་གཡོས་པའི་ཡིད།། གཡོས་པའི་ཡིད་དེ་མིང་མེད་ཡིད་ཀྱི་མིང་།། འཁོར་ལོ་གསུམ་དུ ་ཡིད་གཡོས་སེམས་སུ་བྱུང་།། སེམས་ཀྱི་ཆོས་སྐུ་འགག་མེད་སྟོན་པ་དང་།། སེམས་ཀྱི་ཡེ་ཤེས་མ་འགགས་སྟོན་པ་གཉིས།། འགག་མེད་མ་འགགས་དབྱེར་མེད་སྟོན་པ་གསུམ།། བྱུང་བའི་གཞི་གཅིག་སྟོན་པ་ཕུན ་སུམ་ཚོགས།། སེམས་ཀྱི་ཆོས་སྐུ་འདུ་མེད་འཁོར་ཉིད་དང་།། སེམས་ཀྱི་ཡེ་ཤེས་མི་འདུ་འཁོར་ཉིད་གཉིས།། འདུ་མེད་མི་འདུ་དབྱེར་མེད་འཁོར་དང་གསུམ།། བྱུང་བའི་གཞི་གཉིས་འཁོར་གསུམ་ཕུན་སུམ ་ཚོགས།། སེམས་ཀྱི་ཆོས་སྐུ་རིག་མེད་གནས་པ་དང་།། སེམས་ཀྱི་ཡེ་ཤེས་རང་རིག་གནས་པ་གཉིས།། རིག་མེད་རང་རིག་གཉིས་མེད་གནས་དང་གསུམ།། བྱུང་བའི་གཞི་གསུམ་གནས་པ་ཕུན་སུམ ་ཚོགས།། སེམས་ཀྱི་ཆོས་སྐུ་སྐྱེ་མེད་དུས་ཉིད་དང་།། སེམས་ཀྱི་ཡེ་ཤེས་མ་སྐྱེས་དུས་ཉིད་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་དུས་དང་གསུམ།། བྱུང་བའི་གཞི་བཞི་དུས་གསུམ་ཕུན་སུམ་ཚོགས།། སེམས་ཀྱི་ཆོས ་སྐུ་བསྟན་མེད་བསྟན་པ་དང་།། སེམས་ཀྱི་ཡེ་ཤེས་མ་བསྟན་བསྟན་པ་གཉིས།། བསྟན་མེད་མ་བསྟན་དབྱེར་མེད་བསྟན་པ་གསུམ།། འབྱུང་བའི་གཞི་ལྔ་བསྟན་པ་ཕུན་སུམ་ཚོགས།། བྱུང་དང་བྱུང་ནས་གནས་པ ་མིང་མེད་ལ།། བྱུང་དང་བྱུང་གནས་ཕུན་སུམ་ཚོགས་པའི་མིང་།། ཡེ་ཤེས་སེམས་བྱུང་བྱུང་ནས་གནས་པ་དེ།། འགག་མེད་མ་འགགས་གཉིས་མེད་གནས་སྟོན་པ།། ཡེ་ཤེས་སེམས་བྱུང་བྱུང་ནས་གནས་པ ་ཡང་།། ཆོས་སྐུ་ཡེ་ཤེས་གཉིས་མེད་གནས་པའི་འཁོར།། ཡེ་ཤེས་སེམས་བྱུང་བྱུང་ནས་གནས་པ་དེ།། རིག་མེད་རང་རིག་དབྱེར་མེད་གནས་པའི་གནས།། ཡེ་ཤེས་སེམས་བྱུང་བྱུང་ནས་གནས་པ་ཡང་།། སྐྱེ་མེད་མ ་སྐྱེས་གཉིས་མེད་གནས་པའི་དུས།། ཡེ་ཤེས་སེམས་བྱུང་བྱུང་ནས་གནས་པ་ཡང་།། མཚོན་མེད་མཚོན་གཉིས་མེད་གནས་བསྟན་པའོ།། བྱུང་ནས་གནས་པ་ཕུན་སུམ་མིང་མེད་ལ།། གནས་པའི་ཕུན་སུམ་ཚོགས་པའི ་མིང་བཏགས་པ།། རྩལ་གྱི་རང་བཞིན་སྟོན་པའི་སྟོན་པ་ནི།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ཀུན།། ཆོས་ཉིད་དེ་བཞིན་ཉིད་དུ་སྟོན་པར་བྱེད།། ཆོས་ཀྱི་ངོ་བོ་སྟོན་པའི་སྟོན་པ་ཡང་།། ཡན ་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ཀུན།། སྟོན་པ་ཉིད་ཀྱི་སྐུ་རུ་བྱུང་ནས་ཀྱང་།། སྐུ་ཡི་ངོ་བོ་དེ་ལས་མེད་པར་སྟོན།། ཆོས་ཀྱི་སྒྲ་ཚིག་སྟོན་པའི་སྟོན་པ་ནི།། ཡན་ལག་རྩལ་གྱི་དོན་ནི་སྒྲར་བསྡུས་ཏེ།། དངོས་པོར ་སྣང་བའི་མ་རིག་སེམས་ཅན་ལ།། དོན་དེ་སྒྲ་དང་ཚིག་གིས་བསྡེབས་ནས་སྟོན།། བྱུང་ནས་གནས་པའི་འཁོར་ཀྱང་རྣམ་པ་གསུམ།། གནས་པའི་རང་བཞིན་རྣམ་དག་ཆོས་སྐུའི་འཁོར།། ལོངས་སྤྱོད་རྫོགས་སྐུ ་རིགས་ལྔའི་ངོ་བོ་འཁོར།། རིགས་དྲུག་སེམས་ཅན་སྤྲུལ་པའི་སྐུ་ཡི་འཁོར།། བྱུང་ནས་གནས་པའི་གནས་ཀྱང་རྣམ་པ་གསུམ།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ལ།། སྐྱེ་མེད་རང་གནས་ཆོས་ཀྱི་སྐུ་ཡི ་གནས།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ལ།། ཡེ་ཤེས་དང་གནས་ལོངས་སྤྱོད་རྫོགས་སྐུའི་གནས།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ཀུན།། སོ་སོ་རང་རང་ཁྱད་པར་སྤྲུལ་སྐུའི་གནས།། བྱུང་ནས ་གནས་པའི་དུས་ཀྱང་རྣམ་པ་གསུམ།། དུས་གསུམ་དབྱེར་མེད་བསྟན་པ་ཆོས་སྐུའི་དུས།། སྐུ་ཡི་ངོ་བོར་བསྟན་པ་ལོངས་སྤྱོད་རྫོགས་པའི་དུས།། སྒྲ་ཚིག་སོ་སོར་བསྟན་པ་སྦྲུལ་སྐུའི་དུས།། བྱུང་ནས་གནས་པའི ་བསྟན་པ་རྣམ་གསུམ་ནི།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱི་ཆོས་སྐུ་བསྟན་པའོ།། ཡན་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ཀུན།། ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད་དུ ་བསྟན།། ཡན་ལག་རྩལ་གྱི་སེམས་ཅན་སོ་སོར་ལ།། རང་རང་སྦྲུལ་སྐུ་རང་རང་ངག་གི་སྒྲས།། རང་རང་ཡུལ་ལ་ཞེན་པ་དེ་བཟློག་ནས།། སོ་སོར་གང་འཐད་དོན་རྣམས་དེ་བསྟན་པའོ།། ཕུན་སུམ་ཚོགས་པ་མིང ་མེད་མིང་བཏགས་པ།། ཡེ་ཤེས་སེམས་སྟོན་འགག་མེད་མ་འགགས་སྟོན།། ཡེ་ཤེས་སེམས་ཀྱི་འཁོར་ནི་གྲངས་མེད་འཁོར།། སྣོད་བཅུད་གཉིས་མེད་གནས་ནི་འོག་མིན་གནས།། སྐྱེ་མེད་མ་སྐྱེས་གཉིས་མེད་དུས་ནི ་དུས་གསུམ་གཅིག། བསྟན་མེད་མ་བསྟན་དབྱེར་མེད་བསྟན་པའོ།། སྟོན་འཁོར་གནས་དུས་བསྟན་པ་ཕུན་སུམ་ཚོགས།། ཕུན་སུམ་ཚོགས་པའི་གླེང་གཞིའི་ཆོས་རྣམས་རྫོགས།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ ་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྱིས་གྲུབ་པའི་ངོ་བོ་འདི།། སྤྱི་དང་ཁྱད་པར་ངོ་བོ་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། སྤྱི་ཡི་རང་བཞིན་ངོ་བོ་རྣམ་གཉིས་ཏེ།། སྤྱི་ཡི་སྤྱི་དང་སྤྱི་ཡི་ཁྱད་པར་རོ།། སྤྱི་ཡི་སྤྱི་ཡི་རང་བཞིན་ངོ་བོ་ཡང་།། ཐམས ་ཅད་འབྱུང་བའི་གཞིར་གྱུར་ཀུན་གྱི་གཞི།། ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། མཐའ་དབུས་མེད་ཅིང་ཕྱོགས་དང་བྲལ་བར་གནས།། དོན་དམ་སྙིང་པོ་སྟོང་པའི་རང་བཞིན་ཅན།། ཐམས ་ཅད་གོ་འབྱེད་རྒྱ་ཡོངས་མ་ཆད་པ།། ནམ་མཁའི་བདག་ཉིད་ཐིག་ལེ་ཆེན་པོའི་ངང་།། ཡོངས་ལ་ཁྱབ་པའི་ཆོས་དབྱིངས་ཀུན་གྱི་ལམ།། ཀུན་གྱི་འབྱུང་གནས་ཡོན་ཏན་མཛོད་ཆེན་པོ།། ཟད་མེད་མི་རླག་མི་ཞུམ་རིན ་པོ་ཆེ།། རིན་ཆེན་མངོན་དུ་གསལ་བ་བསྟན་དུ་མེད།། སྨྲར་མེད་བརྗོད་མེད་ཚིག་གི་ཡུལ་ལས་འདས།། དངོས་པོ་མཚན་མ་དག་ལས་རྣམ་པར་གྲོལ།། ཚོགས་བརྒྱད་ཡུལ་དུ་མ་གྱུར་སྙིང་པོ་ཅན།། རྟག་ཆད་ཀུན་གྱི ་མཐའ་དང་རྩིས་ལས་འདས།། ཡོད་མེད་སྟོང་དང་མི་སྟོང་རྣམ་པར་དག། བསམ་དུ་མེད་པའི་གཞལ་ཡས་རྨད་དུ་བྱུང་།། རྨད་བྱུང་ཀུན་བཟང་རྟོག་མེད་ཡངས་པ་ནི།། ནམ་མཁའི་སྙིང་པོ་རང་གསལ་སྣང་བ ་འདིའོ།། ནམ་མཁའ་རྒྱུ་རྐྱེན་བྲལ་བས་ཟག་པ་མེད།། ཟག་མེད་ནམ་མཁའི་རང་བཞིན་སྤུ་གྲི་སོ།། གཅོད་དང་མི་གཅོད་བྱང་ཆུབ་སེམས་ཀྱི་དབྱིངས།། དབྱིངས་ཀྱི་བདག་ཉིད་ལྟ་བ་ཀུན་གྱི་སྤྱི།། ལྟ་བའི་རང་བཞིན ་སངས་རྒྱས་ཀུན་གྱི་མཆོག། སྤྱི་ཡི་ཁྱད་པར་ངོ་བོ་བསྟན་པ་ནི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་ཡང་།། ལྷུན་གྲུབ་ཡན་ལག་ངོ་བོ་གཉིས་སྣང་སྟེ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ངོ་བོ་ནི།། རིག་མེད་གསལ ་གདངས་འགྱུར་མེད་འགག་མེད་པའོ།། རང་བཞིན་ལྷུན་གྲུབ་ཡེ་ཤེས་ངོ་བོ་ནི།། རང་རིག་གསལ་གདངས་མི་འགྱུར་མ་འགགས་པའོ།། རང་བཞིན་ལྷུན་གྲུབ་དབྱེར་མེད་ངོ་བོ་ནི།། རིག་མེད་རང་རིག་དབྱེར་མེད ་གསལ་དྲངས་པའོ།། ཡན་ལག་ཁྱད་པར་ངོ་བོ་བསྟན་པ་ནི།། དངོས་པོ་མཚན་མའི་རང་བཞིན་གཉིས་སྣང་སྟེ།། དངོས་པོ་འཁོར་བའི་ཆོས་ཀྱི་ངོ་བོ་ལ།། ཆོས་སྐུ་རིག་མེད་གསལ་གདངས་འགག་མེད་དང་།། རང ་བྱུང་ཡེ་ཤེས་རང་རིག་མ་འགགས་གཉིས།། དབྱེར་མེད་ངོ་བོར་སྣང་སྟེ་གསལ་དྲངས་པའོ།། མཚན་མའི་ངོ་བོ་ཐེག་པའི་ཁྱད་པར་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་སོ་སོར་མཐོང་།། རང་བཞིན་ལྷུན་གྲུབ་ཆོས་སྐུ་ཆེན ་པོ་དང་།། ཡན་ལག་རྩལ་གྱི་ཆོས་སྐུ་འགྱུར་མེད་གཉིས།། ཐ་དད་མེད་དེ་གཅིག་གི་རང་བཞིན་ལ།། ཡན་ལག་དབང་གིས་ཆོས་སྐུ་སོ་སོར་མཐོང་།། དེ་བཞིན་རང་བྱུང་ཡེ་ཤེས་ཆེན་པོ་ཡང་།། ཡན་ལག་དབང་གིས ་ཡེ་ཤེས་སོ་སོར་མཐོང་།། ཆོས་སྐུ་རང་བྱུང་ཡེ་ཤེས་སོ་སོར་མཐོང་།། ཡན་ལག་དབང་གིས་དབྱེར་མེད་སོ་སོར་མཐོང་།། སོ་སོར་མཐོང་བའི་ཁྱད་པར་ཆེ་ཆུང་གིས།། ཐེག་པ་རྣམས་ཀྱི་ལྟ་བ་སོ་སོར་ལྟ།། སོ་སོར་ལྷ ་བའི་ཐེག་པ་དེ་རྣམས་ཀྱང་།། རྫོགས་པ་ཆེན་པོའི་རང་བཞིན་རྩལ་སྣང་སྟེ།། རྫོགས་པ་ཆེན་པོའི་རང་བཞིན་སྣང་བ་ནི།། ཉི་ཟེར་འོད་དང་ཤེལ་གྱི་རྒྱུས་པ་འདྲ།། ཉི་མའི་འོད་དང་ཤེལ་གྱི་རང་བཞིན་ནི།། རིག་མེད ་སྣོད་ཀྱི་ཚུལ་དེ་ཆོས་སྐུ་འདྲ།། ཉི་མའི་ཟེར་དང་ཤེལ་གྱི་རྒྱུས་པ་ནི།། རང་རིག་བཅུད་ཀྱི་ཚུལ་དེ་ཡེ་ཤེས་འདྲ།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་གཉིས།། དབྱེར་མེད་གཅིག་སྟེ་ཤེལ་གྱི་བརྒྱུས་པ ་འདྲ།། དེ་འདྲ་དེ་ནི་ལྟ་བ་ཀུན་གྱི་མཆོག། ལྟར་མེད་མཐོང་བས་གསལ་བ་ཆེན་པོའི་ལམ།། བྱས་མེད་ཟིན་པས་བདེ་བ་ཆེན་པོའི་ལམ།། བགྲོད་མེད་མ་བགྲོད་ཕྱིན་པས་བདེ་བའི་ལམ།། སྒྲུབ་མེད་མ་བསྒྲུབས ་བསྒྲུབས་པས་བསྒྲུབས་པའི་ལམ།། གྲུབ་མེད་མ་གྲུབ་གྲུབ་པས་འབྲས་བུའི་ལམ།། དག་མེད་མ་དག་དག་པས་དག་པའི་ལམ།། གྲོལ་མེད་མ་གྲོལ་གྲོལ་བས་གྲོལ་བའི་ལམ།། སངས་མེད་མ་སངས་སངས་པས ་སངས་རྒྱས་ལམ།། དེ་འདྲ་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། རང་བཞིན་ལྷུན་གྱིས་གྲུབ་པས་ལྷུན་གྱིས་གྲུབ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ངང་ཉིད་ལས།། རང་བྱུང་བྱུང་བས་རང་བྱུང་ཡེ་ཤེས་ཏེ།། རང་བྱུང ་ཡེ་ཤེས་བདག་ཉིད་ཆེན་པོ་ནི།། ཀུན་ཁྱབ་མིང་མེད་ནམ་མཁའ་རང་གསལ་ལྷ།། ནམ་མཁའ་རང་གསལ་ཀུན་གྱི་གོ་འབྱེད་པས།། ཆོས་རྣམས་ཐམས་ཅད་ནམ་མཁའི་ངང་ལས་བྱུང་།། ནམ་མཁའ་ལས་བྱུང་ནམ ་མཁའ་ལས་མ་འདས།། ནམ་ནི་རང་གསལ་འགྱུར་མེད་ཆོས་ཀྱི་སྐུ།། མཁའ་ནི་རང་བྱུང་ཡེ་ཤེས་མི་འགྱུར་བ།། གཉིས་མེད་ནམ་མཁའ་ཆེན་པོའི་རང་བཞིན་ཏེ།། ནམ་མཁའ་འདི་ཉིད་ཡིན་ཏེ་ལྟ་བའི་མཆོག། ལྟ ་མཆོག་འདི་ལ་སུ་གནས་སངས་རྒྱས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། རང་བཞིན་ལྟ་བའི་ལེའུ་སྟེ་གཉིས་པའོ།། །། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང ་པོ་ལ།། རང་བཞིན་ལྷུན་གྲུབ་ཆོས་སྐུ་མིང་མེད་ལ།། ཆོས་སྐུ་རང་སྣང་མིང་གདགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་རང ་བཞིན་མིང་མེད་ལ།། ཆོས་སྐུ་རང་སྣང་རང་བཞིན་མིང་བཏགས་པ།། ཆོས་སྐུ་རིག་མེད་འགྱུར་མེད་གཡོ་བ་མེད།། འགྲོ་མེད་འོང་མེད་སོང་མེད་བྱུང་བ་མེད།། བཅིངས་མེད་གྲོལ་མེད་ཞིག་མེད་འཇིག་པ་མེད།། རྟོག ་མེད་སྤྱོད་མེད་ཤེས་མེད་གོ་བ་མེད།། གཟུང་མེད་འཛིན་མེད་ཚོལ་མེད་སྡོད་པ་མེད།། སྒྲིབ་མེད་ལྟ་མེད་དག་མེད་གོལ་བ་མེད།། སྒྲུབ་མེད་བསྒྲུབས་མེད་གྲུབ་མེད་ཐོབ་པ་མེད།། གསུང་མེད་སྨྲར་མེད་ཚིག་མེད ་བརྗོད་པ་མེད།། བྱས་མེད་ཟིན་མེད་ནུས་མེད་ཐུབ་པ་མེད།། ལོག་མེད་ལྡོག་མེད་ཤར་མེད་ནུབ་པ་མེད།། འཇིགས་མེད་འཕྲོག་མེད་ཁྱེར་མེད་ཆོམས་པ་མེད།། གནས་མེད་རྟེན་མེད་འདུག་མེད་ཆགས་པ ་མེད།། སྒོམ་མེད་བསྒོམ་མེད་དམིགས་མེད་ཡེངས་པ་མེད།། བྱང་མེད་ཆུབ་མེད་སངས་མེད་རྒྱས་པ་མེད།། འགགས་མེད་སྐྱེ་མེད་བཅོས་མེད་སྤྲོས་པ་མེད།། བགྲོད་མེད་བསམ་མེད་མཚོན་མེད་འཁྲུལ་པ་མེད།། སྟོན ་མེད་བསྟན་མེད་སྡུད་མེད་བསྟོད་པ་མེད།། འཕེལ་མེད་འགྲིབ་མེད་སྣང་མེད་སྟོང་པ་མེད།། བླང་མེད་དོར་མེད་གཞལ་མེད་བླུགས་པ་མེད།། ཟག་མེད་རྩོལ་མེད་ཐོགས་མེད་གཡོས་པ་མེད།། འཇུག ་མེད་འཛུད་མེད་ཞུགས་མེད་བཅུག་པ་མེད།། བྱ་མེད་བྲལ་མེད་དགྱེ་མེད་བཏུད་པ་མེད།། གང་མེད་བླགས་མེད་ཁེངས་མེད་ལུད་པ་མེད།། ཡངས་མེད་དོག་མེད་འཆི་མེད་འཕོ་བ་མེད།། བསྒྲིབས་མེད་གསལ་མེད ་བསླབས་མེད་བྱིབས་པ་མེད།། རྨོངས་མེད་འཁྲུགས་མེད་མྱོས་མེད་བསླད་པ་མེད།། ངལ་མེད་དུབ་མེད་ཆད་མེད་བསྡད་པ་མེད།། མགྱོགས་མེད་བུལ་མེད་ཕྱིན་མེད་སླེབས་པ་མེད།། ཕྲ་མེད་རགས་མེད་ཆུང་མེད་ཆེ ་བ་མེད།། གཉིས་མེད་གཅིག་མེད་འགལ་མེད་ཟབ་པ་མེད།། ཞི་མེད་རྒྱས་མེད་དབང་མེད་དྲག་པོ་མེད།། རྒྱན་མེད་བཀོད་མེད་ཚད་མེད་ཁྱབ་པ་མེད།། གོས་མེད་གོན་མེད་ཕུད་མེད་འབུད་པ་མེད།། ཟས་མེད་ཟོས ་མེད་ལྷད་མེད་ལས་པ་མེད།། སྔ་མེད་འཕྱི་མེད་སྤྲོས་མེད་ནངས་པ་མེད།། རིགས་མེད་རྒྱུན་མེད་ཚུལ་མེད་འདྲ་བ་མེད།། གཅིག་མེད་བསྐྱེད་མེད་ཤུགས་མེད་བརྩལ་བ་མེད།། རྒྱུ་མེད་སྐྲོད་མེད་གཡོར་མེད་བཟའ་བ ་མེད།། སློབ་མེད་གཏམས་མེད་ཕྱིན་མེད་འདོད་པ་མེད།། ལེན་མེད་གཏོང་མེད་བཟོད་མེད་བསྲུན་པ་མེད།། དམ་མེད་ཚིག་མེད་ཉམས་མེད་ཤོར་བ་མེད།། འཕམ་མེད་རྒྱལ་མེད་བརྙས་མེད་དགའ་བ ་མེད།། བསགས་མེད་བསོགས་མེད་དབྱེ་མེད་འཛིན་པ་མེད།། བདེ་མེད་སྡུག་མེད་དྲན་མེད་མྱོས་པ་མེད།། དམའ་མེད་མཐོ་མེད་རིང་མེད་ཐུང་བ་མེད།། ཕན་མེད་གནོད་མེད་མགོན་མེད་བསྐྱབས་པ་མེད།། ཕྱོགས ་མེད་རིས་མེད་ལྷུང་མེད་ལྷུང་བ་མེད།། བརྐྱང་མེད་བསྐུམ་མེད་ཕྱར་མེད་བརྒྱབ་པ་མེད།། འགུལ་མེད་ལྡོག་མེད་བསྐོར་མེད་འཕྱོ་བ་མེད།། དད་མེད་སྟོབས་མེད་སྦུབས་མེད་ཐུལ་བ་མེད།། བྱིན་མེད་རྙེད་མེད་ཕུལ ་མེད་བླངས་པ་མེད།། དྲན་མེད་འགྱོད་མེད་ནོར་མེད་བཅད་པ་མེད།། རྒྱུན་མེད་བྲི་མེད་ཚིམ་མེད་འདྲིས་པ་མེད།། མངོན་མེད་སྨོས་མེད་སྦེད་མེད་སྦས་པ་མེད།། གསང་མེད་བསྔགས་མེད་གཟུངས་མེད་བཟླས་པ ་མེད།། འཕངས་མེད་སྦྱིན་མེད་བརྩོན་མེད་སོང་བ་མེད།། ལྕི་མེད་ཡང་མེད་བཅང་མེད་བཅག་པ་མེད།། སྨོན་མེད་རྒྱུད་མེད་འགྱུར་མེད་བསྒྱུར་བ་མེད།། དཀྲིས་མེད་ཉེས་མེད་རྒྱུ་མེད་འདས་པ་མེད།། ཉལ་མེད་ལྡང ་མེད་འདེགས་མེད་གཏད་པ་མེད།། དར་མེད་རྒུད་མེད་ཆུད་མེད་དཀྲུགས་པ་མེད།། རྫུན་མེད་འདྲེས་མེད་བགྲང་མེད་བརྡལ་བ་མེད།། གྲང་མེད་ཚ་མེད་གཤེར་མེད་འབྱར་བ་མེད།། སྡུད་མེད་རླན་མེད་ལུས་མེད ་བརྗེད་པ་མེད།། མཐོང་མེད་ཉན་མེད་སྣོམ་མེད་མྱང་བ་མེད།། རེག་མེད་ཆོས་མེད་གོང་མེད་བཏག་པ་མེད།། དཀར་མེད་སྔོ་མེད་དམར་མེད་སེར་བ་མེད།། ལྡང་མེད་གནག་མེད་འདུ་མེད་རྫོགས་པ་མེད ་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཆོས་སྐུ་རང་སྣང་བའི་ལེའུ་སྟེ་གསུམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང ་བཞིན་ལྷུན་གྲུབ་ཡེ་ཤེས་མིང་མེད་ལ།། རང་བྱུང་ཡེ་ཤེས་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་རང་བཞིན་མིང ་མེད་ལ།། རང་འབྱུང་ཡེ་ཤེས་རང་སྣང་མིང་བཏགས་པ།། ཡེ་ཤེས་རང་རིག་མི་འགྱུར་མི་གཡོ་བ།། མི་འགྲོ་མ་འོངས་མ་སོང་མ་བྱུང་བ།། མ་བཅིངས་མ་སྒྲོལ་མི་འཇིགས་མ་ཞིག་པ།། མི་རྟོག་མི་སྤྱོད་མི་ཤེས་མི་གོ ་བ།། མ་གཟུང་མི་འཛིན་མི་ཚོལ་མི་སྡོད་པ།། མི་སྒྲིབ་མི་ལྟ་མ་དག་མ་གྲོལ་བ།། མི་སྒྲུབ་མ་བསྒྲུབས་མ་གྲུབ་མ་ཐོབ་པ།། མི་གསུང་མི་སྨྲ་མི་ཚིག་མ་བརྗོད་པ།། མ་བྱས་མ་ཟིན་མ་ནུས་མ་ཐུབ་པ།། མ་ལོག་མི་ལྡོག ་མ་ཤར་མ་ནུས་པ།། མི་འཇོམས་མི་འཕྲོག་མ་ཁྱེར་མ་ཆོམས་པ།། མི་གནས་མི་རྟེན་མི་འདུག་མ་ཆགས་པ།། མི་སྒོམ་མ་བསྒོམས་མི་དམིགས་མ་ཡེངས་པ།། མ་བྱང་མ་ཆུབ་མ་སངས་མ་རྒྱས་པ།། མ་འགགས་མ ་སྐྱེས་མ་བཅོས་མ་སྤྲོས་པ།། མ་བགྲོད་མ་བསམས་མ་མཚོན་མ་འཁྲུལ་པ།། མི་སྟོན་མ་བསྟན་མི་སྡུད་མི་བསྟོད་པ།། མ་འཕེལ་མི་འགྲིབ་མི་སྣང་མི་སྟོང་པ།། མ་བླང་མི་དོར་མི་གཞལ་མ་བླུགས་པ།། མི་ཟག་མི་སྩོལ ་མ་ཐོགས་མ་གཡོས་པ།། མི་འཇུག་མི་འཛུད་མ་ཞུགས་མ་བཅུག་པ།། མ་བྱ་མ་བྲལ་མ་དགྱེ་མ་བཏུད་པ།། མ་གང་མ་བླུགས་མ་ཁེངས་མ་ལུད་པ།། མི་ཡངས་མི་དོག་མི་འཆི་མི་འཕོ་བ།། མ་བསྒྲིབས་མ་གསལ་མ ་བསླབས་མ་བྱིབས་པ།། མ་རྨོངས་མ་འཁྲུགས་མ་མྱོས་མ་བསླད་པ།། མ་ངལ་མ་དུབ་མ་ཆད་མ་བསྡད་པ།། མ་མགྱོགས་མ་བུལ་མ་ཕྱིན་མ་སླེབས་པ།། མི་ཕྲ་མི་རགས་མི་ཆུང་མི་ཆེ་བ།། མི་གཉིས་མི་གཅིག་མི ་འགལ་མི་ཟབ་པ།། མ་ཞི་མ་རྒྱས་མི་དབང་མི་དྲག་པ།། མི་རྒྱན་མ་བཀོད་མ་ཚད་མ་ཁྱབ་པ།། མ་གོས་མ་གོན་མ་ཕུད་མི་འབུད་པ།། མ་ཟད་མ་ཟོས་མ་ལྷག་མ་ལས་པ།། མ་སྔ་མ་འཕྱི་མ་སྤྲོས་མ་ནངས་པ།། མི ་རིགས་མི་བརྒྱུད་མི་ཚུལ་མི་འདྲ་བ།། མི་གཅིག་མ་བསྐྱེད་མ་ཤུགས་མ་བཙལ་བ།། མི་རྒྱུ་མི་སྤྱོད་མི་གཡོར་མི་བཟའ་བ།། མི་སློབ་མ་གདམས་མ་ཕྱིན་མི་འདོད་པ།། མི་ལེན་མི་གཏོང་མི་བཟོད་མི་བསྲུན་པ།། མི་དམ ་མི་ཚིག་མ་ཉམས་མ་ཤོར་བ།། མི་ཕམ་མི་རྒྱལ་མི་བརྙས་མི་དགའ་བ།། མ་བསགས་མ་བསོགས་མ་དབྱེ་མི་འཛིན་པ།། མི་བདེ་མི་སྡུག་མ་དྲན་མ་མྱོས་པ།། མ་དམན་མི་མཐོ་མི་རིང་མི་ཟུང་བ།། མི་ཕན་མི་གནོད་མི ་མགོན་མ་བསྐྱབས་པ།། མི་ཕྱོགས་མི་རིས་མི་ལྷུང་མ་ལྷུང་བ།། མ་བརྐྱང་མ་བསྐུམ་མ་ཕྱར་མ་བརྒྱབ་པ།། མི་འགུལ་མི་ལྡོག་མི་བསྐོར་མི་འཕྱོ་བ།། མ་དད་མ་སྟོབས་མ་སྦུབས་མ་ཐུལ་བ།། མ་བྱིན་མ་རྙེད་མ་ཕུལ་མ ་བླངས་པ།། མི་དྲང་མི་འགྱོད་མ་ནོར་མ་བཅད་པ།། མི་རྒྱུན་མ་བྲི་མ་ཚིམ་མ་འདྲིས་པ།། མི་མངོན་མ་སྨོས་མི་སྦེད་མ་སྦས་པ།། མི་གསང་མི་བསྔགས་མ་གཟུངས་མ་བཟླས་པ།། མི་འཕངས་མི་སྦྱིན་མི ་བརྩོན་མི་སོང་བ།། མི་ལྕི་མི་ཡང་མི་བཅང་མ་བཅགས་པ།། མི་སྨོན་མ་རྒྱུན་མི་གྱུར་མ་བསྐུར་བ།། མ་དཀྲིས་མ་ཉེས་མ་རྒྱུ་མ་འདས་པ།། མི་ཉལ་མི་ལྡང་མི་འདེགས་མ་གཏད་པ།། མ་དར་མི་རྒུད་མི་ཆུད་མ ་དཀྲུགས་པ།། མ་རྫུན་མ་འདྲེས་མ་བསྒྲལ་མ་བརྡལ་བ།། མི་གྲང་མི་ཚ་མི་གཤེར་མི་འབྱར་བ།། མི་སྡུད་མ་བརླན་མ་ལུས་མ་བརྗེད་པ།། མ་མཐོང་མི་ཉན་མི་སྣོམ་མི་མྱང་བ།། མ་རེག་མི་འཆོས་མི་གོང་མ་བཏགས ་པ།། མི་དཀར་མི་སྔོ་མི་དམར་མི་སེར་བ།། མི་ལྡང་མི་གནག་མི་འདུག་མ་རྫོགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། རང་བྱུང་གི་ཡེ་ཤེས་རང་སྣང་བའི་ལེའུ་སྟེ་བཞི་པའོ།། །། སྡུད་པའི་གསང ་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་ཆོས་སྐུ་ཡེ་ཤེས་གཉིས།། དབྱེར་མེད་རང་སྣང་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད ་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་རང་བཞིན་མིང་མེད་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་མིང་བཏགས་པ།། ཆོས་སྐུ་རིག་མེད་འགྱུར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི ་འགྱུར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཡོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཡོ་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགྲོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགྲོ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འོང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འོངས་གཉིས།། དབྱེར་མེད་གཅིག་དང་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སོང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སོང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་འབྱུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྱུང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་བཅིངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཅིངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགྲོ་བ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གྲོལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཞིག་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་ཞིག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཇིག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཇིག ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྟོག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྟོག་གཉིས།། དབྱེར་མེད་གཅིག་སྟེ། ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྤྱོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྤྱོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཤེས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཤེས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གོ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་གཟུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གཟུང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཛིན་པ་མེད ་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཛིན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚོལ་བ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མི་ཚོལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྡོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྡོད ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྒྲིབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྒྲིབས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཟ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྟ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྟ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྒྲ་རིག་མེད་གྲོལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གྲོལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་སྒྲུབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བསྒྲུབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྒྲ་རིག་མེད ་སྒྲུབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྒྲུབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གྲུབ་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གྲུབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཐོབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མ་ཐོབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གསུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གསུང ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྨྲ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྨྲ་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚིག་ཏུ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཚིག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྗོད་དུ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བརྗོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བྱས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྱས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ཟིན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཟིན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ནུས ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ནུས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཐུབ་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མི་ཐུབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལོག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ལོག ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྡོག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྡོག ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཤར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཤར་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ནུབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ནུབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཇོམས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཇོམས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕྲོགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕྲོགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ ་བར་གནས།། ཆོས་སྐུ་རིག་མེད་ཁྱེར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཁྱེར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག ་མེད་ཆོམས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཆོམས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གནས་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གནས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྟེན་པ་མེད་པ་དང་།། རང་བྱུང་ཡེ་ཤེས ་རང་རིག་མི་བརྟེན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདུག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འདུག ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཆགས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྒོམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྒོམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྒོམས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྒོམས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དམིགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དམིགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཡེངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཡེངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བྱང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྱང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆུབ ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཆུབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སངས་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མ་སངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་དང་།། གཅིག་དང་ཟ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒྱས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་རྒྱས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འགགས་གཉིས།། དབྱེར་མེད། ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྐྱེ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སྐྱེས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཅོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཅོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྤྲོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སྤྲོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བགྲོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བགྲོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད་དེ།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་བསམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མཚོན་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་མཚོན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཁྲུལ་པ་མེད་པ་དང་།། རང་བྱུང་ཡེ་ཤེས ་རང་རིག་མ་འཁྲུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྟོན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི ་སྟོན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད་དེ།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྟན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྟན་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྡུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྡུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད ་དེ།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྟོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བསྟོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད་ལས།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕེལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕེལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད་དེ།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་འགྲིབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགྲིབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའི་ངང་ཉིད་དེ།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་སྣང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྣང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྟོང་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མི་སྟོང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དོར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དོར ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བླང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བླང་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཞལ་དུ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཞལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བླུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བླུགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཟག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཟག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ཟག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཟག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་བཙལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཙལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཐོགས་པ་མེད ་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཐོགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཡོས་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མ་གཡོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཇུག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཇུག ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཛུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཛུད་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཞུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཞུགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད ་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཅུག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཅུག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་ད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བྱ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བྱ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བྲལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྲལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་དགྱེ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དགྱེ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཏུད་པ་མེད་པ་དང་།། རང ་བྱུང་ཡེ་ཤེས་རང་རིག་མ་བཏུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གང ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བླུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བླུགས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཁེངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཁེངས་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ལུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཡངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཡང་ས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དོག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དོག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་འཆི་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཆི་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཟ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕོ ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕོ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྒྲིབས་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་བསྒྲིབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གསལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི ་གསལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསླབས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསླབས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བྱིབས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྱིབས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྨོངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་རྨོངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད ་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཁྲུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འཁྲུགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག ་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མྱོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་མྱོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ ་བར་གནས།། ཆོས་སྐུ་རིག་མེད་བསླད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསླད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ངལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ངལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་དུབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དུ་བ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆད་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་ཆད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྡད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྡད ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མགྱོགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་མགྱོགས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བུལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཕྱིན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཕྱིན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སླེབས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སླེབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ཕྲ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་དག་མི་ཕྲ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རགས ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་རགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆུང་བ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མི་ཆུང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆེ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཆེ ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཉིས་སུ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཉིས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཅིག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཅིག་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཟབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཟབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཞི་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཞི་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ ་རིག་མེད་རྒྱས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་རྒྱས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དབང་བ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དབང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དྲག་པོ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མི་དྲག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒྱན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྒྱན་གཉིས།། དབྱེར ་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཀོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བཀོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཚད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་ད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཁྱབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཁྱབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་གོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་གོན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གོན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཕུད་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་ཕུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འབུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མི་འབུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཟད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཟད་གཉིས།། དབྱེར ་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཟོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཟོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད ་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྷག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ལྷག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ལས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་སྔ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྔ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕྱི་བ ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕྱི་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྤྲོས་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མ་སྤྲོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ནངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ནངས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རིགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རིགས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྒྱུད་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བརྒྱུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚུལ་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཚུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་ད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདྲ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འདྲ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་གཅིག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཅིག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཟ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བསྐྱེད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྐྱེད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་ཤུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཤུགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཙལ་བ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཙལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒྱུ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མི་རྒྱུ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྤྱོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྤྱོད་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཡོར་དུ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཡོར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད ་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཟའ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བཟའ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་ད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སློབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སློབ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་གདམས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གདམས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག ་མེད་ཕྱིན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཕྱིན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདོད་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འདོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལེན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མི་ལེན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཟ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཏོང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཏོང ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྒྲ་རིག་མེད་བཟོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བཟོད ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྲུན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བསྲུན་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚིག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཚིག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཉམས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཉམས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ཤོར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཤོར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་འཕམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒྱལ་བ་མེད་པ་དང་།། རང ་བྱུང་ཡེ་ཤེས་རང་རིག་མ་རྒྱལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྙས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ ་བརྙས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དགའ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དགའ་གཉིས།། དབྱེར ་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསགས་གཉིས།། དབྱེར་མེད་གཅིག་སྟེ་ནམ ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསོགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསོགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དབྱེར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དབྱེ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཛད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཛད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས ་གྲོལ་བར་གནས།། ཆོས་སྐུ་རིག་མེད་བདེ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བདེ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ ་རིག་མེད་སྡུག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྡུག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དྲན་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དྲན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མྱོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མ་མྱོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དམའ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དམའ ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མཐོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་མཐོ་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཟ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རིང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རིང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཐུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཟུང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཕན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཕན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་གནོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གནོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མགོན་ཉིད ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་མགོན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྐྱབས་པ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་བསྐྱབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཕྱོགས་གཉིས་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི ་ཕྱོགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རིས་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རིས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྷུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྷུང་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྟུང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ལྷུང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྐྱང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བརྐྱང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད ་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྐུམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྐུམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་ཕྱར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཕྱར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་བརྒྱབ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བརྒྱ་པ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགུལ་བ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྡེག་པ་མེད་པ་དང་།། རང་བྱུང་ཡེ་ཤེས ་རང་རིག་མི་ལྡེག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྐོར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྐོར ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕྱོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འཕྱོ་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྟོབས་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྟོབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྦུབས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སྦུབས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཐུལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཐུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་བྱིན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བྱིན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྙེད་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་རྙེད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཕུལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་ག་མ་ཕུལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བླངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བླངས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དྲང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དྲང་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགྱོད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགྱོད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ནོར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ནོར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཅད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཅད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་རྒྱུན་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྒྱུན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་བྲི་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བྲི་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚིམ་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མ་ཚིམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདྲིས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འདྲིས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མངོན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་མངོན ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྨོས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྨོས་གཉིས།། དབྱེར་མེད་གཅིག་སྟེ། ་ནམ་མཁའ་ཉིད་ཀྱི་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྦེད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྦེད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྦས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སྦས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གསང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གསང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བསྔགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བསྔགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག ་མེད་གཟུངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གཟུངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཟླས་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཟླས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཕངས་པ་མེད་པ་དང་།། རང་བྱུང་ཡེ་ཤེས ་རང་རིག་མ་འཕངས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྦྱིན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྦྱིན ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྩོན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བརྩོན་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སོང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སོང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྕི་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྕི་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཡང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཡང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་བཙང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཙང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་གཅག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གཅག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྨོན་པ་མེད་པ་དང་།། རང ་བྱུང་ཡེ་ཤེས་རང་རིག་མི་སྨོན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྒུད ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འགྱུར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འགྱུར་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བསྒྱུར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བསྒྱུར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད ་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དཀྲིས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དཀྲིས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ ་ད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཉེས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཉེས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་རྒྱུ་ཉིད་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྒྱུ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདས ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འདས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཉལ་བ་མེད་པ་དང་།། རང་བྱུང ་ཡེ་ཤེས་རང་རིག་མ་ཉལ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྡང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྡང ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདེགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འདེགས་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཏད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་གཏད་གཉིས།། དབྱེར་མེད་གཅིག་སྟེ ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྒུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྒུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཆུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཆུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་དཀྲུགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་དཀྲུགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྫུན་པ ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་རྫུན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདྲེས་པ་མེད་པ་དང་།། རང་བྱུང་ཡེ ་ཤེས་རང་རིག་མ་འདྲེས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བགྲང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བགྲང ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བདལ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བད་ལ་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གྲང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གྲང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཚ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཚ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གཤེར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གཤེར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར ་གནས།། ཆོས་སྐུ་རིག་མེད་འབྱར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འབྱར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད ་སྡུད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྡུད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརླན་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་བརླན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལུས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མ་ལུས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བརྗེད་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བརྗེད ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མཐོང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་མཐོང་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ཉན་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ཉན་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་ངདང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྣོམ་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྣོམ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་མྱང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་མྱང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་རེག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རི་མི་རེག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འཆོས་པ་མེད་པ ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་འཆོས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་གོང་ན་མེད་པ་དང་།། རང་བྱུང་ཡེ་ཤེས་རང ་རིག་མི་གོང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་བཏགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་བཏགས ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དཀར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དཀར་གཉིས།། དབྱེར་མེད ་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སྔོ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སྔོ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་དམར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་དམར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི ་དང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་སེར་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་སེར་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག ་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་ལྡང་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་ལྡང་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས ་སྐུ་རིག་མེད་གནག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་གནག་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་འདུ་བ་མེད ་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འདུ་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རིག་མེད་རྫོགས་པ་མེད་པ་དང་།། རང་བྱུང་ཡེ་ཤེས ་རང་རིག་མི་རྫོགས་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་སྣང་།། གཉིས་མེད་རང་སྣང་མིང་དང་ཚིག ་བཏགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་གཉིས།། དབྱེར་མེད་རང་སྣང་བའི་ལེའུ་སྟེ་ལྔ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན ་པ་ཀུན་ཏུ་བཟང་པོ་ལ།། དངོས་པོ་མཚན་མ་རྣམས་ཀྱི་གཞི་ཉིད་དང་།། ཆོས་རྣམས་ཐམས་ཅད་འབྱུང་བའི་རྩ་བ་གང་།། གང་ལས་བྱུང་དང་ཇི་ལྟར་འབྱུང་བའི་གྲངས།། འབྱུང་བའི་རྩལ་རྣམས་ཇི་ལྟར་སྣང་བ ་དང་།། སྣང་བའི་ཆོས་ལ་མིང་རྣམས་ཇི་ལྟར་བཏགས།། བརྟས་པའི་སྣོད་བཅུད་མཚན་མ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རིག་པ་རང ་བཞིན་སྐྱེ་བ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་མ་སྐྱེས་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། དངོས་པོ་མཚན་མ་ཀུན་གྱི་གཞི་ཉིད་དེ།། གཞི་རྩ་མེད་པའི་ཆོས་ཉིད་ཆོས་དབྱིངས ་འདི།། ཆོས་རྣམས་ཐམས་ཅད་འབྱུང་བའི་རྩ་བ་ཡིན།། རང་བྱུང་ཡེ་ཤེས་ཡན་ལག་ཟེར་ཕྲ་མོ།། གཡོ་མི་གཡོ་ལས་ཕྲ་རབ་ཟེར་གཡོས་པས།། ཟེར་གྱི་རང་བཞིན་མ་འགགས་དབྱེར་མེད་དང་།། དབྱེར་མེད་ངང་ལས ་བྱུང་བའི་ཡེ་ཤེས་འབྱུང་།། འབྱུང་བའི་ཡེ་ཤེས་ཡན་ལག་དྲུག་འབྱུང་སྟེ།། གང་ལས་གང་དང་ཚད་ཅི་གང་གིས་སྒོ།། ཇི་ལྟར་བྱུང་ནས་འབྱུང་བ་ཅིར་འབྱུང་བའོ།། ཅིར་འབྱུང་དེ་ནི་རྩལ་ཤུགས་ལྔར་འབྱུང་སྟེ།། རིག ་མེད་རིག་མ་སྐྱེས་དང་རིག་སྐྱེས་པ།། རྟོག་ལྔར་རིགས་མཐུན་སོ་སོ་མོས་མཐུན་པའི།། ལོག་མིང་བརྟས་པ་བཞི་པོ་དེ་རྣམས་ཀྱང་།། ཡན་ལག་རྩལ་ཏེ་དབྱེར་མེད་གཅིག་ཏུ་སྣང་།། རང་བཞིན་ཡེ་ཤེས ་ཆ་ཤས་ཡན་ལག་ཟེར།། སྔར་གཡོས་མ་མྱོང་ཡིད་ཙམ་ཟེར་གཡོས་པས།། རང་བྱུང་ཡེ་ཤེས་ཡན་ལག་རྩལ་གྱི་རྣམ་པ་ལས།། ཀུན་ཚོལ་རྣམ་གཅོད་གཏན་ལ་ངེས་འབེབས་པའི།། སོ་སོའི་རིགས་མཐུན་མོས་མཐུན ་ལོག་པའི་མིང་།། བཏགས་པའི་བག་ཆགས་བརྟེན་པ་བརྟས་པ་ཡིན།། རྟས་པའི་དངོས་པོ་སྣོད་བཅུད་གཉིས་སྣང་སྟེ།། ཡེ་ཤེས་སེམས་དཔའ་སྣོད་ཀྱི་དངོས་སྣང་སྟེ།། ནམ་མཁའ་ས་ཆུ་མེ་རླུང་ཡུལ་ལ་སོགས།། རིག ་མེད་རིག་མ་སྐྱེས་པའི་རྩལ་སྣང་ཡིན།། བདེ་གཤེགས་སེམས་ཅན་བཅུད་ཀྱི་དངོས་སྣང་བ།། ལོངས་སྤྱོད་རྫོགས་སྐུ་འགྲོ་དྲུག་སེམས་ཅན་དངོས།། རིག་མ་སྐྱེས་དང་རིག་སྐྱེས་རྩལ་སྣང་ཡིན།། སྣོད་བཅུད ་གཉིས་མེད་སྣང་བའི་མཚན་མ་ལ།། ཡན་ལག་རྩལ་གྱི་འཁོར་ལོ་གསུམ་གཡོས་ཏེ།། རྩལ་གྱི་ཆོས་རྣམས་དག་ལ་མིང་བཏགས་པས།། བཏགས་པའི་བག་ཆགས་ཞེན་པ་སོ་སོར་བརྟས།། བརྟས་པའི་ཁྱད་པར་ཐེག ་པ་སོ་སོར་བྱུང་།། བྱུང་བའི་འབྲས་བུ་སོ་སོར་ཐོབ་པ་ཡིན།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཆོས་ཐམས་ཅད་ཀྱི་གཞི་དང་ཆོས་རྣམས་འབྱུང་བའི་རྩལ་བའི་ལེའུ་སྟེ་དྲུག་པའོ།། །། སྡུད་པའི་གསང ་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་དངོས་གྲུབ་དངོས་པོ་མིང་མེད་ལ།། དངོས་པོ་འཁོར་སྣང་མིང་སྣང་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་དེས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་རྩལ་གྱི་ཡན་ལག་གྲངས་མེད་དོ།། དངོས་པོ་འཁོར་བར་སྣང་དང་མི་སྣང་ནི།། ཕྱི་ནང་སྣོད་བཅུད་དངོས་མེད་དངོས་སྣང་དང་།། འབྱུང་བ་ལྔ་པོ ་དངོས་མེད་དངོས་སྣང་དང་།། ཉོན་མོངས་རྣམ་ལྔ་དངོས་མེད་དངོས་སྣང་དང་།། དབང་པོ་རྣམ་ལྔ་དངོས་མེད་དངོས་སྣང་དང་།། འདོད་ཡོན་ལྔ་པོ་དངོས་མེད་དངོས་སྣང་དང་།། ཕུང་ལྔ་དངོས་མེད་དངོས་པོར་སྣང་བ ་དང་། ཁ་དོག་རྣམ་ལྔ་དངོས་མེད་དངོས་སྣང་དང་།། དབྱིབས་ཀྱི་བྱེ་བྲག་དངོས་མེད་དངོས་སྣང་དང་།། ཕོ་མོ་མ་ནིང་དངོས་མེད་དངོས་སྣང་དང་།། ཕྱོགས་མཚམས་དངོས་མེད་དངོས་པོར་སྣང་བ་དང་།། ཉིན་མཚན ་དངོས་མེད་དངོས་པོར་སྣང་བ་དང་།། ཉི་ཟླ་གཟའ་སྐར་དངོས་མེད་དངོས་སྣང་དང་།། འགྲོ་བ་རིགས་དྲུག་དངོས་མེད་དངོས་སྣང་དང་།། རི་རབ་གླིང་བཞི་དངོས་མེད་དངོས་སྣང་དང་།། རིན་ཆེན་སྣ་ལྔ་དངོས་མེད ་དངོས་སྣང་དང་།། རྩི་ཤིང་ནགས་ཚལ་དངོས་མེད་དངོས་སྣང་དང་།། ལོངས་སྤྱོད་སྣ་ཚོགས་དངོས་མེད་དངོས་སྣང་དང་།། ཡན་ལག་རྩལ་རྣམས་དངོས་པོར་བྱུང་བ་ལ།། རྩལ་གྱིས་མིང་བཏགས་བག་ཆགས་བརྟས ་པ་ཡི།། དངོས་སྣང་མི་སྣང་འཁོར་བར་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། དངོས་པོ་འཁོར་བར་སྣང་བ་དང་།། དངོས་པོ་མིང་བཏགས་པ་སྣང་བའི་ལེའུ་སྟེ་བདུན་པའོ།། །། སྡུད ་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་ནམ་མཁའི་མཚན་ཉིད་དེ།། ཕྱི་ནང་སྣོད་བཅུད་དངོས་པོར་སྣང་བ་དང་།། ཕྱི་ནང་སྣོད་བཅུད་དབྱེར་མེད ་མིང་བཏགས་འདི།། གང་གིས་གང་ལ་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་དངོས་པོ་མཚན་མེད་དེ།། རང་བྱུང ་རྩལ་གྱི་ཡན་ལག་གྲངས་མེད་པ།། མངོན་བསྡུས་ཡན་ལག་ལྔ་པོ་འདི་འབྱུང་བས།། ལྔ་པོ་དག་ལ་ཕྱི་ནང་སྣོད་བཅུད་དང་།། ཕྱི་ནང་སྣོད་བཅུད་མིང་དང་དབྱེར་མེད་མིང་།། ལྔ་པོ་དག་ལས་འདི་ལྟར་འབྱུང་བ ་སྟེ།། རིག་མེད་རིག་མ་སྐྱེས་པའི་ཡན་ལག་ལ།། ཕྱི་ནང་སྣོད་བཅུད་དངོས་པོ་མིང་མེད་དེ།། རང་བྱུང་རྩལ་གྱི་ཡན་ལག་རིག་སྐྱེས་ཏེ།། འཁོར་ལོ་གསུམ་དུ་ཡིད་གཡོས་རྟོག་ལངས་པས།། སོ་སོར་རིགས་མཐུན་མོས ་མཐུན་ལོག་པའི་མིང་།། ཕྱི་ནང་སྣོད་བཅུད་མིང་བཏགས་ཞེ་ན་བརྟས་པས།། མིང་གིས་བསྒྲིབས་ནས་ཕྱི་དང་སྣོད་སྣང་སྟེ།། སྣང་བས་རང་ཡང་ཕྱི་དང་སྣོད་སྣང་བའོ།། རིག་མ་སྐྱེས་དང་རིག་སྐྱེས་ཡན་ལག ་ལ།། ནང་དང་བཅུད་ཀྱི་དངོས་པོ་མིང་མེད་དེ།། ཡན་ལག་རིག་སྐྱེས་སྔར་རྟོག་མ་མྱོང་བས།། རིག་སྐྱེས་དབང་གིས་འཁོར་ལོ་གསུམ་གཡོས་ཏེ།། སོ་སོ་རང་རང་རིགས་མཐུན་མོས་མཐུན་པའོ།། ནང་དང་བཅུད་ཀྱི ་མིང་བཏགས་ཞེན་བརྟས་པ།། མིང་གིས་བསྒྲིབས་ནས་ནང་དང་བཅུད་སྣང་སྟེ།། སྣང་བས་རང་ཡང་བཅུད་དང་ནང་སྣང་བའོ།། རིག་མེད་རིག་མ་སྐྱེས་པའི་དབྱེར་མེད་ལ།། ཕྱི་དང་སྣོད་བཅུད་གཉིས་མེད་མིང་མེད ་དེ།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་སྟེ།། འཁོར་ལོ་གསུམ་དུ་ཡིད་གཡོས་རྟོག་སྐྱེས་པས།། སོ་སོ་རིགས་མཐུན་མོས་པ་མཐུན་པའི་མིང་།། ཕྱི་ནང་སྣོད་བཅུད་དབྱེར་མེད་མིང་བཏགས་པ།། ཞེན་པའི་བག ་ཆགས་བརྟས་ནས་མིང་སྣང་བས།། མིང་གིས་བསྒྲིབས་ནས་དབྱེར་མེད་སྣང་བ་སྟེ།། སྣང་བས་རང་ཡང་དབྱེར་མེད་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཕྱི་ནང་སྣོད་བཅུད་དངོས་པོར་སྣང་བ ་དང་།། ཕྱི་ནང་སྣོད་བཅུད་དངོས་པོར་དབྱེར་མེད་སྣང་བའི་མིང་བཏགས་པ་སྣང་བའི་ལེའུ་སྟེ་བརྒྱད་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འབྱུང ་བ་རྣམ་ལྔ་དངོས་པོ་མཚན་མ་ཡི།། འཁྲུལ་པའི་གཞི་དང་འཁྲུལ་པ་འདྲ་བའི་གཞི། འདྲ་གཞི་དེ་ལ་དངོས་པོ་མཚན་མ་ཡི།། གང་གིས་མིང་བཏགས་འབྱུང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད ་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་ནམ་མཁའ་མིང་མེད་འདི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་དེ།། དངོས་པོ་མཚན་མར་འཁྲུལ་པའི་ཀུན་གཞི་ཡིན།། རང་བྱུང ་རྩལ་གྱི་ཡན་ལག་གཡོས་པ་དེ།། དངོས་པོ་མཚན་མར་འཁྲུལ་པའི་འདྲ་གཞི་སྟེ།། འཁྲུལ་པའི་འདྲ་གཞི་ལ་ཡང་རྣམ་པ་གསུམ།། འབྱུང་བ་རང་ཡང་འཁྲུལ་པའི་འདྲ་གཞི་དང་།། བྱུང་བས་བྱས་པས་བྱུང་བའི་འདྲ་གཞི ་དང་།། རིགས་མཐུན་མོས་མཐུན་མིང་གི་འདྲ་གཞིའོ།། བྱུང་བ་རང་ཡང་འཁྲུལ་པའི་འདྲ་གཞི་ནི།། རང་བྱུང་ཡན་ལག་གྲངས་མེད་བྱུང་བ་ལ།། འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་སྟེ།། རྒྱུ་རྐྱེན་དུས་དང་མི ་འགགས་འཁྲུལ་པའོ།། བྱུང་བས་བྱས་པས་བྱུང་བའི་འདྲ་གཞི་ནི།། ཇི་ལྟར་རང་གིས་གང་ལྟར་འདོད་པ་བཞིན།། སྙིང་པོའི་ནང་དུ་དེ་ལྟར་བྱུང་བའོ།། རིགས་མཐུན་མོས་མཐུན་མིང་གི་འདྲ་གཞི་ནི།། འདྲ་གཞི་དེ་ལ ་འཁོར་ལོ་རྣམ་གསུམ་གྱིས།། མིང་གི་ཡན་ལག་རང་རང་རིགས་མཐུན་པའི།། འདྲ་མཐུན་རིགས་མཐུན་མིང་བཏགས་འདྲ་བའོ།། རིགས་མཐུན་དག་ལ་འབྱུང་བ་རྣམ་ལྔ་ཡི།། མིང་གི་བག་ཆགས་བརྟས་ནས་སྣང་བ ་སྟེ།། ནམ་མཁའ་འདྲ་མཐུན་རིགས་མཐུན་མིང་མེད་ལ།། ནམ་མཁའ་རིགས་མཐུན་མིང་བཏགས་སྣང་བ་ནི།། རང་བྱུང་སྙིང་པོ་ཡན་ལག་རང་གསལ་ལ།། སང་སང་མིང་དང་སེང་སེང་གསལ་བ་དང་།། གདངས ་སྟོང་གོ་འབྱེད་འདུག་སྙམ་ནམ་མཁར་གཟུང་།། བཟུང་བས་རང་ལ་ནམ་མཁར་རང་སྣང་བའོ།། ས་ཡི་རིགས་མཐུན་མིང་བཏགས་སྣང་བ་ནི།། རང་བྱུང་ཡན་ལག་འགྱུར་མེད་མི་འགྱུར་ལ།། བརྟས་འཐས་མཁྲང་དང ་སྲ་བ་བརྟན་པ་དང་།། འདེགས་འདུག་ས་ཡིན་སྙམ་གཟུང་སར་སྣང་བས།། སྣང་བས་རང་ཡང་འབྱུང་བ་སར་སྣང་བའོ།། ཆུ་ཡི་རིགས་མཐུན་མིང་བཏགས་སྣང་བ་ཡང་།། རང་བྱུང་ཡན་ལག་གཡོ་མེད་མི་གཡོ ་ལ།། ལྡེམ་མེར་བརླན་དང་སྦྲེངས་དང་གཤེར་བ་ཡི།། སྡུད་འདུག་ཆུ་ཡིན་སྙམ་གཟུང་ཆུར་སྣང་བས།། སྣང་བས་རང་ལ་འབྱུང་བ་ཆུར་སྣང་བའོ།། མེ་ཡི་རིགས་མཐུན་མིང་བཏགས་སྣང་བ་ནི།། རང་བྱུང་རྩལ་གྱི་ཡན། ་ལག་སྙིང་པོའོ།། རྒྱ་ཆད་མེད་དང་རྒྱ་མ་ཆད་པ་ལ།། ཕྲད་དྲོ་ཚ་དང་འཚིག་སྲེག་སྨིན་བྱེད་དང་།། མེ་ཡིན་སྙམ་ནས་མེར་གཟུང་མེར་སྣང་བས།། སྣང་བས་རང་ལ་འབྱུང་བ་མེར་སྣང་བའོ།། རླུང་གི་རིགས་མཐུན་མིང ་བཏགས་སྣང་བ་ནི།། རང་བྱུང་ཡན་ལག་འགག་མེད་མི་འགགས་ལ།། ཡང་གཡོ་ལྡང་དང་འགུལ་བ་ལྡེག་པ་དང་།། སྐྱོད་པར་བྱེད་པ་རླུང་ཡིན་རླུང་གཟུང་བས།། བཟུང་བས་རང་ལ་བྱུང་བ་རླུང་སྣང་བའོ།། དེ་ལྟར ་འབྱུང་ལྔ་དངོས་པོ་སྣང་བ་ཡི།། འདྲ་མཐུན་རིགས་མཐུན་འདྲ་འདུས་མིང་མེད་ལ།། ཡན་ལག་རིགས་མཐུན་མོས་མཐུན་མིང་བཏགས་པས།། རང་ལ་འབྱུང་ལྔའི་མཚན་མར་དངོས་པོར་སྣང་།། སྣང་བའི་ཡན་ལག ་དངོས་པོར་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། འབྱུང་བ་རྣམ་པ་ལྔ་དངོས་པོར་སྣང་བ་དང་། འབྱུང་བ་ལྔའི་མིང་བཏགས་པ་སྣང་བའི་ལེའུ་སྟེ་དགུ་པའོ།། །། སྡུད་པའི་གས ་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བྱུང་ཡེ་ཤེས་རྩལ་གྱི་ཡན་ལག་ལ།། ཉོན་མོངས་ལྔ་དང་འདོད་ཡོན་རྣམ་པ་ལྔའི།། འདྲ་མཐུན་མིང་མེད་བག་ཆགས་རྟག་སྣང་ལ།། འདྲ ་མཐུན་མིང་བཏགས་བརྟས་སྣང་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། ཡན་ལག་རིག་མེད་རིག་མ་སྐྱེས་པ་དེ།། ཆོས་ཉིད་ངང་གིས་ལྡེམ་མེར་གནས་པ ་ལ།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་དེ།། ཆོས་ཉིད་ངང་གིས་ལྡེམ་མེར་དང་སོང་བས།། སོང་བའི་དབང་གིས་ཆོས་ཉིད་དགའ་བ་སྐྱེས།། རིག་པར་དང་གནས་ཤུགས་ཀྱི་སླར་ལངས་པས།། ཆོས་ཉིད་ལྡེམ་མེར ་མེར་རེ་དང་གནས་ལ།། འཁོར་ལོ་གསུམ་གྱི་ཡིད་གཡོས་མོར་མཐོང་བས།། མཐོང་བས་མོར་སྣང་མོར་འགྲིབས་མོ་རུ་བྱུང་།། རང་གི་རིག་པ་ཕོར་གཟུང་ཕོར་སྣང་ཕོར་བྱུང་སྟེ།། དེ་ནས་ཡན་ལག་རིག་པ་སྐྱེས་པ ་སྟེ།། ཆོས་ཉིད་ལྡེམ་མེ་མེར་རེ་དང་སོང་བས།། ཆོས་ཉིད་མི་རྟོག་དགའ་བའི་བདེ་བ་དེ།། ཕོ་མོར་གཟུང་བའི་རིག་པས་བདེ་མྱོང་བས།། ཕོ་མོའི་འདོད་ཆགས་སྤྱོད་པ་ཡིན་སྙམ་སེམས།། དེ་ནས་རིག་པ་སླར་ལ ་ལངས་པ་དེས།། འདོད་པའི་ཆགས་པ་ཟིན་པ་ཡིན་པར་མཐོང་།། དེ་ལྟར་འདོད་པའི་ཆགས་པས་འདོད་ཆགས་སུ།། གཟུང་བའི་མིང་གིས་འདོད་ཆགས་བརྟས་སྣང་བའོ།། དེ་ཡི་ངང་ལས་རང་བྱུང་ཡན་ལག ་གི།། ཆོས་སྐུ་ཡེ་ཤེས་གཉིས་མེད་གནས་པ་ལ།། ཡན་ལག་རིགས་སྐྱེས་འཁོར་ལོ་གསུམ་གཡོས་པས།། རང་འབྱུང་རིག་མ་སྐྱེས་པའི་རིག་པ་དེ།། ཕོ་གཞན་མཐོང་སྟེ་ཕོར་གཟུང་ཕོར་སྣང་དེས།། གཉིས་མེད་མི་རྟོག ་དགའ་བའི་བདེ་བ་དེ།། དེས་སྤྱད་སྙམ་ནས་དེ་ལ་ཞེ་སྡང་སྐྱེ།། སྐྱེས་པའི་བག་ཆགས་ཞེ་སྡང་བརྟས་སྣང་བའོ།། དེ་ནས་རང་གི་ལོག་རྟོག་འགྲིབ་མ་དེས།། ཅུང་ཟད་སྙིང་པོའི་མིང་གིས་བསྒྲིབས་པ་ཡིས།། བསྒྲིབས ་པས་མཉམ་པོར་མཐོང་བས་ཕྲག་དོགས་སྐྱེས།། སྐྱེས་པའི་བག་ཆགས་ཕྲག་དོགས་བརྟས་སྣང་བའོ།། དེ་ནས་རང་ཡང་མིང་གི་གྲིབ་མ་དེ།། ཡན་ལག་རྩལ་དེ་ཤིན་ཏུ་འགྲིབས་པ་ཡི།། གཞན་པས་བདག་དབང་ཆེ། ་སྙམ་ང་རྒྱལ་སྐྱེས།། སྐྱེས་པའི་བག་ཆགས་ང་རྒྱལ་བརྟས་སྣང་བའོ།། དེ་ལྟར་ཡན་ལག་རྩལ་གྱི་རིག་པ་དེས།། ལོག་པར་རིག་པའི་བག་ཆགས་བརྟས་པ་ལ།། ལོག་པར་རིག་པའི་མིང་གི་བག་ཆགས་བརྟས།། བརྟས ་པའི་བག་ཆགས་མ་རིག་འཁྲུལ་སྣང་བའོ།། དེ་ལྟར་ཉོན་མོངས་རྣམ་ལྔའི་བག་ཆགས་དེ།། ཡན་ལག་རིག་སྐྱེས་རང་ལ་བག་ཆགས་བསྒོམ།། བསྒོམས་པའི་བག་ཆགས་ཉོན་མོངས་སྣང་བའོ།། ཡན་ལག་འདོད ་ཡོན་ལྔ་ཡི་རིགས་མཐུན་དང་།། འདྲ་མཐུན་འདུས་པའི་འདོད་ཡོན་མིང་མེད་ལ།། ཡན་ལག་རྟོག་སྐྱེས་རིགས་མཐུན་མིང་བཏགས་པ།། ནམ་མཁའ་གསལ་ལ་དྲངས་པ་གཟུགས་སུ་འདུག། ལྟ་བའི ་ཡུལ་ཡིན་སྙམ་སྟེ་གཟུགས་སུ་གཟུང་།། བཟུང་བས་མིང་གི་གྲིབ་མས་གཟུགས་སུ་སྣང་།། དེ་ནས་རང་གི་ལོག་རྟོག་སྐྱེས་པ་དེས།། མེ་ལ་ཚ་བ་དང་དྲོ་བ་སྨིན་པ་དེ།། མཉན་པའི་ཡུལ་ཡིན་སྙམ་སྟེ་སྒྲ་རུ ་གཟུང་།། བཟུང་བས་མིང་གི་གྲིབ་མས་སྒྲ་རུ་སྣང་།། དེ་ནས་རང་གི་ལོག་རྟོག་ཡང་སྐྱེས་པས།། ཆུ་ལ་བརླན་དང་གཤེར་བ་སྦྲེངས་པ་འདི།། རོར་འདུག་མྱང་རྒྱུར་འདུག་སྙམ་རོ་རུ་གཟུང་།། གཟུང་བས་མིང་གི་བག། ་ཆགས་རོར་སྣང་བའོ།། དེ་ནས་རང་གི་ལོག་རྟོག་ཡང་སྐྱེས་པས།། རླུང་ལ་ཡང་ཞིང་གཡོ་བ་བསྐྱེད་པ་འདི།། དྲིར་འདུག་སྣོམ་པའི་ཡུལ་ཡིན་དྲི་རུ་གཟུང་།། གཟུང་བས་མིང་གི་གྲིབ་མས་དྲིར་སྣང་བའོ།། དེ་ནས་རང ་གི་རྣམ་རྟོག་ཡང་སྐྱེས་པས།། ས་ལ་སྲ་ཞིང་བརྟགས་ལ་འདེགས་པ་འདི།། འཇམ་རྩུབ་འདུག་སྙམ་རེག་བྱའི་ཡུལ་དུ་གཟུང་།། གཟུང་བས་མིང་གི་བག་ཆགས་རེག་བྱར་སྣང་།། དེ་ལྟར་འདོད་ཡོན་རྣམ་ལྔའི་བག ་ཆགས་དེ།། སྙིང་པོ་ཉིད་དང་ཡན་ལག་སེམས་ལ་ཆགས།། ཆགས་པའི་བག་ཆགས་འདོད་ཡོན་ལྔར་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཡན་ལག་འདྲ་འཐུན་ལྔའི་རྩལ་སྣང་བ་ལ་ཉོན་མོངས་པ་ལྔའི ་མིང་དང་འདོད་པའི་ཡོན་ཏན་ལྔའི་མིང་བཏགས་པ་སྣང་བའི་ལེའུ་སྟེ་བཅུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཕུང་པོ་ལྔ་དང་རྟེན་འབྲེལ ་ལས་བྱུང་བའི།། གཟུགས་ཀྱི་ཁྱད་པར་དབྱིབས་སུ་སྣང་བ་དང་།། ཕྱོགས་མཚམས་ཁ་དོག་མཚན་མ་སྣ་ཚོགས་དང་།། ཁམས་གསུམ་འགྲོ་དྲུག་རིགས་མཐུན་འདི།། འདྲ་མཐུན་མོས་མཐུན་མིང་གི་བག་ཆགས་ཇི་ལྟ། ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རྩལ་གྱི་རིག་མེད་རིག་མ་སྐྱེས་པ་ལ།། ཡུལ་ལྔའི་བག་ཆགས་བརྟས་ནས་སྣང་བ་ཡིས།། རང་བྱུང་ཡན་ལག་རིག་པར ་སྐྱེས་པ་དེས།། ཡུལ་ལྔ་དེ་ལ་རིག་པས་རེག་པ་ཡིས།། རེག་པས་ཚོར་ཏེ་ཉམས་སུ་མྱོང་བ་དེ།། ཚོར་བ་ཡིན་སྙམ་ཚོར་བ་ཡིན་པར་གཟུང་།། བཟུང་བས་མིང་གི་བག་ཆགས་ཚོར་བར་སྣང་།། རང་གི་ཡན་ལག་ཚོར ་བར་སྣང་བ་དེས།། དེ་ལ་འདོད་པ་སྐྱེས་ཏེ་ཆེ་ཆུང་ངུ།། མཐོང་བས་འདུ་ཤེས་ཡིན་སྙམ་འདུ་ཤེས་སུ།། བཟུང་བས་མིང་གི་བག་ཆགས་འདུ་ཤེས་སྣང་།། སྣང་བ་དེ་ལ་བླང་བའི་ཤེས་པ་སྐྱེས།། རྣམ་པ་སྣ་ཚོགས་འདུ ་བར་སྤྱོད་སྐྱེས་པས།། འདུ་ཞིང་བྱེད་འདུག་སྙམ་དེ་འདུ་བྱེད་དུ།། བཟུང་བས་མིང་གི་བག་ཆགས་འདུ་བྱེད་སྣང་།། སྣང་བ་ཀུན་ལ་དབང་བྱེད་བདག་ཏུ་སྣང་།། འདི་ཡིན་སྙམ་སྟེ་ཡིད་དུ་གཟུང་བ་ཡིས།། བཟུང་བས ་མིང་གི་བག་ཆགས་ཡིད་དུ་སྣང་།། སྣང་བའི་འོད་རྣམས་ཁ་དོག་གཅིག་ཏུ་འདུས།། འདུས་པའི་བག་ཆགས་བརྟས་པས་གཟུགས་སུ་གཟུང་།། གཟུང་བས་མིང་གི་བག་ཆགས་གཟུགས་སུ་སྣང་།། སྣང ་བ་དེ་ལ་གཅིག་ཏུ་འདུས་པ་ལ།། ཕུང་པོ་ལྔ་ཡི་མིང་བཏགས་བརྟས་པ་ལས།། ཕོ་མོའི་ཆ་གཟུང་འོད་ཀྱི་གཟུགས་སུ་བྱུང་།། རང་རང་བག་ཆགས་ཇི་ལྟར་བརྟས་མཐོང་སྟེ།། རང་རང་ལུས་ལ་བཟང་དང་ངན་པར ་མཐོང་།། ལ་ལས་ཆེར་མཐོང་ལ་ལས་ཆུང་བར་མཐོང་།། ལ་ལས་རིང་མཐོང་ལ་ལས་ཐུང་བར་མཐོང་།། ལ་ལས་ཟླུམ་མཐོང་ལ་ལས་སྤྲད་པར་མཐོང་།། མཐོང་བའི་དབང་གིས་རང་རང་ལུས་སུ་བྱུང་།། བྱུང་བའི ་རྐྱེན་གྱིས་བླང་དང་ལེན་པར་མཐོང་།། མཐོང་བའི་རྐྱེན་གྱིས་བླང་དང་ལེན་པ་བྱས།། ལེན་པའི་དབང་གིས་འདོད་ཅིང་ཆགས་ཚུལ་སྤྱད།། སྤྱད་པའི་རྐྱེན་གྱིས་རང་བྱུང་ཡན་ལག་གི། རིག་པ་གཞན་རིག་འཁྲུལ་ནས ་དེ་བྱུང་སྟེ།། དེ་བྱུང་དེ་ཡང་གོང་བཞིན་བརྟས་པ་དེ།། སྲིད་པ་སྤྱད་ལས་འབྱུང་སྙམ་བུར་གཟུང་སྐྱེས།། སྐྱེས་པའི་རྐྱེན་གྱིས་བུར་གཟུང་འཁྲུལ་པ་དེ།། ཆོས་ཉིད་བརླན་གྱིས་མྱལ་མྱལ་སོང་བ་ལ།། སྐྱེས་པ་དེ་རྒས་སྙམ ་ནས་རྒས་པར་གཟུང་།། བཟུང་བས་མིང་གི་གྲིབ་མས་རྒྱས་པར་སྣང་།། ཆོས་ཉིད་ངང་ལས་ཐབས་གཅིག་ལྡན་སོང་བས།། ཤི་བ་ཡིན་སྙམ་ཤི་བ་ཡིན་པར་གཟུང་།། བཟུང་བས་མིང་གི་གྲིབ་མས་ཤི་བར་སྣང་།། དེ ་ལྟར་ཡན་ལག་ཆོས་ཉིད་དང་སོང་བས།། ན་བ་འཆི་དང་གཉིད་དང་ཉི་མ་ནུབ།། ས་སྲོད་པ་ཡི་རྣམ་པར་མཐོང་བར་སྣང་།། ཡན་ལག་ཤེས་པ་སླར་ཡང་ལངས་པ་དེ།། སྐྱེས་དང་གཉིད་སད་ནམ་ལངས་ཉི་ཤར ་མཐོང་།། ཡན་ལག་རྩལ་གྱི་འབྱུང་བའི་འོད་སྣང་དང་།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་དེ།། རང་གསལ་མི་རྟོག་ངང་སོང་ནུབ་ཏུ་གཟུང་།། བཟུང་བས་མིང་གི་བག་ཆགས་ནུབ་ཏུ་སྣང་།། རྩལ་གྱི་ཡན་ལག་བྱུང ་བ་ཤར་དུ་གཟུང་།། བཟུང་བས་མིང་གི་གྲིབ་མས་ཤར་དུ་སྣང་།། ཡན་ལག་རྒྱ་མ་ཆད་པ་ལྷོ་རུ་གཟུང་།། བཟུང་བས་མིང་གི་གྲིབ་མས་ལྷོ་རུ་སྣང་།། ཡན་ལག་གཡོ་མེད་མི་གཡོ་བྱང་དུ་གཟུང་།། བཟུང་བས་མིང་གི ་བག་ཆགས་བྱང་དུ་སྣང་།། ཡན་ལག་འགྱུར་མེད་མི་འགྱུར་དབུས་མཚམས་གཟུང་།། བཟུང་བས་མིང་གི་བག་ཆགས་གྲིབ་མས་དབུས་མཚམས་སྣང་།། དེ་ལྟར་མིང་བརྟས་ཕྱོགས་དང་རིས་སུ་སྣང་།། ཡན་ལག ་རིགས་མཐུན་འདྲ་མཐུན་འདུས་པ་ལ།། ཁ་དོག་རྣམས་ཀྱི་མིང་མེད་མིང་བཏགས་པ།། དེ་ནས་ཡན་ལག་ལོག་རྟོག་ཡང་སྐྱེས་པས།། ཡན་ལག་རང་གསལ་ཁ་དོག་དཀར་པོར་གཟུང་།། བཟུང་བའི་མིང་གི་གྲིབ་མས ་དཀར་པོར་སྣང་།། ཡན་ལག་རང་གསལ་མི་གཡོ་སྔོན་པོར་གཟུང་།། བཟུང་བས་མིང་གི་བག་ཆགས་སྔོན་པོར་སྣང་།། ཡན་ལག་རྒྱ་མ་ཆད་པས་དམར་པོར་གཟུང་།། བཟུང་བས་མིང་གི་བག་ཆགས་དམར་པོར ་སྣང་།། ཡན་ལག་མི་འགྱུར་གསལ་བ་སེར་པོར་གཟུང་།། བཟུང་བས་མིང་གི་བག་ཆགས་སེར་པོར་སྣང་།། ཡན་ལག་གཡོ་ཞིང་འགུལ་བ་ལྗང་ཁུར་གཟུང་།། བཟུང་བས་མིང་གི་གྲིབ་མས་ལྗང་ཁུར ་སྣང་།། དེ་ལྟར་ཡན་ལག་བག་ཆགས་བརྟས་སྣང་ལ།། ལ་ལ་གནོད་མཐོང་ལ་ལ་བྱམས་པར་མཐོང་།། མཐོང་བས་མིང་གི་བག་ཆགས་གནོད་བྱམས་སྣང་།། བཟང་མཐོང་དེ་ལ་ཞེ་སྡང་ཆགས་པ་སྐྱེས།། ངན་མཐོང ་དེ་ལ་ང་རྒྱལ་དྲེགས་པ་སྐྱེས།། མཉམ་མཐོང་འདྲ་བ་དེ་ལ་ཕྲག་དོགས་སྐྱེས།། སྐྱེས་པའི་བག་ཆགས་བཟང་ངན་མཐོང་བ་དེ།། དགེ་སྡིག་སྤྱད་པའི་དབང་ལས་བྱུང་བར་གཟུང་།། བཟུང་བའི་གྲིབ་མ་དགེ་སྡིག་གཉིས ་སུ་སྣང་།། དེ་ལྟར་རང་གི་བག་ཆགས་སྣ་ཚོགས་པས།། རང་བྱུང་ཆོས་སྐུ་གསལ་གདངས་ངང་ཉིད་དུ།། སོ་སོར་རང་རང་གསལ་བར་མཐོང་བར་སྣང་།། དེ་ལྟར་གཟུགས་བརྙན་ཁ་མིག་རྣ་ལ་སོགས།། མཚན་དང ་དཔེ་བྱད་རྒྱན་དང་ལྡན་པ་ཡིན།། འོད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་སྐུར་གཟུང་།། སྐུ་ཡི་ལོངས་སྤྱོད་འོད་ཀྱི་འདོད་ཡོན་སྤྱོད།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ ་སྐྱེས་པས།། ཡོད་མིན་མེད་མིན་སེམས་ཀྱི་རིགས་མཐུན་གཟུང་།། གཟུང་བའི་རིགས་མཐུན་སེམས་ཅན་སྐྱེས་ཤིང་མཆེད།། སྐྱེས་ཤིང་མཆེད་པའི་སེམས་ཅན་དེ་རྣམས་ལ།། ཡོད་མིན་མེད་མིན་སྐྱེ་མཆེད་མིང་དུ ་གཟུང་།། བཟུང་བའི་བག་ཆགས་ཡོད་མིན་མེད་མིན་སྣང་།། རྩལ་གྱི་ཡན་ལག་གཟུགས་སུ་མེད་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་དེས།། ཅི་ཡང་མེད་པའི་སེམས་ཀྱི་རིགས་མཐུན་གཟུང་།། བཟུང ་བའི་རིགས་མཐུན་སེམས་ཅན་སྐྱེས་ཤིང་མཆེད།། སྐྱེས་ཤིང་མཆེད་པའི་སེམས་ཅན་དེ་རྣམས་ལ།། ཅི་ཡང་མེད་པའི་སྐྱེ་མཆེད་མིང་དུ་བཏགས།། བཏགས་པའི་བག་ཆགས་ཅི་མེད་སྐྱེ་མཆེད་སྣང་།། རྩལ་གྱི་ཡན ་ལག་རིག་པར་སྐྱེས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། རྣམ་ཤེས་མཐའ་ཡས་སེམས་ཀྱི་རིགས་མཐུན་གཟུང་།། བཟུང་བས་རིགས་མཐུན་སེམས་ཅན་སྐྱེ་ཞིང་མཆེད།། སྐྱེ་ཞིང་མཆེད་པའི ་སེམས་ཅན་དེ་རྣམས་ལ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མིང་དུ་བཏགས།། བཏགས་པའི་བག་ཆགས་རྣམ་ཤེས་མཐའ་ཡས་སྣང་།། རྩལ་གྱི་ཡན་ལག་སྟོང་པར་སྣང་བ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ ་སྐྱེས་པས།། ནམ་མཁའ་མཐའ་ཡས་སེམས་ཅན་རིགས་མཐུན་གཟུང་།། བཟུང་བའི་རིགས་མཐུན་སེམས་ཅན་སྐྱེ་ཤི་མཆེད།། སྐྱེ་ཤི་མཆེད་པའི་སེམས་ཅན་དེ་རྣམས་ལ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་མིང་དུ ་བཏགས།། བཏགས་པའི་བག་ཆགས་ནམ་མཁའ་མཐའ་ཡས་སྣང་།། གཟུགས་མེད་ཁམས་ཀྱི་སྐྱེ་མཆེད་མུ་བཞི་ཡི།། སྣོད་བཅུད་བག་ཆགས་དེ་ལྟར་བརྟས་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ ་ལ།། རྩལ་གྱི་ཡན་ལག་རྟགས་པར་སྐྱེས་པ་ཡི།། འོག་མིན་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། བཟུང་བའི་བག་ཆགས་འོག་མིན་གཟུགས་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་པ ་རྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། གྱ་ནོམ་སྣང་བའི་འོད་གཟུགས་རིགས་སུ་གཟུང་།། བཟུང་བའི་བག་ཆགས་གྱ་ནོམ་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི ་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ཤིན་ཏུ་མཐོང་བའི་འོད་གཟུགས་རིགས་སུ་གཟུང་།། གཟུང་བའི་བག་ཆགས་ཤིན་ཏུ་མཐོང་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག ་འཁོར་ལོ་གསུམ་སྐྱེས་པས།། མི་གདུང་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་མི་གདུང་གཟུགས་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལས།། རྩལ་གྱི་ཡན་ལག ་འཁོར་ལོ་གསུམ་སྐྱེས་པས།། མི་ཆེའི་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་མི་ཆེའི་གཟུགས་སུ་སྣང་།། གཟུགས་ཁམས་རིགས་ལྔའི་བག་ཆགས་བརྟས་སྣང་བའོ།། རྩལ་གྱི་ཡན ་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། འབྲས་བུ་ཆེ་བའི་འོད་གཟུགས་རིགས་སུ་གཟུང་།། གཟུང་བའི་བག་ཆགས་འབྲས་བུ་ཆེ་སྣང་བའོ།། རྩལ་གྱི་ཡན་ལག་འོད ་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། བསོད་ནམས་སྐྱེ་བའི་འོད་གཟུགས་རིགས་སུ་གཟུང་།། གཟུང་བའི་བག་ཆགས་བསོད་ནམས་སྐྱེས་སྣང་བའོ།། རྩལ་གྱི་ཡན་ལག་འོད ་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། སྤྲིན་མེད་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་སྤྲིན་མེད་གཟུགས་སུ་སྣང་བའོ།། རྩལ་གྱི་ཡན་ལག་འོད ་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། དགེ་རྒྱས་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་དགེ་རྒྱས་གཟུགས་སུ་སྣང་བའོ།། རྩལ་གྱི་ཡན་ལག་འོད ་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ཚད་མེད་དགེ་བའི་རིགས་མཐུན་གཟུགས་སུ་གཟུང་།། བཟུང་བའི་བག་ཆགས་ཚད་མེད་དགེ་གཟུགས་སྣང་བའོ།། རྩལ་གྱི་ཡན་ལག་འོད ་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། དགེ་ཆུང་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་དགེ་ཆུང་གཟུགས་སུ་སྣང་།། རྩལ་གྱི་ཡན་ལག་འཁོར་ལོ ་གསུམ་སྐྱེས་པས།། འོད་གསལ་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་འོད་གསལ་གཟུགས་སུ་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག ་འཁོར་ལོ་གསུམ་སྐྱེས་པས།། ཚད་མེད་འོད་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་ཚད་མེད་གཟུགས་སུ་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི ་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། འོད་ཆུང་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་འོད་ཆུང་གཟུགས་སུ་སྣང་།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི་ཡན ་ལག་འཁོར་ལོ་གསུམ་སྐྱེས་པས།། ཚངས་ཆེན་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་ཚངས་ཆེན་གཟུགས་སུ་སྣང་བའོ།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི ་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ཚངས་པ་མདུན་ན་འདོན་པའི་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་མདུན་ན་འདོན་དུ་སྣང་།། རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ།། རྩལ་གྱི་ཡན་ལག ་འཁོར་ལོ་གསུམ་སྐྱེས་པས།། ཚངས་རིས་གཟུགས་ཀྱི་རིགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་ཚངས་རིས་གཟུགས་སུ་སྣང་།། བསམ་གཏན་དང་པོའི་བག་ཆགས་བརྟས་ནས་སྣང་།། དེ་ལྟར ་གཟུགས་ཁམས་གནས་རིས་བཅུ་བདུན་གྱི།། སྣོད་བཅུད་བག་ཆགས་བརྟས་སྣང་བའོ།། རང་བྱུང་ཡན་ལག་དངོས་པོ་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། གཞན་འཕྲུལ་དབང་བྱེད་རིགས་ཀྱི ་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་གཞན་འཕྲུལ་དབང་བྱེད་གཟུགས་སུ་སྣང་།། རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། འཕྲུལ་དགའ་རིས་ཀྱི ་གཟུགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་འཕྲུལ་དགའི་གཟུགས་སུ་སྣང་།། རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། དགའ་ལྡན་རིགས་ཀྱི ་གཟུགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་དགའ་ལྡན་གཟུགས་སུ་སྣང་།། རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། འཐབ་བྲལ་རིས་ཀྱི ་གཟུགས་མཐུན་གཟུགས་སུ་གཟུང་།། གཟུང་བའི་བག་ཆགས་འཐབ་བྲལ་གཟུགས་སུ་སྣང་།། རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། སུམ་ཅུ་རྩ་གསུམ་རིགས་ཀྱི ་གཟུགས་སུ་གཟུང་།། བཟུང་བས་སུམ་ཅུ་རྩ་གསུམ་གཟུགས་སུ་སྣང་།། རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་པས།། རྒྱལ་ཆེན་བཞི་ཡི་རིགས་ཀྱི་གཟུགས་སུ་གཟུང། ་བཟུང་བས་རྒྱལ་ཆེན་བཞི་ཡི་གཟུགས་སུ་སྣང་།། དེ་ལྟར་འདོད་ཁམས་ལྷ་ཡི་རིགས་དྲུག་གི། སྣོད་བཅུད་བག་ཆགས་དངོས་པོར་བརྟས་སྣང་བའོ།། རྩལ་གྱི་ཡན་ལག་དངོས་པོར་ཆེར་བརྟས་པ།། རྩལ་གྱི་ཡན ་ལག་རྟོག་པར་ཡང་སྐྱེས་པས།། གླིང་དང་མི་རྣམས་རིགས་མཐུན་སོ་སོར་གཟུང་།། གཟུང་བའི་བག་ཆགས་དངོས་པོར་ཆེར་ཞེན་པ།། གླིང་དང་མི་རྣམས་རིགས་འཐུན་སོ་སོར་སྣང་།། ཡན་ལག་དངོས ་པོར་ཆེར་བརྟས་པས།། ཡན་ལག་རྟོག་པའི་དངོས་པོ་ཡང་སྐྱེས་པས།། དུད་འགྲོ་བྱོལ་སོང་རྣམས་ཀྱི་རིགས་མཐུན་སོ་སོ་དང་།། ཡི་དྭགས་རྣམས་ཀྱི་རིགས་མཐུན་སོ་སོར་གཟུང་།། གཟུང་བའི་བག་ཆགས་བྱོལ་སོང ་ཡི་དྭགས་རྣམས།། དུད་འགྲོ་བྱོལ་སོང་ཡི་དྭགས་དངོས་པོར་སོ་སོར་སྣང་།། རང་བྱུང་རྩལ་གྱི་ཡན་ལག་དངོས་པོ་དེ།། དངོས་པོར་ངན་པའི་བག་ཆགས་ཆེར་བརྟས་ལ།། རྣམ་རྟོག་ངན་པའི་མཐར་ཕྱིན་ཡང་སྐྱེས ་པས།། དམྱལ་བ་རྣམས་ཀྱི་རིགས་མཐུན་ཚ་གྲང་བ།། ཡང་སོས་ཐིག་ནག་བསྡུས་འཇོམ་དུ་འབོད་དང་།། ངུ་འབོད་ཆེ་དང་ཚ་བ་རབ་ཏུ་ཚ།། མནར་མེད་པ་སྟེ་ཚ་བའི་དམྱལ་བརྒྱད་རིགས།། ཆུ་བུར་ཅན་དང་ཆུ་བུར ་ལ་བ་དང་།། ཨ་ཆུར་ཟེར་དང་སོ་ཡང་ཐམ་ཐམ་དང་།། ཀྱི་ཧུད་ཟེར་བ་ཨུཏྤལ་ལྟར་གས་དང་།། པདྨ་ལྟར་གས་པདྨ་ཆེར་གས་ཏེ།། དམྱལ་བ་རྣམས་ཀྱི་རིགས་མཐུན་སོ་སོར་གཟུང་།། གཟུང་བའི་བག་ཆགས་ཚ ་གྲང་སོ་སོ་རྣམས།། རང་རང་རིགས་མཐུན་སྡུག་བསྔལ་སོ་སོར་སྣང་།། དེ་ལྟར་འདོད་ཁམས་གནས་རིས་ཉི་ཤུ་ཡི།། སྣོད་བཅུད་བག་ཆགས་དངོས་པོ་བརྟས་སྣང་སྟེ།། དེ་ལྟར་ཁམས་གསུམ་མིང་བསྡུས་འཁྲུལ་པ ་བཞིན།། སོ་སོར་རྒྱས་པ་གྲངས་མེད་འཁྲུལ་སྣང་བའི།། རྩལ་གྱི་ཡན་ལག་རྟོག་པར་སྐྱེས་པ་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པའི་བདེ་བའི་ལོངས་སྤྱོད་བདེ་བར་མཐོང་།། མཐོང་བའི ་ལོངས་སྤྱོད་ཆེར་ཆགས་དེར་གཡེངས་པས།། དེར་གཡེངས་དེ་ལ་རྟེན་པས་ལེ་ལོར་བྱུང་།། ལེ་ལོ་སྔོན་བཏང་ལེ་ལོ་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོ་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ། ་བ་ལྟར་བཟུང་སྣང་།། རྩལ་གྱི་ཡན་ལག་རྣམ་རྟོག་སྐྱེས་པ་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པས་དངོས་པོའི་བག་ཆགས་ངན་པར་མཐོང་།། མཐོང་བས་ང་བཟང་སྙམ་སྟེ་ང་རྒྱལ་སྐྱེས།། ང ་རྒྱལ་སྔོན་བཏང་ང་རྒྱལ་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོར་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ་བ་ལྷ་མིན་གཟུགས།། རྩལ་གྱི་ཡན་ལག་རྣམ་རྟོག་ཡང་སྐྱེས་པས།། རྩལ་གྱི་ཡན་ལག ་དངོས་པོ་བྱུང་བ་ལ།། བརྟས་པས་དངོས་པོ་འདྲ་མཐུན་མཉམ་པར་མཐོང་།། མཐོང་བས་དེ་ལ་ཡོད་སྙམ་ཕྲག་དོག་སྐྱེས།། ཕྲག་དོགས་སྔོན་བཏང་ཕྲག་དོགས་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོ ་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ་བ་མི་གཟུགས་སྣང་།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པས་ཤེས་པར་མ་མཐོང་མ་ཤེས་མཐོང་།། མ ་ཤེས་མཐོང་བས་མ་རིག་གཏི་མུག་སྐྱེས།། སྐྱེས་པའི་གཏི་མུག་སྔོན་བཏང་གཙོར་གཟུང་བས།། གཟུང་བའི་བག་ཆགས་མང་པོ་མཐུ་བརྟས་པས།། བརྟས་པའི་བག་ཆགས་འགྲོ་བ་བྱོལ་སོང ་སྣང་།། རྩལ་གྱི་ཡན་ལག་རྣམ་རྟོག་ཡང་སྐྱེས་དེ།། རྩལ་གྱི་ཡན་ལག་དངོས་པོར་སྣང་བ་ལ།། བརྟས་པས་རྩལ་གྱི་དངོས་པོ་ལོངས་སྤྱོད་མཐོང་།། མཐོང་བས་དེ་ལ་འཕངས་སྙམ་སེར་སྣ་སྐྱེས།། སྐྱེས་པའི་སེར་སྣ ་སྔོན་བཏང་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོ་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ་བ་ཡི་དྭགས་གཟུགས།། རྩལ་གྱི་ཡན་ལག་རྣམ་རྟོག་ཡང་སྐྱེས་དེས།། རྩལ་གྱི་ཡན་ལག་དངོས་པོར ་སྣང་བ་ལ།། བརྟས་པས་ངན་སྐྱེས་གནོད་པ་བྱེད་པར་མཐོང་།། མཐོང་བས་དེ་གནོད་སྙམ་ནས་ཞེ་སྡང་སྐྱེས།། སྐྱེས་པའི་ཞེ་སྡང་སྔོན་བཏང་གཙོར་བཟུང་བས།། གཟུང་བའི་བག་ཆགས་ངན་པ་མཐུ་བརྟས ་པས།། འགྲོ་བ་དམྱལ་བའི་གཟུགས་དང་སྣོད་དུ་སྣང་བའོ།། དེ་ལྟར་འཇིག་རྟེན་ཁམས་ནི་གྲངས་མེད་ན།། འགྲོ་བ་རིགས་དྲུག་འཁྲུལ་ནས་དེ་བཞིན་སྣང་།། སྣང་བའི་འདྲ་མཐུན་བག་ཆགས་འཁྲུལ་པའོ།། རིན་པོ ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཁམས་གསུམ་འགྲོ་དྲུག་རིགས་མཐུན་དངོས་པོར་སྣང་བ་ལ་མིང་གི་བག་ཆགས་བརྟས་པ་སྣང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་ངོ་བོ་མཚན་མེད་ལ།། མཚན་མ་ཐེག་པའི་ཁྱད་པར་སྣང་བ་འདི།། གང་ལ་གང་གིས་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་མཚན་མ་མིང་མེད་དེ།། རང་བྱུང་རྩལ་གྱི་ཡན་ལག་གྲངས་མེད་ལ།། ཡན་ལག་རྩལ་གྱི་འཁོར་ལོ་ཡིད་གཡོས་པས།། དབང་པོ་རབ ་འབྲིང་ཐ་མའི་ཁྱད་པར་གྱིས།། མུ་སྟེགས་ཉན་ཐོས་རང་རྒྱལ་ཐེག་པ་དང་།། རྣམ་རིག་དབུ་མ་ཀྲི་ཡ་ཨུ་པ་ཡ།། ཡོ་ག་མ་ཧཱ་ཡོ་གའི་ཐེག་པ་དང་།། ཨ་ནུ་ཡོ་གའི་ཐེག་པ་ཆེན་པོ་དང་།། ཨ་ཏི་ཡོ་གའི་ཐེག་པ་དོན་མཚོན ་དང་།། མདོར་བསྡུས་མིང་བཏགས་འདི་རྣམས་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཐེག་པ་རྣམས་ཀྱི་མིང་བཏགས་སྣང་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། མུ་སྟེགས་མཚན་མའི་ཐེག་པར་འཁྲུལ་པ་འདི།། འཁྲུལ་པའི་གཞི་དང་འཁྲུལ་པའི་འདྲ་གཞི་དང་།། འདྲ་གཞི་དེ་ལ་མུ་སྟེགས་ཐེག་པ་ཡིས།། གང་གིས་མིང་བཏགས ་འཁྲུལ་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་འདི།། མུ་སྟེགས་ཐེག་པར་འཁྲུལ་པའི་གཞི་ཡང་ཡིན།། རང་བྱུང ་རྩལ་གྱི་ཡན་ལག་བྱུང་བ་དེ།། མུ་སྟེགས་ཐེག་པར་འཁྲུལ་པའི་འདྲ་གཞིའོ།། འཁྲུལ་པའི་འདྲ་གཞི་ལ་ཡང་རྣམ་གསུམ་སྟེ།། བྱུང་བ་རང་ཡང་འཁྲུལ་པའི་འདྲ་གཞི་དང་།། བྱུང་བས་བྱས་པས་བྱུང་བའི ་འདྲ་གཞི་དང་།། རིགས་མཐུན་མིང་མཐུན་མིང་གི་འདྲ་གཞིའོ།། བྱུང་བ་རང་ཡང་འཁྲུལ་པའི་འདྲ་གཞི་ནི།། རང་བྱུང་ཡན་ལག་གྲངས་མེད་བྱུང་བ་ལ།། འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པའོ།། བྱུང་བས་བྱས ་པས་བྱུང་བའི་འདྲ་གཞི་ནི།། རང་གིས་ཇི་ལྟར་གང་ལྟར་འདོད་པ་བཞིན།། ཡན་ལག་འགགས་མེད་མ་འགགས་ནང་དུ་ཡང་།། དེ་བཞིན་དེ་ལྟར་བྱུང་ནས་འདྲ་འདུས་པའོ།། རིགས་མཐུན་མིང་མཐུན་མིང་གི་འདྲ ་གཞི་ནི།། འདྲ་གཞི་དེ་ལ་འཁོར་ལོ་རྣམ་གསུམ་གྱིས།། མིང་གི་ཡན་ལག་རང་རང་རིགས་མཐུན་པའི།། འདྲ་མཐུན་རིགས་མཐུན་མིང་བཏགས་འདྲ་བ་ཡི།། འདྲ་མཐུན་མིང་མཐུན་མིང་གི་འདྲ་གཞི་ལ།། མུ ་སྟེགས་ཐེག་པའི་མིང་བཏགས་སྣང་བ་ནི།། སྤྱི་དང་ཁྱད་པར་གཉིས་སུ་སྣང་བ་སྟེ།། སྤྱི་ཡི་མིང་བཏགས་སྣང་བར་འདོད་པ་ནི།། རང་བྱུང་རྩལ་གྱི་ཡན་ལག་བྱུང་བ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་རྣམ་གསུམ ་གྱིས།། འབྱུང་ལས་བྱུང་དང་བྱུང་བ་སྣང་བར་འདོད།། ཁྱད་པར་མིང་བཏགས་མདོར་བསྡུས་རྣམ་བཞི་སྟེ།། རྟག་ཆད་ཐུན་མོང་རིག་བྱེད་གཙང་མ་ལྔའོ།། མུ་སྟེགས་རྟག་ལྔ་འཁྲུལ་པ་སྣང་བ་ནི།། རང་བྱུང་ཡན་ལག། ་རང་རིག་མིང་མེད་དེ།། རང་རིག་ཡིད་དུ་སྐྱེས་པ་རྣམ་གསུམ་སྟེ།། དང་པོ་ཅི་ཡང་ཡིད་དུ་སྐྱེས་པ་དང་།། གཉིས་པ་ཡིན་མིན་ཡིད་དུ་སྐྱེས་པ་དང་།། གསུམ་པ་ཡིན་གདེང་ཡིད་དུ་སྐྱེས་པའོ།། དང་པོ་ཅི་ཡིན་ཡིད་ལ ་རྣམ་གསུམ་སྟེ།། རྩལ་ལ་ཅི་ཡིན་ཡིད་དུ་སྐྱེས་པ་དང་།། འཛིན་པའི་ཡིད་ཀྱང་ཅི་ཡིན་ཡིད་དུ་སྐྱེས།། ཅི་ཡིན་ཡིད་ཀྱི་མིང་གི་གྲིབ་མ་དེས།། ཡུལ་དེ་ཅི་ཡིན་མིང་གི་གྲིབ་མས་སྒྲིབས།། འགྲིབས་པས་ཡིད་ཀྱི་ཅི་ཡིན ་མིང་དུ་འགྲིབས།། གཉིས་པ་ཡིན་མིན་ལ་ཡང་རྣམ་གསུམ་སྟེ།། ཡུལ་དེ་ཡིན་མིན་ཡིད་དུ་སྐྱེས་པ་དང་།། འཛིན་པའི་ཡིད་ཀྱང་ཡིན་མིན་མིང་དུ་སྐྱེས།། ཡིན་མིན་མིང་གི་རྩལ་གྱི་གྲིབ་མ་དེས།། ཡུལ་དེ་ཡིན་མིན་མིང ་གི་གྲིབ་མས་འགྲིབས།། འགྲིབས་པས་ཡིད་ཀྱང་ཡིན་མིན་མིང་དུ་འགྲིབས།། གསུམ་པ་ཡིན་དེ་ལ་ཡང་རྣམ་གསུམ་སྟེ།། ཡུལ་དེ་རྟག་པ་ཡིན་གདེང་མིང་དུ་སྐྱེས།། སྐྱེས་པས་ཡིད་ཀྱང་རྟག་པ་ཡིན་གདེང ་སྐྱེས།། རྟག་པ་ཡིན་གདེང་མིང་གི་གྲིབ་མ་དེས།། ཡུལ་དེ་རྟག་པའི་མིང་གི་གྲིབ་མས་འགྲིབས།། འགྲིབས་པས་ཡིད་ཀྱང་རྟག་པའི་མིང་དུ་འགྲིབས།། མིང་དུ་འགྲིབས་པའི་རྟག་པའི་ངོ་བོ་དེ།། དངོས་མཚན་མེད ་པའི་རང་རིག་རང་གསལ་དེ།། ཐམས་ཅད་བྱེད་པའི་བདག་པོ་རྟག་པར་གཟུང་།། རྟག་པར་གཟུང་བའི་མཚན་མའི་དབྱིབས་དེ་ཡང་།། ཆེ་ན་མཐེ་བོང་འབྲིང་ལ་སྲན་མ་ཙམ།། ཆུང་ན་ཉུང་འབྲུ་ཙམ་ཞིག་ཡོད་པར ་འདོད།། རྟག་པར་གཟུང་བའི་མི་འགྱུར་བདག་པོ་ལས།། ཤེས་པ་སྐད་ཅིག་མང་པོར་བྱུང་བ་ལ།། བྱུང་བའི་རྡུལ་ཕྲན་དག་ཏུ་དེ་གཟུང་སྟེ།། རྡུལ་ཕྲན་བྱེད་པའི་བདག་པོ་དེ་ལ་འགོས།། འགོས་པས ་སྣོད་བཅུད་མཚན་མ་སྣ་ཚོགས་དང་།། དྲི་མ་ངན་པའི་སྡུག་བསྔལ་བྱུང་བར་འདོད།། ངན་པའི་དྲི་མ་སྣ་ཚོགས་བྱུང་བ་འདི།། དགེ་བའི་ལས་བྱས་དབང་གིས་རྡུལ་དག་བསམ།། རྡུལ་དེ་དག་ནས་བདག་ཉིད་རྟག་པར ་འདོད།། རྫ་མའི་ནང་དུ་བྱིའུ་བཅུག་ཁ་བཅད་ནས།། རྫ་བཅག་རྫ་མ་ལས་ཏེ་བྱིའུ་འཕུར་འདྲའོ།། མུ་སྟེགས་ཆད་ལྟ་འཁྲུལ་པ་སྣང་བ་ནི།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། རྩལ་གྱི་ཡན་ལག་དངོས ་པོར་མཚན་མེད་པའི།། རང་རིག་རང་གསལ་སྟོང་པའི་རང་བཞིན་ཏེ།། འབྱུང་བའི་ནམ་མཁའ་སྟོང་པ་ཡིན་པར་མཐོང་།། མཐོང་བས་འབྱུང་བ་ནམ་མཁའ་སྟོང་པར་སྣང་།། སྟོང་པར་སྣང་བའི་འབྱུང་བ་ནམ་མཁའ ་ལ།། འབྱུང་བ་ལྔ་ཡི་ཡོན་ཏན་ཡོད་དམིགས་ནས།། འབྱུང་ལྔའི་བཅུད་ལས་སྣོད་བཅུད་དངོས་པོ་དང་།། མཚན་མར་སྣང་བའི་སྣང་སྲིད་ཐམས་ཅད་ཀུན།། འབྱུང་ལྔའི་བཅུད་ལས་བྱུང་ཞིང་དང་ཞ་བས།། དེ་ཕྱིར་ཚེ ་འདིར་རང་ལ་བདེ་སྡུག་ནི།། ལུས་ངག་ཡིད་ཀྱི་སྒོ་ནས་དགེ་སྤྱད་པ།། འབྲས་བུ་བདེ་སྐྱིད་ཚེ་འདི་རང་ལ་འོང་།། མི་དགེའི་ལས་བྱས་རྣམ་སྨིན་འབྱུང་བ་འདི།། ཚེ་འདི་རང་ལ་སྡུག་བསྔལ་མི་བདེ་འོང་།། ཐ་མ་འབྱུང ་ལྔའི་ངང་ལ་རང་ཞ་སྟེ།། ཕྱི་མ་མི་འདོད་འབྲས་བུ་སངས་རྒྱས་འདོད།། མུ་སྟེགས་ཐུན་མོང་རིགས་ཅན་འཁྲུལ་པ་ཡིན།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ཡན་ལག་རང་རིག་རང་གསལ་གཡོ་བ ་དེ།། འབྱུང་བ་རླུང་ཡིན་སྙམ་སྟེ་རླུང་དུ་གཟུང་།། ཤེས་པ་རླུང་གཟུང་ཀུན་ལ་ཁྱབ་པ་དེ།། རྩ་ཡིན་སྙམ་ནས་རྩ་རུ་གཟུང་སྟེ་གནས།། ཤེས་པ་སྐད་ཅིག་གྲངས་ཀྱི་བསམ་འདས་པ།། རྩ་ཡི་གྲངས་རྣམས་ཡིན་སྙམ་རྩ ་གྲངས་སུ།། གཟུང་ཕྱོགས་སོ་སོར་གཟུང་བ་ལྷ་གྲངས་འདོད།། རླུང་གཡོས་མི་བདེ་མ་གཡོས་བདེ་བ་ཡིན།། བདེ་འདོད་དབང་གི་རླུང་དེ་འགེགས་བསྒོམ་པའོ།། རིག་བྱེད་གཙང་མར་ལྟ་བ་རྣམ་གཉིས་ཀྱི།། འཁྲུལ ་པ་ལ་ཡང་སྤྱི་དང་སོ་སོ་གཉིས།། མུ་སྟེགས་རིག་བྱེད་སྤྱི་འཁྲུལ་སྣང་བ་ནི།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ལས་ཀྱི་ཡན་ལག་རང་རིག་རང་གསལ་ལ།། འབྱུང་ལྔའི་དྭངས་མ་གཅིག་ཡོད་གཟུང་བ ་དེ།། དོན་དམ་རང་བཞིན་སྙིང་པོ་མི་འགྱུར་ལ།། མི་ཤིགས་ཤེས་དཀའ་རིག་པས་ཤེས་སླ་བ།། དངོས་མེད་མཚན་མེད་ཡོད་མེད་མེད་པ་མེད།། སྟོང་དང་མི་སྟོང་རྟག་ཆད་མཐའ་ལས་འདས།། ཁ་དོག་དབྱིབས་དང ་ཕྱོགས་རིས་ཡི་གེ་མེད།། སྐུ་གསུམ་མཚན་མ་བརྗོད་པའི་མཐའ་དང་བྲལ།། ནམ་མཁའ་སྐྱོན་མེད་འདྲ་བ་གཅིག་ཡོད་དེ།། དེ་བཞིན་ཉིད་ཀྱི་དེ་བཞིན་གཟིགས་པ་སྟེ།། སེམས་ཅན་མིང་དུ་བཏགས་པ་ཡེ་ནས ་ནོར།། ཆེ་བས་ཆེ་བར་ཡེ་ནས་གནས་པའོ།། སོ་སོར་འཁྲུལ་པ་ལ་ཡང་རྣམ་ལྔ་སྟེ།། ཀུ་ཏ་ང་རིའི་འཁྲུལ་པ་སྣང་བ་ནི།། རྩལ་གྱིས་ཡན་ལག་འཁོར་ལོ་གསུམ་གཡོས་པས།། རྩལ་གྱི་ཆོས་རྣམས་འདི ་ལྟར་སྣང་བ་ལ།། འདི་ཀ་ལྟར་ནི་འབྱུང་བ་སྣང་ཡིན་པས།། བཅོས་སུ་མེད་དེ་སྙིང་པོ་རང་བཞིན་ཅན།། སེམས་ཅན་དངོས་པོར་གཟུང་བའི་རྟོག་འདི་སྤངས།། བཅོས་སུ་མེད་པ་དོན་དམ་ཡིན་པར་འདོད།། སྣོད ་བཅུད་མཚན་མ་འདི་ལྟར་བྱུང་བ་འདི།། འབྱུང་བ་གཡོ་འགུལ་རྒྱུན་མ་ཆད་པ་ཡིས།། སྣང་སྲིད་མཚན་མ་འདི་ལྟར་སྣང་བ་སྟེ།། འཁོར་ལོ་བསྐོར་རམ་མགལ་མེ་ཀླད་བསྐོར་བཞིན།། སྣང་ལ་རང་བཞིན་མེད་ཅེས ་དམིགས་མེད་དང་།། བཅོས་སུ་མེད་པའི་རང་བཞིན་ངང་ལ་འཇོག། འབྲས་བུ་ཡོད་མིན་མེད་མིན་གནས་སུ་གོལ།། ར་སྨ་ན་ཡི་འཁྲུལ་པ་སྣང་བ་ནི།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་གཡོས་པས།། ཡན་ལག ་རྒྱལ་གྱི་ཆོས་རྣམས་སྣང་བ་ལ།། དངོས་པོ་མཚན་མར་བཏགས་པ་ཅི་ཡང་མེད།། སངས་རྒྱས་སེམས་ཅན་བྱ་བ་མིང་མེད་པས།། ཐ་སྙད་ཀུན་དང་བྲལ་བའི་དངས་མ་གཅིག། གཏིང་ན་ཡོད་དེ་དོན་དམ་དེ་ཡིན ་པས།། གཞན་རྣམས་ཐམས་ཅད་འཁྲུལ་པར་འདོད་པའོ།། སྣོད་བཅུད་མཚན་མར་སྣང་བ་བྱུང་བ་ཡང་།། འབྱུང་བའི་དྲངས་མ་ཡོད་པས་བྱུང་བ་སྟེ།། དེ་ཡི་གཡོ་འགུལ་རྩལ་གྱི་བྱིན་རླབས་པས།། སྣོད་བཅུད་དངོས ་པོ་མཚན་མར་སྣང་བ་སྟེ།། ཆུ་ཡི་ནང་དུ་ཟླ་བའི་གཟུགས་བྱུང་བ།། ཟླ་བའི་དངོས་པོ་ཡོད་པས་བྱུང་བ་ལ།། མེད་ན་གཟུགས་བརྙན་འབྱུང་བར་ག་ལ་འགྱུར།། མཚན་མའི་ཆོས་སུ་སྣང་བ་ཐམས་ཅད་ཀྱང་།། དོན་མེད ་ཚིག་དོན་རྗེས་སུ་འབྲངས་པ་ཡིས།། ཐམས་ཅད་ཅི་ཡང་མེད་པར་སྒོམ་པ་སྟེ།། འབྲས་བུ་ཅི་ཡང་མེད་པའི་གནས་སུ་གོལ།། རྒྱན་གྱི་དྲ་བ་འཁྲུལ་པ་སྣང་བ་ནི།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། ཡན ་ལག་རྩལ་གྱི་ཆོས་རྣམས་ཐམས་ཅད་ལ།། འབྱུང་བའི་དངས་མ་གཏིང་ན་ཡོད་པ་དེས།། དངོས་པོ་མཚན་མར་སྣང་བ་ཀུན་ལ་ཡང་།། དངོས་མེད་ནམ་མཁའ་བཞིན་དུ་ཁྱབ་གནས་ཏེ།། དེ་ནི་དོན་དམ་ཡིན་པར་འདོད ་པའོ།། དངོས་པོ་སྣོད་བཅུད་འདི་ལྟར་བྱུང་བ་ཡང་།། འབྱུང་ལྔའི་བརླན་དེ་སོ་སོར་འདྲིལ་བ་ལས།། སྣོད་བཅུད་སྣང་བ་ཡིན་པར་འདོད་པ་སྟེ།། དཔེར་ན་བརླན་ནས་སྣོད་ཀྱི་ཁ་ཆོད་ལ།། ཟིལ་པ་ཆགས་པ་བཞིན་དུ ་སྣང་བའོ།། ནམ་མཁའ་ལྟ་བུར་མཐའ་དང་བྲལ་བ་ཡི།། ཐམས་ཅད་ནམ་མཁའ་བཞིན་དུ་བསྒོམས་པ་དེ།། འབྲས་བུ་ནམ་མཁའ་མཐའ་ཡས་གནས་སུ་གོལ།། ཀ་རི་ཤམ་པ་འཁྲུལ་ནས་སྣང་བ་ནི།། རྩལ་གྱི་ཡན ་ལག་འཁོར་ལོ་གསུམ་སྐྱེས་པས།། རང་བྱུང་ཡན་ལག་གཡོས་པའི་མཚན་མ་ལ།། རྣམ་པར་ཤེས་པའི་ངོ་བོ་རིག་པ་འདི།། འབྱུང་བའི་མཚན་ཉིད་ཡིན་པར་མཐོང་བ་སྟེ།། དེ་མཐོང་དེ་ནི་དོན་དམ་ཡིན་པར ་འདོད།། སྣང་བའི་ཆོས་རྣམས་ཅི་ལས་བྱུང་བ་ནི།། འབྱུང་བའི་གཡོ་འགུལ་རྩལ་ལས་དངོས་མཚན་འབྱུང་།། དཔེར་ན་མེ་ལོང་གཡའ་དག་གསལ་སྣང་དུ།། གཟུགས་བརྙན་བྱུང་ནས་སྣང་བ་དེ་བཞིན ་དུ།། དངོས་པོ་གཞན་ཞིག་མེད་ན་ག་ལ་འབྱུང་།། སྣོད་བཅུད་ཐམས་ཅད་སེམས་སུ་འདུ་ཤེས་པས།། སེམས་དེ་འབྱུང་བའི་ངོ་བོ་ཡིན་བསྒོམས་པས།། འབྲས་བུ་རྣམ་ཤེས་མཐའ་ཡས་གནས་སུ་གོལ།། ཤ་སྣ་ཅན་དེ ་འཁྲུལ་ནས་སྣང་བ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། རྩལ་གྱི་ཡན་ལག་འདི་ལྟར་སྣང་བ་ནི།། འབྱུང་བའི་ཆོས་ཉིད་ཡེ་ནས་གནས་པར་མཐོང་།། མཐོང་བའི་དབང་གིས་བསྐུར་དུ་མི་བཏུབ ་སྟེ།། དཔེར་ན་མེ་ཏོག་ན་ནིང་མེ་ཏོག་སར།། དོ་ཅིག་མེ་ཏོག་སྐྱེས་སར་གཞན་མི་སྐྱེ།། སྲན་མ་སུ་བཟླུམས་ཚེར་མ་སུས་གཞོགས་ཏེ།། དེ་ལྟར་ཆོས་གནས་པའི་དབང་གིས་ན།། དངོས་པོ་མཚན་མར་སྣང་བ་འདི ་རྣམས་ཀྱང་།། འབྱུང་བའི་ཆོས་ཉིད་དེ་ལྟར་སྣང་བའོ།། གནས་དེ་བཞིན་དུ་འཕོ་བར་སྣང་ན་ཡང་།། རང་རང་འཕོ་བའི་ཆོས་ཉིད་ཡོད་པར་ཟད།། རྟོག་པ་མེད་པར་ཤེས་པ་རྒྱུན་ཆད་དེ།། ཅི་ཡང་མེད་ཅེས་དོན་ཉིད ་བསྒོམས་པ་ཡིས།། འབྲས་བུ་སྐྱེ་མཆེད་མུ་བཞི་གནས་སུ་གོལ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། མུ་སྟེགས་མཚན་མའི་ཐེག་པ་འཁྲུལ་པ་མིང་བཏགས་ནས་སྣང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྡུད ་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཉན་ཐོས་མཚན་མའི་ཐེག་པ་འཁྲུལ་པ་འདི།། གང་ལས་བྱུང་དང་གང་ལ་བལྟས་འཁྲུལ་དང་།། འཁྲུལ་ནས་གནས་པའི་ལྷ་སྤྱོད ་ཁྱད་པར་དང་།། སྤྱད་པའི་འབྲས་བུ་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་ལས།། རང་བྱུང་ཡེ་ཤེས་མི ་འགྱུར་རང་བཞིན་དེ།། རང་བཞིན་རིག་པར་གནས་པའི་བདག་ཉིད་ལས།། རིག་པ་གྲངས་མེད་གྲངས་ལས་འདས་པ་ཡི།། གྲངས་ཀྱི་ཡན་ལག་ཆ་གཅིག་འབྱུང་བ་ཡི།། གཡོ་མི་གཡོ་ལས་ཕྲ་རབ་ཟེར་གཡོས ་པས།། ཟེར་གྱི་རང་བཞིན་མ་འགགས་ཡེ་ཤེས་ལས།། ཡེ་ཤེས་བྱིན་རླབས་རིག་པར་སྐྱེས་པ་དེ།། རིག་སྐྱེས་དབང་གིས་འཁོར་ལོ་གསུམ་གཡོས་པས།། རྩལ་གྱི་ཆོས་རྣམས་དག་ལ་མིང་བཏགས་འཁྲུལ།། འཁྲུལ ་པའི་སྣང་ལུགས་མདོར་བསྡུས་རྣམ་གཉིས་ཏེ།། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པའོ།། ཉན་ཐོས་བྱེ་བྲག་སྨྲ་བའི་འཁྲུལ་པ་ནི།། ཡན་ལག་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། རྩལ་གྱི་ཡན་ལག་གཡོས་པའི ་མཚན་མ་ལ།། རིག་མེད་རིག་པ་ཕྲ་རབ་བྱུང་བ་ལས།། འབྱུང་བའི་རྡུལ་ཕྲན་བྱུང་བ་ཡིན་པར་གཟུང་།། བཟུང་བས་འབྱུང་བའི་རྡུལ་ཕྲན་རྡུལ་དུ་སྣང་།། ཡན་ལག་རིག་སྐྱེས་སྐད་ཅིག་རྒྱུ་བ་དེ།། འབྱུང་བའི་སེམས ་ཡིན་སྙམ་ནས་སེམས་སུ་གཟུང་།། གཟུང་བའི་བག་ཆགས་བརྟས་ནས་སེམས་སུ་སྣང་།། འབྱུང་བའི་རྡུལ་དང་སེམས་སུ་སྣང་བ་གཉིས།། མ་འདྲེས་སོ་སོར་སྣང་བ་གཅིག་ཏུ་མཐོང་།། མཐོང་བསམ ་འདྲེས་སོ་སོར་སྣང་བ་དེ།། གཅིག་དང་གཅིག་ལྟོས་དབང་གིས་སྣང་བར་གཟུང་།། གཟུང་བའི་དབང་གིས་ལྟོས་ཏེ་གཅིག་ཏུ་སྣང་།། གཡག་རྔ་ནིའུ་གསིང་ཚུལ་ཏེ་གཅིག་ཏུ་སྣང་བའོ།། ཉན་ཐོས་མདོ་སྡེ་འཁྲུལ་པ ་སྣང་བ་ནི།། ཡན་ལག་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། རྩལ་གྱི་ཡན་ལག་གཡོས་པའི་མཚན་མ་ལ།། འབྱུང་བའི་རྡུལ་ཕྲན་འདུས་ཏེ་སེམས་གཏུམས་ནས།། འདུས་པའི་གོང་བུ་སྣང་བ་ཡིན་པར་གཟུང ་བཟུང་བས་འབྱུང་བའི་རྡུལ་འདུས་གོང་བུར་སྣང་།། རྡུལ་ཕྲན་སྣང་དང་གོང་བུར་སྣང་བ་དེས།། སྡུག་བསྔལ་སྣ་ཚོགས་དེ་ཡིས་བསྐྱེད་མཐོང་སྟེ།། ཚོགས་དྲུག་བཀག་པས་སྡུག་བསྔལ་ཞི་མཐོང་བས།། དགེ་བའི ་ཆོས་དེ་ཇི་ལྟར་སྤྱད་པ་བཞིན།། འོང་བར་འདུག་སྙམ་དགེ་བའི་སྤྱད་པར་མཐོང་།། མཐོང་བས་དགེ་སྦྱོང་འབྲས་བུ་ཐོབ་པར་འདོད།། བདེན་བཞིའི་སྒོར་འཇུག་དགེ་སློང་ལ་སོགས་ཁྲིམས།། བདག་མེད་རྟོགས་དང ་སྒོམ་པ་ཚོགས་དྲུག་འགེགས།། བདག་དོན་སྤྱོད་ཅིང་འབྲས་བུ་ངེས་པ་ནི།། རབ་ན་བསམ་གཏན་དང་པོའི་ཚངས་རིས་ཏེ།། འདོད་དང་བྲལ་བས་འཕགས་པ་དགྲ་བཅོམ་ས།། ཞིང་ཁམས་རྣམ་དག་ཅེས་སུ་གྲགས་པ ་སྟེ།། དབང་པོ་འབྲིང་ན་འདུ་ཤེས་མེད་པའི་ཁྲོད།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཉན་ཐོས་ཀྱི་ཐེག་པ་འཁྲུལ་པའི་ལེའུ་སྟེ་བཅུ་བཞི་པའོ།། །། སྡུད་པའི ་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་སངས་རྒྱས་ཀྱི་འཁྲུལ་པ་སྣང་བ་ནི།། གང་ལ་བལྟས་འཁྲུལ་འཁྲུལ་ནས་གནས་པ་ལ།། ལྷ་སྤྱོད་འབྲས་བུའི་ངེས་དོན་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་འབྱུང་ཡེ་ཤེས་དབྱེར་མེད་པའི།། རང་བཞིན་ལྷུན་གྲུབ་ཆོས་སྐུ་ཆ་མེད་པས།། རང་བྱུང་རྩལ་གྱི་ཡན་ལག ་གཡོས་པ་ལས།། ཕྱི་དང་ནང་གི་རྟེན་འབྲེལ་མིང་བཏགས་ལ།། ཕྱི་ཡི་རྟེན་འབྲེལ་མིང་བཏགས་འཁྲུལ་སྣང་ནི།། ཡན་ལག་རང་བཞིན་མཚན་མ་མེད་པ་ལས།། རིག་མེད་རིག་མ་སྐྱེས་པ་བྱུང་བ་ལས།། ཡན་ལག ་རྩལ་གྱི་འཁོར་ལོ་གསུམ་གཡོས་པས།། འབྱུང་བ་བཞི་ལས་རྟེན་འབྲེལ་བྱུང་བར་གཟུང་།། གཟུང་བའི་མིང་ནི་བག་ཆགས་བརྟས་པ་དེ།། ཕྱི་ཡི་རྟེན་འབྲེལ་འབྱུང་བར་སྣང་བའོ།། ནང་གི་རྟེན་འབྲེལ་མིང་བཏགས ་འཁྲུལ་སྣང་ནི།། ཡན་ལག་རང་བཞིན་རང་རིག་མཚན་མེད་ལས།། རང་རིག་དབང་གིས་རང་རང་བྱུང་ལ།། ཡན་ལག་རྩལ་གྱི་འཁོར་ལོ་གསུམ་སྐྱེས་པས།། ལོག་རྟོག་བྱུང་བ་མ་རིག་པ་རུ་གཟུང་།། ཡན་ལག་སྐད ་ཅིག་གཡོ་བ་འདུ་བྱེད་གཟུང་།། ཡན་ལག་མཚན་མར་གཟུང་བ་རྣམ་ཤེས་གཟུང་།། ཡན་ལག་སོ་སོར་གཟུང་བ་མིང་དང་གཟུགས་སུ་གཟུང་།། ཕྱི་དང་ནང་དུ་གཟུང་བ་སྐྱེ་མཆེད་གཟུང་།། ཡན་ལག་སོ ་སོར་ཕྲད་པ་རེག་པར་གཟུང་།། རེག་རྐྱེན་ཉམས་མྱོང་ཚོར་བ་ཡིན་པར་གཟུང་།། ཚོར་རྐྱེན་དེ་འདོད་དེ་ལ་སྲེད་པར་གཟུང་།། སྲེད་རྐྱེན་དབང་གིས་བླང་དང་ལེན་པར་གཟུང་།། ལེན་པའི་དབང་གིས་བྱ་བྱེད་སྲིད་པར ་གཟུང་།། སྲིད་པའི་རྐྱེན་གྱིས་ཡན་ལག་སྐྱེས་པ་དེ།། སྐྱེ་བའི་ཡིན་སྙམ་སྐྱེ་བ་ཡིན་པར་གཟུང་།། ཡན་ལག་སྐད་ཅིག་འགྱུར་བ་རྒས་པར་གཟུང་།། འགྱུར་བའི་ནུས་མཐའ་ཟད་པ་ཤི་བར་གཟུང་།། དེ་ལྟར་ཡན་ལག ་སྐད་ཅིག་རྣམ་གྲངས་ལ།། རྟེན་འབྲེལ་འབྱུང་བའི་འཁོར་ལོའི་མིང་དུ་གཟུང་།། གཟུང་བའི་བག་ཆགས་བརྟས་པ་རྟེན་འབྲེལ་སྣང་།། སྣང་བའི་དབང་གིས་ཕྱི་ནང་སྣོད་བཅུད་དང་།། སྡུག་བསྔལ་སྣ་ཚོགས་དེ་ཡིས ་བསྐྱེད་པར་མཐོང་།། མཐོང་བའི་བག་ཆགས་སྡུག་བསྔལ་བརྟས་ནས་གནས།། གནས་པའི་སྡུག་བསྔལ་སྤང་ཕྱིར་རང་ཉིད་ཀྱིས།། རྟེན་འབྲེལ་བཅུ་གཉིས་སྒོ་ནས་རང་འཇུག་སྟེ།། ལུགས་དང་མཐུན་དང་ལུགས་ལ ་བཟློག་པའོ།། རྟོགས་ལྷ་གང་ཟག་བདག་མེད་རྟོགས་སྟེང་དུ།། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་བདག་མེད་རྟོགས།། བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་།། སྤྱོད་པའི་འཕྲིན་ལས་རང་དོན་གཞན་འགའ ་ཙམ།། ཚོགས་དྲུག་ཡུལ་འགེགས་འགོག་པའི་སྙོམས་འཇུག་སྒོམ།། གྲུབ་པའི་འབྲས་བུ་ངེས་པར་ཐོབ་པ་ནི།། དབང་པོ་རབ་ནི་བསམ་གཏན་དང་པོ་ཡི།། ཚངས་པ་མདུན་ན་འདོན་གྱི་ས་ཐོབ་བོ།། དབང་པོ་འབྲིང་ནི ་འདུ་ཤེས་མེད་པའི་ཁྲོད།། དབང་པོ་ཟ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། རང་སངས་རྒྱས་འཁྲུལ་སྣང་གི་ལེའུ་སྟེ་བཅོ་ལྔ་པའོ།། །། སྡུད་པའི་གསང་དབང་རྡོ་རྗེ་སེམས ་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སེམས་སུ་འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ།། སེམས་འཁྲུལ་དེ་ལ་སེམས་ཙམ་སྣང་བ་ཡི།། ལྟ་སྤྱོད་འབྲས་བུའི་ངེས་པ་གང་ཐོབ་དང་།། ཕྱི་རོལ་ཡུལ་ལྟར ་སྣང་བའི་དངོས་པོ་འདི།། གང་གིས་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་འབྱུང་ཡེ་ཤེས་མ་རྟོགས་པས།། རང་བྱུང ་ཡེ་ཤེས་ཟེར་གྱི་ཡན་ལག་ག། སྟོན་པའི་རང་བཞིན་རང་རིག་མིང་མེད་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། རང་རིག་རང་གསལ་སེམས་ཀྱི་མིང་དུ་གཟུང་།། གཟུང་བའི་འཁོར་ལོ་གསུམ་ཀྱང ་སེམས་སུ་གཟུང་།། སེམས་སུ་སྣང་བའི་འཁྲུལ་ལུགས་སྣང་བ་ནི།། རང་རིག་རང་གསལ་རྒྱ་མ་ཆད་པ་དེ།། ཀུན་གྱི་རྟེན་དང་གསོག་པའི་གཞི་གཟུང་བས།། གཟུང་བའི་བག་ཆགས་ཀུན་གཞི་མིང་དུ་སྣང་།། རང ་རིག་སྐད་ཅིག་རིག་པར་སྐྱེས་པ་དེས།། རང་རིག་སེམས་ལ་ནང་དུ་ཁ་བལྟས་ཏེ།། ང་ཡི་ཡིན་སྙམ་རང་གཟུང་ངར་འཛིན་ཏེ།། ངར་འཛིན་དེ་ལ་ཉོན་མོངས་ཡིད་དུ་གཟུང་།། གཟུང་བའི་བག་ཆགས ་ཉོན་མོངས་ཡིད་དུ་སྣང་།། ཡན་ལག་རང་རིག་རིག་པར་སྐྱེས་པ་དེས།། ནང་དང་ཕྱི་རོལ་ཡུལ་ལ་ཁ་བལྟས་ཏེ།། རྟོག་ཅིང་དཔྱོད་པའི་ཤེས་པ་སྐྱེས་པ་ལ།། ཡིད་ཀྱི་ཤེས་པ་ཡིན་སྙམ་ཡིད་དུ་གཟུང་།། གཟུང་བའི ་བག་ཆགས་ཡིད་ཀྱི་ཤེས་པར་སྣང་།། ཡིད་ཀྱི་ཤེས་པ་ཕྱི་རོལ་ཡུལ་སྐྱེས་པས།། ཡུལ་གྱི་དབང་གིས་སྒོ་སྒོར་སྐྱེས་པ་ལ།། སྒོ་ལྔའི་ཤེས་པ་སྐྱེས་པ་ཡིན་པར་གཟུང་།། གཟུང་བའི་བག་ཆགས་སྒོ་ལྔའི་ཤེས་པར ་སྣང་།། དེ་ལྟར་སེམས་སུ་སེམས་འཁྲུལ་སྣང་བའོ།། སེམས་སུ་སྣང་བའི་ལྟ་བའི་རང་བཞིན་ནི།། རང་རིག་རང་གསལ་རང་རིག་ཉམས་མྱོང་བའི།། གསལ་བྱེད་གཞན་ལ་མ་ལྟོས་རྒྱུ་འབྲས་ཅན།། སེམས་ཅན་དུས་ན ་ཀུན་གཞི་རྣམ་ཤེས་དེ།། སྐད་ཅིག་མི་རྟག་རྒྱུན་གྱིས་རྟག་པར་འདོད།། ཚོགས་དྲུག་སྐྱེ་འགག་བྱེད་པས་མི་རྟག་སྟེ།། ཕྱི་ནང་གཉིས་ཀ་སེམས་སུ་སྣང་བར་འདོད།། སངས་རྒྱས་དུས་ན་མི་རྟོག་ཡེ་ཤེས་ཏེ།། སྣ་ཚོགས ་སྣང་ཡང་རྟོག་པ་མེད་པར་འདོད།། དཔེར་ན་ལྐུགས་པས་རོ་མྱོང་བ་དང་མཚུངས།། བདེ་གཤེགས་དུས་ཀྱི་མི་རྟོག་ཡེ་ཤེས་ལ།། སྣ་ཚོགས་སྣང་བའི་རྣམ་པ་གནོད་བྱེད་པས།། སྣ་ཚོགས་སྣང་བ་བརྫུན་པ་ཡིན་པར ་འདོད།། རྗེས་ཐོབ་དུས་ལ་རྟོག་པ་མངའ་བ་དང་།། ཕ་རོལ་ཡུལ་ལྟར་འཁྲུལ་ནས་སྣང་བ་ནི།། རིག་མེད་རིག་མ་སྐྱེས་པའི་རྩལ་བྱུང་དང་།། ཡན་ལག་རིག་སྐྱེས་རིག་པར་བྱུང་བ་ལ།། འཁོར་ལོ་གསུམ་གྱི་རྟོག་པ ་སྐྱེས་པ་ལས།། འབྱུང་བ་ལྔ་ཡི་མཚན་མ་ཕྲ་མོར་གཟུང་།། གཟུང་བའི་བག་ཆགས་འབྱུང་བ་ལྔར་སྣང་བས།། སྣང་བས་རང་རིག་རང་སེམས་བསྒྲིབས་པ་དེས།། ཕྱི་རོལ་ཡུལ་མེད་ཡུལ་དང་ཡུལ་ཅན་དུ།། མེད་ཀྱང ་འཁྲུལ་ནས་སྣང་བར་མཐོང་བ་དེ།། དཔེར་ན་མིག་དེ་རབ་རིབ་ཚོད་དང་མཚུངས།། བདེན་གཉིས་སྒོར་འཇུག་བདག་མེད་རྣམ་གཉིས་རྟོགས།། བསྲུང་བའི་ཚུལ་ཁྲིམས་སྡོམ་པ་ཉི་ཤུ་སྲུང་།། སྤྱོད་པའི་འཕྲིན་ལས ་གཞན་གྱི་དོན་དུ་སྤྱོད།། སུམ་ཅུ་རྩ་བདུན་ཕ་རོལ་བཅུ་པོ་སྒྲུབས།། སེམས་ཀྱི་ངོ་བོ་རང་རིག་རང་གསལ་བསྒོམ།། སེམས་ཙམ་འབྲས་བུའི་ངེས་པ་ཐོབ་པ་ནི།། དབང་པོ་རབ་ནི་མི་ཆེ་ལྷ་གནས་རིག། རིགས་ལྔ་ས་ཡི ་དང་པོར་བསྟན་པ་སྟེ།། གཙོ་བོ་དོན་ཡོད་གྲུབ་པའི་སྐུ་བཞུགས་པས།། བདེ་བར་གཤེགས་པའི་ཞལ་ནི་མཐོང་ཞེས་བྱ།། དབང་པོ་འབྲིང་ནི་བསམ་གཏན་བཞི་པའི་གནས།། ཡང་ན་བསམ་གཏན་གསུམ་དང་གཉིས ་པར་སྐྱེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། སེམས་ཙམ་འཁྲུལ་སྣང་གི་ལེའུ་སྟེ་བཅུ་དྲུག་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན ་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། དབུ་མར་འཁྲུལ་པའི་ངེས་དོན་ཅི་ལས་བྱུང་།། དབུ་མར་འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ།། དབུ་མར་འཁྲུལ་ཏེ་དབུ་མར་སྣང་བ་ཡི།། དོན་དམ་འདོད་ལུགས ་ཀུན་རྫོབ་འཁྲུལ་ལུགས་ཀྱི།། ལྷ་སྤྱོད་འབྲས་བུའི་ངེས་པ་གང་ཐོབ་དང་།། གང་གིས་གང་ལ་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡི།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང ་བཞིན་ལྷུན་གྲུབ་ནམ་མཁའི་ངོ་བོ་ཡི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། རང་བཞིན་གནས་པའི་གནས་ལུགས་མ་རྟོགས་པས།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་གི། རིག་མེད་རིག་མེད་སྐྱེས་དང ་རིག་སྐྱེས་དང་།། དེ་རྣམས་གཅིག་ཏུ་མཐོང་བར་འབྱུང་བ་ལ།། རིག་སྐྱེས་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། འགྱུར་མེད་སྟོང་པའི་རང་བཞིན་དབུ་མར་གཟུང་།། གཟུང་བའི་བག་ཆགས་དབུ་མའི་མཚན་མར ་སྣང་།། སྣང་བའི་མཐོང་ལུགས་མདོར་བསྡུས་གསུམ་སྣང་སྟེ།། མདོ་སྡེ་སྤྱོད་པའི་དབུ་མ་འདོད་ལུགས་ནི།། རིག་མེད་རིག་མ་སྐྱེས་པས་བྱུང་བ་ལ།། ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་སྐྱེས་པས།། འབྱུང་བ་བཞི ་ཡི་རྡུལ་ཕྲན་རྣམས་སུ་གཟུང་།། གཟུང་བའི་བག་ཆགས་འབྱུང་བའི་རྡུལ་དུ་སྣང་།། རྡུལ་ཕྲན་དེ་དག་གཅིག་ཏུ་འདུས་པ་ཡི།། ཕྱི་ཡི་ཡུལ་དང་སྣོད་དུ་སོང་བར་གཟུང་།། གཟུང་བའི་བག་ཆགས་ཡུལ་དང་སྣོད་དུ ་སྣང་།། ཡན་ལག་སེམས་དེ་འབྱུང་བའི་རྡུལ་གྱིས་གཏུམས།། སྐད་ཅིག་མ་ཙམ་ཡུལ་ལ་འཛིན་པར་གཟུང་།། གཟུང་བའི་བག་ཆགས་ཡུལ་ལ་འཛིན་པར་སྣང་།། དེ་ལྟར་ཕྱི་ནང་སོ་སོར་སྣང་ཡོད་ཀྱང་།། དོན་དམ ་ཕྱོགས་ལ་དངོས་པོ་ཅང་མེད་དེ།། ཕྱི་ནང་སྐད་ཅིག་ཕྱོགས་ཀྱི་ཆས་གཤེགས་ན།། ཕྱི་ནང་དངོས་པོའི་ངོ་བོ་སྟོང་པར་སྣང་།། དོན་དམ་སྟོང་པའི་རང་བཞིན་བདག་མེད་འདོད།། རྣལ་འབྱོར་སྤྱོད་པ་དབུ་མའི་འདོད ་ལུགས་ནི།། རིག་མ་སྐྱེས་དང་རིག་སྐྱེས་བྱུང་བ་ལ།། ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་གཡོས་པས།། བྱུང་བ་དེ་ཡང་འབྱུང་བ་ལྔར་གཟུང་བས།། གཟུང་བའི་བག་ཆགས་འབྱུང་བ་ལྔར་སྣང་སྟེ།། འབྱུང་བ་རྣམ་ལྔ ་ཕྱི་ནང་རྒྱུར་གཟུང་བས།། གཟུང་བའི་བག་ཆགས་ཕྱི་ནང་རྒྱུ་རུ་སྣང་།། ཡན་ལག་སེམས་དེ་འབྱུང་བ་རྣམ་པ་ལྔའི།། ཕྲ་མོ་མཚན་མ་ཅུང་ཟད་ལས་བསྐྱོད་གཟུང་།། གཟུང་བའི་བག་ཆགས་ཅུང་ཟད་སྐྱེས་པར་སྣང ་བསྐྱེད་པར་སྣང་བའི་བག་ཆགས་ཞེན་པ་དེ།། འབྱུང་བ་ཁམས་ཀྱི་ཕྲ་མོ་རླུང་གིས་བསྐྱོད།། བསྐྱོད་པའི་བག་ཆགས་མང་པོ་བརྟས་པ་ཡིས།། ཕྱི་ནང་གཟུང་འཛིན་གཉིས་ལྟར་སྣང་བ་སྟེ།། ཕྱི་ནང་སོ་སོར་ཀུན ་རྫོབ་སྣང་ཡོད་ཀྱང་།། གཟུང་འཛིན་སྐད་ཅིག་ཕྱོགས་ཀྱི་ཆས་གཞིགས་ནས།། གཟུང་འཛིན་དངོས་པོར་མ་གྲུབ་སྟོང་སྣང་བས།། རང་སེམས་དོན་དམ་ནམ་མཁའ་ལྟར་སྣང་འདོད།། དབུ་མ་ཆེན་པོའི་འདོད ་ལུགས་སྣང་བ་ནི།། ཡན་ལག་རིག་མེད་རིག་མ་སྐྱེས་པ་དང་།། རིག་པར་སྐྱེས་པ་དབྱེར་མེད་བྱུང་བ་ལ།། ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་སྐྱེས་པས།། རིག་མེད་རིག་མ་སྐྱེས་པ་འབྱུང་བ ་ལ།། བྱུང་བ་དེ་ཡང་འབྱུང་བ་རྣམ་པ་ལྔའི།། ཕྱི་ཡི་ཡུལ་གྱི་འབྱུང་ལྔ་ཡིན་པར་གཟུང་།། གཟུང་བའི་བག་ཆགས་ཕྱི་ཡི་འབྱུང་ལྔར་སྣང་།། ཡན་ལག་རིག་པར་སྐྱེས་པ་འབྱུང་བ་ལ།། བྱུང་བ་དེ་ཡང་རང་འབྱུང་བ་རྣམ ་ལྔ་ཡིས།། ནང་གི་འབྱུང་བ་རྣམ་ལྔ་ཡིན་པར་གཟུང་།། གཟུང་བའི་བག་ཆགས་ནང་གི་འབྱུང་ལྔར་སྣང་།། དབྱེར་མེད་གཅིག་ཏུ་མཐོང་བར་བྱུང་བ་ལ།། བྱུང་བའི་དེ་རང་འབྱུང་བ་རྣམ་པ་ལྔའི།། གཅིག་ཏུ་མཐོང་བའི ་འབྱུང་ལྔ་ཡིན་པར་གཟུང་།། གཟུང་བའི་བག་ཆགས་གཅིག་མཐོང་འབྱུང་ལྔར་སྣང་།། དེ་ལྟར་འབྱུང་ལྔའི་བག་ཆགས་གྲིབ་མ་ཡིས།། ཕྱི་ནང་གཉིས་མེད་གཅིག་ཏུ་མཐོང་བར་སྣང་།། སྣང་བའི་སྒྱུ་མའི་དངོས་པོ་སྣང ་བ་ཡང་།། ཕྱོགས་ཆ་སྐད་ཅིག་ཆ་ཤས་གཤེགས་པ་ཡིས།། སྒྱུ་མའི་དངོས་པོ་སྟོང་པའི་རང་བཞིན་སྣང་།། སྟོང་པའི་རང་བཞིན་སྟོང་པར་མཐོང་བ་ཡང་།། སྟོང་པའི་སྒྱུ་མ་སྟོང་པའི་རང་བཞིན་དེ།། སྟོང་པའི་མིང་མེད ་རང་བཞིན་རང་སྣང་བས།། རང་སྣང་དེ་ཉིད་དོན་དམ་ཡིན་པར་འདོད།། བདེན་གཉིས་སྒོར་འཇུག་བདག་མེད་རྣམ་གཉིས་རྟོགས།། བསྲུང་བའི་ཚུལ་ཁྲིམས་སྡོམ་པ་ཉི་ཤུ་སྲུང་།། ཚད་མེད་བཞི་དང་བསྡུ་བ་རྣམ་བཞི ་ཡིས།། འགྲོ་བ་དྲུག་གི་སེམས་ཅན་དོན་དུ་སྤྱོད།། བྱང་ཆུབ་ཕྱོགས་ཀྱི་སུམ་སུ་རྩ་བདུན་དང་།། ཕ་རོལ་ཕྱིན་པ་བཅུ་པོ་སྒྲུབ་པ་སྟེ།། ཡུལ་སེམས་གཉིས་མེད་སྟོང་པའི་རང་བཞིན་སྒོམ།། དབུ་མའི་འབྲས་བུ་ངེས ་པ་ཐོབ་པ་ཡང་།། དབང་པོ་རབ་ནི་མི་ཆེའི་ལྷ་གནས་རིས།། དབང་པོ་འབྲིང་ནི་བསམ་གཏན་བཞི་པའི་གནས།། ཡང་ན་བསམ་གཏན་གཉིས་དང་གསུམ་པར་སྐྱེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན ་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། དབུ་མ་འཁྲུལ་སྣང་གི་ལེའུ་སྟེ་བཅུ་བདུན་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཀྲི་ཡ་འཁྲུལ་པའི་ངེས་པ་ཅི་ལས ་བྱུང་།། ཀྲི་ཡ་འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ།། ཀྲི་ཡ་འཁྲུལ་ནས་ཀྲི་ཡར་གནས་པ་ཡི།། གནས་པའི་ལྷ་སྤྱོད་འབྲས་བུ་ངེས་པ་དག། གང་ལ་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། གནས་པའི་གནས་ལུགས་རང་བཞིན་མ་རྟོགས་པའོ།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་གི།། རིག་མེད་རིག་མ ་སྐྱེས་པའི་ཡན་ལག་ལ།། ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་གཡོས་པས།། གཟུང་བར་བྱ་བའི་ཡུལ་ཡིན་ཡུལ་དུ་གཟུང་།། གཟུང་བའི་བག་ཆགས་བྱ་བའི་ཡུལ་དུ་སྣང་།། བྱ་བའི་ཡུལ་དེ་གཙོར་གཟུང་གཙོར་སྣང ་བས།། བྱ་བའི་རྒྱུད་ཀྱི་མཚན་མར་སྣང་བའོ།། ཡན་ལག་རིག་སྐྱེས་ཤེས་པ་གསུམ་པོ་ལ།། འཁོར་ལོ་གསུམ་གྱི་ཡིད་ཀྱི་མིང་བཏགས་པ།། དང་པོ་ཅི་ཡིན་ཡིད་ལ་འཇམ་དཔལ་མིང་།། ཡིན་མིན་ཡིད ་ལ་སྤྱན་རས་གཟིགས་ཀྱི་མིང་།། ཡིན་གདེང་ཡིད་ལ་ཕྱག་ན་རྡོ་རྗེའི་མིང་།། བཏགས་ཏེ་ལྷ་ཡིན་སྙམ་ནས་རིགས་གསུམ་ལྟར།། གཟུང་བའི་བག་ཆགས་རིགས་གསུམ་ལྷ་རུ་སྣང་།། ཡན་ལག་སེམས་ཀྱི་སྙིང་པོ་རྗེ་རུ ་མཐོང་།། ཟེར་གྱི་ལོག་རྟོག་རང་སེམས་བྲན་དུ་མཐོང་།། ལྷ་རྗེ་ངེར་མཐོང་རང་ཉིད་བྲན་གཟུང་བས།། གཟུང་བའི་བག་ཆགས་རྗེ་དང་བྲན་དུ་སྣང་།། རང་རིག་རྗེ་ལ་སྤྱན་དྲངས་ཕྱག་འཚལ་དང་།། མཆོད་བསྟོད་ལ ་སོགས་བྱ་བ་བྱས་པ་ཡིས།། དངོས་གྲུབ་དེ་ཡིས་སྟེར་བར་འདོད་པའོ།། འཇུག་སྒོ་དག་པ་རྣམ་གསུམ་སྒོར་འཇུག་སྟེ།། ཕྱི་དག་དུས་ཚོད་གཟའ་སྐར་བཟང་པོ་དང་།། ནང་དག་ཁྲུས་དང་གཙང་སྒྲ་བཤགས་པ ་དང་།། རྫས་དག་ཡོ་བྱད་སྐྱོན་གྱིས་མ་གོས་པའི།། ཀྲི་ཡ་བསྲུང་བའི་དམ་ཚིག་རྣམ་གཉིས་ཏེ།། རྩ་བ་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས།། སྔགས་དང་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་དང་།། རྡོ་རྗེ་དྲིལ་བུ་སྲོག ་ཕྱིར་མི་སྤང་བའོ།། ཡན་ལག་ཁྲི་ལ་མི་ཉལ་ཤ་ཆང་དང་།། སྒོག་བཙོང་ཟ་ལྕམ་ལ་ཕུག་མི་ཟ་ཞིང་།། དུས་བཞི་དག་ཏུ་ཁྲུས་བྱས་རྒྱུན་མི་གཅད།། རྟོགས་ལྟ་དོན་དམ་ཆོས་ཉིད་སྐྱེ་མེད་པས།། ཀུན་རྫོབ་དམ་ཚིག ་སེམས་དང་ཡེ་ཤེས་གཉིས།། རྗེ་དང་ཁོལ་གྱི་ཚུལ་དུ་ལྟ་བའོ།། སྤྱོད་པའི་འཕྲིན་ལས་འཕྲིན་ལས་རྣམ་བཞི་དང་།། དག་ཅིང་གཙང་བར་སྤྱད་པའི་སྒོ་ནས་ནི།། བདག་དང་གཞན་གྱི་སྒོ་ནས་སྤྱོད་པའོ།། སྒྲུབ ་པའི་ཐབས་ཀྱི་ཡན་ལག་ནི།། ལྷ་དྲུག་སྒོ་ནས་བདག་ཉིད་སྒོམ་བྱས་ནས།། དམིགས་པ་གསུམ་དང་ཡན་ལག་བཞིས་སྒྲུབ་པའོ།། ཀྲི་ཡའི་འབྲས་བུ་ངེས་པར་ཐོབ་པ་ནི།། རབ་ན་མི་གདུང་སྣང་བ་མཐའ་ཡས ་ཞིང་།། མངོན་པར་ཤེས་པ་ཙམ་ཞིག་མཐོང་བ་སྟེ།། དབང་པོ་འབྲིང་ན་བསམ་གཏན་བཞི་པ་ཡིས།། དང་པོའི་གནས་སུ་སྐྱེ་བར་འགྱུར་བ་སྟེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི ་མདོ་ལས། ཀྲི་ཡ་འཁྲུལ་སྣང་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཨུ་པ་ཡ་འཁྲུལ་ཅི་ལས་འཁྲུལ་པ་དང་།། འཁྲུལ་པའི ་འདྲ་གཞི་གང་ལས་འཁྲུལ་པ་དང་།། འཁྲུལ་ནས་གནས་པའི་ལྟ་སྤྱོད་འབྲས་བུ་འདི།། གང་ལས་གང་གིས་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས ་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། རང་བཞིན་ལྷུན་གྲུབ་གནས་པ་མ་རྟོགས་པས།། ཨུ་པ་ཡ་ཡི་ཐེག་པར་འཁྲུལ་པའོ།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་ནི།། རང་བྱུང་ཡེ་ཤེས་ཟེར་གྱི ་ཡན་ལག་གིས།། རིག་མ་སྐྱེས་དང་རིག་སྐྱེས་ཡན་ལག་ལ།། འཁོར་ལོ་གསུམ་དུ་གཡོས་པའི་ཡན་ལག་གི།། འཛིན་པར་བྱེད་པའི་སེམས་ཡིན་འཛིན་པར་གཟུང་།། གཟུང་བའི་བག་ཆགས་འཛིན་པའི ་སེམས་སུ་སྣང་།། བྱེད་པའི་སེམས་དེ་གཙོར་བཟུང་གཙོར་སྣང་བས།། ཨུ་པ་ཡ་ཡི་ཐེག་པར་འཁྲུལ་སྣང་བའོ།། ཤེས་པ་ལྷར་འཁྲུལ་མིང་བཏགས་སྣང་བ་ཡང་།། ཀུན་གཞི་ཡིད་གཉིས་སྒོ་ལྔ་ཤེས་པ་བཞིའི།། སྙིང་པོ ་བཞི་ལ་རིགས་བཞིའི་ལྷར་མཐོང་བ།། རྡོ་རྗེ་སེམས་དཔའ་རིན་ཆེན་འབྱུང་ལྡན་དང་།། སྣང་བ་མཐའ་ཡས་དོན་ཡོད་གྲུབ་པ་ཡི།། རིགས་བཞིའི་ལྷར་མཐོང་རིགས་བཞིའི་ལྷ་བཟུང་བས།། གཟུང་བའི་བག་ཆགས ་རིགས་བཞིའི་ལྷ་རུ་སྣང་།། ཤེས་པ་བཞིན་ནི་སྙིང་པོ་དཔོན་དུ་གཟུང་།། གཟུང་བའི་བག་ཆགས་སྙིང་པོ་ཉིད་དུ་གཟུང་།། ཟེར་གྱི་ལོག་རྟོག་རང་སེམས་གཡོག་ཏུ་གཟུང་།། གཟུང་བའི་བག་ཆགས་རང་སེམས་གཡོག ་དུ་གཟུང་།། དེ་ལྟར་དཔོན་གཡོག་ལྟ་བར་སྣང་བ་ཡིས།། རང་གི་དཔོན་ལ་སྤྱན་དྲངས་ཕྱག་འཚལ་དང་།། མཆོད་བསྟོད་ལ་སོགས་བྱ་བ་བྱས་པ་ཡིས།། དངོས་གྲུབ་དེ་ཡིས་སྟེར་བར་འོང་བར་གཟུང་།། གཟུང་བའི ་བག་ཆགས་དངོས་གྲུབ་སྟེར་བར་སྣང་།། ཀུན་རྫོབ་ཙམ་དུ་དེ་ལྟར་སྣང་མོད་ཀྱང་།། དོན་དམ་དངོས་ལ་སྐྱེ་འགག་མེད་པར་འདོད།། དེ་ལྟར་འཁྲུལ་ནས་གནས་པའི་ཨུ་པ་ཡིས།། འཇུག་སྒོ་ཏིང་འཛིན་གཙོར་བཟུང་སྒོ ་ནས་འཇུག། སྤྱོད་པའི་འཕྲིན་ལས་ཀྲི་ཡ་བཞིན་དུ་སྤྱོད།། སྲུང་བའི་དམ་ཚིག་ཀྲི་ཡ་བཞིན་དུ་ཡིན་མོད་ཀྱང་།། ཐམས་ཅད་ཀུན་ཏུ་བསྡམས་པ་མ་ཡིན་ཏེ།། ཐབས་ལ་རག་ལུས་ཐབས་དང་ལྡན་པ་ཡིས།། དོན་ཆེན ་ཡོད་ན་ཤ་ཆང་སྤང་མི་དགོས།། རྟོགས་པའི་ལྟ་བ་དཔོན་དང་གཡོག་ཏུ་ལྟ།། སྒྲུབ་པ་ཀྲི་ཡ་ཡོ་ག་ངེས་པ་མེད།། ཨུ་པ་ཡ་ཡི་འབྲས་བུ་ཐོབ་པ་ནི།། དབང་པོ་རབ་ནི་མི་གདུང་ཤིན་ཏུ་མཐོང་།། དབང་པོ་འབྲིང་ན ་བསམ་གཏན་བཞི་རུ་སྐྱེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་མོའི་མདོ་ལས། ཨུ་པ་ཡ་འཁྲུལ་སྣང་གི་ལེའུ་སྟེ་བཅུ་དགུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཡོ་ག་ཅི་འཁྲུལ་ཅི་ལས་འཁྲུལ་པ་དང་།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་དང་།། འཁྲུལ་ནས་གནས་པའི་ལྟ་སྤྱོད་འབྲས་བུ་ཡི།། ཐོབ་པ་ས་ཡི་འབྲས་བུ་ཇི་ལྟ། ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། རང་བཞིན་ལྷུན་གྲུབ་གནས་པ་མ་རྟོགས་པས།། ཡོ་གའི་མཚན་མའི་ཐེག ་པར་འཁྲུལ་པའོ།། ཡོ་གའི་ཐེག་པ་ཅི་ལས་བྱུང་བ་ནི།། རང་བྱུང་ཡེ་ཤེས་ཡན་ལག་ཟེར་ལས་བྱུང་།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་ནི།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་གི། རིག་པར་གནས་ཀྱང་རིག ་པར་མ་སྐྱེས་པ།། རིག་པར་སྐྱེས་པའི་ཡན་ལག་བྱུང་བ་ལ།། རིག་སྐྱེས་འཁོར་ལོ་གསུམ་དུ་ཡིད་གཡོས་པས།། རིག་པར་བྱེད་པ་སེམས་ཡིན་སེམས་སུ་གཟུང་།། གཟུང་བའི་བག་ཆགས་འཛིན་པ ་སེམས་སུ་སྣང་།། བྱེད་པའི་སེམས་དེ་གཙོར་བཟུང་གཙོ་རུ་སྣང་།། ཡོ་གའི་ཐེག་པར་འཁྲུལ་ནས་སྣང་བའོ།། ཡན་ལག་རྩལ་གྱི་ཤེས་པ་ལྟར་འཁྲུལ་ནི།། གསལ་དང་མི་འགྱུར་རྒྱ་མ་ཆད་པ་དང་།། མི་གཡོ་མ ་འགགས་ཡན་ལག་ལྔ་པོ་ལ།། འཁོར་ལོ་གསུམ་གྱི་ཤེས་པས་ལྷར་བཟུང་བས།། རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའ་དང་།། རིན་ཆེན་འབྱུང་ལྡན་སྣང་མཐའ་དོན་གྲུབ་པ།། རིགས་ལྔའི་ལྷར་བཟུང་རིགས་ལྔའི ་མིང་བཏགས་ཏེ།། མིང་བཏགས་བརྟས་པ་རིགས་ལྔར་སྣང་བ་ཡང་།། རྣམ་པར་སྣང་མཛད་དེ་བཞིན་རིགས་བརྒྱུད་འཛིན།། རྡོ་རྗེ་སེམས་དཔའ་རྡོ་རྗེ་རིགས་བརྒྱུད་འཛིན།། རིན་ཆེན་འབྱུང་ལྡན་རིན་ཆེན་རིགས ་བརྒྱུད་འཛིན།། སྣང་བ་མཐའ་ཡས་པདྨའི་རིགས་བརྒྱུད་འཛིན།། དོན་ཡོད་གྲུབ་པ་ལས་ཀྱི་རིགས་བརྒྱུད་འཛིན།། དེ་ལྟར་རིགས་ལྔའི་བརྒྱུད་འཛིན་བཟུང་བ་ཡིས།། རང་དང་གཞན་ཀྱང་རིགས་ལྔའི་བརྒྱུད་འཛིན ་དེ།། ཇི་ལྟར་བརྒྱུད་དུ་འཛིན་པ་སྣང་ཞེ་ན།། དང་པོ་དེ་ལས་བྱུང་བ་ཡིན་པ་དང་།། བར་དུ་དེ་ཡི་བྱ་བ་བྱེད་པ་དང་།། ཐ་མར་དེ་ཡི་བརྒྱུད་རྣམས་འཛིན་པར་བྱེད།། དེ་ཡི་ཕྱིར་ན་རིགས་ཞེས་གྲགས་པ་ཡིན།། དེ་ལྟར ་རིགས་ལྔ་ལྷ་ཡི་མིང་བཏགས་པས།། བཏགས་པའི་བག་ཆགས་རང་ཡང་ལྷ་ལྔར་སྣང་།། ལྷ་ལྔར་སྣང་བས་སྤུན་དང་གྲོགས་པོར་ལྟ།། རང་གི་སྤུན་ལ་རང་གིས་ལྷ་ཕྱག་དང་།། མཆོད་བསྟོད་ལ་སོགས་བྱ་བ་བྱས་པ ་ཡིས།། དངོས་གྲུབ་དེ་ཡིས་སྟེར་བར་འོང་བར་མཐོང་།། མཐོང་བའི་བག་ཆགས་དེ་ཡིས་སྟེར་བར་སྣང་།། ཀུན་རྫོབ་ཙམ་དུ་དེ་ལྟར་སྣང་བ་ཡི།། དོན་དམ་དངོས་ལ་སྐྱེ་འགག་མེད་པར་འདོད།། དེ་ལྟར་འཁྲུལ་ནས ་གནས་པའི་ཡོ་ག་ཡིས།། འཇུག་སྒོ་ཏིང་འཛིན་གཙོར་བྱས་སྒོར་འཇུག་སྟེ།། དམ་ཚིག་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས།། དུས་གསུམ་དུ་ཡང་སྤང་བར་མི་བྱ་ཞིང་།། རྡོ་རྗེ་སློབ་དཔོན་ལྷ་ཡང་དམིགས་པ ་དང་།། རྡོ་རྗེ་སྤུན་དང་མིང་སྲིད་བརྟེན་པ་དང་།། དབང་མ་ཐོབ་པར་ཆོས་ནི་མི་བཤད་ཅིང་།། ལྟ་བ་དམན་པའི་གང་ཟག་སྤང་བར་བྱ།། རྡོ་རྗེ་དྲིལ་བུ་རྟག་ཏུ་བཅང་བྱ་སྟེ།། རྣལ་འབྱོར་དམ་ཚིག་ཉམས་པ་དེ་ཉིད ་དང་།། ལུང་པ་གཅིག་གི་ཆུ་ལ་བཏུང་མི་བྱའོ།། སྤྱོད་པའི་འཕྲིན་ལས་བསྡུ་བ་རྣམ་བཞི་དང་།། འཕྲིན་ལས་རྣམ་བཞི་སེམས་ཅན་དོན་དུ་སྤྱོད། ཁོ་ན་ཉིད་ཀྱི་སུམ་ཅུ་རྩ་བདུན་གྱི།། སྒོ་ནས་སྒྲུབ་པའི་ཐབས་ཀྱི་ཡན ་ལག་སྟེ།། ཡོ་ག་དག་གིས་གྲུབ་པའི་འབྲས་བུ་ནི།། རིན་ཆེན་འབྱུང་ལྡན་ཤིན་ཏུ་མཐོང་བ་ཐོབ།། ཚེ་ཡི་རིགས་འཛིན་ཐོབ་ཅེས་གྲགས་པ་སྟེ།། དབང་པོ་འབྲིང་ན་བསམ་གཏན་བཞི་གནས་སྐྱེ།། དབང་པོ་ཐ་མ་ངན ་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཡོ་ག་འཁྲུལ་སྣང་གི་ལེའུ་སྟེ་ཉི་ཤུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ལ།། མ་ཧཱ་ཡོ་ག་འཁྲུལ་པ་ཅི་ཡི་འཁྲུལ། འཁྲུལ་པའི་གཞི་དང་འཁྲུལ་པའི་འདྲ་གཞི་གང་།། འདྲ་གཞི་དེ་ལས་མ་ཧཱ་ཡོ་ག་ཡི།། གང་གིས་མིང་བཏགས་འཁྲུལ་ནས་གནས་པ་དང་།། གནས་པའི་ལྷ་སྤྱོད་འབྲས་བུ་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རྩལ་གྱི་ཡན་ལག་ལྔར་སྐྱེས་མ་མྱོང་བས།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་དེས།། རང་བཞིན་ལྷུན་གྲུབ་མིང་མེད ་མ་རྟོགས་པས།། རྩལ་གྱི་ཡན་ལག་སྐྱེས་ལ་མིང་བཏགས་འཁྲུལ།། རང་བཞིན་ལྷུན་གྲུབ་ནམ་མཁའ་མིང་མེད་འདི།། ཆོས་སྐུ་རང་འབྱུང་ཡེ་ཤེས་དབྱེར་མེད་དེ།། མ་ཧཱ་ཡོ་གའི་འཁྲུལ་པའི་བཞི་ཡང་ཡིན།། རང་བྱུང ་རྩལ་གྱི་ཡན་ལག་གཡོས་པ་དེས།། མ་ཧཱ་ཡོ་གའི་འཁྲུལ་པའི་འདྲ་གཞི་ཡིན།། འཁྲུལ་པའི་འདྲ་གཞི་ལ་ཡང་རྣམ་གསུམ་སྟེ།། ཡན་ལག་འདྲ་མཐུན་འཁྲུལ་པའི་འདྲ་གཞི་དང་།། བྱས་པས་བྱུང་བའི་འཁྲུལ་པའི་འདྲ ་གཞི་དང་།། རིགས་མཐུན་མོས་མཐུན་མིང་བཏགས་འདྲ་གཞིའོ།། ཡན་ལག་འདྲ་མཐུན་འཁྲུལ་པའི་འདྲ་གཞི་ནི།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ཡིས།། རིག་མེད་རིག་མ་སྐྱེས་དང་རིག་སྐྱེས་ཀྱི།། འདྲ། ་མཐུན་རིགས་མཐུན་འདྲ་བ་འདུས་པའོ།། བྱ་བས་བྱུང་བའི་འཁྲུལ་པའི་འདྲ་གཞི་ནི།། རང་བྱུང་རྩལ་གྱི་ཡན་ལག་བྱུང་བ་དེས།། རང་གིས་ཇི་ལྟར་བྱ་བ་བྱས་པ་བཞིན།། སྙིང་པོའི་ནང་དུ་དེ་བཞིན་བྱུང་བའོ།། རིགས ་མཐུན་མོས་མཐུན་མིང་བཏགས་འདྲ་གཞི་ནི།། འདྲ་གཞི་དེ་ལ་འཁོར་ལོ་རྣམ་གསུམ་གྱིས།། མིང་གི་བྱེ་བྲག་རང་རང་རིགས་མཐུན་པའི།། འདྲ་མཐུན་རིགས་མཐུན་མིང་བཏགས་འདྲ་གཞིའོ།། རྩལ་གྱི་ཡན་ལག ་འདྲ་མཐུན་རིགས་མཐུན་ལ།། མ་ཧཱ་ཡོ་གའི་འདྲ་མཐུན་འཁྲུལ་པ་ནི།། ཡན་ལག་རིག་མེད་རིག་མ་སྐྱེས་པ་ལ།། རིག་སྐྱེས་འཁོར་ལོ་གསུམ་གྱིས་མིང་བཏགས་པ།། ཕྱི་དང་སྣོད་ཡུལ་གཟུང་བ་བྱ་བ་དང་།། སྟོང་པ་མོ ་དང་ཤེས་རབ་རྫོགས་རིམ་དུ།། མིང་གི་བྱེ་བྲག་སོ་སོར་མིང་བཏགས་པས།། མིང་བཏགས་བརྟས་པ་དེ་བཞིན་སྣང་བ་སྟེ།། སྣང་བས་དེ་བཞིན་ཡིད་ལ་སྣང་བའོ།། ཡན་ལག་རང་རིག་རིག་པར་སྐྱེས་པ་ལ།། ནང ་བཅུད་ཡུལ་ཅན་འཛིན་པར་བྱེད་པ་དང་།། སྣང་བ་ཕོ་དང་ཟབས་དང་བསྐྱེད་རིམ་ལ།། མིང་གི་བྱེ་བྲག་སོ་སོར་མིང་བཏགས་པས།། མིང་བཏགས་བརྟས་པ་དེ་ལྟར་སྣང་བ་སྟེ།། སྣང་བས་རང་ལ་དེ་བཞིན་སྣང ་བའོ།། རང་བྱུང་ཟེར་གྱི་ཡན་ལག་གཡོས་པ་ཡིས།། རིག་མེད་རིག་མ་སྐྱེས་པའི་དབྱེར་མེད་དང་།། རིག་སྐྱེས་རིག་མ་སྐྱེས་པ་གཉིས་མེད་ལ།། ཕྱི་ནང་སྣོད་བཅུད་གཟུང་འཛིན་གཉིས་མེད་དང་།། ཡུལ་དང་ཡུལ་ཅན ་སྣང་སྟོང་དབྱེར་མེད་དང་།། བྱ་བ་བྱེད་དང་ཕོ་མོ་དབྱེར་མེད་དང་།། ཐབས་དང་ཤེས་རབ་བསྐྱེད་རྫོགས་དབྱེར་མེད་ཀྱི།། མིང་གི་བྱེ་བྲག་སོ་སོར་མིང་བཏགས་པས།། མིང་བཏགས་བརྟས་པ་དབྱེར ་མེད་སྣང་བ་སྟེ།། སྣང་བས་རང་ཡང་དབྱེར་མེད་སྣང་བའོ།། རྩལ་གྱི་ཡན་ལག་རིགས་མཐུན་འདྲ་མཐུན་ལ།། མ་ཧཱ་ཡོ་ག་ལྷ་དང་སྐུར་འཁྲུལ་ནི།། རང་བྱུང་ཡན་ལག་སྐད་ཅིག་གཡོས་པ་ལ།། འཁོར་ལོ་གསུམ་གྱིས ་སྐུ་དང་ལྷར་བཏགས་པས།། ཡན་ལག་དང་པོ་དམིགས་པ་མེད་པ་ལ།། ཆོས་ཀྱི་སྐུ་ཡིན་སྙམ་ནས་ཆོས་སྐུར་བཏགས།། བཏགས་པའི་བག་ཆགས་ཆོས་སྐུར་སྣང་བ་སྟེ།། ཡན་ལག་དེ་ཉིད་དེ་ལ་ལོངས་སྤྱོད ་པས།། ལོངས་སྤྱོད་རྫོགས་སྐུ་ཡིན་སྙམ་ལོངས་སྤྱོད་བཏགས།། བཏགས་པའི་བག་ཆགས་ལོངས་སྤྱོད་རྫོགས་སྐུར་སྣང་།། ཡན་ལག་དེ་ཉིད་ཅིར་ཡང་སྤྲུལ་པས་ན།། སྤྲུལ་པའི་སྐུ་ཡིན་སྙམ་ནས་སྦྲུལ་སྐུར ་བཏགས།། བཏགས་པའི་བག་ཆགས་སྦྲུལ་སྐུར་སྣང་བའོ།། ཡན་ལག་དེ་ཉིད་སྟོང་པར་སྣང་བ་ལ།། མོ་ཡིན་སྙམ་ནས་མོ་རུ་མིང་བཏགས་པས།། བཏགས་པའི་བག་ཆགས་མོ་རུ་སྣང་བའོ།། ཡན་ལག་དེ་རང་ཆོས ་ཉིད་ངང་སོང་བས།། ཆོས་ཉིད་བདེ་བའི་རོ་དེ་མྱོང་བ་ཡིས།། བདེ་བ་ཆེན་པོའི་སྐུ་རུ་མིང་བཏགས་པས།། བཏགས་པའི་བག་ཆགས་བདེ་བའི་སྐུ་རུ་སྣང་།། ཡན་ལག་དེ་ཉིད་སྣང་སྟོང་དབྱེར་མེད་པས།། ཟུང་འཇུག ་ཡིན་སྙམ་ཟུང་འཇུག་མིང་དུ་བཏགས།། བཏགས་པའི་བག་ཆགས་ཟུང་འཇུག་སྣང་བའོ།། ཡན་ལག་དེ་ཉིད་འགྱུར་བ་མེད་པ་ལ།། ངོ་བོ་ཉིད་ཀྱི་སྐུར་མཐོང་སྐུ་རུ་བཏགས།། བཏགས་པའི་བག་ཆགས་ངོ་བོ་ཉིད་སྐུར ་སྣང་།། ཡན་ལག་དེ་ཉིད་རང་རིག་རང་གསལ་བས།། ཡེ་ཤེས་ཡིན་སྙམ་ཡེ་ཤེས་མིང་དུ་བཏགས།། བཏགས་པའི་བག་ཆགས་ཡེ་ཤེས་མིང་དུ་སྣང་།། ཡན་ལག་དེ་ཉིད་མ་འགགས་རང་གསལ་བས།། སྟོན་པ་ཡིན ་སྙམ་སྟོན་པའི་མིང་དུ་བཏགས།། བཏགས་པའི་བག་ཆགས་སྟོན་པར་སྣང་བའོ།། ཡན་ལག་དེ་ཉིད་རྒྱུད་མ་ཆད་པ་ལ།། ཐུགས་རྗེ་ཀུན་ཏུ་ཁྱབ་ཅིང་སྐྱེ་བ་མཐོང་།། མཐོང་བའི་བག་ཆགས་ཀུན་ཏུ་སྐྱེ་བར་སྣང་།། ཡན ་ལག་དེ་ཉིད་རིག་པར་སྐྱེས་པ་ཡིན།། རིག་པས་བྱས་པའི་མིང་གི་མཚན་མ་དེ།། སྙིང་པོའི་ནང་དུ་གསལ་བར་བྱུང་བ་ལ།། གཅིག་ལ་གཅིག་བརྟེན་གནས་པར་མཐོང་བ་སྟེ།། མཐོང་བའི་དབང་གིས་གཅིག་ལ་གཅིག ་བརྟེན་སྣང་།། སྣང་བའི་དབང་གིས་ལྷ་དང་གཞལ་ཡས་ཁང་།། བསྐྱེད་ན་འོང་བར་འདུག་སྙམ་བསྐྱེད་པར་མཐོང་།། བསྐྱེད་པ་ཐབས་ཡིན་སྙམ་ནས་ཐབས་སུ་གཟུང་།། གཟུང་བའི་བག་ཆགས་ཐབས་སུ་སྣང་བ ་སྟེ།། ཐབས་ལས་བསྐྱེད་པའི་རིམ་པ་བྱུང་བར་མཐོང་།། མཐོང་བས་ལྷ་དང་དཀྱིལ་འཁོར་བསྐྱེད་པར་སྣང་།། སྣང་བས་རང་ཡང་བསྐྱེད་པར་སྣང་བའོ།། ཡན་ལག་དེ་ཉིད་མ་གཡོས་རང་སྣང་བས།། མ་བསྐྱེད ་རྫོགས་པར་འདུག་སྙམ་རྫོགས་པར་གཟུང་།། གཟུང་བའི་བག་ཆགས་རྫོགས་པར་སྣང་བ་སྟེ།། དེ་ལྟར་མདོར་བསྡུས་མིང་བཏགས་འཁྲུལ་ནས་སྣང་།། གནས་པའི་ལྟ་སྤྱོད་འབྲས་བུ་ངེས་པ་ནི།། ཡེ ་ཤེས་དཀྱིལ་འཁོར་རང་བཞིན་ཡོད་པར་མཐོང་།། མཐོང་བའི་དབང་གིས་རང་ཡང་ལྟར་བསྐྱེད་ཅིང་།། སྤྱན་དྲངས་ཕྱག་འཚལ་ལ་སོགས་བྱེད་པ་དང་།། དངོས་གྲུབ་དེ་ཡིས་སྟེར་བར་མཐོང་བ་ཡིས།། འབྲས་བུ་དེ ་བཞིན་གྲུབ་པར་ཐོབ་འདོད་པས།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པས།། མ་སྐྱེས་རང་སྣང་བསྐྱེད་ན་ལྷར་འགྱུར་བས།། བསྐྱེད་པའི་མ་བསྐྱེད་དངོས་སྣང་ཐབས་ཡིན་པས།། ཡུལ་སེམས་རང་བཞིན་སྟོང་པ ་ཤེས་རབ་བོ།། ཐབས་ལ་ཤེས་རབ་གནས་པས་རང་བཞིན་སྟོང་།། ཤེས་རབ་ཐབས་སུ་སྣང་བས་དངོས་པོ་མཐོང་།། དེ་ཕྱིར་ཐབས་དང་ཤེས་རབ་གཉིས་སུ་མེད།། གཉིས་མེད་སྒོར་མཐོང་གཉིས་མེད་སྒོར་འཇུག ་ནས།། ཐབས་དང་ཤེས་རབ་གཉིས་སུ་ལྟ་བས་ལྟ།། བསྲུང་བའི་དམ་ཚིག་རྩ་བ་ཡན་ལག་གི།། སྐུ་གསུང་ཐུགས་དང་ཉི་ཤུ་རྩ་ལྔ་སྲུང་།། སྤྱོད་པའི་འཕྲིན་ལས་ཏ་ན་ག་ན་སྤྱོད།། སྒྲུབ་པའི་ཐབས་ནི་ཕྱི་ནང་གསང་བ ་སྒྲུབ།། སྒྲུབ་པའི་འབྲས་བུ་ངེས་པར་ཐོབ་པ་ནི།། རབ་ན་རྡོ་རྗེ་སེམས་དཔའ་གྱ་ནོམ་སྣང་།། འགྱུར་མེད་ཕྱག་རྒྱ་ཆེན་པོའི་ས་འཛིན་ཐོབ།། འབྲིང་ན་བསམ་གཏན་བཞི་པའི་ཐ་མར་སྐྱེ།། ཐ་མ་ངན་སོང་གསུམ་དུ་སྐྱེ ་བར་འགྱུར།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། མ་ཧཱ་ཡོ་ག་འཁྲུལ་སྣང་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཨ ་ནུ་ཡོ་ག་ཅི་ལས་འཁྲུལ་པ་དང་།། ཇི་ལྟར་འཁྲུལ་དང་འཁྲུལ་པའི་འདྲ་གཞི་གང་།། འདྲ་གཞི་དེ་ལས་ཨ་ནུ་ཡོ་ག་ཡི།། གང་གིས་མིང་བཏགས་འཁྲུལ་ནས་གནས་པ་ལ།། གནས་པའི་ལྷ་སྤྱོད་འབྲས་བུ་ཇི་ལྟ་བུ།། སྟོན ་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཨ་ནུ་ཡོ་ག་ཅི་ལས་འཁྲུལ་པ་ནི།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་དེ།། སྔར་སྐྱེ་མ་མྱོང་ཟེར་དེ་སྐྱེ་ལས་འཁྲུལ།། ཟེར་གྱི་ཡན ་ལག་ཇི་ལྟར་འཁྲུལ་པ་ནི།། རང་བྱུང་ཡེ་ཤེས་ཡན་ལག་ཕྲ་མོ་དེ།། གཡོ་མི་གཡོ་ལས་ཕྲ་རབ་ཟེར་གཡོས་པས།། གཡོས་པའི་རང་བཞིན་ཡེ་ཤེས་མ་འགགས་དང་།། ཡེ་ཤེས་མ་འགགས་རྩལ་ལས་འཁྲུལ ་པའོ།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་ནི།། རྩལ་གྱི་ཡན་ལག་ལྔ་ལས་འཁྲུལ་པ་སྟེ།། རྩལ་གྱི་ཡན་ལག་ལྔ་པོ་འདྲ་གཞི་ཡིས།། ཨ་ནུ་ཡོ་གའི་མིང་བཏགས་འཁྲུལ་པ་ནི།། ཡན་ལག་རིག་སྐྱེས་འཁོར་ལོ ་གསུམ་གཡོས་པས།། རྩལ་གྱི་ཡན་ལག་རིག་མེད་གནས་པ་ལ།། ཡེ་ནས་དག་པའི་སྣོད་ཡིན་ཡུལ་དུ་གཟུང་།། གཟུང་བའི་བག་ཆགས་སྣོད་ཡིན་ཡུལ་དུ་སྣང་།། རིག་མ་སྐྱེས་དང་རིག་སྐྱེས་ཡན་ལག་ལ།། ཡེ་ནས ་དག་པའི་ནང་དང་བཅུད་དུ་གཟུང་།། གཟུང་བའི་བག་ཆགས་ནང་དང་བཅུད་དུ་སྣང་།། རིག་མེད་རིག་མ་སྐྱེས་པ་དབྱེར་མེད་ལ།། སྣོད་བཅུད་དག་པའི་དབྱེར་མེད་ཡིན་པར་གཟུང་།། གཟུང་བའི་བག ་ཆགས་སྣོད་བཅུད་དབྱེར་མེད་སྣང་།། རིག་མ་སྐྱེས་དང་རིག་སྐྱེས་ཡན་ལག་ལ།། དབྱིངས་དང་ཡེ་ཤེས་གཉིས་མེད་འཁྲུལ་པ་ནི།། སྣོད་དེ་ཡི་རྫོགས་གཞལ་ཡས་ཁང་དུ་གཟུང་།། གཟུང་བའི་བག་ཆགས་གཞལ་ཡས ་ཁང་དུ་སྣང་།། བཅུད་ཀྱི་རང་བཞིན་ཡེ་རྫོགས་ལྷུན་གྲུབ་ལ།། ལྷ་ཡི་རང་བཞིན་ཡེ་ནས་རྫོགས་པར་གཟུང་།། གཟུང་བའི་བག་ཆགས་ལྷ་ཉིད་རྫོགས་པར་སྣང་།། སྣོད་བཅུད་དབྱེར་མེད་རང་བཞིན་རྫོགས་པ ་ལ།། གཞལ་ཡས་ཁང་དུ་རང་བཞིན་རྫོགས་སྣང་དང་།། ལྷ་ཡི་རང་བཞིན་ཡེ་རྫོགས་སྣང་བ་གཉིས།། དབྱེར་མེད་གཅིག་ཏུ་རྫོགས་པར་སྣང་བར་གཟུང་།། གཟུང་བའི་བག་ཆགས་དབྱེར་མེད་རྫོགས་པར་སྣང་།། དེ ་ལྟར་དབྱེར་མེད་བག་ཆགས་བརྟས་པ་ལ།། ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་གཡོས་པས།། རང་བཞིན་གཟུང་མེད་སྟོང་པའི་དབྱིངས་སུ་བཟུང་།། གཟུང་བའི་བག་ཆགས་བརྟས་པས་དབྱིངས་སུ་སྣང་།། བཅུད ་ཀྱི་རང་བཞིན་ལྷ་རུ་སྣང་བ་ལ།། རང་གི་རིག་པ་ཡེ་ནས་ལྷུན་རྫོགས་པ།། ཡེ་ཤེས་ཡིན་སྙམ་ཡེ་ཤེས་ཡིན་པར་གཟུང་།། གཟུང་བའི་བག་ཆགས་ཡེ་ཤེས་ཡིན་པར་སྣང་།། ཡེ་ཤེས་རང་བཞིན་གཟུང་དུ་མེད་པ ་དེ།། སྟོང་པ་དབྱིངས་ཡིན་སྟོང་པ་དབྱིངས་སུ་གཟུང་།། གཟུང་བའི་བག་ཆགས་ཡེ་ཤེས་དབྱིངས་སུ་སྣང་།། གཞལ་ཡས་ཁང་གི་རང་བཞིན་དབྱིངས་སུ་སྣང་།། ལྷ་ཡི་རང་བཞིན་ཡེ་ཤེས་དབྱིངས་དང་གཉིས།། དབྱེར ་མེད་གཅིག་ཏུ་འདུག་པ་ཡིན་པར་གཟུང་།། གཟུང་བའི་བག་ཆགས་དབྱེར་མེད་གཅིག་ཏུ་སྣང་།། དབྱེར་མེད་གཅིག་ཏུ་གཟུང་བའི་བག་ཆགས་ཀྱིས།། དབྱིངས་ལས་ཡེ་ཤེས་བྱུང་བ་ཡིན་པར་གཟུང་།། ཡེ་ཤེས ་དབྱིངས་སུ་སྣང་བ་ཡིན་པར་གཟུང་།། གཟུང་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། གཉིས་སུ་མེད་པར་འཁྲུལ་ནས་གནས་པའོ།། གནས་པའི་ལྷ་སྤྱོད་འབྲས་བུ་ངེས་པ་ནི།། ཡེ་ཤེས་དཀྱིལ་འཁོར་རང་བཞིན ་རྫོགས་མཐོང་བས།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པས།། བསྐྱེད་མི་དགོས་ཏེ་གདོད་ནས་ལྷར་གནས་པ།། དངོས་སྣང་ཡེ་ཤེས་རང་བཞིན་སྟོང་པ་དབྱིངས།། སྟོང་པའི་དབྱིངས་ལས་ཡེ་ཤེས་ལྷ་རྣམས ་སྣང་།། ཡེ་ཤེས་ལྷ་རྣམས་རང་བཞིན་སྟོང་པའི་དབྱིངས།། དེར་གནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། རྣམ་པར་དག་པའི་སྒོར་མཐོང་སྒོར་འཇུག་སྟེ།། བསྲུང་བའི་དམ་ཚིག་ཆོས་ཉིད་སྙིང་རྗེ་སྲུང་།། དབྱིངས ་དང་ཡེ་ཤེས་གཉིས་སུ་མེད་པ་ལྟ།། སྤྱོད་པའི་འཕྲིན་ལས་མ་ཧཱ་ཡོ་ག་ལྟར།། སྤྱད་ལེགས་མ་སྤྱད་ན་ཡང་ཉེས་པ་མེད།། སྒྲུབ་པའི་ཐབས་ནི་ཡོངས་རྫོགས་ཏིང་འཛིན་གྱིས།། བདག་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད ་ཀྱི།། ལྷ་ཡི་དཀྱིལ་འཁོར་ཡེ་རྫོགས་ཆེན་པོ་བསྒྲུབ།། ཨ་ནུ་ཡོ་གའི་འབྲས་བུ་ངེས་པར་ནི།། དེ་དག་གོང་ན་གཟུགས་ནི་མེད་པ་སྟེ།། ཡོན་ཏན་འོད་དཔག་མེད་པའི་མཐའ་ཡས་པ།། རབ་ན་རྣམ་པར ་སྣང་མཛད་འོག་མིན་གནས།། བདེ་བར་གཤེགས་པའི་གོ་འཕང་འཐོབ་ཅེས་བྱ།། འབྲིང་ན་བསམ་གཏན་བཞི་པའི་ཐ་མར་སྐྱེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ་ཨ་ནུ་ཡོ་ག་འཁྲུལ་སྣང་གི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཨཱ་ཏི་ཡོ་གའི་ཐེག་པ་ཆེན་པོ་འདི།། འཁྲུལ་སྣང་ལགས ་སམ་མ་འཁྲུལ་སྣང་བ་ལགས།། འཁྲུལ་སྣང་ལགས་ན་ཇི་ལྟར་འཁྲུལ་པ་ལགས།། མ་འཁྲུལ་སྣང་བའི་དོན་དེ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ལ།། རང་བྱུང་ཡེ་ཤེས་ཡན་ལག་རྩལ་གཡོས་པས།། འབྱུང་བ་ལྔ་དང་རྩི་ཤིང་ནགས་ཚལ་དང་།། ཉི་ཟླ་གཟའ་སྐར་འོད་དང་འཇའ་ཚོན་དང་།། གློག་དང་སྤྲིན་དང་ཁུ་རླངས་དུ་བ་དང་།། ཕྱོགས་མཚམས་ཁ་དོག ་དབྱིབས་ཀྱི་རྣམ་པ་དང་།། ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་དང་།། ཉོན་མོངས་ལྔ་དང་འདོད་ཡོན་ལྔ་པོ་དང་།། ཕྱི་ནང་སྣོད་བཅུད་དངོས་པོ་མཚན་མ་ཀུན།། འདྲ་འདུས་རིགས་མཐུན་མིང་མེད་ལ།། འདྲ་འདུས ་རིགས་མཐུན་མིང་བཏགས་སྣང་བ་དང་།། དངོས་པོ་མཚན་མེད་མིང་མེད་རང་སྣང་ལ།། མིང་མེད་མིང་བཏགས་སྣང་བ་འཁྲུལ་པའོ།། མ་འཁྲུལ་སྣང་བའི་དོན་གྱི་གནས་ལུགས་ནི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར ་མེད་དེ།། ཆོས་སྐུ་གནས་པའི་གནས་ལུགས་མིང་མེད་ལ།། ཆོས་སྐུ་མཚོན་པའི་བརྡ་ཡི་མིང་བཏགས་པ།། རང་བཞིན་ལྷུན་གྲུབ་འགྱུར་བ་མེད་པ་ཡི།། གསལ་ལ་དྲངས་པའི་སྙིང་པོ་འགག་མེད་དང་།། དངོས་པོ ་མཚན་མ་མེད་པའི་རང་བཞིན་དེ།། ཁ་དོག་དབྱིབས་དང་བྲལ་བའི་བདག་ཉིད་ཅན།། རྒྱུ་དང་རྐྱེན་གྱིས་བསྐྱེད་མེད་ཕྱོགས་རིས་མེད།། ཚོགས་བརྒྱད་ཡུལ་དུ་གྱུར་མེད་སྐྱེད་མེད་པ།། ཡོད་མེད་སྟོང་དང་མི་སྟོང་རྟག ་ཆད་མེད།། མཐའ་དང་དབུས་མེད་ཚིག་གི་སྒྲ་ལས་འདས།། ཡི་གེས་བརྗོད་དུ་མེད་པའི་ངོ་བོ་དེ།། རང་གསལ་རིག་པ་མེད་དེ་རྒྱ་ཆད་མེད།། རང་བྱུང་ཡེ་ཤེས་གནས་ལུགས་མིང་མེད་ལ།། རང་བྱུང་ཡེ་ཤེས་མཚོན ་པའི་མིང་བཏགས་པ།། རང་བཞིན་ལྷུན་གྲུབ་རང་རིག་རང་གསལ་དེ།། མི་འགྱུར་བ་ཡི་སྙིང་པོ་མ་འགགས་པ།། དངོས་པོ་མཚན་མ་མེད་པའི་རང་བཞིན་དེ།། ཁ་དོག་དབྱིབས་དང་བྲལ་བའི་བདག་ཉིད་ཅན།། རྒྱ ་དང་རྐྱེན་གྱིས་མ་བསྐྱེད་ཕྱོགས་རིས་མེད།། ཚོགས་བརྒྱད་ཡུལ་དུ་མ་གྱུར་མ་སྐྱེས་པ།། ཡོད་མེད་སྟོང་དང་མི་སྟོང་རྟག་ཆད་མེད།། མཐའ་དང་དབུས་མེད་ཚིག་གི་སྒྲ་ལས་འདས།། མིང་དང་ཐ་སྙད་ཀུན་ལས་འདས ་པ་ཡི།། སྤྱི་ཡི་རང་བཞིན་རྒྱ་མ་ཆད་པ་ལས།། ཡན་ལག་རང་བཞིན་རྒྱ་ཆད་ལྟར་སྣང་བའོ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་མིང་མེད་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་མིང་བཏགས་པ།། ཆོས་སྐུའི་རང ་བཞིན་རིག་པ་མེད་པ་དང་།། རང་བྱུང་ཡེ་ཤེས་རང་རིག་གནས་པ་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། དེ་ལྟར་མིང་མེད་དོན་ལ་མིང་བཏགས་པ།། མིང་བཏགས་དེ་ལ་དོན་འདོད་འཁྲུལ ་པའོ།། འཁྲུལ་པར་རྟོག་པའི་ཨཱ་ཏི་རྣལ་འབྱོར་དེས།། གཉིས་མེད་མཉམ་པ་ཉིད་ཀྱི་སྒོར་ཞུགས་པས།། ཐམས་ཅད་མཉམ་པ་ཆེན་པོའི་རང་བཞིན་ལ།། བདག་དོན་གཞན་དོན་གཉིས་སུ་མི་འབྱེད་དེ།། ཀུན་ཏུ་མི ་གཏོང་བ་ནི་སྤྱོད་པ་ལ།། དེ་ནས་མི་འདའ་བ་ནི་དམ་ཚིག་ཡིན།། དེ་ལ་བསླད་དུ་མེད་པ་ཡེ་ཤེས་ཡིན།། དེ་ལ་མི་རྟོག་པ་ནི་ལྟ་བའོ།། དེ་ལ་མ་ཡེངས་པ་ནི་སྒོམ་པའོ།། དེ་ལ་བསྟན་དུ་མེད་ན་སྒོམ་ཉམས་ཡིན།། བླང ་དོར་མེད་པར་རྟོགས་ན་རྟོགས་ཚད་ཡིན།། བཙལ་དུ་མེད་པར་བསྒྲུབ་པ་སྒྲུབ་པ་ཡིན།། འཁྲུལ་པ་འཁྲུལ་གཞི་གཉིས་མེད་མཐོང་བ་དེ།། གྲུབ་པའི་དུས་ཏེ་ཆོས་སྐུ་མཐོང་བ་ཡིན།། དེ་ལ་གནས་ཤིང་གཡོ་བ་མི་མངའ ་ལ།། རྫོགས་ཆེན་སངས་རྒྱས་ས་ལ་གནས་པ་ཡིན།། རང་བཞིན་གཉིས་སུ་མེད་པར་ལྷུན་གྲུབ་ན།། འབྲས་བུ་སངས་རྒྱས་ས་ནི་ཐོབ་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཨཱ་ཏི་ཡོ་ག་ཆེན་པོ་དོན་མཚན ་བརྡར་སྣང་འཁྲུལ་སྣང་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཐོག་མ་མེད་པའི་དང་པོའི་དུས་ཉིད་ན།། སངས་རྒྱས་མིང ་མེད་སེམས་ཅན་མིང་མེད་ལ།། སངས་རྒྱས་མིང་དང་སེམས་ཅན་གཉིས་ཀྱི་མིང་།། འདི་ཡི་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ལ།། ཐོག་མ་མེད་པའི་དང་པོའི་དུས་ཙམ་ན།། ཡེ་མེད་སྟོང་པའི་རང་བཞིན་སྟོང་པ་མེད།། སྟོང་དང་མི་སྟོང་སྣང་བའི་མིང་ཡང་མེད།། མིང་ཡང་མེད་པའི་རང་བཞིན་ལྷུན་གྲུབ་པ།། རང་བཞིན་ལྷུན་གྱིས་གྲུབ་པའི ་གནས་ལུགས་ཏེ།། གནས་ལུགས་དེ་ལ་སངས་རྒྱས་སེམས་ཅན་གྱི།། མིང་མེད་སངས་རྒྱས་སེམས་ཅན་མིང་བཏགས་པ།། ཆོས་སྐུའི་རང་བཞིན་འགྱུར་མེད་སངས་རྒྱས་དང་།། རང་བྱུང་ཡེ་ཤེས་རང་རིག་སེམས་ཅན ་གཉིས།། རང་བྱུང་རྩལ་གྱི་ཡན་ལག་ལྷུན་གྲུབ་ལ།། རྩལ་གྱི་རིག་པས་སངས་རྒྱས་མིང་དུ་བཏགས།། རྩལ་གྱི་ཡན་ལག་རྟོག་པར་སྐྱེས་པ་ལ།། རྩལ་གྱི་ཡིད་ཀྱིས་སེམས་ཅན་མིང་དུ་བཏགས།། བག་ཆགས་བརྟས ་པས་སྣང་བར་བྱུང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། སངས་རྒྱས་སེམས་ཅན་མིང་བཏགས་འཁྲུལ་སྣང་གི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི ་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་ཉིད་རང་བཞིན་གཉིས་སུ་མེད་པ་ལ།། ཕྱི་ནང་སྣོད་བཅུད་གཉིས་སུ་སྣང་བ་དང་།། འཁོར་བ་མྱ་ངན་འདས་པར་བྱུང་བ་འདི།། འདི་ཡི་ངེས་དོན་མིང་བཏགས་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཕྱི་ནང་སྣོད་བཅུད་འཁོར་བ་མྱང་འདས་ལ།། མིང་གི་འདོགས་ལུགས་རྣམ་པ་གཉིས་སྣང་སྟེ།། རང་བཞིན་ལྷུན་གྲུབ། ་དག་ལ་མིང་བཏགས་དང་།། རྩལ་གྱི་ཡན་ལག་དག་ལས་མིང་བཏགས་པའོ།། རང་བཞིན་ལྷུན་གྲུབ་དེ་ལ་མིང་བཏགས་པ།། ཆོས་སྐུའི་རང་བཞིན་རིག་མེད་འོད་སྣང་ལ།། ཕྱི་ནང་ཡུལ་དང་རྟེན་དང་སྣོད་དུ ་བཏགས།། ཆོས་སྐུའི་རང་བཞིན་འགྱུར་བ་མེད་པ་ལ།། དངོས་པོ་མཚན་མ་རིག་པ་མེད་ལྡན་པས།། མྱ་ངན་འདས་པའི་མིང་དུ་བཏགས་པའོ།། རང་བྱུང་ཡེ་ཤེས་རང་རིག་འོད་ཟེར་ལ།། ནང་དང་བཅུད་ཀྱི་མིང་དུ ་བཏགས་པ་དང་།། ཆོས་སྐུ་རང་ལས་བྱུང་བའི་ཡེ་ཤེས་དེ།། ཆོས་སྒྲ་རང་ལ་འཁོར་ཞིང་རིག་ལྡན་པས།། འཁོར་བའི་ཆོས་ཀྱི་མིང་དུ་བཏགས་པའོ།། རྩལ་གྱི་ཡན་ལག་དག་གི་མིང་བཏགས་པ།། ཡན་ལག་རིག་མེད ་རིག་མ་སྐྱེས་པ་ལ།། ཕྱི་ཡི་ཡུལ་དང་སྣོད་ཀྱི་མིང་དུ་བཏགས།། ཡན་ལག་རིག་སྐྱེས་རྟོག་པར་སྐྱེས་པ་ལ།། རྣམ་རྟོག་འཁོར་བའི་ཆོས་སུ་མིང་བཏགས་པའོ།། ཡན་ལག་རིག་མ་སྐྱེས་དང་རིག་སྐྱེས་དང་།། ནང་དང ་བཅུད་ཀྱི་མིང་དུ་བཏགས་པ་དང་།། རིག་སྐྱེས་རབ་འབྲིང་ཐ་མའི་ཁྱད་པར་གྱི།། མྱ་ངན་འདས་པའི་ཆོས་ཀྱི་མིང་བཏགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཕྱི་ནང་སྣོད་བཅུད་འཁོར་བ་མྱ་ངན་འདས ་པའི་མིང་བཏགས་སྣང་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་སྐུ་རང་བཞིན་སྐྱེ་བ་མེད་པ་ལ།། ལོངས་སྤྱོད་རྫོགས་པའི ་སྐུ་དང་སྤྲུལ་པའི་སྐུ།། ངོ་བོ་ཉིད་དང་བདེ་བ་ཆེན་པོའི་སྒྲ།། སྒྲ་རུ་བྱུང་དང་སྐུ་ཡི་མིང་བཏགས་པ།། སོ་སོའི་མིང་བཏགས་ངེས་དོན་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ ་སེམས་དཔའ་ལ།། སྐྱེ་མེད་མ་སྐྱེས་གཉིས་མེད་ལྷུན་གྲུབ་ལ།། སྐུ་ཡི་མིང་མེད་སྐུ་རུ་བྱུང་མེད་ཀྱང་།། རང་བྱུང་རྩལ་གྱི་ཡན་ལག་བྱུང་བ་ཡིས།། སྐུ་ཡི་མིང་དང་སྐུ་རུ་བྱུང་བའི་སྣང་།། མིང་བཏགས་སྐུར་བྱུང་ལ་ཡང ་རྣམ་གཉིས་ཏེ།། རང་བཞིན་ལྷུན་གྲུབ་ཐིག་ལེ་ཆེན་པོ་ལ།། སྐུ་ཡི་མིང་བཏགས་སྐུ་རུ་སྣང་བ་དང་།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ལ།། སྐུ་ཡི་མིང་བཏགས་སྐུ་རུ་སྣང་བའོ།། རང་བཞིན་ལྷུན་གྲུབ་ཐིག་ལེ ་ཆེན་པོ་ནི།། སྐུ་ལྔའི་མིང་བཏགས་སྐུ་ལྔར་སྣང་བ་ཡི།། འགྱུར་མེད་རང་གསལ་རིག་པ་མེད་པ་ལ།། ཆོས་སྐུ་སྐྱེ་བ་མེད་པའི་མིང་དུ་བཏགས།། རང་བྱུང་ཡེ་ཤེས་རང་རིག་རང་གསལ་ལ།། ལོངས་སྤྱོད་རྫོགས་པའི་སྐུ ་ཡི་མིང་དུ་བཏགས།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པ།། གཉིས་སུ་མེད་པའི་སྤྲུལ་པའི་སྒྲ་རུ་བཏགས།། གཉིས་སུ་མེད་པའི་ཇོ་བོ་མིང་མེད་ལ།། ཇོ་བོ་ཉིད་ཀྱི་སྐུ་ཡི་མིང་དུ་བཏགས།། ངོ་བོ་ཉིད ་སྐུར་མིང་བཏགས་ཟག་མེད་ལ།། བདེ་བ་ཆེན་པོའི་སྐུ་ཡི་མིང་བཏགས་པས།། སྐུ་ལྔ་མིང་བཏགས་སྐུ་ལྔར་བྱུང་བའོ།། ཡན་ལག་གཡོས་ལ་སྐུ་ཡི་མིང་བཏགས་ནི།། མདོར་བསྡུས་མིང་བཏགས་འདི་རྣམས་སྣང་བའི ་སྟེ།། ཨ་ནུ་མ་ཧཱ་ཡོ་གའི་འདོད་ལུགས་དང་།། ཡོ་ག་ཨུ་པ་ཡ་དང་ཀྲི་ཡ་དང་།། མདོ་སྡེ་རང་རྒྱལ་ཉན་ཐོས་འདོད་ལུགས་ཏེ།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ལ།། ཨ་ནུས་སྐུ་ལྔར་མིང་བཏགས་སྣང་བ ་ནི།། རྩལ་གྱི་རང་གསལ་རིག་པ་མེད་པ་ལ།། དམིགས་སུ་མེད་པའི་ཆོས་ཀྱི་སྐུ་རུ་བཏགས།། རྩལ་གྱི་ཡན་ལག་རིག་པ་ལྷུན་གྲུབ་ལ།། ལོངས་སྤྱོད་རྫོགས་པའི་སྐུ་ཡི་མིང་དུ་བཏགས།། རྩལ་གྱི་ཡན་ལག་མ ་འགགས་སྣང་བ་ལ།། སྤྲུལ་པའི་སྐུ་ཡི་མིང་དུ་བཏགས་པ་སྟེ།། སྐུ་གསུམ་དབྱེར་མེད་གནས་པའི་རང་བཞིན་ལ།། ངོ་བོ་ཉིད་ཀྱི་སྐུ་ཡི་མིང་དུ་བཏགས།། ངོ་བོ་ཉིད་སྐུ་བརྗོད་དུ་མེད་པ་ལ།། གསང་བའི་སྐུ་རུ་མིང ་བཏགས་སྣང་བའོ།། མ་ཧཱ་ཡོ་ག་སྐུ་ལྔར་མིང་བཏགས་ནི།། ཡན་ལག་རིག་མེད་རིག་མ་སྐྱེས་པ་ལ།། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་རུ་བཏགས།། ཡན་ལག་རིག་པར་སྐྱེས་པའི་ངོ་བོ་ལ།། ལོངས་སྤྱོད་རྫོགས་པའི་སྐུ་ཡི ་མིང་དུ་བཏགས།། ཡན་ལག་མཚན་དཔེས་བརྒྱན་པའི་གཟུགས་བརྙན་ལ།། སྤྲུལ་པའི་སྐུ་ཡི་མིང་དུ་བཏགས་པ་སྟེ།། སྐུ་གསུམ་དབྱེར་མེད་གནས་པའི་ངོ་བོ་ལ།། ངོ་བོ་ཉིད་ཀྱི་སྐུ་ཡི་མིང་དུ་བཏགས།། སྐུ་ཡི་ངོ་བོ ་ཟག་པ་མེད་པ་ལ།། བདེ་བ་ཆེན་པོའི་སྐུ་ཡི་མིང་བཏགས་པའོ།། ཡོ་ག་སྐུ་བཞིར་མིང་བཏགས་སྣང་བ་ནི།། ཡན་ལག་རིག་པར་སྐྱེས་པའི་ངོ་བོ་ལ།། རྣམ་པར་སྣང་མཛད་དམིགས་མེད་ཆོས་ཀྱི་སྐུ།། རྣམ་པར་སྣང ་མཛད་ལོངས་སྤྱོད་རྫོགས་པའི་སྐུ།། རྡོ་རྗེ་སེམས་དཔའ་མི་གཡོ་གནས་པའི་སྐུ།། ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་རུ་འདོད།། ཨུ་པ་ཡ་དང་ཀྲི་ཡ་སྐུ་གསུམ་ནི།། ཡན་ལག་རིག་སྐྱེས་ངོ་བོའི་བདག་ཉིད་ལ།། རྡོ་རྗེ་སེམས ་དཔའ་དམིགས་མེད་ཆོས་ཀྱི་སྐུ།། རྡོ་རྗེ་འཛིན་པ་ལོངས་སྤྱོད་རྫོགས་པའི་སྐུ།། ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་རུ་འདོད།། མདོ་སྡེ་རང་རྒྱལ་ཉན་ཐོས་སྐུ་གསུམ་ནི།། ཡན་ལག་རྩལ་གྱི་ངོ་བོ་དམིགས་མེད་ལ།། ཆོས་ཀྱི་སྐུ ་ཡི་མིང་དུ་བཏགས་པ་དང་།། ཡན་ལག་རིག་སྐྱེས་སྐུ་ཡི་ངོ་བོ་ལ།། མཚན་དཔེས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ།། ཡན་ལག་ཐུགས་རྗེ་གྲངས་མེད་བྱུང་བ་ལ།། སྤྲུལ་པའི་སྐུ་ཡི་མིང་དུ་བཏགས་པའོ།། རིན་པོ ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། སྐུར་མིང་བཏགས་པ་སྣང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྙིང་པོའི་རང་བཞིན ་བརྗོད་དུ་མེད་པ་ལ།། གསུང་དང་ཡིག་འབྲུས་སྒྲ་རྣམས་སྣ་ཚོགས་པའི།། བྱེ་བྲག་གྲངས་མེད་སོ་སོར་བྱུང་བ་ལ།། འདི་ཡི་ངེས་དོན་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད ་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་སྙིང་པོའི་བདག་ཉིད་འདི།། དངོས་མཚན་མེད་པའི་ཚིག་དང་སྒྲ་ལས་འདས།། བརྗོད་དུ་མེད་པའི་རང་བཞིན་ཡི་གེ་མེད།། ཡི་གེ་མེད་པའི་རྒྱུད་ཀྱི ་རང་བཞིན་ཡང་།། འགག་མེད་མ་འགགས་གཉིས་མེད་མིང་མེད་པའོ།། རང་བྱུང་རྩལ་གྱི་ཡན་ལག་ཕྲད་པ་ལས།། སྒྲ་དང་ཡི་གེ་གསུང་རྣམས་སོ་སོར་འབྱུང་།། སྒྲ་ཡི་བྱེ་བྲག་སོ་སོར་འབྱུང་བ་ནི།། ཡན་ལག་རིག ་མེད་རིག་མ་སྐྱེས་པ་ལས།། སྣོད་ཀྱི་བག་ཆགས་དངོས་པོར་བརྟས་པ་དང་།། ཡན་ལག་རིག་སྐྱེས་བཅུད་དུ་སྐྱེ་བ་ལས།། བཅུད་ཀྱི་བག་ཆགས་དངོས་པོར་བརྟས་པ་ཡི།། འདྲ་འདུས་རིགས་མཐུན་ཕྲད་པའི་སྒྲ་རྣམས ་དང་།། མིང་འདྲ་མི་མཐུན་ཕྲད་པའི་སྒྲ་རྣམས་ཀྱང་།། རང་རང་སོ་སོའི་བྱེ་བྲག་སྒྲ་རྣམས་སོ།། ཡི་གེ་བྱེ་བྲག་སོ་སོར་བྱུང་བ་ནི།། ཡན་ལག་རིག་སྐྱེས་བཅུད་དུ་བརྟས་པ་ཡིས།། རིག་པ་ལས་བྱུང་ངག་གི་ཁྱད་པར ་གྱི།། བྱས་པ་ལས་བྱུང་ཕྲད་པའི་སྒྲ་རྣམས་ལ།། ཡི་གེའི་བྱེ་བྲག་སོ་སོར་བྱུང་བའོ།། གསུང་གི་བྱེ་བྲག་སོ་སོར་བྱུང་བ་ནི།། བདེ་གཤེགས་སེམས་ཅན་རྣམས་ཀྱི་རང་རང་གསུང་།། གྲངས་མེད་སོ་སོར་བྱུང་བ་རང་རང ་གསུང་།། རང་རང་གསུང་ནི་རང་རང་རང་གི་སྒྲ།། རང་རང་སྒྲ་ནི་རང་རང་རང་གི་མིང་།། ཡན་ལག་སོ་སོར་རང་རང་ཕྲད་སྒྲ་དང་།། ཡན་ལག་ཉིད་དང་སྙིང་པོ་ཕྲད་སྒྲའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ་གསུང་དང་ཡི་གེ་སྒྲ་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་སོ་སོར་སྣང་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཡེ་ཤེས་རང ་བཞིན་རྣམ་རྟོག་མེད་པ་ལ།། སེམས་ཀྱི་རྣམ་རྟོག་གྲངས་མེད་བྱུང་བ་རྣམས།། འདི་ཡི་ངེས་དོན་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང ་བཞིན་ལྷུན་གྲུབ་ངོ་བོ་མིང་མེད་ལ།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ཡིས།། ཡེ་ཤེས་མིང་བཏགས་ལ་ནི་རྣམ་གཉིས་ཏེ།། རང་འབྱུང་ཡེ་ཤེས་ཆེན་པོའི་མིང་བཏགས་དང་།། བྱུང་དང་བྱུང་ནས་གནས་པའི་མིང ་བཏགས་པའོ།། རང་འབྱུང་ཡེ་ཤེས་ཆེན་པོའི་མིང་བཏགས་ནི།། རང་བཞིན་ལྷུན་གྱི་གྲུབ་པའི་སྙིང་པོ་དང་།། མ་བཙལ་བ་ཡི་ངོ་བོར་ངང་གིས་བྱུང་།། མ་བཅོས་སྙིང་པོ་མི་འགྱུར་རང་བཞིན་ཡེ།། རང་རིག་རང ་གསལ་མི་རྟོག་ངོ་བོ་ཤེས།། རང་འབྱུང་ཡེ་ཤེས་ཆེན་པོའི་མིང་བཏགས་པའོ།། བྱུང་དང་བྱུང་གནས་ཡེ་ཤེས་མིང་བཏགས་ནི།། ཐེག་པ་རྣམས་ཀྱི་ཡེ་ཤེས་སོ་སོའི་མིང་།། སྒོ་སྒོར་རང་རང་སོ་སོར་མིང་བཏགས ་པའོ།། ཡེ་ཤེས་ངོ་བོ་རང་རིག་ཡེ་ཤེས་ལ།། སེམས་ཀྱི་ཡེ་ཤེས་རྟོག་པ་མི་མངའ་སྟེ།། རང་བྱུང་ཡེ་ཤེས་ཡན་ལག་གྲངས་མེད་པ།། སྔར་སྐྱེ་མ་མྱོང་རིག་པ་རང་དབང་གིས།། རྩལ་གྱི་སྐད་ཅིག་རིག་པ ་གྲངས་མེད་སྐྱེས།། སྐྱེས་པའི་དབང་གིས་ཀུན་ཚོལ་རྣམ་པར་གཅོད།། རྣམ་གཅོད་གྲངས་མེད་གཅོད་པས་ངེས་འབེབས་སྐྱེས།། སྐྱེས་པའི་དབང་གིས་རྣམ་རྟོག་གྲངས་མེད་པ།། རྩལ་ཤུགས་དབང་གིས་གྲངས་མེད ་བྱུང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཡེ་ཤེས་ལས་རྣམ་རྟོག་བྱུང་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ལ།། སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་སྣང་བ་ཡི།། ཁ་དོག་དབྱིབས་ཀྱི་རྣམ་པ་སྣ་ཚོགས་ཀུན།། བྱེ་བྲག་གྲངས་མེད་སོ་སོར་བྱུང་བ་དང་།། སོ་སོར་མིང་འཁྲུལ་སོ་སོར་སྣང་བ་རྣམས།། འདི་ཡི་ངེས་དོན་སྣང་བ་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་ལ།། རིག་མེད་རིག་མ་སྐྱེས་པའི་རྩལ་ཤུགས་ཀྱིས།། རིགས་མཐུན་འདྲ་མཐུན་འདྲ། ་བ་འདུས་པ་ལས།། ཁ་དོག་རྣམ་པ་སྣ་ཚོགས་སྣང་བ་དང་།། དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་སྣང་བའོ།། དཀར་པོ་རིགས་མཐུན་འདྲ་བ་འདུས་པ་ལས།། ཁ་དོག་དཀར་པོའི་རྣམ་པར་སྣང་བའོ།། སེར་པོའི་རིགས ་མཐུན་འདྲ་བ་འདུས་པ་ལས།། ཁ་དོག་སེར་པོའི་རྣམ་པར་སྣང་བའོ།། སྔོན་པོའི་རིགས་མཐུན་འདྲ་བ་འདུས་པ་ལས།། ཁ་དོག་སྔོན་པོའི་རྣམ་པར་སྣང་བའོ།། དམར་པོའི་རིགས་མཐུན་འདྲ་བ་འདུས་པ་ལས།། ཁ ་དོག་དམར་པོའི་རྣམ་པར་སྣང་བའོ།། ལྗང་ཁུའི་རིགས་མཐུན་འདྲ་བ་འདུས་པ་ལས།། ཁ་དོག་ལྗང་ཁུའི་རྣམ་པར་སྣང་བའོ།། དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་སྣང་བ་ནི།། རིང་ཐུང་སྦོམ་ཕྲ་ཟླུམ་པོ་གྲུ་བཞི་དང་།། ཕྱ ་ལེ་བ་དང་ཕྱ་ལེ་མ་ཡིན་པས།། དབྱིབས་ཀྱི་བྱེ་བྲག་སྣང་བ་སྣ་ཚོགས་ཀུན།། རིགས་མཐུན་འདྲ་བ་འདུས་ལས་བྱུང་བ་དང་།། བྱུང་བས་བྱས་པ་བྱུང་བའི་དབྱིབས་རྣམས་སོ།། སོ་སོར་མིང་འཁྲུལ་སོ་སོར་མཐོང་བ ་ནི།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་དེ།། འཁོར་ལོ་གསུམ་དུ་ཡིད་གཡོས་རྟོག་ལངས་པའི།། རིགས་མཐུན་མོས་མཐུན་མིང་བཏགས་འདྲ་བ་ཡིས།། སོ་སོར་མིང་འཁྲུལ་སོ་སོར་སྣང་བའོ།། རིན་པོ་ཆེ་རྒྱས་པ ་ཆེན་པོའི་མདོ་ལས། ཁ་དོག་དབྱིབས་ཀྱི་བྱེ་བྲག་སོ་སོར་སྣང་བ་དང་ས་སོར་མིང་འཁྲུལ་བར་སྣང་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡས།། སྟོན་པའི་སྟོན་པ་ཀུན ་ཏུ་བཟང་པོ་ལ།། བཅུད་ཀྱི་འཇིག་རྟེན་སེམས་ཅན་སྣང་བ་ཡི།། ཕོ་མོ་མ་ནིང་དབྱིབས་ཀྱི་རྣམ་པ་ཀུན།། གྲངས་མེད་སོ་སོར་རང་རང་བྱུང་བ་དང་།། ཐབས་དང་ཤེས་རབ་གཉིས་སུ་མེད་མཐོང་རྣམས།། འདི་ཡི་ངེས ་དོན་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་ནམ་མཁའི་མཚན་ཉིད་ལ།། ཕོ་མོ་མ་ནིང་དངོས་པོ་མཚན་མེད ་ཀྱང་།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ནི།། དངོས་པོ་མཚན་མ་སྣ་ཚོགས་ཀུན་སྣང་སྟེ།། ཕོ་མོའི་དབྱིབས་ཀྱི་རྣམ་པ་སྣང་བ་ནི།། རྩལ་གྱི་ཡན་ལག་རིག་པར་སྐྱེས་པ་དེ།། རིག་པའི་དབང་གིས་བྱ་བྱེད་རིག ་པར་སྐྱེས།། བྱ་བའི་ཕོ་རྩོལ་དྲག་པོར་སྐྱེས་པ་ལ།། རིག་སྐྱེས་འཁོར་ལོ་གསུམ་གྱིས་ཕོར་བཟུང་བས།། གཟུང་བའི་བག་ཆགས་ཕོ་ཡི་རྣམ་པར་སྣང་།། སྣང་བས་རང་ཡང་ཕོ་ཡི་རྣམ་པར་སྣང་།། བྱེད་པའི་རིག་པ ་རྩོལ་བཞན་སྐྱེས་ལ།། འཁོར་ལོ་གསུམ་གྱི་བག་ཆགས་མོར་བཟུང་བས།། གཟུང་བའི་བག་ཆགས་མོ་ཡི་རྣམ་པར་སྣང་།། སྣང་བས་རང་ཡང་མོ་ཡི་རྣམ་པར་སྣང་།། བྱ་བྱེད་པར་གྱི་བཏང་སྙོམས་རིག་སྐྱེས་ལ།། རྟོག ་སྐྱེས་འཁོར་ལོ་གསུམ་གྱིས་མ་ནིང་བཟུང་།། གཟུང་བའི་བག་ཆགས་མ་ནིང་སྣང་བའོ།། ཕོ་ཡི་རིག་སྐྱེས་རིག་པ་ཐབས་སུ་མཐོང་།། ཕོ་ཡི་རིག་མེད་རིག་མ་སྐྱེས་པ་ལ།། ཕོ་ཡི་སྟོང་པ་ཤེས་རབ་མོ་རུ་མཐོང་།། རིག ་པ་སྟོང་པ་གཉིས་སུ་མེད་པ་ལ།། ཕོ་ཡི་ཐབས་དང་ཤེས་རབ་དབྱེར་མེད་མཐོང་།། ཕོ་ཡི་རིག་སྐྱེས་རིག་པ་ཐབས་སུ་གཟུང་།། མོ་ཡི་རིག་མེད་རིག་མ་སྐྱེས་པ་ལ།། མོ་ཡི་སྟོང་པ་ཤེས་རབ་མོ་རུ་གཟུང་།། རིག་པ་སྟོང ་པ་གཉིས་སུ་མེད་པ་ལ།། མོ་ཡི་ཐབས་དང་ཤེས་རབ་དབྱེར་མེད་མཐོང་།། མ་ནིང་རིག་སྐྱེས་རིག་པ་ཐབས་སུ་གཟུང་།། མ་ནིང་རིག་མེད་རིག་མ་སྐྱེས་པ་ལ།། མ་ནིང་སྟོང་པ་ཤེས་རབ་མ་རུ་གཟུང་།། རིག་པ་སྟོང་པ ་གཉིས་སུ་མེད་པ་ལ།། མ་ནིང་ཐབས་དང་ཤེས་རབ་དབྱེར་མེད་མཐོང་།། དེ་ལྟར་མཐོང་བའི་བག་ཆགས་ཞེ་ན་བརྟས་པས།། ཕོ་མོ་མ་ནིང་རང་རང་སོ་སོ་ཡི།། དབྱིབས་ཀྱི་བྱེ་བྲག་སོ་སོར་སྣང་བའོ།། རིན་པོ་ཆེ་རྒྱས ་པ་ཆེན་པོའི་མདོ་ལས།། བཅུད་ཀྱི་སེམས་ཅན་ཕོ་མོ་མ་ནིང་དུ་སྣང་བའི་ལེའུ་སྟེ་སུམ་ཅུ་ཟམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འཇིག་རྟེན ་ཁམས་འདི་མཐའ་ཡས་མུ་མེད་ན།། རྩི་ཤིང་ནགས་ཚལ་གྲངས་མེད་བྱུང་བ་ཡི།། རང་རང་རྒྱུད་དུ་སོ་སོར་བྱུང་བ་རྣམས།། འདི་ཡི་ངེས་པའི་དོན་རྣམས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི ་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བྱུང་ཡེ་ཤེས་སྙིང་པོ་མ་འགགས་པས།། ཡན་ལག་ཟེར་གྱི་རྩལ་ཀྱང་མ་འགགགས་ཏེ།། ཟེར་རྩལ་མ་འགགས་དབང་གི་རྩལ་བྱུང་བ།། རིག་མེད་རིག་མ་སྐྱེས་པའི་རྩལ ་སྣང་ལས།། འདྲ་མཐུན་རིགས་མཐུན་འདྲ་བ་འདུས་པ་ཡིས།། རྩི་ཡི་དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་དང་།། ཤིང་གི་དབྱིབས་ཀྱི་བྱེ་བྲག་སྣ་ཚོགས་སྐྱེས།། སྐྱེ་བའི་དབང་གིས་སྐྱེ་ཤིང་སོ་སོར་སྐྱེས།། སོ་སོར་སྐྱེས་པས ་སོ་སོར་མ་འཁྲུལ་བར།། རང་རང་དབྱིབས་སུ་སོ་སོར་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། རྩི་ཤིང་ནགས་ཚལ་རང་རང་རྒྱུད་དུ་བྱུང་བའི་ལེའུ་སྟེ་སོ་གཅིག་པའོ།། །། སྡུད་པའི ་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་འདི་ན།། འཇིག་ཆགས་གནས་སྟོངས་བསྐལ་པ་བྱུང་བ་དང་།། འཕེལ་དང་འགྲིབ་པ་སྣ་ཚོགས ་འཆར་བ་ཀུན།། འདི་ཡི་ངེས་དོན་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་བདག་ཉིད་ཆེན་པོ་ལ།། འཇིག་ཆགས་གནས་པ ་སྟོངས་པ་མེད་པ་དང་།། དངོས་པོ་མཚན་མའི་འཕེལ་འགྲིབ་མེད་པ་སྟེ།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ཡིས།། སྣོད་བཅུད་བརྟས་པའི་དངོས་པོ་མཚན་མ་འདི།། བྱུང་བའི་ནུས་མཐུ་ཟད་ནས་འཇིག་པ ་སྟེ།། རང་བྱུང་རྩལ་གྱི་ཡན་ལག་བྱུང་བ་ཡི།། འདྲ་མཐུན་རིགས་མཐུན་འདྲ་བ་ཆགས་པ་དང་།། ནུས་མཐུ་མ་ཟད་བར་དུ་གནས་པ་དང་།། ནུས་མཐུ་ཟད་ན་འཇིག་རྟེན་སྟོངས་པའོ།། རྩལ་གྱི་ཡན་ལག་བྱུང་བའི་ནུས ་མཐུ་ལས།། འབྱུང་བ་ལྔ་ཡི་འཕེལ་འགྲིབ་བྱུང་བ་དང་།། འགྲོ་དྲུག་སེམས་ཅན་རྣམས་ཀྱི་འཕེལ་འགྲིབ་དང་།། ཉིན་མཚན་དུས་ཀྱི་འཕེལ་འགྲིབ་བྱུང་བ་དང་།། བདེ་དང་སྡུག་པའི་འཕེལ་འགྲིབ་བྱུང་བ་དང་།། སྟོན ་པའི་བསྟན་པ་འཆར་བའི་འཕེལ་འགྲིབ་དང་།། སྟོན་པ་མེད་པའི་མུན་པའི་འཕེལ་འགྲིབ་དང་།། ཕྱི་ནང་སྣོད་བཅུད་སེམས་ཀྱི་འཕེལ་འགྲིབ་ཀུན།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་སྟེ།། ཐམས་ཅད་ང་ལས་བྱུང ་ཞིང་ང་ཡི་རྩལ།། ང་ལས་མ་བྱུང་གང་ཡང་མེད་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། འཇིག་ཆགས་འཕེལ་འགྲིབ་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་ཉིད་དབྱིངས་སུ་གཉིས་མེད་གཅིག་པ་ལ།། ཐེག་པའི་ཁྱད་པར་སོ་སོ་བྱུང་བ་དང་།། སོ་སོར་མིང་འཁྲུལ་རང་རང་རྒྱུད་སྣང་བ།། འདི་ཡི་ངེས་དོན་སྣང་བ་ཇི་ལྟ ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་ཆོས་སྐུ་ཆེན་པོ་དང་།། རང་བྱུང་ཡེ་ཤེས་ཆེན་པོའི་གནས་ལུགས་འདི།། ཐེག་དམན་གཞན་གྱིས ་མ་མཐོང་ཡན་ལག་གི། བྱུང་བའི་རང་བྱུང་ཡེ་ཤེས་རྩལ་སྣང་ལ།། བྱུང་བའི་ཤེས་པས་སོ་སོར་མཐོང་བ་ནི།། མུ་སྟེགས་ལ་སོགས་ཤེས་པ་སོ་སོ་ཡི།། དང་པོ་རང་རང་སྒོར་འབྱུང་སྒོར་བྱུང་བས།། བར་དུ་རང་རང་སྒོ ་སྒོར་སོ་སོར་གནས།། སོ་སོར་གནས་པའི་དབང་གིས་སོ་སོར་བལྟས།། བལྟས་པའི་མཐོང་ལུགས་རང་རང་སོ་སོར་འདོད།། འདོད་པའི་དབང་གིས་སོ་སོར་མིང་འཁྲུལ་པའོ།། མིང་འཁྲུལ་དབང་གི་ཐ་མ་རང་རང ་གི། སྒོར་མཐོང་སོ་སོར་རང་སྒོ་སྒོ་རུ་འཇུག། ཞུགས་པའི་འབྲས་བུ་རང་རང་སོ་སོར་ཐོབ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཐེག་པ་རྣམས་སོ་སོར་མིང་འཁྲུལ་རང་རྒྱུད་སྣང་བའི་ལེའུ་སྟེ་སོ ་གསུམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་རྣམས་ཐམས་ཅད་གཟུགས་བརྙན་སྣང་བ་དང་།། སྣང་བའི་མེ་ལོང་རྣམ་གསུམ་ཇི་ལྟ་བུ།། སྟོན ་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། དངོས་པོ་འཁོར་བའི་ཆོས་རྣམས་སྣང་བ་དང་།། མཚན་མ་ཐེག་པའི་ཆོས་རྣམས་སྣང་བ་ཀུན།། མེ་ལོང་རྣམ་གསུམ་ནང་དུ་སྣང ་བ་སྟེ།། ཆོས་སྐུ་གསལ་ལ་དྲངས་པའི་མེ་ལོང་དུ།། རང་བྱུང་ཡེ་ཤེས་རིག་པ་རང་སྣང་བ།། སྣང་ཡང་དེ་ལ་རང་བཞིན་རྟོག་པ་མེད།། མེད་པ་མ་ཡིན་དོན་རྣམས་སྣང་བའི་ཕྱིར།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མེ་ལོང ་དུ།། བདེ་བར་གཤེགས་པའི་ཡེ་ཤེས་གཟུགས་བརྙན་སྣང་།། སྣང་ཡང་དེ་ལ་རང་བཞིན་རྟོག་པ་མེད།། མེད་པ་མ་ཡིན་དོན་རྣམས་སྣང་བའི་ཕྱིར།། རྟེན་གྱི་ཀུན་གཞི་སེམས་ཀྱི་མེ་ལོང་དུ།། འགྲོ་དྲུག་སེམས་ཀྱི་བག ་ཆགས་སྣང་།། སྣང་ཡང་དེ་ལ་རང་བཞིན་རྟོག་པ་མེད།། མེད་པ་མ་ཡིན་དོན་རྣམས་སྣང་བའི་ཕྱིར།། མེ་ལོང་རྣམ་གསུམ་གཅིག་སྟེ་ནམ་མཁའི་ངང་།། ལས་དབང་དུས་ཀྱི་སོ་སོར་སྣང་བ་སྟེ།། སྣང་ཡང་དེ་ལ་དངོས ་པོ་རང་བཞིན་མེད།། མེད་པ་མ་ཡིན་དོན་རྣམས་སྣང་བའི་ཕྱིར།། རིན་པོ་ཆེ་རྒྱས་པ་ཆེན་པའི་མདོ་ལས། མེ་ལོང་རྣམ་གསུམ་གྱི་ལེའུ་སྟེ་སོ་བཞི་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྐུ་གསུང་ཐུགས་དང་དབྱེར་མེད་བཞི་སྣང་བ།། བཞིར་བྱུང་སྣང་བའི་ངེས་དོན་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ ་སེམས་དཔའ་ལ།། ནམ་མཁའ་འགག་མེད་ཀུན་ཁྱབ་མིང་མེད་དེ།། སྐུ་ཡི་སྙིང་པོ་ཡེ་ཤེས་བཞི་འགག་མེད།། སྐུ་ནི་མ་འགགས་གཟུགས་བརྙན་འགག་མེད་འབྱུང་།། སྙིང་པོ་མ་འགགས་གསུང་ནི་འགག་མེད ་འབྱུང་།། ཡེ་ཤེས་མ་འགགས་སེམས་ནི་འགག་མེད་འབྱུང་།། བཞི་མ་མ་འགགས་བརྡ་ནི་འགག་མེད་འབྱུང་།། མིང་མེད་གཅིག་ལ་ངོ་བོ་བཞིར་སྣང་བས།། སངས་རྒྱས་སེམས་ཅན་ཀུན་གྱི་རྩ་བར་གསུངས།། ངོ་བོ ་བཞིར་འབྱེད་དབྱེར་མེད་གཅིག་ལ་དབྱེར།། ཆོས་སྐུ་རིག་སྐུ་འགག་མེད་མ་འགགས་གཉིས།། རིག་མེད་སྙིང་པོ་རིག་པའི་སྙིང་པོ་གཉིས།། རིག་མ་སྐྱེས་དང་རིག་སྐྱེས་ཡེ་ཤེས་གཉིས།། ཆོས་སྐུ་འགག་མེད་ཡེ་ཤེས ་མ་འགགས་གཉིས།། དབྱེར་མེད་གཅིག་སྟེ་ངོ་བོ་བཞི་རུ་གནས།། འགག་མེད་མ་འགགས་གནས་པས་བཞིར་སྣང་སྟེ།། སྐུ་གསུང་ཐུགས་དང་བརྡ་སྟེ་བཞིར་འབྱུང་བའོ།། ཡན་ལག་དང་པོ་གཟུགས་བརྙན་བུམ་པའི ་དབང་།། གཟུགས་བརྙན་བྱུང་བའི་ཆོས་སྐུར་གསལ་བའོ།། ཡན་ལག་གཉིས་ཕྲད་སྒྲ་འབྱུང་གསང་བའི་དབང་།། ཕྲད་ལས་བྱུང་བའི་ཆོས་རྣམ་གསུང་ཡང་ཡིན།། ཡན་ལག་གསུམ་པ་ཤེས་རབ་ཡེ ་ཤེས་དབང་།། རྣམ་རྟོག་ལས་བྱུང་ཆོས་རྣམས་སེམས་ཡིན་ཏེ།། བཞི་པ་བརྡར་བྱུང་ཆོས་རྣམས་བརྡར་སྣང་བས།། སྣང་བའི་ཆོས་ཉིད་མིང་མེད་འགག་མེད་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། མདོ་བཞི་རྩ ་བའི་ལེའུ་སྟེ་སོ་ལྔ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། དབང་གི་ངོ་བོ་ཇི་ལྟར་གནས་པ་དང་།། དབང་བསྐུར་བྱུང་བའི་རིམ་པ་ཇི་ལྟ་བུ།། སྟོན་པའི ་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཐོག་མཐའ་མེད་པའི་དང་པོའི་དུས་ཉིད་ན།། ཡོད་མེད་སྟོང་དང་མི་སྟོང་དབྱེར་མེད་པའི།། སངས་རྒྱས་སེམས་ཅན་མེད་པའི་རང ་བཞིན་ཡང་།། རང་རིག་རང་གསལ་ནམ་མཁའ་མིང་མེད་དེ།། གཞི་རྩ་མེད་པ་ཀུན་གཞི་སྙིང་པོའི་དབང་།། དབང་ནི་ཆོས་རྣམས་ཀུན་གྱི་རྩ་བ་སྟེ།། བསྐུར་བས་སྐྱོན་ཡོན་གཉིས་སུ་བྱུང་བས་ན།། དབང་བསྐུར ་ངེས་པས་མིང་གི་འབྲས་བུ་ཐོབ།། ཆོས་སྐུ་རང་གསལ་ཕྱི་སྟེ་བུམ་ཉིད་སྣོད།། རང་རིག་མི་རྟོག་ནང་སྟེ་བར་ཉིད་བཅུད།། བུམ་པ་ཀུན་གྱི་གཞི་མར་ཡེ་གནས་པས།། དབང་བསྐུར་ཐོག་མཐའ་མེད་པས་དང ་པོའོ།། ཆོས་ཉིད་རང་གསལ་མོ་སྟེ་ཤེས་རབ་གསང་།། རིག་པ་ཕོ་སྟེ་ཐབས་ཉིད་པ་ཉིད་པ།། གསང་བ་ཡེ་ནས་ལྷུན་གྲུབ་གསང་བའི་དབང་།། ཐབས་དང་ཤེས་རབ་གཉིས་མེད་བསྐུར་བ་གཉིས།། ཆོས་ཉིད་སྟོང་པ ་ཤེས་པའི་རབ་དེ་མོ།། རང་རིག་རིག་པ་ཐབས་ཏེ་ཡེ་ཤེས་པོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ་གཉིས་མེད་དབང་།། བདེ་བ་མིང་མེད་བསྐུར་བ་དེ་གསུམ་མོ།། མིང་མེད་སྟོང་པར་གསལ་བས་དངོས་མཚན་མེད།། རང ་བྱུང་ཀུན་ལ་ཁྱབ་པས་གསལ་བའི་དབང་།། འགག་མེད་མ་འགགས་དབྱེར་མེད་རིན་པོ་ཆེ།། དབང་གསུམ་ལྷུན་གྲུབ་མིང་མེད་བཞི་པའོ།། རང་བྱུང་ཆོས་སྐུ་མི་རྟོག་རིག་པ་ནང་།། ཡན་ལག་ཤེས་པ་རྟོག་པར་བྱུང་བ ་ཕྱི།། ཕྱི་ཉིད་དངོས་པོ་མཚན་མ་ཀུན་གྱི་གཞི།། ཡན་ལག་རིག་པ་མཚན་མ་ལྷར་གཟུང་སྟེ།། བུམ་པས་དབང་བསྐུར་དང་པོར་བྱུང་བའོ།། ཡན་ལག་རིག་པ་ཆོས་ཉིད་དང་སོང་བས།། ལྷན་ལྷུན་སོང་བ་བྱས་པ་བྱེད ་པར་མཐོང་།། ཆོས་ཉིད་ངང་དང་ཡན་ལག་ཕྲད་པའི་སྒྲ།། གསང་བའི་སྒྲ་བྱུང་གསང་བ་བྱུང་བ་དེས།། གསང་བའི་དབང་བསྐུར་གསང་བ་གཉིས་པར་གཟུང་།། བདེ་བ་དེ་བྱུང་བདེ་བའི་མཆོག་ཉིད་དེ།། བདེ་བའི་ངོ ་བོཔོ་བརྗོད་དུ་མེད་པ་ལ།། ཤེས་པའི་རབ་སྟེ་ཤེས་རབ་སྟོང་པ་ཉིད།། ཡེ་ཤེས་ཡེ་ནས་དེ་བཞིན་ཡེ་ཤེས་དེ།། ཤེས་རབ་ཡེ་ཤེས་དབང་བསྐུར་གསུམ་པ་ཡིན།། བདེ་བའི་ངོ་བོ་མིང་མེད་མཚོན་བྱེད་པ།། རང་བྱུང་ཡན ་ལག་སེམས་ཀྱི་རིག་པ་སྟེ།། རིག་པས་སེམས་ཉིད་མཚོན་པ་བརྡ་ཡིན་ཏེ།། མཚོན་པ་བརྡ་ཡི་དབང་བསྐུར་བཞི་པའོ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། ཞལ་བསྟན་དབང་བསྐུར་སངས ་རྒྱས་འབྲས་བུ་ཐོབ།། ཐེག་པ་འོག་མའི་སྒོར་ཞུགས་རྣལ་འབྱོར་ལ།། བག་ཆགས་བརྟས་པའི་བུམ་པའི་དབང་བསྐུར་དང་།། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་དབང་།། བག་ཆགས་བརྡ་ཡི་དབང་བསྐུར་བཞི ་པ་ཡིས།། མཐོ་རིས་ཐར་པའི་གོ་འཕང་ཐོབ་པ་ཡིན།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། དབང་བསྐུར་གསང་བའི་ལེའུ་སྟེ་སོ་དྲུག་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི ་སྟོན་པ་ཀུན་ཏུ་བཟང་པོ་ལ།། གང་གིས་གང་ལ་དབང་བསྐུར་བྱིན་རླབས་དང་།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། ཞལ་བསྟན་འབྲས་བུ་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད ་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་ལྷུན་གྲུབ་རང་བྱུང་དབྱེར་མེད་པའི།། ཆོས་སྐུ་གསལ་དྲངས་འགག་མེད་སྟོན་པ་དེས།། རང་བྱུང་ཡེ་ཤེས་མ་འགགས་སྟོན་པ་ལ།། རང་བཞིན་ལྷུན་གྲུབ་དབང ་བསྐུར་བྱིན་རླབས་པས།། རང་བྱུང་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། རང་བྱུང་ཡེ་ཤེས་མ་འགགས་སྟོང་པ་དེས།། རང་བྱུང་ཟེར་གྱི་སྟོན་པ་ཀུན་བཟང་ལ།། རང་བཞིན་ལྷུན་གྲུབ་དབང་བསྐུར་བྱིན་རླབས ་པས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཡན་ལག་ཟེར་གྱི་སྟོན་པ་ཀུན་བཟང་དེས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། རང་བཞིན་དབང་བསྐུར་གཉིས་མེད་བྱིན་རླབས་པས།། གཉིས ་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཆོས་སྐུ་རང་བྱུང་ཡེ་ཤེས་ནམ་མཁའ་ལ།། ཀུན་ཏུ་བཟང་པོ་ངང་ཉིད་ནམ་མཁའ་འབྱུང་།། ང་ལས་ང་བྱུང་བ་ཉིད་ནམ་མཁའ་ལ།། ང་ལ་ང་ཉིད་ནམ་མཁའ་ངས་བསྟན ་པ།། ཆོས་སྐུ་རང་རིག་མེད་པའི་ནམ་ཉིད་དང་།། རང་བྱུང་ཡེ་ཤེས་རང་རིག་མཁའ་ཉིད་གཉིས།། དབྱེར་མེད་གཅིག་སྟེ་ནམ་མཁའ་ཉིད་ཀྱི་ངང་།། གཅིག་དང་ཐ་དད་དག་ལས་གྲོལ་གནས་པའི།། རང་བཞིན ་དབང་བསྐུར་ལ་ཡང་རྣམ་གཉིས་ཏེ།། སྤྱི་ཡི་རང་བཞིན་ལྷུན་གྲུབ་དབང་བསྐུར་དང་།། ཁྱད་པར་རང་བཞིན་ལྷུན་གྲུབ་དབང་བསྐུར་བའོ།། སྤྱི་ཡི་ལྷུན་གྲུབ་དབང་བསྐུར་རྣམ་བཞི་སྟེ།། རང་བཞིན་ལྷུན་གྲུབ་བུམ ་པའི་དབང་བསྐུར་དང་།། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་དབང་།། དབྱེར་མེད་མཚོན་པའི་དབང་སྟེ་བཞི་པའོ།། རང་བཞིན་ལྷུན་གྲུབ་བུམ་པའི་དབང་བསྐུར་བ།། ཆོས་སྐུ་རིག་མེད་ཕྱི་སྟེ་བུམ་ཉིད ་དང་།། རང་བྱུང་ཡེ་ཤེས་ནང་སྟེ་བར་ཉིད་གཉིས།། ཕྱི་ནང་གཉིས་སུ་མེད་པའི་བུམ་པའི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། རབ་བཞིན་གཉིས་མེད་བུམ་པའི་དབང་བསྐུར་བས།། གཉིས་མེད་ཐིག ་ལེ་ཆེན་པོར་སངས་རྒྱས་པའོ།། རང་བཞིན་ལྷུན་གྲུབ་གསང་བའི་དབང་བསྐུར་བ།། ཆོས་སྐུ་རང་གསལ་རིག་མེད་ཤེས་རབ་གསང་།། རང་བྱུང་ཡེ་ཤེས་རིག་པ་ཟབས་ཏེ་བ།། ཐབས་དང་ཤེས་རབ ་གཉིས་མེད་གསང་བའི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། རང་བཞིན་གཉིས་མེད་གསང་བའི་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ ་དབང་བསྐུར་བ།། ཆོས་སྐུ་རིག་མེད་སྟོང་པ་ཤེས་པ་རབ།། རང་འབྱུང་ཡེ་ཤེས་རང་རིག་ཡེ་ནས་ཤེས།། ཆོས་སྐུ་ཡེ་ཤེས་ཤེས་རབ་ཡེ་ཤེས་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། ཤེས་རབ་ཡེ་ཤེས ་གཉིས་མེད་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། བཞི་པ་རང་བཞིན་ལྷུན་གྲུབ་དབང་བསྐུར་བ།། ཆོས་སྐུ་རིག་མེད་མིང་བྲལ་མཚོན་བྱེད་དང་།། རང་བྱུང་ཡེ་ཤེས་མིང་མེད་མཚོན ་བྱེད་པ།། མཚོན་པ་གཉིས་མེད་མཚོན་པ་བརྡ་ཡི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། རང་བཞིན་གཉིས་མེད་བརྡ་ཡི་དབང་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་སངས་རྒྱས་པའོ།། ཁྱད་པར ་ལྷུན་གྲུབ་དབང་བསྐུར་ལ་ཡང་བཞི།། རང་བཞིན་བུམ་པའི་དབང་དང་གསང་བའི་དབང་།། ཤེས་རབ་ཡེ་ཤེས་དབང་དང་མཚོན་པ་བཞིའོ།། རང་བཞིན་ལྷུན་གྲུབ་བུམ་པ་ལ་ཡང་བཞི།། ཆོས་སྐུ་རང་བྱུང་ཡེ་ཤེས ་དབྱེར་མེད་དང་།། དབྱེར་མེད་མིང་མེད་མཚོན་པའི་བཞི་པའོ།། ཆོས་སྐུ་བུམ་པ་དབང་བསྐུར་བྱིན་རླབས་ནི།། སྐྱེ་མེད་རང་གསལ་འགྱུར་མེད་ཡེ་ཉིད་བུམ།། བཅོས་པ་མེད་པའི་རང་བཞིན་རང་གསལ་བ།། སྐྱེ་མེད ་བཅོས་པ་མེད་པ་བུམ་པའི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། ཆོས་སྐུ་རང་གསལ་བུམ་པས་དབང་བསྐུར་བས།། ཆོས་སྐུ་འགྱུར་བ་མེད་པའི་བྱིན་རླབས་ཏེ།། སངས་རྒྱས་ཆོས་ཀྱི་སྐུ་ཡིས་དབང ་བསྐུར་རོ།། རང་བྱུང་ཡེ་ཤེས་དབང་བསྐུར་བྱིན་རླབས་ཏེ།། མ་སྐྱེས་མི་འགྱུར་ཡེ་ཤེས་ཡེ་ཉིད་བུམ།། མ་བཅོས་པ་ཡི་རང་བཞིན་ཡེ་ཤེས་ལ།། མ་སྐྱེས་མི་འགྱུར་ཡེ་ཤེས་བུམ་པའི་དབང་།། རྫོགས་ཆེན་དབང་པོ་རབ ་ཏུ་གྱུར་པ་ལ།། རང་བྱུང་ཡེ་ཤེས་བུམ་པའི་དབང་བསྐུར་བས།། རང་བྱུང་ཡེ་ཤེས་མི་འགྱུར་བྱིན་རླབས་ཏེ།། རང་བྱུང་ཡེ་ཤེས་གསུང་གི་དབང་བསྐུར་བའོ།། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་དབང་ནི།། སྐྱེ་མེད་མ ་སྐྱེས་གཉིས་མེད་ཡེ་ཉིད་བུམ།། བཅོས་མེད་མ་བཅོས་གཉིས་མེད་རང་གསལ་བ།། ཆོས་སྐུ་ཡེ་ཤེས་གཉིས་མེད་བུམ་པའི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། སྐྱེ་མེད་མ་སྐྱེས་གཉིས་མེད་དབང ་བསྐུར་བས།། གཉིས་མེད་ཐིག་ལེ་ཆེན་པོར་བྱིན་རླབས་ཏེ།། སྐུ་གསུང་ཐུགས་ཀྱི་གཉིས་མེད་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་བུམ་དབང་བྱིན་རླབས་ནི།། ཆོས་སྐུ་ཡེ་ཤེས་གཉིས་མེད་མིང་མེད ་བརྡ།། སྐུ་གསུང་ཐུགས་ཀྱི་དབྱེར་མེད་མིང་མེད་བརྡ།། མིང་མེད་གསུམ་ལ་མཚོན་པ་བརྡ་ཡི་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། མིང་མེད་གསུམ་མཚན་བརྡ་ཡིས་དབང་བསྐུར ་བས།། མིང་མེད་གསུམ་གྱི་ངང་དུ་བྱིན་རླབས་ཏེ།། མིང་མེད་ལྷུན་གྲུབ་བརྡ་ཡིས་དབང་བསྐུར་བའོ།། ལྷུན་གྲུབ་གསང་བའི་དབང་ལ་རྣམ་བཞི་སྟེ།། ཆོས་སྐུ་གསང་བའི་དབང་བསྐུར་བྱིན་རླབས་ནི།། སྤྲོས་མེད་རང ་གསལ་བརྗོད་མེད་ཡེ་ཉིད་གསང་།། བརྗོད་དུ་མེད་པའི་རང་བཞིན་རང་གསལ་བ།། སྤྲོས་མེད་བརྗོད་དུ་མེད་པའི་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་ཆོས་སྐུ་གསང་བའི་དབང་།། རྫོགས་ཆེན་དབང་པོ་ཡང་རབ ་གྱུར་པ་ལ།། ཆོས་སྐུ་རང་གསལ་གསང་བའི་དབང་བསྐུར་བས།། ཆོས་སྐུ་སྤྲོས་པ་མེད་པའི་བྱིན་རླབས་ཏེ།། ཆོས་སྐུ་གསང་དབང་ཆོས་སྐུའི་དབང་བསྐུར་བའོ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་ནི།། མ ་སྤྲོས་རང་གསལ་ཡེ་ཤེས་ཡེ་ཉིད་གསང་།། མ་བརྗོད་རང་བཞིན་རང་གསལ་ཡེ་ཤེས་པ།། མ་སྤྲོས་མ་བརྗོད་ཡེ་ཤེས་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་ཡེ་ཤེས་གསང་བའི་དབང་།། རྫོགས་ཆེན་དབང་པོ་ཡང ་རབ་གྱུར་པ་ལ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བས།། མ་སྤྲོས་ཡེ་ཤེས་ཆེན་པོར་བྱིན་རླབས་ཏེ།། རང་བྱུང་ཡེ་ཤེས་གསང་བའི་དབང་བསྐུར་བའོ།། ཆོས་སྐུ་ཡེ་ཤེས་གཉིས་མེད་གསང་དབང་ནི།། སྤྲོས ་མེད་མ་སྤྲོས་གཉིས་མེད་ཡེ་ཉིད་གསང་།། བརྗོད་མེད་མ་བརྗོད་དབྱེར་མེད་རང་གསང་བ།། ཆོས་སྐུ་ཡེ་ཤེས་གཉིས་མེད་གསང་བ་ཉིད།། རང་བཞིན་ལྷུན་གྲུབ་གཉིས་མེད་གསང་བའི་དབང་།། རྫོགས་ཆེན་དབང ་པོ་ཡང་རབ་གྱུར་པ་ལ།། ཆོས་སྐུ་ཡེ་ཤེས་དབྱེར་མེད་དབང་བསྐུར་བས།། སྤྲོས་མེད་མ་སྤྲོས་གཉིས་མེད་བྱིན་རླབས་ཏེ།། གཉིས་མེད་གསང་བའི་གསང་བ་དབང་བསྐུར་བའོ།། མིང་མེད་གསུམ་མཚོན་གསང་དབང ་བསྐུར་བ་ནི།། ཆོས་སྐུ་མིང་མེད་གསང་དབང་མཚོན་པ་དང་།། ཡེ་ཤེས་མིང་མེད་གསང་དབང་མཚོན་པ་དང་།། གཉིས་མེད་མིང་མེད་གསང་དབང་མཚོན་པ་ནི།། མིང་མེད་རྣམ་གསུམ་གསང་དབང་མཚོན་པའི ་དབང་།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། མིང་མེད་གསང་དབང་མཚོན་པའི་དབང་བསྐུར་བས།། མིང་མེད་གསུམ་གྱི་ངང་ལ་བྱིན་རླབས་ཏེ།། མིང་གསུམ་མེད་པའི་བརྡ་ཡི་དབང་བསྐུར་རོ།། ཤེས་རབ་ཡེ ་ཤེས་ལྷུན་གྲུབ་དབང་ལ་བཞི།། གཡོ་མེད་རང་གསལ་སྐྱེ་མེད་ཤེས་རབ་ནི།། འགྱུར་བ་མེད་པའི་རང་བཞིན་རང་གསལ་ཡེ།། བཅོས་པ་མེད་པའི་ཆོས་ཉིད་བདེ་བ་ཤེས།། སྐྱེ་བ་མེད་པའི་ཤེས་རབ་ཡེ་ཤེས ་གཉིས།། ཆོས་སྐུ་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང་།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ཆོས་སྐུ་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། ཆོས་སྐུ་འགྱུར་བ་མེད་པར་བྱིན་རླབས་ཏེ།། ཆོས་སྐུ་བདེ་བ་ཆེན་པོའི ་དབང་བསྐུར་བའོ།། མི་གཡོ་རང་གསལ་མ་སྐྱེས་ཤེས་རབ་ཉིད།། མི་འགྱུར་བ་ཡི་རང་བཞིན་རང་གསལ་ཡི།། ལྷུན་གྲུབ་མ་བཅོས་པའི་ཡེ་ཤེས་བདེ་བ་ཤེས།། མ་སྐྱེས་པ་ཡེ་ཤེས་རབ་ཡེ་ཤེས ་ཉིད།། ཡེ་ཤེས་ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང་།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། ལྷུན་གྲུབ་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། ཡེ་ཤེས་མི་འགྱུར་བ་ཡི་ངང་དུ་བྱིན་རླབས་ཏེ།། རང་བྱུང་ཡེ་ཤེས ་བདེ་བའི་དབང་བསྐུར་བའོ།། གཡོ་མེད་མི་གཡོ་གཉིས་མེད་ཤེས་རབ་ཉིད།། འགྱུར་མེད་མི་འགྱུར་གཉིས་མེད་རང་བཞིན་ཡི།། བཅོས་མེད་མ་བཅོས་དབྱེར་མེད་ལྷུན་གྲུབ་ཤེས།། གཉིས་མེད་ལྷུན་གྲུབ་ཤེས་རབ ་ཡེ་ཤེས་དབང་།། རྫོགས་ཆེན་དབང་པོ་རབ་ཏུ་གྱུར་པ་ལ།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར་བས།། གཡོ་མེད་མི་གཡོ་གཉིས་མེད་བྱིན་རླབས་ཏེ།། གཉིས་མེད་ཤེས་རབ་ཡེ་ཤེས་དབང་བསྐུར ་བའོ།། མིང་མེད་གསུམ་མཚོན་ཤེས་རབ་ཡེ་ཤེས་དབང་།། རྫོགས་ཆེན་དབང་པོ་ཡང་རབ་གྱུར་པ་ལ།། མིང་མེད་གསུམ་གྱི་བརྡ་ཡི་དབང་བསྐུར་བས།། མིང་མེད་གསུམ་གྱི་ངང་དུ་བྱིན་རླབས་ཏེ།། མིང་གསུམ་མེད ་པའི་བརྡ་ཡིས་དབང་བསྐུར་རོ།། བརྡ་ཡི་དབང་བསྐུར་བ་ལ་རྣམ་བཞི་སྟེ།། ཆོས་སྐུ་མིང་མེད་ཆོས་སྐུ་མཚོན་དབང་དང་།། ཡེ་ཤེས་མིང་མེད་ཡེ་ཤེས་བརྡ་དབང་དང་།། དབྱེར་མེད་མིང་མེད་བརྡ་དབང་དང་།། མིང ་མེད་གསུམ་ལ་མཚོན་པའི་དབང་བསྐུར་བས།། མིང་མེད་མཚོན་པ་མེད་པར་བྱིན་རླབས་ཏེ།། ནམ་མཁའ་མིང་མེད་བརྡ་ཡི་དབང་བསྐུར་བའོ།། ཞལ་བསྟན་འབྲས་བུ་ངེས་པ་ལ་གཉིས་ཏེ།། སྤྱི་དང་ཁྱད་པར་གཉིས ་ཀྱི་ཞལ་བསྟན་པའོ།། སྤྱི་ཡི་རང་བཞིན་ཆོས་སྐུའི་ཞལ་བསྟན་པ།། ནམ་མཁའ་མིང་དུ་མ་བཏགས་ནམ་མཁའ་ཡི།། ནམ་མཁའི་སྙིང་པོར་ནམ་མཁའ་བལྟ་བྱས་ན།། དེ་ཚེ་ནམ་མཁའ་ཉིད་དུ་དེ་ཉིད་འགྱུར།། འབྲས ་བུ་སངས་རྒྱས་ཉིད་དུ་ངེས་ཐོབ་པའོ།། ཁྱད་པར་ཞལ་བསྟན་ལ་ཡང་རྣམ་གསུམ་སྟེ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ཞལ་བསྟན་པ།། ནམ་ནི་རིག་མེད་ཆོས་སྐུའི་རང་བཞིན་ལ།། ཆོས་སྐུ་རིག་མེད་ནམ་གྱི་རང ་བཞིན་ཏེ།། ལྷུན་གྲུབ་ཆོས་སྐུ་ནམ་ལ་བལྟས་བྱས་ན།། དེ་ཚེ་ཆོས་སྐུ་ནམ་དང་གཉིས་མེད་པས།། འབྲས་བུ་སངས་རྒྱས་ཆོས་སྐུ་ངེས་ཐོབ་པའོ།། ལྷུན་གྲུབ་རང་བྱུང་ཡེ་ཤེས་ཞལ་བསྟན་པ།། མཁའ་ནི་རང་བྱུང་ཡེ ་ཤེས་རང་བཞིན་ལ།། རང་བྱུང་ཡེ་ཤེས་མཁའ་ཡི་རང་བཞིན་ཏེ།། ལྷུན་གྲུབ་རང་བྱུང་ཡེ་ཤེས་བལྟས་བྱས་ནས།། དེ་ཚེ་རང་བྱུང་ཡེ་ཤེས་གཉིས་མེད་པའི།། འབྲས་བུ་རང་བྱུང་ཡེ་ཤེས་དེས་ཐོབ་པའོ།། ཆོས་སྐུ་ཡེ ་ཤེས་དབྱེར་མེད་ཞལ་བསྟན་པ།། ནམ་ནི་རིག་མེད་ཆོས་སྐུའི་རང་བཞིན་དང་།། མཁའ་ནི་རང་རིག་ཡེ་ཤེས་རང་བཞིན་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བར་གནས།། གཉིས་མེད་མིང་མེད་ནང་དུ་བལྟས ་བྱས་ན།། དེ་ཚེ་དབྱེར་མེད་གཉིས་སུ་མེད་པར་འགྱུར།། ཆོས་སྐུ་ཡེ་ཤེས་དབྱེར་མེད་དེས་ཐོབ་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། དབང་བསྐུར་ཞིང་འབྲས་བུ་སངས་རྒྱས་པའི་ལེའུ་སྟེ་སོ ་བདུན་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལྷ་སྤྱོད་སྒོམ་པ་འབྲས་བུ་དབྱེར་མེད་པའི།། སྤྱི་ཡི་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་རྣམས་ཐམས་ཅད་འབྱུང་བའི་གཞིར་གྱུར་པ།། རིག་མེད་རང་རིག་སྟོང་པའི་རང་བཞིན་ཅན།། མཐའ་དང་དབུས་མེད་དོན་དམ་སྙིང ་པོའི་ངང་།། བརྗོད་དུ་མེད་པའི་རང་བཞིན་ཡུལ་ལས་འདས།། དངོས་པོ་མཚན་མ་མེད་པའི་བདག་ཆེན་པོ།། འགྱུར་བ་མེད་པ་མ་བཅོས་ཀུན་གྱི་ལམ།། ཐ་སྙད་ཀུན་དང་བྲལ་བ་ཐིག་ལེའི་ཀློང་།། སྒྲོ་སྐུར་ཀུན་བྲལ ་ཚིག་གིས་མཚོན་དུ་མེད།། ཡོད་མེད་སྟོང་དང་མི་སྟོང་གཞལ་དུ་མེད།། རྒྱུ་རྐྱེན་མ་སྐྱེད་ཟག་པ་མེད་པའི་སྐུ།། ཀུན་ལ་ཁྱབ་པའི་རྒྱ་ཡོངས་མ་ཆད་པ།། ཟད་མེད་རིན་ཆེན་གཏེར་གྱི་མཛོད་གྱུར་པ།། ཚོགས་བརྒྱད ་ཡུལ་དུ་མ་གྱུར་རྨད་དུ་བྱུང་།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། གཅོད་མེད་མི་གཅོད་དབྱེར་མེད་ཤེལ་བརྒྱུས་འདྲ།། སྣང་བ་འདི་ཉིད་ཡིན་ཏེ་མཐོང་བ་མེད།། མཐོང་མེད་མཐོང་བ་ལྟ་བའི་ལྷ་མཆོག ་ཡིན།། རང་བྱུང་རྩལ་གྱི་ཡན་ལག་སྣང་བ་རྣམས།། ལྟ་བའི་ངང་དུ་དབྱེར་མེད་སྤྱོད་སྣང་བ།། རིག་མེད་རང་གསལ་སྟོང་པའི་ངང་དུ་སྤྱོད།། རང་རིག་རང་གསལ་མཐའ་དང་དབུས་མེད་སྤྱོད།། བརྗོད་མེད་རང་བཞིན ་རྟོག་པ་ཡུལ་ལ་སྤྱོད།། དངོས་པོ་མཚན་མེད་དབྱིངས་ཀྱི་དོན་ལ་སྤྱོད།། འགྱུར་མེད་མ་བཅོས་ཀུན་གྱི་ལམ་དུ་སྤྱོད།། ཐ་སྙད་བྲལ་བའི་ཐིག་ལེ་ཆེན་པོར་སྤྱོད།། སྒྲོ་སྐུར་བྲལ་བའི་དབྱིངས་ཀྱི་ངང་དུ་སྤྱོད།། གཞལ་དུ ་མེད་པའི་སྟོང་པའི་དབྱིངས་སུ་སྤྱོད།། རྒྱུ་རྐྱེན་མ་ཟག་མེད་ཀུན་ཏུ་སྤྱོད།། ཀུན་ཁྱབ་རྒྱ་ཡོངས་མ་ཆད་པ་རུ་སྤྱོད།། ཟད་པ་མེད་པའི་རིན་ཆེན་གཏེར་དུ་སྤྱོད།། རྨད་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། སྤྱོད་པ ་མེད་པའི་ངང་དུ་སྤྱོད་པ་སྟེ།། སྤྱོད་མེད་སྤྱོད་པ་སྤྱོད་པའི་སྤྱོད་མཆོག་ཡིན།། རྩལ་གྱི་ཡན་ལག་ཆོས་རྣམས་སྣང་བ་ཀུན།། བཅོས་མེད་མ་བཅོས་ཇི་བཞིན་ངང་ལ་གཞག། རིག་པ་མ་བཅོས་ཇི་བཞིན་ཉིད་དུ ་གཞག། བཅོས་མེད་མ་བཅོས་གསལ་བའི་ངང་ལ་གཞག། གཞག་ཏུ་དངོས་མེད་དམིགས་པའི་ངོ་བོ་མེད།། དངོས་པོ་མེད་པའི་རང་བཞིན་གཞག་ས་མེད།། གཞག་ས་མེད་པའི་གཞག་སར་བཞག་པ་ནི།། སྒོམ་དུ ་མེད་པའི་སྒོམ་པ་ཆེན་པོ་སྟེ།། སྒོམ་དུ་མེད་པའི་སྒོམ་པ་ཆེན་པོ་ནི།། སྒོམ་པ་ཀུན་གྱི་ནང་ན་བསྔགས་པ་ཡིན།། ཡན་ལག་རྩལ་གྱི་ཆོས་ཉིད་སྙིང་པོ་ཉིད།། གྲུབ་པ་མེད་པའི་གྲུབ་པ་ལྷུན་གྲུབ་སྟེ།། ལྷུན་གྲུབ ་སྤངས་ཐོབ་མེད་པའི་འབྲས་བུ་ཡིན།། སྤངས་ཐོབ་མེད་པའི་འབྲས་ཆེན་འབྲས་བུ་ཡང་།། འབྲས་བུའི་ནང་ན་འབྲས་བུའི་མཆོག་ཆེན་ཡིན།། ལྟ་བའི་ལྟ་བ་བལྟར་མེད་ལྷུན་རྫོགས་ཡིན།། ལྟ་བའི་སྤྱོད ་པ་རང་བཞིན་ཡོངས་རྫོགས་ཡིན།། ལྟ་བའི་སྒོམ་པ་དམིགས་སུ་མེད་པ་ཡིན།། ལྟ་བའི་འབྲས་བུ་ཐོབ་པ་མེད་པ་ཡིན།། སྤྱོད་པའི་ལྟ་བ་རང་བཞིན་ཡོངས་རྫོགས་ཡིན།། སྤྱོད་པའི་སྤྱོད་པ་མཚན་མ་ཡོངས་རྫོགས ་ཡིན།། སྤྱོད་པའི་སྒོམ་པ་རང་བཞིན་རྣམ་དག་ཡིན།། སྤྱོད་པའི་འབྲས་བུ་བླང་དོར་མེད་པ་ཡིན།། སྒོམ་པའི་ལྟ་བ་དམིགས་སུ་མེད་པ་ཡིན།། སྒོམ་པའི་སྤྱོད་པ་རང་བཞིན་རྣམ་དག་ཡིན།། སྒོམ་པའི་སྒོམ་པ་ཡོངས་སུ ་མེད་པ་ཡིན།། སྒོམ་པའི་འབྲས་བུ་སྤངས་ཐོབ་མེད་པ་ཡིན།། འབྲས་བུའི་ལྟ་བ་བལྟར་མེད་ལྷུན་གྲུབ་ཡིན།། འབྲས་བུའི་སྤྱོད་པ་སྤྱད་དུ་མེད་པ་ཡིན།། འབྲས་བུའི་སྒོམ་པ་སྒོམ་དུ་མེད་པ་ཡིན།། འབྲས་བུའི་འབྲས ་བུ་ཐོབ་པ་མེད་པ་ཡིན།། ལྷ་སྤྱོད་གྲངས་མེད་བསྟན་ཀྱང་དབྱེར་མེད་གཅིག། དབྱེར་མེད་མིང་དང་བྲལ་བ་ནམ་མཁའ་ཡིན།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ལྷ་སྤྱོད་སྒོམ་པ་དབྱེར་མེད་པའི་ལེའུ་སྟེ་སོ་བརྒྱད ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཁྱད་པར་ལྟ་སྤྱོད་སྒོམ་པ་འབྲས་བུ་ཡི།། དབྱེར་མེད་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན ་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཁྱད་པར་མིང་བཏགས་ལ་ཡང་རྣམ་གཉིས་ཏེ།། རང་བཞིན་ལྷུན་གྲུབ་ཉིད་ལ་མིང་བཏགས་དང་།། རྩལ་གྱི་ཡན་ལག་ཉིད་ལ་མིང་བཏགས ་པའོ།། ལྷུན་གྲུབ་ཉིད་ལ་མིང་བཏགས་རྣམ་གསུམ་སྟེ།། ཆོས་སྐུའི་མིང་དང་རང་བྱུང་ཡེ་ཤེས་དང་།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའོ།། རང་བཞིན་ཆོས་སྐུ་ཉིད་ལ་མིང་བཏགས་པ།། རང་གསལ་རིག་མེད ་འགྱུར་བ་མེད་པ་ལྟ།། སྐྱེ་བ་མེད་པའི་རྟོག་མེད་དང་དུ་སྤྱོད།། ཡེངས་པ་མེད་པའི་རྟོག་མེད་ཆོས་སྐུ་སྒོམ།། ཐོབ་པ་མེད་པའི་འབྲས་བུ་ལྷུན་གྲུབ་ཐོབ།། རང་བྱུང་ཡེ་ཤེས་ཉིད་ལ་མིང་བཏགས་པ།། རང་རིག་རང ་གསལ་མི་འགྱུར་ལྟ་བ་ལྟ།། མ་སྐྱེས་པ་ཡི་མི་རྟོག་དང་ལ་སྤྱོད།། མ་ཡེངས་པ་ཡི་མི་དམིགས་རང་གསལ་སྒོམ།། འབྲས་བུ་རང་བྱུང་ཡེ་ཤེས་ལྷུན་གྲུབ་ཐོབ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པ།། ལྟ་སྤྱོད་སྒོམ ་དང་འབྲས་བུའི་མིང་བཏགས་པ།། ཆོས་སྐུ་རིག་མེད་རང་གསལ་འགྱུར་མེད་དང་།། རང་བྱུང་ཡེ་ཤེས་རང་རིག་མི་འགྱུར་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། འགྱུར་མེད་མི་འགྱུར་དབྱེར་མེད་ཆེན ་པོ་ལྟ།། ཆོས་སྐུ་རིག་མེད་རང་གསལ་སྐྱེ་མེད་དང་།། རང་འབྱུང་ཡེ་ཤེས་རང་རིག་མ་སྐྱེས་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡིན།། སྐྱེ་མེད་མ་སྐྱེས་དབྱེར་མེད་ཆེན་པོར་སྤྱོད།། ཆོས་སྐུ་རིག་མེད་རང ་གསལ་ཡེངས་མེད་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཡེངས་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། ཡེངས་མེད་མ་ཡེངས་གཉིས་མེད་ཆེན་པོ་སྒོམ།། ཆོས་སྐུ་རིག་མེད་རང་གསལ་ཐོབ ་མེད་དང་།། རང་བྱུང་ཡེ་ཤེས་རང་རིག་མ་ཐོབ་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བ་ཡི།། ཐོབ་མེད་མ་ཐོབ་དབྱེར་མེད་འབྲས་བུ་ཐོབ།། རྩལ་གྱི་མིང་བཏགས་ལ་ཡང་རྣམ་གཉིས་ཏེ།། ཡན་ལག་སྙིང་པོ ་ཉིད་ལ་མིང་བཏགས་དང་།། ཐེག་དམན་རྣམས་ཀྱི་སོ་སོར་མིང་བཏགས་པའོ།། ཡན་ལག་སྙིང་པོ་ཉིད་ལ་མིང་བཏགས་གསུམ།། ཡན་ལག་ཆོས་ཀྱི་སྐུ་ལ་མིང་བཏགས་པ།། རིག་མེད་རང་གསལ་སྤྲོས་པ་མེད་པ་དང ་རིག་མེད་རང་གསལ་སྐྱེ་བ་མེད་པ་སྤྱོད།། རིག་མེད་རང་གསལ་རྟོག་པ་མེད་པ་སྒོམ།། རིག་མེད་རང་གསལ་འབྲས་བུ་ཆོས་སྐུ་ཐོབ།། ཡན་ལག་རང་བྱུང་ཡེ་ཤེས་མིང་བཏགས་པ།། ཡེ་ཤེས་རང་གསལ་རང ་རིག་མ་སྤྲོས་ལྟ།། ཡེ་ཤེས་རང་གསལ་རང་རིག་མ་སྐྱེས་སྤྱོད།། ཡེ་ཤེས་རང་གསལ་རང་རིག་མ་ཡེངས་སྒོམ།། ཡེ་ཤེས་རང་གསལ་རང་རིག་འབྲས་བུ་ཐོབ།། སྤྲོས་མེད་མ་སྤྲོས་གཉིས་སུ་མེད་པ་ལྟ།། སྐྱེ་མེད་མ ་སྐྱེས་གཉིས་སུ་མེད་པ་སྤྱོད།། རྟོག་མེད་མི་རྟོག་གཉིས་སུ་མེད་པ་སྒོམ།། ཆོས་སྐུ་ཡེ་ཤེས་གཉིས་སུ་མེད་པ་ཐོབ།། སོ་སོར་མིང་བཏགས་དབྱེར་མེད་གཅིག་པ་དང་།། ཐེག་དམན་རྣམས་ཀྱིས་སོ་སོར་མིང་བཏགས ་པ།། ལྟ་སྤྱོད་སྒོམ་དང་འབྲས་བུ་སོ་སོ་ཡི།། སོ་སོ་རང་རང་རྟོག་པའི་མིང་བཏགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཁྱད་པར་ལྟ་སྤྱོད་སྒོམ་པའི་མིང་བཏགས་པའི་ལེའུ་སྟེ་སོ་དགུ ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཀུན་གྱི་གཞི་མ་ལྷུན་གྲུབ་མིང་མེད་ལ།། ས་ཆུ་མེ་རླུང་ནམ་མཁའ་འབྱུང་ལྔ་ལ།། ཆོས་ཀྱི་སྐུ་དང་རང་བྱུང ་ཡེ་ཤེས་ཀྱི།། དབྱེར་མེད་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་འགྱུར་མེད་འདེགས་པས་སྲ་བས་ས།། ཆོས་སྐུ་གཡོ་མེད ་སྡུད་པ་ལྡེམ་པས་ཆུ།། ཆོས་སྐུ་རྒྱ་ཆད་མེད་པ་སྨིན་དྲོད་མེ།། ཆོས་སྐུ་འགག་མེད་བསྐྱོད་མེད་ཡང་བ་རླུང་།། ཆོས་སྐུ་རང་གསལ་འབྱེར་མེད་སྟོང་པ་ནམ།། ཡེ་ཤེས་མི་འགྱུར་འདེགས་པ་སྲ་བས་ས།། ཡེ་ཤེས་མི་གཡོ ་སྡུད་པ་ལྡེམ་པས་ཆུ།། ཡེ་ཤེས་རྒྱ་མ་ཆད་པས་སྨིན་དྲོད་མེ།། ཡེ་ཤེས་མ་འགགས་མ་བསྐྱོད་ཡང་བས་རླུང་།། ཡེ་ཤེས་རང་གསལ་མི་འབྱེད་སྟོང་པ་མཁའ།། ཆོས་སྐུ་འགྱུར་མེད་འདེགས་པ་ས་ཉིད་དང་།། ཡེ་ཤེས་མི ་འགྱུར་འདེགས་པའི་ས་ཉིད་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་ས།། ཆོས་སྐུ་གཡོ་མེད་སྡུད་པའི་ཆུ་ཉིད་དང་།། ཡེ་ཤེས་མི་གཡོ་སྡུད་པའི་ཆུ་ཉིད་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི ་ཆུ།། ཆོས་སྐུ་རྒྱ་ཆད་མེད་པའི་སྨིན་མེ་དང་།། ཡེ་ཤེས་རྒྱ་མ་ཆད་པའི་སྨིན་མེ་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་མེ།། ཆོས་སྐུ་འགག་མེད་བསྐྱོད་མེད་ཡང་རླུང་དང་།། ཡེ་ཤེས་མ ་འགགས་མ་བསྐྱོད་ཡང་རླུང་གཉིས།། གཅིག་དང་ཐ་དད་དག་ལས་གྲོལ་བའི་རླུང་།། ཆོས་སྐུ་འབྱེར་མེད་སྟོང་པའི་ནམ་ཉིད་དང་།། ཡེ་ཤེས་མི་འབྱེད་སྟོང་པའི་མཁའ་ཉིད་གཉིས།། གཅིག་དང་ཐ་དད་དག་ལས ་གྲོལ་བའི་ནམ་མཁའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། འབྱུང་བ་ལྔ་ལ་ཆོས་སྐུ་ཡེ་ཤེས་དང་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་མིང་དང་བྲལ་བ་ལ།། འདོད་ཆགས་ཞེ་སྡང་ཕྲག་དོགས་ང་རྒྱལ་དང་།། མ་རིག་ཉོན་མོངས་རྣམ་པ་ལྔ་པོ་ལ།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས ་ཀྱི།། དབྱེར་མེད་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་གཡོ་མེད་བདེ་བའི་རང་བཞིན་འདོད།། གཡོ་མེད་བདེ་བའི་རང ་བཞིན་དང་ན་ཆགས།། ཆོས་སྐུ་འགྱུར་མེད་རང་བཞིན་དང་ན་ཞེ།། ཆོས་སྐུ་འགྱུར་མེད་རང་བཞིན་དང་ན་སྡང་།། ཆོས་སྐུ་འགག་པ་མེད་པའི་རང་བཞིན་ཕྲག། འགག་པ་མེད་པའི་རང་བཞིན་དང་ན་དོག། ཆོས་སྐུའི ་རང་བཞིན་རྒྱ་ཆད་མེད་པ་ང་།། ཆོས་སྐུ་བཅོས་མེད་རང་བཞིན་དང་ན་རྒྱལ།། ཆོས་སྐུ་རང་གསལ་སྤྲོས་མེད་བརྡལ་བ་མ།། ཆོས་སྐུ་སྤྲོས་མེད་རིག་མེད་རང་བཞིན་རིག། ཡེ་ཤེས་མི་གཡོ་ངོ་བོ་བདེ་བ་འདོད།། ཡེ ་ཤེས་མི་གཡོ་བདེ་བའི་ངང་ན་ཆགས།། ཡེ་ཤེས་མི་འགྱུར་བ་ཡི་རང་བཞིན་ཞེ།། ཡེ་ཤེས་མི་འགྱུར་བ་ཡི་དང་ན་སྡང་།། ཡེ་ཤེས་མ་འགགས་པ་ཡི་རང་བཞིན་ཕྲག། ཡེ་ཤེས་མ་འགགས་པའི་རང་བཞིན་དང་ན། ་དོག། ཡེ་ཤེས་རྒྱ་མ་ཆད་པའི་རང་བཞིན་ང་།། ཡེ་ཤེས་མ་བཅོས་རང་བཞིན་དང་ན་རྒྱལ།། ཡེ་ཤེས་མ་སྤྲོས་རང་གསལ་བརྡལ་བ་མ།། ཡེ་ཤེས་མ་སྤྲོས་རང་བཞིན་ངང་གིས་རིག། གཡོ་མེད་རང་བཞིན་བདེ་བའི ་འདོད་ཆགས་དང་།། མི་གཡོ་རང་བཞིན་བདེ་བའི་འདོད་ཆགས་གཉིས།། གཡོ་མེད་མི་གཡོ་དབྱེར་མེད་འདོད་ཆགས་པའོ།། ཆོས་སྐུ་འགྱུར་མེད་རང་བཞིན་ཞེ་སྡང་དང་།། ཡེ་ཤེས་མི་འགྱུར་རང་བཞིན་ཞེ་སྡང ་གཉིས།། འགྱུར་མེད་མི་འགྱུར་དབྱེར་མེད་ཞེ་སྡང་བའོ།། ཆོས་སྐུ་འགག་མེད་རང་བཞིན་ཕྲག་དོགས་དང་།། ཡེ་ཤེས་མ་འགགས་རང་བཞིན་ཕྲག་དོགས་གཉིས།། འགག་མེད་མ་འགག་དབྱེར་མེད་ཕྲག་དོགས ་གོ། ཆོས་སྐུ་རྒྱ་ཆད་མེད་པའི་ང་རྒྱལ་དང་།། ཡེ་ཤེས་རྒྱ་མ་ཆད་པའི་ང་རྒྱལ་གཉིས།། ཆོས་སྐུ་ཡེ་ཤེས་དབྱེར་མེད་ང་རྒྱལ་ལོ།། ཆོས་སྐུ་རང་གསལ་སྤྲོས་མེད་མ་རིག་དང་།། ཡེ་ཤེས་རང་རིག་མ་སྤྲོས་མ་རིག ་གཉིས།། སྤྲོས་མེད་མ་སྤྲོས་དབྱེར་མེད་མ་རིག་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཉོན་མོངས་པ་ལྔ་ལ་ཆོས་སྐུ་ཡེ་ཤེས་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་ཞེ་གཅིག ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྱིས་གྲུབ་པའི་མིང་མེད་དེ།། གཟུགས་སྒྲ་དྲི་རོ་རེག་པ་ལྔ་སྣང་ལ།། ཆོས་ཀྱི་སྐུ་དང་རང ་འབྱུང་ཡེ་ཤེས་ཀྱི།། དབྱེར་མེད་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་གསལ་རིག་མེད་གསལ་བ་གཟུགས།། ཆོས ་སྐུ་རྒྱ་ཆད་མེད་པ་རང་བཞིན་སྒྲ།། ཆོས་སྐུ་འགག་མེད་སྐྱེ་བ་མེད་པ་དྲི།། ཆོས་སྐུ་གཡོ་བ་མེད་པའི་རང་བཞིན་རོ།། ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་རེག། ཡེ་ཤེས་རང་གསལ་རིག་པ་གསལ་བ་གཟུགས།། ཡེ ་ཤེས་རྒྱ་མ་ཆད་པ་རང་བཞིན་སྒྲ།། ཡེ་ཤེས་མ་འགགས་མ་སྐྱེས་པ་ཉིད་དྲི།། ཡེ་ཤེས་མ་གཡོས་པ་ཡི་རང་བཞིན་རོ།། ཡེ་ཤེས་མི་འགྱུར་བ་ཡི་རང་བཞིན་རག། ཆོས་སྐུ་རང་གསལ་རིག་མེད་གསལ་གཟུགས ་དང་།། ཡེ་ཤེས་རང་གསལ་རང་རིག་གསལ་གཟུགས་གཉིས།། རིག་མེད་རང་རིག་དབྱེར་མེད་གསལ་བ་གཟུགས།། ཆོས་སྐུ་རྒྱ་ཆད་མེད་པའི་སྒྲ་ཉིད་དང་།། ཡེ་ཤེས་རྒྱ་མ་ཆད་པའི་སྒྲ་ཉིད་གཉིས།། རྒྱ་ཆད་རྒྱ་མ ་ཆད་པའི་དབྱེར་མེད་སྒྲ།། ཆོས་སྐུ་འགག་མེད་སྐྱེ་མེད་དྲི་ཉིད་དང་།། ཡེ་ཤེས་མ་འགགས་མ་སྐྱེས་དྲི་ཉིད་གཉིས།། འགག་མེད་མ་འགགས་དབྱེར་མེད་པ་ཡི་དྲི།། ཆོས་སྐུ་གཡོ་མེད་རང་བཞིན་རོ་ཉིད་དང་།། ཡེ་ཤེས ་མི་གཡོ་རང་བཞིན་རོ་ཉིད་གཉིས།། གཡོ་མེད་མི་གཡོ་དབྱེར་མེད་པ་ཡི་རོ།། ཆོས་སྐུ་འགྱུར་མེད་རང་བཞིན་རེག་ཉིད་དང་།། ཡེ་ཤེས་མི་འགྱུར་རང་བཞིན་རེག་ཉིད་གཉིས།། འགྱུར་མེད་མི་འགྱུར་དབྱེར་མེད་རེག ་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། འདོད་པའི་ཡོན་ཏན་ལྔ་ལ་ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་དང་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་ཞེ་གཉིས་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། ཁ་དོག་རྣམ་པ་ལྔ་རུ་སྣང་བ་ལ།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་ཀྱི།། དབྱེར་མེད་མིང་བཏགས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་གསལ་སྒྲིབ་མེད་རང་བཞིན་དཀར།། ཆོས་སྐུ་འགྱུར་མེད་བརྡལ་བའི་རང་བཞིན་སེར།། ཆོས་སྐུ་རྒྱ་ཆད་མེད་པའི་རང་བཞིན་དམར།། ཆོས་སྐུ ་གཡོ་བ་མེད་པའི་རང་བཞིན་སྔོ།། ཆོས་སྐུ་འགག་པ་མེད་པའི་རང་བཞིན་ལྡང་།། ཡེ་ཤེས་མ་བསྒྲིབས་རང་གསལ་རང་བཞིན་དཀར།། ཡེ་ཤེས་མི་འགྱུར་བརྡལ་བའི་རང་བཞིན་སེར།། ཡེ་ཤེས་རྒྱ་མ་ཆད་པའི་རང ་བཞིན་དམར།། ཡེ་ཤེས་མི་འགྱུར་གཡོ་བའི་རང་བཞིན་སྔོ།། ཡེ་ཤེས་མ་འགགས་པ་ཡི་རང་བཞིན་ལྡང་།། ཆོས་སྐུ་སྒྲིབ་མེད་རང་གསལ་དཀར་བ་དང་།། ཡེ་ཤེས་མ་བསྒྲིབས་རང་གསལ་དཀར་བ ་གཉིས།། སྒྲིབ་མེད་མ་བསྒྲིབས་དབྱེར་མེད་རང་གསལ་དཀར།། ཆོས་སྐུ་འགྱུར་མེད་རང་བཞིན་སེར་བ་དང་།། ཡེ་ཤེས་མི་འགྱུར་རང་བཞིན་སེར་བ་གཉིས།། འགྱུར་མེད་མི་འགྱུར་དབྱེར་མེད་སེར་བའོ།། ཆོས་སྐུ ་རྒྱ་ཆད་མེད་པའི་དམར་བ་དང་།། ཡེ་ཤེས་རྒྱ་མ་ཆད་པའི་དམར་བ་གཉིས།། རྒྱ་ཆད་རྒྱ་མ་ཆད་པའི་དབྱེར་མེད་དམར།། ཆོས་སྐུ་གཡོ་མེད་རང་བཞིན་སྔོ་བ་དང་།། ཡེ་ཤེས་མི་གཡོ་རང་བཞིན་སྔོ་བ་གཉིས།། གཡོ ་མེད་མི་གཡོ་དབྱེར་མེད་རང་བཞིན་སྔོ།། ཆོས་སྐུ་འགག་མེད་རང་བཞིན་ལྡང་བ་དང་།། ཡེ་ཤེས་མ་འགགས་རང་བཞིན་ལྡང་བ་གཉིས།། འགག་མེད་མ་འགགས་དབྱེར་མེད་ལྡང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི ་མདོ་ལས། ཁ་དོག་ལྔ་ལ་ཆོས་ཀྱི་སྐུ་དང་རང་འབྱུང་ཡེ་ཤེས་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ ་ལ།། ཆོས་ཀྱི་སྐུ་ལ་ཐེག་པ་རྣམས་ཀྱི་མིང་།། ཆོས་ཀྱི་སྐུ་ལ་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུའི་རང་བཞིན་ལྷུན་གྲུབ་མིང ་མེད་དེ།། མཚན་མ་ཐེག་པའི་ཆོས་སྐུའི་མིང་བཏགས་པ།། ཆོས་སྐུ་འགྱུར་མེད་རང་གསལ་ཡེ་ཉིད་མུ།། ཆོས་ཉིད་བཅོས་པ་མེད་པའི་རང་བཞིན་སྟེགས།། ཆོས་སྐུ་རིག་མེད་རང་གསལ་ཡེ་ཉིད་ཉན།། ཆོས་སྐུ་བཅོས ་པ་མེད་པའི་རང་བཞིན་ཐོས།། ཆོས་སྐུ་བསྒྲུབས་པ་མེད་པ་གྲུབ་པ་རང་།། ཆོས་ཉིད་བཙལ་དུ་མེད་པ་ཡེ་སངས་རྒྱས།། གཡོས་པ་མེད་པའི་ཆོས་སྐུ་ཡེ་ནས་སེམས།། ཆོས་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ ་ཙམ།། ཆོས་སྐུ་སྐྱེ་མེད་མཐའ་དབུས་མེད་པ་དབུ།། ཆོས་སྐུ་བཅོས་མེ་ཡོངས་ལ་ཁྱབ་པས་མ།། ཆོས་སྐུ་རང་བཞིན་བྱ་བ་མེད་པས་ཀྲི།། ཆོས་སྐུ་གྲུབ་མེད་བྱ་བ་མེད་པས་ཡ།། ཆོས་སྐུ་གཟུང་དུ་མེད་པ་བརྡལ་བ ་ཨུ།། ཆོས་སྐུ་བརྡལ་བའི་རང་བཞིན་ཁྱབ་པས་པ།། ཆོས་ཉིད་ཡེ་ནས་ལྷུན་གྱིས་གྲུབ་པ་ཡ།། ཆོས་སྐུ་འགག་མེད་ཡོངས་ལ་ཁྱབ་པ་ཡོ།། འགག་མེད་སྙིང་པོ་རྟོག་མེད་མཐར་ཕྱིན་ག། ཆོས་སྐུ་སྐྱེ་མེད་ཀུན་ལ་ཁྱབ་པ ་མ།། ཆོས་སྐུ་བརྡལ་བ་བདེ་ཆེན་དགྱེས་པ་ཧ།། ཆོས་སྐུ་མཐའ་དབུས་མེད་པས་ཁྱབ་པ་ཡོ།། ཆོས་སྐུ་མིང་མེད་བདེ་བ་མཐར་ཕྱིན་ག། ཆོས་སྐུ་སྤྲོས་པ་མེད་པའི་ཆོས་ཉིད་ཨ།། ཆོས་ཉིད་སྤྲོས་མེད་འདུ་འབྲལ་མེད་པ ་ནུ།། འདུ་འབྲལ་མེད་པ་ཀུན་ལ་ཁྱབ་པ་ཡོ།། ཀུན་ལ་ཁྱབ་པ་ཆོས་སྐུའི་རང་བཞིན་ག། ཆོས་སྐུ་སྐྱེ་མེད་བརྗོད་དུ་མེད་པ་ཨ།། སྐྱེ་མེད་མཚོན་དུ་མེད་པ་རྫོགས་པ་ཏི།། ཆོས་སྐུ་ཀུན་ཁྱབ་ལུས་མེད་རྫོགས་པ་ཡོ།། ཆོས ་སྐུ་སྐྱེ་མེད་ཀུན་ཁྱབ་མཐར་ཕྱིན་ཀ། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཐེག་པ་རྣམས་ལ་ཆོས་ཀྱི་སྐུའི་མིང་བཏགས་པའི་ལེའུ་སྟེ་ཞེ་བཞི་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བྱུང་ཡེ་ཤེས་ཐེག་པ་རྣམས་ཀྱི་མིང་།། རང་བྱུང་ཡེ་ཤེས་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས ་དཔའ་ལ།། རང་བྱུང་ཡེ་ཤེས་རང་བཞིན་མིང་མེད་དེ།། ཐེག་པའི་རང་བྱུང་ཡེ་ཤེས་མིང་བཏགས་པས།། ཡེ་ཤེས་མ་བཅོས་རང་རིག་ཡེ་ཉིད་མུ།། ཡེ་ཤེས་མི་འགྱུར་རིག་པ་མི་རྟོག་སྟེགས།། རང་བྱུང་ཡེ་ཤེས་མ ་བཅོས་ཡེ་ནས་ཉན།། ཡེ་ཤེས་མི་འགྱུར་རིག་པ་མི་རྟོག་ཟོས།། ཡེ་ཤེས་མ་བསྒྲུབས་ཡེ་ཉིད་གྲུབ་པ་རང་།། རིག་པ་མ་བཅོས་ཡེ་ཤེས་དབྱིངས་ནས་སངས།། མ་གཡོས་པ་ཡི་ཡེ་ཤེས་རང་རིག་རྒྱས།། ཡེ་ཤེས་མ ་གཡོས་རང་རིག་རིག་པ་སེམས།། ཡེ་ཤེས་སེམས་ཀྱི་རང་རིག་གྲུབ་པ་ཙམ།། ཡེ་ཤེས་མི་འགྱུར་མཐའ་དབུས་མེད་པ་དབུ།། རང་བྱུང་ཡེ་ཤེས་ཀུན་ལ་ཁྱབ་པ་མ།། ཡེ་ཤེས་སྙིང་པོ་མ་བྱས་རང་རིག་ཀྲི།། རང་བྱུང་ཡེ ་ཤེས་མ་གཡོས་མཐར་ཕྱིན་ཡ།། ཡེ་ཤེས་མ་བསྐྱོད་རང་གསལ་བརྡལ་བ་ཨུ།། ཡེ་ཤེས་བརྡལ་བའི་དབྱིངས་ཉིད་རང་རིག་པ།། དབྱིངས་ནས་མ་བསྐྱོད་ཡེ་ཤེས་གྲུབ་པ་ཡ།། ཡེ་ཤེས་མི་འགྱུར་ཡོངས་ལ་ཁྱབ་པ ་ཡོ།། ཡེ་ཤེས་སྙིང་པོ་རང་རིག་མི་རྟོག་གོ། རང་བྱུང་ཡེ་ཤེས་ཀུན་ལ་ཁྱབ་པས་མ།། ཡེ་ཤེས་མི་རྟོག་བདེ་བ་དགྱེས་པ་ཧ།། ཡེ་ཤེས་བདེ་བའི་རང་རིག་ཁྱབ་པས་ཡོ།། མིང་དང་བྲལ་བའི་བདེ་བ་མི་རྟོག་ག། ཡེ་ཤེས ་རང་རིག་མ་སྐྱེས་དབྱིངས་ཉིད་ཨ།། རིག་པའི་ཡེ་ཤེས་མ་སྐྱེས་མི་རྟོག་ནུ།། མ་གཡོས་པ་ཡི་ཡེ་ཤེས་ཁྱབ་པ་ཡོ།། རང་བྱུང་ཡེ་ཤེས་རང་བཞིན་མི་རྟོག་ག། རང་བྱུང་ཡེ་ཤེས་མ་སྐྱེས་དབྱིངས་ཉིད་ཨ།། རང་བྱུང་ཡེ ་ཤེས་ཀུན་ལ་རྫོགས་པས་ཏི།། རང་བྱུང་ཡེ་ཤེས་ཀུན་ལ་ཁྱབ་པས་ཡོ།། རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པས་ག། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཐེག་པ་རྣམས་ཀྱི་མིང་རྣམས་ལ་རང་བྱུང་ཡེ་ཤེས་ཀྱི་མིང ་བཏགས་པའི་ལེའུ་སྟེ་ཞེ་ལྔ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་མིང་།། ཐེག་པ་རྣམས་ཀྱི་མིང་རྣམས་སོ། ་སོ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་མིང་།། བཏགས་པའི་མི་རྣམས་སྣང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་འགྱུར་མེད་རང ་གསལ་མུ་ཉིད་དང་།། ཡེ་ཤེས་མི་འགྱུར་རང་གསལ་མུ་ཉིད་གཉིས།། འགྱུར་མེད་མི་འགྱུར་གཉིས་མེད་རང་གསལ་མུ།། ཆོས་སྐུ་བཅོས་མེད་རང་བཞིན་སྟེགས་ཉིད་དང་།། ཡེ་ཤེས་མ་བཅོས་རང་བཞིན་སྟེགས་ཉིད ་གཉིས།། བཅོས་མེད་མ་བཅོས་དབྱེར་མེད་རང་བཞིན་སྟེགས།། ཆོས་སྐུ་རིག་མེད་རང་གསལ་ཉན་ཉིད་དང་།། ཡེ་ཤེས་རང་རིག་རང་གསལ་ཉན་ཉིད་གཉིས།། རིག་མེད་རང་རིག་དབྱེར་མེད་རང ་གསལ་ཉན།། ཆོས་སྐུ་བཅོས་མེད་རང་བཞིན་ཐོས་པ་དང་།། ཡེ་ཤེས་མ་བཅོས་རང་བཞིན་ཐོས་པ་གཉིས།། བཅོས་མེད་མ་བཅོས་དབྱེར་མེད་རང་བཞིན་ཐོས།། ཆོས་སྐུ་བསྒྲུབས་པ་མེད་པ་རང་ཉིད་དང་།། ཡེ་ཤེས ་མ་བསྒྲུབས་གྲུབ་པ་རང་ཉིད་གཉིས།། བསྒྲུབས་མེད་མ་བསྒྲུབས་དབྱེར་མེད་རང་བཞིན་རང་།། ཆོས་སྐུ་རྩོལ་མེད་ཡེ་སངས་རྒྱས་པ་དང་།། ཡེ་ཤེས་མ་བཙལ་ཡེ་སངས་རྒྱས་པ་གཉིས།། རྩོལ་མེད་མ་བཙལ་གཉིས ་མེད་ཡེ་སངས་རྒྱས།། ཆོས་སྐུ་གཡོས་པ་མེད་པ་ཡེ་སེམས་དང་།། ཡེ་ཤེས་མ་གཡོས་པ་ཡི་ཡེ་སེམས་གཉིས།། གཡོས་མེད་མ་གཡོས་དབྱེར་མེད་ཡེ་ནས་སེམས།། ཆོས་སྐུ་རང་བཞིན་ལྷུན་གྱིས་གྲུབ་ཙམ་དང་།། ཡེ ་ཤེས་རང་བཞིན་ལྷུན་གྱིས་གྲུབ་ཙམ་གཉིས།། ཆོས་སྐུ་ཡེ་ཤེས་དབྱེར་མེད་ལྷུན་གྲུབ་ཙམ།། ཆོས་སྐུ་སྐྱེ་བ་མེད་པའི་དབུ་ཉིད་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་དབུ་ཉིད་དོ།། ཆོས་སྐུ་བཅོས་མེད་ཀུན་ལ་ཁྱབ་མ ་དང་།། ཡེ་ཤེས་མ་བཅོས་ཀུན་ལ་ཁྱབ་མ་གཉིས།། བཅོས་མེད་མ་བཅོས་དབྱེར་མེད་ཀུན་ཁྱབ་མ།། ཆོས་སྐུ་བྱས་མེད་རང་བཞིན་ཀྲི་ཉིད་དང་།། ཡེ་ཤེས་མ་བྱས་རང་བཞིན་ཀྲི་ཉིད་གཉིས།། བྱས་མེད་མ་བྱས་དབྱེར ་མེད་རང་བཞིན་ཀྲི།། ཆོས་སྐུ་བསྒྲུབ་མེད་བྱ་བ་མེད་ཡ་དང་།། ཡེ་ཤེས་མི་སྒྲུབ་མི་བྱ་མེད་ཡ་གཉིས།། བསྒྲུབ་མེད་མི་སྒྲུབ་དབྱེར་མེད་རང་བཞིན་ཡ།། ཆོས་སྐུ་གཟུང་དུ་མེད་པའི་བརྡལ་ཨུ་དང་།། ཡེ་ཤེས་མི་གཟུང ་བ་ཡི་བརྡལ་ཨུ་གཉིས།། གཟུང་མེད་མི་གཟུང་དབྱེར་མེད་བརྡལ་བ་ཨུ།། ཆོས་སྐུ་རིག་མེད་རང་བཞིན་ཁྱབ་པ་དང་།། ཡེ་ཤེས་རིག་པ་རང་བཞིན་ཁྱབ་པ་གཉིས།། རིག་མེད་རིག་པ་དབྱེར་མེད་རང་བཞིན་པ།། ཆོས ་སྐུ་བྱ་མེད་གྲུབ་པ་ཡ་ཉིད་དང་།། ཡེ་ཤེས་མ་བྱས་གྲུབ་པ་ཡ་ཉིད་གཉིས།། བྱ་མེད་མ་བྱས་དབྱེར་མེད་གྲུབ་པ་ཡ།། ཆོས་སྐུ་འགག་མེད་ཡོངས་ལ་ཁྱབ་ཡོ་དང་།། ཡེ་ཤེས་མ་འགགས་ཡོངས་ལ་ཁྱབ་ཡོ་དང་།། ཡེ ་ཤེས་མ་འགགས་ཡོངས་ལ་ཁྱབ་ཡོ་གཉིས།། འགག་མེད་མ་འགགས་དབྱེར་མེད་ཁྱབ་པ་ཡོ།། ཆོས་སྐུ་རྟོག་མེད་མཐར་ཕྱིན་ག་ཉིད་དང་།། ཡེ་ཤེས་མི་རྟོག་མཐར་ཕྱིན་ག་ཉིད་གཉིས།། རྟོག་མེད་མི་རྟོག་དབྱེར་མེད ་མཐར་ཕྱིན་ག། ཆོས་སྐུ་སྐྱེ་མེད་ཀུན་ལ་ཁྱབ་མ་དང་།། ཡེ་ཤེས་མ་སྐྱེས་ཀུན་ལ་ཁྱབ་མ་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་ཀུན་ཁྱབ་མ།། ཆོས་སྐུ་གཡོ་མེད་བདེ་བ་ཧཱ་ཉིད་དང་།། ཡེ་ཤེས་མི་གཡོ་བདེ་བ་ཧ་ཉིད ་གཉིས།། གཡོ་མེད་མི་གཡོ་དབྱེར་མེད་བདེ་བ་ཧཱ།། ཆོས་སྐུ་རིག་མེད་ཁྱབ་པ་ཡོ་ཉིད་དང་།། ཡེ་ཤེས་རིག་པ་ཁྱབ་པ་ཡོ་ཉིད་གཉིས།། རིག་མེད་རིག་པ་དབྱེར་མེད་ཁྱབ་པ་ཡོ།། ཆོས་སྐུ་རྟོག་མེད་བདེ་བ་ག ་ཉིད་དང་།། ཡེ་ཤེས་མི་རྟོག་བདེ་བ་ག་ཉིད་གཉིས།། རྟོག་མེད་མི་རྟོག་དབྱེར་མེད་བདེ་བ་ག། ཆོས་སྐུ་སྤྲོས་པ་མེད་པའི་ཨ་ཉིད་དང་།། ཡེ་ཤེས་མ་སྤྲོས་པ་ཡི་ཨ་ཉིད་གཉིས།། སྤྲོས་མེད་མ་སྤྲོས་དབྱེར ་མེད་ཨ་ཉིད་ཨ།། ཆོས་སྐུ་ནུབ་མེད་རང་བཞིན་ནུ་ཉིད་དང་།། ཡེ་ཤེས་མི་ནུབ་རང་བཞིན་ནུ་ཉིད་གཉིས།། ནུབ་མེད་མ་ནུབ་དབྱེར་མེད་རང་བཞིན་ནུ།། ཆོས་སྐུ་སྐྱེ་མེད་ཀུན་ལ་ཁྱབ་ཡོ་དང་།། ཡེ་ཤེས་མ་སྐྱེས་ཀུན ་ལ་ཁྱབ་ཡོ་གཉིས།། སྐྱེ་མེད་མ་སྐྱེས་དབྱེར་མེད་ཀུན་ཁྱབ་ཡོ།། ཆོས་སྐུ་མཚོན་མེད་མཐར་ཕྱིན་ག་ཉིད་དང་།། ཡེ་ཤེས་མ་མཚོན་མཐར་ཕྱིན་ག་ཉིད་གཉིས།། མཚོན་མེད་མ་མཚོན་དབྱེར་མེད་མཐར་ཕྱིན་ག། ཆོས་སྐུ ་བརྗོད་མེད་སྙིང་པོ་ཨ་ཉིད་དང་།། ཡེ་ཤེས་མ་བརྗོད་སྙིང་པོ་ཨ་ཉིད་གཉིས།། བརྗོད་མེད་མ་བརྗོད་དབྱེར་མེད་སྙིང་པོ་ཨ།། ཆོས་སྐུ་རིག་མེད་རྫོགས་པ་ཏི་ཉིད་དང་།། ཡེ་ཤེས་རིག་པ་རྫོགས་པ་ཏི་ཉིད ་ཉིས།། རིག་མེད་རིག་པ་དབྱེར་མེད་རྫོགས་པ་ཏི།། ཆོས་སྐུ་རང་བཞིན་ཀུན་ཁྱབ་ཡོ་ཉིད་གཉིས།། ཆོས་སྐུ་ཡེ་ཤེས་དབྱེར་མེད་ཀུན་ཁྱབ་ཡོ།། ཆོས་སྐུ་རང་གསལ་འབྲས་བུ་ག་ཉིད་དང་།། རང་བྱུང་ཡེ་ཤེས་འབྲས ་བུ་ག་ཉིད་གཉིས།། ཆོས་སྐུ་ཡེ་ཤེས་དབྱེར་མེད་འབྲས་བུ་ག། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། ཐེག་པ་རྣམས་ཀྱི་མིང་རྣམས་ལ་ཆོས་སྐུ་དང་ཡེ་ཤེས་དང་དབྱེར་མེད་པའི་མིང་བཏགས་པའི་ལེའུ་སྟེ་ཞེ་དྲུག ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ།། རང་བྱུང་ཡེ་ཤེས་ཡན་ལག་རྩལ་འཁྲུལ་ན།། སྣོད་དུ ་འཁྲུལ་དང་བཅུད་དུ་འཁྲུལ་པ་ཡི།། འཁྲུལ་པའི་གཞི་དང་འཁྲུལ་པའི་འདྲ་གཞི་དང་།། གཅིག་དང་གཉིས་སུ་མིང་བཏགས་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས ་དཔའ་ལ།། ཆོས་སྐུ་རང་འབྱུང་སྙིང་པོ་འོད་གཅིག་ལ།། སྙིང་པོ་གཅིག་ནི་འཁྲུལ་པའི་གཞི་ཡང་ཡིན།། ཡན་ལག་གཅིག་ནི་འཁྲུལ་པའི་འདྲ་གཞི་སྟེ།། གཅིག་ནི་གཅིག་ལ་འཁྲུལ་ཏེ་གཅིག་འཁྲུལ་བའོ།། གཅིག་ཏུ ་འཁྲུལ་པའི་ཆོས་རྣམས་ཐམས་ཅད་ཀུན།། གཅིག་འཁྲུལ་གཅིག་སྣང་གཅིག་བྱུང་གཅིག་ཏུ་གནས།། གཅིག་སྤྱོད་གཅིག་ཏུ་འདོད་པ་གཅིག་འཁྲུལ་ཏེ།། སྣོད་ཀྱི་མིང་མེད་བག་ཆགས་ཆགས་པ་དང་།། ཡན་ལག་རིག ་པ་མིང་མེད་རིག་པ་ཡིས།། སྣོད་ཀྱི་མིང་གཅིག་བཏགས་པ་སྣོད་འཁྲུལ་པ།། ཡན་ལག་རིག་མེད་རིག་མ་སྐྱེས་པ་ཡིས།། འདྲ་འདུས་རིགས་མཐུན་འདྲ་བ་བག་ཙམ་ཆགས།། བག་ཆགས་ཆགས་པའི་བག་ཆགས་མིང ་མེད་ལ།། རྩལ་གྱི་རིགས་པ་འཁོར་ལོ་གསུམ་སྐྱེས་པས།། འདྲ་མཐུན་རིགས་མཐུན་མིང་བཏགས་འཁྲུལ་པ་ལ།། སྣོད་ཀྱི་མིང་བཏགས་བག་ཆགས་བརྟས་པ་སྟེ།། བག་ཆགས་བརྟས་པ་སྣོད་དུ་འཁྲུལ་པ ་ཡིན།། སྣོད་དུ་འཁྲུལ་པས་སྣོད་དུ་སྣང་བ་དང་།། སྣོད་དུ་སྣང་བས་སྣོད་དུ་བྱུང་བ་དང་།། བྱུང་བས་སྣོད་གནས་སྣོད་སྤྱོད་སྣོད་འདོད་པའོ།། དེ་ལྟར་ཡེ་ཤེས་སྣོད་དང་སེམས་ཅན་སྣོད།། སྣོད་ཀྱི་བག ་ཆགས་འཁྲུལ་ནས་སྣང་བའོ།། བཅུད་ཀྱི་མིང་མེད་མིང་གི་བག་ཆགས་ལ།། ཡན་ལག་ཟེར་གྱི་རིག་པ་སྐྱེས་པ་དེ།། རིག་པའི་ཡན་ལག་བག་ཙམ་ཆགས་པ་ཡི།། འདྲ་འདུས་རིགས་མཐུན་རིག་པ་བག་ཆགས ་ཆགས།། ཆགས་པའི་རིག་པ་མིང་མེད་བྱུང་བ་ལ།། རིག་སྐྱེས་འཁོར་ལོ་གསུམ་གྱི་མིང་བཏགས་པའོ།། འདྲ་མཐུན་རིགས་མཐུན་འདྲ་རྣམས་ཤེས་པ་ཡིས།། བཅུད་ཀྱི་མིང་བཏགས་བག་ཆགས་བརྟས་པ ་ཡིས།། བཅུད་དུ་འཁྲུལ་ཏེ་བཅུད་དུ་སྣང་བ་དང་།། བཅུད་དུ་སྣང་བས་བཅུད་དུ་བྱུང་བ་སྟེ།། བྱུང་བས་བཅུད་གནས་བཅུད་སྤྱོད་བཅུད་འདོད་པའོ།། འདོད་པས་ཡེ་ཤེས་བཅུད་དང་སེམས་ཅན་བཅུད།། བཅུད་ཀྱི་བག ་ཆགས་བརྟས་ནས་འཁྲུལ་པའོ།། དབྱེར་མེད་སྙིང་པོ་གཉིས་ལྟར་སྣང་བ་ནི།། ཉི་ཟེར་འོད་དང་ཤེལ་གྱི་རྒྱུས་པ་འདྲ།། གཉིས་མེད་གཉིས་ནི་འཁྲུལ་པའི་རྒྱུ་ཡིན་ཏེ།། ཡན་ལག་གཉིས་ནི་འཁྲུལ་པའི་འདྲ་གཞི ་ཡིན།། གཉིས་ནི་གཉིས་ལ་འཁྲུལ་ཏེ་གཉིས་འཁྲུལ་པའོ།། གཉིས་སུ་འཁྲུལ་པའི་ཆོས་རྣམས་ཐམས་ཅད་ཀུན།། གཉིས་འཁྲུལ་གཉིས་སྣང་གཉིས་འབྱུང་གཉིས་སུ་གནས།། གཉིས་སུ་སྤྱོད་ཅིང་གཉིས་སུ་འདོད ་པའོ།། གཉིས་སུ་འཁྲུལ་པའི་ཆོས་ནི་རྣམ་གཉིས་ཏེ།། སྣོད་ཀྱི་གཉིས་དང་བཅུད་ཀྱི་གཉིས་པའོ།། སྣོད་ཀྱི་གཉིས་འཁྲུལ་གཉིས་པ་འཁྲུལ་པ་ནི།། རང་བྱུང་རྩལ་གྱི་ཡན་ལག་གཡོས་པ་ཡི།། རིག་མེད་རིག་མ་སྐྱེས་པ ་གཉིས་པའོ།། ཕྲ་བའི་ཕྲ་མོ་མང་པོ་སྐྱེས་པ་ཡིས།། འདྲ་འདུས་རིགས་མཐུན་འདྲ་བའི་བག་ཆགས་ཆགས།། བག་ཆགས་ཆགས་པའི་བག་ཆགས་མིང་མེད་ལ།། ཡན་ལག་རིག་པའི་འཁོར་ལོ་གསུམ་སྐྱེས་པས།། འདྲ། ་མཐུན་རིགས་མཐུན་མིང་གཉིས་བག་ཆགས་བརྟས།། སྣོད་ཀྱི་མིང་གཉིས་བག་ཆགས་བརྟས་པ་སྟེ།། བག་ཆགས་གཉིས་བརྟས་སྣོད་དུ་འཁྲུལ་པ་ཡིན།། སྣོད་གཉིས་འཁྲུལ་པས་སྣོད་གཉིས་སྣང་བ་དང་།། སྣོད ་གཉིས་སྣང་བས་སྣོད་དུ་བྱུང་བ་དང་།། སྣོད་གཉིས་བྱུང་བས་སྣོད་གཉིས་གནས་པ་དང་།། སྣོད་གཉིས་གནས་པས་སྣོད་གཉིས་སྤྱོད་པ་དང་།། སྣོད་གཉིས་སྤྱོད་པས་སྣོད་གཉིས་འདོད་པ་དང་།། དེ་བཞིན་སྣོད་རྣམས ་གྲངས་མེད་སྣང་བ་དང་།། ཡེ་ཤེས་སྣོད་དང་སེམས་ཅན་རྣམས་ཀྱི་སྣོད།། དེ་བཞིན་བག་ཆགས་བརྟས་ནས་འཁྲུལ་སྣང་བའོ།། བཅུད་ཀྱི་གཉིས་འཁྲུལ་གཉིས་པ་སྣང་བ་ནི།། རིག་པ་ཕྲ་རབ་གཉིས་པ་སྐྱེས་པ ་དེ།། རིག་པའི་ཡན་ལག་གྲངས་མེད་བག་ཙམ་ཆགས།། ཆགས་པའི་འདྲ་འདུས་རིགས་མཐུན་བག་ཙམ་ཆགས།། ཆགས་པའི་རིག་པ་མིང་མེད་བྱུང་བ་ལ།། རིག་སྐྱེས་འཁོར་ལོ་གསུམ་གྱིས་མིང་བཏགས ་པ།། འདྲ་མཐུན་རིགས་མཐུན་རྣམས་ཀྱི་ཤེས་པ་ཡིས།། མིང་གཉིས་བཏགས་པའི་བག་ཆགས་བརྟས་པའོ།། བཅུད་གཉིས་བཅུད་ཀྱི་མིང་གཉིས་འཁྲུལ་པ་སྟེ།། གཉིས་འཁྲུལ་གཉིས་ཀྱི་མིང་གཉིས ་འཁྲུལ་པ་སྟེ།། འཁྲུལ་པས་གཉིས་སྣང་གཉིས་ཀྱི་མིང་གཉིས་སྣང་།། སྣང་བས་གཉིས་བྱུང་གཉིས་ཀྱི་མིང་གཉིས་བྱུང་།། བྱུང་བས་གཉིས་གནས་གཉིས་ཀྱི་མིང་གཉིས་གནས།། གནས་པས་གཉིས་སྤྱོད་གཉིས་ཀྱི ་མིང་གཉིས་སྤྱོད།། སྤྱོད་པས་གཉིས་འདོད་གཉིས་ཀྱི་མིང་གཉིས་འདོད།། དེ་བཞིན་བཅུད་རྣམས་གྲངས་མེད་སྣང་བ་ཡང་།། ཡེ་ཤེས་བཅུད་དང་སེམས་ཅན་རྣམས་ཀྱི་བཅུད།། བཅུད་ཀྱི་བག་ཆགས་བརྟས་པ་སྣང ་བའོ།། དེ་ལྟར་གསུམ་དང་བཞི་ལ་སོགས་པ་ཡི།། སྣོད་བཅུད་གྲངས་མེད་འཁྲུལ་པ་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། སྣོད་བཅུད་འཁྲུལ་བ་དང་། སྣོད་བཅུད་འཁྲུལ་པའི་མིང་དང་། གཅིག་དང ་གཉིས་འཁྲུལ་པའི་གྲངས་མི་འཁྲུལ་པའི་མིང་བཏགས་པའི་ལེའུ་སྟེ་ཞེ་བདུན་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་རྣམས་ཐམས་ཅད་བསྡུན ་དུ་རུ་འདུས།། ཡན་ལག་རྩལ་གྱི་བྱིན་རླབས་འབྲས་བུ་དང་།། རང་ལ་ཡེ་ཤེས་ཅི་ཡིས་འཆར་བ་དང་།། ཤར་བའི་བྱིན་རླབས་འབྲས་བུ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ། ་རྗེ་སེམས་དཔའ་ལ།། བྱང་ཆུབ་སེམས་ཀྱི་ཀུན་གཞི་ལྷུན་གྲུབ་འདི།། ཀུན་ལ་ཁྱབ་ཀྱང་ཐིག་ལེ་གཅིག་པའི་ཕྱིར།། ཆོས་རྣམས་ཐམས་ཅད་ཐིག་ལེ་གཅིག་ཏུ་འདུས།། རང་བཞིན་ལྷུན་གྲུབ་རང་འབྱུང་སྙིང་པོ ་འདི།། ཆོས་སྐུ་ཡེ་ཤེས་གཉིས་སུ་གནས་པའི་ཕྱིར།། ཆོས་རྣམས་ཐམས་ཅད་གཉིས་སུ་འདུས་པའོ།། གཉིས་འདུས་གཉིས་ཀྱི་མིང་བཏགས་སྣང་བ་ནི།། རང་བྱུང་ཡེ་ཤེས་ཡན་ལག་སྙིང་པོ་གཉིས།། འཁོར་བའི་ཆོས ་དང་མྱ་ངན་འདས་ཆོས་གཉིས།། མ་འདྲེས་པ་དང་ཡོངས་སུ་རྫོགས་པ་གཉིས།། འཁྲུལ་པར་སྣང་དང་མ་འཁྲུལ་སྣང་བ་གཉིས།། དངོས་དབང་བསམ་དབང་གཉིས་དང་སྣོད་བཅུད་གཉིས།། ཕྱི་ནང་གཟུང་འཛིན ་གཉིས་སུ་སྣང་བ་ལ།། མིང་བཏགས་གཉིས་སྣང་གཉིས་སུ་འདུས་པའོ།། ནམ་མཁའ་རང་བཞིན་ཀུན་ཁྱབ་མིང་མེད་འདི།། མིང་གསུམ་མེད་པའི་མིང་གསུམ་བཏགས་པ་སྟེ།། མིང་གསུམ་བཏགས་པའི་མིང་ལ ་གསུམ་འདུས་པས།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་གསུམ།། ལྷུན་གྲུབ་ཐམས་ཅད་ལྟ་བ་ཡིན་པར་འདུས།། འཁྲུལ་སྣང་ཐམས་ཅད་སྤྱོད་པ་ཡིན་པར་འདུས།། གཉིས་མེད་ཐམས་ཅད་སྒོམ་པ་ཡིན་པར ་འདུས།། ཡི་གེ་མེད་པའི་རྒྱུ་དང་རྟེན་མེད་ལུང་།། ངེས་པ་མེད་པའི་མན་ངག་གསུམ་དུ་འདུས།། མཚན་ཉིད་ཡོངས་རྫོགས་རྣམ་དག་ཡོངས་རྫོགས་དང་།། རྣམ་རྟོག་ཡོངས་རྫོགས་རྫོགས་པ་གསུམ་དུ་འདུས།། རྒྱུ་དང ་ལམ་དང་འབྲས་བུ་གསུམ་དུ་འདུས།། སངས་རྒྱས་ཆོས་དང་དགེ་འདུན་གསུམ་དུ་འདུས།། ཆོས་སྐུ་ཡེ་ཤེས་སེམས་དང་གསུམ་དུ་འདུས།། ལྷ་སྐུ་སྤྱོད་གསུང་སྒོམ་ཐུགས་གསུམ་དུ་འདུས།། ལྟ་བ་ཆོས ་སྒྲ་སྒོམ་པ་ལོངས་སྐུ་དང་།། སྤྱོད་པ་སྤྲུལ་པའི་སྐུ་སྟེ་གསུམ་དུ་འདུས།། ལྟ་བ་ཤེས་པའི་རབ་སྟེ་སྤྱོད་པ་ཟབས།། སྒོམ་པ་གཉིས་མེད་དབྱེར་མེད་གསུམ་དུ་འདུས།། ལྟ་བ་ཞི་གནས་སྤྱོད་པ་ལྷག་མཐོང་དང་།། སྒོམ་པ ་ཟུང་དུ་འབྲེལ་བ་གསུམ་དུ་འདུས།། ལྟ་བ་ཀུན་བཟང་མོ་དང་སྤྱོད་པ་ཀུན་བཟང་པོ།། སྒོམ་པ་གཉིས་མེད་ཡིན་པ་གསུམ་དུ་འདུས།། ལྟ་བ་བཀའ་ལ་སྤྱོད་པ་བསྟན་བཅོས་དང་།། སྒོམ་པ་མན་ངག་གསུམ་དུ་འདུས་པ ་སྟེ།། ལྟ་བ་སྟོན་པ་སྤྱོད་པ་བསྟན་པ་དང་།། སྒོམ་པ་སྡུད་པ་ཕུན་སུམ་ཚོགས་པའོ།། བཞི་མེད་བཞི་རུ་ཆོས་རྣམས་འདུས་པ་ཡང་།། ཆོས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་དང་།། སེམས་དང་བག་ཆགས་བཞི་རུ་འདུས ་པའོ།། ལྔ་མེད་ལྔ་རུ་ཆོས་རྣམས་འདུས་པ་ཡང་།། རང་བཞིན་ངོ་བོ་ལྔ་རུ་འདུས་པའི་ཕྱིར།། རིགས་ལྔ་ལྔ་རུ་ཆོས་རྣམས་འདུས་པའོ།། རང་བྱུང་རྩལ་གྱི་ཡན་ལག་བྱིན་རླབས་ལས།། དངོས་པོ་འཁོར་བར་སྣང་བའི ་འབྲས་བུ་དང་།། མཚན་མ་ཐེག་པར་སྣང་བའི་འབྲས་བུ་གྲུབ།། རང་ལ་ཡེ་ཤེས་ཅི་ཡིས་འཆར་བ་ནི།། འཁྲུལ་བའི་ཆོས་སུ་སྣང་བ་ཐམས་ཅད་ཀུན།། འཁྲུལ་པའི་རྩད་གཅད་རྩ་བ་ཆོད་པ་ཡིས།། རང་བྱུང་ཡེ་ཤེས ་རང་རིག་གྲངས་མེད་པ།། རང་ལ་ཡེ་ཤེས་རིག་པ་གྲངས་མེད་སྐྱེ།། སྐྱེས་པའི་བྱིན་རླབས་འབྲས་བུར་བྱུང་བ་ནི།། ཆོས་རྣམས་ཐམས་ཅད་མ་བསམ་ཐུགས་སུ་ཆུད་པ་དང་།། ཆོས་རྣམས་མ་མཉན་སྟོན་པར་བྱུང་བ ་དང་།། མ་སྒོམས་པ་རུ་ཡེ་སངས་རྒྱས་པ་དང་།། སྔོན་མ་མཐོང་བའི་འབྲས་བུར་ཆོས་སྐུ་མཐོང་།། མཐོང་བའི་བྱིན་རླབས་འབྲས་བུ་སངས་རྒྱས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། བྱིན་རླབས་ཀྱི་འབྱུང ་ཁུངས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འཁྲུལ་པའི་རྩད་གཅད་རྩད་ཆོད་དོན་མཐོང་ན།། རྟགས་དང་མངོན་ཤེས་འབྱུང་བ ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། དང་པོ་རྟགས་ནི་འདི་རྣམས་འབྱུང་བ་སྟེ།། འཁོར་བའི་ཆོས་ལ་སྐྱོ་སེམས་བསྐྱེད་པ་འབྱུང་།། སེམས་ཅན་རྣམས ་ལ་སྙིང་རྗེ་སྐྱེ་བ་དང་།། རང་གི་ལུས་དང་གནས་ལ་མི་ཆགས་ཤིང་།། ཟག་རིང་གཞན་དུ་འགྲོ་བ་འདོད་པ་འབྱུང་།། གཉིས་ཀ་ལ་ནི་རྟགས་རྣམས་འབྱུང་བ་ཡང་།། གོས་དང་ཟས་ཀྱི་འདུ་ཤེས་ཆུང་བ་དང་།། ཉོན ་མོངས་ལ་སོགས་ཆགས་སྡང་ཆུང་བ་དང་།། སྙིང་རྗེ་ཕན་སེམས་རབ་ཏུ་ཆེ་བ་དང་།། རྨི་ལམ་རྟགས་ནི་མང་དུ་བྱུང་བ་སྟེ།། གསུམ་པ་ལ་ཡང་འདི་ལྟར་འབྱུང་བ་ཡིན།། ཡོ་བྱད་ལོངས་སྤྱོད་ཐམས་ཅད ་འགོག་པ་དང་།། དགེ་མི་དགེ་ལ་རྣམ་པར་རྟོག་པ་མེད།། ཉོན་མོངས་སྒྲིབ་པ་རྣམ་པར་དག་པ་དང་།། རྨི་ལམ་རྟགས་རྣམས་སྣ་ཚོགས་འབྱུང་བ་དང་།། དྲོད་རྟགས་མངོན་ཤེས་ཆོ་འཕྲུལ་སྣ་ཚོགས ་འབྱུང་།། དབང་པོ་རབ་འབྲིང་ཐ་མ་རྩལ་གྱིས་འབྱུང་།། བྱུང་ཡང་རང་བྱུང་རྩལ་སྣང་བྱུང་བ་ཡིན།། རེ་བ་དོགས་པ་ཀུན་སྤངས་ཆོས་ཉིད་དང་།། དེ་དག་ཆོས་ཉིད་ངང་དུ་སྤྱད་པར་བྱའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི ་མདོ་ལས། རྟགས་དང་ཆོ་འཕྲུལ་མངོན་ཤེས་འབྱུང་བའི་ལེའུ་སྟེ་ཞེ་དགུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བཞིན་ལྷུན་གྲུབ་བརྡ་ཡི་རྣམ ་པ་འདི།། སུ་ལ་བསྟན་ཅིང་གཏད་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཐེག་ཆེན་སྒོར་ཞུགས་བློ་འཕངས་མཐོ་བ་དང་།། ངང་དགེ་སྒྲོ་རིང་སྙིང་རྗེ ་ཕན་སེམས་ཆེ།། ང་རྒྱལ་ཁེངས་སེམས་ཆུང་ལ་དད་པ་ཆེ།། དམ་ཚིག་སྲུང་ཞིང་ཕ་རོལ་སྤྱོད་དང་བསྟུན།། དགྲ་ལ་གཟུར་ཞིང་བླ་མ་ཐབས་ཀྱིས་ཚོལ།། བླ་མའི་དོན་ལ་ཡིད་ཆེས་ངེས་པར་འཇོག། བླ་མ་ཁུར་ཞིང་བླ ་མ་མཆོད་པ་དེ།། ངེས་མཆོད་རྟགས་སུ་སེར་སྣ་མེད་པར་འབྱུང་།། བྱུང་བའི་རྟགས་སུ་གཏོང་ཕོད་ཆེ་བ་སྟེ།། ཡུལ་མཁར་ཁྱིམ་དང་བང་མཛོད་འབྲུ་རྣམས་དང་།། གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུལ ་སོགས།། ཡོ་བྱད་རྣམས་ལ་ཆགས་ཆུང་སེམས་པ་མེད་པར་གཏོང་།། ལུས་སྲོག་བུ་སྨད་གཡོག་འཁོར་བཅས་པ་ཡང་།། བླ་མ་མཉེས་པར་བྱ་ཕྱིར་འབུལ་བར་བྱེད།། དེ་ལྟ་བུ་ཡི་སྣོད་བཟང་ལྡན་ལ་བསྟན།། སྐྱོ་དུབ ་མེད་པའི་དད་པ་ཅན་ལ་བསྟན།། གྱོང་སེམས་མེད་པའི་མཉེན་ལྕུག་དྲང་ལ་བསྟན།། རྨོངས་པ་མེད་པའི་ཤེས་རབ་ཆེ་ལ་བསྟན།། གསང་ཚིག་ཐུབ་པའི་སྐྱེས་བུ་ཆེན་པོ་ལ།། རང་བཞིན་དོན་མཚོན་བརྡ་ཡི་རྒྱུད་འདི ་བསྟན།། གདམས་ངག་འཚོ་ཤེས་རྣལ་འབྱོར་ཆེན་པོ་ལ།། སངས་རྒྱས་མཚོན་པའི་བསྟན་པའི་རྒྱུད་འདི་གཏད།། རང་བཞིན་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་།། རང་བྱུང་ཡན་ལག་རྡོ་རྗེ་སེམས་དཔའ་གཉིས།། ཐ་དད ་མེད་དེ་དབྱེར་མེད་གཅིག་གི་ངང་།། གཅིག་ལ་གཏད་ཅིང་བསྟན་པ་མེད་པར་གཏད།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། གཏད་རྒྱ་བསྟན་པའི་ལེའུ་སྟེ་ལྔ་བཅུ་ཐམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འདི་ལ་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་རྣམས་ཐམས ་ཅད་འདི་ལས་འབྱུང་བའི་ཕྱིར།། འབྱུང་བའི་འབྱུང་ཁུངས་ཆེན་པོ་ཞེས་ཀྱང་བྱའོ།། ལམ་མེད་ལམ་དུ་བགྲོད་ནས་སྟོན་པའི་ཕྱིར།། ལམ་རྒྱུས་ལམ་མཁན་ཆེན་པོ་ཞེས་ཀྱང་བྱ།། ཆོས་རྣམས་ཐམས་ཅད་འཁྲུལ་ནས ་སྣང་བའི་ཕྱིར།། འཁྲུལ་སྣང་ཆེན་པོའི་རྒྱུད་ཆེན་ཅེས་ཀྱང་བྱའོ།། ཆོས་རྣམས་ཐམས་ཅད་མ་ལུས་འདུས་པའི་ཕྱིར།། རྫོགས་པ་ཆེན་པོའི་རྒྱུད་ཆེན་ཅེས་ཀྱང་བྱའོ།། ཇི་ལྟར་འདོད་པ་བཞིན་དུ་འབྱུང ་བའི་ཕྱིར།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ཞེས་ཀྱང་བྱའོ།། བྱང་ཆུབ་སེམས་རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། རྒྱུད་དུ་མིང་བཏགས་པའི་ལེའུ་སྟེ་ང་གཅིག་པའོ།། །། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱས་པ ་ཆེན་པོའི་མདོ་ཞེས་བྱ་བ་རྫོགས་སོ།། །། @#།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། གང་གིས་གང་ལ་དབང་བསྐུར་བྱིན་རླབས་དང་།། ཆོས་སྐུ ་